Wylie | e-texts produced with ocr Programm |
ཞུ་ཆེན་གྱི་ལོ་ཚ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ཤྱ། རྒྱ་གར་སྐད་དུ། ཨཱརྱ་ཨ་བེ་བརྡྷ་ཙཀྲ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་དང་ངོ་།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ནམ་གྱི་ཆ་སྨད་ཀྱི་ཐུན་ལ་འོད་དྲི་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགསོ།། ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཀུན་ཏུ་སྣང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ནམ་གྱི་ཆ་སྨད་ཀྱི་ཐུན་ནམ་ནངས་ཀར་གནས་ཁང་ནས་བྱུང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་ག་ལ་བ་དེར་སོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་དུ་འཇུག་པར་བསམས་པ་དང་། བཅོམ་ལྡན་འདས་ཀྱི་བཞུགས་ཁང་གི་ཁོར་ཡུག་ནས་པདྨ་ཁྲི་བྱུང་བ་མཐོང་ཞིང་། རོལ་མོའི་སྒྲ་ཆེན་པོ་དང་། གླུའི་སྒྲ་ཆེན་པོའང་ཐོས་སོ།། པདྨ་དེ་དག་ལས་ཀྱང་འོད་བྱུང་བར་མཐོང་ངོ་།། འོད་དེས་ཀྱང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བར་བྱས་པར་མཐོང་ངོ་།། མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བར་གྱུར་པར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་དུ་མི་འགྲོ་བར་བསམ་པ་དང་། ཞུགས་པར་གྱུར་ཅིང་བདག་ཉིད་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་ན་འདུག་པར་ཤེས་ཏེ། དེས་འཇམ་དཔལ་གཞོན་ནུར་གྱུར་པ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་མཐོང་ངོ་། ། མཐོང་ནས་ཀྱང་སེ་གོལ་གཏོགས་ན་མ་ལངས་སོ།། དེ་ནས་ལུད་པའི་སྒྲ་ཕྱུང་ནའང་མ་ལངས་ཏེ། དེས་འཇམ་དཔལ་གཞོན་ནུར་གྱུར་པའི་ཆོ་འཕྲུལ་མཐོང་ནས་བདག་རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་སྙམ་དུ་ཤེས་ཤིང་འཇམ་དཔལ་གཞོན་ནུར་གྱུར་པ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས། གནས་ཁང་དང་བཅས་ཏེ་ཤར་ཕྱོགས་སུ་འགྲོ་བ་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཤཱ་རི་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མིག་མི་འཛུམ་པར་ལྟ་ཞིང་འདུག་པ་དང་། དེས་འཇམ་དཔལ་གཞོན་ནུར་གྱུར་པ་ཤར་ཕྱོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ལས་འདས་ཏེ་འཇིག་རྟེན་གྱི་ཁམས་ཕྱིར་མི་ལྡོག་པའི་དབྱངས་ཞེས་བྱ་བར་ཕྱིན་པར་མཐོང་ངོ་། ། དེ་ན་དེ་བཞིན་གཤེགས་པ་འོད་ཟེར་གྱིས་ཁེབས་པའི་པདྨ་རབ་ཏུ་རྒྱས་པའི་སྐུ་ཞེས་བྱ་བ་མཐོང་སྟེ། དེ་བཞིན་གཤེགས་པ་དེའི་བ་སྤུའི་ཁུང་བུ་རྣམས་ནས་པདྨ་དག་བྱུང་སྟེ། པདྨ་དེ་དག་གིས་དཔག་ཚད་ཁྲོར་ཁྱབ་པར་མཐོང་ངོ་།། པདྨ་དེ་དག་ཀྱང་ཤིན་ཏུ་རྒྱས་ཤིང་། འདབ་མ་སྟོང་དང་ལྡན་པར་མཐོང་ངོ་།། པདྨའི་སྙིང་པོ་དེ་དག་ལའང་བྱང་ཆུབ་སེམས་དཔའ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། ལུས་ཀྱི་མདོག་གསེར་གྱི་ཁ་དོག་ལྟ་བུ་དག་འཁོད་པར་མཐོང་ངོ་། ། དེའི་ནང་ན་འདུ་ཆེན་པོ་གཅིག་ལས། བཅོམ་ལྡན་འདས་བྱུང་ནས་སྤྱོང་པར་གྱུར།། པདྨ་ཆེན་པོ་དེ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་ནས། པདྨ་ཆེན་པོ་དེ་དང་ལྡན་ཅིགཏུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། མངོན་པར་འཕགས་ནས། བཅོམ་ལྡན་འདས་དེ་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། པདྨ་ཆེན་པོ་དེ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པར་མཐོང་ངོ་། ། དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་གྱིས་ཁེབས་པའི་པདྨ་རབ་ཏུ་རྒྱས་པའི་སྐུས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་དགཟོད་གང་ནས་འོངས། དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། དེ་བཞིན་གཤེགས་པ་འོད་ཟེར་གྱིས་ཁེབས་པ་པདྨ་རབ་ཏུ་རྒྱས་པའི་སྐུ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་ནས་མཆིས་སོ།། དེ་ནས་བཅོམ་ལྡན་འདས་དེའི་རིམ་གྲོ་པ་བྱང་ཆུབ་སེམས་དཔའ་སྒྲ་སྙན་ཅེས་པ་དེ་པདྨའི་སྟན་དེ་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་པདྨའི་སྙིང་པོ་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མི་མཇེད་དེ་ཇི་སྲིད་ཅིག་ན་མཆིས། དེ་སྐད་ཅེས་གསོལ་བ་དང་། དེ་བཞིན་གཤེགས་པ་འོད་ཟེར་གྱིས་ཁེབས་པའི་པདྨ་རབ་ཏུ་རྒྱས་པའི་སྐུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་སྙན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་འདྲ་ནས་ནུབ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ནའོ། ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་གང་ཆོས་སྟོན། བཅོམ་ལྡན་འདས་ངེས་བཀའ་སྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བའོ།། གསོལ་པ། བཅོམ་ལྡན་འདས་དེ་ན་ཆོས་སྟོན་པ་ཅི་འདྲ་བ་ཞིག་ལགས། བཀའ་སྩལ་པ། ཐེག་པ་གསུམ་ལས་བརྩམས་ཏེའོ།། གསོལ་པ། བཅོམ་ལྡན་འདས་ཐེག་པ་གསུམ་པོ་དེ་དག་གང་ལགས། བཀའ་སྩལ་པ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་སྟེ། ཐེག་པ་གསུམ་པོ་དེ་དག་ལས་བརྩམས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཆོས་སྟོན་ཏོ། ། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཆོས་བསྟན་པ་མཐུན་པ་མ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་འཐུན་ནོ།། གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ཇི་ཙམ་ཞིག་འཐུན། བཀའ་སྩལ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ནི་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་འཐུན་ནོ། ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་དེ་ཐེག་པ་གསུམ་ལས་བརྩམས་ཏེ་ད་ལྟར་ཆོས་སྟོན། བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དེ་དག་ནི་དམན་པ་ལ་མོས་པ་དག་སྟེ། དེ་དག་ཐེག་པ་གཅིག་ལ་མི་འཇུག་པས་ན། ཐབས་མཁས་པས་དེ་དག་དེ་ལྟར་ཉེ་བར་ཁྲིད་དེ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐབས་མཁས་པ་ཆེན་པོ་དང་ལྡན་པའོ།། བཅོམ་ལྡན་འདས་དེ་ནི་སྙིགས་མ་ལྔའི་དུས་ན་བྱུང་སྟེ། དེ་དག་ནི་ཐེག་པ་གཅིག་ལ་མ་མོས་པ་དག་གོ། ། གསོལ་པ། བཅོམ་ལྡན་འདས་དེ་ན་ཆོས་སྟོན་པ་ནི་དེ་ལྟར་ཚེགས་ཆེ་ལགས་པ་ལྟ། བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་ལྟའོ།། གསོལ་པ། བཅོམ་ལྡན་འདས་བདག་དེར་མ་སྐྱེས་པ་ནི་བདག་གིས་རྙེད་པ་ལེག་པ་རྙེད་པ་ལགསོ། ། བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་གང་ཞིག་འདིར་ལོ་ཉ་ཁྲིར་དགེ་བའི་རྩ་བ་ཡང་དག་པར་སྒྲུབ་པ་བས། གང་ཞིག་དེར་སྔ་དྲོ་གཅིག་གི་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་ཡང་དག་པར་སྒྲུབ་བོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ཙམ་དུ་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ཇི་ཙམ་དུ་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དེའི་ཀུན་ནས་ཉོན་མོངས་པར་གྱུར་པ་ཇི་ཙམ་པ་འཇིག་རྟེན་གྱི་ཁམས་དེའི་ཀུན་ནས་ཉོན་མོངས་པ་མཉན་ན། ཁྱོད་ཀྱི་ཚེའི་ཚད་ཟད་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲ་བརྙན་གྱིས་དེའི་ཚེ་རིན་པོ་ཆེ་སྣ་བདུན་གྱི་པདྨ་དག་བླངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་གཏོར་ཏོ། ། གཏོར་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལྟའོ་ཞེས་ཚིག་ཏུ་ཡང་དང་ཡང་སྨྲས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་མཐོང་བར་འདོད་དམ། གསོལ་པ། བཅོམ་ལྡན་འདས་མཐོང་བར་འཚལ་ལགས་སོ།། བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དང་ལྷན་ཅིག་སོང་ཞིག། དེ་ནས་བྱང་ཆུབ་སེམས་དཔའ་སྒྲ་སྙན་གྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་བལྟའོ། ། སྨྲས་པ།། རིགས་ཀྱི་བུ་རེ་ཞིག་ཁོ་བོས་ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་སངས་རྒྱས་བཅོམ་ལྡན་འདས་མང་ངོ་། ། སྨྲས་པ། ཁོ་བོའང་ཁྱོད་དང་ལྷན་ཅིག་ཏུ་ཕྱག་བྱའོ།། བསྙེན་བཀུར་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོ། པའི་སངས་རྒྱས་འོད་ཟེར་གྱིས་ཁྱབ་པའི་པདྨ་རབ་ཏུ་རྒྱས་པའི་སྐུ་ལ་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པ་དེ་བཞིན་དུ། འཇམ་དཔལ་གཞོན་ནུར་གྱུར་པ་འཇིག་རྟེན་གྱི་ཁམས་དེར་མི་སྣང་བར་གྱུར་ནས། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གན་དུ་བྱུང་སྟེ། ཐམས་ཅད་ནའང་ཆོས་བསྟན་པ་འདི་ཉིད་བྱུང་ངོ་།། ལྷོ་ཕྱོགས་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་རྣམས་སུའང་དེ་བཞིན་ཏེ། འོན་ཀྱང་འཛམ་བུའི་གླིང་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་ནམ་མ་ལངས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གནས་ཁང་གི་ནང་ན་འདུག་བཞིན་དུ་སྐར་ཁུང་གིགིགསེབ་ནས་འོད་བྱུང་བར་མཐོང་ནས། དེ་གནས་ཁང་ནས་བྱུང་ངོ་སྙམ་སྟེ། ཁྲི་ལས་ལངས་པ་དང་། ཉི་མ་མ་ཤར་བར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བར་གྱུར་པར་མཐོང་ངོ་།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་ཆུ་དང་བ། སྔོ་བ། གསལ་བས་གང་བ་དང་། འདི་ན་ཤིང་ཡང་མེད། གཙུག་ལག་ཁང་ཡང་མེད་པར་མཐོང་ནས་དེས་འདི་སྙམ་དུ་བསམས་ཏེ། ཇི་ལྟར་ན་སྔོན་མ་བྱུང་བའི་སྔ་ལྟས་འདི་དག་སྣང་བ་ལས་ན། དེང་ནི་ཆོས་ཆེན་པོ་ཞིག་སྟོན་པར་འགྱུར་རོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྙམ་དུ་བསམས་ཏེ། རྐང་པ་ས་ལ་གཞག་གོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྐང་པ་ས་ལ་བཞག་ན། གཤེར་བའང་མེད། བྱིང་བའང་མེད་ནས། དེ་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་བཞུགས་ཁང་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་བཞུགས་ཁང་གི་ཁོར་ཡུག་ནས་པདྨ་ཁྲི་མཐོང་ཞིང་རོལ་མོའི་སྒྲ་ཆེན་པོ་དང་། ཀླུའི་སྒྲ་ཆེན་པོའང་ཐོས་སོ།། པདྨ་དེ་དག་ལས་འོད་བྱུང་བར་མཐོང་སྟེ། འོད་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་གྱུར་པར་མཐོང་ནས། དེ་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཅུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏོ།། ཕྱག་འཚལ་བ་དང་། དེ་ནས་ནངས་ཏེ་ཉི་མ་ཤར་བར་གྱུར་ཏོ།། དེ་དག་གི་ནང་ནས་པདྨ་གཅིག་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་དབུས་སུ་སོང་སྟེ་འདུག་པར་གྱུར་ཏོ། ། ཚེ་དང་ལྡན་པ་ཀུན་དགའ་བོས་པདྨ་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་དབུས་སུ་འདུག་པར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྙམ་དུ་བསམས་ཏེ། @ཆོས་སྟོན་པའི་སྔ་ལྟས་བྱུང་གིས། བདག་བཅོམ་ལྡན་འདས་ཀྱི་གདན་ཤོམ་དུ་འགྲོའོ་སྙམ་ནས། བཅོམ་ལྡན་འདས་ཀྱི་གདན་བཤམས་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་ཀྱང་མེ་ཏོག་གིས་ཁྱབ་པར་ཁེབས་པར་གྱུར་ཏོ།། མེ་ཏོག་དང་བཅས་པ་དང་། འབྲས་བུ་དང་བཅས་པའི་ཤིང་ལྗོན་པ་རྣམས་ཀྱང་བྱུང་བར་གྱུར་ཏོ། ། དགེ་སློང་ཐམས་ཅད་ཀྱང་གནས་ཁང་ནས་བྱུང་བར་བསམས་པ་དང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་ཆུ་དང་བ། སྔོ་བ། གསལ་བས་གང་བར་མཐོང་ནས། དེ་དག་འབྱུང་བ་འམ། ལྡོག་པར་ཡང་མ་ནུས་ལ། འདིན་ཤིང་དང་། གཙུག་ལག་ཁང་ཡང་མ་མཐོང་གི། སྣང་བ་ཆེན་པོ་མཐོང་ནས། དེ་དག་གནས་ཁང་དེ་ཉིད་ན་འདུག་བཞིན་དུ་འདི་སྙམ་དུ་སེམས་ཏེ། དེའི་སྔ་ལྟས་འདི་དག་སྣང་བ་ལས་ན། དེང་ཆོས་ཆེན་པོ་ཞོག་སྟོན་པར་འགྱུར་རོ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་གདན་བཤམས་པ་ལ་བཞུགས་སོ།། བཅོམ་ལྡན་འདས་བཞུགས་མ་ཐག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་གྲངས་མེད་པ་རྣམས་དང་ལྷན་ཅིག་ཏུ་ས་རུས་ནས་མངོན་པར་འཐོན་ཏེ། འཐོན་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།། ཀུན་དགའ་བོ་ཁྱོད་སོང་ལ་མཉན་དུ་ཡོད་པ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་བོས་ཤིག། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་གཙུག་ལག་ཁང་ནས་གཙུག་ལག་ཁང་དུ་རྒྱུ་ཞིང་སོང་སྟེ། དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ལ་སྟོན་པ་གསུང་ངོ་།། དེ་དག་གིས་སྨྲས་པ། བདག་ཅག་གིས་ཀྱང་སྔ་ལྟས་རིག་མོད་ཀྱི། འགྲོ་མ་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་ཆུ་དང་བ། སྡེ་པ།། གསལ་བས་གང་བར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་དེ་དག་གི་ལྟར་མཉན་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་དག་ནི་མཆི་བའི་རྔོ་མི་ཐེག་གོ།། དེ་ཅིའི་སླད་དུ་ཞེ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བས་པར་ཆབ་དང་བ། སྔོ་བ། གསལ་བས་གཏམ་པར་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དེ་དག་ནི་ཆུ་མ་ཡིན་པ་ལ་ཆུར་འདུ་ཤེས་པ་དག་སྟེ། ཇི་ལྟར་དགེ་སློང་དེ་དག་ཆུ་མ་ཡིན་པ་ལ་ཆུར་འདུ་ཤེས་པ་དེ་བཞིན་དུ། དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཡིན་པ་ལ་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན་པ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས། ཕྱིར་མི་འོང་བའི་འབྲས་བུ་མ་ཡིན་པ་ལ་ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མ་ཡིན་པ་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས། རང་སངས་རྒྱས་ཉིད་མ་ཡིན་པ་ལ་རང་སངས་རྒྱས་སུ་འདུ་ཤེས། གཟུགས་མ་ཡིན་པ་ལ་གཟུགས་སུ་འདུ་ཤེས། ཚོར་བ་མ་ཡིན་པ་དང་། འདུ་ཤེས་མ་ཡིན་པ་དང་། འདུ་བྱེད་རྣམས་མ་ཡིན་པ་དང་། རྣམ་པར་ཤེས་པ་མ་ཡིན་པ་ལ་རྣམ་པར་ཤེས་པར་འདུ་ཤེས་པ་དག་སྟེ། ཀུན་དགའ་བོ་ཁྱོད་སོང་ལ་བོས་ཤིག་དང་འོང་བར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏེ། ཡང་དགེ་སློང་དེ་དག་བོད་པའི་ཕྱིར། མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོར་ཞུགས་ནས། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་ལ་བསྒོ་བ། ཚེ་དང་ལྡན་པ་དག་ཁྱེད་ལ་སྟོན་པ་གསུང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་འཁོར་བཞི་པོ་ལ་བསྒོ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཁོར་བཞི་ལ་བསྒོ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་སོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་བོས་ཤིག། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་མོའུ་བགལ་གྱི་བུ་ཆེན་པོས། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། འདི་ལྟ་སྟེ། དཔེར་ན་སྐས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་དེ་བཞིན་དུ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་མོའུ་འ་གལ་གྱི་བུ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་། དྲི་ཟ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། མི་རྣམས་དང་། མིམ་ཡིན་པ་རྣམས་ལ་བསྒོ་ནས། སངས་རྒྱས་ཀྱི་མཐུ་དང་། བདག་ཉིད་ཀྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཁོར་བཞི་ལ་བསྒོ་ལགས་སོ། ། དེ་ནས་འཁོར་བཞི་པོ་དག་གིས་དཔག་ཚད་སྟོང་ཁོར་ཡུག་ཏུ་ཁྱབ་པར་གྱུར་ཏོ།། ལྷ་རྣམས་ཀྱིས་ཀྱང་དཔག་ཚད་ལྔ་ཁྲི་ཙམ་གྱི་སྟེང་གི་བར་སྣང་ཁྱབ་པར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ལ། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཁོར་བཞི་པོ་འདི་ཡང་འདུ་ཞིང་མཆིས། བཅོམ་ལྡན་འདས་ལྷ་རྣམས་ཀྱིས་བར་སྣང་གཏམ་ཞིང་མཆིས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོ་ལས་བརྩམས་ཏེ་ཆོས་བསྟན་དུ་གསོལ། བཅོམ་ལྡན་འདས་འཁོར་འདི་ན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དག་ཀྱང་མང་། ལྷ་བརྒྱ་སྟོང་ཕྲག་ཀྱང་མང་། དེ་མ་ལགས་པ་གཞན་གང་དག་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས་པ་དང་། རང་སངས་རྒྱས་ཉིད་དུ་འདུ་ཤེས་པ་མང་དུ་མཆིས་ན། དེ་དག་གི་འདུ་ཤེས་རྣམ་པར་དགྲོལ་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་གང་ལ་དགོངས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུར་བསྟན་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་གང་ལ་དགོངས་ཏེ། རང་སངས་རྒྱས་ཉིད་ཀྱི་བསྟན་པ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་མཛད་དོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་མ་དང་འདིར་ནམ་གྱི་ཆ་སྨད་ལ་མཆིས་ལངས་ནས་གནས་ཁང་ནས་བྱུང་སྟེ། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་ག་ལ་བ་དེར་མཆིས་ནས་སོན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པའི་གནས་ཁང་དུ་འཇུག་ཅེས་བགྱིས་ན། བཅོམ་ལྡན་འདས་ཀྱི་བཞུགས་ཁང་མཐོང་སྟེ། བཅོམ་ལྡན་འདས་ཀྱི་བཞུགས་ཁང་གི་ཁོར་ཡུག་ནས་པདྨ་ཁྲིའང་མཐོང་། ། རོལ་མོའི་སྒྲ་ཆེན་པོ་དང་། གླུའི་སྒྲ་ཆེན་པོའང་ཐོས། པདྨ་དེ་དག་ལས་འོད་བྱུང་བའང་མཐོང་། འོད་དེས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་གདའ་བར་གྱུར་པ་དང་། མཉན་དུ་ཡོད་པའི་གྲོང་ཁྱེར་ཐམས་ཅད་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གདའ་བར་གྱུར་པའང་མཐོང་ན། བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་འདི་ནི་གང་གི་ཕྱིར་འཇམ་དཔལ་གྱིས་བསྐུལ་བའི་ཆོས་འདི་བསྟན་པའི་སྔ་ལྟས་སོ། ། དེ་ནས་བཅོམ་ལྡན་འདས་ལ།། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་མ་དང་འདིར་ནམ་གྱི་ཆ་སྨད་ཀྱི་ཐུན་ལ་གནས་ཁང་གི་ནང་ན་མཆིས་@བཞིན་དུ་སྐར་ཁུང་གི་གསེབ་ནས་འོད་མཆིས་པ་མཐོང་ནས། བདག་གནས་ཁང་ནས་འབྱུང་སྙམ་སྟེ་ཁྲི་ལས་ལངས་པ་དང་། གདུགས་མ་ཤར་བར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བས་བཔར་གདའ་བར་གྱུར་ཅིང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བས་པར་ཆབ་དང་བ། སྔོ་བ། གསལ་བས་གཏམས་ལ། འདི་ན་ཞུགས་ཤིང་མ་མཆིས། གཙུག་ལག་ཁང་ཡང་མ་མཆིས་པར་མཐོང་ན།། བཅོམ་ལྡན་འདས་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དགའ་བོ་འདི་ནི་གང་གི་ཕྱིར། འཇམ་དཔལ་གཞོན་ནུར་གྱུར་པས་བསྐུལ་བ་རྙོག་པ་མེད་པའི་ཆོས་བསྟན་པ་འདིའི་སྔ་ལྟས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཇམ་དཔལ་དབྱངས་ནི་འཇིགས་མེད་པ།། འདི་ཡིས་གང་ཕྱིར་དྲིས་པ་ཡི། ། ཡེ་ཤེས་འདི་ནི་རྙོག་པ་མེད།། སངས་རྒྱས་ཡེ་ཤེས་བླ་ན་མེད།། འཇམ་པའི་དབྱངས་ནི་འཇིགས་མེད་པ།། ཡེ་ཤེས་ལྡན་པས་གང་ཕྱིར་དྲིས།། ཡེ་ཤེས་འདི་ནི་རྣམ་རྟོག་མེད།། སྤྲོས་པ་མེད་ཅིང་ཟག་པ་མེད། ། འདི་ལས་དངོས་པོ་གྲུབ་པ་མེད།། མ་གྲུབ་པ་ཡང་དེ་བཞིན་ནོ།། ཐམས་ཅད་སྤངས་པའི་ཡེ་ཤེས་ནི།། འཇམ་པའི་དཔལ་གྱིས་ཡོངས་སུ་དྲིས།། འདི་ལས་འབྲས་བུ་འགྲུབ་བ་ནི། ། རྣམ་པ་ཀུན་ཏུ་མེད་པར་བརྗོད།། འདི་ནི་འཇིག་རྟེན་རྣམས་ཀྱི་མགོན།། སྐྱོབ་པ་རྣམས་ཀྱི་སྡེམ་པོ་ངག། འཇམ་དབྱངས་འཇིགས་པ་མེད་པ་ཡིས།། གང་གི་ཆེད་དུ་ཡོངས་དྲིས་པ།། འདི་ལ་སྒྲ་ནི་མེད་པ་སྟེ། ། སྒྲ་རྣམས་ཐམས་ཅད་མཉམ་པར་གྱུར།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ལགས། འཇམ་དཔལ་གཞོན་ནུར་གྱུར་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་སླད་དུ་ཡོངས་སུ་ཞུ་ལགས་སམ། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ།། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་རྣམ་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་སྐོར་བ་དག་གོ། ། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ་དད་པས་རྗེས་སུ་འབྲང་བ་བསྟན། ཆོས་ཀྱི་རྗེས་སུ་འབྲང་བ་བསྟན་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལས་དགོངས་ཏེ། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་བསྟན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་ལ་དགོངས་ཏེ། ད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། དེ་བཞིན་གཤེགས་པས་གང་ལ་དགོངས་ཏེ། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོ་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཡོངས་སུ་བསྟན་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་ཆོས་ཀྱང་དེ་ཉིད་ལགས་པར་དེ་ལྟར་ཡོངས་སུ་བསྟན་ཏམ། ཅི་ལགས། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་དེ་དག་ཉིད་བྱང་ཆུབ་སེམས་དཔའི་ཆོས་ཞེས་དེ་སྐད་ཡོངས་སུ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྙིགས་མ་ལྔའི་ཚེ་སྐྱེས་པའི་སེམས་ཅན་དག་ནི་དམན་པ་ལ་མོས་པ་དག་སྟེ། དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་མ་མོས་པས། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ཐབས་མཁས་པ་དག་ཐབས་མཁས་པས་དེ་དག་ལ་ཆོས་སྟོན་ཏོ།། ཀུན་དགའ་ཐམས་ཅན་གང་དག་རྐྱེན་པ་ལམས་མི་དགན་ཆུང་། ། ཀུན་དཔའ་ཐསེམས་ཅན་ཅང་དག་དམིན་པ་ལ་མམ་པ་དེ་དག་གི་ང་། དེ་བན་པཤེགས་པ་ཐབས་མ་ངས་པ་དེསསུས་མརྣམས། ཐབས་འདི་སངས་རྒྱས་ཀྱི་ཆོས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། ཅང་མི་གསུང་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས།། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། ། འཇམ་དཔལ་ཅིའི་ཕྱིར་དེ་བཞིན་གཤེགས་པས་ཅང་མི་གསུང་བས་འདའ་བར་མཛད། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་སེམས་ཅན་གང་དག་ཆོས་བསྟན་པ་འདི་ལྟ་བུ་ལ་མོས་པ་དེ་དག་ནི་ཉུང་ངོ་། ། དགྲ་བཅོམ་པའོ་སྙམ་པའི་སེམས་དང་ལྡན་པའི་དགྲ་བཅོམ་པ་འདི་དག་ནི་ཤིན་ཏུ་མང་ངོ་།། བཙུན་པ་ཀུན་དགའ་བོ་སེམས་ཅན་གང་དག་དེ་བཞིན་ག་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱི་ལས་དགོངས་ཏེ་ཆོས་བསྟན་ཅེས། དེ་བཞིན་གཤེགས་པའི་དགོངས་ཏེ་གསུངས་ད་ས་ཤེས་པ་དེ་དག་ནི་ཉུང་ངོ་། ། ཁོ་བོ་ནི་འདི་ལ་མངོན་སུམ་མོ།། འཁོར་བཞི་པོ་དེ་དག་ཇི་ལྟར་ད་ལྟར་དེ་བཞིན་གཤེགས་པས་དད་པས་རྗེས་སུ་འབྲང་བ་རྣམ་པར་གཞག་པ་མཛད་ཅེས་བྱ་བ་ནས། དེ་བཞིན་དུ་རྒྱ་ཆེར་རང་སངས་རྒྱས་ཀྱི་བར་དུ་རྣམ་པར་གཞག་པ་མཛད་ཅེས་ཐེ་ཙོམ་དུ་གྱུར་པ་དག་གོ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་འདི་དག་དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ། ད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་ཅེས་བྱ་བ་ནས། དེ་བཞིན་གཤེགས་པས་ཅི་ལས་དགོངས་ཏེ། རང་སངས་རྒྱས་ཀྱི་བར་དུ་ཡོངས་སུ་བསྟན་ཅེས་དཔྱོད་པར་གྱུར་པས་ཆུ་ཐམས་ཅད་ཀྱང་ཐོགས་ཤིང་འབབ། བྱ་རྣམས་ཀྱང་ནམ་མཁའ་ལ་མི་འཕུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་བསྟན་པ་འདོན་མོས་པར་དཀའ་བ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཅང་མི་གསུང་བས་འདབ་པར་མཛད་དོ།། དེ་ནས་པདྨ་ཁྲི་བོ་དེ་དག་དེ་བཞིན་གཤེགས་པའི་བཞུགས་ཁང་གི་ཁོར་ཡུག་ཏུ་ཡོངས་སུ་འགྲོ་སྟེ། དེ་དག་ལས་བདག་ཅག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུ་ལས་ཆོས་སྟོན་པ་འདི་ས་ཕྱོགས་འདི་ཉིད་དུ་ཐོས་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་བསྟན་པ་ལས་@བརྩམས་ཏེ་ཆོས་བསྟན་དུ་གསོལ་ཞེས་དེ་བཞིན་གཤེགས་པ་ལ་གསོལ་བ་ཐོབ་ཅིག་ཅེས་སྒྲ་དེ་ལྟ་བུ་བྱུང་ངོ་། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བདག་གིས་མ་དང་ནམ་གྱི་ཆ་སྨད་ཀྱི་ཐུན་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཤར་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མ་མཆིས་པ་དག་ལས་ཆོས་བསྟན་པ་འདི་ཉིད་ཐོས་ཤིང་། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་རྣམས་སུ་སངས་རྒྱས་བཅོམ་ལྡན་འདས་གྲངས་མ་མཆིས་པ་དག་ལས་ཆོས་བསྟན་པ་འདི་ཉིད་ཐོས་ལགས་ན། བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་བསྟན་པ་བཤད་དུ་གསོལ། དེ་ནས་བར་སྣང་ལ་གནས་པའི་ལྷ་བྱེ་བ་ཁྲག་ཁྲིག་བྲག་བརྒྱད་ཅུ་རྩ་ལྔས་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་པ། བདག་ཅག་གིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་དག་ལས་ཆོས་བསྟན་པ་འདིས་ཕྱོགས་འདི་ཉིད་དུ་ཐོས་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་བསྟན་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པས་གང་ལ་དགོངས་ཏེ། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། དེ་བཞིན་དུ་རྒྱ་ཆེར་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཡོངས་སུ་བསྟན་པ་བཅོམ་ལྡན་འདས་དེ་བཞིནི་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསྟན་དུ་གསོལ། ། བཅོམ་ལྡན་འདས་འཁོར་བཞི་པོ་ལུད་པའི་སྒྲའང་མི་འབྱིན་པར་ཅང་མི་སྨྲ་བར་མཆིས་པ་འདི་དག་དང་། བཅོམ་ལྡན་འདས་སྲོག་ཆགས་བརྒྱ་སྟོང་མང་པོ་ཐེ་ཙོམ་དང་སོམ་ཉི་འཚལ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལས་དགོངས་ནས། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་ཅིང་། དེ་བཞིན་དུ་རྒྱ་ཆེར་རང་སངས་རྒྱས་ཀྱི་བར་དུ་ཡོངས་སུ་བསྟན་སྙམ་པ་དེ་དག་གི་ཐེ་ཚོམ་བསལ་དུ་གསོལ། མང་པོ་འདི་དག་ནི་དབང་དུ་གྱུར་པ་ལགས་སོ།། དེ་ནས་བཅོམ་ལྡན་འད་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དཔེང་དང་བཅས་པར་ཆོས་སྟོན་ཏོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དབང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དབང་ནི་ཆོས་ཡིན་ནོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཆོས་ཀྱི་སྟོབས་དང་ལྡན་པ་སྟེ། དེ་དག་གིས་ཆོས་དེ་དག་ཇི་ལྟར་མངོན་དུ་བྱས་པ་དེ་ལྟར་བསྟན་ཏོ།། ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡོད་ལ་གྱིས་ཤིག་དང་། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དད་པས་རྗེས་སུ་འབྲང་བར་ཡོངས་སུ་བསྟན་པ་དང་། དེ་བཞིན་དུ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་སུ་ཡོངས་སུ་བསྟན་པ་ངས་ཁྱོད་ལ་བཤད་དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཆགས་པ་མེད་པས།། སངས་རྒྱས་མཐོང་བར་བྱ་བའི་ཕྱིར་ཡང་དད་པར་བྱེད་ལ། སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། དེ་གཟུགས་ལ་མི་ཆགས།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་ཆགས་པ་འདི་ནི། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ།། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་འདི་དག་ཐམས་ཅད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོང་པར་བཤད་པར་ཡིད་ཆེས་པར་བྱེད་ན། ཀུན་དགའ་བོ་དེ་ལྟར་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། ། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡིད་ཆེས་པར་བྱེད་ཅིང་། དེ་ལ་འདོད་པའང་སྐྱེད་ལ། ནམ་ཞིག་ན་བདག་ཡེ་ཤེས་འདི་ལྟ་བུ་དང་ལྡན་པར་འགྱུར་སྙམ་དུ་ཡེ་ཤེས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དད་པས་རྗེས་སུ་འབྲང་བ་ཞེས་བྱ་བའི་མིང་ཐོབ་བོ། ། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདོད་པའི་ཡོན་ཏན་ལྔ་ལ་ཡང་དད་པ་མ་ཡིན་ལ། དད་པའི་སྟོབས་བསྐྱེད་པ་རྗེས་སུ་ཐོབ་ན།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དད་པས་རྗེས་སུ་འབྲང་བར་རིག་པར་བྱའོ།། ཡང་ཇི་ལྟར་དེ་བ་ཞིན་གཤེགས་པས་བྱིན་པ་ལྟར་ཆོས་ཀྱི་སྦྱིན་པ་བསམ་གྱིས་མི་ཁྱབ་པ་སྦྱིན་པར་བྱ་བ་གང་ཡིན་པ་དེ་ལྟ་བུར་ནམ་ཞིག་ན་འགྱུར་ཞིག་གུ་སྙམ་ཞིང་ཆོས་ཀྱི་སྦྱིན་པ་བསམ་གྱིས་མི་ཁྱབ་པ་དེ་ལ་ཡང་ཡིད་ཆེས་པར་བྱེད་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའང་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ།། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཞུམ་པ་མེད་པའི་ཡིད་ཀྱིས་བཏང་བ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། དེ་ལུས་ཀྱང་ཡོངས་སུ་གཏོང་ཡང་སྦྱིན་པས་དག་པར་ཡང་མི་སེམས་ཤིང་། ཐམས་ཅད་དུའང་སེར་སྣ་མེད་པ་ཡིན་ལ། དེ་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། བྱང་ཆུབ་དེའང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ། ། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སངས་རྒྱས་ལ་དད་པ་ཕུན་སུམ་ཚོགས་པ་ཡིན། སེམས་རྙོག་པ་མེད་པ་ཡིན། རྙོག་པ་མེད་པའི་ཆོས་ལ་ཡིད་ཆེས་པ་ཡིན། སྐྱེ་མཆེད་དྲུག་ཀྱང་མི་འདོར་ལ།། དེ་དེ་དག་དོན་དུ་གཉེར་བའང་མ་ཡིན། དད་པས་མོས་པ་ཡིན། སེམས་ཅན་གང་དག་དད་པ་དང་མི་ལྡན་པ་དེ་དག་ཀྱང་དད་པ་ལ་འཛུད་ཅིང་། སངས་རྒྱས་ཀྱི་ཆོས་ལ་དད་པར་བྱེད་པ་ཡིན། དད་པ་དང་ལྡན་པར་གྱུར་ནས་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་། སེམས་དེའང་མི་རྙེད་པ་ཡིན། དད་ནས་མཉམ་པ་ཉིད་དུ་ཤེས་ཤིང་། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་ཤེས་ཏེ། དེ་ནི་ཇི་ལྟར་ཤེས་ཤེ་ན། དེ་ནི་ཐ་སྙད་ཀྱིས་ཆོས་ཀྱི་དབྱིངས་སོ་ཞེས་བརྗོད་པར་བྱ་སྟེ། དབྱིངས་དེའང་མི་རྙེད། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། འདུ་བྱེད་ཐམས་ཅད་སྟོང་པ་དང་། འདུ་བྱེད་ཐམས་ཅད་བདག་གི་བ་མེད་པར་ཡིད་ཆེས་པར་བྱེད་ཅིང་དེ་ལའང་སྟོབས་བསྐྱེད་པ་ཐོབ་པ་ཡིན། འཕགས་པའི་ཚུལ་ཁྲིམས་ལ་ཡིད་ཆེས་པ་ཡིན། སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལའང་སྙོམས་པར་ཞུགས་པ་ཡིན། སེམས་ཅན་ཐམས་ཅད་འགོག་པའི་དབྱིངས་སུ་མཉམ་མོ་ཞེས་འགོག་པའི་དབྱིངས་ལ་ཡིད་ཆེས་པ་ཡིན། ད་པ་གང་གིས་ཡིད་ཆེས་པ་དེའི་མཚན་ཉིད་ཁོ་ནར་ཡང་དག་པར་རྗེས་སུ་མཐོང་ཞིང་མི་ཆགས་སོ།། མ་ཆགས་ནས་ཀྱང་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ་པར་ཡང་དག་པར་རྗེས་སུ་མཐོང་ཆོས་ཀྱི་དབྱིངས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་མེད་པའི་དབྱིངས་ཏེ། དེ་དེ་ལྟར་ཡིད་ཆེས་ཤིང་། དེ་ཆེས་དེ་དག་ཇི་ལྟ་བར་སེམས་ཀྱང་དེ་བཞིན་དུ་ཡིད་ཆེས་པར་བྱེད་དེ། དེ་ལྟ་བུ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ།། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དག་པར་ན།། སེམས་ཅན་ཐམས་ཅད་གང་ལའང་མི་གནས་པར་ཡིད་ཆེས་ཤིང་། སེམས་ཅན་ཐམས་ཅད་རང་བཞིན་གྱིས་སྟོང་པས་དེ་དག་གི་གནས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ལ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་སྟེ། དེ་ལྟར་དད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། སངས་རྒྱས་མཐོང་བ་ཆགས་མེད་ལ།། སེམས་ཅན་དཔག་མེད་དང་བར་བྱེད།། དེ་ནི་དེ་ལ་ཆགས་པ་མེད།། དེ་ཕྱིར་བློ་ལྡན་དང་བས་འབྲང་། ། ཆོས་འདི་ཐམས་ཅད་སྟོང་པ་ཞེས།། རབ་ཏུ་བཤད་པར་ཡིད་ཀྱང་ཆེས།། དེ་ནི་དེ་ཡི་མོས་ཡིན་ཏེ།། དེ་ཕྱིར་དད་པས་འབྲང་བ་འདོད།། བདེ་གཤེགས་ཡེ་ཤེས་ཡིད་ཆེས་ཏེ། ནམ་ཞིག་འདི་འདྲར་ཤེས་ལྡན་ཞེས།། དེ་ལ་འདོད་པ་འཇུག་བྱེད་ཅིང་།། ཤེས་པ་དེ་ཡང་མཐོང་མ་ཡིན།། འདོད་པའི་ཡོན་ཏན་རྣམ་ལྔ་ལ།། རྟག་ཏུ་དད་པ་མ་ཡིན་ཏེ།། དད་པའི་སྟོབས་ནི་རྗེས་ཐོབ་པ།། དེ་ཕྱིར་དད་པས་འབྲང་བར་གསུངས།། ཇི་ལྟར་བཅོམ་ལྡན་བྱིན་པ་ལྟར།། ཆོས་སྦྱིན་བསམ་གྱིས་མི་ཁྱབ་འདི།། སྦྱིན་པ་ནམ་ཞིག་སྦྱིན་སྙམ་པ།། དེ་ཕྱིར་དད་པས་འབྲང་བར་གསུངས། ། དེ་ནི་སློང་ལ་དད་པ་ཡིས།། ལུས་ཀྱང་ཐམས་ཅད་གཏོང་བར་བྱེད།། སྦྱིན་པ་སྦྱིན་པའི་འདུ་ཤེས་མེད།། དེ་ཕྱིར་བརྟན་པ་དད་པས་འབྲང་།། དད་པས་ཐམས་ཅད་གཏོང་བྱེད་ཅིང་། ། ཐམས་ཅད་ལ་ཡང་སེར་སྣ་མེད།། དེ་དག་ཐམས་ཅད་བྱང་ཆུབ་གཞོལ།། བྱང་ཆུབ་དེ་ཡང་མཐོང་མ་ཡིན།། རྫོགས་སངས་རྒྱས་ལ་དད་པས་དང་།། དེ་ཡི་སེམས་ནི་རྙོག་པ་མེད། ། སེམས་ཅན་མེད་པའི་ཆོས་ཀྱང་སྟོན།། དེ་ཕྱིར་དད་པས་འབྲང་བར་གསུངས།། སེམས་ཅན་གང་དག་དང་མི་ལྡན།། དེ་དག་དང་ལ་འཛུད་བྱེད་ཅིང་།། དྲི་མེད་ཆོས་ལ་དད་པར་བྱེད། ། དེ་ཕྱིར་དད་པས་འདྲང་བར་གསུངས།། དང་པའི་སེམས་དང་ལྡན་གྱུར་ནས།། སེམས་ནི་བྱང་ཆུབ་འཇུག་པར་བྱེད།། སེམས་དེ་ཡང་ནི་མི་རྙེད་དེ།། དེ་ཕྱིར་བསྟན་པ་དང་པས་འདྲང་། ། ཆོས་ཀྱི་དབྱིངས་ནི་རྟག་མཉམ་པར།། དད་པས་མཉམ་པ་ཉིད་དུ་ཤེས།། དབྱིངས་དེ་ཡང་ནི་མི་རྙེད་ལ།། དབྱིངས་ཞེས་ཐ་སྙད་འདོགས་པའང་མེད།། འདུ་བྱེད་ཐམས་ཅད་མི་རྟག་དང་། ། སྡུག་བསྔལ་སྟོང་པ་བདག་མེད་པར།། ཡིད་ཆེས་དེ་ཡིས་སྟོབས་བསྐྱེད་པས།། དེ་ཕྱིར་དད་པས་འབྲང་བ་གསུངས།། ཟག་མེང་ཚུལ་ཁྲིམས་ཡིད་ཆེས་ལ།། རྙོག་པ་མེད་ཅིང་སྤྲོས་མེད་པ། ། ཞི་བའི་དབྱིངས་ལ་མཉམ་བཞག་པ།། དེ་ཕྱིར་བློ་ལྡན་དད་པས་འབྲང་།། སེམས་ཅན་ཐམས་ཅད་དབྱིངས་མེད་དང་།། མྱ་ངན་འདས་པའི་དབྱིངས་ཡིད་ཆེས།། དང་པ་གང་གིས་ཡིད་ཆེས་པ། ། དད་པ་དེ་ཡང་དེ་མཚན་ཉིད།། ཆོས་ཀྱི་དབྱིངས་ལ་ཆགས་མེད་པས།། སེམས་ཅན་དབྱིངས་ཀྱང་མཐོང་མ་ཡིན།། ཡེ་ཤེས་ལྡན་པ་ཆོས་ཀྱི་དབྱིངས།། བསམ་གྱིས་མི་ཁྱབ་དེ་མི་མཐོང་། ། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། ཆོས་དེ་ཇི་ལྟར་འདི་འདྲ་བར།། དེ་ལྟར་དང་བས་ཡིད་ཆེས་པ།། དེ་ཕྱིར་དང་དང་ལྡན་པར་གསུངས།། ཡང་དག་ཉིད་དུ་སེམས་ཅན་ཀུན། ། དེ་དག་ངོ་བོ་ཉིད་ཀྱིས་སྟོང་།། གང་ནའང་གནས་པ་མ་ཡིན་ཏེ།། དེ་དག་གནས་ནི་ཡོད་མ་ཡིན།། སེམས་ཅན་ཐམས་ཅད་མྱ་ངན་འདས།། ཡང་དག་ཏུ་ན་དེ་དག་སྟོང་།། དེས་ན་མྱ་ངན་འདས་པ་དེ། ། སྟོང་པ་ཉིད་དུ་ཡོངས་སུ་བརྗོད།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། འཕགས་པ་དེ་ལྟར་ཡིད་ཆེས་ཏེ།། དེས་ན་དད་པས་རྗེས་འབྱུང་ཞེས། དགྲགས་ལྡན་རྣམས་ཀྱིས་མིང་ཐོབ་བོ།། དད་པས་རྗེས་སུ་འབྲང་རྣམས་ཀྱི།། དད་པ་དེ་ནི་འདི་འདྲར་གསུངས།། ཀུན་དགའ་ཁྱོད་ཀྱིས་དེ་ལྟར་གཟུང་།། དེ་ལྟར་འདི་ནི་རབ་ཏུ་ཤོད།། ཀུན་དཔའ་ཆོས་རྣམས་འདི་དག་དང་།། གཞན་ཡང་མང་པོ་མཐའ་ཡས་པ།། ཆོས་དེ་དག་གིས་བློ་ལྡན་པ།། དད་པས་རྗེས་སུ་འབྲང་བ་སྟན།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དད་པས་རྗེས་སུ་འབྲང་བར་ཡོངས་སུ་བསྟན་ཏེ། ཐབས་མཁས་པས་དོན་དེ་ཉེ་བར་ཁྲིད་དོ།། ། ། བམ་པོ་གཉིས་པ།། ། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་ཆོས་ཀྱི་རྗེས་སུ་འབྲང་བར་ཡོངས་སུ་བསྟན་ཅན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལས་མ་ལྡན་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཅང་འཛིན་ཅིང་རབ་ཏུ་སྟོན་ལ། དབྱིངས་དེ་ལས་ཀྱང་མི་འདལ་ཞིང་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཀྱད་རྗེས་སུ་ཐོབ་པ་ཡིན། བསྟི་སྟང་དུ་བྱས་ཏེ། དེ་འཛིན་ཅིང་དེའི་སེམ་ཞུམ་པ་མེད་པ་ཡིན། ཆོས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་རྒྱུན་དེའང་སྟོན་ལ་གང་དུའང་མངོན་པར་ཞེན་པ་མེད། ཅི་ནས་ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་ལའང་མི་ཆགས་པར་གནས་མེད་པ་དང་། རྟེན་མེད་པའི་ཆོས་ཉིད་ཀྱང་སྟོན། ཆོས་འདོད་པ་ཡིན་གྱི། ཆོས་མ་ཡིན་པ་འདོད་པ་མ་ཡིན། འཛིན་པ་མེད་པའི་ཚུལ་དུ་ཆོས་ཐམས་ཅད་འཛིན་ཏེ། གཟུང་ནས་ཀྱང་རབ་ཏུ་སྟོན་ཏོ།། དེས་ཤིང་འགྲོགས་ན་བདེ་བ་ཡིན་ནོ། ། ཞི་བའི་ཆོས་དེའང་རབ་ཏུ་སྟོན་ལ། ཆོས་ཀྱི་དབྱིངས་དེའང་གཡོ་བར་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ།། དེས་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པར་རྗེས་སུ་རྟོགས་པ་ཡིན་ཏེ། ཆོས་ཉིད་ལས་ཀྱང་མི་འདའ་འོ།། དེ་ཅིའི་ཕྱིར་ཞེ་ན། དེ་མི་གནས་པའི་ཚུལ་དུ་ལུས་ལ་ལེགས་པར་གནས་པ་ཡིན་ནོ།། ཇི་ལྟར་ལེགས་པར་གནས་ཤེ་ན། ལུས་འདི་ནི་རྟག་ཏུ་ལུས་མ་ཡིན་པ་ཞེས་དེ་ལྟར་ལེགས་པར་གནས་པ་ཡིན་ནོ། ། ལུས་ཀྱི་ཆོས་ཉིད་ཀྱིས་ཐོག་མ་དང་། ཐོག་མ་མ་ཡིན་པ་མཉམ་པར་བྱེད་དེ། ལེན་པར་མི་བྱེད། ཁྱེར་བར་མི་བྱེད་པར་དེ་ལྟར་ཆོས་ཉིད་དེ་ཤེས་སོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་གང་བསྟན་པའི་ཆོས་དེའང་རྗེས་སུ་ཐོབ་པ་ཡིན་ནོ། ། ཆོས་ཐམས་ཅད་ལ་ཆགས་པ་མེད་པས་དྲི་མ་མེད་པ་ལ་དག་པའང་མ་མཐོང་ངོ་།། ཆོས་གང་དག་མི་མཐོང་བ་དེ་དག་གང་ཡང་མི་འཛིན་ཏེ། ཆོས་ཉིད་ཀྱི་དབྱིངས་འདི་ནི་ཉོན་མོངས་པ་མེད་པ། མཚན་མ་མེད་པ། རང་བཞིན་མེད་པ། བྱེད་པ་མེད་པ། དངོས་པོ་མེད་པ་སེམས་དང་བྲལ་བ། སེམས་མེད་པ་ཞེས་བསྟན་ཏོ།། གང་ལས་སེམས་མི་དམིགས་པ་དེ་སེམས་མེད་པ་དེ་སེམས་མེད་པ་ཐོབ་པ་མེད་ཉེ་བར་ཞི་བ་ཞེས་བརྗོད་དོ།། དེ་ཟ་སྐད་མེད་པ། ཐ་སྙད་དང་བྲལ་བ། དམིགས་པ་མེད་པ་སྟེ། དེ་འཛིན་ཀྱང་ཆོས་ཉིད་དངོས་པོ་མེད་པའི་ཕྱིར་གང་དུའང་གནས་པ་མ་ཡིན་ཏེ། ཆོས་ཉིད་དེས་རབ་ཏུ་ཕྱེའོ།། ཆོས་ཉིད་འདི་ནི་བདེན་པར་ན་བྱང་ཆུབ་སེམས་དཔའ་ལ་བསྟན་ཏེ། བསྲེག་པའང་མེད། རྣམ་པར་གཏོར་བའང་མེད། བཀག་པའང་མེད་དོ།། དེ་ལ་བསྙད་པ་འདི་ནི་འགྱུར་བ་མེད་པ་སྟེ། ཇི་ལྟར་བསྙད་པ་དེ་ལྟར་ཐོབ་པས། དེ་ན་རིགས་ཀྱི་ས་ཞེས་བརྗོད་དོ།། དེ་ཐོབ་པས་རིགས་ཀྱི་ས་ཞེས་ཡོངས་སུ་བསྟན་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རིགས་ཀྱི་ས་འདིའང་རྗེས་སུ་ཐོབ་པ་ཡིན་ཏེ། ཆོས་ཕྲ་རབ་ཙམ་ཡང་འོང་བ་འམ། འགྲོ་བར་ཡང་དག་པར་རྗེས་སུ་མི་མཐོང་ལ། འོང་བ་མེད་པ་དང་། འགྲོ་བ་མེད་པའི་ཆོས་ཐམས་ཅད་ཀྱང་འཛིན་ཅིང་གཡོ་བར་མི་བྱེད། རྣམ་པར་འཐོར་བར་མི་བྱེད། འདུ་བར་མི་བྱེད་ལ། གཏོར་བ་མེད་པ་དང་། འཛིན་པ་མེད་པའི་ཆོས་ཀྱང་འཛིན་ཏེ། དེས་ན་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ།། ཆོས་ཉིད་ཐོབ་པ་དང་། ཆོས་ཐམས་ཅད་ཐོབ་པ་མེད་པས་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སངས་རྒྱས་ཆོས་ལ་རྣམ་ཀུན་ཏུ།། ཆོས་ལ་ལྡོག་པར་མི་བྱེད་ཅིང་། ། ཆེས་ཉིད་འདི་དག་འཛིན་བྱེད་དེ།། དེ་ཕྱིར་ཆོས་རྗེས་འདྲང་ཞེས་གསུངས།། ཆོས་རྒྱུན་དསམ་གྱིས་མི་ཁྱབ་པ།། རྒྱུན་དེ་ལུས་ཀྱང་འདའ་མི་བྱེད།། ཆོས་ཉིད་དེ་ནི་རྗེས་སུ་ཐོབ། ། དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས།། སངས་རྒྱས་རྣམས་ཀྱིས་བཤད་པའི་ཆོས།། བསྟི་སྟང་བྱས་ཏེ་དེ་དག་འཛིན།། དེ་ཡི་སེམས་ནི་ཞུམ་པ་མེད།། དེ་ཕྱིར་ཆོས་རྗེས་འདྲང་ཞེས་གསུངས། ། ངོ་བོ་ཉིད་ཀྱི་ཆོས་ཀྱི་རྒྱུན།། རྒྱུན་དེ་དེ་ཡིས་ཀུན་ཏུ་བསྟན།། ཆོས་ལ་མངོན་པར་ཞེན་པ་མེད།། དེ་ཕྱིར་ཆོས་འབྲང་ཤེས་པར་བྱ།། གནས་མེད་པ་དང་རྟེན་མེད་པའི།། ཆོས་ཀྱི་རྒྱུན་ནི་ཡང་དག་རྟོགས།། ཆོས་ཉིད་དེ་ནི་འཛིན་བྱེད་དེ།། དེ་ཕྱིར་བློ་ལྡན་ཆོས་རྗེས་འབྲང་།། བྱང་ཆུབ་སེམས་དཔའི་ཆོས་ཉིད་གང་།། སངས་རྒྱས་ཀྱིས་ནི་བསྟན་མཛད་པ།། ཆོས་ཉིད་དེ་ནི་རྗེས་སུ་ཐོབ། ། དེ་ཕྱིར་བློ་ལྡན་ཆོས་རྗེས་འབྲང་།། དབྱིངས་ནི་ངོ་བོ་ཉིད་ཀྱིས་སྟོང་།། ཆོས་རྣམས་ཀུན་ལ་ངེས་མེད་པ།། ཆོས་ཉིད་དེ་ནི་འཛིན་པར་བྱེད།། དེ་ཕྱིར་བློ་ལྡན་ཆོས་རྗེས་འདྲང་།། དེ་ནི་ཆོས་རྣམས་ཐམས་ཅད་ལ།། སྟོང་པར་བརྟགས་ནས་སྐྱོན་མ་མཐོང་།། ཆོས་གང་མཐོང་བར་མ་གྱུར་པ།། དེ་དག་ལ་ནི་འཛིན་པ་མེད།། ཆོས་ཀྱི་དབྱིངས་ཀྱི་དབྱིངས་འདི་ནི།། ཉོན་མོངས་མེད་ཅིང་མཚན་མ་མེད། ། ངོ་བོ་ཉིད་ཀྱང་མེད་པར་བསྟན།། དེ་ནི་བརྗོད་མེང་དངོས་པོ་མེད།། དབྱིངས་འདི་སེམས་དང་བྲལ་བ་སྟེ།། སེམས་དེ་དམིགས་སུ་མེད་པ་ཡིན།། གང་ཕྱིར་སེམས་ནི་མི་དམིགས་པ། དེ་ཕྱིར་དེ་ནི་བསམ་ལས་བརྗོད།། སེམས་པ་མེད་ཅིང་ཐོབ་པ་མེད།། ཉེ་བར་ཞི་བར་བརྗོད་པ་སྟེ།། བརྗོད་པ་མེད་ཅིང་དམིགས་པ་མེད།། དེས་ན་དེ་ནི་བསམ་ཡས་བརྗོད། ། ཆོས་ཉིད་འདི་དག་འཛིན་བྱེད་ལ།། དེས་ནི་གང་དུའང་གནས་པ་མེད།། དངོས་པོ་མེད་པས་མི་གནས་ཏེ།། དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས།། བྱང་ཆུབ་སེམས་དཔའ་དེ་ལ་ནི། ། ཆོས་ཉིད་འདི་ནི་རབ་བསྟན་ཏེ།། བསྲེས་པ་མེད་ཅིང་བཞག་པ་མེད།། འགྱུར་བ་མེད་ཅིང་འོད་གསལ་བ།། གང་ལས་རིགས་ནི་རང་བརྗོད་པ།། དེ་ནི་འ་པའི་སྤྱོད་ཡུལ་ཏེ། ། དེ་ནི་རབ་ཏུ་ཐོབ་པས་ནི།། རིགས་ཀྱི་སར་ནི་ཡོངས་སུ་བརྗོད།། བྱང་ཆུབ་སེམས་དཔའ་མ་སྨད་པ།། རིགས་འདི་དང་ནི་རྗེས་འཐུན་པ།། དེ་ནི་དེ་ལྟར་འཛིན་བྱེད་པས། ། དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས།། ཆོས་ཉིད་རབ་ཏུ་ཐོབ་པས་ན།། དེ་ཆོས་རྗེས་སུ་འབྲང་བར་འདོད།། ཀུན་དགའ་འདི་ལས་དགོངས་ནས་ནི།། བྱང་ཆུབ་སེམས་དཔའ་རང་ཏུ་བརྗོད། ། ཆོས་ཀྱི་རྗེས་སུ་འབྲང་བ་ཞེས།། ངས་ནི་དགོངས་ཏེ་འདི་བཤད་དོ།། གང་དག་བྱང་ཆུབ་རིང་དུ་ཤེས།། དེ་དག་དེ་ལྟར་ཉེ་བར་ཁྲིདང་།། དེ་ལྟར་བྱང་ཆུབ་སེམས་དཔའི་ཆོས།། མང་པོ་དག་ནི་ངས་བཤད་དེ།། དེ་ལྟ་བུ་ཡི་ཐབས་ཀྱིས་ནི།། སངས་རྒྱས་ཆོས་རྣམས་རབ་ཏུ་བསྟན།། ཀུན་དགའ་བོ་དེ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་ཡོངས་སུ་བསྟན་ཏོ། ། ཀུན་དགའ་དེ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པར་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལོག་པ་ཉིད་བརྒྱད་ལས་ཤིན་ཏུ་འདས་པ་ཡིན་ཏེ། རྣམ་པར་ཐར་པ་བརྒྱད་ལ་རེག་ཅིང་ཡང་དག་པ་ཉིད་བརྒྱད་ལ་མངོན་པར་ཞེན་པའང་མེད་པ་ཡིན། སོ་སོ་སྐྱེ་བོའི་ཆོས་ལས་ཤིན་ཏུ་འདས་པ་ཡིན། ལམ་ལའང་ལེགས་པར་གནས་པ་ཡིན་ཏེ། བར་མ་ཉིད་ཐོབ་པ་ཡིན། སོ་སོའི་ཆོས་ལས་ཀྱང་འདས་ལ། སངས་རྒྱས་ཀྱི་ཐེག་པ་ལ་མངོན་དུ་ཞུགས་པའང་ཡིན་ཞིང་བྱང་ཆུབ་དེའང་མི་སྙེད། ལོག་པར་ལྟ་བ་ལས་ཀྱང་ཤིན་ཏུ་འདས་ཤིང་། ཡང་དག་པར་ལྟ་བའང་རྣམ་པར་བཤིག་པ་ཡིན། མཉམ་པ་ཉིད་རྗེས་སུ་ཐོབ་ཅིང་། འཇིག་ཆགས་ལས་རྣམ་པར་འདས་པ་ཡིན། བྱང་ཆུབ་ཏུ་མངོན་དུ་ཞུགས་ཤིང་སངས་རྒྱས་ཀྱི་ལམ་རྗེས་སུ་ཐོབ་པ་ཡིན། དེ་སེམས་ཅན་དུ་འདུ་ཤེས་པ་བཟློག་པ་ཡིན། དེ་སངས་རྒྱས་སུ་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན། འདུ་ཤེས་མཉམ་པ་ཉིད་རྗེས་སུ་ཐོབ་པ་ཡིན། སེམས་ཅན་གྱི་གནས་ལས་ཤིན་དུ་འདས་པ་ཡིན། གནས་མེད་པའང་མངོན་པར་ཞུགས་ལ། ཆོས་ཐམས་ཅད་ལ་མི་གནས་པའང་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གང་དག་དེའི་གནས་སུ་འགྱུར་བའི་ཆོས་དེ་དག་མི་དམིགས་པའི་ཕྱིར་རོ།། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལས་རབ་ཏུ་འདས་ཤིང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཞུགས་ལ། འགོག་པའི་དབྱིངས་དང་ཆོས་ཀྱི་དབྱིངས་མཉམ་པ་ཐོབ་པ་ཡིན། འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་མི་དམིགས་ཤིང་ཆོས་རྣམས་དང་། ཆོས་མ་ཡིན་པ་རྣམས་དང་། ཡོད་པ་དང་། མེད་པ་རྣམ་པར་སྤངས་པ་ཡིན། དེ་ནད་པ་དང་རྟག་པ་ལ་མཚུངས་པར་འདུ་ཤེས་པ་ཡིན། རྟག་པ་ལ་མཚུངས་པར་འདུ་ཤེས་པ་ཡིན་ཏེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ལ་མཚུངས་པར་གྱུར་པ་ཡིན། བྱང་ཆུབ་ཀྱི་སེམས་དེའང་མི་དམིགས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་མཚུངས་པར་གྱུར་པ་མཉམ་པ་ཉིད་དུ་ངེས་པ་ཡིན་ཏེ། དེས་ན་དེའི་ལུས་ལ་དུག་དང་། མེ་དང་། མཚོན་གྱིས་མི་ཚུགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཡུལ་ཐམས་ཅད་ཀྱང་རྣམ་པར་སྤངས་པ་ཡིན་ལ། དེའི་རྟོགས་པ་སངས་རྒྱས་ཀྱི་ཡུལ་ལའང་ལེགས་པར་གནས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་འགྲོ་བ་མེད་པ། འོང་བ་མེད་པ། བདེ་བ། ཞིབ་གྲངས་སུ་མ་གཏོགས་པ་སྟེ། ཏིང་ངེ་འཛིན་དེ་ལ་ལེགས་པར་གནས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་སྟོང་པའོ།། དེ་ལྟར་ན་དེའི་གནས་དེ་མེད་པ་ཡིན་ཏེ། དེས་ན་ངོ་ལུས་ལ་མཚོན་གྱིས་མི་འོག་སྟེ། དེས་ན་མི་སོད་པ་ཞེས་བྱའོ།། དེ་ལྟར་ངེས་པར་བྱུང་བ་ནི་མི་སོང་བ་ཡིན་ཏེ། བདེ་བར་བདེ་བའི་ཤེས་པ་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་གང་གིས་རྟོགས་པའི་ཤེས་པ་དེའང་མི་རྙེད་དེ། དེས་ན་དེའི་ལུས་ལ་མཚོན་གྱིས་མི་ཕོག་མི་ཚུགས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་ཐམས་ཅད་འདྲེ་བ་མེད་པར་ཤེས་པའི་ཕྱིར་ཏེ། དེས་ན་དེ་མཚོན་གྱིས་མི་སོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་དེ། བྱང་ཆུབ་ཀྱི་རྣམ་པར་མངོན་པར་སྒྲུབ་པའི་བྱམས་པ་དང་། རྣམ་པ་མེད་ཅིང་ཆགས་པ་མེད་པའི་བྱམས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཞི་བའི་དབྱིངས་མ་ཐོབ་པའི་བྱམས་པ་དང་། གནོད་སེམས་དང་། བརྣབ་སེམས་སྤངས་པའི་བྱམས་པ་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱིས་བཏང་བའི་བྱམས་པ་དང་། བྱང་ཆུབ་སྣང་བ་ཐོབ་པའི་བྱམས་པ་དང་། སེམས་ཅན་མི་དམིགས་པའི་བྱམས་པ་དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་དོ།། དེས་ན་མཚོན་གྱིས་མི་སོད་དོ། ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་དེས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་མཉམ་པ་ཉིད་དུ་ཤེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་འགྱུར་བ་མེད་པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། ཀུན་ཏུ་རྟོག་པ་མེད་པ་དང་། སྤྲོས་པ་མེད་པ་དང་། རྙོག་པ་མེད་པར་དེ་ལྟར་ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་ཞུགས་སོ། ། སླར་བརྗོད་པ་གང་དག་ཇི་སྙེད་པ་ཐམས་ཅད་ལ་རྟོགས་པ་དང་། རྟོགས་པ་མེད་པ་དང་། ཆོས་ཀྱི་དབྱིངས་རྟོགས་པ་དང་། གནས་པ་མེད་པར་རྟོགས་པ་ཁོང་དུ་ཆུད་པར་འགྱུར་ཏེ། སྒྲ་ཐམས་ཅད་ལ་མཁས་པ་ཡིན། ངེས་པའི་ཚིག་མེད་པའི་ཆོས་སྟོན་པར་བྱེད་ལ། བདག་ནི་ཆོས་འགའ་ཞིག་སྟོན་ཏོ་སྙམ་དུ་རློམ་སེམས་པའང་མེད་དོ།། དེ་འདུ་ཤེས་དང་ཡང་བྲལ་ལ། སྒྲ་ཐམས་ཅད་ཀྱི་མཉམ་པ་ཉིད་ལའང་འཇུག་གོ།། ཆོས་ཐམས་ཅད་བྲལ་བའང་མེད་ལ། སྟོང་པ་དང་ཞི་བར་ཡང་ཤེས་སོ།། དེ་གང་ལས་འདའ་བར་བྱ་བའི་ཆོས་གང་ཡང་མི་དམིགས་ཏེ། དེས་ན་དེ་བརྒྱད་པ་ཞེས་བྱའོ།། ཆོས་ཐམས་ཅད་ལ་མི་ཆགས་པས་དེས་ན་བརྒྱད་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལོག་པ་བརྒྱད་ལས་ཤིན་ཏུ་འདས། ། རྣམ་པར་ཐར་པ་བརྒྱད་ལ་རེག། ཡང་དག་བརྒྱད་ལ་ཞེན་པ་མེད།། དེའི་ཕྱིར་བརྒྱད་པ་ཞེས་བརྗོད་དོ།། སོ་སོའི་སྐྱེ་བོའི་ཆོས་ལས་འདས།། ལམ་ལའང་རབ་ཏུ་ལེགས་པར་གནས། ། ཡེ་ཤེས་ལྡན་པ་དབུས་མི་མཐོང་།། དེ་ཕྱིར་བརྒྱད་པ་ཞེས་བརྗོད་དོ།། སོ་སོའི་སྐྱེ་བོ་ཉིད་ལས་འདས།། བྱང་ཆུབ་ལ་ཡང་མངོན་པར་ཞུགས།། བྱང་ཆུབ་དེ་ཡང་མི་དམིགས་ཏེ།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། ལོག་པའི་ལྷ་ལས་རྣམ་པར་འདས།། ཡང་དག་ལྟ་བ་རྣམ་པར་བཤིག། བཟང་པོའི་ལམ་གྱིས་མཉམ་ཉིད་ཐོབ།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། འཇིག་ཚོགས་ལས་ནི་རྣམ་པར་འདས། ། བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས།། སངས་རྒྱས་ལམ་ཡང་རྗེས་སུ་ཐོབ།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། དེ་ནི་རང་གི་འདུ་ཤེས་བཟློག། བྱང་ཆུབ་འདུ་ཤེས་རྣམ་པར་ཤིག་དཔེ་མེད་པ་ཡི་འདུ་ཤེས་ཐོབ། ། དེས་ན་བརྒྱད་པ་ཞེས་བརྗོད་དོ།། སེམས་ཅན་གནས་ལས་ཤིན་ཏུ་འདས།། གནས་མེད་པ་ལ་རབ་ཏུ་ཞུགས།། ཆོས་རྣམས་ཀུན་ལ་མི་གནས་ཏེ།། དེས་ན་། བརྒྱད་པ་ཞེས་བརྗོད་དོ།། འཇིག་རྟེན་ཆོས་ལས་རྣམ་པར་འདས།། འཕགས་པའི་ཆོས་ནི་རྣམ་པར་ཤིག། འགོག་པའི་དབྱིངས་ནི་རྗེས་སུ་ཐོབ།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། གང་དག་འཇིག་རྟེན་ཆོས་བརྗོད་དང་།། སངས་རྒྱས་ཆོས་གང་ཐ་དད་པ།། ཆོས་དེ་དེ་ཡིས་མི་རྙེད་དེ།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། ཡོད་ཅེས་པ་འདི་མཐའ་གཅིག་སྟེ།། མེད་ཅེས་བྱ་བ་གཉིས་པ་ཡིན། ། མཐའ་འདི་དེ་ཡིས་པར་སྤངས།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། དེ་ནི་བདག་དང་བདག་མེད་མཚུངས།། རྟག་པ་དང་ནི་ཆད་པ་མཚུངས།། དེ་ཡིས་མཉམ་དང་མཚུངས་པར་ཤེས། ། དེས་ན་བརྒྱད་པ་ཞེས་བརྗོད་དོ།། འདས་པའི་སེམས་ནི་མོ་རྙེད་དེ།། མ་འོངས་སེམས་ཀྱང་དེ་བཞིན་ནོ།། ད་ལྟར་བྱུང་ལ་མཉམ་པ་ཐོབ།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། བྱང་ཆུབ་ཏུ་ནི་དང་པོ་སེམས།། དགེ་བ་སྐྱེས་པ་གང་ཡིན་པ།། སེམས་དེ་དམིགས་པ་མ་ཡིན་ན།། དེ་ཡིས་ཇི་ལྟ་བྱང་ཆུབ་ཐོབ།། གང་ལ་བྱང་ཆུབ་མི་དམིགས་པ།། དེ་ནི་དེ་ལྟར་མི་དམིགས་ཞུག། དེས་ན་དེ་ལ་དུག་དང་མེས།། རྣམ་པ་ཀུན་ཏུ་མི་ཚུགས་སོ།། དེ་ནི་འགྲོ་དང་བྲལ་བ་སྟེ།། མཚན་མ་ཡིས་ནི་ཆགས་པ་མེད།། འགྲོ་བ་མེད་པའི་འགྲོ་བར་ཕྱིན།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། བྱང་ཆུབ་འགྲོ་དང་བྲལ་བ་སྟེ།། དེ་ནི་ཚིག་གིས་རབ་ཏུ་བརྗོད།། དེས་ནི་སྒྲ་ཡང་རྣམ་པར་བཤིག། དེས་ན་བརྐྱང་པ་ཞེས་བརྗོད་དོ།། དེ་ལ་འགྲོ་བ་མི་རྙེད་དེ།། དེ་ལ་འགྲོ་བ་མེད་མི་རྙེད།། མི་འགྲོ་བ་དང་འགྲོ་བའི་སྒྲ།། ཡེ་ཤེས་ཞི་བ་རབ་ཏུ་བསྟན།། ཞི་བ་དེ་ནི་ཞི་བར་བརྗོད།། ཞི་བ་སྟོང་པ་ཉིད་དུ་བརྗོད།། ཞི་བའི་དབྱིངས་ནི་ཐོབ་པས་ན།། དེས་ན་དེ་གསོད་མིན་ཞེས་བརྗོད།། བློ་ལྡན་དེས་ནི་བདེ་བར་ཡང་།། དེ་ལྟར་བདེ་བའི་ཤེས་པ་རྟོགས།། དེ་ཡིས་ཅི་ཡང་མ་བོར་ཏེ།། དེས་ན་དེ་ནི་སད་མི་འདོད།། ལེགས་པར་ཐར་བྱས་མཚོན་ནོན་གྱིས། ། དེ་ཡི་ལུས་ལ་མི་ཕོག་སྟེ།། དེ་ལུས་ལུས་ཀྱི་འདུ་ཤེས་མེད།། དེས་ན་མཚོན་གྱིས་མི་སོང་ངོ་།། དེས་པ་བྱང་ཆུབ་བྱམས་པ་ཡི།། བྱམས་པས་སེམས་ཅན་ཁྱབ་པར་བྱེད།། བློ3་གནོད་སེམས་རྣམ་པར་སྤངས། ། དེས་ན་མཚོན་གྱིས་མི་སོང་ངོ་།། མི་རིགས་འདུ་ཤེས་ངན་པ་བསལ།། རིག་པ་དང་ནི་འདུ་ཤེས་བཏང་།། བྱང་ཆུབ་ཕྱིར་ནི་སྣང་བ་ཐོབ།། དེས་ན་མཚོན་གྱིས་མི་སོང་དོ། ། མཚོན་ལའང་སྟོང་པར་མོས་པ་སྟེ།། ལུས་ཀྱི་འདུ་ཤེས་རྣམ་པར་བཤིག། བྱང་ཆུབ་ལམ་ནི་རྗེས་སུ་ཐོབ།། དེས་ན་མཚོན་གྱིས་མི་སོད་དོ།། ཞི་བའི་དབྱིངས་ནི་རྗེས་སུ་ཐོབ། ངན་སོང་ཐམས་ཅད་རྣམ་པར་སྤངས།། དེ་ནི་སྡིག་པའི་ལམ་ལས་འདས།། དེས་ན་མཚོན་གྱིས་མི་སོང་ངོ་།། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས།། གཟུགས་མེད་པའང་རྣམ་ཀུན་ཏུ། ཁམས་གསུམ་པ་ནི་མཉམ་པར་ཤེས།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། ཆོས་ཀྱི་དབྱིངས་མཉམ་བྱང་ཆུབ་ནི།། འགྱུར་བ་མེད་ཅིང་བསྟན་དུ་མེད།། ཤེས་བྱ་མ་ཡིན་ཀུན་རྟོག་མེད།། སྤྲོས་པ་མེད་ཅིང་རྙོག་པ་མེད། ། བྱང་ཆུབ་སེམས་དཔའ་མ་སྨད་པ།། དེ་ལྟར་མཉམ་པ་ཉིད་ལ་ཞུགས།། གང་དག་ཇི་སྙེད་སྒྲར་བརྗོད་པ།། དེ་ལ་འགྲོ་བར་འགྲོ་མི་བྱེད།། གང་གིས་ཆོས་རྣམས་རབ་བཤད་པ། ། སྐད་རྣམས་ཀུན་ལ་མཁས་པ་ཡིན།། བདག་གིས་འགའ་ཞིག་བཤད་དོ་ཞེས།། དེ་ལ་རློམ་སེམས་ཅི་ཡང་མེད།། སྒྲ་རྣམས་ཀུན་ལས་ཤིན་ཏུ་འདས།། སྒྲ་མེད་པ་ཡི། ཆོས་ཉིད་རྟོགས།། དེས་ན་བརྒྱད་པ་ཞེས་བརྗོད་དོ།། སྒྲ་རྣམས་ཀུན་ལ་ངེས་པ་མེད།། ཀུན་དགའ་ངས་ནི་འདི་ལ་དགོངས།། བརྐྱང་པ་ཡོངས་སུ་བརྗོད་པ་ཡིན།། དེ་ལྟར་དེ་སྐད་བརྗོད་པ་འདི།། འདི་ནི་དེ་ལྟར་ཡོད་མ་ཡིན།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པར་ཡོངས་སུ་བསྟན་ཏོ། ། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་དུ་ཞུགས་པར་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་ལམ་ལ་རྒྱུན་ཞེས་བརྗོད་དེ། སངས་རྒྱས་ཀྱི་ལམ་བསམ་གྱིས་མི་ཁྱབ་པའོ།། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གནས་པའི་ཚུལ་དང་། འདུ་བ་མེད་པ་དང་། བྲལ་བ་མེད་པ་དང་། ཆོས་ཐམས་ཅད་ལས་བསྒྲལ་བའི་ཚུལ་གྱིས་གནས་སོ།། སངས་རྒྱས་ཀྱི་རྒྱུན་རྗེས་སུ་ཐོབ་ཅིང་དེ་ལ་གཞོལ་ཏེ། ཆོས་ཐམས་ཅད་གཟུང་བ་མེད་པ། གནས་པ་མེད་པ། དམིགས་པ་མེད་པ། རྟེན་པ་མེད་པ། དངོས་པོ་མེད་པ། ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མེད་པའི་ལམ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཐོ་སྟེ། བརྩོན་འགྲུས་བརྟན་པ་དང་། མཐུ་བརྟན་པ་དང་། བློ་གྲོས་བསྟན་པ་དང་ལྡན་པ་ཡིན་གྱི། ལེ་ལོ་དང་། བརྩོན་འགྲུས་དང་། མི་མཐུན་པ་དང་ལྡན་པ་མ་ཡིན་ནོ། ། ལམ་དེ་ལའང་མི་ཆགས་ཤིང་མི་གནས་ལ། ལམ་དེས་ཀྱང་ཆོས་ཐམས་ཅད་ཚོལ་ཏེ། ཇི་ལྟར་དེ་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དང་། སྒྲི་པ་དང་། ཆོས་པ་རྣམས་ཀྱི་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་མཉམ་པ་ཉིད་ལ་སྙོམས་པར་ཞུགས་པ་དང་། འཇིག་ཚོགས་ལ་ལྟ་བ་རྣམ་པར་མཐོང་བས། ལྟ་བ་སྐྱེད་པ་མེད་པ་སངས་རྒྱས་ལྟ་བ་སྐྱེད་པར་འགྱུར་བ་དང་། འཇིག་ཚོགས་ཀྱི་འདུ་ཤེས་རྣམ་པར་བཤིག་པ་དང་། བདག་གི་འདུ་ཤེས་ལས་ཤིན་ཏུ་འདས་པ་དེ་ལྟར་ཚོལ་ཏེ། དེས་ན་དེ་རྒྱུན་དུ་ཞུགས་པ་ཞེས་བྱའོ།། དེ་སངས་རྒྱས་ཀྱི་ལམ་ལ་ཡང་མི་ཆགས་ཏེ། ཆགས་པ་མེད་པ་རྗེས་སུ་ཐོབ་བོ།། སངས་རྒྱས་ཀྱི་བྱང་ཆུབ་ལ་ཐེ་ཙོམ་མེད་དོ།། ཚུལ་ཁྲིམས་མཆོག་ཏུ་འཛིན་པའང་མེད་དེ། དེ་སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་བས། དེས་ན་ཚུལ་ཁྲིམས་མཆོག་ཏུ་འཛིན་པ་མེད་དོ།། བརྟགས་པའི་ཚུལ་ཁྲིམས་མ་ཡིན་ནོ།། རྣམ་པར་བརྟགས་པའི་ཚུལ་ཁྲིམས་མ་ཡིན། ནོ།། ཀུན་ཏུ་སྦྱོར་བ་གསུམ་ལས་རྣམ་པར་འདས་སོ།། ཁམས་གསུམ་ལ་མི་གནས་སོ།། སངས་རྒྱས་ཀྱི་ལམ་རྗེས་སུ་ཐོབ་སྟེ། དམིགས་པ་མེད་པའི་ལམ། ཆགས་པ་མེད་པའི་ལམ་ཆགས་པ་དང་བྲལ་བ། སངས་རྒྱས་ཀྱི་ལམ་ལ་མངོན་དུ་ཞུགས་སོ།། ལུས་དང་སྲོག་ལ་མི་ལྟའོ།། བཏང་བ་ཐམས་ཅད་ཡོངས་སུ་གཏོང་ངོ་།། བཞིན་ཁྲོ་གཉེར་མེད་དོ།། བྱང་ཆུབ་ལས་བརྩམས་ཏེ་སྦྱིན་པ་སྦྱིན་ནོ། ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བ་དང་། མྱ་ངན་ལས་འདས་པ་ལ་དགོད་པ་དང་། མཚན་མ་ཐམས་ཅད་རྣམ་པར་གཞིག་པ་དང་། མཚན་མ་མེད་པའི་ཆོས་བསྐྱེད་པའི་ཕྱིར་ཡོངས་སུ་མི་གཏོང་བ་ཅིའང་མེད་དོ། ། དེ་སེམས་ཅན་གྱི་འདུ་ཤེས་དང་བྲལ་བས་འཁོར་གྱི་ནང་དུ་འགྲོ་བ་ན་བག་ཚ་བ་མེད་པ་ཡིན་ཏེ། བྱང་ཆུབ་ཀྱི་ལམ་རྣམ་པར་སྤྱོད་པ་ཞི་བའི་ཆོས་སྟོན་དེ་འཇིགས་ཤིང་སྐྲག་པ་དང་བྲལ་བས། འཆི་བས་ཀྱང་འཇིགས་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཞི་བའི་ལས་རྗེས་སུ་ཐོབ་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ལམ་འདོད་ཆགས་དང་བྲལ་བ་དེ་འོང་བ་མེད་པ་དང་། འགྲོ་བ་མེད་པའི་ལམ་ཤེས་བྱ་བ་ཐམས་ཅད་རྣམ་པར་འཇིག་པ་མཉམ་པའི་ལམ་སྤྲོས་པ་མེད་པ་རྗེས་སུ་ཐོབ་བོ།། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་དུ་ཞུགས་པ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལམ་ལ་རྒྱུན་ཅེས་ངས་བརྗོད་དོ།། བསམ་དུ། མེད་པ་སངས་རྒྱས་ལམ།། གང་དག་ལ་ལ་འདིར་གནས་པ།། དེ་དང་དེ་དག་རྒྱུན་ལ་གཞོལ།། ལམ་ནི་ནམ་མཁའ་མཚུངས་པ་སྟེ།། ཆོས་རྣམས་ཀུན་ལ་གནས་པ་མེད།། དམིགས་པ་མེད་ཅིང་རྟེན་པ་མེད། ། དེ་ལ་དངོས་པོ་ཡོད་མ་ཡིན།། འཇིག་རྟེན་མགོན་པོ་བླ་ན་མེད།། ལམ་གང་གིས་ནི་ངེས་འབྱུང་བ།། བྱང་ཆུབ་སེམས་དཔའ་དྲན་བརྟན་དེས།། ལམ་དེ་ཉིད་ནི་རྗེས་སུ་ཐོབ།། ལམ་དེ་ལ་ནི་ཆགས་པ་མེད། ། ལམ་གྱིས་ཀྱང་ཆོས་ཚོལ་བར་བྱེད།། དེས་ན་དེ་ནི་རྒྱུན་དུ་ཞུགས།། སངས་རྒྱས་ལམ་ལ་ཆགས་པ་མེད།། འཁོར་བའི་འདུ་ཤེས་གང་བརྗོད་པ།། སངས་རྒྱས་འདུ་ཤེས་དེ་བཞིན་ཏེ། ། མཉམ་པ་ཉིད་ནི་དེར་ཞུགས་པ།། རྒྱུན་དུ་ཞུགས་པར་ཤེས་པར་གྱིས།། སངས་རྒྱས་ལམ་ནི་མཐོང་བའི་ཕྱིར།། སངས་རྒྱས་ཀྱི་ནི་ལམ་འདི་ལ།། སྒྲིབ་ཅིང་ཆོད་པ་ཡོད་པ་རྣམས།། ཐམས་ཅད་དེ་ཡིས་རྣམ་པར་སྤངས།། བདག་གིས་ལུས་སུ་བསམས་ནས་ནི།། རྒྱལ་བ་ལ་ཡང་ལྟ་བ་སྐྱེད།། སངས་རྒྱས་ལྟ་བར་གང་གྱུར་པ།། ལྟ་བ་དེ་ནི་དེ་ཡིས་བསལ།། བདག་ཏུ་ལྟ་བ་རབ་སྡིག་པ། དུབདག་ལྟ་འཇིག་ཚོགས་ལྟ་བ་གང་།། ལྟ་བ་དེ་ཡིས་རྣམ་པར་གཞིག། དེས་ན་ལམ་ལ་མི་ཆགས་སོ།། བྱང་ཆུབ་ཐོབ་ཕྱིར་སྔོན་ཆད་ནི།། དེ་ཡི་ཐེ་ཙོམ་གྱུར་པ་གང་།། དེ་བསལ་བས་ནི་ཆགས་མེད་ཐོབ། ། སངས་རྒྱས་ལམ་ལ་རབ་ཏུ་ཞུགས།། གང་གིས་དེ་ཡི་ཚུལ་ཁྲིམས་དང་།། སངས་རྒྱས་ཚུལ་ཁྲིམས་མཆོག་འཛིན་གྱུར།། ཚུལ་ཁྲིམས་འདུ་ཤེས་དེ་སྤངས་ཏེ།། ཕྱིར་ཡང་དེ་ལ་རྟོག་མི་བྱེད། ། ཀུན་ཏུ་སྦྱོར་བ་གསུམ་བཅད་ཅིང་།། ཁམས་གསུམ་པ་ལ་དེ་མི་གནས།། སངས་རྒྱས་ཆོས་རྣམས་རྗེས་སུ་ཐོབ།། སེམས་ཅན་འདུ་ཤེས་རྣམ་པར་ཤིག། དམིགས་པ་མེད་པའི་ལམ་གྱིས་ནི། ། སངས་རྒྱས་བྱང་ཆུབ་ཕྱིར་ཞུགས་ཏེ།། རྙོག་པ་མེད་པ་སངས་རྒྱས་ལམ།། ཞི་བའི་ལམ་ནི་རྗེས་སུ་ཐོབ།། གཏོང་བ་ལ་ནི་མོས་པ་ཡིན།། བཞིན་ནི་ཁྲོ་གཉེར་མེད་པ་སྟེ། དེས་ན་དེ་ལ་འཚོ་མེད་མེད།། བྱང་ཆུབ་ཕྱིར་ནི་དེ་སྤྲོས་མེད།། དེ་ལ་མི་གཏོང་ཅི་ཡང་མེད།། སྡུག་བསྔལ་ལས་ནི་སྐྱེ་དགུ་སྒྲོལ།། དེས་ན་རྒྱུན་དུ་ཞུགས་པ་སྟེ།། ཐང་མཆོག་ལ་ནི་འགོད་པར་བྱེད། དེ་ལ་མཚན་མ་ཕྱིར་ཞིང་མེད།། གང་དུའང་མཚན་མ་མེད་པའང་མིན།། དེས་ན་འཇིག་རྟེན་འདི་དང་ནི།། གཞན་དུའང་དེ་ནི་འཇིགས་པ་མེདང་།། གང་དག་ཆོས་དང་ཆོས་མིན་དང་།། གཉིས་ཀ་དེ་དག་རྣམ་པར་སྤངས།། མིང་དང་གཟུགས་དང་བྲལ་བས་ན།། དེས་ན་འཇིག་རྟེན་འདིར་མི་འཇིགས།། འཁོར་གྱི་ནང་དུ་འགྲོ་བ་ན།། རྟག་ཏུ་འཇིགས་པ་མེད་པ་ཡིན།། བྱང་ཆུབ་ལམ་ནི་རྣམ་སྦྱོང་བ། ། ཞི་བའི་ཆོས་ནི་རབ་ཏུ་སྟོན།། དེ་ཡི་སེམས་ཅན་འདུ་ཤེས་གང་།། དེ་ཡི་འདུ་ཤེས་དེ་རྣམས་བཤིག། དེས་ན་དེ་ལ་སྒྲིབ་པ་མེད།། འཇིགས་པ་ཐམས་ཅད་རྣམ་པར་བཤིག། འཇིགས་པའི་རྩ་བ་སྤངས་པས་ན།། དེ་ནི་འཆི་བས་འཇིགས་པ་མེད།། བདེ་བ་དྲི་མེད་འདོད་ཆགས་བྲལ།། ཞི་བའི་ལམ་ནི་རྗེས་སུ་ཐོབ།། ངན་འགྲོ་ཡི་ནི་མཉམ་ཉིད་ཤེས།། དེ་ཕྱིར། དེ་ནི་དེས་མི་འཇིགས།། གཟུང་མེད་མཉམ་ཉིད་གཡོ་བ་མེད།། ལམ་དེ་ཡང་དག་རབ་བཤད་པ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན།། རྒྱུན་དུ་ཞུགས་ཞེས་ངས་བཤད་པ།། ཆོས་རྣམས་སེམས་ཅན་གང་དག་ནི། ། དམན་མོས་དེ་དག་ཕྱིར་བཤད་དོ།། ཤིན་ཏུ་ཕྲ་བའི་ཐབས་ཀྱིས་ནི།། སངས་རྒྱས་ཆོས་རྣམས་རབ་ཏུ་བཤད།། གང་དག་བྱང་ཆུབ་ཕྱིར་འཇུག་པ།། དེ་དག་དེ་ལྟར་ཉེ་བར་ཁྲིད། ། སངས་རྒྱས་ཆོས་ནི་ཚོལ་གང་གིས།། སྔོན་ཆད་ཇི་ལྟར་སྤྱོད་པ་ལྟར།། ཐབས་དང་ཡེ་ཤེས་བརྟེན་ནས་ནི།། རྣམ་པ་འདྲེན་པ་ཆོས་སྟོན་ཏོ།། ཀུན་དགའ་ངས་ནི་འདི་ལ་དགོངས།། རྒྱུན་དུ་ཞུགས་པར་རབ་བཤད་ན།། སེམས་ཅན་བློ་ཆུང་རྣམས་ཀྱིས་ནི།། གཞན་དུ་ཡོངས་སུ་དེ་བརྟགས་སོ།། ཀུན་དགའ་དེ་ལྟར་དགོངས་པ་འདིས།། ང་ཡིས་རྒྱུན་དུ་ཞུགས་བཤད་པ།། སེམས་ཅན་གང་དག་བློ་ལྡན་པ། ། དེ་དག་གིས་ནི་ཚུལ་འདི་ཤེས།། ཟབ་མོ་ལ་ནི་མི་མཁས་པ།། མི་གསལ་བྱིས་པའི་བློ་ལྡན་པ།། ལྡེམ་པོ་ངག་ནི་མི་ཤེས་ཏེ།། མི་ཤེས་པས་ན་རྩོད་པར་བྱེད།། ང་ཡིས་ཆོས་སྟོང་མང་པོ་དག། རྒྱུན་དུ་ཞུགས་པར་བཤད་པ་དག། རྒྱུན་དུ་ཞུགས་ཞེས་བྱ་བའི་སྒྲ།། སངས་རྒྱས་ཆས་དུ་བཤ་ཡིན།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱུན་དུ་ཞུགས་པར་ཡོངས་སུ་བསྟན་ཏོ།། ཀུན་དཀའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔ་ཆེན་པོ་ལན་ཅིག་ཕྱིར་འོང་བར་ཡོངས་སུ་བསྟན་ཅེ་ན་འབོ་འདི་ལ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེའི་རྗེས་སུ་འགྲོ་ཤེས་པ་གང་གིས་བྱང་ཆུབ་བསྒྲུབ་པའི་སངས་རྒྱས་ཀྱི་ཡེ་ཤེས་རྐྱེན་མང་པོས་ཡོངས་སུ་ཚོལ་ལོ། ། རྐྱེན་ཐམས་ཅད་ཀུན་ཏུ་གཙེ་འི་ཡེ་ཤེས་སངས་རྒྱས་ཀྱི་ཡེ་ཤེས་ཀུན་ཏུ་ཚལ་ལོ།། བསམ་གདན་མཁའ་ཁྱབ་བསམ་གཏན་ཐམས་ཅད་ལས་ཡང་དག་པར་འདའ་བ། ཉོན་མོངས་པ་ཐམས་ཅད་སེལ་བ་ཡོངས་སུ་ཚོལ་ལོ།། ས་སངས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་མའམ་པ་ཉིད་རྟོགས་པར་བྱ་བའི་ཕྱིར་ཆོས་ཉིད་ཐམས་ཅད་རྗེས་སུ་ཐོབ་བོ། ། གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ་སངས་རྒྱས་རྣམས་ཀྱིས་བརྙེས་པ་མ་ཐོབ་པའི་ཆོས་ཉིད་ཡོངས་སུ་ཚོལ་ལོ། ། དེ་གཡོ་བར་བྱེད་པའི་སེམས་ཅན་གང་ཡང་མི་དམིགས་ཏེ། སེམས་ཅན་གང་ཡང་གཡོ་བ་མེད་པས་ཆོས་ཀྱི་དབྱིངས་རོལ་ལོ།། ཀྱེ་མ་སེམས་ཅན་དག་ནི་མང་དུ་བློ་ཆུང་བ་དང་། ཤིན་ཏུ་སྡུག་བསྔལ་བ་དང་། ཆོས་ཀྱི་དབྱིངས་ལ་མི་མཁས་པས་ཉམ་ཐག་པ་དག་སྟེ། དེ་དག་ཆོས་ཀྱི་དབྱིངས་ཤེས་པ་ལ་དགོད་པར་བྱའོ་ཞེས། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་ལོ། ། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཁོང་དུ་ཆུད་པར་བྱ་ཞིང་། སེམས་ཅན་དག་ཀྱང་ཁོང་དུ་ཆུད་པར་བྱའོ་ཞེས་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་ཚོལ་ལོ།། ཡེ་ཤེས་གང་གིས་བྱང་ཆུབ་རྟོགས་པར་འགྱུར་ཞེས་ཡེ་ཤེས་དེ་ཡོངས་སུ་ཚོལ་ལོ།། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མི་མངའ་བ། བསམ་གྱིས་མི་ཁྱབ་པའི་སྤྱན་གང་གིས་འཇིག་རྟེན་གྱི་དོན་བྱ་ཞེས་མིག་གིས་ཤེས་པ་དེ་དང་ཡེ་ཤེས་གང་གིས་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པ། ཤེས་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་ཚོལ་ལོ། ། ཡེ་ཤེས་གང་གིས་སེམས་ཅན་ཚོལ་བའི་ཡེ་ཤེས་དེའང་མི་རྙེད་དོ།། ཆོས་ཐམས་ཅད་ལ་ལེགས་པར་གནས་པའི་ཤེས་པའི་ཡེ་ཤེས་ལ་དགོད་དོ་ཞེས་དེ་ན་དེ་འདིར་འོངས་ཏེ། འོངས་ནས་ཀྱང་བསམ་གྱིས་མི་ཁྱབ་པའི་དབྱིངས་ཚོལ་བའི་ཕྱིར། སེམས་ཅན་གྱི་ཁམས་ཀྱང་མཐོང་ལ་ཁམས་དེའང་མི་རྙེད་དེ། དེས་ན་འོང་ངོ་།། སེམས་ཅན་ཡོད་སུ་གྲུབ་པ་རྙེད་པར་ལྟ་ག་ལ་འགྱུར་ཏེ། སེམས་ཅན་ཡོངས་སུ་གྲུབ་པར་ཁོང་དུ་ཆུད་པ་མེད་པས། སེམས་ཅན་གྱི་ཁམས་ཡོངས་སུ་ཤེས་པ་ཡིན་ནོ།། གང་གི་ཕྱིར་སེམས་ཅན་ཀུན་ཏུ་བསྟན་ཅིང་ཡོངས་སུ་བརྗོད་པ་དེའང་མཐོང་ངོ་། ། སེམས་ཅན་ཐམས་ཅད་དང་ཆོས་ཀྱི་དབྱིངས་རྣམ་པར་མཐོང་ནས་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་ལ་ཡང་དག་པར་གཞོལ་བར་མཐོང་ངོ་།། སངས་རྒྱས་ཀྱི་ལམ། ཆོས་ཀྱི་དབྱིངས་དང་མཉམ་པའི་ལམ། སེམས་ཅན་མི་དམིགས་པའི་ལམ། སེམས་ཅན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལམ་མཐོང་ཞིང་། འདི་ལྟ་བུ་མཚུངས་པ་མེད་པའི་ལམ་གྱི་ཡེ་ཤེས་འདོད་ཆགས་དང་བྲལ་བ། དྲི་མ་མེད་པ་གཙང་བ་ཚོལ་ལོ།། ཡེ་ཤེས་གང་གིས་དེ་ཤེས་པའི་ཡེ་ཤེས་དེའང་མི་རྙེད་དོ།། ཡེ་ཤེས་གང་གིས་བྱང་ཆུབ་སེམས་དཔའ་རབ་ཏུ་ཕྱེ་བའི་ཡེ་ཤེས་དེ་རྗེས་སུ་ཐོབ་ནས། དེ་ཡོངས་སུ་ཚོལ་ཞིང་འདིར་འོངས་ཏེ། དེས་ན་དེ་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སངས་རྒྱས་ཡེ་ཤེས་མཐའ་ཡས་པ། ། ཡེ་ཤེས་རྗེས་སུ་དེ་འགྲོ་སྟེ།། སངས་རྒྱས་ཡེ་ཤེས་ཚོལ་བྱེད་པས།། དེས་ན་དེ་ནི་ལན་ཅིག་འོང་།། གང་གིས་བྱང་ཆུབ་སྒྲུབ་འགྱུར་བ།། རྐྱེན་རྣམས་མང་པོ་རབ་གསུངས་པ། ། རྐྱེནང་ཤེས་པར་བྱའོ་ཞེས།། དེ་དག་ཚོལ་ཞིང་འོངས་པ་ཡིན།། བསམ་གཏན་ནམ་མཁའ་ཁྱབ་བྱེད་པ།། ཉོན་མོངས་ཐམས་ཅད་སེལ་བ་མཆོག། དེ་ཡི་ཆེད་དུ་རབ་བརྩོན་ཏེ། ། དེ་སྒྲུབ་པར་ནི་འོངས་པ་ཡིན།། ཐམས་ཅད་མཁྱེན་དང་ལྡན་རྣམས་ཀྱིས།། ཆོས་ཉིད་དམ་པ་གང་བརྙེས་པ།། བདག་གིས་དེ་ཐོབ་བྱའོ་ཞེས།། དེ་ཚོལ་བར་ནི་འོངས་པ་ཡིན།། དམ་པའི་ཆོས་ཀྱི་དབྱིངས་ལས་ནི།། སེམས་ཅན་གང་ཡང་མི་བསྐྱོད་དེ།། དེ་དག་ཁོང་དུ་རུང་བྱའི་ཕྱིར།། དེ་ནི་ལན་ཅིག་འོང་བར་ཟད།། སེམས་ཅན་མང་པོ་བློ་རུང་བ། ། སྡུག་བསྔལ་ཞིང་ནི་ཉམ་ཐག་པ།། དེ་དག་ཡེ་ཤེས་དགོད་དོ་ཞེས།། སངས་རྒྱས་ཀྱི་ནི་ཡེ་ཤེས་ཚོལ།། བྱང་ཆུབ་ཡན་ལག་དབང་པོ་སྟོབས།། བསམ་གཏན་རྣམ་ཐར་བརྗོད་པ་རྣམས།། དེ་དག་བཙལ་བའི་དོན་གྱི་ཕྱིར། ། སངས་རྒྱས་ཡེ་ཤེས་ཚོལ་བ་ཡིན།། སྔོན་གྱི་སངས་རྒྱས་བཞུགས་བཞུགས་པ།། བྱང་ཆུབ་སྙིང་པོ་ཚོལ་བར་བྱེད།། དེ་ཚོལ་བར་ནི་འོངས་པས་ན།། དེས་ན་ན་ལན་ཅིག་སངས་རྒྱས་སྤྱན་ནི་སྒྲིབ་མི་མངའ། ། སྤྱན་དེ་བླ་ན་མེད་པ་སྟེ།། སངས་རྒྱས་སྤྱན་ནི་ཚོལ་བྱེད་པས།། དེས་ན་དེ་ནི་ལན་ཅིག་འོང་།། ཇི་ལྟར་སངས་རྒྱས་འཇིག་རྟེན་མགོན།། སྐྱོབ་པ་རྣམས་ཀྱིས་བཙལ་བལྟར།། དེ་ནི་ཤེས་པ་ཀུན་གྱི་མཆོག། ཤེས་རབ་དེ་ལྟར་ཚོལ་བར་བྱེད།། ཡེ་ཤེས་གང་གིས་ཆོས་རྣམས་ཀུན།། ཇི་བཞིན་ཤེས་ཤིང་སེམས་ཅན་དེ།། མི་དམིགས་དེ་ལྟར་དེ་ལམ་ཚོལ།། དེས་ན་ལམ་ནི་ཚོལ་བ་ཡིན། ། བླ་ན་མེད་པ་དགོད་དོ་ཞེས།། ཤེས་པས་སེམས་ཅན་མང་ཚོལ་ཏེ།། དེ་དག་ཚོལ་བར་བྱེད་པས་ན།། ལན་ཅིག་ཕྱིར་ནི་འོང་བ་ཡིན།། ཤེས་ལྡན་འོངས་ནས་སེམས་ཅན་གྱི།། ཁམས་ནི་བསམ་གྱིས་མི་ཁྱབ་མཐོང་། ། སེམས་ཅན་ཁམས་ནི་ཚོལ་བར་བྱེད།། དེ་ན་དེ་ནི་ལན་ཅིག་འོང་།། དེ་ན་ཁམས་གང་ཚོལ་བྱེད་པ།། དེ་ལ་སེམས་ཅན་ཡོད་མིན་ཏེ།། ཚོལ་བ་ལ་ནི་མི་རྙེད་པས།། དེས་ན་དེ་ནི་ལན་ཅིག་འོང་།། དེ་ནི་སེམས་ཅན་ཆོས་ཀྱི་དབྱིངས།། རྣམ་པ་ཀུན་ཏུ་མི་ཐོབ་སྟེ།། གང་གིས་སེམས་ཅན་སྣང་འགྱུར་བ།། ཁམས་དེ་དེ་ཡིས་ཡོངསུ་ཤེས།། ཆོས་རྣམས་མ་ལུས་གསོབ་དང་གསོག། སྙིང་པོ་མེད་པར་རྣམ་པར་མཐོང་།། མཉམ་པར་བཞག་པའི་སེམས་ཀྱིས་ནི།། སངས་རྒྱས་ལམ་ཡང་ཚོལ་བར་བྱེད།། ཡེ་ཤེས་དེ་ནི་འདི་འདྲ་སྟེ།། དྲི་མེད་གཙང་ཞིང་འདོད་ཆགས་བྲལ།། ཡེ་ཤེས་གང་གིས་ཤེས་འགྱུར་བ།། ཡེ་ཤེས་དེ་ནི་མི་རྙེད་དོ།། བྱང་ཆུབ་སེམས་དཔའ་མ་སྨད་པ།། སེམས་ཅན་གང་གིས་རབ་ཕྱེ་བ།། གང་གི་ཕྱིར་ན་དེ་འདིར་འོངས། ། ཡེ་ཤེས་དེ་ནི་རྗེས་སུ་ཐོབ།། ཀུན་དགའ་དེ་ལས་དགོངས་ནས་ནི།། ལན་ཅིག་ཕྱིར་འོང་ཞེས་བསྟན་ན།། སེམས་ཅན་བློ་ཆུང་རྣམས་ཀྱིས་ནི།། དེ་ལ་ལོག་པར་ཡོངས་སུ་བརྟགས། ། ཀུན་དགའ་འདི་ལས་དགོངས་ནས་ནི།། ལན་ཅིག་ཕྱིར་འོང་ཞེས་བརྗོད་དོ།། སེམས་ཅན་ཆེན་པོ་བརྩོན་ལྡན་རྣམས།། ཚུལ་འདི་དེ་ལྟར་ཤེས་པ་ཡིན།། དགོངས་ལ་མཁས་ཤིང་།། རྣམ་རིག་པ།། ཟབ་མོའི་དོན་ལ་རབ་ངེས་པ།། དོན་དེ་རྗེས་སུ་ཐོབ་ནས་ནི།། དེ་དག་བྱང་ཆུབ་སྒྲུབ་པར་བྱེད།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལན་ཅིག་ཕྱིར་འོང་བར་ཡོངས་སུ་བསྟན་ཏོ།། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་འོང་བར་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱོགས་གཅིག་པའི་སྤྱོད་པ་ལས་ཡང་དག་པར་འདས་ཤིང་། སངས་རྒྱས་ཀྱི་སྤྱོད་པ་རྗེས་སུ་ཐོབ་པ་ཡིན། དེས་སྤྱོད་པ་ཐམས་ཅད་སྤངས་ཤིང་རྣམ་པར་སྤངས་པ་ཡིན། ཆོས་ཐམས་ཅད་ལ་མི་གནས་ཤིང་གནས་པ་མེད་པ་དང་། རྟེན་པ་མེད་པ་ཡིན་ཏེ། དེ་ན་དེ་ཕྱིར་མི་འོང་ངོ་།། དེ་ཆོས་ཉིད་ཀྱིས་འོང་བ་འམ། འགྲོ་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། སོ་སོའི་སྐྱེ་བོ་རྣམས་ལས་ཀྱང་རྣམ་པར་འདས་ལ། སོ་སོའི་སྐྱེ་བོའི་འདུ་ཤེས་ཀྱང་རྣམ་པར་སྤངས་ཤིང་། སངས་རྒྱས་ཀྱི་འདུ་ཤེས་ཀྱང་རྣམ་པར་བཤིག་པ་ཡིན། རྟེན་པ་མེད་པའི་ཆོས་དང་ཡང་ལྡན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཞི་བའི་དབྱིངས་རྗེས་སུ་ཐོབ་པ་ཡིན། དེ་ལ་ནི་སོ་སོའི་སྐྱེ་བོ་འམ། འཇིག་རྟེན་གྱི་འདྲེན་པ་སངས་རྒྱས་མི་དམིགས་སོ།། ངན་སོང་ལས་ཀྱང་རྣམ་པར་འདས་ཤིང་འདོད་པ་ཡང་དག་པར་ཆད་དོ། ། ལྟ་བར་གྱུར་པ་ཡང་དག་པར་གཞོམ་པའི་ཕྱིར། ཟས་དང་བྲལ་བའི་བྱང་ཆུབ་རྗེས་སུ་ཐོབ་བོ།། ལྟ་བར་བྱས་པ་དྲུག་ཅུ་རྩ་གཉིས་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་དངོས་པོ་དང་། དངོས་པོ་མེད་པ་དང་བྲལ་ལོ།། མྱ་ངན་ལས་འདས་པ་དང་འདྲའོ།། མྱ་ངན་ལས་འདས་པའི་འདུ་ཤེས་བཟློག་པ་དང་། འདུ་ཤེས་ཐམས་ཅད་ལ་མི་འཇུག་པར་བྱ་བའི་ཕྱིར། དེས་ཆོས་ཐམས་ཅད་དང་། ངན་སོང་དང་། དྲི་མ་རྣམ་པར་སྦྱང་བ་བྱས་སོ།། བདུད་སྡིག་ཅན་བཅོམ་མོ།། རྒྱགས་པ་དང་བྲལ་ལོ།། མ་རིག་པའི་ཟུག་རྔུརྡུ་ཕྱུང་ངོ་། ། སྲེད་པ་བསྐམས་སོ།། དེས་དགའ་བའི་འདོད་ཆགས་བསལ་བ་བྱས་སོ།། ཉོན་མོངས་པ་རྣམས་བསལ་ཏོ།། འདུ་ཤེས་ཐམས་ཅད་བཏོན་ཏོ།། མྱ་ངན་གྱི་ཟུག་རྔུ་ཕྱུང་ངོ་།། ང་རྒྱལ་ལས་ཀྱང་ང་རྒྱལ་དང་བྲལ་ལོ།། ཕུང་པོ་ཡོངས་སུ་ཤེས་པའི་སྣང་བ་ཐོབ་བོ།། དེས་ན་དེ་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡེ་ཤེས་མཉམ་པ་ཉིད་བསམ་གྱིས་མི་ཁྱབ་པ་ཐོབ་བོ།། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདོད་པའི་འདམ་གྱི་ཁམས་ལ་མི་ཆགས་པར་སྔོན་གྱི་སངས་རྒྱས་འབྱུང་བ་རྗེས་སུ་ཐོབ་བོ། ། སྔོན་གྱི་སངས་རྒྱས་ཀྱིས་བཞག་པ་བསལ་བ་མེད་ཅིང་བསྡམ་པམེད་པའི་གཏེར་སྔོན་གྱི་སངས་རྒྱས་ཀྱི་གཏེར་རྗེས་སུ་ཐོབ་བོ། ། སངས་རྒྱས་ཀྱི་ཐེག་པ་སེམས་ཅན་ཐམས་ཅད་ལ་གོ་སྐབས་ཡོད་པ། གཙོ་བ་གོང་ན་མེད་པ་རྗེས་སུ་ཐོབ་བོ།། ཐོབ་པ་མེད་པའི་ཚུལ་དང་། མཚན་མ་ཐམས་ཅད་མཚན་མ་མེད་པའི་ཚུལ་གྱིས་ཐེ་ཙོམ་ཐམས་ཅད་ཞི་བའི་དབྱིངས་རྗེས་སུ་ཐོབ་སྟེ། དེས་ན་ཡང་དེ་འདིར་མི་འོང་ངོ་།། ཀུན་དགའ་བོ་གཞན་ཡང་སེམས་ཅན་གང་དག་གཟུང་བ་དེ་དག་བྱང་ཆུབ་ལ་དགོད་དོ་ཞེས་དེ་དག་བཀོད་དོ། ། ཇི་ལྟར་བྱང་ཆུབ་ལ་བཀོད་ཅེ་ན། སེམས་ཅན་མེད་པར་བྱང་ཆུབ་ཁོང་དུ་ཆུད་པར་བྱ་སྟེ། སེམས་ཅན་གྱི་འདུ་ཤེས་ལས་བསླང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། དེས་སེམས་ཅན་གྱི་ཁམས་སྟོང་པར་ཤེས་སོ།། སྟོང་པ་གང་ཡིན་པ་དེ་བསམ་དུ་མེད་པ་སྟེ། སེམས་ཅན་གྱི་འདུ་ཤེས་དང་བྲལ་ལོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་སེམས་ཅན་གྱི་ཁམས་ནམ་མཁའི་ཁམས་དང་མཚུངས་པར་སྟོང་པ་དང་། སེམས་ཅན་དང་བྲལ་བ་དང་། སེམས་ཅན་དང་བྲལ་བའང་མ་ཡིན་པར་ཤེས་སོ།། ནམ་མཁའི་ཁམས་དེ་ཉིད་ནམ་མཁའ་ཉིད་དུ་མེད་དེ་གནས་པ་མེད་དོ།། ནམ་མཁའི་ཁམས་དེའང་ནམ་མཁའ་ཉིད་ཀྱིས་སྟོང་སྟེ། སེམས་ཅན་གྱི་མཚན་མ་ཐམས་ཅད་བཅོམ་པའོ།། དེས་མཚན་མ་མེད་པའི་བྱང་ཆུབ་ཐོབ་སྟེ། དེ་སེམས་ཅན་དང་ནམ་མཁའི་འདུ་ཤེས་དང་བྲལ་ལོ།། དེས་ཆོས་ཀྱི་དབྱིངས་ནམ་མཁའི་ཁམས་དང་མཚུངས་པར་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ནི་རང་བཞིན་གྱིས་ཆོས་ཀྱི་དབྱིངས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་དེ་དག་མི་དམིགས་ཏེ། མི་དམིགས་པས་ན་ཡང་འདིར་མི་འོང་ངོ་། ། དེ་ན་དེ་ཕྱིར་མི་འོང་བ་ཞེས་བྱ་བའི་གྲངས་སུ་འགྲོའོ།། ཆོས་ཐམས་ཅད་དུ་བགྲང་བའང་མ་ཡིན་ལ། སངས་རྒྱས་ཀྱི་གྲངས་སུའང་ཞུགས་པས་ཕྱིར་མི་འོང་བ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཕྱོགས་གཅིག་སྤྱོད་པ་གང་ཡིན་པར།། དེ་ན་ཕྱིར་ཞིང་མི་འགྲོ་སྟེ།། ཕྱོགས་གཅིག་སྤྱོད་པ་སྤངས་པས་ན། ཕྱིར་མི་འོང་ཞེས་བརྗོད་པ་ཡིན།། འགྲོ་བ་རྣམས་ཀྱི་འགྲོ་མེད་ཤེས།། གནས་ཀྱང་ཅུང་ཟད་མི་རྙེད་དེ།། ཆོས་རྣམས་རྐྱེན་ལ་མི་གནས་པས།། ཕྱིར་མི་འོང་ཞེས་བྱ་བར་འདོད།། སོ། སོའི་སྐྱེ་བོར་གང་བརྗོད་དང་།། འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས།། དེ་ལ་ཕྱིར་ཞིང་མི་འོང་སྟེ།། དེ་ཕྱིར་ཕྱིར་མི་འོང་ཞེས་བྱ།། འདིར་ནི་ཆོས་རྣམས་འོང་བ་དང་།། འགྲོ་བ་དག་ཀྱང་མི་དམིགས་ཏེ། ། འོང་དང་འགྲོ་བ་མེད་ཐོབ་པས།། དེ་ནི་ཕྱིར་མི་འོང་ཞེས་བརྗོད།། འགྲོ་བ་རྣམ་གསུམ་གང་དུ་ཡང་།། དེ་ནི་ཕྱིར་ཞིང་མི་འགྲོ་སྟེ།། སངས་རྒྱས་ཆོས་རྣམས་ཐོབ་པས་ན།། དེ་ནི་ཕྱིར་མི་འོང་ཞེས་བརྗོད།། འདོད་པ་ཐམས་ཅད་ཡང་དག་ཆད།། དེ་ནི་ཁ་ཟས་ཆགས་པ་མེད།། བྱང་ཆུབ་ལམ་ཡང་ཐོབ་པས་ན།། ཕྱིར་མི་འོང་ཞེས་བརྗོད་པ་ཡིན།། སྡིག་པ་ཅན་གྱི་ལྟ་བ་གང་། ། ལྟ་བ་དྲུག་ཅུ་གཉིས་བརྗོད་པ།། དེ་ལ་དེ་ནི་མི་འགྲོ་སྟེ།། དེ་ཕྱིར་དེ་ནི་ཕྱིར་མི་འོང་།། ཆོས་རྣམས་འདི་དག་རང་བཞིན་མེད།། དངོས་པོ་དང་ནི་རྟག་ཏུ་བྲལ།། དེ་ཡིས་ཡང་དག་ཇི་བཞིན་ཤེས། ། དེས་ན་དེ་ནི་འདིར་མི་འོང་།། ཉོན་མོངས་ཐམས་ཅད་སེལ་བྱེད་པ།། མྱ་ངན་འདས་ཞི་གང་གསུངས་པ།། དེ་ལས་འདུ་ཤེས་རྣམ་པར་བཟློག། དེས་ན་དེ་ནི་འདིར་མི་འོང་།། ངན་སོང་ཐམས་ཅད་ཡང་དག་ཆད། ། དེ་ནི་གང་ཕྱིར་དྲི་མ་བྲལ།། མྱ་ངན་འདས་པ་ཞི་བ་ཐོབ།། དེས་ན་དེ་ནི་འདིར་མི་འོང་།། དཔུང་དང་བཅས་ཤིང་གཞོན་བཅས་པའི།། སྡིག་པ་ཅན་གྱི་བདུད་སྡེ་བཅོམ། ། ཡེ་ཤེས་དེ་ནི་རྣམ་རྟོག་མེད།། དེས་ན་དེ་ནི་འདིར་མི་འོང་།། མ་རིག་དྲ་བ་ཡང་དག་བྲལ།། སྲེད་པ་ཐམས་ཅད་རྣམ་པར་བཅོམ།། དགའ་བའི་འདོད་ཆགས་ཡོངས་སུ་ཤེས། ། དེས་ན་དེ་ནི་འདིར་མི་འོང་།། ཉོན་མོངས་ཐམས་ཅད་རབ་ཏུ་འཏུལ།། དངོས་པོར་འདུ་ཤེས་རྣམ་པར་བཤིག། མཆོག་གི་ཐེག་པ་འདི་ལ་ངེས།། དེ་ནི་ཕྱིར་མི་འོང་ཞེས་བྱ། ། མྱ་ངན་ཟུག་རྔུ་ཡང་དག་ཕྱུང་།། ང་རྒྱལ་ཐམས་ཅད་ངེས་པར་བཅོམ།། ཕུང་པོ་ཐམས་ཅད་ཡོངས་སུ་ཤེས།། དེ་ནི་ཕྱིར་མི་འོང་ཞེས་བྱ།། སངས་རྒྱས་ཐེག་པ་བསམ་མི་ཁྱབ། ། ཐེག་པ་འདི་ལ་སྣང་བ་ཐོབ།། འདོད་པའི་འདམ་ལ་ཆགས་པ་མེད།། དེས་ན་དེ་ནི་འདིར་མི་འོང་།། དེ་ཡིས་གཏེར་རྣམས་ཀུན་གྱི་ནང་།། ཡེ་ཤེས་གཏེར་གྱི་དམ་པ་མཆོག། སྔོན་གྱི་སངས་རྒྱས་རྣམས་ཀྱིས་བཞག། དེས་ན་དེ་ནི་འདིར་མི་འོང་།། སངས་རྒྱས་ཐེག་པ་བླ་ན་མེད།། ཐེག་མཆོག་འདི་ལ་དེ་གནས་ཏེ།། སོམ་ཉི་ཐམས་ཅད་ཆད་པར་གྱུར།། དེས་ན་དེ་ནི་འདིར་མི་འོང་། བྱང་ཆུབ་ལ་ནི་དགོད་དོ་ཞེས།། སེམས་ཅན་དག་ནི་མང་བཟུང་བ།། དེ་དག་དེ་ཡིས་བྱང་ཆུབ་བཀོད།། དེས་ན་དེ་ནི་འདིར་མི་འོང་།། སེམས་ཅན་ཁམས་ནི་བསམ་ཡས་དང་།། སྟོང་པའི་དབྱིངས་ནི་དེ་ཡིས་ཤེས། ། དེ་ནི་འདུ་ཤེས་དེ་དང་བྲལ།། དེས་ན་དེ་ནི་འདིར་མི་འོང་།། སེམས་ཅན་ཁམས་ནི་སྟོང་པ་དང་།། ཆོས་ཀྱི་དབྱིངས་ནི་རབ་ཏུ་ཤེས།། འདི་ལ་སེམས་ཅན་མི་རྙེད་དེ།། དེས་ན་དེ་ནི་འདིར་མི་འོང་།། དེ་ནི་མཚན་མ་ཐམས་ཅད་ལ།། ཡིད་ནི་ཕྱིར་ཞིང་འཇུག་མི་བྱེད།། མཚན་མ་མེད་པའི་གོ་འཕང་ཐོབ།། དེས་ན་དེ་ནི་འདིར་མི་འོང་།། སེམས་ཅན་ཁམས་ནི་བསམ་ཡས་པ། ། ནམ་མཁའ་འདྲ་དང་ཁམས་དེ་དང་།། སེམས་ཅན་ཐམས་ཅད་རབ་ཏུ་ཤེས།། དེས་ན་དེ་ནི་འདིར་མི་འོང་།། ཀུན་དགའ་འདི་ལས་དགོངས་ནས་ནི།། ང་ཡིས་ཕྱིར་མི་འོང་ཞེས་བརྗོད། ། ཆོས་རྣམས་ཐམས་ཅད་མ་སྐྱེས་པ།། སངས་རྒྱས་ཆོས་ཞེས་རབ་ཏུ་བསྟན།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའོ་ཆེན་པོ་ཕྱིར་མི་འོང་བར་ཡོངས་སུ་སྟོན་ཏོ།། །། བམ་པོ་གསུམ་པ།། །། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགྲ་བཅོམ་པར་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གང་ཉི་ཚེ་བའི་སྤྱོད་པའི་སྤྱད་པ་དེ་ཐམས་ཅད་ནི་བཅོམ། གང་སེམས་ཅན་ཐམས་ཅད་བསྒྲལ་བའི་སྤྱོད་པ་དེ་དག་ནི་སྒྲུབ་པར་འོས་སོ།། དེས་ཉོན་མོངས་པ་ཐམས་ཅད་བཅོམ་པ་ཡིན་ཏེ། སེམས་ཅན་གང་དག་སྡུག་བསྔལ་བའི་སེམས་ཅན་རྣམས་ཉོན་མོངས་པ་དེ་དག་ལས་རྣམ་པར་འགྲེལ་བར་འོས་ཏེ། སེམས་ཅན་དེ་དག་ཀྱང་མི་དམིགས་ཉོན་མོངས་པ་དེ་དག་ཀྱང་མི་དམིགས་ཏེ། དེ་ལྟར་ན་དགྲ་བཅོམ་པ་ཞེས་བྱའོ།། དེ་གཟུགས་སུ་དམིགས་པ་ཐམས་ཅད་བཅོམ་པ་ཡིན། དེ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་ཞི་བར་མི་དམིགས་པ་ལ་གནས་པ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་སྟོང་པར་ཤེས་སོ།། མཚན་མ་མེད་པར་རྟོགས་སོ།། དེ་མཚན་མ་ཐམས་ཅད་དང་བྲལ་ལོ། ། དེ་ངན་སོང་བའི་འདུ་ཤེས་ཐམས་ཅད་བཅོམ་མོ།། དེས་སེམས་མེད་པའི་ཆོས་རྟོགས་སོ།། ཆོས་ཐམས་ཅད་སྟོང་པར་ཡོངས་སུ་ཤེས་སོ།། བྱང་ཆུབ་ཐོབ་པར་འོས་ཤིང་སངས་རྒྱས་ཀྱི་བྱང་ཆུབ་བསམ་གྱིས་མི་ཁྱབ་པ་སྒྲུབ་པར་འོས་ཏེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ།། དེ་ཆོས་སྟོན་པར་འོས་ཏེ། ཇི་ལྟར་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྟན་པ་དང་། ཇི་ལྟར་ད་ལྟར་བྱུང་བ་རྣམས་སྟོན་པ་དང་། ཇི་ལྟར་མ་བྱོན་པ་རྣམས་སྟོན་པར་འགྱུར་བའི་ཆོས་སྤྲོས་པ་མེད་པ། རྙོག་པ་མེད་པ་དེ་སྟོན་པར་འོས་ཏེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ། ། སེམས་ཅན་རྣམས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་བ་དང་། སྤྲོས་པ་མེད་པར་བྱ་བ་དང་། ཀུན་ཏུ་ལེན་པ་མེད་པར་བྱ་བའི་ཕྱིར། བྱང་ཆུབ་ལ་འགོད་པར་འོས། སངས་རྒྱས་ཀྱི་བྱམས་པ་སེམས་ཅན་ལ་མངོན་པར་ཞེན་པ་མེད་པའི་བྱམས་པའི་བྱམས་པ་སྒྲུབ་པར་འོས། བྱམས་པ་དེ་ལ་སེམས་ཅན་རྣམས་ཀྱང་འགོད་པར་འོས། སེམས་ཅན་མི་དམིགས་པའི་བྱམས་པ་ལ་སེམས་ཅན་དེ་དག་ཀྱང་མི་དམིགས་ཤིང་། དེ་དག་ཀྱང་འགོད་པར་འོས། དེས་ན་དགྲ་བཅོམ་པ་ཞེས་བྱའོ།། ཆོས་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པར་འོས་ཤིང་། ཆོས་ལ་ཆོས་སུ་འདུ་ཤེས་པའང་མེད་པ་ཡིན་ཏེ། དེ་ལྟར་འོས་པས། དེས་ན་དགྲ་བཅོམ་པ་ཞེས་བྱའོ།། སྲོག་ཆགས་རྣམས་ལ་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོན་པར་འོས་ཤིང་། དེ་ལའང་ཆགས་པ་མེད་པ་ཐོབ་ལ། དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་པའང་མེད་དེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ།། འཇིག་རྟེན་ན་བཀུར་སྟིར་བྱ་བ་གང་ཇི་སྙེད་སྣང་བ་ཐམས་ཅད་འོས་ཤིང་དེས་ཡང་གོས་པ་མེད་ལ་ཆགས་པ་མེད་དེ། གཞན་དག་ཀྱང་བཀུར་སྟིས་གོས་པ་མེད་པར་བྱ་བ་དང་། ཆགས་པ་མེད་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པར་འོས་པས་དེས་ན་དགྲ་བཅོམ་པ་ཞེས་བྱའོ། ། འགྲོ་བ་མེད་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་རྣམས་སུ་འགྲོ་བར་འོས་ལ། དེ་དག་ཏུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མ་མཐོང་བའི་ཚུལ་གྱིས་བལྟ་སྟེ། ཇི་ལྟར་སངས་རྒྱས་ཀྱིས་སངས་རྒྱས་རྣམས་གཟིགས་པ་དེ་ལྟར་བལྟ་བར་འོས་པས་དེས་ན་དགྲ་བཅོམ་པ་ཞེས་བྱའོ།། འདི་ལྟ་བུའི་ཞིང་སྒྲུབ་པར་འོས་ཏེ། ཆོས་ཐམས་ཅད་སྒྲུབ་པ་མེད་པའི་ཚུལ་གྱིས་བསམ་གྱིས་མི་ཁྱབ་པའི་ཞིང་དང་། སྒྲིབ་པ་མེད་པའི་ཞིང་དང་། བདུད་བཅོམ་པའི་ཞིང་དང་། མི་མཉམ་པ་དང་མཉམ་པའི་ཞིང་དང་། སྤྲོས་པ་མེད་པའི་ཞིང་དང་། རྙོག་པ་མེད་པའི་ཞིང་དང་། སྟོང་པའི་ཞིང་དང་། ཕྱིར་མི་ལྡོག་པའི་ཞིང་དང་། བུད་མེད་མེད་པའི་ཞིང་དང་། ཉོན་མོངས་པ་མེད་པའི་ཞིང་དང་། སངས་རྒྱས་ཀྱི་སྤོབས་པའི་ཞིང་དང་ཕྱིར་རྒོལ་བ་མེད་པའི་ཞིང་དང་། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་ཞིང་དང་། དེ་ལྟ་བུའི་ཞིང་སྒྲུབ་པར་འོས་པས་དེས་ན་དགྲ་བཅོམ་པ་ཞེས་བྱའོ།། ཆགས་པར་འགྱུར་བ་རྣམས་ལའང་མི་ཆགས་ཤིང་འཁྲུགས་པར་འགྱུར་བ་རྣམས་ལའང་འཁྲུག་པ་མེད་དེ། དེས་ན་དགྲ་བཅོམ་པ་ཞེས་བྱའོ།། དེས་འགོག་པ་དང་མཉམ་པའི་ཐེག་པ་དེ་ཤེས་ཤིང་། དེས་སངས་རྒྱས་ཀྱི་ཐེག་པ་རྟོགས་ལ་དེས་རབ་ཏུ་ཕྱེ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་དེ་རབ་ཏུ་དབྱེ་བར་འོས་སོ། ། སེམས་ཅན་གཡོ་བ་མེད་པས་བྱང་ཆུབ་དེ་བསམ་གྱིས་མི་ཁྱབ་པ་སྟེ། གཡོ་བ་མེད་པར་བྱ་བའི་ཕྱིར། སེམས་ཅན་བྱེ་བ་ཕྲག་མང་པོ་བྱང་ཆུབ་ལ་འགོད་པར་འོས་སོ།། མཉམ་པ་ཉིད་དུ་གནས་པ་རྣམས་ལ་ནི་སེམས་ཅན་ཐམས་ཅད་དང་། བྱང་ཆུབ་ཀྱང་རྣམ་པར་མི་རྟོག་པའོ།། མཉམ་པ་ཉིད་ལ་སེམས་ཅན་རྣམས་མངོན་དུ་འཇུག་པར་འོས་སོ། ། ཇི་ལྟར་མཉམ་པ་ཉིད་ལ་མཉམ་པ་ཉིད་མེད་པ་ལྟར་ཆོས་ཐམས་ཅད་ཀྱང་དེ་དང་མཉམ་མོ།། མཉམ་པ་ཉིད་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ཏེ། རྣམ་པར་མི་རྟོག་པ་མཉམ་པར་གནས་པ་ཡིན་ལ། དགྲ་བཅོམ་པའང་དེ་དང་མཉམ་མོ།། འདི་ལྟར་ཡང་འོས་ཏེ། དེ་ལྟར་ཤེས་ནས་ཀྱང་སྟོན་པར་འོས་སོ།། ཆོས་གང་ལའང་འདྲེ་བར་མི་བྱེད་དེ་། འདྲེ་བ་མེད་པར་བསྟན་པའི་ཆོས་དང་ལྡན་ཞིང་དེ་ལྟར་ཆོས་སྟོན་པ་དང་། ཆོས་གང་དུའང་མི་བརྗེད་པར་འོས་སོ།། སེམས་ཅན་དུ་དམིགས་པར་འདུ་ཤེས་པ་ལས་དགྲོལ་བ་དང་། སེམས་ཅན་རྟག་པ་དང་། ཆད་པ་ལས་དགྲོལ་བ་དང་། སེམས་ཅན་འཇིག་ཚོགས་ལ་ལྟ་བ་ལས་བསྐྱེད་པ་དང་། ངའོ་སྙམ་པའི་ང་རྒྱལ་ལས་ཤིན་ཏུ་བཟླ་བ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལས་དགྲོལ་བ་དང་། གཟུགས་རྣམ་པར་མི་འཇིག་པ་ལས་དགྲོལ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་མི་འཇིག་པ་ལས་དགྲོལ་བ་དང་། སོ་སོའི་སྐྱེ་བོའི་ཆོས་གཡོ་བ་མེད་པ་ལས་དགྲོལ་བ་དང་། སངས་རྒྱས་ཀྱི་ཆོས་ལ་མི་འཇོག་པ་དང་། རབ་ཏུ་བཀོད་པ་ལས་དགྲོལ་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུར་ཤེས་པ་ལས་དགྲོལ་བ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུར་འདུ་ཤེས་པ་ལས་དགྲོལ་བ་དང་། རང་སངས་རྒྱས་སུ་འདུ་ཤེས་པ་ལས་དགྲོལ་བ་དང་། བྱང་ཆུབ་སེམས་དཔར་འདུ་ཤེས་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། བྱང་ཆུབ་ལས་བརྩམས་ཏེ། སྦྱིན་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། བྱང་ཆུབ་ལས་བརྩམས་ཏེ། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། མངོན་པར་ཤེས་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཞི་གནས་དང་ལྷག་མཐོང་འགྲུབ་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཉན་ཐོས་སྐྱེ་བར་མངོན་པར་ཞེན་པ་ལས་དགྲོལ་བ་དང་ཕུ་ནུ་དང་། སྲིང་མོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། བདག་ཉིད་མཐོང་བ་མེད་པར་ཆགས་པ་ལས་དགྲོལ་བ་དང་། རྗེས་སུ་ཆགས་པ་དང་། འཇོག་ཚོགས་དང་། འདུ་འཛི་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཐོབ་པ་དང་། བཀུར་སྟི་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བར་མཐོང་བར་ཞེན་པ་ལས་དགྲོལ་བ་དང་། ཐ་མ་དང་མཆོག་གི་ཆོས་སུ་མཐོང་བར་མངོན་པར་ཞེན་པ་ལས་དགྲོལ་བ་དང་། སོ་སོའི་སྐྱེ་བོའི་ཆོས་རྣམ་པར་སྤངས་པ་དང་། སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་པར་མངོན་པར་ཞེན་པ་ལས་དགྲོལ་བ་དང་། ཐ་མ་དང་གྱ་ནོམ་པའི་ཆོས་མང་བ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། མཚན་རབ་ཏུ་རྫོགས་པར་འགྲུབ་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཚུལ་དུ་ཡོངས་སུ་འགྲུབ་པར་མངོན་པར་ཞེན་པ་ལས་དགྲོལ་བ་དང་། སེམས་ཅན་འདི་དག་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ། འདི་དག་ནི་ཐོབ་པར་བྱེད་པའི་སྐལ་བ་ཅན། འདི་དག་ནི་ཐོབ་པར་བྱེད་པའི་སྐལ་བ་མེད་པ། འདི་དག་ནི་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ། འདི་དག་ནི་བྱང་ཆུབ་ཀྱི་ཕྱིར་མི་སྤྱོད་པ། འདི་དག་ནི་ངན་པའི་ངང་ཚུལ་ཅན། འདི་དག་ནི་ཚུལ་ཁྲིམས་དང་ལྡན་པ། འདི་དག་ནི་འཆལ་པའི་ཤེས་རབ་ཅན། འདི་དག་ནི་ཤེས་རབ་དང་ལྡན་པ་ཞེས་གཉིས་སུ་འབྱེད་པའི་སེམས་བསྐྱེད་པ་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་འདི་དག་ནི་སྦྱིན་པའི་གནས། འདི་དག་ནི་སྦྱིན་པའི་གནས་མ་ཡིན་པ། འདི་དག་ནི་བརྩོན་འགྲུས་དང་ལྡན་པ། འདི་དག་ནི་བརྩོན་འགྲུས་དང་མི་ལྡན་པ། འདི་དག་ནི་བྱིས་པའི་ཆོས།། འདི་དག་ནི་མཁས་པའི་ཆོས། འདི་དག་ནི་སྐྱེས་པའི་ཆོས། འདི་དག་ནི་བུད་མེད་ཀྱི་ཆོས། འདི་དག་ནི་འཕགས་པའི་ཆོས། འདི་དག་ནི་འཕགས་པ་མ་ཡིན་པའི་ཆོས་སོ་ཞེས་དེ་ལྟར་གཉིས་སུ་འབྱེངད་པའི་སེམས་ལ་མངོན་པར་ཞེན་པ་ལས་དགྲོལ་བ་དང་། འདི་དག་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། འདི་དག་ནི་བྱང་ཆུབ་ལས་ཕྱིར་ལྡོག་པ། འདི་དག་ནི་ལུང་བསྟན་པ། འདི་དག་ནི་ལུང་མ་བསྟ། པཿའདི་དག་ནི་ཉེ་བ། འདི་དག་ནི་ཉེ་བ་མ་ཡིན་པ་ཞེས་དེ་ལྟར་སེམས་བསྐྱེད་པའི་རྣམ་པར་རྟོག་པ་ལས་དགྲོལ་བ་དང་། བྱང་ཆུབ་ཐོབ་ནས་ལེན་པ་མེད་པར་མྱ་ངན་ལས་འདས་པར་མངོན་པར་ཞན་པ་ལས་དགྲོལ་བས་སེམས་ཅན་མང་པོ་དགྲོལ་བར་འོས་ཏེ། སེམས་ཅན་རང་བཞིན་མེད་པར་བསྟན་པས། དེ་ལྟར་སེམས་ཅན་དགྲོལ་བར་འོས་པས་དགྲ་བཅོམ་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། ཉི་ཚེའི་སྤྱོད་པ་གང་ཡིན་པ།། སྤྲོད་པ་ཐམས་ཅད་དེ་ཡིས་ཤེས།། ཉི་ཆེ་བ་ནི་ཐམས་ཅད་ཤེས།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། གང་གིས་སེམས་ཅན་རབ་སྡུག་བསྔལ།། ཉོན་མོངས་ཐམས་ཅད་དེ་ཡིས་བཅོམ།། ཉོན་མོངས་པ་ལས་སེམས་ཅན་དགྲོལ།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། དམིགས་པ་ཐམས་ཅད་རབ་ཏུ་བཅོམ། ། དམིགས་པ་མེད་ལ་ལེགས་པར་གནས།། ཆོས་ཉིད་སྟོང་པ་ཉིད་དུ་ཤེས།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། སྟོང་པ་ཤེས་ཤིང་ཞི་བ་དང་།། དེ་ལྟར་མཚན་མ་མེད་པར་རྟོགས། ། མཚན་མ་རྣམས་ནི་ཀུན་དང་བྲལ།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། སེམས་ཅན་འདུ་ཤེས་རབ་སྡིག་པ།། འདུ་ཤེས་ཐམས་ཅད་དེ་ཡིས་བཅོམ།། འདུ་ཤེས་ཐམས་ཅད་སྤངས་པའི་ཕྱིར། ། དགྲ་བཅོམ་ཉིད་དང་ལྡན་ཞེས་བརྗོད།། མི་ཤེས་ཐམས་ཅད་རྣམ་པར་བཅོམ།། སེམས་མེད་པ་ཡི་ཆོས་ཉིད་རྟོགས།། ཆོས་རྣམས་སྟོང་པར་ཡོངས་སུ་ཤེས།། དེས་དེ་དགྲ་བཅོམ་ཞེས་བརྗེད་དོ། ། སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ། བྱང་ཆུབ་ཡང་དག་ཐོབ་བྱེད་འོས།། བརྩོན་འགྲུས་དམ་པ་རབ་ཏུ་རྩོམ།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། སྤྲོས་པ་མེད་ཅིང་རྙོག་མེད་པའི། ། ཆོས་ནི་ངེས་པར་སྟོན་པར་འོས།། ཡེ་ཤེས་ལ་ནི་སེམས་ཅན་འགོད།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། གང་གིས་སེམས་ཅན་བདེར་འགྱུར་བ།། བྱམས་པ་དེ་ནི་བྱེད་པར་འོས་སེམས་ཅན་དེ་དག་མི་དམིགས་ཏེ། ། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། ཆོས་རྣམས་ཐམས་ཅད་མི་འཛིན་པའི།། ཆོས་ནི་ངེས་པར་སྟོན་པར་འོས།། ཆོས་ལ་ཆོས་ཀྱི་འདུ་ཤེས་མང་། དེས་ད་དགྲ་བཅོམ་ཞེས་བརྗོད་དོ།། བྱང་ཆུབ་ཡན་ལག་རྣམས་དང་སྟོབས།། སེམས་ཅན་རྣམས་ལ་སྟོན་པར་འོས།། དེ་དག་ལ་ཡང་ཆགས་མེད་ཐོབ།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། བྱང་ཆུབ་ཕྱིར་ནི་བདག་པའི་ཆོས། ། སེམས་ཅན་ཤེས་པར་བྱེད་པར་འོས།། དེ་དག་ལ་ནི་ཡེ་ཤེས་སྟོན།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། འཇིག་རྟེན་པ་ཡི་བཀུར་སྟི་ཀུན།། སེམས་ཅན་ཀུན་ལས་འོས་པ་ཡིན། ། བཀུར་སྟི་ཀུན་ལ་ཆགས་པ་མེད།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། ཤིན་ཏུ་བཟང་བའི་སངས་རྒྱས་ཞིང་།། ཞིང་དུ་དེ་ནི་འགྲོ་བར་འོས།། རྫོགས་སངས་རྒྱས་ནས་གནས་པར་བྱེད།། ། སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ།། བདག་ཀྱང་འདི་ལྟར་བཟང་པོ་ཡི།། ཞིང་ནོ་བསྒྲུབ་པར་བྱའོ་ཞེས།། དེ་ནི་འགྲུབ་པར་འོས་པ་ཡིན།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། ཆགས་པར་འགྱུར་ལ། ཆགས་པ་མེད།། འཁྲུགས་པར་འགྱུར་ལ་འཁྲུགས་པ་མེད།། གང་ཕྱིར་བྱང་ཆུབ་ཞི་བ་རྟོགས།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། འགོག་པའི་ཆོས་ཉིད་ཤེས་པ་སྟེ།། དེ་ཡིས་ཞི་བ་གང་ཡིན། རྟོགས།། དེ་ཡིས་བྱང་ཆུབ་རབ་ཏུ་ཕྱེ།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། དེ་ཡིས་སེམས་ཅན་ཁམས་རྣམས་ལ།། སེམས་ཅན་གང་ཡང་གཡོར་མིར་བྱེད།། སེམས་ཅན་བྱེ་བ་དུ་མ་དག། བྱང་ཆུབ་ལ་ནི་དེས་འགོད་དོ། ། སེམས་ཅན་ཀུན་དང་བྱང་ཆུབ་ནི།། རྣམ་པར་མི་རྟོག་ཇི་བཞིན་གནས།། དེས་ནི་དེ་ཉིད་མཉམ་ཉིད་ཤེས།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། མཉམ་པ་ཉིད་ལ་མཉམ་པ་མེད། ། ཆོས་རྣམས་ཐམས་ཅད་དེ་དང་མཉམ།། མཉམ་པ་ཉིད་ཀྱིས་བྱང་ཆུབ་དེ།། རྣམ་པར་མི་རྟོག་མཉམ་པར་གནས།། གང་ཕྱིར་དེ་ལྟར་ཤེས་འོས་པ། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། ཤེས་ནས་སེམས་ཅན་རྣམས་ལ་སྟོན།། ཅིས་ཀྱང་ཉོན་མོངས་མི་བྱེད་དོ།། དེ་ལྟར་ཆོས་ཀྱང་སྟོན་བྱེད་ལ།། ཚིག་ཏུ་བརྗོད་པའང་ཡོང་མ་ཡིན།། སེམས་ཅན་བྱེ་བ་དུ་མ་དག། བྱང་ཆུབ་ལ་ནི་དེས་འགོད་དོ།། སེམས་ཅན་དམིགས་སུ་མེད་པར་ཤེས།། སེམས་ཅན་རྟག་དང་ཆད་འཛིན་པ།། སེམས་ཅན་ལྟ་ལས་མ་བསྐྱོད་རྣམས།། སྡུག་བསྔལ་དེ་དག་རབ་ཏུ་འགྲེལ། ཆོས་ཀུན་སྐྱེ་བ་མེད་པ་དང་།། འགོག་པ་མེད་དང་འདུས་མ་བྱས།། དེ་དག་དེ་ལྟའི་འདུ་ཤེས་བཟློག། སྡུག་བསྔལ་ལས་ནི་རྣམ་པར་དགྲོལ།། གཟུགས་དང་ཚོར་བ་འདུ་ཤེས་དང་།། འདུ་ཤེས་རྣམ་པར་ཤེས་པ་དང་། ཕུང་པོ་རྣམ་པར་མི་འཇིགས་ལས།། ལུས་ཅན་དག་ནི་རྣམ་པར་འགྲེལ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ལ།། དེ་ནི་རྣམ་ཀུན་གཡོ་མི་བྱེད།། དེ་དག་འགོད་པར་མི་བྱེད་དེ།། སངས་རྒྱས་ཆོས་ལ་གནས་པ་མེད། ། འབྲས་བུ་ཐོབ་པར་འདུ་ཤེས་དང་།། གང་དག་རང་རྒྱལ་འདུ་ཤེས་ཅན།། གང་དག་སངས་རྒྱས་འདུ་ཤེས་པ།། དེ་ཡིས་དེ་དག་འདུ་ཤེས་འགྲེལ།། བྱང་ཆུབ་སེམས་དཔའ་ཞེན་པ་དང་། ། སྦྱིན་ལ་སོགས་པ་མངོན་ཞེན་པ།། ཀུན་ལ་མངོན་ཞེན་མེད་བྱའི་ཕྱིར།། ཆོས་ཉིད་རབ་ཏུ་སྟོན་པར་བྱེད།། ལེ་ལོ་དམིགས་པར་གྱུར་པས་ན།། བརྩོན་འགྲུས་བརྩམས་པར་རྣམ་པར་བརྟགས། ། དེ་དག་རྟོགས་ལས་རྣམ་གྲོལ་ཕྱིར།། ཆོས་ནི་སྟོན་པར་འོས་པ་ཡིན།། བསམ་གདན་གཡེང་བར་འདུ་ཤེས་དང་།། ཤེས་རང་ཤེས་རབ་འཚལ་འདུ་ཤེས།། གཉིས་ལ་མངོན་ཞེན་མང་བྱའི་ཕྱིར། ། ཆོས་ནི་སྟོན་པར་འོས་པ་ཡིན།། ཆོས་རྣམས་རྣམ་པར་མི་རྟོག་སྟེ།། འགྱུར་བ་མེད་པར་ཤེས་པར་གྱིས།། དེ་ལྟར་ཆོས་ནི་རབ་བསྟོན་པས།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། གང་གིས་བདག་ལ་མངོན་ཞེན་པས།། ཉན་ཐོས་རྣམ་པ་མང་བརྟགས་པ།། དེ་དག་རྟོག་པ་རྣམ་དགྲོལ་ཕྱིར།། ཆོས་ནི་སྟོན་པར་འོས་པ་ཡིན།། མི་མཁས་པ་དག་ཕ་མ་དང་།། ཆུང་མར་ཡོངས་སུ་འཛིན་བྱེད་པ། ། ལམ་འདིས་བྱང་ཆུབ་མ་ཡིན་ཏེ།། དེ་ནི་འཁོར་བའི་སྤྱོད་ཡུལ་ཡིན།། འདི་ནི་བདག་སྔུན་སྲིང་མོ་ཞེས།། དེ་ལ་དགའ་ཞིང་ཞེན་བྱེད་པ།། རི་དགས་ཆོས་ལ་སྟོན་པ་སྟེ།། དེ་དག་རྣམ་པར་དགྲོལ་བར་རིགས།། འཇིག་ཚོགས་ཡོངས་སུ་མ་ཤེས་པས།། གཉེན་པ་ཡོན་འདུ་ཤེས་བསྐྱེད།། བདག་གི་གཉེན་པར་སྔོན་གྱུར་ཅེས།། མཐོང་ནས་རངབ་ཏུ་དགའ་བར་བྱེད།། མཐོང་བར་གྱུར་ནས་ཆགས་བྱེད་ཅིང་།། དེ་དག་ཕན་ཚུན་རྗེས་སུ་རགས། ། འདུ་ཤེས་ངན་པས་ཕྱིན་ཅི་ལོག། བདུད་ཀྱི་དབང་དུ་གྱུར་པ་ཡིན།། འཇིག་ཚོགས་རབ་ཏུ་སྡིག་པ་ཅན།། འཇིག་ཚོགས་ཡོངས་སུ་ཤེས་པར་གྱིས།། འཇིག་ཚོགས་ཉེས་པ་འདི་དག་ཡོད། ། དེ་ནི་དེ་ལྟར་ཆོས་སྟོན་ཏོ།། འདི་དག་ཀུན་ནས་ཉོན་མོངས་ཆོས།། འདི་དག་རྣམ་པར་བྱང་བ་ཤེས།། གཉིས་སུ་མངོན་པར་ཞེན་མེད་པས།། བློ་ལྡན་དེ་ནི་དགྲ་བཅོམ་བརྗོད།། འཐོབ་ལ་ཆགས་པས་ཆགས་གྱུར་པ། ། བཀུར་སྟི་ཡིས་ནི་བག་མེད་གྱུར།། དེ་ཆགས་བག་མེད་དགྲོལ་བའི་ཕྱིར།། ཆོས་སྟོན་པར་ནི་འོས་པ་ཡིན།། འདི་དག་རབ་ཏུ་བྱུང་བ་སྔ།། འདི་དག་ཁྱིམ་པ་ཡིན་ཞེས་རྟོག། བྱིས་པ་དེ་ལྟར་རྣམ་རྟོག་པ།། རྣམ་པར་འགྲེལ་པར་འོས་པ་ཡིན།། ཐ་མའི་ཆོས་རྣམས་རྣམ་པར་མཐོང་།། རྒྱ་ཆེ་བ་ཡང་རྣམ་པར་མཐོང་།། རྣམ་རྟོག་མཐོང་བའི་བྱིས་པ་དག། རྣམ་པར་འགྲེལ་བར་འོས་པ་ཡིན།། བྱིས་པའི་ཆོས་རྣམས་བོར་ནས་སུ།། བདག་ཉིད་སངས་རྒྱས་ཆོས་ཉིད་ཐོབ།། འཐོབ་དང་མི་འཐོབ་རྣམ་དགྲོལ་ཕྱིར།། ཆོས་སྟོན་པར་ནི་འོས་པ་ཡིན། ། ཐ་མ་གྱ་ནོམ་བྱེ་བྲག་གིས།། རྣམ་པ་དུ་མའི་ཆོས་རྣམས་མཐོང་།། འདུ་ཤེས་མང་ལས་རྣམ་དགྲོལ་ཕྱིར།། དེ་ནི་ཆོས་སྟོན་བྱེད་པ་ཡིན།། གང་དག་ས་རྩ་མཚན་སྒྲུབ་ཕྱིར།། རྣམ་པ་མང་པོར་བརྩོན་བྱེད་པ། ། མཚན་དུ་མངོན་པར་ཞེན་པ་ལས།། མཁས་པ་དེ་དག་རྣམ་པར་འགྲེལ།། ཕུན་སུམ་ཚོགས་པ་མཆོག་གི་ཞིང་།། མངོན་པར་བསྒྲུབ་པར་བྱའོ་ཞེས།། འདུ་ཤེས་དེ་ལ་མངོན་ཞེན་པ།། རྣམ་པར་འགྲེལ་པར་འོས་པ་ཡིན།། མྱ་ངན་འདས་དང་མ་འདས་དང་།། ཐོབ་པའི་སྐལ་ཡོད་སྐལ་མེད་ཆོས།། འདི་དག་བྱང་ཆུབ་ཕྱིར་སྤྱོད་པ།། འདི་དག་བྱང་ཆུབ་མ་ཞུགས་པ།། ངང་ཚུལ་ངན་ངང་ཚུལ་ཁྲིམས་ལྡན། ། ཤེས་རབ་འཚལ་དང་ཤེས་རབ་ལྡན།། བྱིས་པའི་བློ་དང་ལྡན་རྣམས་ཀྱིས།། དེ་ལྟར་གཉིས་སུ་འབྱེད་འདི་བྱས།། སེམས་ཅན་དེ་ལྟར་འདུ་ཤེས་ཤིང་།། རྣམ་པ་མང་པོར་རློམ་སེམས་པ།། དེ་དག་འདུ་ཤེས་དགྲོལ་བའི་ཕྱིར།། ཆོས་སྟོན་པ་ནི་འོས་པ་ཡིན།། སྦྱིན་གནས་སྦྱིན་གནས་འོས་མིན་ཞེས།། སོ་སོར་རྣམ་པར་རྟོག་པར་བྱེད།། མཁས་དང་བྱིས་པའི་ཆོས་རྣམས་སུ།། རྣམ་པ་སོ་། སོར་རྟོག་པར་བྱེད།། འདིར་ནི་བུད་མེད་ཆོས་དམིགས་ཤིང་།། སྐྱེས་པ་ཉིད་དུ་རྣམ་པར་རྟོག། དེ་ལྟར་འཕགས་དང་འཕགས་མིན་ཆོས།། རྣམ་གཉིས་སོ་སོར་རྟོག་པར་བྱེད།། དེ་ལྟར་གཉིས་སུ་འབྱེད་བྱེད་པ། ། མི་མཁས་ཆུང་ངུ་བློ་ལྡན་པ།། དེ་དག་གཉིས་མེད་རྟོག་བྱའོ་ཕྱིར།། ཆོས་སྟོན་པར་ནི་འོས་པ་ཡིན།། བྱང་ཆུབ་མཆོག་ལས་ལྡོག་པ་དང་།། མི་རྟོག་པ་དང་ལུང་བསྟན་དང་།། ལུང་མ་བསྟན། དང་ཉེ་བ་དང་།། ཉེ་བ་མིན་ཞེས་རྣམ་པར་རྟོག། བྱང་ཆུབ་ཐོབ་ནས་ལེན་མེད་ཅིང་།། ཟག་ཟད་ཡོངས་སུ་མྱ་ངན་འདའ།། མཚན་མ་སྤྱོད་རྣམས་དེ་ལྟ་བུར།། མྱ་ངན་འདས་པར་ཡོངས་སུ་རྟོག་འདུ་ཤེས་འཛིན་པ་དེ་དག་ལས། ། ངེས་པ་དེ་ནི་རྣམ་པར་འགྲེལ།། འདུ་ཤེས་ཐམས་ཅད་རབ་འགྲེལ་པ།། དེས་དེ་དགྲ་བཅོམ་ཞེས་བརྗོད་དོ།། བྱང་ཆུབ་སེམས་པའི་ཆོས་རྣམས་ནི།། དགྲ་བཅོམ་པ་ཞེས་ངས་བསྟན་ཏེ།། གང་དག་འདི་ལ་བཟོད་བསྐྱེད་པ།། དེ་དག་དགྲ་བཅོམ་ཤེས་པར་གྱིས།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགྲ་བཅོམ་པ་ནི་ཡོངས་སུ་བསྟན་ཏོ།། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་སུ་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དཔག་ཏུ། མེད་པ་དག་ལ་སངས་རྒྱས་ཀྱི་ཆོས་རྣམས་སྒྲོགས་ཤིང་། བྱང་ཆུབ་ནི་ཞི་བ། སྤྲོས་པ་མེད་པ། རྙོག་པ་མེད་པའོ་ཞེས་དེ་ལྟར་སྒྲོགས་པ་ཉན་ཐོས་ཞེས་བྱའོ།། འདི་འདྲ་བའི་བདེ་བ་གཞན་མེད་དོ།། ཞེས་མྱ་ངན་ལས་འདས་པའི་བདེ་བ་སྒྲོགས་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། དྲན་པ་ཉེ་བར་གཞག་པ་རྣམས་སྒྲུབས་ཤིག་ཅེས་སྒྲོགས་པ་དང་། ཐེག་པ་འདི་ནི་མཆོག་ཡིན་ནོ་ཞེས་དེ་ལྟར་སྒྲོགས་པས། བྱང་ཆུབ་སེམས་དཔའ་ཉིད་ཉན་ཐོས་ཞེས་བྱའོ།། ལུས་འདི་ནི་སྟོང་པ་སྟེ། འདི་ལ་སྙིང་པོ་མི་དམིགས་ཀྱི། འདི་ནི་བྱིས་པ་རྨོངས་པར་བྱེད་པའོ། ། དེ་བས་ནི་ལུས་རྣམ་པར་གཞིག་པར་གྱིས་ཤིག་ཅེས་སྒྲོགས་པ་དང་། མིག་གི་སྐྱེ་མཆེད་འདི་ནི་ལོག་པར་མཐོང་བར་གྱིས་ཤིག། སངས་རྒྱས་ཀྱི་སྤྱན་ཀུན་ནས་སྤྱན་བསམ་གྱིས་མི་ཁྱབ་པ་སྒྲུབས་ཤིག། མིག་གང་གིས་གང་དུའང་རྨོངས་པར་མི་འགྱུར་བའི་མིག་དེ་འགྲུབ་པའི་ཚུལ་དུ་སྒྲུབས་ཤིག་ཅེས་སྒྲོགས་ཤིག། ཆོས་ཐམས་ཅད་དེ་ལྟར་སྒྲོགས་པས་ཉན་ཐོས་ཞེས་བྱའོ། ། དགྲ་ཐམས་ཅད་ནི་བྲག་ཆ་དང་མཚུངས་པར་སྒྲོགས་ཤིང་། སྒྲ་རྣམས་ལ་མངོན་པར་དགའ་བར་མ་བྱེད་ཅིག། འདི་ལ་ཐོས་པ་ཅིའང་མེད་དོ།། འདི་ལ་བརྗོད་པ་ཅིའང་མེད་དོ་ཞེས་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ།། དྲི་རྣམས་ལ་དྲིའི་འདུ་ཤེས་སུ་མ་བྱེད་ཅིག། འདི་ལ་མནམ་པ་ཅིའང་མེད་དོ།། འདི་ལྟ་སྟེ། དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་དྲི་རྣམ་པ་མང་པོ་སྡོམ་ཡང་དངོས་པོ་མེད་པའི་ཕྱིར་དེ་ལ་དྲི་གང་ཡང་མེད་དེ། གཞན་དུ་ན་ཕྱིན་ཅི་ལོག་གིས་སྣོམ་མོ།། དེ་བཞིན་དུ་ན་ནི་ཕྱིན་ཅི་ལོག་པ་སྟེ། རྨི་ལམ་ལྟ་བུའི་ཕྱིར་འདི་ལ་སྙིང་པོ་མེད་པར་ཤེས་པར་གྱིས་ཤིག་ཅེས་དེ་སྐད་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ།། དེ་ལཱུའི་སྐྱེ་མཆེད་འདི་ལྟར་སྒྲོགས་ཏེ། འདི་ནི་ཤའི་གོང་བུ་སྟེ། འདི་རི་རྐྱང་བར་མི་བྱེད་དོ།། ཤའི་གོང་དུའང་ལྦུ་བ་རྡོས་པ་ལྟ་བུ། རྨི་ལམ་ལྟ་བུའོ།། དཔེ་ཡང་རྫས་མེད་པའོ་ཞེས་དེ་སྐད་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ།། ལུས་ཀྱི་སྐྱེ་མཆེད་རྣམ་པར་གཞིག་པར་གྱིས་ཤིག། ལུས་འདི་ནི་རང་བཞིན་གྱིས་སྟོང་པའོ།། རངང་ཞིན་གྱིས་སྟོང་པ་གང་ཡིན་པ་དེ་དངོས་པོ་མེད་དོ། ། དངོས་པོ་མེད་པ་གང་ཡིན་པ་དེ་མ་སྐྱེས་པ་མི་སྐྱེ་བའོ།། མ་སྐྱེས་པ་དང་། མི་སྐྱེ་བ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཅེས་སྒྲོགས་ཏེ། དེ་སྐད་སེམས་ཅན་མང་པོ་ལ་སྒྲོགས་པས། དེས་ན་ཉན་ཐོས་ཞེས་བྱའོ།། ཡིད་ནི་རང་བཞིན་མེད་པ། དངོས་པོ་མེད་པ། སྒྱུ་མའི་རང་བཞིན་སྐྱེ་བ་མེད་པ། འགོག་པ་མེད་པ་ཞེས་སྒྲོགས་ཏེ། དེ་སྐད་སྒྲོགས་པས་དེས་ན་ཉན་ཐོས་ཞེས་བྱའོ། ། ཆོས་ཀྱི་སྦྱིན་པ་སྦྱིན་ཅིག། ཆོས་ཀྱི་སྦྱིན་པ་འདི་ནི་བྱང་ཆུབ་ཀྱི་ལམ་མོ།། བྱང་ཆུབ་དེ་ནི་བསམ་གྱིས་མོ་ཁྱབ་པ་སྟེ། བསམ་གྱིས་མི་ཁྱབ་པ་བསྒྲུབ་བོ།། དེ་ཅིའི་ཕྱིར་ཞེ་ན། ས་བོན་ཅི་འདྲ་བར་འབྲས་བུའང་དེ་འདྲ་སྟེ། འབྲས་བུ་མེད་པའི་སྒྲར་བརྗོད་དོ་ཞེས་སྒྲོགས་སོ།། ཟང་ཟིང་གི་སྦྱིན་པ་བྱིན་ཅིག། ཟང་ཟིང་གི་སྦྱིན་པ་འདི་ནི་ཆུང་བ་སྟེ། འདི་ལ་ཆོས་ཀྱི་སྦྱིན་པ་ནི་གཙོ་བོ་ཡིན་ནོ། ། འདི་ལ་སེར་སྣ་མ་བྱེད་ཅིག། སྦྱིན་པ་ལ་སྦྱིན་པའི་འདུ་ཤེས་སུ་མ་བྱེད་ཅིག། དེ་ལ་སྙིང་པོར་འདུ་ཤེས་མ་བྱེད་ཅིག། རྣམ་པར་མི་རྟོག་པའི་སེམས་ཀྱིས་སྦྱིན་པ་བྱིན་ཅིག། འདི་ལྟ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་ལ་རྣམ་པར་མི་རྟོག་པའི་འདུ་ཤེས་ཀྱིས་སྦྱིན་པ་བྱིན་པ་དེ་བཞིན་དུ་རྣམ་མཱི་རྟོག་པའི་སེམས་ཀྱིས་སྦྱིན་པ་སྦྱིན་ཅིག། དེ་ལྟར་བྱིན་ན་བྱང་ཆུང་ཡོངས་སུ་སྨིན་པར་འགྱུར་རོ་ཞེས་སྒྲོགས་ཏེ། དེ་ལྟར་སྒྲོགས་པས་དེས་ན་ཉན་ཐོས་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངེས་འདི་ལྟ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཡེ་ཤེས་ཀྱི་སྙིང་པོ་མངོན་པར་བསྒྲུབས་ཏེ། ཇི་ལྟར་མངོན་པར་བསྒྲུབས་པ་དེ་ལྟར་གཉིས་སུ་མེད་པ་དང་། གཉིས་སུ་མི་བྱེད་པར་སངས་རྒྱས་ཀྱི་ཆོས་རྣམས་སྒྲོགས་ཏེ། དེས་ན་ཉན་ཐོས་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་དཔའ་འཇིག་མེད་པ། སངས་རྒྱས་ཆོས་རྣམས་བསམ་ཡས་པ།། སེམས་ཅན་མད་ལ་སྒྲོགས་པར་བྱེད།། དེས་དེ་ཉན་ཐོས་ཞེས་བརྗོད་དོ། ། བྱང་ཆུབ་ཞི་བསྔོས་པ་མེད།། རྙོག་པ་མེད་པ་སྒྲོགས་པར་བྱེད།། སྐྱེ་བོ་དཔག་ཏུ་མེད་ལ་སྒྲོགས།། དེས་དེ་ཉན་ཐོས་ཞེས་བརྗོད་དོ།། འདི་འདྲ་བདེ་བ་བཞིན་མེད་ཅེས།། མྱ་ངན་འདས་པའི་བདེ་བ་སྒྲོགས།། ཞིང་མྱ་ངན་འདས་སྒྲོགས་པས།། དེས་དེ་ཉན་ཐོས་ཞེས་བརྗོད་དོ།། སྟོབས་དང་བྱང་ཆུབ་ཡན་ལག་དང་།། དྲན་པ་ཉེར་གཞག་དབང་པོ་རྣམས།། མྱུར་དུ་སྒྲུབས་ཤིག་ཅེས་སྒྲོབས་ཏེ།། ལུས་ཅན་རྣམས་ལ་སྒྲོགས་ལུས་འདི་སྟོང་སྟེ་སྙིང་པོ་མེད། ། འདི་ནི་བྱིས་པ་རྨོངས་བྱེད་པ།། དེ་ཕྱིར་ལུས་འདི་རྣམ་བ་ཤིག་ཅེས།། དེ་སྐད་དུ་ནི་སྒྲོགས་པར་བྱེད།། མིག་ནི་ནོར་པར་རྟོག་གྱིས་ཤིག། འདི་ནི་བྱིས་པའི་བློ་ལྡན་པ།། མི་མཁས་རྣམས་ལ་རྨོངས་བྱེད་ཅེས།། དེ་སྐད་དུ་ནི་དེ་སྒྲོགས་སོ།། སྒྲ་རྣམས་བྲག་ཆ་ལྟ་བུ་སྟེ།། རྣ་ངའང་དེ་ལྟར་ཤེས་པར་གྱིས།། འདི་ལ་ཐོས་པ་ཅི་ཡང་མང་།། རྗོད་པར་བྱེད་པའང་ཅི་ཡང་མེད།། སེམས་ཅན་མང་ལ་དེ་སྐད་དུ། ། སྒྲོགས་པར་བྱེད་པས་ཉན་ཐོས་འདོད།། འདི་ལ་ཐོས་པ་ཅི་ཡང་མེད།། སྒྲ་འདིར་དགའ་བར་མ་བྱེད་ཅིག། དཔེར་ན་མི་ཞིག་རྨི་ལམ་ན།། རྣམ་པ་མང་པོའི་དྲི་སྣོམ་པ།། དེ་ལ་དངོས་པོར་སྒྲུབ་པ་མེད། ། ཕྱིན་ཅི་ལོག་ལ་དེ་སྣོམ་མོ།། དེ་ཡིས་དེ་ལྟར་དྲི་ཤེས་ནས།། འདིར་མནམ་ཅི་ཡང་མེད་དོ་ཞེས།། ཕྱིན་ཅི་ལོག་པ་མི་མཁས་པ།། གཞན་རྣམས་ལ་ཡང་སྒྲོགས་པར་བྱེད།། འདི་ཤ་ཡི་གོང་དུ་སྟེ།། རོ་མྱང་བར་ནི་བྱེད་མ་ཡིན།། གལ་ཏེ་ཤ་ཡིས་རོ་རྟོགས་ན།། ལག་པའང་རོ་རྟོགས་འགྱུར་ཞེས་སྒྲོགས།། རོ་ཡི་འདུ་ཤེས་རང་སྡིག་ཅན།། འདུ་ཤེས་འདི་དག་རྣམ་པར་རིག། རོ་ཁམས་བསམ་གྱིས་མི་ཁྱབ་པ། ། ཁམས་དེ་རྟོགས་པ་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་མི་གནས་པས།། ད་ནི་མངོན་སུམ་གྱུར་པ་ཡིན།། མངོན་སུམ་དེ་ལྟར་སྒྲོགས་པས་ན།། དེ་ཕྱིར་ཉན་ཐོས་ཞེས་བརྗོད་དོ། ། ལུས་འདི་ངོ་བོ་ཉིད་ཀྱིས་སུ།། སྟོང་ཞེས་དེ་ལྟར་རྣམ་པར་གཞིག། ངོ་བོ་ཉིད་ཀྱིས་གང་སྟོང་པ།། དེ་ནི་མ་སྐྱེས་སྐྱེ་མ་ཡིན།། མ་སྐྱེ་མི་སྐྱེ་གང་ཡིན་པ།། དེ་འདིར་བྱང་ཆུབ་དེ་ཉིད་དེ།། དེ་ལྟར་སེམས་ཅན་རྣམས་ལ་སྒྲོགས།། དེས་ན་ཉན་ཐོས་ཞེས་བརྗོད་དོ།། ཡིད་ནི་ངོ་བོ་ཉིད་ཀྱིས་ནི།། རང་བཞིན་མེད་ཅིང་དངོས་པོ་མེད།། འདི་ནི་སེམས་ཅན་དངོས་པོ་མིན། ། དེ་སྐད་དུ་ནི་དེ་སྒྲོགས་སོ།། ཆོས་སྦྱིན་བསམ་གྱིས་མི་ཁྱབ་པ།། འདི་ནི་བྱང་ཆུབ་ལམ་ཡིན་ཏེ།། དེ་ཡི་བྱང་ཆུབ་གྲུབ་འགྱུར་གྱིས།། སྦྱིན་པ་བྱིན་ཞེས་སྒྲོགས་པར་བྱེད།། ཟང་ཟིང་སྦྱིན་པ་ཐ་དད་པ། ། རྣམ་པ་མང་པོ་གཙང་མ་བྱིན།། དེ་ལ་སེར་སྣ་མེད་གྱུར་ན།། དེ་ཡང་བྱང་ཆུབ་ལམ་ཡིན་ནོ།། གང་ཕྱིར་ཉོན་མོངས་ཚར་བཅད་དེ།། ཟག་པ་རྣམས་ནི་ཀུན་དང་བྲལ།། ཆགས་པ་ཀུན་ལས་ཤིན་ཏུ་འདས། ། དེས་ན་ཉན་ཐོས་ཞེས་བརྗོད་དོ།། སངས་རྒྱས་ཆོས་ནི་བླ་མེད་པ།། ཤེས་ལྡན་གྱིས་ནི་གང་གིས་སྒྲོགས།། སྒྲ་ཀུན་དམ་པ་ཞི་བ་སྟེ།། དེ་ནི་སྙིང་པོ་དམ་པ་གྲུབ།། སྙིང་པོ་ཐམས་ཅད་མངོན་པར་ཤེས། ། སྙིང་པོ་ཀུན་ལ་གནས་པ་མེད།། གཉིས་མེད་གཉིས་སུ་དབྱེར་མེད་ཅིང་།། བསྒྲགས་པ་དམ་པ་སྒྲོགས་པར་བྱེད།། ཇི་ལྟར་སངས་རྒྱས་མང་པོ་ཡིས།། ཆོས་བསྟན་རྣམས་ནི་སྒྲོགས་པ་ལྟར། ། ངེས་པས་བྱང་ཆུབ་ཕྱིར་བརྩམས་ནས།། འདི་ནི་དེ་ལྟར་བྱེད་པ་ཡིན།། གང་ན་སངས་རྒྱས་འཇིག་རྟེན་མགོན།། བླ་ན་མེད་པ་བཞུགས་པ་ཡིས།། སངས་རྒྱས་ཞིང་ནི་རབ་བཟང་དང་། ། བཀག་པ་རྣམས་ཀྱང་སྒྲོགས་བྱེད་པ།། ནམ་མཁའ་ལ་ནི་རབ་གནས་པའི།། སྟོང་གསུམ་འདི་ནི་སྤོགས་པར་བྱེད།། སེམས་ཅན་ནམ་མཁའ་ཇི་བཞིན་ཏེ།། རྟག་ཏུ་རྒྱ་ངན་འདས་དང་མཚུངས། ། གང་ལས་སེམས་ཅན་རྣམས་བརྟགས་པ།། ཁམས་བཞི་པོ་དག་རབ་བརྗོད་པ།། དེ་དག་ནམ་མཁའ་འདྲ་བ་སྟེ།། རྣམ་པར་མི་རྟོག་བསམ་དུ་མེད།། ཁམས་རྣམས་དེ་དག་འདི་འདྲ་སྟེ། ། དེ་ལ་སྙིང་པོ་མེད་པར་ལྟོས།། འདི་ལ་སྐྱེ་མེད་འཆི་བ་མེང་།། མྱ་ངན་འདས་མེད་ཉོན་མོངས་མེད།། འདི་ལ་དངོས་པོ་གྲུབ་པ་མེད།། འདི་ལ་སེམས་ཅན་ཡོད་མ་ཡིན།། ཅི་ནས་སུས་ཀྱང་མི་མཐོག། བ། ཁམས་དེ་རྣམ་པར་བལྟ་བར་བགྱིས།། ཉིན་དང་མཚན་དུ་གཡེལ་མེད་པར།། སེམས་ཅན་རྣམས་ལ་དེ་སྐད་སྒྲོགས།། བདག་ནི་འགའ་ཞིག་སྒྲོགས་སོ་ཞེས།། རློམ་སེམས་དེ་ལ་ཅི་ཡང་མེད།། དེ་ལྟར་གཞན་ལ་གང་སྒྲོགས་པ། ། དེ་ནི་ཉན་ཐོས་ཤེས་པར་གྱིས།། དེ་སྐད་བརྗོད་པར་ཉན་ཐོས་མིན།། ཉན་ཐོས་སུ་ནི་ཡོངས་སུ་བསྟན།། བརྟན་པ་དམན་པ་མེད་པའི་ཡིད།། ཆོས་གང་གིས་ནི་ཆོས་རྣམས་ཀུན། ཇི་བཞིན་དེ་བཞིན་ཤེས་འགྱུར་བ།། སྲོགས་ཆགས་རྣམས་ལ་ཆོས་སྟོན་ཏོ།། ཆགས་ལས་གྲོལ་ཞིང་ཟག་མེད་ལ།། ཆགས་པ་ཀུན་ལས་རྣམ་གྲོལ་ཕྱིར།། སྲོག་ཆགས་རྣམས་ལ་ཆོས་སྟོན་པ།། དེ་ནི་དགྲ་བཅོམ་དེ་སྐད་བརྗོད། ། སྤྲོས་པ་མེད་ཅིང་རྙོག་མེད་པ།། ཆགས་པ་མེད་པའི་དབྱིངས་ཀྱང་སྟོན།། སངས་རྒྱས་ཆོས་རྣམས་མ་ལུས་པར།། རྣམ་པར་མཐོང་ནས་སྟོན་པར་བྱེད།། སངས་རྒྱས་རྣམས་ཀྱིས་གང་གསུངས་པ། ། ཆོས་དང་རིང་བར་མི་རྟོག་ཅིང་།། ཆོས་དང་ཉེ་བར་མི་རྟོག་སྟེ།། དེ་ཕྱིར་དེ་དག་འདྲེ་བ་མེད།། སྒྲོགས་ཀྱང་འདྲེ་བ་ཡོད་མིན་ཞིང་།། སེམས་ཅན་དཔག་ཏུ་མེད་ལ་བརྗོད། ། སེམས་ཅན་དེ་དག་མཐོང་བ་མེད།། དེས་དེ་ཉན་ཐོས་ཞེས་བརྗོད་དོ།། ཀུན་དགའ་འདི་ལ་དགོངས་ནས་ནི།། ང་ཡིས་ཉན་ཐོས་ཡོངས་སུ་བསྟན།། བྱང་ཆུབ་སེམས་དཔའ་མི་གནས་པ།། ཉན་ཐོས་དེ་ལྟར་ཤེས་པར་གྱིས།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་སུ་ཡོངས་སུ་བསྟན་ཏོ། ། ཀུན་དགའ་བོ་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་སངས་རྒྱས་སུ་ཡོངས་སུ་བསྟན་ཅེ་ན། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ལ་མངོན་སུམ་ཡིན་ནོ།། ཇི་ལྟར་མངོན་སུམ་ཡིན་ཞེ་ན། ཆོས་ཐམས་ཅད་སྒྲོ་བཏགས་པ་མེད་པའི་ཕྱིར་ཉོན། མོངས་པ་མེད་པ་དང་། ཆོས་ཐམས་ཅད་སྐུར་པ་མེད་པའི་ཚུལ་གྱིས་རྣམ་པར་འཇིག་པ་མེད་པར་རྟོགས་ཤིང་ཁོང་དུ་ཆུད་དེ། དེས་ན་རང་སངས་རྒྱས་ཞེས་བྱའོ།། དེས་ཆོས་ཐམས་ཅད་བསམ་དུ་མེད་པར་རྟོགས་ཤིང་། དེས་སེམས་ཅན་ཐམས་ཅད་མ་འོངས་པ་ན་མི་སྐྱེ་བས་མྱ་ངན་ལས་འདས་པ་དང་འདྲ་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པའི་མཐའ་དང་། སེམས་ཅན་གྱི་མཐའ་དང་། མིག་ཡོར་གྱི་མཐའ་དང་། རྫས་མེད་ཅིང་དངོས་པོ་མེད་པ་དང་། ཆོས་ཐམས་ཅད་ཀྱི་མཐའ་བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པའི་མཐའ་མིང་ཡོངས་སུ་བརྗོད་པའི་མཐའ་དང་ཚིག་ལ་མི་གནས་པ་དང་། ཚིག་གིས་ཡོངས་སུ་བརྗོད་པ་མ་ཡིན་པར་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚིག་ནི་སྟོང་པ་གསོག་སྟེ། ཚིག་གིས་བདག་གི་མཐའ་འམ། སེམས་ཅན་གྱི་མཐའ་མི་ཤེས་སོ། ། རྗེདེས་མཐའ་དེ་རྟོགས་ཏེ། དེ་མཐའ་དེ་ལ་མངོན་སུམ་དུ་གྱུར་པ་དང་། དེས་ན་རང་སངས་རྒྱས་ཞེས་བྱའོ།། གཟུགས་ཀྱི་ཕུང་པོ་འདི་སྒྲས་བརྗོད་པ་དང་། གཟུགས་ཀྱི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་གཟུགས་ཀྱི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་དེ་གཟུགས་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་གང་གིས་གཟུགས་ཀྱི་ཕུང་པོ་བརྗོད་པའི་ཚིག་དེ། གསོག། སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཉིད་ཀྱང་བརྟག་ཏུ་མེད་པ་ཡིན་ན། ཚིག་གང་གིས་གཟུགས་ཀྱི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་གཟུགས་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། ། ཚོར་བའི་ཕུང་པོ་འདི་སྒྲས་བརྗོད་པ་དང་། ཚོར་བའི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་དག་རྟག་ཏུ་ཚོར་བའི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་ངོ་ཚོར་བའི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་གང་གིས་ཚོར་བའི་ཕུང་པོ་བརྗོད་པའི་ཚིག་དེ་གསོག། སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཉིད་ཀྱང་བརྟག་ཏུ་མེད་པ་ཡིན་ན། ཚིག་གང་གིས་ཚོར་བའི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་ཚོར་བའི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། ། འདུ་ཤེས་ཀྱི་ཕུང་པོ་འདི་སྒྲས་བརྗོད་པ་དང་། འདུ་ཤེས་ཀྱི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་འདུ་ཤེས་ཀྱི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད། འདུ་ཤེས་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་གང་གིས་འདུ་ཤེས་ཀྱི་ཕུང་པོ་བརྗོད་པའི་ཚིག་དེ་གསོག། སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ཚིག་ཉིད་ཀྱང་བརྟག་ཏུ་མེད་པ་ཡིན་ན། ཚིག་གང་གིས་འདུ་ཤེས་ཀྱི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་འདུ་ཤེས་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། ། འདུ་ཤེས་ཀྱི་ཕུང་པོ་འདི་སྒྲས་བརྗོད་པ་དང་། འདུ་བྱེད་ཀྱི་ཕུང་པོ་འདི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཏུ་འདུ་བྱེད་ཀྱི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་དེ་འདུ་བྱེད་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཚིག་གང་གིས་འདུ་བྱེད་ཀྱི་ཕུང་པོ་བརྗོད་པའི་ཚིག་དེ་གསོག། སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཀྱང་བརྟག་ཏུ་མེད་པ་ཡིན། ཚིག་གང་གིས་འདུ་བྱེད་ཀྱི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ།། རྣམ་པར་ཤེས་པའི་ཕུང་པོ་འདི་སྒྲས་བརྗོད་པ་དང་། རྣམ་པར་ཤེས་པའི་ཕུང་པོ་འདྲི་སྒྲ་མེད་པ་དང་། སྒྲ་དང་བྲལ་བ་དང་། འདི་རྟག་ཞུམ་པར་ཤེས་པའི་ཕུང་པོ་ཞེས་ཚིག་གིས་བརྗོད་པ་དང་། འདི་ལ་བདག་དང་བདག་གི་མེད་པར་དེ་རྣམ་པར་ཤེས་པའི་ཕུང་པོ་མངོན་སུམ་དུ་གྱུར་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཚིག་གིས་རྣམ་པར་ཤེས་པའི་ཕུང་པོ་བརྗོད་པའི་ཚིག་དེ་གསོག། སྟོང་པ། མ་སྐྱེས་པ། མ་འགགས་པ་སྟེ། ཡང་དག་པར་ན་ཚིག་ཀྱང་རྟག་ཏུ་མེད་པ་ཡིན་ན། ཚིག་གང་གིས་རྣམ་པར་ཤེས་པའི་ཕུང་པོ་བརྗོད་པ་ལྟ་ག་ལ་ཡོད་ཅེས་དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་མངོན་སུམ་དུ་ཤེས་པ་ཡིན་ནོ།། དེ་ལྟར་ཕུང་པོ་ལྔ་སྒྲ་མེད་པ་དང་། ཚིག་གང་གིས་བརྗོད་པར་དེ་ངག་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེས་ན་རང་སངས་རྒྱས་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཚིག་སྒྲ་མེད་པ་དང་། ཕུང་པོའི་རྐྱེན་ཉིད་རྐྱེན་ཉིད་མ་ཡིན་པ་དང་། ཚིག་གི་རྐྱེན་ཉིད་བརྗོད་དུ་མེད་པའི་རྐྱེན་དུ་ངེས་དེ་ཁོང་དུ་ཆུད་དེ། དེས་ན་རང་སངས་རྒྱས་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཆོས་ཀུན་ཟག་པ་མེད་པ་དང་།། མ་སྐྱེས་པ་དང་མ་འགགས་དང་།། རྟག་ཏུདུ་ཤིན་ཏུ་མཚན་མེད་པར། ། ཆོས་རྣམས་ཐམས་ཅད་མངོན་སུམ་གྱུར།། འདི་དག་ངོ་བོ་ཉིད་ཀྱིས་སྟོང་།། ངོ་བོ་ཉིད་ཀྱང་ཡང་དག་ཏུ།། ཤིན་ཏུ་འོད་པ་མ་ཡིན་པར།། ཆོས་རྣམས་ཐམས་ཅད་མངོན་སུམ་གྱུར།། ཆོས་འདི་ཇི་ལྟར་འདི་འདྲ་བར།། འདིར་ནི་མངོན་སུམ་ཉིད་གྱུར་ཏེ།། ཆོས་ཉིད་བསམ་གྱིས་མི་ཁྱབ་པས།། དེས་དེ་རང་སངས་རྒྱས་ཞེས་བརྗོད།། ཆོས་ཀུན་མྱ་ངན་འདས་པ་སྟེ།། དེ་དག་ཐོག་མ་མི་དམིགས་སོ།། མ་སྐྱེས་པ་ཡི་མཐའ་དེ་ནི།། ཡང་དག་པ་ཡི་མཐའ་ཞེས་བརྗོད།། ཆོས་ཀུན་མྱ་ངན་འདས་པ་སྟེ།། སྐྱེ་བ་མེད་པ་ངེས་པར་བསྟན།། ཆོས་གང་སྐྱེས་པ་མེད་པ་དེ།། མྱ་ངན་འདས་ཞེས་བརྗོད་པ་ཡིན། ། ཆོས་ཀུན་མྱ་ངན་འདས་པ་སྟེ།། མིང་ཙམ་གྱིས་ནི་བརྗོད་པར་ཟད།། མ་སྐྱེས་ཤིང་ནི་མ་འགགས་ཏེ།། དེ་དག་ཚིག་གིས་ཡོངས་སུ་བརྗོད།། ཚིག་ནི་སྟོང་པར་ཡང་དག་བརྗོད།། ཚིག་གིས་སེམས་ཅན་ཤེས་མ་ཡིན། ། དེ་བས་མ་སྐྱེས་གནས་མེད་དེ།། སེམས་ཅན་མྱ་ངན་འདས་ཞེས་བརྗོད།། ཚིག་ནི་གསོག་ཅེས་བརྗོད་པ་སྟེ།། གཡོ་བ་མེད་ཅིང་སེམས་པ་མེད།། ཚིག་འདི་ཚིག་གི་རང་བཞིན་གྱིས།། ། རྟག་པར་ཤིན་ཏུ་ཡོད་མ་ཡིན།། སེམས་ཅན་མཐའ་ནི་བསམ་མེད་པར།། ཚིག་གིས་བསྟན་པ་གང་ཡིན་པ།། མཐའ་ཡི་ཚིག་ལ་མི་རྟེན་ཏེ།། ཚིག་ལ་གནས་པའང་མ་ཡིན་ནོ།། སེམས་ཅན་མཐའ་ནི་མྱ་ངན་འདས།། ། ཡང་དག་མཐའ་ནི་མཐའ་མིན་ཏེ།། སྤྲོས་པ་མེད་ཅིང་ཞི་ལ་བདེ།། གནས་དང་སྐྱབས་དང་དཔུང་གཉེན་ཡིན།། མིག་ཡོར་གྱི་ནི་མཐའ་ལྟ་བུར།། སེམས་ཅན་མཐའ་ནི་ངེས་པར་བསྟན།། དངོས་པོ་མེད་ཅིང་དམིགས་པ་མེད། ། ཡང་དག་མཐའ་ནི་བསམ་མི་ཁྱབ།། ཆོས་ཉིད་ཀྱི་ནི་མཐའ་དེ་ཡང་།། མིང་ཙམ་དུ་ནི་བརྗོད་པར་ཟད།། མིང་གིས་བརྗོད་པ་གང་ཡིན་པ།། མཐའ་དེ་དམིགས་པ་མ་ཡིན། ནོ།། དེ་ནི་སུས་ཀྱང་མངོན་སུམ་དུ།། བརྗོད་པར་ནུས་པ་མ་ཡིན་ཏེ།། སེམས་ཅན་མཐའ་ནི་བསམ་མི་ཁྱབ།། འདི་ལྟར་མཐའ་ནི་གསོག་ཡིན་ནོ།། མཐའ་ནི་ཚིག་ལ་མི་གནས་ཏེ།། ཚིག་གིས་ཡོངས་སུ་བརྗོད་མ་ཡིན། ། འདི་ལྟར་ཡང་དག་ཏུ་ན་དེ།། སེམས་ཅན་མཐའ་ནི་ཡོད་མ་ཡིན།། སེམས་ཅན་མཐའ་ནི་བསམ་ཡས་པ།། ཚིག་གང་གིས་ནི་མངོན་བསྟན་པ།། ཚིག་དེ་སྟོང་པ་གསོག་ཡིན་ཏེ།། དེས་ནི་ཅི་ཡང་མི་ཤེས་སོ།། འདི་འདྲ་བསམ་གྱིས་མི་ཁྱབ་མཐའ།། འདི་ནི་ཉིད་ཀྱིས་ཁོང་དུ་ཆུད།། དེས་ན་སྨད་དུ་མེད་པ་དེ།། རང་སངས་རྒྱས་ཞེས་བརྗོད་པ་ཡིན།། འདི་ནི་སྒྲ་ཡིས་བརྗོད་མིང་ཞིང་།། ཕུང་པོ་ཞེས་བྱ་འདི་སྒྲ་མེད།། རྟག་ཏུ་སྒྲ་དང་བྲལ་བ་ཞེས།། གཟུགས་ཅན་ཕུང་པོ་མངོན་སུམ་གྱུར།། འདི་ན་ཡང་དག་བྲལ་བ་སྟེ།། ཡང་དག་ཏུ་ཡང་རྗོད་པར་བྱེད།། ཡང་དག་ཏུ་ན་ཡང་དག་ནི།། གང་དུའང་གནས་པ་མ་ཡིན་ནོ། ། གཟུགས་ཀྱི་ཕུང་པོ་བདག་མེད་ཅེས།། ཚིག་གིས་ཕུང་པོ་འདི་བརྗོད་པ།། ཚིག་དེ་སྟོང་པ་གསོག་ཡིན་ཏེ།། མ་སྐྱེས་ཤིང་ནི་འགག་པ་མེད།། ཡང་དག་ཏུ་ན་རྟག་པར་ནི།། ཚིག་འདི་ཤིན་ཏུ་ཡོད་མ་ཡིན། ། ཡོད་མ་ཡིན་པའི་ཚིག་གིས་ནི།། གཟུགས་ཀྱི་ཕུང་པོ་བརྗོད་པར་བྱས།། འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་།། ཚོར་བའི་ཕུང་པོ་སྒྲ་མེད་དེ།། རྟག་ཏུ་སྒྲ་དང་བྲལ་བ་ཞེས།། ཚོར་བའི་ཕུང་པོ་མངོན་སུམ་གྱུར། ། འདི་ནི་ཡང་དག་བྲལ་བ་སྟེ།། ཡང་དག་ཏུ་ཡང་རྗོད་པར་བྱེད།། ཡང་དག་ཏུ་ན་ཡང་དག་ནི།། གང་དུའང་གནས་པ་མ་ཡིན་ནོ།། ཚིག་གིས་ཚོར་བའི་ཕུང་པོ་འདི།། གསོག་ཏུ་ཡང་དག་བརྗོད་པར་བྱས། ། ཚིག་དེ་སྟོང་པ་གསོག་ཡིན་ཏེ།། མ་སྐྱེས་ཤིང་ནི་འགག་མེད་པ།། ཡང་དག་ཏུ་ན་རྟག་པར་ནི།། ཚིག་འདི་ཤིན་ཏུ་ཡོད་མ་ཡིན།། ཡོད་མ་ཡིན་པའི་ཚིག་གིས་ནི།། ཚོར་བའི་ཕུང་པོ་བརྗོད་པ་བྱས།། ། འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་།། ཕུང་པོ་འདི་ནི་སྒྲ་མེད་དེ།། རྟག་ཏུ་སྒྲ་དང་བྲལ་བ་ཞེས།། ཚོར་བའི་ཕུང་པོ་མས་སུ་མ་གྱུར།། འདི་ནི་ཡང་དག་བྲལ་བ་སྟེ།། ཡང་དག་ཏུ་ཡང་རྗོད་པར་བྱེད། ། ཡང་དག་ཏུ་ན་ཡང་དག་ནི།། གང་དུའང་གནས་པ་མ་ཡིན་ནོ།། ཚིག་གིས་ཕུང་པོ་རབ་བརྗོད་དེ།། འདུ་ཤེས་ཕུང་པོ་བདག་མེད་པ།། ཚིག་དེ་སྟོང་པ་གསོག་ཡིན་ཏེ།། མ་སྐྱེས་ཤིང་ན་འགག་པ་མེད། ། ཡང་དག་ཏུ་ན་རྟག་པར་ནི།། ཚིག་འདི་ཤིན་ཏུ་ཡོད་མ་ཡིན།། ཡོད་མ་ཡིན་པའི་ཚིག་གིས་ནི།། འདུ་ཤེས་ཕུང་པོ་བརྗོད་པ་བྱས།། འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་།། ཕུང་པོའི་འདི་ནི་སྒྲ་མེད་དེ། ། རྟག་ཏུ་སྒྲ་དང་བྲལ་བ་ཞེས།། འདུ་ཤེས་ཕུང་པོ་མངོན་དུ་གྱུར།། འདི་ནི་ཡང་དག་བྲལ་བ་སྟེ།། ཡང་དག་ཏུ་ཡང་རྗོད་པར་བྱེད།། ཡང་དག་ཏུ་ན་ཡང་དག་ནི།། གང་དུའང་གནས་པ་མ་ཡིན་ནོ།། ཚིག་གིས་འདུ་བྱེད་དུང་པོ་འདི།། གསོག་ཏུ་རབ་ཏུ་བརྗོད་པ་བྱས།། ཚིག་དེ་སྟོང་པ་གསོག་ཡིན་ཏེ།། མ་སྐྱེས་ཤིང་ནི་འགག་པ་མེད།། ཡང་དག་ཏུ་ན་རྟག་པར་ནི།། ཆོག་འདི་ཤིན་ཏུ་ཡོད་མ་ཡིན།། ཡོད་མ། ཡིན་པའི་ཚིག་གིས་ནི།། འདུ་བྱེད་ཕུང་པོ་བརྗོད་པ་བྱས།། འདི་ནི་སྒྲ་ཡིས་བརྗོད་མིན་ཞིང་།། ཕུང་པོ་འདི་ནི་སྒྲ་མེད་དེ།། རྟག་ཏུ་སྒྲ་དང་བྲལ་བ་ཞེས།། རྣམ་ཤེས་ཕུང་པོ་མངོན་སུམ་གྱུར།། འདི་ནི་ཡང་དག་བྲལ་བ་སྟེ། ། ཡང་དག་ཏུ་ཡང་རྗོད་པར་བྱེད།། ཡང་དག་ཏུ་ན་ཡང་དག་ནི།། གང་དུའང་གནས་པ་མ་ཡིན་ནོ།། ཚིག་གིས་རྣམ་ཤེས་ཕུང་པོ་འདི།། གསོག་ཏུ་རབ་ཏུ་བརྗོད་པ་བྱས།། ཚིག་དེ་སྟོང་པ་གསོག་ཡིན་ཏེ། ། མ་སྐྱེས་ཤིང་ནི་འགག་པ་མེད།། ཡང་དག་ཏུ་ན་རྟག་པར་ནི།། ཚིག་འདི་ཤིན་ཏུ་ཡོད་མ་ཡིན།། ཡོད་མ་ཡིན་པའི་ཚིག་གིས་ནི།། རྣམ་ཤེས་ཕུང་པོ་བརྗོད་པ་བྱས།། བརྗོད་པ་མེད་པའི་ཕུང་པོ་ལ།། ཚད།། མར་དམིགས་པར་མི་འགྱུར་ཏེ།། མ་སྐྱེས་མ་འགགས་རྣམས་ལ་ནི།། འདི་དག་གནས་མེད་རྟེན་ཀྱང་མེད།། ཉོན་མོངས་མེད་ཅིང་བྲལ་བ་མེད།། ཆོས་མེད་རྣམ་པར་སྨིན་པ་མེད།། སངས་རྒྱས་ཆོས་དང་དགེ་འདུན་མེང་། ། མྱ་ངན་འདས་མེད་རབ་བྱུང་མེད།། དེ་ལ་ཞི་གནས་གང་ཡང་མེད།། ལྷག་མཐོང་ཡང་ནི་ཡོང་མ་ཡིན།། ཡོ་བྱད་བསྙུངས་མེད་འདོད་ཆུང་མེད།། ལེ་ལོ་མེད་ཅིང་བརྩོན་འགྲུས་མེད།། རྒོད་པ་མེད་ཅིང་འགྱོད་པ་མེད།། སྡོམ་པའང་ཡོད་པ་མ་ཡིན་ཏེ།། གང་ཕྱིར་སྡོམ་པར་གྱུར་པ་ཡི།། འདི་ལ་དངོས་པོ་གྲུབ་པ་མེད།། འདི་ལ་རྟོག་པ་རྣམ་རྟོག་མེད།། རྣམ་མི་རྟོག་པའང་ཡོད་མ་ཡིན།། འཇིགས་པ་མེད་ཅིང་དགོན་པ་མེད།། བཅིངས་པ་མེ་ཅིང་ཐར་པ་མང་།། འདི་ནི་སྒྲ་ཡིས་འཇུག་པ་སྟེ།། འཇུག་པ་མེད་པ་ངེས་པར་བསྟན།། ཆོས་རྣམས་ཐམས་ཅད་སྒྲ་མད་དེ།། སྒྲ་ཉིད་ཀྱིས་ནི་བརྗོད་པ་ཡིན། ། འདི་ནི་མངོན་སུམ་གྱུར་པས་ན།། ཟད་མི་ཤེས་པའི་ཚུལ་སྟོན་ཏོ།། ཏིང་འཛིན་འདི་ལ་བརྟེན་ནས་ནི།། དེ་ནི་སྒྲ་ལ་མི་ཆགས་སོ།། ཅི་འདྲ་གང་གིས་གང་ཡིན་པ།། སྒྲ་དེ་དེས་ནི་མངོན་སུམ་ཤེས།། ཆོས་ཀུན་འདི་ལྟར་མཉམ་པ་སྟེ།། བརྗོད་པ་མེད་ཅིང་གནས་པ་མེད།། འདི་ནི་མངོན་སུམ་གྱུར་པས་ན།། ཚུ་རོལ་ནས་ནི་ཕ་རོལ་སོང་།། དེས་ན་སྣད་པ་མེད་པ་དེ།། རང་རྫོགས་སངས་རྒྱས་ཞེས་བརྗོད་དོ།། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མ་རིག་པ་ལ་མ་རིག་པའི་རང་བཞིན་མངོན་སུམ་དུ་གྱུར་པ་ཡིན།། འདུ་བྱེད་རྣམས་ལ་འདུ་བྱེད་ཀྱི་རང་བཞིན།། དང་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་རང་བཞིན་དང་། མིང་དང་གཟུགས་ལ་མིང་དང་གཟུགས་ཀྱི་རང་བཞིན་དང་། སྐྱེ་མཆེད་དྲུག་ལ་སྐྱེ་མཆེད་དྲུག་གི་རང་བཞིན་དང་། རེག་པ་ལ་རེག་པའི་རང་བཞིན་དང་། ཚོར་བ་ལ་ཚོར་བའི་རང་བཞིན་དང་། སྲེད་པ་ལ་སྲེད་པའི་རང་བཞིན་དང་། ལེན་པ་ལ་ལེན་པའི་རང་བཞིན་དང་། སྲིད་པ་ལ་སྲིད་པའི་རང་བཞིན་དང་། སྐྱེ་བ་ལ་སྐྱེ་བའི་རང་བཞིན་དང་། རྒ་ཤི་ལ་རྒ་ཤིའི་རང་བཞིན་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། འདི་ནི་ནམ་ཡང་ཡོད་མིན་ཤེས། ། དེས་ནི་མ་རིག་མངོན་སུམ་གྱུར།། དེ་ནི་དངོས་པོར་གྲུབ་མེད་དེ།། ཆུ་ཡི་ནང་གི་གཟུགས་བརྙན་བཞིན།། མ་རིག་པ་ནི་རྫུན་གྱི་གནས།། ཆོས་གང་དང་ཡང་འདྲེ་བ་མེད།། ཆོས་གང་འདྲེ་བ་མེད་པ་དེ། ། མ་རིག་པ་ཡི་མཚན་ཉིད་དོ།། མ་རིག་ནམ་མཁའ་ཇི་བཞིན་ཏེ།། ཆོས་རྣམས་ཐམས་ཅད་མཚན་ཉིད་མེད།། འདི་ནི་མངོན་སུམ་གྱུར་པས་ན།། རང་རྒྱལ་བ་ཞེས་བརྗོད་པ་ཡིན།། ལུས་ཀྱི་འདུ་བྱེད་གང་བརྗོད་པ།། དེ་དག་ལུས་ནང་གང་ནའང་མེད།། ཕྱི་རོལ་མ་ཡིན་ཕྱི་དང་ནང་།། གང་དུ་ཡང་ནི་བྱུང་བ་མེད།། ཆུ་ཤིང་ཕུང་པོ་སྙིང་པོ་མེད།། རྟག་པར་ཤིན་ཏུ་སྙིང་པོ་མེད།། མ་སྐྱེས་ཤིང་ནི་མ་འགགས་པ།། ནམ་མཁའ་དང་ནི་མཚུངས་འདྲ་བ།། འདི་ནི་མངོན་སུམ་གྱུར་པས་ན།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། བསམ་གྱིས་མི་ཁྱབ་དེ་དེས་ན།། རང་རྫོགས་སངས་རྒྱས་ཞེས་བརྗོད་དོ། ། སྒྱུ་མའི་རང་བཞིན་སྤྱོད་ཡུལ་དུ།། ཆོས་རྣམས་ཐམས་ཅད་རྣམ་པར་ཤེས།། རྣམ་ཤེས་སྒྱུ་མའི་རང་བཞིན་དུ།། འདི་ནི་མངོན་སུམ་གྱུར་པ་ཡིན།། རྣམ་ཤེས་སྤྱོད་ཡུལ་འདུ་ཤེས་འདི། ། ལོག་པ་ཡིན་པར་རྣམ་པར་ཤེས།། དེ་ཡི་འདུ་ཤེས་རྣམ་བཤིག་པས།། ཆོས་རྣམས་སྟོང་པ་ཉིད་དུ་ཤེས།། ཤེས་པ་ཤེས་པ་མ་ཡིན་ཤེས།། ཐམས་ཅད་དུ་ཡང་དེ་མི་ཆགས། ། འདི་ལྟར་མིང་དུ་བཏགས་པའི་ཆོས།། རྣམ་པར་ཤེས་པ་སྒྱུ་མ་འདྲ།། མིང་དང་གཟུགས་སུ་གང་བརྗོད་པ།། དེ་ནི་དགོངས་ཏེ་བརྗོད་པ་ཡིན།། རྟག་པར་ཤིན་ཏུ་རང་བཞིན་གྱིས།། དེ་ཡི་དངོས་པོ་གྲུབ་པ་མེད།། སྐྱེ་མཆེད་ཡོད་པ་མ་ཡིན་པར།། སྐྱེ་མཆེད་འདི་དག་བསྟེར་བྱས་པ།། དེ་དག་སྒྲ་ཡིས་བརྗོད་པ་སྟེ།། དེ་དག་གཟོད་ནས་སྟོང་པ་ཡིན།། སྔོན་ཆད་དེ་ཡི་རེག་པ་གང་།། སྐྱེ་མཆེད་བརྟེན་ནས་བྱུང་གྱུར་པོ།། གསོག་དང་སྒྱུ་མའི་རང་བཞིན་ལྟར།། དེ་ནི་དེ་ཡིས་རྣམ་པར་བཤིག། རེག་པ་རྣམ་པར་རྟོག་ལས་བྱུང་།། དེ་ནི་ངོ་བོ་ཉིད་ཀྱིས་སྟོང་།། ངོ་བོ་ཉིད་ཀྱིས་རེག་པའི་ཆོས། ། གང་ཡང་གནས་པ་མ་ཡིན་ནོ།། འདི་ནི་ནོར་པར་རེག་པ་ཞེས།། རིག་པའི་རང་བཞིན་མངོན་སུམ་གྱུར།། རེག་ལ་དབེན་པ་ཕུན་སུམ་ཚོགས།། རང་རྒྱལ་བ་ཞེས་བརྗོད་པ་ཡིན། ། ཚོར་བ་རྣམ་གསུམ་སྟོང་པ་དང་།། ངོ་བོ་ཉིད་ཀྱིས་ཞི་བ་དང་།། ཆུ་བུར་འདྲ་བའི་སྙིང་པོ་མེད།། ཤིན་ཏུ་གསོག་དང་གསོབ་ཏུ་ཤེས།། སྲེད་པ་ཐམས་ཅད་ཡང་དག་ཆད། ། སྲེད་པ་མེད་པའི་ཆོས་ཉིད་ཤེས།། སྲེད་པ་ཟད་པ་རྗེས་སུ་ཐོབ།། རང་རྒྱལ་བ་ཞེས་བརྗོད་པ་ཡིན།། ལེན་པ་ལེན་པ་མ་ཡིན་ཏེ།། སྟོང་པར་དེ་ཡིས་རྣམ་པར་བཤིག། དེ་ནི་དངོས་པོ་གྲུབ་མེད་དེ། ། སྨིག་རྒྱུ་ལ་ནི་ཆུ་བཞིན་ནོ།། དེ་ཡིན་སྲེད་པར་འདུ་ཤེས་གང་།། དེ་ཡིས་འདུ་ཤེས་སྡིག་པ་ཅན།། དེ་ཡི་དེ་ནི་རང་བཞིན་གྱིས།། རྟག་པར་ཤིན་ཏུ་དངོས་མེད་ཤེས།། དེ་ལ་སྐྱེ་བ་ཐམས། ཅད་མེད།། དེ་ལ་འདྲི་བ་ཡོད་མ་ཡིན།། དེ་ནི་ནམ་ཡང་གང་ཞིག་ཏུ།། སྐྱེ་བར་འགྱུར་བ་གང་ཡང་མེད།། རྐྱེན་རྣམས་འདི་དག་ཤེས་ནས་ནི།། དེ་ནི་གང་ལའང་མི་གནས་ཏེ།། རང་སངས་རྒྱས་ཞེས་བྱ་བའི་སྒྲར། ། བྱང་ཆུབ་སེམས་དཔའ་རབ་ཏུ་བསྟན།། ཀུན་དགའ་བོ་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་སངས་རྒྱས་སུ་བསྟན་ཏོ། ། ། བམ་པོ་བཞི་པ།། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཚེ་ཚོགས་སུ་བཅང་བ་འདི་དག་སྨྲས་སོ།། མྱ་ངན་འདས་མེད་འདས་པ་ཞེས།། འཇིག་རྟེན་མགོན་པོ་བརྗོད་པ་མཛད།། ནམ་མཁའ་མདུང་པ་བོར་ན་ནི།། ནམ་མཁའ་ཉིད་ཀྱིས་དགྲོལ་བར་གྱུར།། ཆགས་པ་མི་མངའ་ཆོས་སྟོན་པ།། སངས་རྒྱས་ཐབས་ལ་མཁས་པ་པོ། ། འདིར་གསུང་ཅི་ཡང་མ་མཆིས་ལ།། འོན་ཀྱང་གསུང་བ་བརྗོད་པ་མཛད།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྡེམ་པོ་ངག་མ་འཚལ་བའི་འཇིག་རྟེན་གནས་པ་དག་འདིར་རྨོངས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ལ་དགོངས་ཏེ། དད་པས་རྗེས་སུ་འབྲང་བ་ཡོངས་སུ་བསྟན་པ་དང་། ཆོས་ཀྱི་རྗེས་སུ་འདྲང་བ་དང་། དེ་བཞིན་དུ་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཡོངས་སུ་བསྟན་པ། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་ཐོས་ནས། དགེ་སློང་བསམ་གཏན་བཞི་པ་ལ་བསམ་གཏན་པ་བྱེ་བ་ཕྲག་ལྔ་བཅུ་སྟན་ལས་ལངས་ཏེ་འདུག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། དེ་རིང་ཅི་ཡང་མ་མཆིས་གྱུར།། ཆོས་ཉིད་མ་ལུས་པར་ཡང་རྟོགས།། སྒྱུ་མའི་ཆོས་ཉིད་མཉམ་པར་ནི།། ཐེག་པ་ཐམས་ཅད་མཉམ་པར་འཚལ།། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པ་ཉི་ཁྲི་སྟན་ལས་ལངས་ཏེ་འདུག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚོགས་སུ་བཅད་པའི་སྔས་སོ། ། ལུས་ཅན་རྣམས་ནི་དཀྲོལ་སླང་དུ།། དགོངས་པ་གང་གིས་ཉན་ཐོས་གསུངས།། དགེངས་པ་དེ་ནི་བདག་ཅག་རྟོགས།། དེ་ནི་བདེན་པ་འམ་བརྫུན་མ་ལགས། ། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་རང་སངས་རྒྱས་སུ་འདུ་ཤེས་པ་ལྔ་སྟོང་སྟན་ལས་ལངས་ཏེ་འདུག་ནས།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། རང་སངས་རྒྱས་ཉིད་བསམ་ཡས་པ།། རྒྱལ་བས་དགོངས་ཏེ་གང་གསུངས་པ།། རང་རྒྱལ་བྱང་ཆུབ་བདག་ཅག་ལ།། དེ་རིང་མངོན་སུམ་ཉིད་དུ་གྱུར།། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུར་འདུ་ཤེས་པ་འབུམ་ཕྲག་བཅུ་སྟན་ལས་ལངས་ཏེ་འདུག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། བུད་མེད་དངོས་པོ་འགྱུར་བ་ཡི།། མཉམ་པའི་ཆོས་རྣམས་ཡང་དག་འཚལ།། གཞན་མི་གསུང་བའི་སངས་རྒྱས་སུ།། འཇིག་རྟེན་མཆོག་ཏུ་བདག་ཅག་འགྱུར།། དེ་ནས་དགེ་སློང་མ་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་བསྙེན་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུར་འདུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་ངུར་འདུ་ཤེས་པ་འབུམ་ཕྲག་ཉི་ཤུ་རྩ་བརྒྱད་སྟན་ལས་ལངས་ཏེ་འདུག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། བདག་ཅག་སེམས་དང་དྲི་མ་མེད།། བཻ་ཌཱུཪྻ་ལྟར་རྣམ་པར་དག། སངས་རྒྱས་ཆོས་ཐོབ་བགྱི་སླད་དུ།། དེ་རིང་རབ་ཏུ་བྱུང་བར་བགྱི།། དེ་ནས་བར་སྣང་ལ་འཁོད་པའི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་གིས་གཏོར་ནས་འདུས་ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ། ། ཐེག་པར་འདུ་ཤེས་སྔོན་གང་གྱུར།། དེ་བཞིན་འབྲས་བུར་འདུ་ཤེས་པ།། འདུ་ཤེས་དེ་དང་བདག་ཅག་བྲལ།། སངས་རྒྱས་བྱང་ཆུབ་ཡང་དག། གཏང་།། དེ་ནས་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་དང་། རབ་འབྱོར་དང་། མ་འགགས་པ་དང་། ནམ་གྲུ་དང་། ཀ་བ་པི་ན་ལ་སོགས་པ་དགྲ་བཅོམ་པ་སྟོང་ཕྲག་མང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བདུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེང་བདག་ཅག་བརྣག་པ་ཡོངས་སུ་རྫོགས་ལགས་སོ། ། བསམ་པ་ཡོངས་སུ་རྫོགས་ལགས་སོ།། བདུད་ཕྱིར་རྒོལ་བ་བཅོམ་ལགས་སོ།། མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པ་དང་ལྡན་ལག་སོ།། བཅོམ་ལྡན་འདས་དེང་བདག་ཅག་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ། ། བཅོམ་ལྡན་འདས་དེང་བདག་ཅག་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ།། བཅོམ་ལྡན་འདས་དེང་བདག་ཅག་ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ། ། བཅོམ་ལྡན་འདས་དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ།། བཅོམ་ལྡན་འདས་དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ།། དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བས་བཏང་སྙོམས་སུ་མཛད་དོ།། དེ་ནས་འཁོར་དེའི་སྲོག་ཆགས་བརྒྱ་སྟོང་མང་པོ་དག་ཐེ་ཙོམ་དུ་གྱུར་ཏེ། འདི་ཅི་ཞིག་བདག་ཅག་མུན་པར་གྱུར་པ་འདི་ཇི་ལྟ་བུ་ཞིག། དགྲ་བཅོམ་པ་དག་ཀྱང་ཚིག་འདི་སྐད་འཛེར་ན། སོ་སོའི་སྐྱེ་བོ་ལྟ་སྨོས་ཀྱང་ཅི་འཚལ་བར་མི་འགྱུར་རོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་གང་དག་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ།། ཀུན་དགའ་བོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བདག་གིས་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་འདི་ཤེས་པར་བྱའོ་སྙམ་དུ་གོ་ཆ་དེ་ལྟ་བུར་བགོས་པ་དེ་དག་གནས་འདི་ལ་རྨོངས་པར་མི་འགྱུར་རོ། ། གང་དག་བརྩོན་འགྲུས་མི་དམིགས་པར་བརྩོན་འགྲུས་དང་ལྡན་པར་གྱུར་པ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ། ། གང་དག་གཞན་གྱི་དྲིང་མི་འཇོག་པའི་ཤེས་པ་དང་ལྡན་པར་གྱུར་པ་དེ་དག་འདི་ལ་རྨོངས་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་དཀའ་སྩལ་ཏོ། ། འཇིག་རྟེན་མགོན་པོ་སྐྱེང་རྣམས་ཀྱིས།། ལྡེམ་ངག་ཤིན་ཏུ་ཤེས་དཀའ་སྟེ།། བྱང་ཆུབ་སེམས་དཔའ་འཇིག་མེད་པ།། དེ་ཡིས་ཆེད་དུ་གོ་མ་དགོས།། ལེ་ལོ་ཅན་དང་བློ་ཆུང་བས།། དགོངས་པ་ཀུན་ཏུ་ཤེས་མི་ནུས།། ལྡེམ་པོ་ངག་གོ་ཆེད་དུ་ནི།། དེ་ཕྱིར་བརྩོན་འགྲུས་བརྩམ་པར་གྱིས།། འཇིག་རྟེན་མགོ་དེ་སྐྱོ་བ་རྣམས་ཀྱིས།། དགོངས་པ་གང་ཚེ་ཤེས་གྱུར་པ། ། དེ་ཚེ་དེ་ཡི་ཤེས་པ་ནི།། ལྡེམ་ངག་རྣམ་པར་སྦྱོང་བར་འཇུག། དེ་ལྟར་དེ་རྟོགས་བྱང་ཆུབ་སྟེ།། བྱང་ཆུབ་སེམས་དཔས་ཐོབ་པ་ཡིན།། བརྗོད་པས་བྱང་ཆུབ་སྟོང་པ་སྟེ།། བྱང་ཆུབ་ཀྱིས་ཀྱང་བརྗོད་པ་སྟོང་།། སྟོང་པ་སྟོང་པ་མི་ཤེས་ལ།། སྟོང་པ་སྟེང་པ་ཞེས་ཀྱང་བརྗོད།། བརྗོད་པ་ཐམས་ཅད་ཆད་པ་ནི།། སྟོང་པ་ཉིད་ཅེས་རབ་ཏུ་བསྟན།། ནམ་མཁའ་རྟག་ཏུ་གཟུང་མེད་དེ།། འདི་ལ་གཟུང་བ་ཡོད་མ་ཡིན།། གང་ལ་གཟུང་བ་ཡོད་མིན་པ།། དེ་ནི་སྟོང་ཉིད་ཤེས་པར་གྱིས།། གང་དག་བག་ཡོད་གནས་འགྱུར་ཞིང་།། དེ་ལྟར་སྟོང་ཉིད་ཤེས་འགྱུར་བ། ། མཁས་པ་དེ་དག་གནས་འདིར་ནི།། ཀུན་ཏུ་རྨོངས་པར་མི་འགྱུར་རོ།། དེ་ནས་འཁོར་དེའི་དགེ་སློང་དད་པས་རྗེས་སུ་འབྲང་བར་འདུ་ཤེས་པ་བྱེ་བ་ཕྲག་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་པ་འདི་སྨྲས་སོ།། འཇིག་རྟེན་མགོན་པོ་བླ་ན་མེད།། སངས་རྒྱས་བདག་ཅག་ངོགས་མ་མཆིས།། དགེངས་ཏེ་བསྟན་པ་གང་ལགས་པ།། བྱང་ཆུབ་མཆོག་ལ་གནས་པར་བགྱི། ། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དེ་དག་མ་ཡིན་པ་གཞན་དགེ་སློང་ཆོས་ཀྱི་རྗེས་སུ་འབྲང་བར་འདུ་ཤེས་པ་བྱེ་བ་ཕྲག་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། ཁྱོད་ཀྱིས་ཆོས་རྗེས་འབྲང་བ་ཞེས།། དགོངས་ཏེ་ཡོངས་སུ་ཞིང་བསྟན་པ། ཐེ་ཙོམ་དེ་ནི་མ་མཆིས་ཏེ།། བདག་ཅག་བྱང་ཆུབ་སྣང་བ་ཐོབ།། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དེ་དག་མ་ཡིན་པ་གཞན་དགེ་སློང་བརྒྱད་པར་འདུ་ཤེས་པ་བྱེ་བ་ཕྲག་བཅུ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། བརྒྱད་པའི་འདུ་ཤེས་གང་གྱུར་པ།། བདག་ཅག་འདུ་ཤེས་དེ་རྣམས་བཤིག་གང་གིས་བརྒྱད་པར་བརྗོད་པ་ཡི། ། དགོངས་པ་དེ་ནི་བདག་ཅག་རྟོགས།། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་གཞན་རྒྱུན་དུ་ཞུགས་པར་འདུ་ཤེས་པ་བྱེ་བ་ཕྲག་བཅུ་གཅིག་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། སངས་རྒྱས་ཆོས་ལ་རྣམ་ཀུན་ཏུ།། སྣང་བ་བདག་ཅག་དེ་རིང་ཐོབ།། གང་ཕྱིར་རྒྱུན་དུ་ཞུགས་བསྟན་པ། ། དགོངས་པ་དེ་ནི་བདག་ཅག་འཚལ།། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་གཞན་ལན་ཅིག་ཕྱིར་འོང་བར་འདུ་ཤེས་པ་བརྒྱ་སྟོང་དག་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། བདག་ཅག་ལན་ཅིག་ཕྱིར་འོང་བར།། བདག་ཅག་མངོན་པར་ཞེན་གྱུར་པ།། དེ་རིང་ཞེན་པ་མ་མཆིས་གྱུར། ། དམ་པ་བདག་ཅག་སྤྲོས་མ་མཆིས།། དེ་ནས་དགེ་སློང་དེ་དག་གིས་ཚིགས་སུ་བཅད་པ་དེ་ཐོས་ནས། དགེ་སློང་ཕྱིར་མི་འོང་བའི་འབྲས་བུར་འདུ་ཤེས་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་ལྔ་སྟན་ལས་ལངས་ཏེ་འདུས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ་ཚིགས་སུ་བཅད་པ་འདི་སྨྲས་སོ།། མི་ཡི་དམ་པ་འཇིག་རྟེན་མགོན།། བདག་ཅག་སྤྲོས་པ་མ་མཆིས་གྱུར།། འོབས་ལས་བརྒལ་ནས་དེ་རིང་ནི། ། བྱང་ཆུབ་ལ་ཡང་སྣང་བ་ཐོབ།། དགོངས་པ་ཡོངས་སུ་མ་ཤེས་པའི་སྲོག་ཆགས་ཐེ་ཙོམ་དུ་གྱུར་པ་དེ་དག་སྟན་ལས་སྐྱོད་པར་མ་ནུས་ཏེ། གང་དག་འདུག་པ་དེ་དག་ལྡང་མ་ནུས། གང་དག་ལ་པ་དེ་དག་ནི་འདུག་མི་ནུས་ནས་དེ་དག་ཐེ་ཙོམ་དུ་གྱུར་ཏེ། རབ་ཏུ་སེམས་ཤིང་འདུག་གོ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་ག་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གནས་བརྟན་དེ་དག་གིས་སྨྲས་པ་དེ་ཐོས་ནས། སྲོག་ཆགས་བརྒྱ་སྟོང་མང་པོ་འདི་དག་ཐེ་ཙོམ་དུ་གྱུར་ཏེ། འདི་དག་གིས་གང་ལ་བསམས་ཏེ་སྨྲས་པ་ལ། བཅོམ་ལྡན་འདས་འདིའང་ཅང་མི་གསུང་བར་བཞུགས་ན། འཇམ་དཔལ་གཞོན་ནུར་གྱུར་པ་གསུངས་ཤིག། དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱིས་ཡིན་ཏེ། གནས་བརྟན་འདི་དག་གིས་གང་ལ་བསམས་ཏེ་ཚིག་སྨྲས་པ་འདི་ནི་ཕྱིར་མི་ལྡོག་པ་རྣམས་ལ་མངོན་སུམ་མོ།། སྨྲས་པ། འཇམ་དཔལ་ཅི་གནས་བརྟན་འདི་དག་ཀྱང་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་ནམ། སྨྲས་པ། ཀུན་དགའ་བོ་དེ་དེ་བཞིན་ནོ།། ཀུན་དགའ་བོས་སྨྲས་པ། འཇམ་དཔལ་གནས་བརྟན་འདི་དག་གིས་གང་ལ་བསམས་ཏེ་ཚིག་སྨྲས་པ་ལ། བཅོམ་ལྡན་འདས་འདིའང་ཅང་མི་གསུང་བར་བཞུགས་ན། དེའི་ཕྱིར་གསུངས་ཤིག། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་མ་ནི་འཁོར་བའི་བསྐྱེད་པ་མ་རིག་པ་ལ་བྱ་སྟེ། འདི་དག་གིས་མ་རིག་པ་དེ་ཤིན་ཏུ་བཅོམ་མོ། ། བཙུན་པ་ཀུན་དགའ་བོ་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དགའ་བའི་འདོད་ཆགས་དང་ལྡན་པ་ལ་བྱ་སྟེ། འདི་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེ་དང་བྲལ་ལོ། ། དགའ་བའི་འདོད་ཆགས་ཀྱང་ཤིན་ཏུ་བཅོམ་བཏགས་སོ།། དགྲ་བཅོམ་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ཏེ། འདི་དག་གིས་དེ་དག་རྣམ་པར་མི་གཞིག་པའི་ཚུལ་གྱིས་རྣམ་པར་བཤིག་སྟེ་བཅོམ་མོ། ། འདི་དག་ལ་སོ་སོའི་སྐྱེ་བོའི་ཆོས་ཀྱི་འདུ་ཤེས་གང་ཡོད་པ་དེའང་འདི་དག་གིས་ཆོས་ཐམས་ཅད་མི་དབྱེ་བའི་ཚུལ་གྱིས་ཕྱེའོ།། འདི་དག་ལ་དེ་བཞིན་གཤེགས་པའི་འདུ་ཤེས་སུ་གྱུར་པ་གང་ཡོད་པའི་འདུ་ཤེས་དེའང་མི་སྐྱེ་བའི་རྡུལ་གྱིས་འདི་དག་དང་བྲལ་ལོ། ། བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ནས། དེང་བདག་ཅག་མཚམས་མེད་པ་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ་ཞེས་སྨྲས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཁྱེར་བའང་མེད། བླངས་པའང་མེད་དེ། དེའི་ཕྱིར་མཚམས་མེད་པ་ལྔ་དང་ལྡན་པ་ཞེས་བྱའོ།། འདི་དགྲ་གིས་ཅི་ལ་བསམས་ཏེ། དེང་བདག་ཅག་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ་ཞེས་དེ་སྨྲས་ཤེ་ན། བཙུན་པ་ཀུན་དགའ་བོ་འདི་དག་གིས་འདོད་པའི་ཡོན་ཏན་ལྔ་པོ་འདི་དག་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། མིག་ཡོར་ལྟ་བུར་ཤེས་ཏེ། འདི་དག་ལ་ཤེས་པ་དེ་ཡོངས་སུ་རྫོགས་ཤིང་། འདི་དག་གིས་འདོད་པའི་ཡོན་ཏན་ལྔ་མ་ཚང་བ་མེད་པ་དང་། ཡོངས་སུ་རྫོགས་པ་མེད་པར་བྱས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཤིན་ཏུ་མེད་པ་སྟེ། དེ་ལྟར་འདི་དག་གིས་དེ་དག་ཡོངས་སུ་ཤེས་སོ།། དེ་ལྟར་དེ་དག་དང་ལྡན་ནོ།། དེ་ལྟར་དེ་དག་གི་ཤེས་པ་ཡོངས་སུ་རྫོགས་ཏེ། དེའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ཞེས་བྱའོ།། ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ནས། དེང་བདག་ཅག་འདོད་པའི་ཡོན་ཏན་ལྔ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ་ཞེས་སྨྲས་སོ། ། བཙུན་པ་ཀུན་དགའ་བོ་འདི་དག་གིས་དེང་བདག་ཅག་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་པ་ལགས་སོ།། ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ་ཞེས་དེ་སྐད་གང་སྨྲས་པ་ནི། བཙུན་པ་ཀུན་དགའ་བོ་འདི་དག་གིས་ཆོས་ཐམས་ཅད་ནི་ལོག་པ་ཡིན་པར་མཐོང་ངོ་།། བཙུན་པ་ཀུན་དགའ་བོ་ལོག་པ་ཞེས་བྱ་བ་ནི་བརྫུན་པ་སྟེ། ཆོས་ཐམས་ཅད་ནི་བརྫུན་པའོ།། གང་དུའང་སྦྱོར་བ་མེད་ཅིང་ནམ་མཁའ་དང་འདྲ་སྟེ། ཞུམ་པ་མེད་པ། ཞེན་པ་མེད་པ། རྟོག་པ་མེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། འདི་དག་གིས་དེ་དག་དེ་ལྟར་ཤེས་སོ།། ཡང་དག་པར་ན་ཆོས་ཐམས་ཅད་ནི་མཉམ་པ་སྟེ། མཉམ་པ་དེ་ནི་ཡང་དག་པའི་ལྟ་བའོ།། འདི་དག་ནི་མཉམ་པའི་འདུ་ཤེས་དེ་དང་བྲལ་ལོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། འདི་དག་གིས་ཆོས་ཕྲ་རབ་ཙམ་ཡང་མི་དམིགས་པར་སངས་རྒྱས་ཀྱི་ཆོས་དེ་དག་རྗེས་སུ་ཐོབ་བོ།། རྟོག་སོ།། བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ཏེ། དེང་བདག་ཅག་ལོག་པར་ལྟ་བ་ཡོངས་སུ་རྫོགས་པ་དང་ལྡན་ལགས་སོ།། ཡང་དག་པའི་ལྟ་བ་དང་བྲལ་ལགས་སོ་ཞེས་སྨྲས་སོ།། བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་གང་ལ་བསམས་ཏེ། དེང་བདག་ཅག་གིས་སྲོག་ཆགས་བརྒྱ་སྟོང་མང་པོ་སྲོག་བཀུམ་ལགས་སོ་ཞེས་ཚིག་སྨྲས་པ་ལ། བཙུན་པ་ཀུན་དགའ་བོ་འདི་དག་གི་ལྡེམ་པོ་ངག་འདི་ཐོས་ནས། སྲོག་ཆགས་བརྒྱ་སྟོང་མང་པོ་དང་། ལྷ་བརྒྱ་སྟོང་མང་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། བྲག་ཆེ་ལྟ་བུར་ཤེས་ཤིང་རྟོགས་ཏེ། དེས་འདི་དག་སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་བྲལ་ནས། ཆོས་ཐམས་ཅད་བསྐྲུན་པ་མེད་པའི་ཚུལ་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྐྲུན་ཏོ།། འདི་ཐོས་ནས་དེ་དག་མ་ཡིན་པ་གཞན་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱང་སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་དང་བྲལ་བར་གྱུར་ཏེ། དེའི་ཕྱིར་དེ་དག་ཡང་འཆི་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་འདུ་ཤེས་དང་། སྲོག་གི་འདུ་ཤེས་ཡོད་ན་འཆི་བར་འགྱུར་ན། དེ་དག་ཤིན་ཏུ་མི་སྐྱེ་བའི་ཆོས་ཉིད་ཀྱིས་འདུ་ཤེས་དེ་དང་བྲལ་བར་འགྱུར་རོ།། བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ཏེ། དེང་བདག་དྲག་གིས་སྲོག་ཆགས་བརྒྱ་སྟོང་མང་པོའི་སྲོག་བཀུམ་ལགས་སོ་ཞེས་སྨྲས་སོ།། ཚིག་དེ་སྐད་སྨྲས་སོ།། བཙུན་པ་ཀུན་དགའ་བོ་འདི་དག་གོས་གང་ལ་བསམས་ཏེ། དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ།། དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ལགས་སོ་ཞེས་ཆོཚིག་དེ་སྐད་སྨྲས་པ་ལ། བཙུན་པ་ཀུན་དགའ་བོ་འཁོར་འདིའི་ནང་ནས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང་། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོས་དེང་ཉོན་མོངས་པ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་དང་མཚུངས་པར་རིག་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེད་དེ། དེའི་ཕྱིར་དེ་དག་དང་བྱང་ཆུབ་ཀྱི་ཕྱིར་ཉོན་མོངས་པ་ལས་རྣམ་པར་རྒྱལ་ནས། འདི་སྐད་དུ་དང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ་ཞེས་སྨྲས་ཏེ། ཉོན་མོངས་པ་རྣམས་སྤངས་པའང་མེད། སངས་རྒྱས་ཀྱི་ཆོས་རྣམས་བརྟེན་པའང་མེད་དོ།། འདི་དག་ལ་ཉོན་མོངས་པའི་ཆོས་ཆུང་རབ་ཙམ་ཡང་མེད་དོ།། བཙུན་པ་ཀུན་དགའ་བོ་འདི་དག་གིས་ནི་འདི་ལ་བསམས་ཏེ། དེང་བདག་ཅག་གིས་བྱང་ཆུབ་ཐོབ་ལགས་སོ།། དེང་བདག་ཅག་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལྔ་འདས་ལགས་སོ་ཞེས་ཚིག་དེ་སྐད་སྨྲས་སོ། ། དེང་ཞེས་བྱ་བ་ནི་ཉི་མ་འདི་གང་ཡིན་པ་ལ་དེང་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ཆོས་ཐམས་ཅད་ལ་སྣང་བ་བྱས་ཏེ། དེས་སེམས་གང་མ་ཐོབ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ཡིན་པ་འདི་ནི་ཆོས་ཐམས་ཅད་དང་འཆར་བའོ།། གང་གི་ཚེ་དེ་བྱང་ཆུབ་ཀྱི་འདུ་ཤེས་རང་བྲལ་བ་དེའི་ཚེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཆོས་ཐམས་ཅད་དང་ནུབ་བོ།། བཙུན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་ཐེག་པ་པ་ལ་ནི་འཕགས་པའི་འདུ་ཤེས་ཀྱིས་འདི་ཉིན་མོའོ། ། བྱིས་པ་རྣམས་ལ་ནི་ཉི་མའི་འདུ་ཤེས་ཀྱིས་ཉིན་མོའོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཡང་དག་པར་སྙིང་པོར་ཉིན་མོར་གྱུར་ན་ནི། དེའི་ཕྱིར་ཉིན་མོ་རྣམས་ཕུང་པོར་འགྱུར་རོ།། གལ་ཏེ་ཡང་དག་པར་སྙིང་པོར་ཕུང་པོར་གྱུར་ན་ནི། དེའི་ཕྱིར་མཚན་མོ་རྣམས་ཀྱང་ཁུང་པོར་འགྱུར་ཏེ། འདས་པའི་ཉིན་མཚན་རྣམས་འདྲེས་པར་འགྱུར་རོ།། ཉིན་མོའང་མཚན་མོར་འགྱུར་རོ།། མཚན་མོའང་ཉིན་མོར་འགྱུར་རོ། ། བཙུན་པ་ཀུན་དགའ་བོ་བྱིས་པ་རྣམས་ཀྱི་ཉིན་མོའི་འདུ་ཤེས་ཀྱིས་ཉིན་མོའོ།། མཚན་མོའི་འདུ་ཤེས་ཀྱིས་མཚན་མོའོ།། བྱང་ཆུབ་སེམས་དཔའི་ཐེག་པ་པ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལ་ནི་ཉིན་མོ་ལ་ཉིན་མོའི་འདུ་ཤེས་དང་། མཚན་མོ་ལ་མཚན་མོའི་འདུ་ཤེས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། དེའི་ཕྱིར་མངོན་སུམ་དུ་སྨོན་པ་མེད་དོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། འཁོར་བ་སྐྱེད་པར་བྱེད་པ་ཡི།། མ་རིག་པ་ལ་མ་ཞེས་བརྗོད།། དེ་དག་དེ་ནིརྩར་བཅས་བཏོན། ། དེ་ཕྱིར་མ་བསད་ཅེས་བརྗོད་དོ།། ཚུལ་བཞིན་མ་ཡིན་ཡིད་ལ་བྱེད།། དགའ་བའི་འདོད་ཆགས་པ་ཞེས་བརྗོད།། དེ་དག་ཡང་དག་ཇི་བཞིན་དུ།། དེ་ནི་རྟག་ཏུ་དངོས་མེད་ཤེས།། འདི་ནི་ཡང་དག་དངོས་མེད་པར།། རྩ་ནས་བཏོན་ལ་མི་སྐྱེད་དེ།། དམིགས་པ་མེད་ཅིང་གནས་མེད་པ།། དེས་ན་བསད་པ་ཞེས་བརྗོད་དོ།། དགྲ་བཅོམ་ཆོས་སུ་གང་བརྗོད་དང་།། བྱིས་པའི་ཆོས་གང་ཐ་དད་པ། ། སྲེད་པ་རྣམ་པར་བཤིག་པས་ན།། དེ་ཕྱིར་དགྲ་བཅོམ་བསད་ཅེས་བརྗོད།། དགེ་འདུན་འདུ་ཤེས་གང་གྱུར་པ།། དེ་དག་དེ་ཡི་རང་བཞིན་ཤེས།། ཆོས་རྣམས་ཐམས་ཅད་དབྱེ་མེད་པར།། དབྱེ་བའི་སྒྲ་ནི་ངེས་པར་བསྟན།། རྫོགས་སངས་རྒྱས་ཞེས་འདུ་ཤེས་གང་།། སྔོན་ཆད་རྣམ་པར་བརྟག་གྱུར་པ།། སྐྱེ་བ་མེད་དང་འགག་མེད་པར།། དེ་དག་དེ་ནི་རྩར་བཅས་བཏོན།། རྒྱུན་མི་འཆད་པར་འདུ་ཤེས་འདི། ། སྟོང་ཞིང་དབུས་དང་མཐའ་སྟོང་པར།། འདི་དག་གིས་ནི་ཚིག་ཏུ་བརྗོད།། དེ་ནི་མཉམ་ཉིད་རེག་པར་བྱས།། འདོད་པའི་ཡོན་ཏན་ལྔ་བརྗོད་པ།། ཉིན་གང་གིས་ནི་ཡོངས་བརྗོད་པ།། འདུ་ཤེས་སྒྱུ་མར་རྟོགས་པས་ན།། དེ་ཕྱིར་དེ་དག་འདུ་ཤེས་བྲལ།། དགེ་སློང་དག་གིས་འདོད་འདི་རྣམས།། སྔོན་ཆད་ཇི་བཞིན་མི་ཉུང་བྱས།། འཇིག་རྟེན་མགོན་གྱི་སྤྱན་སྔར་ནི། ། དེ་དག་དེས་ནི་ཚིག་ཏུ་བརྗོད།། འདོད་པའི་ཆོས་རྣམས་རྨི་ལམ་འདྲར།། འདི་དག་གིས་ནི་སྟོང་དུ་ཤེས།། དེ་ལ་ཤིན་ཏུ་སྐྱེ་མེད་པར།། དེ་དག་ཤེས་པ་རབ་ཏུ་རྫོགས།། གསོབ་སྟོང་སྙིང་པོ་མེད་པར་ནི། ། ལོག་པར་ཆོས་རྣམས་ཡོངས་སུ་ཤེས།། ལོག་ཅེས་བྱ་བའང་བརྫུན་དུ་བརྗོད།། དེ་དག་འདུ་ཤེས་འདིར་རབ་རྫོགས།། ཆོས་རྣམས་ཐམས་ཅད་བརྫུན་པ་སྟེ།། གང་དུ་ཡང་དག་འདྲི་བ་མེད།། ། ནམ་མཁའ་སོར་མོ་ལྔ་ལྟ་བུར།། མེད་པས་ཡང་དག་འདྲི་བ་མེད།། ཡང་དག་ཅེས་ནི་གང་བརྗོད་པ།། ལྟ་བ་དེ་དག་རྣམས་ཀྱིས་ཤེས།། ཆོས་ཀྱིས་མཉམ་ཉིད་གང་དང་མཉམ།། ལྟ་བ་ཤེས་པའང་དེ་དང་མཉམ། ། སེམས་ཅན་འདུ་ཤེས་གྱུར་པས་འཆི།། བྱིས་པའི་བློ་ཅན་རྣམས་ཀྱིས་བརྟགས།། སེམས་ཅན་རྣམས་ནི་མི་དམིགས་ན།། འཆི་བ་སྲིད་པར་མི་འགྱུར་རོ།། གང་གིས་སྐྱེ་བོ་རབ་མང་དག། སྡུག་བསྔལ་བླངས་པ་མི་འདོར་བ།། སྲོག་ཏུ་འདུ་ཤེས་རབ་སྡིག་ཅན།། འདུ་ཤེས་དེ་དེ་རྣམས་ཀྱིས་ལསལ།། དེ་དག་སེམས་ཅན་འདུ་ཤེས་བྲལ།། སྲོག་ཏུ་འདུ་ཤེས་རྣམ་པར་བཤོག། དེས་ན་སེམས་ཅན་མང་པོ་ཡི། ། སྲོག་བཅད་ཅེས་ནི་བརྗོད་པ་ཡིན།། དེ་དག་ཉོན་མོངས་ཀུན་ལས་རྒྱལ།། ཉོན་མོངས་མེད་པའི་ཆོས་ཉིད་རྟོགས།། བྱང་ཆུབ་སྒྲོ་བཏགས་མེད་པ་དང་།། འགྱུར་མེད་རབ་ཏུ་དྲི་མེད་ཤེས།། བདུད་རྣམས་མཐའ་དག་ཕམ་པར་བྱས།། སངས་རྒྱས་ཆོས་རྣམས་རྣམ་པར་སྦྱངས།། ཆོས་ཀུན་མི་མཐུན་མེད་པའི་ཕྱིར།། སྐྱེ་བ་མེད་པས་མྱ་ངན་འདས།། འཇམ་དཔལ་གཞོན་ནུར་གྱུར་པས་ཚོགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ་དེ་ནས་སྲོག་ཆགས་བརྒྱ་སྟོང་རབ་ཏུ་མང་པོ་དེ་དག་ཐེ་ཙོམ་དང་སོམ་ཉི་དང་བྲལ་ཏེ། ཆོས་ཐམས་ཅད་ལ་སྣང་བའང་ཐོབ་པར་གྱུར་ནས། དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དགའ་བ་ཕུལ་ཏེ། ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་དེ་བཞིན་དུ། བདག་ཅག་གིས་ཀྱང་ཆོས་བརྗོད་པར་བགྱིའོ།། སེམས་ཅན་ལའང་བསྟན་པར་བགྱིའོ་ཞེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་ལྡེམ་པོ་ངག་ཏུ་སྨྲས་པ་དེ་དག་ལེགས་པར་བཤད་པ་ནི་ལེགས་སོ་ལེགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་བརྒྱ་སྟོང་མང་པོ་ཐེ་ཙོམ་དང་། སོམ་ཉི་ཟ་བར་གྱུར་པ་གང་དག་ཐེ་ཙོམ་དང་། སོམ་ཉི་ལས་རྣམ་པར་འཀྲོལ་བའི་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་ནི། ཀུན་དགའ་བོ་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུ་པསཡོངས་སུ་སྨིན་པར་བྱས་པ་དག་སྟེ། དེ་དག་ནི་འདིས་ཆོས་བསྟན་པ་ཀུན་དུ་ཤེས་སོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས། འདི་དག་བྱང་ཆུབ་ལས་སླར་མི་ལྡོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། འདི་དག་ནི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་བའི་བཤེས་གཉེན་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་གཟུང་བའི་ཕྱིར་རོ། ། གསོལ་པ། བཅོམ་ལྡན་འདས་ཅི་ལགས། དགེ་སློང་གང་དག་དད་པས་རྗེས་སུ་འབྲང་བའི་འདུ་ཤེས་དང་། ཆོས་ཀྱིས་རྗེས་སུ་འབྲང་བའི་འདུ་ཤེས་དང་། དེ་བཞིན་དུ་བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་འདུ་ཤེས་རྣམས་ལས་ལངས་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ལས་སླར་མི་ལྡོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ཡིད་ཆེས་པ་ར་དཀའ་བ་སྟེ། དམན་པ་ལ་མོས་པ་དང་། ལེ་ལོ་ཅན་དང་། འདོད་པའི་ཆོས་བསྟེན་པ་དང་། འདུ་འདི་ལ་དགའ་བ་དང་། དྲན་པ་བརྗེད་ངས་པ་དང་། ཤེས་བཞིན་མེད་པ་དང་། མཉམ་པར་མ་གཞག་པ་དང་། སེམས་རྣམ་པར་འཁྲུལ་པ་དང་། མངོན་པའི་ང་རྒྱལ་གྱིས་ཡོངས་སུ་ཟིན་པ་དང་། ལུས་རྗེས་སུ་བསྲུང་བ་དང་། སྲོག་རྗེས་སུ་བསྲུང་བ་དང་། ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་དང་། སེར་སྣ་ཅན་དང་། ངང་ཚུལ་ངན་པ་ཅན་དང་། གནོད་སེམས་ཅན་དང་། སངས་རྒྱས་ཀྱི་ཆོས་ལ་མི་མོས་པ་དང་། འཆལ་པའི་ཤེས་རབ་ཅན་དང་། སྡིག་པའི་བཤེས་གཉེན་གྱི་ལག་ཏུ་སོང་བ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྤངས་པ་དང་། དམིགས་པར་ལྟ་བ་དང་ལྡན་པ་དང་། ཐོབ་པ་ལྷུར་ལེན་པ་དང་། བཀུར་སྟི་ལྷུར་ལེན་པ་དང་། ལྷུང་བཟེད་དང་ཆོས་གོ་ས་ལ་ཆགས་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྐད་ལ་མི་ཉལ་བར་རྣལ་འབྱོར་དུ་བྱ་བ་ལ་མི་བརྩོན་པ་དང་། བརྫུན་སྨྲ་བ་དང་། ཕྲ་མའི་ཚིག་ཅན་དང་། ངག་རྩུབ་པོའི་ཚིག་ཅན་དང་། ཚིག་བཀྱལ་པ་སྨྲ་བ་དང་། བརྣབ་སེམས་ཅན་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། བྲེལ་བ་གང་ཡང་རུང་བས་བྲལ་བ་དང་། ཕོ་ཉའི་ལས་ཀྱི་སྤྱོད་ཡུལ་བ་དང་། མཚན་མ་ལ་སྤྱོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་དང་། ཆུང་ཟ་བ་མེད་པའི་ཆོས་ཐམས་ཅད་ལ་མ་དད་པ་དང་། མི་མོས་པ་དང་། ཆོས་དེ་ལྟ་བུ་དང་ལྡན་པས་ནི། ཀུན་དགའ་བོ་གནས་འདི་ལ་མོས་པར་དཀའ་འོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཅང་མི་གསུང་བར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཀུན་དགའ་བོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། ། འཇམ་དཔལ་ཅིའི་ཕྱིར། བཅོམ་ལྡན་འདས་ཅང་མི་གསུང་བས་འདའ་བར་མཛད། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་ཆོས་འདི་ལྟ་བུ་དང་ལྡན་པའི་སེམས་ཅན་ཕལ་ཆེར་འབྱུང་སྟེ། དེ་དག་མི་མོས་པས་དེའི་ཕྱིར། བཅོམ་ལྡན་འདས་ཅངད་མི་གསུང་བས་འདའ་བར་མཛད་དོ།། སྨྲས་པ། འཇམ་དཔལ་གང་དག་འདིར་མོས་པར་འགྱུར་བ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་དག་མོས་པར་འགྱུར་བ་ནི་ཉུང་སྟེ། བཙུན་པ་ཀུན་དཀའ་བོ་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་དོན་ལ་མཁས་པ་དེ་དག་ནི་ཉུང་ཟད་ཅིག་གོ།། གང་དག་མི་མཁས་པ་ནི་རབ་ཏུ་མང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་དག་དེ་ལ་མི་སྤྱོད་དེ། དེའི་ཕྱིར་དེ་ལ་མི་མཁས་སོ།། བཙུན་པ་ཀུན་དགའ་བོ་དེ་བཞིན་དུ་གང་དག་ཆོས་བསྟན་པ་འདི་ལ་མོས་པའི་སེམས་ཅན་ནི་ཉུང་ཟད་ཅིག་གོ།། གང་དག་མྱོས་པར་འགྱུར་བ་དེ་དག་ནི་རྟག་ཏུ་བཀུར་སྟིར་བྱ་བར་མི་འགྱུར་གྱི། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ནས་ཡོངས་སུ་སྤང་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་རང་གི་ལས་ཀྱི་སྒྲིབ་པ་ཆོས་ཀྱིས་འཕོངས་པར་འགྱུར་བའི་ལས་སྔོན་བྱས་པས་སོ། ། སྨྲས་པ། འཇམ་དཔལ་གང་དག་མོས་པ་ཉུང་བར་འགྱུར་བ་དེ་དག་ཉིད་ཆེད་དུ་གསུངས་ཤིག། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་ཞུས་ཤིག་དང་། བཅོམ་ལྡན་འདས་ཁྱོད་ལ་ལན་འདེབས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་དག་མོས་པ་ཉུང་བར་འགྱུར་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ་བཤད་དུ་གསོལ། དེ་དག་གིས་ཐོས་ནས་ཀྱང་དགའ་བར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཞིར་རྣམ་པར་གཟིགས་ནས། ལྗགས་ཀྱི་དབང་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མངོན་པར་བཀབ་སྟེ། ལྗགས་ཀྱི་དབང་པོ་དེ་ལས་འོད་བྱུང་ནས། འོད་དེ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཁྱབ་པར་གྱུར་ཏེ། སྣང་བ་ཆེན་པོས་སྣང་བར་བྱས་སོ།། དེ་ནས་སངས་རྒྱས་ཀྱི་མཐུས་འཁོར་བཞི་པོ་དེས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་བསྟན་པ་འདི་ཉིད་སྟོན་པར་མཐོང་ཞིང་། དེ་དག་གིས་ཆོས་བསྟན་པ་དེའང་ཐོས་སོ།། དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཀུན་ཏུ་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མེད་པར་ཐོས་སོ།། ཐོས་ནས་ཀྱང་འདུས་ཏེ། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བསྟན་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མ་མཆིས་པར་མང་བ་འདི་དག་ཀྱང་ཆོས་བསྟན་པ་འདི་ཉིད་ལྷག་ཆད་མ་མཆིས་པར་སྟོན་པར་མཐོང་ལགས་ན། བཅོམ་ལྡན། འདས་ཀྱིས་ཆོས་བསྟན་པ་འདི་ཉིད་དང་། ཆོས་ཀྱི་བཀའ་མཆིད་འདི་ཉིད་རྒྱུན་མི་གཅོད་པར་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་དེ་བསྡུས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ལྕེའི་དབང་པོ་འདི་ལྟ་བུ་བརྫུན་སྨྲ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེའི་སླད་དུ་གང་དག་མོས་པ་ཉུང་བར་འགྱུར་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཉིད་ཀྱི་ཆེད་དུ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། གང་དག་མ་མོས་པ་དེ་དག་ཀྱང་དབང་དུ་གྱུར་པ་འདི་དག་གིས་མོས་པར་བགྱིད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་བཞི་པོ་གང་ད་ལྟར་འདུས་པ་དེ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་ཆོས་སྟོན་པ་འདི་ཐོས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དག་སྟེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཇི་ལྟར་ད་ལྟར་ང་སྟོན་པ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལྷག་ཆད་མེད་པར་ས་ཕྱོགས་འདི་ཉིད་དུ་སྟོན་པར་འགྱུར་རོ།། དེ་ནས་འཁོར་བཞི་པོ་དེ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། ཁ་ཅིག་གིས་ནི་གོས་རྣམས་ཁ་ཅིག་གིས་ནི་མེ་ཏོག་དང་། འཕྲེང་བ་དང་། བྱུག་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་གཏོར་ཏོ།། བུད་མེད་རྣམས་ཀྱིས་ནི་རྒྱན་ཐམས་ཅད་ལུས་ལས་ཕོག་སྟེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། ། གཏོར་ནས་ཀྱང་ཐམས་ཅད་འདུས་ཏེ་ཚིག་འདི་སྐད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཉིས་སུ་མ་མཆིས་པ་གསུང་བ་ལགས་སོ་ཞེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་ངོ་བུད་མེད་འདི་དག་གིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གཉིས་སུ་མེད་པ་གསུང་བ། ཆགས་པ་མི་མངའ་བ། ཞེ་སྡང་མི་མངའ་བ། གཏི་མུག་མི་མངའ་བ། དྲི་མ་མི་མངའ་བ་སྟེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་པ་དོན་ཡོད་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་ཞེས་བགྱི་བ་འདི་ཇི་ལྟ་བུ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ། ཀུན་དགའ་བོ་མི་ཤེས་སམ། གསོལ་པ། བཅོམ་ལྡན་འདས་མ་འཚལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཉོན་ཅིག་དང་བཤད་དོ། ། གསོལ་པ། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་དག་གིས་ཤཱཀྱ་ཐུབ་པ་ཞེས་ངའི་མིང་ཐོས་པར་འགྱུར་བ་དེ་དཐམམས་ཅད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བྱང་ཆུབ་ནི་ཆགས་པ་མེད་པ། ཞེ་སྡང་བ་མེད་པ། གཏི་མུག་མེད་པ་སྟེ། དོན་ཡོད་པ་ཡིན་ན། གང་དག་དེ་བཞིན་གཤེགས་པ་ལ་མེ་ཏོག་གཅིག་འབུལ་བ་དང་། གང་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་གྱི་མཆོད་རྟེན་རྣམས་ལ་མེ་ཏོག་གཅིག་འཐོར་བ་དག་ལྟ་སྨོས་ཀྱང་ཅི་དགོས། གསོལ་པ། བཅོམ་ལྡན་འདས་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་སེམས་ཅན་གང་དག་གིས་ཐོས་པ་དེ་དག་ཀྱང་བྱང་ཆུབ་ལས་སླར་མི་ལྡོག་པར་འགྱུར་བ་ལགས་སམ། བཀའ་སྩལ་པ། ཀུན་དགའ་བོ་གང་ལ་ལ་དག་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཐོས་པ་དེ་ཉིད་དེ་དག་གི་བྱང་ཆུབ་ཀྱི་ས་བོན་དུ་འགྱུར་རོ།། ཀུན་དགའ་བོ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཐོབ་པ་དོན་ཡོད་པ་མ་ཡིན་ཏེ། དེ་ལྟར་གྱུར་ན་ནི་དེ་བཞིན་གཤེགས་པ་གཉིས་སུ་མེད་པ་གསུང་བར་མི་འགྱུར་རོ།། ཀུན་དགའ་བོཔོ་ཁྱོད་འདི་ལ་ཇི་སྙམ་དུ་སེམས། ཤིང་ནྱ་གྲོ་དྷ་གང་གི་གྲིབ་མ་ལ་སྲོག་ཆགས་བརྒྱ་འམ། ཉིས་བརྒྱ་འམ། སུམ་བརྒྱའམ། བཞི་བརྒྱའམ། ལྔ་བརྒྱ་འཁོད་པའི་ཤིང་ནྱ་གྲོ་དྷའི་ས་བོན་ཇི་ཙམ་ཞིག་ཡིན། གསོལ་པ། བཅོམ་ལྡན་འདས་དེའི་ས་བོན་ཆུང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ས་བོན་དེ་ཙམ་དུ་ཆུང་བ་དེ་ལས་ཤིང་ནྱ་གྲོ་དྷ་དེ་སྐྱེས་ནས། རིམ་གྱིས་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། བཀའ་སྩལ་པ། ཀུན་དགའ་བོ་ཤིང་ནྱ་གྲོ་དྷ་དེ་ས་བོན་ཆུང་ངུ་ལས་སྐྱེས་ནས། རིམ་གྱིས་འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་བ་དེ་བཞིན་དུ། ཀུན་དགའ་བོ་ཤཱཀྱ་ཐུབ་པའི་སྒྲ་ཐོས་པའི་ས་བོན་དེ་ཡང་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་འགྱུར་ཏེ། ཆུད་ཟ་བར་མི་འགྱུར། རབ་ཏུ་ཆུད་ཟ་བར་མི་འགྱུར། རུལ་བར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱིས་ས་བོན་འདི་ནི་གནས་པ་མེད་པ་སྟེ། དེའི་ཕྱིར་རབ་ཏུ་ཆུང་ཟ་བར་མི་འགྱུར་རོ།། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་ཆུང་མི་ཟ་བ་སྟེ། དེའི་ཕྱིར་ཆུང་བ་བར་མི་འགྱུར་རོ།། ཀུན་དགའ་བོ་ཆོས་ཐམས་ཅད་ཀྱི་ས་བོན་འདི་ནི་མངོན་པར་ཞེན་པ་མེད་པ་སྟེ། དེས་ན་རུལ་བར་མི་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅི་ལགས། འདི་བཅོམ་ལྡན་འདས་ཀྱི་སྔོན་གྱི་སྨོན་ལམ་ལགས་སམ། འོན་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐོས་པ་དོན་མཆིས་པ་འདི་ཆོས་ཉིད་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་གང་ངའི་མིང་ཐོས་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག་ཅེས་སྨོན་ལམ་འདིའང་བཏབ་བར་གྱུར་ལ། ཡང་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱང་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནི་ཆོས་ཐམ་ཅད་ཀྱིས་མཚུངས་མཉམ་མོ། ། གསོལ་པ། བཅོམ་ལྡན་འདས་གང་གི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉིད་ཀྱིས་མཚུངས་མཉམ་པ་དེའི་ཚེ་ཅིའི་སླད་དུ་སྨོན་ལམ་མཛད། བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་དམ་པ་འདི་མ་ཐོས་པ་རྣམས་སྨོན་ལམ་འདེབས་ཏེ། སྨོན་ལམ་དེས་མྱུར་དུ་ཆོས་བསྟན་པ་འདི་ཐོས་པ་ཐོབ་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་གང་དག་རྣམ་པ་དེ་ལྟ་བུའི་ཆོས་རྣམས་དང་ལྡན་ཞིང་། སེམས་ཅན་མང་པོའི་དོན་མཛད་དེ། ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་རྒྱ་ཆེན་པོ་དང་ལྡན་པ་འདི་ནི་ངོ་མཚར་ཏོ།། བཅོམ་ལྡན་འད་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་དོན་དུ་ངས་སེམས་ཅན་མང་པོའི་དོན་བྱས་སོ།། ཀུན་དགའ་བོ་ངས་སངས་རྒྱས་ཀྱི་ཞིང་ནི་སྙིགས་མ་ལྔ་དང་ལྡན་པ་མ་ཡིན་ཏེ། ཀུན་དགའ་བོ་ངས་སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱས་པ་དང་། རིམ་གྲོ་བྱས་པ་དང་། ལུས་དང་སྲོག་ལ་མ་བལྟས་པ་དང་། འདོག་པ་ཐམས་ཅད་ཡོངས་སུ་བཏང་བ་དང་། སེར་སྣ་དང་བྲལ་བ་དང་། བརྩོན་འགྲུས་ཆེན་པོ་བརྩམས་ནས། ཆོས་ཐམས་ཅད་ལ་མི་གནས་པར་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང་། ཆོས་ཐམས་རུང་མ་གཟུང་བའི་ཕྱིར་བྱང་ཆུབ་ཡང་དག་པར་བསྒྲུབས་སོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་བསྟན་པ་འདི་ལ་བདུད་སྡིག་ཅན་བར་ཆད་མི་བགྱིད་པ་ནི་ངོ་མཚར་ཏོ། ། བཀའ་སྩལ་པ། ཀུན་དགའ་བོ་མ་ཐོས་སོ།། དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པས་སྔར་བྱིན་གྱིས་བརླབས་པས་དེའི་ཕྱིར་བར་ཆད་མི་བྱེད་དོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱིན་གྱི་རླབས་ཏེ་བསྡུས་སོ།། འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཅན་གྱི་ཕྱིར་བྱིན་གྱི་རླབས་བསྡུས་མ་ཐག་དུ། དེ་ནས་རྨི་ལམ་ཙམ་གྱི་ཚོད་དུ་བདུད་སྡིག་ཅན་གྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་སྒྲ་ཐོས་ཤིང་། ཤཱཀྱ་ཐུབ་པའི་མཚན་ཀྱང་ཐོས་སོ།། དེ་ནས་བདུད་སྡིག་ཅན་འཇིགས་སྐྲག་སྔངས་ཏེ། སྤུ་ཟིང་ཞེས་བྱེད་པར་གྱུར་ནས། བདག་གི་རྣམ་པར་རྒྱལ་བ་ཐམས་ཅད་ནི་རྣམ་པར་རྒྱལ་བ་མ་ཡིན་པར་འགྱུར། བདག་གི་ཡུལ་ཐམས་ཅད་ནི་ཡུལ་མ་ཡིན་པར་འགྱུར་ཞེས་ཚིག་ཏུ་སྨྲ་ཞིང་དེ་མྱ་ངན་བྱེད། སྨྲེ་སྔགས་འདོན་ཏོ། ། དེ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་པས་རྒས་འཁོགས་པའི་གཟུགས་སུ་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་མི་ལོ་བརྒྱ་ལོན་པ་རྒས་འཁོགས་པར་གྱུར་པ་དེ་བཞིན་དུ། གཟུགས་རྒས་པར་གྱུར་ཏོ།། དེ་ནས་བདུད་སྡིག་ཅན་ཡན་ལག་བཞི་པའི་དཔུང་གི་ཚོགས་དང་ལྷན་ཅིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་ཀྱི་རིས་ཀྱི་ལྷ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། དཔེར་ན་བྱང་ཆུབ་ཐོབ་པའི་བཅོམ་ལྡན་འདས་ཀྱི་བཀོད་པ་དེ་ལྟ་བུས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་།། དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་ཀྱི་གན་དུ་སོང་བ་དང་རྒས་འཁོགས་གཏུགས་པར་སྣང་སྟེ། འདི་ལྟ་སྟེ། དཔེར་ན་མི་ལོ་བརྒྱ་ལོན་པ་ལུས་མདུན་དུ་དགུ་སྟེ། འཁར་བ་ལ་བརྟེན་ནས་འགྲོ་བ་ལྟར་བདུད་སྡིག་ཅན་བཅོམ་ལྡན་འདས་ཀྱི་དྲུང་དུ་སོན་པའང་དེ་བཞིན་ནོ། ། སོན་ནས་ཀྱང་དེའི་དཔུང་ཡན་ལག་བཞི་པ་དེ་ལ་བར་སྣང་ལ་འཁོད་པའི་ལྷ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་སྒྲ་དང་། ཤཱཀྱ་ཐུབ་པའི་མཚན་ཐོས་པས། ཕྱིར་མི་ལྡོག་པ་ཉིད་ཐོས་པའི་སྒྲ་རྣམ་པ་དེ་ལྟ་བུ་འདི་བསྒྲགས་ཏེ། ཐོས་ནས་ཀྱང་ཡན་ལག་བཞི་པའི་དཔུང་གི་ཚོགས་དེ་ཐམས་ཅད་ཐོགས་ཤིང་ཐེ་ཙོམ་དུ་གྱུར་ཏེ། ཡང་བདུད་སྡིག་ཅན་གྱི་རྗེས་སུ་མི་འགྲོའོ།། དེ་ནས་བདུད་སྡིག་ཅན་གཅིག་པུ་གཉིས་སུ་མེད་པར་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་གཅིག་པུ་སྟེ། གཉིས་སུ་མ་མཆིས་ལ་རྒས་འཁོགས། གཏུགས་ཏེ། ལག་པ་ནས་འདེག་པས་མ་མཆིས་པར་གྱུར་ཅིང་། བདག་གི་རྣམ་པར་རྒྱལ་བ་ཐམས་ཅད་ཀྱང་རྣམ་པར་རྒྱལ་བ་མ་ལགས་པར་གྱུར། བདག་གི་ཡུལ་ཐམས་ཅད་ཀྱང་ཡུལ་མ་ལགས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་ལགས་ན། བཅོམ་ལྡན་འདས་ཀྱིས་བདག་ལ་ཐུགས་བརྩེ་བ་མཛད་དུ་གསོལ། བཅོམ་ལྡན་འདས་ཉིད་མ་གཏོགས་པར་བདག་ལ་ཆབ་སྩོལ་བ་འགའ་ཡང་མ་མཆིས་ན། ཁྱོད་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་སེམས་ཅན་གྱི་ཁམས་མང་སྟེ། སྡིག་ཅན་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཉིན་གཅིག་བཞིན་འཇིག་རྟེན་དུ་བྱུང་དུ་ཟིན་ཀྱང་། བདུད་སྡིག་ཅན་སེམས་ཅན་གྱི་ཁམས་ཟད་པར་བྱ་བར་མི་ནུས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གྱི་ཁམས་མང་དུ་ལགས་ཀྱང་བདག་ནི་གཅིག་པུ་སྟེ། གཉིས་སུ་མ་མཆིས་པར་གྱུར་ལ། བདག་གི་ལག་པ་ནས་འདེག་པར་བགྱིད་པ་འགའ་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་བདག་ཤུལ་དུ་བརྡེག་འཆའ་ལ་འཁོར་ཞིང་མཆི་ན། བཅོམ་ལྡན་འདས་བདག་ལ་དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་ཅི་ནས་བདག་དགའ་བར་འགྱུར་བ་དང་། ཅི་ནས་ཀྱང་མྱུར་དུ་ཡོངས་སུ་དགའ་བར་འགྱུར་བ་དང་། ཅི་ནས་བདག་འཁོར་མང་བར་འགྱུར་བ་དེ་ལྟར་བདག་ལ་དབུགས་དབྱུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། སྡིག་ཅན་གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་པར་མི་འགྱུར་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཁྱོད་ཀྱི་ལག་ནས་རྟེན་པ་དང་གྲོགས་སུ་འགྱུར་རོ། ། དེ་ནས་བདུད་སྡིག་ཅན་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ།། བདག་གིས་སེམས་ཅན་རྣམས་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་ལ་མི་མོས་པ་དང་། ཐེ་ཙོམ་དུ་འགྱུར་བ་དེ་ལྟར་ཡོངས་སུ་བྱིན་གྱིས་བརླབ་བོ། ། དེ་དག་ཐེ་ཙོམ་ཟ་བར་གྱུར་ན་བདག་གི་དབང་དུ་འགྲོ་བར་འགྱུར་རོ།། དེ་ནས་བདུད་སྡིག་ཅན་གྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཡང་བདག་དེ་བས་ཀྱང་དགའ་བར་འགྱུར་བར་བདག་དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་ཤཱཀྱ་ཐུབ་པ་ཞེས་ངའི་མིང་ཐོས་པར་འགྱུར་བ་ཇི་སྙེད་པ་དེ་ངག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་བཀའ་སྩལ་པ་དེ་སྐད་སྒྲ་མི་བསྒྲགས་ཤིང་། བཅོམ་ལྡན་འདས་ཅད་མི་གསུང་བར་བཞུགས་སུ་གསོལ། སེམས་ཅན་རྣམས་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་སྒྲུབ་པར་བརྩོན་འགྲུས་རྩོམ་པར་མི་འགྱུར་བ་དང་། བྱང་ཆུབ་ལ་གནས་པར་མི་འགྱུར་བར་དེ་ལྟར་བདག་དབུགས་དབྱུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། ཅི་ནས་སེམས་ཅན་གང་ཡང་བྱང་ཆུབ་ལ་དགོད་པར་མི་བྱ་བ་དེ་ལྟར་བྱའོ།། གང་གིས་སེམས་ཅན་གང་ཡང་སེམས་ཅན་གྱི་ཁམས་ལས་བསྟོད་པར་བྱ་བ་སྟེ། ཅི་ནས་སེམས་ཅན་གང་ཡང་གཟུགས་ལས་བསྐྱོད་པར་མི་བྱ་བ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལས་བསྐྱོད་པར་མི་བྱ་བ་དེ་ལྟར་བྱའོ།། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། ཅི་ནས་སེམས་ཅན་གང་ཡང་འཇིག་ཚོགས་ལ་ལྟ་བ་ལས་མི་བསྐྱོད་པ་དང་སེམས་ཅན་གང་ཡང་གཟུགས་སུ་དམིགས་པ་ལས་མི་བསྐྱོད་པ་དང་། སེམས་ཅན་གང་ཡང་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ལས་མི་བསྐྱོད་པ་དང་། སེམས་ཅན་གང་ཡང་འདས་པར་འདུ་ཤེས་པ་ལས་མི་བསྐྱོད་པ་དང་། མ་འོངས་པར་འདུ་ཤེས་པ་དང་། ད་ལྟར་དུ་འདུ་ཤེས་པ་ལས་མི་བསྐྱོད་པ་དང་། སེམས་ཅན་གང་ཡང་སྲོག་གཅོད་པ་ལས་མི་བསྐྱོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མའི་ཚིག་དང་། ངག་རྩུབ་པོ་དང་། ཚིག་བཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལས་མི་བསྐྱོད་པ་དེ་ལྟར་བྱའོ། ། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། སེམས་ཅན་གང་ཡང་སྦྱིན་པ་ཡང་དག་པར་འཛིན་དུ་མི་གཞུག་གོ།། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡང་དག་པར་འཛིན་དུ་མི་གཞུག་གོ།། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། སེམས་ཅན་གང་ཡང་སེམས་ཅན་དུ་འཛིན་པ་དང་སེམས་ཅན་དུ་མངོན་པར་ཞེན་པ་ལས་བསྐྱོད་པར་མི་བྱའོ། ། ཕར་འདུ་ཤེས་པ་དང་། མར་འདུ་ཤེས་པ་དང་། སྤུན་དུ་འདུ་ཤེས་པ་དང་། སྲིང་མོར་འདུ་ཤེས་པ་དང་ཆུང་མར་འདུ་ཤེས་པ་དང་། བུར་འདུ་ཤེས་པ་དང་། བུ་མོར་འདུ་ཤེས་པ་དང་། ཉིན་མོར་འདུ་ཤེས་པ་དང་། མཚན་མོར་འདུ་ཤེས་པ་དང་། ཟླ་བ་གཅིག་ཏུ་འདུ་ཤེས་པ་དང་། ཟླ་བ་ཕྱེད་དུ་འདུ་ཤེས་པ་ལས་བསྐྱོད་པར་མི་བྱའོ། ། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། སེམས་ཅན་གང་ཡང་སྦྱིན་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཀྱི་འདུ་ཤེས་དང་། བཟོད་པའི་འདུ་ཤེས་དང་། བརྩོན་འགྲུས་ཀྱི་འདུ་ཤེས་དང་། བསམ་གཏན་གྱི་འདུ་ཤེས་དང་། ཤེས་རབ་ཀྱི་འདུ་ཤེས་དང་། བྱང་ཆུབ་ཀྱི་སེམས་ཀྱི་འདུ་ཤེས་དང་། སྟོབས་དང་། མི་འཇིགས་པའི་འདུ་ཤེས་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་འདུ་ཤེས་དང་། ལམ་གྱི་འདུ་ཤེས་དང་། སངས་རྒྱས་ཀྱི་འདུ་ཤེས་དང་། ཆོས་སུ་འདུ་ཤེས་དང་། དགེ་འདུན་གྱི་འདུ་ཤེས་དང་། སངས་རྒྱས་ཀྱི་དགེ་འདུན་དུ་འདུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་མཁྱེན་པར་འདུ་ཤེས་པ་ལས་བསྐྱོད་པར་མི་བྱའོ།། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། ཅི་ནས་སེམས་ཅན་གང་ཡང་ཆོས་ཐམས་ཅད་ལས་བསྐྱོད་པར་མི་བྱ་བ་དང་། སེམས་ཅན་གང་ཡང་ཆོས་ཐམས་ཅད་ཡང་དག་པར་འཛིན་དུ་མི་གཞུག་པ་དེ་ལྟར་བྱའོ།། དེ་ནས་བདུད་སྡིག་ཅན་མགུ་ཞིང་ཡི་རངས་ཏེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། མྱ་ངན་གྱི་ཟུག་རྔུ་དང་བྲལ་ཏེ། ས་ཕྱོགས་དེ་ཉིད་དུ་གཞོན་ནུར་གྱུར་ནས། དེ་ནས་བཅོམ་ལྡན་འདས་ལ་མེ་ཏོག་རྣམས་ཀྱིས་གཏོར་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཚོགས་སུ་བཅད་པ་འདི་སྨྲས་སོ།། དེ་བཞིན་གཤེགས་པ་འཛིན་རྟེན་མཆོག། གཞན་དུ་མི་གསུང་རྫོགས་སངས་རྒྱས། གཞན་དུ་འགྱུར་བའི་ཚིག་མི་གསུང་།། དེ་རིང་བདག་ནི་དགའ་བ་སྐྱེས།། དེ་ནས་བདུད་སྡིག་ཅན་གྱིས་ཚིགས་སུ་བཅད་པ་འདི་སྨྲས་ན་ས། སྙིང་ལས་རླུང་ངུར་བཅོམ་ལྡན་འདས་ཀྱི་གན་ནས་སོང་ངོ་། ། དེ་ནས་བདུང་སྡིག་ཅན་རང་གི་གནས་སུ་སོང་ནས། ལྷའི་འདོད་པ་ལྔའི་ཡོན་ཏན་རྣམས་དང་ལྡན་ཞིང་དབང་ཐོབ་པར་གྱུར་ཏེ། རྩེ་དགའ་དགུར་ཡོངས་སུ་སྤྱོད་ཅིང་ཡང་རྣམ་པར་གཙེ་བའི་སེམས་མི་སྐྱེད་དོ། ། བདུད་སླར་བཏང་བ་བསྟན་པ་འདི་བཤད་པ་ན། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། །། བམ་པོ་ལྔ་པ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ། ས་ཆེན་པོ་འདི་རྣམ་པ་དྲུག་དུ་གཡོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བདུད་སླར་བཏང་བ་བསྟན་པ་འདི་བཤད་པ་ན། སྲོག་ཆགས་འབུམ་ཕྲག་དྲུག་ཅུ་རྩ་བཞིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ།། གསོལ་པ། བཅོམ་ལྡན་འདས་འདི་ལ་ཁ་ཅིག་ཐེ་ཙོམ་དུ་གྱུར་པ་ལྟ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲོག་ཆགས་བྱེ་བ་ཕྲག་བཅུ་ནི་འདི་ཅི་ཞིག། འདི་ཇི་ལྟ་བུ་ཞིག། བདག་ཅག་གིས་གཞན་དུ་ཐོས་པར་མ་གྱུར་ཏམ་ཞེས་ཐེ་ཙོམ་དང་ཡིད་གཉིས་ཟ་བར་གྱུར་ཏེ། དེ་དག་བདག་ཅག་བདེ་བ་རག་ལ་འགྱུར། དེ་དག་བདག་ཅག་ཇི་ལྟ་བུ་ཞིག་ཏུ་གནས། བདག་ཅག་གང་ནས་འོངས་ཞེས་ཕྱོགས་ཀྱང་མི་ཤེས་ཤིང་གཅིག་ལ་གཅིག་བལྟའོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། ཅི་ལ་དགོངས་ཏེ་གསུངས་པ་ལ་སོམ་ཉི་མ་མཆིས་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་འདི་དག་ལ་མྱུར་དུ་སྣང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། ཅི་ནས་སེམས་ཅན་གང་ཡང་བྱང་ཆུབ་ལ་དགོད་པར་མི་བྱ་བ་དེ་ལྟར་བྱའོ། ། ཅི་ནས་སེམས་ཅན་གང་ཡང་སེམས་ཅན་གྱི་ཁམས་ལས་བསྐྱོད་པར་མི་བྱ་བ་དེ་ལྟར་བྱའོ་ཞེས་བགྱིད་པ་ནས། སྔ་མ་བཞིན་དུ་རྒྱས་པར་སྦྱར་ཏེ། སྡིག་ཅན་ཁྱོད་སྙིང་ལས་ཆུང་ངུར་སོང་ཞིག་དང་། ཅི་ནས་སེམས་ཅན་གང་ཡང་ཆོས་ཐམས་ཅད་ལས་བསྐྱོད་པར་མི་བྱ་བ་དང་། སེམས་ཅན་གང་ཡང་ཆོས་ཐམས་ཅད་ཡང་དག་པར་འཛིན་དུ་མི་གཞུག་པ་དེ་ལྟར་བྱའོ་ཞེས་བཀའ་སྦལ་པ་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ་དེ་སྐད་གསུངས། བཅོམ་ལྡན་འདས་སེམས་ཅན་འདི་དག་ལ་མྱུར་དུ་སྣང་བ་མཛད་དུ་གསོལ། བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འདོན་པ་དང་། འཆང་བ་དེ་དག་གི་ཆེད་དུ། སླང་མའི་སྐྱེ་བོ་ལ་སྣང་བ་བགྱིས་པར་འགྱུར་བར་བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ་དེ་སྐད་ཅེས་དཀའ། སྩལ་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། བྱང་ཆུབ་དེ་ནི་གནས་པ་མེད།། བྱང་ཆུབ་གང་དུའང་རྒྱུན་ཆད་མེད།། དེས་ན་ང་ནི་བྱང་ཆུབ་ལ། ། སེམས་ཅན་དགོད་པར་མི་བྱ་སྨྲས།། སེམས་ཅན་ཀུན་དང་བྱང་ཆུབ་དང་།། དེ་བཞིན་བདག་ནི་གནས་པ་མེད།། འདི་ལ་དགོངས་ནས་སེམས་ཅན་ནོ།། བྱང་ཆུབ་གནས་པ་མེད་ཅེས་སྨྲ། སེམས་ཅན་ཁམས་ལ་རྣམ་ཀུན་ཏུ།། སེམས་ཅན་བསྐྱོད་པར་མི་བྱ་སྟེ།། དེ་ལ་དངོས་པོ་གྲུབ་པ་ནི།། ཤིན་ཏུ་དམིགས་པར་མི་འགྱུར་རོ།། སེམས་ཅན་ཁམས་འདིར་རང་བཞིན་གྱིས།། སྟོང་སྟེ་བསམ་གྱིས་མི་ཁྱབ་བོ།། ཐམས་ཅད་མཁྱེན་ལྡན་རྣམས་ཀྱིས་ཀྱང་།། འདི་ལས་དེ་ནི་བསྐྱོད་མི་ནུས།། སེམས་ཅན་དེ་ནི་ཕུང་པོ་ཉིད།། ཕུང་པོ་མྱ་ངན་འདས་གཉིས་མེད།། ང་ཡིས་འདི་ལ་དགོངས་ནས་ནི། ། སེམས་ཅན་གང་ཡང་མི་བསྐྱོད་སྨྲས།། གང་ལ་བཟུང་ནས་རབ་གཡོ་བ།། དེ་ལ་གཟུང་བ་གྲུབ་པ་མེད།། ངོ་བོ་ཉིད་ཀྱིས་མི་གཡོ་སྟེ།། ཕུང་པོ་སྟོང་པར་ཤེས་པར་གྱིས།། ཕུང་པོ་མི་གཡོ་གཅིག་པུ་དང་།། སེམས་ཅན་མེད་ཅིང་རང་བཞིན་མེད།། རྟག་པར་ཤིན་ཏུ་རྟེན་མེད་ཅིང་།། གནས་པ་མེད་པར་ཤེས་པར་གྱིས།། ཕུང་པོ་ནམ་མཁའ་ཇི་བཞིན་ཏེ།། ཕུང་པོ་རྣམས་ཀྱི་སྤྱོད་ཡུལ་འདི། ། སྤྱོད་ཡུལ་མེད་ན་སྤྱོད་ཕུལ་དུ།། ཕུང་པོ་ནམ་མཁའ་འདྲ་ཞེས་བསྟན།། ནམ་མཁའི་ཁམས་སུ་གང་བརྗོད་པ།། དེ་ནི་མ་སྐྱེས་སྐྱེ་མ་ཡིན།། བདེན་པར་ཕུང་པོ་དེ་དང་མཉམ། ། དེ་དག་བསྐྱོད་པར་མི་ནུས་སོ།། འཇིག་ཚོགས་ཤེས་བྱའི་ཆོས་གང་ཡང་།། ཡང་དག་ཏུ་ནི་མོ་དམིགས་ཏེ།། ནམ་མཁའ་མ་ཡིན་མི་བསྐྱོད་ཅེས།། ང་ཡིས་ཚིག་ཏུ་དེ་སྐད་སྨྲས།། སེམས་ཅན་སེམས་ནི་རབ་གནས་པར།། རྟག་པར་ཤིན་ཏུ་མི་འཛིན་ཏེ།། དམིགས་པ་དང་ནི་སེམས་རྣམས་ཀྱང་།། ངོ་བོ་ཉིད་ཀྱིས་གཡོ་བ་མེད།། ལྟ་བ་དྲུག་ཅུ་རྩ་གཉིས་གང་།། གང་ཡང་ཆོས་རྣམ་ཐ་དད་པ། ། དེ་ལྟར་དེ་དག་ཆུ་ནང་གི། གཟུགས་བརྙན་དེ་དང་འདྲ་བ་ཉིད།། ལྟ་བ་དྲུག་ཅུ་གཉིས་རྟག་ཏུ།། མིག་ཡོར་འདྲ་བར་ཤེས་པར་གྱིས།། བདག་མེད་ཕྱིར་དང་དངོས་མེད་ཕྱིར།། ངོ་བོ་ཉིད་ཀྱིས་གཡོ་བ་མེད། ། འདས་དང་མ་འོངས་འདུ་ཤེས་དང་།། དེ་བཞིན་ད་ལྟར་བྱུང་བ་ཡི།། འདུ་ཤེས་འདི་ནི་དངོས་མེད་དེ།། དཔེར་ན་སྨིག་རྒྱུའི་ཆུ་འདྲའོ།། འདུ་ཤེས་འདི་ནི་བདག་མེད་དེ།། འདི་ལ་སེམས་ཅན་ཡོད་མ་ཡིན། ། གང་ལ་སེམས་ཅན་ཡོད་མིན་པ།། དེ་ནི་བསྐྱོད་པར་མི་ནུས་སོ།། སེམས་ཅན་སྲོག་གཅོད་བྱེད་གྱུར་པ།། དགོན་པ་ཆེན་པོར་ཞུགས་པ་རྣམས།། གཅིག་ཏུ་མྱ་ངན་འདའ་བྱ་བར།། འདི་ལས་བསྐྱོད་པའི་ནུས་པ་མེད། ། གལ་ཏེ་འགར་ནི་དེས་དམིགས་ན།། དེ་ལྟར་དེ་དག་བསྐྱོད་པར་བྱ།། སེམས་ཅན་མེད་ཕྱིར་དེ་དག་ནི།། བསྐྱོད་པར་མི་བྱ་ཞེས་བརྗོད་དོ།། བྱང་ཆུབ་མ་བྱིན་བརྗོད་པ་སྟེ། ནམ་ཡང་སུ་ལའང་བྱིན་པ་མེད།། དེ་ཕྱིར་འདིར་ནི་གང་བརྩོན་པ།། དེ་ནི་བསྐྱོད་པར་མི་ནུས་སོ།། ལུས་ཅན་རྣམས་ཀྱིས་མ་བྱིན་པ།། སྦྱིན་ང་ཆོས་སྦྱིན་བསམ་མི་ཁྱབ།། དེ་ཡིས་ཕྱིར་ན་གང་བརྩོན་པ། ། དེ་ནི་བསྐྱོད་པར་མི་ནུས་སོ།། འདོད་ལ་ལོག་པར་གཡེམ་བརྗོད་པ།། འདི་ནི་ལོག་པ་ཡོད་མིན་པར།། དེ་ལྟར་ཤེས་པ་གང་བརྩོན་པ།། དེ་ནི་བསྐྱོད་པར་མི་ནུས་སོ།། བརྟེན་ནས་བརྫུན་གྱི་ཚིག་སྨྲ་བར། གནས་པའི་སྐྱེ་བ་རྣམ་གྲོལ་བར།། གཙོ་བོ་བརྩོན་འགྲུས་རྩོམ་བྱེད་པ།། དེ་ནི་བསྐྱོད་པར་མི་ནུས་སོ།། ཕྲ་མ་ཚིག་རྩུབ་གང་ཡིན་དང་།། བཀྱལ་པར་སྨྲ་བ་གང་ཡིན་པ།། དེ་དག་ཐམས་ཅད་སྒྱུ་མ་འདྲ། ག་སོག་སྟེ་རྟག་ཏུ་དངོས་པོ་མེད།། དེ་ཡི་གནས་སམ་གནས་པ་ནི།། ནམ་ཡང་ཡོད་པ་མ་ཡིན་ནོ།། སྒྲ་ནི་བྲག་ཆ་མཚུངས་རིག་བྱ།། དེ་ཡང་གནས་པ་ཡོད་མ་ཡིན།། དེ་ཡི་ཆགས་སེམས་གང་བྱུང་བ། ། བདག་ལ་ཆགས་པའི་ཁྱད་པར་ཅན།། བདག་དེ་དེ་ཡིས་ཡོངས་ཤེས་པ།། དེས་ན་དེ་ནི་བསྐྱོད་མི་ནུས།། གང་གིས་གནོད་སེམས་རང་བཞིན་གྱིས།། མཚན་ཉིད་མེད་ལ་བྱང་ཆུབ་དེའང་། ། དེ་ཡི་མཚན་ཉིད་ཡིན་ཤེས་པ།། དེ་ནི་བསྐྱོད་པར་མི་ནུས་སོ།། ལོག་པར་ལྟ་བ་ཡོངས་ཤེས་པས།། ཡང་དག་ལྟ་བས་རང་བྱེ་ལ།། ཟངས་ཀུན་ལས་ནི་རྣམ་འདས་གང་།། དེ་ནི་བསྐྱོད་པར་མི་ནུས་སོ། ། ཤེས་རབ་ཅན་དག་གཞོན་ནུ་མ།། སྦྱིན་དུ་འཇུག་པར་མི་བྱེད་དེ།། གཞོན་ནུ་སྦྱིན་པ་རབ་སྡིག་པ།། འདི་ནི་གནང་བ་མ་ཡིན་ནོ།། ལོག་པར་ལྟ་བས་ཚུལ་ཁྲིམས་གང་།། འཕགས་པའི། ལམ་ནི་འདོར་བྱེད་པ།། འདི་ལ་འཕགས་པའི་ལམ་ཚོལ་བ།། འཛུད་པར་བྱེད་པ་མ་ཡིན་ནོ།། འདི་ལས་ཕྱི་རོལ་མུ་སྟེགས་ཀྱི།། བཟོད་པ་རྣམ་མང་གང་ཡོད་པ། དེ་ནི་ལམ་རྗེས་འགྲོ་བཟོད་དང་།། མྱ་ངན་འདས་སྦྱོར་མ་ཡིན་འདོད།། གཞན་གྱུར་མུ་སྟེགས་གདུང་བ་ལྔ།། དེ་ལ་སོགས་ལ་བརྩོན་བཟོད་གང་།། དེ་ནི་བྱང་ཆུབ་ཐོབ་བྱེད་མིན།། དེ་ཕྱིར་མཁས་པ་དེར་མི་བརྩོན། ། འདི་ལས་ཕྱི་རོལ་མཚན་མ་ཅན།། དེ་དག་ཏིང་འཛིན་སྤྱོད་ཡུལ་ཀུན།། སངས་རྒྱས་རྣམས་ཀྱིས་སྨད་པ་སྟེ།། དེ་ལ་དེ་ནི་འཛུད་མི་བྱེད།། འདོད་ལྡན་ཤེས་རབ་གང་ཡིན་པ།། དེ་ལ་འཛུད་པར་མི་བྱེད་དེ། ། ཤེས་པ་དེ་ནི་སངས་རྒྱས་ཀྱིས།། ཡེ་ཤེས་བསམ་ཡས་སྒྲུབ་བྱེད་མིན།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། གང་ཞིག་སེམས་ཅན་སྡུད་བྱེད་པ།། བློ་ལྡན་དེ་ནི་སེམས་ཅན་རྣམས། ། སྡུད་པ་དེ་ལས་བསྐྱོད་མི་ནུས།། སེམས་ཅན་འདུ་ཤེས་ཞེན་པས་ན།། འདིར་ནི་བྱང་ཆུབ་སེམས་བརྗོད་དེ།། བྱང་ཆུབ་དེ་ནི་ཞེན་པ་མེད།། དེ་ནི་བསྐྱོད་པར་ནུས་མ་ཡིན།། ཕ་དང་། མ་དང་སྤུན་རྣམས་དང་།། སྲིང་མོ་བུ་དང་རྩ་ལག་རྣམས།། ཐམས་ཅད་སྒྱུ་མ་ལྟ་བུར་བརྗོད།། དེ་དག་བསྐྱོད་པར་མི་ནུས་སོ།། དངོས་པོ་སྣ་ཚོགས་དེ་དག་རྣམས།། ཀུན་ལ་འདུ་ཤེས་དེ་དངོས་མེད། ཆོས་གང་དངོས་པོ་ཡོད་མིན་པ།། དེ་ནི་བསྐྱོད་པར་མི་ནུས་སོ།། ཉིན་མཚན་འདུ་ཤེས་གང་ཡིན་དང་།། ཟླ་གཅིག་ཟླ་ཕྱེད་གང་ཡིན་པ།། འདུ་ཤེས་དེ་ཀུན་ཆགས་མེད་དེ།། དཔེར་ན་སྨིག་རྒྱུའི་ཆུ་བཞིན་ནོ། ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།། བསམ་གཏན་ཤེས་རང་བྱང་ཆུབ་སེམས།། སྟོབས་དང་མི་འཇིགས་རྣམས་ལ་ཡང་།། འདུ་ཤེས་གྱུར་པ་གང་ཡིན་དང་།། དབང་པོ་བྱང་ཆུབ་ཡན་ལག་དང་། ། ལམ་རྣམས་ལ་ཡང་གང་སྐྱེས་པ།། དེ་ནི་མི་ཤེས་བྱུང་ཤེས་ནས།། མཁས་པ་གཡོ་བར་མི་བྱེད་དོ།། སངས་རྒྱས་འདུ་ཤེས་ཆོས་འདུ་ཤེས།། དགེ་འདུན་འདུ་ཤེས་གང་གྱུར་པ། ། སྣ་ཚོགས་བྲལ་ལ་རབ་གནས་པ།། དེ་ལས་བསྐྱོད་པར་མི་བྱའོ།། སངས་རྒྱས་དགེ་འདུན་འདུ་ཤེས་མེད།། གང་དག་ཀུན་མཁྱེན་འདུ་ཤེས་མེད།། དེ་དག་སངས་རྒྱས་བྱང་ཆུབ་ནི།། བསམ་ཡས་བྱང་ཆུབ་རྒྱང་རིང་བྱེད།། བྱང་ཆུབ་རིང་བར་མ་གྱུར་ཅེས།། དེ་ཕྱིར་སྡིག་ཅན་མདུན་དུ་འདིར།། དེ་དག་འདི་ལས་མི་བསྐྱོད་ཅེས།། ངས་ནི་ཚིག་ཏུ་བརྗོད་པ་བྱས།། ཆོས་རྣམས་ཀུན་དང་སེམས་ཅན་རྣམས། ། དེ་ཀུན་ཇི་བཞིན་དེ་བཞིན་དུ།། རྣམ་པར་བཀྲོལ་ནས་སྡིག་ཅན་ནི།། བློ་གྲོས་ངན་པས་དེ་མ་རྟོགས།། བཅོམ་ལྡན་འདས་ཀྱིས་བདུད་སླར་བཏང་བ་བསྟན་པ་འདི་བཤད་མ་ཐག་ཏུ།། དེ་ནས་སྲོག་ཆགས་བྱེ་བ་ཕྲག་བཅུ་པོ་དེ་དག་ཐེ་ཙོམ་དང་བྲལ་ཞིང་སོམ་ཉི་སྤངས་ཏེ། ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་གྱུར་ནས། མོ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། བཟོད་པ་ཐོབ་མ་ཐག་ཏུ་ཐམས་ཅད་འདུས་ཏེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། སངས་རྒྱས་ལམ་ནི་བསམ་ཡས་པ།། ལམ་གྱི་དམ་པ་མངོན་པར་འཚལ།། སོམ་ཉི་གཅོད་པ་རྣམ་འདྲེན་པ།། བཅོམ་ལྡན་འདག། ཅག་སྟོན་པ་ལགས།། བདག་ཅག་ཀུན་ཏུ་སྣང་བ་ཐོབ།། སངས་རྒྱས་ལམ་ལ་ལེགས་པར་གནས།། ཕྱོགས་རྣམས་ཐམས་ཅད་སྣང་གྱུར་ཅིང་།། སངས་རྒྱས་བྱེ་བ་རྣམས་ཀྱང་མཐོང་། ། རྟག་ཏུ་གཟུགས་ལ་མི་གནས་པའི།། ཆོས་ཉིད་ཀྱང་ནི་མཐོང་འགྱུར་བ།། དེ་ལྟར་བདག་ཅག་རྣམས་ཀྱི་མིག། འདྲེན་པ་འཇིག་རྟེན་མགོན་གྱིས་སྤུངས།། དེ་ནས་སྲོག་ཆགས་བྱེ་བ་ཕྲག་བཅུ་པོ་དེ་དག་གིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས། ཐམས་ཅད་ཀྱིས་སོ་སོ་ནས་གོས་རྣམས་བཅོམ་ལྡན་འདས་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་གཏོར་ནས། ཚིག་འདི་སྐད་དུ་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་ཐམས་ཅད་ཀྱི་རྣ་ལམ་དུ་གྲག་པར་གྱུར་ཅིག་ཅེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་བདུད་སླར་བཏང་བ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་ཤིང་ཡིད་ཆེས་ཏེ་ཐེ་ཙོམ་མི་སྐྱེད་ན། བཅོམ་ལྡན་འདས་དེ་དག་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་སྔ་དྲོའི་དུས་ན་སངས་རྒྱས་བརྒྱ་དང་། ཉི་མ་གུང་གི་དུས་ན་སངས་རྒྱས་བརྒྱ་དང་། ཕྱེ་མ་རད་ཀྱི་དུས་ན་སངས་རྒྱས་བརྒྱ་དང་ནམ་གྱི་ཆ་སྟོད་ལ་སངས་རྒྱས་བརྒྱ་དང་། ནམ་གྱི་གུང་ལ་སངས་རྒྱས་བརྒྱ་དང་། ནམ་གྱི་ཆ་སྨད་ལ་སངས་རྒྱས་བརྒྱལ་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད་ལ། མཆོད་པ་བྱེད་ཅིང་བདེ་བར་སྦྱར་བ་ཐམས་ཅད་དང་། བདེ་བ་ལ་རེག་པར་གནས་པར་བྱ་བ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ལ། ཚུལ་འདིས་ལོ་ཉི་ཁྲིར་བསྙེན་བཀུར་བྱེད་ན། ཀུན་དགའ་བོ་འདི་ལ་ཇི་སྙམ་དུ་སེམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་གཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་དཔེ་བགྱི་བར་སླ་བ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་བདུད་སླར་བཏང་བ་བསྟན་པ་འདི་ཐོས་མ་ཐག་ཏུ་མོས་ཤིང་ཡིད་ཆེས་ཏེ། ཐེ་ཙོམ་སྐྱེད་པར་མི་འགྱུར་བ་དེ་བས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། ། དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གསུམ་མེ་ཏོག་མནྡ་ར་བ་རི་བོ་རི་རབ་ལྟར་མངོན་པར་འཕགས་པ་བྱེ་བ་བརྒྱ་སྟོང་དུ་མ་ཐོགས་ནས། ནམ་མཁའ་བར་སྣང་ལས་འོངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་གྱིས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་རྒྱང་རིང་པོ་ནས་འོད་པབར་མཐོང་ངོ་། ། མཐོང་ནས་ཀྱང་ངོ་མཚར་གྱི་འདུ་ཤེས་སུ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་དག་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་ཁམས་རི་རབ་ལྟར་པདྨ་མངོན་འཕགས་ཞེས་བྱ་བ་ཡོད་དེ། དེར་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། དེའི་ཕྱིར་དེ་དག་འཇིག་རྟེན་གྱི་ཁམས་དེ་ནས་ལྷགས་སོ།། ། དེ་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གསུམ་པོ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ། མེ་ཏོག་མནྡ་ར་བ་དེ་དག་བཅོམ་ལྡན་འདས་ལ་གཏོར། རབ་ཏུ་གཏོར་ཏོ།། གཏོར། རབ་ཏུ་གཏོར་ནས་ཀྱང་ཚིག་འདི་སྐད་དུ། བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ཤིང་ཡིད་ཆེས་ཏེ་ཐེ་ཙོམ་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟར། བདག་ཅག་ལ་ཡང་སོམ་ཉི་ཅི་ཡང་མ་མཆིས་སོ་ཞེས་སྨྲས་སོ།། དེ་ནས་དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གཅིག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་དག་དེ་བཞིན་གཤེགས་པ་ཞེས་ཡང་དག་པའི་སྨྲ་བས་སྨྲ་ན། དེ་བཞིན་གཤེགས་པ་དེ་ནི་བདག་ལགས་ཏེ། བདག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་སོམ་ཉི་མ་མཆིས། ཐེ་ཙོམ་མི་འཚལ་ལོ།། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་གཉིས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་བཅོམ་ལྡན་འདས་ཞེས་ཡང་དག་པའི་སྨྲ་བས་སྨྲ་ན། བཅོམ་ལྡན་འདས་དེ་ནི་བདག་ལགས་ཏེ། བདག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་སོམ་ཉི་མ་མཆིས། ཐེ་ཙོམ་མི་འཚལ་ལོ།། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་གསུམ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་སངས་རྒྱས་ཞེས་ཡང་དག་པའི་སྨྲ་བས་སྨྲ་ན། བཅོམ་ལྡན་འདས་སངས་རྒྱས་དེ་ནི་བདག་ལགས་ཏེ། བདག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་སོམ་ཉི་མ་མཆིས། ཐེ་ཙོམ་མི་འཚལ་ལོ།། དེ་ནས་འཁོར་ངོའི་ནང་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དག་འོད་སྙམ་དུ་སེམས་ཏེ། ཇི་ལྟར་ཡང་སངས་རྒྱས།། ཉིས་འཇིག་རྟེན་དུ་ཅིག་ཅར་འབྱུང་མི་སྲིད་ན། ཅིའི་ཕྱིར་འདི་དག་འདི་སྐད་སྨྲ་སྙམ་སྟེ། དེ་དག་ཡང་ཡང་པོར་གྱུར་ནས། རང་རང་གི་སྟན་ལ་མི་དགའ་བར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ལགས། འདི་དག་འདི་ལྟར་སང་གའི་སྒྲ་སྒྲོགས་པ་ལྟར་མིང་དེ་དག་ལགས་སམ། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དགའ་བོ་འདི་ལ་གཅིག་གི་མིང་ནི་དེ་བཞིན་གཤེགས་པའི་སྒྲ་བརྗོད་པས་ཡང་དག་པར་ཞུགས་པ་ཞེས་བྱའོ།། གཉིས་པའི་མིང་ནི་བཅོམ་ལྡན་འདས་ཀྱིས་སྒྲ་བརྗོད་པས་ཡང་དག་པར་ཞུགས་པ་ཞེས་བྱའོ།། གསུམ་པའི་མིང་ནི་སངས་རྒྱས་ཀྱི་སྒྲ་བརྗོད་པས་ཡང་དག་པར་ཞུགས་པ་ཞེས་བྱའོ།། ཀུན་དགའ་བོ་དེ་ནི་དེ་བཞིན་ནོ།། གང་གི་ཕྱིར་འདི་དག་འདི་སྐད་དུ་སྨྲ་བའི་རྣམ་གྲངས་འདི་ཡོད་དེ། ཡང་འདི་དག་གི་མིང་ནི་དེ་ངག་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་གང་དག་ཡང་ཡེང་པོར་གྱུར་པ་དེ་དག་གིས་འདི་ལ་བསམས་ཏེ། འདི་དག་གིས་འདི་སྐད་སྨྲས་སོ་ཞེས་འཚལ་བར་འགྱུར་བ་དང་། དེ་དག་གིས་དགེ་བའི་རྩ་བ་རྣམས་དེ་བས་ཀྱང་ཆེས་འོད་གསལ་བར་འགྱུར་བ་འདི་ལྟ་སྟེ། དཔེར་ན་བཅོམ་ལྡན་འདས་ཁྱེའུ་གཞོན་ནུ་ཐོར་བུ་ཤ་མདོག་ཡོངས་སུ་དག་བདེས་ཙན་དན་དམར་པོའི་ཆུས་ཀྱང་བཀྲུས་ན། དེའི་ལུས་དེ་བས་ཀྱང་དྲི་དང་ལྡན་ཞིང་ཤ་མདོག་ཡོངས་སུ་དག་ལ། འོད་གསལ་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དག་ལྡེམ་པོ་ངག་ལ་མཁས་པ་དེ་དག་གི་དགེ་བའི་རྩ་བ་དེ་བས་ཀྱང་ཆེས་འོད་གསལ་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་འདི་དག་གིས་ལྡེམ་པོ་ངག་ཏུ་སྨྲས་པ། སྲོག་ཆགས་བརྒྱ་སྟོང་མང་པོ་ཡང་ཡེང་པོར་གྱུར་པ་རྣམས་ལ་བཤད་དུ་གསོལ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། འདས་དང་ད་ལྟར་བྱུང་བ་དང་།། མ་འོངས་དེ་བཞིན་ཉིད་ལྟ་བུ།། ཆོས་ཀུན་དེ་ལྟར་མཐོང་དེའི་ཕྱིར།། དེ་ནི་དེ་བཞིན་གཤེགས་ཞེས་བརྗོད། ། ད་ལྟར་བྱུང་དང་འདས་པ་དང་།། མ་འོངས་ཆོས་རྣམས་གང་ཡིན་པ།། དེ་དག་གཉིས་མིན་དབྱེར་མེད་དེ།། རྟག་པར་ཤིན་ཏུ་མཚན་ཉིད་མེད།། ཇི་ལྟར་སྔོན་གྱི་སངས་རྒྱས་ཀྱིས།། སྦྱིན་པ་བསམ་ཡས་བྱིན་པ་ལྟར། ། འདི་དག་དེ་ལྟར་སྦྱིན་བྱིན་ཏེ།། དེ་ལས་བསམས་ནས་འདི་སྨྲའོ།། བྱང་ཆུབ་ཆགས་མེད་ཞུགས་པ་སྟེ།། ཇི་ལྟར་འདས་པའི་དེ་བཞིན་གཤེགས།། དེ་ལྟར་བྱང་ཆུབ་ཞུགས་པ་སྟེ། དེས་ན་དེ་བཞིན་གཤེགས་ཞེས་བརྗོད།། ཆོས་རྣམས་ཀུན་ལ་ཞུགས་ནས་ནི།། བྱང་ཆུབ་ཞི་བ་ཚོལ་བར་བྱེད།། བྱང་ཆུབ་དེ་ཡང་མི་དམིགས་ཏེ།། དེ་ཕྱིར་དེ་བཞིན་གཤེགས་ཞེས་བརྗོད།། ཇི་ལྟར་འདས་པའི་ཚུལ་ཁྲིམས་བརྗོད། ། མ་འོངས་པ་ཡང་དེ་བཞིན་ཏེ།། ད་ལྟར་བྱུང་བའང་དེ་བཞིན་ཐོབ།། དེས་ན་དེ་བཞིན་གཤེགས་ཞེས་བརྗོད།། ཇི་ལྟར་སྲོག་ཆགས་སྙིང་རྗེའི་བདག། བསྟན་པ་རྣམས་ཀྱིས་སྔོན་བཟོད་ལྟར། ། དེ་ལྟར་བསྟན་པ་དེ་བཟོད་དེ།། བཟོད་པའི་ཕ་རོལ་མཐའ་མར་གནས།། སྔོན་ཆད་བྱང་ཆུབ་ཚོལ་བ་ན།། ང་ཡིས་བརྩོན་བརྩམས་ཇི་བཞིན་དུ།། ཇི་ལྟར་དེ་ནི་བརྩོན་འགྲུས་འགྱུར།། དེས་ན་དེ་བཞིན་གཤེགས་ཞེས་བརྗོད། ། ཆོས་ཀུན་གང་མཉམ་ངས་རེག་པ།། མཉམ་པ་དེ་ལ་འདིས་རེག་སྟེ།། འདི་ལ་རློམ་སེམས་གང་ཡང་མེད།། དེས་ན་དེ་བཞིན་གཤེགས་ཞེས་བརྗོད།། ཆོས་ཀུན་རློམ་སེམས་མེད་པ་སྟེ། ། ངོ་བོ་ཉིད་ཀྱིས་རྟག་ཏུ་མཉམ།། རྣམ་པར་རྟོག་མེད་ཅི་ཡང་མེད།། འདི་ནི་མཉམ་ཉིད་དེ་ཤེས་སོ།། སྔོན་གྱི་དེ་བཞིན་གཤེགས་པ་ལྟར།། འདིས་ཀྱང་དེ་བཞིན་ཏིང་ངེ་འཛིན།། རྣམ་པར་མི་རྟོག་ཞི་བ་རྟོགས། ། དེས་ན་དེ་བཞིན་གཤེགས་ཞེས་བརྗོད།། ཆོས་རྣམས་ཀུན་གྱི་རང་བཞིན་གང་།། ང་ཡིས་ཡོངས་སུ་བརྗོད་བྱས་པ།། རྟག་པར་ཤིན་ཏུ་དངོས་མེད་པ།། རང་བཞིན་དེ་ནི་དེ་ཡིས་ཤེས། ཤེས་རབ་ཀྱི་ནི་མཚན་ཉིད་ཐོབ།། ཆོས་ཀྱི་སྟོང་ཉིད་རབ་ཤེས་པས།། ཆོས་རྣམས་ཐམས་ཅད་རབ་ཤེས་ཏེ།། ཤེས་རབ་ཀྱི་ནི་ཕ་རོལ་སོན།། སྔོན་གྱི་མཁས་པ་བསམ་ཡས་ཀྱིས།། ཇི་ལྟར་ཤེས་རབ་ཕ་རོལ་སོན། ། དེ་དག་མཐར་སོན་པ་ཡང་མེད།། མ་ཕྱིན་མྱ་ངན་འདས་མ་ཡིན།། དེ་བཞིན་ཉིད་མཐར་སོན་རྣམས་ཀྱིས།། ཇི་ལྟར་འདི་མཐར་མ་ཕྱིན་པ།། དེ་ལྟར་འདིས་ཀྱང་མ་རྙེད་དེ།། དེས་ན་དེ་བཞིན་གཤེགས་པས་བརྗོད།། ཇི་ལྷར་གཞན་གྱིས་དེ་བསམས་པ། ། དེ་ལྟར་བྱང་ཆུབ་མི་དམིགས་ཏེ།། ཆོས་རྣམས་ཐམས་ཅད་མི་དམིགས་པས།། དེ་ནི་དེ་བཞིན་གཤེགས་ཞེས་བརྗོད།། ཇི་ལྟར་བྱང་ཆུབ་མི་ཆགས་པ། དེ་ལྟར་འདི་ཡིས་ཆགས་མེད་ཐོབ།། ཆོས་རྣམས་ཀུན་ལ་མི་ཆགས་པས།། ཆགས་པ་མེད་པའི་བྱང་ཆུབ་རྟོགས།། བྱིས་པ་ཀུན་གྱིས་མ་སྤྱོད་ཅིང་།། ངོ་བོ་ཉིད་ཀྱང་མ་ཤེས་ལམ།། འཇིག་རྟེན་མགོན་པོ་སྐྱེ་རྣམས་ཀྱི།། སྔོན་ཆད་ཇི་ལྟར་བསྒོམས་པ་བཞིན།། ཟག་པ་མེད་པ་ལམ་གྱི་མཆོག། དེ་ནི་དེ་ལྟར་སྒོམ་པར་བྱེད།། ཐོག་མ་མེད་པའི་ལམ་དེ་ནི།། སྟོང་པར་དེ་ཡིས་རྣམ་པར་ཤེས། འཕགས་པའི་ལམ་གྱི་ཆོས་ཉིད་གང་།། མཉམ་པར་གྱུར་པ་ཐོགས་མ་མེད།། དེ་ནི་དེ་དང་མཉམ་པར་བྱེད།། དེས་ན་དེ་བཞིན་གཤེགས་ཞེས་བརྗོད།། ལམ་ཅི་འདྲ་བར་བྱང་ཆུབ་སྟེ།། བྱང་ཆུབ་ཅི་འདྲ་དེ་བཞིན་དུ།། ལུས་གནས་པར་ནི་རབ་ཤེས་ཏེ།། དེས་ན་དེ་བཞིན་གཤེགས་ཞེས་བརྗོད།། དེ་བཞིན་གཤེགས་པ་ཉིད་ཀྱི་སྒྲ།། མདོར་ན་ཆོས་ཤེས་བརྗོད་པ་སྟེ།། མཁས་པ་དེ་ངག་བྱང་ཆུབ་ཞུགས། ། ཀུན་དགའ་འདི་ལ་བསམས་ནས་ནི།། འདི་ཡིས་ཚིག་ཏུ་རབ་ཏུ་བརྗོད།། ཇི་སྐད་སྨྲས་པ་དེ་དེ་བཞིན།། འདི་ནི་མཁས་པའི་སྤྱོད་ཡུལ་ཡིན།། མཁས་ཞེས་བརྗོད་མི་ལྡོག་པའོ།། བྱང་ཆུབ་སེམས་དཔའ་འཇིག་མེད་དེ།། གང་དག་ཡོངས་སུ་བརྗོད་པ་དེ།། ཐམས་ཅད་དེ་ཡི་སྤྱོད་ཡུལ་ཡིན།། གང་གི་འཇིགས་མེད་བློ་ལྡན་དེ།། དེ་བཞིན་གཤེགས་ཞེས་བརྗོད་པ་ཡིན།། རྣམ་གྲངས་འདི་ནི་ཀུན་དགའ་བོ། ། བྱང་ཆུབ་སེམས་དཔའ་རྣམས་ལ་བཤད།། གསོལ་པ། གང་གིས་བློ་ལྡན་བཅོམ་ལྡན་འདས།། འཇིགས་པ་མེད་ཅེས་ཁྱོད་གསུངས་པ།། རྣམ་གྲངས་དེ་ནི་ཅི་འདྲ་ལགས། ། ཆོས་དེ་རྣམས་ཀྱང་ཅི་འདྲ་ཞིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སངས་རྒྱས་བྱང་ཆུབ་བསམ་ཡས་པ།། གང་གིས་བྱང་ཆུབ་བསྒྲུབས་པ་ནི།། བསྐལ་པ་བྱེ་བ་བརྒྱ་རྣམས་དང་། ། བསྐལ་པ་མང་པོས་འགྲུབ་པ་སྟེ།། དེ་ལྟར་སེམས་ཅན་ཆེད་ཀྱི་ཕྱིར།། བྱང་ཆུབ་སྒྲུབ་ཅེས་ལེགས་པར་གནས།། དེ་ལ་དེ་ནི་འཇིགས་པ་མེད།། དེ་ཕྱིར་བཅོམ་ལྡན་འདས་ཞེས་བྱ།། འཁོར་བ་ལ་ནི་དེ་མི་འཇིགས། ། འཁོར་བ་ན་ཡང་ཤིན་ཏུ་གནས།། དེ་ལས་སེམས་ཅན་སད་པར་བྱེད།། དེ་ཕྱིར་བཅོམ་ལྡན་འདས་ཞེས་བྱ།། དེ་དེར་མི་འཇིགས་ཇི་ལྟ་བུར།། འཁོར་བར་རབ་གནས་ཅི་འདྲ་ཞིག། འཇིག་རྟེན་མགོན་པོ་བླ་ན་མེད།། སེམས་ཅན་འགྲེལ་པ་ཇི་ལྟ་བུ།། དེ་ཆོས་འཕེལ་བར་མི་བྱེད་ཅིང་།། ཅུང་ཟད་ཙམ་ཡང་འཇིག་མི་བྱེད།། འཕེལ་བ་མེད་ཅིང་འཇིག་མེད་ཕྱིར།། སྡུག་བསྔལ་ལས་ནི་སེམས་ཅན་འགྲོལ། ། དེ་ལྟར་འཁོར་བར་མི་འཇིགས་ཤིང་།། དེ་ལྟར་སྲིད་པར་ཤིན་ཏུ་གནས།། དེ་ལྟར་སེམས་ཅན་ཐར་པར་བྱེད།། དེས་ན་བཅོམ་ལྡན་འདས་ཞེས་བྱ།། སངས་རྒྱས་ཆོས་རྣམས་གང་ཡིན་པ། ། མ་ལུས་པ་ལ་དེ་མི་འཇིགས།། ཆོས་རྣམས་མཐའ་ཡས་མུ་མེད་པ།། སེམས་ཅན་རྣམས་ལ་དེ་སྒྲོགས་སོ།། སངས་རྒྱས་ཆོས་རྣམས་མ་ལུས་པར།། ངོ་བོ་ཉིད་ཀྱིས་ཆོས་སྟོང་པར། ། ཤེས་ནས་ཆོས་རྣམས་དེ་དག་ནི།། སྒྲུབ་ཅིང་དེ་ལ་མཐོང་བ་མེད།། ཆོས་རྣམས་ངོ་བོ་ཉིད་སྟོང་པར།། དེ་ལྟར་བསྟི་སྟང་བྱས་ཏེ་སྒོམ།། རྣམ་པ་ཀུན་ཏུ་སྟོང་ཤེས་ནས། ། འཇིགས་པ་མེད་པར་སྒྲུབ་པར་བྱེད།། ཆོས་རྣམས་ཐམས་ཅད་བརྫུན་པར་ནི།། རབ་ཏུ་ཤེས་ནས་ཞུམ་པ་མེད།། འཇིག་མེད་གྱུར་ནས་ཆོས་རྣམས་ཀྱི།། ཡང་དག་མཚན་ཉིད་རབ་ཏུ་སྟོན། ། འཇིགས་པ་ཀུན་ལས་ཤིན་ཏུ་འདས།། ངན་སོང་ཐམས་ཅད་རྣམ་པར་སྤངས།། འཇིགས་སྐྲག་མེད་པར་ངན་སོང་ལས།། ལུས་ཅན་རྣམས་ནི་ཀུན་ཏུ་འདོན།། འཁོར་བ་འཇིགས་ཆེན་བཅས་པ་ལས། ། སེམས་ཅན་དཔག་ཏུ་མེད་པ་སྒྲོལ།། དེ་ལས་སེམས་ཅན་མི་བསྐྱོད་ལ།། དེ་ལས་སྒྲོལ་བར་བྱེད་པའང་ཡིན།། བསྒྲལ་ནས་མྱ་ངན་འདས་པའི་ཐར།། ཞི་བ་མཆོག་ལ་རབ་འགོད། ཀྱང་། སེམས་ཅན་དེ་དག་མི་དམིགས་ཏེ།། དེ་ཕྱིར་བཅོམ་ལྡན་འདས་ཞེས་བྱ།། ནམ་མཁའ་འདྲ་བའི་ཆོས་རྣམས་ཀྱི།། ལུས་ཅན་རྣམས་ལ་རབ་སྟོན་ཀྱང་།། དེ་ནི་དེ་ལ་འཇིགས་པ་མེད།། དེས་ན་བཅོམ་ལྡན་འདས་ཞེས་བྱ། ། རྣམ་པ་མང་པོའི་ཆོས་རྣམས་ཀུན།། བྱེ་བྲག་མེད་པར་རབ་བརྗོད་དེ།། དེ་དག་བྱང་ཆུབ་མཉམ་པས་མཉམ།། བྱང་ཆུབ་དེ་ཡང་མི་དམིགས་སོ།། སྐྱེ་བོ་བྱང་ཆུབ་བསྒྲུབ་པའི་ཕྱིར། ། གཞན་དག་འདི་ལ་འཛུད་པར་བྱེད།། དེ་ལྟར་ཆོས་རྣམས་སྟོན་བྱེད་ཀྱང་།། གང་ལའང་འཇིགས་པ་ཡོད་མ་ཡིན།། བསྟན་པ་རྣམ་པ་སྣ་ཚོགས་ཀྱིས།། ལུས་ཅན་འདི་ནི་རྣམ་པར་འགྲོལ།། འཇིག་དང་བྲལ་ཞིང་ཀུན་འཛིན་མེད།། དེས་ན་བཅོམ་ལྡན་འདས་ཞེས་བྱ།། འདུ་ཤེས་འགོག་པ་ཡང་དག་ཐོབ།། བྱང་ཆུབ་སེམས་དཔའ་ཉོན་མོངས་མེད།། དེས་ན་མིང་འདི་འཐོབ་འགྱུར་ཏེ། བཅོམ་ལྡན་འདས་ཞེས་རྣམ་པར་གྲགས།། མ་སྨང་གང་ཞིག་ཆོལ་མེད་པར།། ཆོས་རྣམས་འགོག་དང་མཉམ་པར་ནི།། སྔ་ནས་རབ་ཏུ་ཤེས་པས་ན།། དེ་ཡང་བཅོམ་ལྡན་འདས་ཞེས་བརྗོད།། བློ་ལྡན་མི་ནི་ལྷུར་མི་ལེན། ། དེ་ནི་མིང་ལ་ཆགས་པ་མེད།། མིང་ལ་ཆགས་ལས་རང་དགྲོལ་ཕྱིར།། ལུས་ཅན་རྣམས་ལ་ཆོས་སྟོན་ཏོ།། གང་ལ་ཁམས་རྣམས་ཞུགས་པ་ཡིན།། བྱང་ཆུ་དེ་ནི་མིང་དང་བྲལ།། མིང་ལྷུར་ལེན་པའི་སེམས་ཅན་གང་།། དེ་ནི་བྱང་ཆུབ་ཤིན་ཏུ་རིང་།། སྒྲ་རྣམས་བྲག་ཆ་ལྟ་བུར་ནི།། རྣམ་པ་ཀུན་ཏུ་རྣམ་པར་འཇིག། སྒྲ་རྣམས་མེད་པར་ཤེས་ནས་ནི།། མཉམ་མོ་ཞེས་ཀྱང་ཆགས་པ་མེད། ། སྒྲ་རྣམས་ཀུན་ལ་ཆགས་མེད་ཅིང་།། རྩོད་པ་རྣམས་ལ་གནས་པ་མེད།། བྱང་ཆུབ་ཕྱིར་ནི་སྤྲོས་མེད་པས།། བཅོམ་ལྡན་འདས་ཞེས་བརྗོད་པ་ཡིན།། བཅོམ་ལྡན་འདས་ཀྱིས་སྒྲར་བརྗོད་པའི། ། འདི་འདྲའི་ཆོས་རྣམས་དེ་དག་ནི། བྱང་ཆུབ་སེམས་དཔས་མ་རྙེད་དེ།། དེས་ན་བཅོམ་ལྡན་འདས་ཞེས་བྱ།། བསྟན་པ་བྱང་ཆུབ་རངབ་ཞུགས་པ།། ཆགས་བྲལ་ཟག་པ་མེད་པ་དེ།། རྣམ་གྲངས་འདི་ནི་རབ་ཤེས་ཤིང་། ། འདི་ལ་གང་དུའང་ཆགས་པ་མེད།། བཅོམ་ལྡན་འདས་ཀྱིས་སྒྲར་བརྗོད་པ།། རྣམ་གྲངས་འདི་དང་གཞན་གྱི་རྣམས།། དེ་དག་ཤེས་ན་ང་སངས་རྒྱས།། བཅོམ་ལྡན་འདས་ཞེས་སྨྲ་བར་བྱེད། ། ཀུན་དགའ་འདི་ལ་བསམས་ནས་ནི།། བཅོམ་ལྡན་ཡང་དག་གང་སྨྲ་བ།། བདག་ལ་སྨྲ་བ་སྨྲ་བྱེད་ཅེས།། དེས་ནི་དེ་སྐད་བརྗོད་པ་ཡིན།། གསོལ་པ། བཅོམ་ལྡན་བྱང་ཆུབ་སེམས་དཔའ་ལ།། བསྟན་པ་གང་དག་རབ་འཚལ་ནས།། བརྟན་འདི་བདག་ནི་སངས་རྒྱས་ཞེས།། སྨྲ་བའི་རྣམ་གྲངས་དེ་གང་ལགས།། བཀའ་སྩལ་པ། གང་གིས་ཆོས་རྣམས་མ་ལུས་པར། ། ཤིན་ཏུ་མེད་པར་རྟོགས་གྱུར་ཅིང་།། ཆོས་རྣམས་གཙང་བར་རྟོགས་པའི་ཕྱིར།། སངས་རྒྱས་ཞེས་ནི་བརྗོད་པ་ཡིན།། གང་ཞིག་ཉོན་མོངས་རྫུན་ཤེས་ནས།། དེ་དག་དབང་དུ་མི་འགྲོ་ཞིག། ཉོན་མོངས་ཀུན་ལ་མ་ཆགས་པ།། དེ་ནི་སངས་རྒྱས་ཞེས་བརྗོད་དོ།། ལུས་ནི་སྟོང་པར་ཤེས་གྱུར་ནས།། འདི་ནི་ངའི་མིང་སུའི་ཡང་མིན།། ཡང་དག་ཏུ་ན་ལུས་འདི་ལ།། སྙིང་པོ་དམིགས་པ་ཡོད་མ་ཡིན། ། བྱིས་པ་ལུས་ལ་མི་མཁས་པ།། སྙིང་པོ་མེད་ལ་སྙིང་པོར་ཤེས།། དེ་ནི་ཡང་དག་ཇི་བཞིན་རྟོགས།། དེས་ན་སངས་རྒྱས་ཞེས་བརྗོད་དོ།། གང་ཞིག་ང་སྙམ་འདུ་ཤེས་སུ།། གྱུར་པ་ཤིན་ཏུ་མཚན་ཉིད་མེད། ། མཚན་ཉིད་མེད་པར་དེ་ཤེས་ནས།། དེ་ཡི་དབང་དུ་མི་འགྲོའོ།། གཟུགས་ནི་མངོན་མཐར་མ་སྐྱེས་ཤིང་།། ཡང་དག་བྱུང་བ་མེད་པར་ཤེས།། འདི་ནི་བྱིས་པས་བརྟགས་པ་སྟེ།། ། འདི་ལ་གྲུབ་པ་ཡོད་མ་ཡིན།། ཚོར་བ་རྩ་བ་མི་དམིགས་ཏེ།། འདི་ལ་རྩ་བ་མི་དམིགས་ཏེ།། ཆོས་རྣམས་ཀུན་ལ་མི་གནས་པས།། དེ་ན་འདི་ལ་ཚོར་བ་མེད།། འདུ་ཤེས་སྨིག་རྒྱུ་འདྲ་བ་དང་།། རྫས་མེད་དམ་། ། དེ་བྱེ་ན་མ་ལྡན་ལ།། རྣམ་པ་གན་གྷུ། ནས་པནྡ་ན་བ་ཅད་པསྟེ། རྣམས་ཀྱི་གནང་ས། བྱུ་ན་ལུས་ལ་མི་ཆགས་སོ། ། འདུ་བྱེད་རྣམས་དང་ལུས་ཀྱང་ནི།། ཆུ་ཤིང་ཕུང་པོའི་སྙིང་པོ་འདྲ།། དེ་ཡིས་ཡང་དག་ཇི་བཞིན་རྟོགས།། དེས་དེ་སངས་རྒྱས་ཞེས་བརྗོད་དོ།། ཡང་དག་ཏུ་ན་རྣམ་ཤེས་ནི།། ལུས་ཀྱི་ནང་ན་མི་གནས་ཏེ།། ལུས་འདི་ནི་ཕྱི་རོལ་ནའང་།། རྣམ་པར་ཤེས་པ་མི་སྲིད་དོ།། ཆོས་རྣམས་ཀུན་ལ་རྣམ་ཀུན་ཏུ།། རྣམ་པར་ཤེས་པ་མི་སྲིད་དེ།། འདི་ཡི་གནས་དང་གནས་མེད་དང་།། འཕོ་བ་ཡང་ནི་མི་དམིགས་སོ།། རྟག་པར་ཤིན་ཏུ་དངོས་མེད་པར།། དེ་ལྟར་རྣམ་ཤེས་ཁོང་དུ་ཆུད།། དཔེར་ན་སྤྲུལ་པ་སྒྱུ་མ་ལྟར།། སུས་ཀྱང་ནམ་ཡང་མི་ཤེས་སོ།། སེམས་ཅན་ཀུན་གྱིས་ཇི་ལྟར་ཡང་།། རྣམ་ཤེས་དེ་ལྟར་མཐོང་བ་མེད།། ཡང་དག་ཏུ་ན་སུས་ཀྱང་ནི།། ཐམས་ཅད་ཤེས་པར་གྱུར་པ་མེད།། ཆོས་རྣམས་ཐམས་ཅད་དངོས་མེད་དེ།། ཡང་དག་ཏུ་ན་ཤེས་པ་མེད།། འདི་ལ་ཤེས་སམ་སེམས་ཅན་དུ། ། བཏགས་པ་ནང་ནའང་ཡོད་མ་ཡིན།། ཆོས་རྣམས་ཐམས་ཅད་དངོས་མེད་དེ།། འགྱུར་བ་མེད་ཅིང་སྤྲོས་མེད་ལ།། སྤྲུལ་པ་འདྲ་བར་དེ་ཡིས་རྟོགས།། དེས་ན་སངས་རྒྱས་ཞེས་བརྗོད་དེ།། ཆོས་འདི་ཐམས་ཅད་རྟོགས་གྱུར་ནས།། ཇི་ལྟར་སངས་རྒྱས་དེ་ལྟར་གནས།། ཆོས་རྣམས་ཀུན་ལ་གནས་པ་མེད།། དེས་ན་སངས་རྒྱས་ཞེས་བརྗོད་དོ།། ཇི་ལྟར་ཆོས་རྣམས་གནས་པ་བཞིན། བཞིན་ཉིད་ལྟར་ཁོང་དུ་ཆུང་།། སངས་རྒྱས་དང་ནི་བྱང་ཆུབ་འདྲ།། དམིགས་སུ་མེད་ཅིང་འདུས་མ་བྱས།། གང་གིས་བྱང་ཆུབ་ཕྱིར་ཞུགས་པའི།། སེམས་བསྐྱེད་པ་ནི་གང་ཡིན་པ། ། ཕྲ་རབ་ཆོས་ཀྱིས་མི་དམིགས་པས།། སེམས་དེ་དམིགས་པར་མི་འགྱུར་རོ།། གང་ཕྱིར་བྱང་ཆུབ་ཆེད་ཀྱི་ཕྱིར།། སེམས་དེ་སྐྱེད་པར་འགྱུར་བ་དེས།། བྱང་ཆུབ་དེ་དང་སེམས་མཉམ་ཞིང་། སྒྱུ་མ་བྱས་པ་འདྲ་བར་རྟོགས།། ཀུན་དགའ་འདི་ལ་བསམས་ནས་ནི།། སངས་རྒྱས་ཞེས་ནི་གང་བརྗོད་པ།། སངས་རྒྱས་འདྲེན་པ་དེ་བདག་ཅེས།། འདི་ནི་ཚིག་ཏུ་རབ་ཏུ་སྨྲ།། སངས་རྒྱས་སྒྲར་ནི་བསྟན་པ་ཡི། ། ཆོས་རྣམས་འདི་དག་འདི་འདྲ་བར།། གང་དག་ཆོས་འདིར་གནས་པ་ནི།། དེ་དག་བྱང་ཆུབ་མཆོག་ཕྱིར་ཞུགས།། གང་དག་ཆོས་རྣམས་དེ་ལྟར་ཤེས།། དེ་དག་བྱང་ཆུབ་མཆོག་ལ་ཉེ། ། དེ་དག་ཆོས་རྣམས་ཐམས་ཅད་ལ།། ཡིད་གཉིས་ཅི་ཡང་ཡོད་མ་ཡིན།། དེ་ལྟར་བསམས་ཏེ་སྨྲས་པ་ཡི།། ཆོས་འདི་གང་དག་ཤེས་འགྱུར་བ།། དེ་དག་ཐེ་ཙོམ་སྤངས་པའི་ཕྱིར།། འཇིག་རྟེན་གྱི་ནི་མཆོག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་དང་། བཅོམ་ལྡན་འདས་དང་། སངས་རྒྱས་ཞེས་བྱ་བ་གསུམ་པོ་འདི་དག་བསྟན་པའི་ལན་བཏབ་མ་ཐག་ཏུ། དེ་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གང་ལ་དགོངས་ནས། བྱང་ཆུབ་སེམས་དཔའ་ལ་དེ་བཞིན་གཤེགས་པ་ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཞེས་གསུངས་པ་དང་། སངས་རྒྱས་ཞེས་གསུངས་པ་ལ་བཅོམ་ལྡན་འདས་བདག་ཅག་སོམ་ཉི་མ་མཆིས་ཤིང་། ཐེ་ཙོམ་མ་འཚལ་བར་གྱུར་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་ཆོས་དེ་དག་ཀུན་ཏུ་འཚལ་ཏོ།། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས། བདག་ཅག་གིས་འདིར་དྲན་པ་ཐོབ་ལགས་སོ།། ཕ་མའི་བགྱི་བ་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་མཛད་དོ། ། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཕྱག་བརྐྱང་བ་སྩལ་ཏོ།། བདག་ཅག་སླར་ཞིང་གཡོ་བའི་སེམས་མི་སྐྱེད་དེ། བདག་ཅག་གིས་གཡོ་བ་མ་མཆིས་པའི་ཆོས་རྗེས་སུ་ཐོབ་བོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་གཡོ་བ་མ་མཆིས་པ་ལ་སུས་ཀྱང་གཡོ་བ་བགྱིད་པར་མི་ནུས་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་ཆོས་ཐམས་ཅད་ལ་གཡོ་བ་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། བདག་ཅག་གིས་ཆོས་ཐམས་ཅད་ནི་གཡོ་བ་མ་མཆིས་ཏེ། ནམ་མཁའ་དང་མཚུངས་ཤིང་འདྲ་ལ་མ་སྐྱེས་པར་རྟོགས་སོ། ། དེ་ནས་སྲོག་ཆགས་བརྒྱ་སྟོང་མང་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་དང་མི་རིང་བར་འཁོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོད་པ་དང་བཅས་པར་དབང་པོ་དང་བས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། ། འབྲས་བུར་འདུ་ཤེས་མང་པོ་དག། འབྲས་བུར་འདུ་ཤེས་པ་ལས་བཀྲོལ།། འབྲས་བུར་བརྙེས་པ་ཕུན་ཚོགས་པ།། འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ།། འབྲས་བུ་རྣམས་ཀྱང་བརྗོད་མཛད་ལ། ། མཉམ་པ་ཉིད་ཀྱང་རབ་ཏུ་གསུང་།། སངས་རྒྱས་འབྲས་བུ་ཕུན་ཚོགས་པ།། ཕྱག་འཚལ་འཇིག་རྟེན་མཁས་ཁྱོད་ལ།། འབྲས་བུ་འདོད་པའི་སེམས་ཅན་མང་།། འབྲས་བུ་སྣ་ཚོགས་སྤྱོད་ཡུལ་བ། ། རྣམ་པར་འགྲེལ་པའི་རྫོགས་སངས་རྒྱས།། ཕྱག་འཚལ་འཇིག་རྟེན་ཁ་སྒྱུར་ཁྱོད།། མཉམ་པ་ཉིད་ལ་རབ་ཞུགས་ཤིང་།། ཆོས་རྣམས་ཐམས་ཅད་སྟོན་པའང་མཛད།། སེམས་ཅན་ཐམས་ཅད་མཉམ་མཁྱེན་པ།། མཉམ་པ་ཁྱོད་ལ་ཕྱག་འཚལ་ལོ།། སེམས་ཅན་འབྲས་བུར་དམིགས་པ་ཅན།། དམིགས་པ་ལས་ནི་རབ་ཏུ་བཀྲོལ།། དམིགས་པ་ཐམས་ཅད་འགྲེལ་པ་པོ། ། ཕྱག་འཚལ་འཇིག་རྟེན་གྲགས་ཁྱོད་ལ།། འབྲས་བུ་ཉེར་ཞི་ཕུན་སུམ་ཚོགས།། འབྲས་བུ་སྣ་ཚོགས་ཡོངས་སུ་སྤངས།། དགེ་བ་མ་ལུས་རྣམས་ལྡན་པ།། འཇིག་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགོད་པ་དང་བཅས་པར་དབང་པོ་དང་བས། ཚིགས་སུ་བཅད་པ་འདི་དག་གིས། བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་སྟེ། མི་རིང་བ་ཞིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་དགའ་བ་དང་། མཆོག་ཏུ་དགའ་བས་འདུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨ་དཔལ་གྱི་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་པདྨ་དག་གིས་གཏོར་ནས། བཅོམ་ལྡ་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། སེམས་ཅན་དངོས་པོའི་འདུ་ཤེས་གནས།། མང་པོ་ཁྱོད་ཀྱིས་རྣམ་པར་བཀྲོལ།། བསྙེངས་དྲལ་ལེན་པ་མི་མངའ་བ།། ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། སྲིད་པ་ཉེར་ཞི་སྲིད་བྲལ་བའི།། ཆོས་ནི་རབ་ཏུ་སྟོན་པ་མཛད།། དཔའ་བོ་སྲིད་པ་བྲལ་བ་པོ།། ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། ། ཁྱོད་ཀྱིས་དངོས་པོ་སྟོང་པར་མཁྱེན།། རྟག་ཏུ་ངོ་བོ་ཉི་མ་མཆིས།། སྲིད་པ་སྤངས་པ་རྫོགས་སངས་རྒྱས།། ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། སྲིད་པར་འདྲེན་པ་ཡང་དག་བཅད། ཉོན་མོངས་མི་མངའ་གར་མི་གནས།། འཇིགས་དང་སྐྲག་ལས་རྣམ་གྲོལ་བ།། ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། བསྙེངས་པ་མི་མངའ་བག་མི་ཚ།། གསུང་གི་དམ་པ་སྒྲོགས་པ་མཛད།། སྒྲ་ཀུན་ལས་ནི་རྣམ་འདས་པ། ། ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། མྱ་ངན་མི་མངའ་མི་བསྙེངས་བསྙེས།། མྱ་ངན་དྲུག་རྔུ་རབ་ཏུ་འགྲེལ།། བདུད་སྤངས་སྐྱོན་རྣམས་མི་མངའ་བ།། ཐུབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་དཔལ་གྱི་སྙིང་པོས། བཅོམ་ལྡན་འདས་ལ་ཚོགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས་འདི་སྐད་ཅེས་གསོལ་ཏོ། ཕྱི་དུས་ཕྱི་མའི་དུས་ཀྱི་ཚེ།། གང་དག་འདི་འདྲའི་མདོ་འདི་ལ།། མཁས་པ་སྐྲག་པར་མི་འགྱུར་བ།། སེམས་ཅན་དེ་དག་ཕྱག་དགྱི་འོས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡུལ་མེད་བློ་གྲོས་ཞེས་བྱ་བས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་རྣམས་ཀྱི་རྒྱ་ཆེན་ཆོས།། མདོ་སྡེ་འདིར་ནི་ངེས་པར་བསྟན།། ། གང་དག་འདི་ལ་སོམ་ཉི་སེམས།། མ་མཆིས་དེ་དག་ཉུང་བར་འགྱུར།། འཇིག་ཚོགས་ལ་ནི་མངོན་ཞེན་པས།། ལུས་མིན་ལུས་སུ་འདུ་ཤེས་པ།། བྱིས་པ་འདུ་ཤེས་ཡོངས་ལྡན་རྣམས།། འཆད་པ་ན་ནི་མི་སྙན་བརྗོད། ། སེམས་ཅན་གང་དག་བདུད་ཀྱིས་ནི།། མོས་བཟློག་བདུད་ཀྱིས་བྱིན་བརླབས་དང་།། གང་དག་འདི་འདྲའི་མདོ་འདི་ལ།། མ་མོས་པ་དག་མི་མཁས་ལགས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཨུཏྤ་ལའི་མིག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ངེས་པ་གང་དག་འདི་འདྲ་བའི།། མདོ་འདིར་སོམ་ཉི་མི་འཚལ་བ།། ངེས་པ་འཇིག་རྟེན་མིག་དང་མཚུངས། ། མིག་སྩོལ་བ་ཡང་བགྱིད་པ་ལགས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོད་རྟེན་ལ་མོས་པས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ངེས་པ་གང་དག་འདི་འདྲ་བའི།། མདོ་སྡེ་ལ་ནི་མོས་འགྱུར་བ།། དེ་དག་འཇིག་རྟེན་མཆོད་རྟེན་འདྲ།། མི་ཡི་མཆོག་ཏུ་འགྱུར་བ་ལགས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་འདོད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་དག་འདི་འཛིན་དེ་དག་ནི།། ལུས་འདི་ལ་ནི་ཕྱི་ཕྱིར་ཞིང་།། འདོད་པ་མི་སྐྱེད་ཆོས་ཀུན་ལ།། ཆགས་པ་མ་མཆིས་སོམ་ཉི་བྲལ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོས་ལ་མོས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་དག་ཚུལ་འདིར་སོམ་ཉི་བྲལ།། སེམས་ཅན་དེད་སྤོས་རྣམས་དང་། ། གོས་མང་བྱེ་བ་རྣམས་དང་ནི།། མེ་ཏོག་རྣམས་ཀྱིས་རབ་ཏུ་དཀྲིས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཟས་གཏོང་གིས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གང་དག་ཚུལ་འདིར་སོམ་ཉི་བྲལ།། དེ་དག་རྣམས་ལ་ལྷ་ཡི་ཟས།། རོ་བརྒྱ་ལྡན་པ་ཇི་སྙེད་མཆོག། དེ་དག་མ་ལུས་སྩལ་བར་བགྱི།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་མཐོང་ན་སྙིང་རྗེ་ལ་ཡང་དག་པར་ཞུགས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མདོ་སྡེ་བླ་ན་མེད་འདི་ལ།། བློ་ངན་གང་དག་སོམ་ཉི་འཚལ།། སེམས་ཅན་དེ་དག་སྙིང་རྗེའི་གནས། ། གྱི་ཕྱིར་ཞིང་ནི་བདུད་དབྱི་འོས།། གང་དག་འདི་འདྲའི་མདོ་འདི་ལ།། ཡུད་ཙམ་ཞིག་ནི་སོམ་ཉི་འཚལ།། དེ་དག་སེམས་ཅན་དམྱལ་ནས་མཆིས།། སེམས་ཅན་དམྱལ་ནང་རབ་ཏུ་གནས། ། གང་དག་ཚུལ་འདི་མི་རྟོགས་པ།། དེ་དག་སྡིག་པའི་བཤེས་གཉེན་གྲོགས།། ཟབ་མོ་འདི་ལ་མཁས་མ་ལགས།། གཏི་མུག་དྲ་བས་རབ་ཏུ་ཁེབས།། བློ་གྲོས་ངན་པ་སྐྱོན་ལྟ་འམ། ། ཐོབ་དང་བཀུར་སྟི་ཆགས་པ་ཡི།། གང་དག་འདི་ནི་སྤོང་དགྱིད་པ།། དེ་དག་ངང་ཚུལ་ངན་པར་འགྱུར།། གང་དག་བྱང་ཆུབ་མ་མོས་ཤིང་།། ལེ་ལ་ཅན་ལ་བརྩོན་འགྲུས་སྤངས། ། དམན་ལ་མོས་ཤིང་ཤེས་རབ་འཚལ།། དེ་དག་འདི་ལ་མོས་མི་འགྱུར།། གང་དག་འཁོར་བར་རྟག་ཏུ་དགའ།། རྟག་ཏུ་ལྟ་བའི་དབང་འགྲོ་ཞིང་།། འཇིག་རྟེན་གསུམ་ལ་མངོན་ཞེན་པ། ། དེ་དག་འདི་ལ་མོས་མི་འགྱུར།། མུ་ཅོར་སྨྲ་ཞིང་བློ་ངན་རྨོངས།། འདོད་པ་བརྐམ་ཞིང་མི་མཁས་ལ།། རྟག་ཏུ་འདུ་འཛི་དགའ་བ་རྣམས།། རབ་ཏུ་སྤོང་ངར་དགྱིད་པ་ལགས། ། ཆོས་གོས་ལྷུང་བཟང་རྣམས་ལ་ཆགས།། རྟག་ཏུ་ཟས་ལ་བརྐམ་གྱུར་ཅིང་།། མུ་ཅོར་སྨྲ་ཞིང་བློ་ངན་རྨོངས།། དཀར་པོའི་ཆོས་ཀྱི་ཤས་ཆུང་བ།། རབ་ཏུ་སྤོང་བར་བགྱིད་པ་ལགས།། སེམས་ཅན་འབྲས་བུར་འདོད་པ་དང་།། འབྲས་བུ་རྣམས་ལ་མངོན་ཞེན་པ།། དེ་དག་རྣམས་ཀྱིས་འཇིག་རྟེན་མགོན།། སྐྱོབ་པའི་དགོངས་པ་འདིར་རྟོགས་དཀའ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་པའི་བཤེས་གཉེན་ཡོངས་སུ་སྤངས་པས། ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། འབྲས་བུའི་འདུ་ཤེས་རྣམ་འགྲེལ་བའི།། མདོ་འདི་གང་ཞིག་སྤོང་བགྱིད་པ།། སེམས་ཅན་དེ་དག་བཤང་གཅི་དང་།། ཤིན་ཏུ་གདུལ་བ་བཞིན་དུ་སྤངས།། གང་དག་ཆོས་འདི་སྤོང་བགྱིད་པ།། དེ་དག་འདི་ལྟར་རྣམ་སྤངས་ཏེ།། དྲི་ང་བ་ཡི་རོ་བཞིན་དུ།། ཀུན་ནས་ཡོངས་སུ་སྤང་བར་དབྱིང་། ། དཔེར་ན་ཆོམ་རྐུན་གྲོང་འཇོམས་པ།། དགོན་པ་དག་ན་གནས་འཆོས་པ།། ཐོས་ན་བློ་གྲོས་ངན་པ་དེ།། མཐོང་དུ་འོང་ཞེས་འབྲོས་པར་བགྱིད།། དེ་ལྟར་གང་དག་མདོ་སྡེ་འདི།། སྤོ་ང་བགྱིད་པ་གཏི་མུག་རྨོངས།། ཤིན་ཏུ་སྡིག་ཅན་བློ་ངནང་།། ཐོས་ནས་དེ་མཐོང་འགྱུར་ཞེས་འབྲོས། དེ་ནས་བཅོམ་ལྡན་འདས་ལ།། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འདི་དག་ཇི་ཙམ་དུ་བློ་ཤིན་ཏུ་རྣམ་པར་ངེས་པ་འདི་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཅི་ལགས། འདི་དག་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པར་ཚིག་འདི་སྐད་མཆི་འམ། འོན་ཏེ་སངས་རྒྱས་ཀྱི་མཐུས་འདི་སྐད་ཅེས་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་དག་ནི་སངས་རྒྱས་ཀྱི་མཐུས་དེ་སྐད་དུ་སྨྲ་སྟེ། རིགས་ཀྱི་བུ་འདི་དག་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་ཐོབ་པ་ཡང་ཡིན། ཆགས་པ་མེད་པ་ཐོབ་པ་ཡང་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རིགས་ཀྱི་བུ་འདི་དག་གིས་ཇི་ལྟར་ད་ལྟར་ང་ལས་ཐོས་པ་བཞིན་དུ། སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་ལས་ཆོས་ཀྱི་རྣམ་གྲངས་འདི་འདྲ་ཙམ་དུ་ལྷག་ཆད་མེད་པར་ཐོས་ཏེ། འདི་དག་གིས་དེ་རྗེས་སུ་དྲན་པས། ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་དང་། སངས་རྒྱས་ཀྱི་མཐུས་འདི་སྐད་ཅེས་སྨྲའོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་དག་གིས་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། འདི་དག་ལ་དེ་མངོན་སུམ་མོ།། དེ་སྐད་ཅེས་བཀ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་ཤིང་ཐེ་ཙོམ་འཚལ་བར་མི་འགྱུར་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་གང་གིས་འཛམ་བུའི་གླིང་འདི་རི་པོ་ཆེས་ཡོངས་སུ་དཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་ཤིང་དད་དེ་ཡིད་ཆེས་ལ་ཐེ་ཙོམ་མི་ཟ་བ་དེ། དེ་ངས་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་རོ། ། ཀུན་དགའ་བོ་འཛམ་བུའི་གླིང་རིན་པོ་ཆེས་གང་བ་ལྟ་ཞོག་སྟེ། ཀུན་དགའ་བོ་གང་གིས་འཇིག་རྟེན་གྱི་ཁམས་པངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ལ། ཐོས་ནས་ཀྱང་ཐོས་མ་ཐག་ཏུ་མོས་ཤིང་དང་དེ་ཡིད་ཆེས་ལ་ཐེ་ཙོམ་མི་ཟ་བ་དེ། དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། གང་གིས་འཛམ་བུའི་གླིང་འདི་ནི། ། རིན་ཆེན་བཀང་སྟེ་དེ་བཞིན་གཤེགས།། སྐྱོབ་པ་སངས་རྒྱས་འཇིག་རྟེན་མགོན།། རྣམས་ལ་དངུལ་དུ་བྱས་པ་བས།། མཁས་པ་གང་གིས་མདོ་སྡེ་འདི།། ཐོས་ནས་ལྷག་པར་མོས་བྱེད་པ།། མོས་དང་ལྡན་དེ་བསོད་ནམས་ནི།། དེ་བས་མང་དུ་སྐྱེད་པར་འགྱུར།། གང་གིས་གངྒཱའི་བྱེ་སྙེད་ཀྱི།། ཞིང་དག་རིན་ཆེན་རྣམས་དཀང་སྟེ།། སངས་རྒྱས་རྣམས་ལ་བུལ་བ་ངས།། འདི་ནི་དེ་བས་ཁྱད་པར་འཕགས། ། ། བམ་པོ་དྲུག་པ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་ངོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་རྟོགས་ཏེ། འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུང་པར་བགྱིད་དམ། འདོན་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་དུ་འམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་གང་གིས། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསྐལ་པ་བརྒྱར་སྦྱིན་པ་སྦྱིན་པ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་ཚུལ་ཁྲིམས་སྲུང་བ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་བཟོད་པ་སྒྲུབ་པ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་ར་བརྩོན་འགྲུས་རྩོམ་པ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་བསམ་གཏན་རྣམས་ལ་སྙོམས་པར་འཇུག་པ་དང་། ཆོས་ཀྱི་རྣམ་གྲངས་འདི་དང་བྲལ་བར་བསྐལ་པ་བརྒྱར་ཤེས་རབ་སྒོམ་ཞིང་། འཇིག་རྟེན་གྱི་གནས་རྣམས་ལ་མཁས་པར་གྱུར་ན། ཀུན་དགའ་བོ་དེས་ནི་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱས་པར་མི་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། གང་གིས་བསྐལ་པ་ངརྒྱ་ཚང་བར།། བཟའ་བ་ལ་སོགས་ཐམས་ཅད་ཀྱིས། ། དེ་བཞིན་གཤེགས་ལ་བསྙེན་བཀུར་བ།། དེས་ནི་བསྟི་སྟང་བྱས་མི་འགྱུར།། འབྲས་བུར་དམིགས་པ་འཇོམ་བྱེད་པའི།། མདོ་སྡེ་འདི་ནི་གང་འཛིན་པ།། དེ་ནི་སངས་རྒྱས་བཀུར་སྟི་བྱེད།། ཆོས་ཀྱིས་བཀུར་སྟི་བྱས་པ་ཡིན།། རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ།། ཆོས་སྐྱེས་ཆོས་ཀྱི་རྟོགས་ལྡན་པས།། སངས་རྒྱས་རྣམས་ལ་བཀུར་སྟི་འདི།། དེས་ན་སངས་རྒྱས་བཀུར་སྟི་བྱས།། གང་གིས་བསྐལ་པ་བརྒྱ་ཚང་བར། ། གོས་ལ་སོགས་པས་དེ་བཞིན་གཤེགས།། སངས་རྒྱས་རྣམས་ལ་མཆོད་བྱེད་པ།། དེ་དག་དེས་ནི་བཀུར་བྱས་མིན།། ཚུལ་འདི་འཛིན་པར་བྱེད་ན་ནི།། དེ་ལྟས་སངས་རྒྱས་བཀུར་བར་འགྱུར།། འདི་ནི་བཀུར་སྟི་རྣམས་ཀྱི་མཆོག། གོས་མང་བྱིན་པ་དེ་ལྟ་མིན།། གང་གིས་བསྐལ་པ་བརྒྱ་ཚང་བར།། འཇིག་རྟེན་མགོན་པོ་སངས་རྒྱས་ལ།། སྤོས་དང་མ་ཏོག་གཏོར་བྱེད་པ། ། དེ་དག་དེས་ནི་བཀུར་བྱས་མིན།། གང་ཞིག་ཚུལ་མཆོག་ཟབ་མོ་ཡི།། མདོ་སྡེ་འདི་ནི་འཛིན་བྱེད་པ།། འདི་ནི་འཇིག་མགོན་སྐྱོབ་རྣམས་ལ།། བཀུར་སྟི་བྱེད་པ་དམ་པ་ཡིན།། གང་གིས་འཇིག་རྟེན་མགོན་པོ་ཡི། ། མཆོད་རྟེན་རིན་ཆེན་རྒྱུ་ལས་བསྒྲུབས།། རི་རང་འདྲ་བ་བྱས་ཀྱང་ནི།། དེས་ན་སངས་རྒྱས་བཀུར་བྱས་མིན།། གང་གིས་མདོ་སྡེ་འདི་འཛིན་ཅིང་།། འཛིན་པར་ཡང་ནི་མི་བལྟ་ན། ། དེ་ནི་བསྙེན་བཀུར་མཆོག་ཡིན་ཏེ།། མཆོད་པ་ཀུན་གྱི་ནང་ན་མཆོག། གང་ཟག་གང་ཞིག་བསྐལ་པ་བརྒྱ།། ཚང་བར་ཚུལ་ཁྲིམས་སྲུང་བྱེད་ལ།། མདོ་སྡེ་འདི་ནི་མི་འཛིན་ན།། ཚུལ་ཁྲིམས་དེ་ནི་མཆོག་མ་ཡིན། ། གང་ཞིག་མདོ་སྡེ་འདི་འཛིན་ཅིང་།། འཛིན་པར་རློམ་སེམས་མེད་ན་ནི།། ཚུལ་ཁྲིམས་དེ་ནི་བསྔགས་པ་སྟེ།། ཚུལ་ཁྲིམས་དེ་ནི་བླ་ན་མེད།། ཚུལ་འདི་ཀུན་ཏུ་གཟུང་བའི་ཕྱིར།། མཁས་པ་ཚུལ་ཁྲིམས་ཆེན་པོ་དང་།། བསམ་གྱིས་མི་ཁྱབ་དཔག་མེད་པ།། ཚུལ་ཁྲིམས་གང་ཡིན་དེ་དེ་ཚོལ།། ང་ཡིས་ཇི་སྐད་བཤད་པ་ཡི།། མདོ་འདི་ལ་ནི་གང་སློབ་པ།། མཉམ་མཐོང་དེ་ལ་ཚུལ་ཁྲིམས་དང་། ། ངང་ཚུལ་ངན་པ་ཡོད་མ་ཡིན།། གང་ཞིག་མདོ་འདིར་མི་སློབ་པ།། དེ་ནི་བྱང་ཆུབ་ཕྱིར་མི་སློབ།། བྱང་ཆུབ་དེ་དང་བསླབ་པ་མཉམ།། དེ་ནི་སུས་ཀྱང་བསླབས་པ་མེད།། གང་ཞིག་མ་སྡེ་འདི་འཛིན་པ། ། དེ་ནི་མདོ་འདིར་བཤད་པ་ཡིས།། ཚུལ་ཁྲིམས་དེ་འདྲ་དེ་དག་གི། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར།། བཟོད་དང་ལྡན་པའི་མི་གང་ཞིག། འདིར་ནི་བཞལ་པ་བརྒྱ་ཚང་བར། ། སེམས་ཅན་དག་ནི་ཐམས་ཅད་ཀྱིས།། མི་སྙན་བརྗོད་དང་སྤྲོས་བཟོད་ཅིང་།། རྐང་ལག་དག་ཀྱང་གཏུངས་པ་ན།། དེ་ཡི་སེམས་ནི་འགྱུར་མེད་ཅིང་།། དེ་ནི་གང་དུའང་ཐ་བ་དང་། ། རབ་ཏུ་ཞེ་སྡང་མི་སྐྱེད་ལ།། བཟོད་པ་སྨྲ་བའི་མི་གང་ཞིག། བཟོད་པ་རྣམ་པ་དེ་ལྟ་བུས།། བསྐལ་པ་བྱེ་བ་བཟོད་བྱེད་ཀྱང་།། བཟོད་པ་དེ་ནི་བསྔགས་མ་ཡིན།། གང་ཞིག་མདོ་འདི།། ཐོས་ནས་ནི།། མོས་པས་འདི་ནི་འཛིན་བྱེད་པ།། དེ་ནི་བཟོད་པ་རྣམས་ཀྱི་མཆོག། དེ་ནི་དཟོད་པ་ཤིན་ཏུ་བཟང་།། གང་ཞིག་མདོ་སྡེ་འདི་འཛིན་ཅིང་།། གང་དུའང་ཆགས་པར་མི་བྱེད་པ།། བཟོད་པ་དེ་ནི་ཁྱད་པར་འཕགས།། བཟོད་པ་དེ་ནི་བླ་ན་མེད།། གང་ཞིག་སངས་རྒྱས་ཡེ་ཤེས་མཆོག། ཆགས་མེད་ཡེ་ཤེས་འདོད་པ་དེས།། མདོ་སྡེ་འདི་ལ་མི་ཆགས་པར།། མྱུར་དུ་འདི་ནི་གཟུང་།། བར་བྱ།། གང་ཞིག་བསྐལ་པ་བརྒྱ་ཚང་བར།། བརྩོན་འགྲུས་འདི་ནི་ཁྱད་པར་འཕགས།། གཉིད་ཀྱི་མནོན་བདག་ཉིད་ཅན།། རྟག་ཏུ་འདའ་བར་བྱེད་པ་བས།། མཁས་པ་གང་ཞིག་ལུང་ནོད་ཕྱིར།། མདོ་སྡེ་འདི་ལ་སྦྱོར་བྱེད་ན།། བརྩོན་འགྲུས་འདི་ནི་དེ་བས་མཆོག། བརྩོན་འགྲུས་འདི་ནི་ཁྱད་པར་འཕགས།། གང་ཞིག་བསྐལ་པ་བརྒྱ་ཚང་བར།། དྲང་སྲོང་མངོན་ཤེས་ལྔ་ལྡན་གྱུར།། མདོ་སྡེ་འདི་ནི་མི་ཉན་ན། ། མངོན་ཤེས་མཆོག་ཅེས་མི་བྱའོ།། གང་ཞིག་མངོན་ཤེས་མི་གནས་པར།། མདོ་སྡེ་འདི་ནི་འཛིན་བྱེད་པ།། དེ་ནི་མངོན་ཤེས་ཐམས་ཅད་ཀྱི།། མངོན་པར་ཤེས་པའི་མཆོག་ཡིན་ནོ། ། མི་གང་བསྐལ་པ་བརྒྱ་ཚང་བར།། ཤེས་རབ་དང་ནི་ལྡན་གྱུར་ལ།། འཇིག་རྟེན་པ་ཡེ་ཤེས་རབ་ལྡན།། འཇིག་རྟེན་བྱ་བ་རྣམས་ལ་ངེས།། གང་ཞིག་ཚུལ་འདི་མི་སློབ་ན།། དེ་ནི་ཤེས་རབ་ཚུལ་ཤེས་མིན། ། གང་ཞིག་ཚུལ་འདི་འཛིན་བྱེད་པ།། དཔའ་བོ་དེ་ཉིད་ཤེས་རབ་ལྡན།། གང་ཞིག་མདོ་སྡེ་དན་པ་འདི།། ཐོས་ནས་མོས་ཤིང་རྟོགས་བྱེད་པ།། བརྟན་པ་དེ་ནི་ཤེས་རབ་ལྡན།། དེ་ནི་ཤེས་རབ་མཁས་པ་ཡིན།། གང་ཞིག་ཆོས་ཀུན་ཤེས་རབ་ཀྱིས།། ཤེས་པར་འདོད་པ་ཇི་ལྟས་ཀྱང་།། མདོ་སྡེ་འདི་ནི་ལུང་ནོད་ན།། དེ་ནི་ཤེས་རབ་འདི་འཐོབ་འགྱུར།། མདོ་སྡེ་འདིར་ནི་རབ་བཤད་པ། ། དེ་ནི་ཤེས་རབ་སྤྱོད་ཡུལ་ཡིན།། དེ་ཡི་ཕྱིར་ན་མདོ་སྡེ་འདི།། གཟུང་བར་བརྩོན་འགྲུས་བརྩམ་པར་གྱིས།། དེ་ནས་བཅོམ་ལྡན་འདས་ལ།། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། དཔག་ཚད་རངས་པའམ་འོན་ཏམ་ནི།། དཔག་ཚད་བརྒྱར་ཡང་བརྒྱུགས་ནས་ནི།། འབྲས་བུ་སྣ་ཚོགས་སེལ་བ་ཡི།། མདོ་སྡེ་འདི་ནི་མཉན་པར་བགྱི།། ཁ་ཚོན་དཔག་ཚད་རངས་པ་ཡི། ། མེ་མངག་གང་བརྒལ་ནས་ནི།། གང་ན་མདོ་སྡེ་འདི་གནས་པར།། མཁས་པ་མྱུར་དུ་མཆི་བར་བགྱི།། བསམ་གཏན་ཀུན་གྱི་དམ་པ་ལ།། བསམ་གཏན་པ་གང་བསམ་གཏན་འཚལ། ། དེས་ནི་ཉོན་མོངས་ཀུན་སེལ་བ།། མདོ་སྡེ་འདི་ནི་ལུང་མནོད་བགྱི།། གང་ཞིག་འདི་ནས་འཇིག་རྟེན་ཁམས།། གགས་པ་མངོན་དགའ་ཞེས་བགྱི་བ།། ཤིན་ཏུ་མཛེས་དེར་མཆི་འཚལ་བ།། དེས་ནི་མདོ་སྡེ་འདི་བཤད་བགྱི།། གང་ཞིག་སངས་རྒྱས་མི་འཁྲུགས་པ།། ཐུབ་པ་བླ་མེད་མཐོང་འཚལ་བ།། དེས་ནི་མདོ་འདུ་ལུང་མནོད་ཅིང་། ། མང་དུ་བཀླག་ཅིང་གཟུང་བར་བགྱི།། གང་ཞིག་བྱང་ཆུབ་སེམས་དཔའི་གནས།། བདེ་བ་ཅན་དུ་མཆི་འཚལ་བ།། དེས་ནི་མདོ་འདི་ལུང་མནོས་ནས།། མྱུར་བ་ཉིད་དུ་མཆི་བར་འགྱུར། ། སངས་རྒྱས་ཀུན་གྱིས་གསུངས་པ་ཡི།། མདོ་སྡེ་འདི་ནི་ཏོན་བགྱིས་ནས།། རྫོགས་པའི་སངས་རྒྱས་འོད་དཔག་མེད།། བསམ་གྱིས་མི་ཁྱབ་དེ་མཐོང་འགྱུར།། བྱང་ཆུབ་སེམས་དཔའ་མ་སྨད་པ།། ཡོན་ཏན་འདི་དག་མངོན་འཚལ་བས།། སངས་རྒྱས་ཀུན་གྱིས་གསུངས་པ་ཡི།། མདོ་སྡེ་འདི་ནི་གཟུང་བར་བགྱི།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ལེགས་སོ་ལེགས་སོ།། ཀུན་དགའ་བོ་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། ཀུན་དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གི་ཚེ། སེམས་མི་གཡེང་བ་དང་། མཚན་མ་ཐམས་ཅད་དང་བྲལ་བའི་ཡིད་ཀྱིས་མདོ་འདི་ཀློག་གམ། ཁ་ཏོན་བྱེད་ན། དེ་དེའི་ཚེཆོསངས་རྒྱས་གང་དང་གང་མཐོང་བར་འདོད་པ་དེ་དང་དེ་མཐོང་བར་འགྱུར་རོ། ། ཅི་སྟེ་སེམས་གཡེངས་ནས་མི་ཀློག་གམ། ཁ་ཏོན་མི་བྱེད་ན། འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྨི་ལམ་དུ་མཐོང་བར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལུང་ནོད་དམ། འཛིན་ཏམ། འདོན་ཏམ། ཀློག་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བར་འགྱུར་རོ།། དེ་ནས་གཞོན་ནུར་གྱུར་མ་སེང་གེ་གཞོན་ནུ་མ་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བུད་མེད་དུ་གྱུར་པས་མདོ་འདི་ལུང་མནོས་སམ། གཟུང་། ངམའདོན་ཏམ། ཀློག་ན། ཡོན་ཏན་ཅི་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་གེ་གལ་ཏེ་བུད་མེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པས་ཆོས་ཀྱི་རྣམ་གྲངས་འདི་ལུང་ནོད་དམ། འཛིན་ཏམ། འདོན་ཏམ། ཀློག་གམ། འཆང་ན་དེའི་བུད་མེད་ཀྱི་དངོས་པོ་དེ་ཉིད་ཐ་མར་གྱུར་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ལུང་མནོས་པ་དང་། བཟུང་བ་དང་། བཏོན་པ་དང་། བཅངས་པ་དང་། བཀླགས་པས། ཉོན་མོངས་པ་གང་དག་གིས་བུད་མེད་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་པའི་བུད་མེད་ཀྱི་ཉོན་མོངས་པ་རྣམས་བུད་མེད་ལ་འབྱུང་བར་མི་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། གཞོན་ནུར་གྱུར་མ་སེང་གེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཉོན་མོངས་པ་གང་དག་དང་ལྡན་ན་བུད་མེད་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་པའི་བུད་མེད་ཀྱི་ཉོན་མོངས་པ་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་གེ་འདི་ལ་བུད་མེད་ཀྱིས་བུད་མེད་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། རྒྱན་གྱིས་བརྒྱན་པ། བདེ་བ་དང་ལྡན་པ་གཞན་མཐོང་ན་དེ་དེ་ལ་འདོད་པ་སྐྱེད་དེ། འདི་ནི་ངན་སྐྱུགས་ཀྱི་གོང་ངུ་ལ་ཚོན་གྱིས་བྲིས་པ་བྱིས་པ་བྱིས་པ་བྲིད་པ། དྲི་ང་བ། ངན་སྐྱུགས་ཀྱིས་སྤགས་པ་ཡིན་པར་དེ་ལྟར་མི་རྟོག་ན། དེ་དེ་ལ་དེ་ལྟར་མི་རྟོག་ཅིང་སྡུག་པར་མཐོང་སྟེ། དེ་ལ་འདོད་པ་སྐྱེད་པས། བུད་མེང་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་ཏོ།། སེང་གེ་གཞན་ཡང་འདི་ལ་བུད་མེད་ཕྲག་དོག་ཅན་དང་། སེར་སྣ་ཅན་དང་གཡོ་དང་ལྡན་པར་གྱུར་ལ། དེ་བཞིན་དུ་ཚིག་ཏུ་སྨྲ་ཞིང་། གཞན་དུ་སེམས་ཀྱིས་འཕྲོག་པ་དང་། གཞན་དུ་ཚིག་ཏུ་མངོན་སུམ་དུ་སྨྲ་ཞིང་། གཞན་དུ་གསང་བར་སེམས་པ་དང་། ཉམས་སུ་མྱོང་བར་བྱ་བའི་ཕྱིར་དགེ་སློང་གི་གན་དུ་འགྲོའི། ཆོས་ཀྱི་ཕྱིར་མ་ཡིན་པ་དང་། ཁྲོ་བས་ཟིལ་གྱིས་ནོན་པ་དང་། རྨུགས་པ་དང་། གཉིད་ཆེ་བ་དང་། འདུ་འཛི་ལ་མངོན་པར་དགའ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུའི་ལུང་ནོད་པ་དོན་དུ་མི་གཉེར་བ་དང་། ཀུན་ནས་ཉོན་མོངས་པའི་སེམས་ཀྱིས་ཉིན་མཚན་དད་པར་བྱེད་ཀྱི། རྣམ་པར་བྱང་བའི་སེམས་ཀྱིས་མ་ཡིན་ན། ཉོན་མོངས་པ་དེ་དག་གིས་བུད་མེད་དེ་དུང་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་ཏེ། ཟད་པར་མི་བྱེད་དོ།། དེ་བས་ན་སེང་གེ་མདོར་ན་བུད་མེད་ཀྱིས་བདག་གི་ཉོན་མོངས་པ་ཐམས་ཅད་མི་སྐྱེ་བ་དང་། མི་འབྱུང་བར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལུང་མནོད་པར་བྱ། གདོན་པར་བྱ། ཀུན་ནུབ་པར་བྱ། གཟུང་བར་བྱ། བཀླག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ནི་བུད་མེད་ཀྱི་ཉོན་མོངས་པ་དང་བྲལ་བའོ། ། གཞོན་ནུར་གྱུར་མ་སེང་གེས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བུད་མེད་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་བར་མི་འཆལ་ལ། ཆེས་ཀྱི་རྣམ་གྲངས་འདི་ནི་ལུང་ནོད་ཅིང་འཛིན། འདོན། འཆང། ཀློག། ཀུན་ཆུབ་པར་བགྱིད་ན། དེ་ཇི་ལྟར་བསྡུ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་གེ་བུད་མེད་ཀྱི་དངོས་པོ་ལས་བསྒྱུར་བར་མི་འདོད་དུ་ཟིན་ཀྱང་། ཆོས་ཀྱི་རྣམ་གྲངས་འདི་ནི་ལུང་ནོད་དམ་སེམས་ན། དེ་ཉིད་བུད་མེད་ཀྱི་དངོས་པོའི་ཐ་མ་ཡིན་པར་ཤེས་པར་བྱ་སྟེ། རྫུ་འཕྲུལ་གྱིས་སྟོན་པ་ནི་མ་གཏོགས་སོ།། སེང་གེ་འདི་ལྟ་སྟེ། དཔེར་ན་སྐྱེས་པ་འམ། བུད་མེད་ལ་ལ་ཞིག་མེའི་ཕུང་པོ་ཆེན་པོ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ། མེ་ལྕེ་དང་བཅས་པར་བདག་ཉིད་ཀྱི་ལུས་མཆོངས་ཏེ། ཚིག་འདི་སྐད་དུ་བདག་གི་ལུས་ཚིག་པར་མ་གྱུར་ཅིག། བདག་གི་པགས་པའི་མདོག་མ་གྱུར་ཅིག་ཅེས་སྨྲས་ན། སེང་གེ་འདི་ལ་ཇི་སྙམ་དུ་སེམས། སྐྱེས་པ་འམ། བུད་མེད་དེ་ཚིག་དེ་སྐད་སྨྲས་པས། བསམ་པ་དེ་འཐོབ་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཞུགས་ཀྱི་ཕུང་པོ་ཆེན་པོ་ནི་སྲེག་པའི་བདག་ཉིད་ལགས་ཏེ། པགས་པའི་མདོག་མ་མཆིས་པར་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་གེ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ཡང་ཉོན་མོངས་པ་ཐམས་ཅད་སེལ་བའོ།། སེང་གེ་དེ་བས་ན་བུད་མེད་བུད་མེད་ཀྱི་དངོས་པོ་མི་འདོད་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་མྱུར་དུ་སྒྲུབ་པར་འདོད་པ་དང་། སངས་རྒྱས་གྲངས་མེད་པ་མཐོང་བར་འདོད་པ་དང་། སྤོབས་པ་ཆགས་པ་མེད་པ་ཐོབ་པར་འདོད་པས། ཆོས་ཀྱི་རྣམ་གྲངས་འདི་ཉིད་གཟུང་བར་བྱ། ཀུན་ཆུབ་པར་བྱ། འདོན་པར་བྱ། བཀླག་པར་བྱ། བཅང་བར་བྱ། ཁ་ཏོན་དུ་བྱའོ།། དེ་ནས་གཞོན་ནུར་གྱུར་མ་སེང་གེ་གཞོན་ནུ་མ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལས་མནོས་ཏེ། དེ་སླན་ཆད་འདི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འཛིན་དུ་སྩལ་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ལགས། གཞོན་ནུར་གྱུར་མ་སེང་གེ་བུད་མེད་ཀྱི་དངོས་པོ་མ་བསྒྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཅི་གཞོན་ནུར་གྱུར་མ་སེང་གེ་བུང་མེད་ཡིན་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་སྐད་མ་སྨྲ་ཞིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ནི་གཞོན་ནུར་གྱུར་མ་སེང་གེ་དང་། གཞོན་ནུ་མ་ལྔ་བརྒྱ་པོ་འདི་དག་གི་ཆོ་འཕྲུལ་ཡིན་ཏེ། ཕྱི་མའི་སྐྱེ་བོ་མཐོང་ནས། བུད་མེད་ལ་སྙིང་བརྩེ་བ་དང་། བུད་མེད་དུང་མེད་ཀྱི་དངོས་པོ་ལས་རྣམ་པར་དགྲོལ་བའི་ཕྱིར། གཞོན་ནུར་གྱུར་མ་སེང་གེས་ཆོ་འཕྲུལ་འདི་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སྐྱེས་པ་མི་འཇུག་ཅིང་། འཇུག་ཏུ་མི་དབང་བའི་ཁྱིམ་ཐམས་ཅད་དུ་ཞུགས་ནས། ཆོ་འཕྲུལ་གྱིས་བུད་མེད་འདུལ་ལོ། ། ཀུན་དགའ་བོ་གཞོན་ནུར་གྱུར་མ་སེང་གེ་ལ་ནི་བུད་མེད་ཀྱི་ཆོས་མེད། སྐྱེས་པའི་ཆོས་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། འདིས་བུད་མེད་མི་དམིགས།། སྐྱེས་པ་མི་དམིགས་སོ།། གཞོན་ནུར་གྱུར་མ་སེང་གེས་ཆོས་ཀྱི་རྣམ་གྲངས་འདི་རྟོགས་པར་ཁོང་དུ་ཆུད་དོ།། སྣང་བ་ཐོབ་བོ།། ཀུན་དགའ་བོ་དེ་ལྟ་བས་ན་གཞོན་ནུར་གྱུར་མ་སེང་གེའི་རྗེས་སུ་སློབ་པར་འདོད་པའི་བུད་མེད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། ཀུན་ཆུབ་པར་བྱ། གདོན་པར་བྱ། བཅང་བར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ།། དེ་ནས་དགེ་སློང་མ་ལྔ་སྟོང་སྟན་ལས་ལངས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དེང་སླན་ཆད་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱིད། ཀུན་ཆུབ་པར་བགྱིད། འདོན་པར་བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཁ་ཏོན་དུ་བགྱིད་དོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ནི་བུད་མེད་ཀྱི་དངོས་པོ་དོན་དུ་གཉེར་བ་མ་ལགས་སོ། ། བཅོམ་ལྡན་འདས་བདག་ཅག་ནི་བུད་མེད་ཀྱི་དངོས་པོ་ལ་སྤྱོད་ལགས་སོ།། བཅོམ་ལྡན་འདས་བདག་ཅག་དང་སླན་ཆད་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཆུབ་པར་མ་གྱུར་གྱི་བར་དུ་མཆིས་པར་མི་བགྱིད་དོ། ། རྨུགས་པ་དང་གཉིད་ཀྱིས་ནོན་པར་མི་བགྱིད་དོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆེ་ཞེ་དག་ཁྱེད་ཀྱིས་ཚིག་འདི་ལེགས་པར་སྨྲས་ཏེ། གོ་ཆ་ཆེན་པོ་བགོས་ཤིང་། ཁྱེད་ཅི་ནས་ཀྱང་བུད་མེད་ཀྱི་དངོས་པོ་ནི་དོན་དུ་མི་གཉེར་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་དོན་དུ་གཉེར་བའི་ཕྱིར་བརྩོན་འགྲུས་ཆེན་པོ་འདི་བརྩམས་པ་ལེགས་སོ་ལེགས་སོ། ། དེ་བས་ན་ཁྱེད་ཆོས་ཀྱི་རྣམ་གྲངས་འདི་གཟུང་བའི་ཕྱིར་བརྩོན་འགྲུས་དེ་བས་ཀྱང་རྩོམས་ཤིག། དེ་ནས་དགེ་སློང་མ་དེ་དག་གིས་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། སོ་སོ་ནས་བླ་གོས་བཅོམ་ལྡན་འདས་ཀྱི་ཞབས་ལ་བཀབ་བོ།། བཀབ་ནས་ཀྱང་ཚིགས་སུ་བཅད་པ་འདི་སྨྲས་སོ།། སྐྱེས་པའི་དངོས་པོའི་ཆེད་དུ་ནི།། དེ་རིང་བདག་ཅག་དབུགས་རྙེད་དོ།། རྒྱལ་བ་གཞན་དུ་མི་བཟུང་བས།། བདག་ཅག་འཇིག་རྟེན་མཆོག་ཏུ་འགྱུར།། དེ་ནས་ཁྱིམ་བདག་གི་རླུང་མ་ལྔ་བརྒྱས་དགེ་སློང་མ་དེ་དག་གི་ཚིགས་སུ་བཅད་པ་འདི་ཐོས་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་དང་སླན་ཆད་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད་ཀུན་ནུབ་པར་བགྱིད། འདོན་པར་བགྱིད། ཀློག་པར་བགྱིད། ཁ་ཏོན་དུ་བགྱིད་དོ།། བདག་ཅག་སླན་ཆད་གཞན་གྱི་དབང་དུ་འགྱུར་བ་དང་། གཞན་གྱི་གདོང་དུ་ལྟ་བར་འགྱུར་བ་དང་། འཇལ་བར་མ་གྱུར་ཅིག་དགུང་ཟླ་དགུ་འམ། བཅུར་མངལ་ན་འཛིན་པར་མ་གྱུར་ཅིག། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བུད་མེད་དུ་གྱུར་པ་སླན་ཆད་རྒྱལ་པོའི་ཁྱིམ་དུ་སྐྱེས་ཀྱང་གཞན་གྱི་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་ཁྱིམ་ཐབ་ལ་བསྙེན་བཀུར་བགྱི་འཚལ་ལོ། ། བཅོམ་ལྡན་འདས་བདག་ཅག་དང་སླན་ཆད་མ་གུམ་གྱི་བར་དུ་བརྩོན་འགྲུས་བརྩམ་པར་དགྱི། ཟ་གཅིག་ཏུ་འཚལ་བ་ཡང་དག་པར་བགྱིའོ།། བློས་དབབ་པར་མི་བགྱིའོ། ། ཆོས་ཀྱི་རྣམ་གྲངས་ལུས་ལ་གནས་པར་བགྱིས་པར་མ་གྱུར་ཀྱི་བར་དུ་ཁྱིམ་ཐབ་ཀྱང་སུག་པ་ནས་འཛིན་དུ་མི་སྩལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མོ་དག་ཁྱེད་ཀྱིས་ཚིག་འདི་ལེགས་པར་སྨྲས་པ་ལེགས་སོ་ལེགས་སོ། ། དེ་ནི་ཁྱེད་གཞན་གྱི་དབང་དུ་མི་འགྱུར་རོ།། གཞན་གྱི་ངོར་ལྟ་བར་མི་འགྱུར་རོ།། ཟླ་བ་དགུ་འམ་བཅུར་མངལ་ནས་འཛིན་པར་མི་འགྱུར། རོ།། སངས་རྒྱས་ཀྱི་ཞིང་བུད་མེད་མེད་པར་སྐྱེ་བར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྲིང་མོ་འདི་དག་གང་དུ་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་དག་གང་དུ་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེའི་མིང་ནི་རིན་པོ་ཆེའི་པདྨ་ལྟ་བུར་སྣང་བ་ཞེས་བྱའོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་མཚན་ཇི་སྐད་ཅེས་བགྱི་བ་ཞིག་བཞུགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ན་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་ནོར་བུ་རིན་པོ་ཆེ་རྣམ་པར་འཐོང་བ་སྣང་བ་ཞེས་བྱ་བཞུགས་ཤིང་ཆོས་ཀྱང་སྟོན་ཏེ། ཁྱིམ་བདག་གི་ཆུང་མ་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་འདོན་བཞིན་དུ་དེ་མཐོང་བར་འགྱུར་རོ།། དེ་ནས་ཁྱིམ་བདག་གི་ཆུང་མ་དགེ་བསྙེན་མ་དེ་དག་གིས་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། མུ་ཏིག་གི་དོ་ཤལ་ནོར་བུ་རིན་པོ་ཆེས་སྤྲས་པ་ཁྲི་མགུལ་ནས་དགྲོལ་ཏེ། དེ་བཞིན་གཤེགས་པ་ལ་གཏོར་ཏོ།། གཏོར་ནས་ཀྱང་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བུད་མེད་དངོས་པོ་བསྒྱུར་བ་ལ།། དེ་རིང་བདག་ཅག་དབུགས་རྙེད་དོ།། སངས་རྒྱས་གཞན་དུ་མི་གསུང་སྟེ།། བདེན་པའི་གསུང་དུ་བཀའ་སྩལ་པ།། ཉོན་མོངས་ཤིན་ཏུ་སྡིག་པའི་ལུས། ། བུད་མེད་ལུས་ནི་སྤང་བར་བགྱིད།། ཡང་དག་ཇི་བཞིན་མ་འཚལ་བས།། བྱིས་པ་དག་ནི་མཁས་ལ་རྨོངས།། བདག་ཅག་སླན་ཆད་མངལ་གྱི་གནས།། འཇིགས་པ་ཆེན་པོར་མི་འགྱུར་རོ། ། དགེ་བ་དམ་པ་ཐོབ་པས་ན།། བདག་ཅག་མངལ་གྱི་གནས་དང་བྲལ།། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྔ་ཞིང་ཕྱག་འཚལ་ལོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ལྷའི་མེ་ཏོག་རྣམས་ཀྱིས་གཏོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་སོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཆུབ་པར་བགྱིས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་པ། ཀོའུ་ཤི་ཀ་དེའི་ཕྱིར་ཁྱོད་ད་ཕྱིན་ཆད་ལྔ་དང་ལྷ་མ་ཡིན་གྱི་གཡུལ་ངོར་འཇུག་པར་མི་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲོག་ཆགས་བརྒྱ་སྟོང་མང་པོའི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་ཚུན་ཆད་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་མ་བསྐོར་བ་དེ་སྲིད་དུ། དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ཐུགས་མ་སྐྱེད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེའི་ཕྱིར་ཕྱོགས་བཅུར་སྣང་བས། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་བཞིན་ནོ། ། དེ་ནས་དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་མེ་ཏོག་རྣམས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་པུས་མོ་ནུབ་ཙམ་དུ་ཁྱབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ས་ཆེན་པོ་གཡོས་པ་འཇིག་རྟེན་དུ་འབྱུང་བའི་རྒྱུ་གང་ལགས་རྐྱེན་གང་ལགས། མེ་ཏོག་འདི་དག་ནི་སུས་གཏོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལྔ་བྱེ་བ་ཁྲག་ཁྲིག་ཕྲག་མང་པོས་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་ཐོས་ནས། དགའ་བའི་སེམས་ཀྱིས་མེ་ཏོག་འདི་དག་གཏོར་ཏེ། གཏོར་ནས་ཀྱང་ཚིག་འདི་སྐད་དུ་བདག་ཅག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏོ།། ཀུན་ཆུབ་པར་བྱེད་དོ།། གདོན་ཏོ།། བཅང་ངོ་།། བདག་ཅག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ཅི་འདྲ་བར་གྱུར་ཅིག་ཅེས་སྨྲས་ཏེ། ཚིག་འདི་སྨྲས་མ་ཐག་ཏུ་དེ་དག་ལ་ཆོས་ཀྱི་རྣམ་གྲངས་འདི་མངོན་དུ་གྱུར་ནས་དེ་དག་ཐམས་ཅད་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། ང་དང་འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏོ།། དེས་ནས་གཡོས་པ་འདི་ལྟ་བུ་འདི་བྱུང་ངོ་།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་སོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ལགས་སོ། ། བཅོམ་ལྡན་འདས་སེམས་ཅན་གང་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲགས་པར་འགྱུར་བ་དེ་དག་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་ལ་ཐོས་ནས་ཀྱང་མོས་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། ། དེ་དག་ནི་ངན་སོང་ངན་འགྲོ་རྣམ་པར་ལྷུང་བ་ཐམས་ཅད་དང་། མི་ཁོམ་པར་སྐྱེ་བ་ཐམས་ཅད་ལས་གྲོལ་བའོ།། དེ་དག་གིས་བདུད་སྡིག་ཅན་བཅོམ་མོ།། དེ་དག་གིས་ཆོས་ཀྱི་ཏོག་བསྒྲེང་ངོ་། ། དེ་དག་གིས་ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བར་བྱས་སོ།། དེ་དག་གིས་མུན་པ་མུན་ནག་བསལ་ཏེ། དེ་དག་བྱང་ཆུབ་ཀྱི་སྙིང་པོར་ཕྱིན་ཏོ།། ཀུན་དགའ་བོ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བ་དེ་དག་ང་དང་ཉེ་བ་ཡིན་ནོ།། ཀུན་དགའ་བོ་གང་ངག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བ་དང་། ཀློག་པ་དེ་དག་ནི་ངའི་བུ་ཆོས་ཀྱི་སྐུ་ལས་སྐྱེས་པ་དག་གོ། དེ་དང་དེ་དག་དེ་བཞིན་གཤེགས་པའི་ཟས་ཟ་བར་འདོད་པ་དག་གོ། ། དེ་དང་དེ་དག་ནི་ཇི་ལྟར་ད་ལྟ་ནང་འདུག་པ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་པར་འདོད་པ་དག་གོ།། དེ་དང་དེ་དག་ནི་ཇི་ལྟར་ང་ལྟ་ནང་སྟོན་པ་དེ་བཞིན་དུ་ཆོས་སྟོན་པར་འདོད་པ་དག་གོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། ཁ་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་འགྱུར་བ་དང་། ཀུན་ཆུབ་པར་བགྱིད་པར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀློག་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་དག་ད་ལྟ་ན་མོས་པ་དེ་དག་ཕྱི་མའི་དུས་ན་མོས་པར་འགྱུར་རོ། ། གང་དག་ད་ལྟ་ན་འཛིན་པ་དེ་དག་ཕྱི་མའི་དུས་ན་འཛིན་པར་འགྱུར་རོ།། གང་དག་ད་ལྟ་ན་ཀློག་པ་དེ་དག་ཕྱི་མའི་དུས་ན་ཀློག་པར་འགྱུར་རོ།། ཀུན་དགའ་བོ་གང་དག་ད་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ཕྱི་མའི་དུས་ན། འདི་ཐོས་པར་འགྱུར་འདི་ནི་ངས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ནམ་མཐོང་སྟེ། དེ་ནི་གནས་མ་ཡིན་ནོ།། ཀུན་དགའ་བོ་འདི་ད་ལྟར་གང་དག་གི་ནོར་ཡིན་པ་ཕྱི་མའི་དུས་ན་ཡང་དེ་དག་གི་ནོར་དུ་འགྱུར་རོ།། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་འདིར་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་འགའ་ཞིག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་ཞིང་ནོར་དང་ཡོ་བྱད་མང་བར་གྱུར་ལ། དེས་གཏེར་དག་གཏེར་དུ་བཅུག་ནས། ཡུལ་གཞན་དུ་སོང་ན། ཀུན་དགའ་བོ་དེ་ལ་ཇི་སྙམ་དུ་སེམས། དེ་སླར་འོངས་མ་ཐག་ཏུ་ངེས་གང་གཏེར་དུ་བཅུག་པ་དེ་རྙེད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་རྙེད་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། ནོར་དེ་དེ་ཉིད་ཀྱི་ལགས་པའི་སླད་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་འདི་དེ་ལྟར་གང་དག་གི་ནོར་ཡིན་པ་མ་འོངས་པའི་དུས་ན་ཡང་དེ་དག་གི་ནོར་དུ་འགྱུར་ཏེ། དེ་དག་ཇི་ལྟར་ད་ལྟ་ནང་ཡང་དག་པར་འགྱེད་པ་བཞིན་དུ་ཆོས་ཀྱི་ནོར་བླ་ན་མེད་པ་འདི་གཞན་དག་དང་ཡང་དག་པར་འགྱེད་པར་འགྱུར་རོ། ། ཀུན་དགའ་བོ་གང་དག་ཕྱི་མའི་དུས་ན། ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀུན་ནུབ་པར་བྱེད་པར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། ཀློག་པར་འགྱུར་བ་རྣམས་ཀྱང་ངས་སངས་རྒྱས་ཀྱི་སྤྱན་གྱིས་དཔེར་ན་ད་ལྟར་བཞིན་དུ་མཐོང་ངོ་།། གང་དག་སྤོང་བར་འགྱུར་བ་དེ་དག་ཀྱང་མཐོང་ངོ་། ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་དག་མོས་པར་མི་འགྱུར་བ་དང་། སྤོང་བ་དང་། མི་སྙན་བརྗོད་པ་དང་། སུན་འབྱིན་པ་དེ་དག་གི་འགྲོ་བ་ཇི་ལྟ་བུ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འདི་དྲིས་པས་ཅི་ཞིག་བྱས་ཁ་རོག་ཅིག། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བཤད་དུ་གསོལ། གང་དག་མོས་པར་མི་འགྱུར་བ་དང་། ཡིད་ཆེས་པར་མི་འགྱུར་བ་དེ་དག་ཀྱང་མོས་པར་འགྱུར་ཞིང་རྟོགས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མཚམས་མེད་པ་ལྔ་དང་ལྡན་པའི་འགྲོ་བ་གང་ཡིན་པ་དེ་དེ་དག་གི་འགྲོ་བར་འགྱུར་རོ། ། ཀུན་དགའ་བོ་འདི་ལ་ཇི་སྙམ་དུ་སེམས། གང་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་ན། དེའི་འགྲོ་བ་ཅི་འདྲ་བ་ཞིག་ཏུ་འགྱུར། གསོལ་པ། བཅོམ་ལྡན་འདས་སྡིག་ཅན་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ།། ཀུན་དགའ་བོ་གང་ཞིག་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་རྟེན་བཤིག་སྟེ། མེས་ཀྱང་བཏང་ན། ཅི་དེ་གཞི་དེ་ལས་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། དེ་གཞི་དེ་ལས་བསོད་ནམས་མ་ལགས་པ་མང་དུ་སྐྱེད་པར་འགྱུར་ཏེ། དེ་ནི་མཉན་པར་མི་བགྱིའོ། ། བལྟ་བར་མི་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ།། ཀུན་དགའ་བོ་གང་དག་འདས་པ་དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་འགག་པར་བྱེད་ན། དེའི་འགྲོ་བ་ཇི་ལྟ་བུ་ཞིག་ཏུ་འགྱུར། གསོལ་པ། བཅོམ་ལྡན་འདས་སྡིག་པ་ཅན་ལགས་ཏེ། དེ་ནི་ཚིག་ཏུ་བརྗོད་པར་སླ་བ་མ་ལགས་སོ། ། བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ།། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཡང་གང་ཞིག་སེམས་ཅན་གཞན་ཡང་ཟློག་པར་བགྱིད་ན། དེའི་འགྲོ་བ་ཇི་ལྟ་བུ་ཞིག་ཏུ་འཚལ་བར་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་མིག་ཕྱུང་ན། དེའི་འགྲོ་བ་ཙ་འདྲ་བ་ཞིག་ཏུ་འགྱུར། གསོལ་པ། བསྐལ་པ་མང་པོར་དམུས་ལོང་དུ་འགྱུར་ཞིང་། སེམས་ཅན་དམྱལ་བའི་ཞུགས་ཀྱིས་བསྲེགས་པའི་སྡུག་བསྔལ་གྱི་ཚོར་བ་ཡང་མྱོང་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་ཁྱོད་ལ་བསྒོའོ། ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། གང་གིས་སེམས་ཅན་གཅིག་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལས་བཟློག་ན། དེའི་འགྲོ་བ་ནི་དེ་ཡིན་པར་ཤི་བར་བྱའོ།། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཞུགས་པ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་ཐེ་ཙོམ་ནི་འཚལ་ལ་མི་སྤྱོད་ན་དེ་ཇི་ལྟ་བུ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཇི་སྙེད་དུ་ཐེ་ཙོམ་གྱི་སེམས་བསྐྱེད་པ་དེ་ཙམ་དུ་སངས་རྒྱས་མཉེས་པར་བྱེད་པར་མི་འགྱུར་རོ། ། དེ་བསྐལ་པ་དེ་སྙེད་དུ་བྱང་ཆུབ་རིང་དུ་བྱེད་དོ།། གསོལ་བ། བཅོམ་ལྡན་འདས་ཡང་གང་ཞིག་མོས་ཤིང་རྟོགས་ལ་ཐེ་ཙོམ་འཚལ་བར་གྱུར་ན། དེའི་ལུས་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བ་ཇི་ཙམ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དེའི་ལུས་དྲིས་པས་ཅི་ཞིག་བྱས་ཁ་རོག་ཅིག། གསོལ་པ། བཅོམ་ལྡན་འདས་འཁོར་བཞི་པོ་འདི་དག་ཀྱང་སྐྲག་པར་འགྱུར། སླད་མའི་སྐྱེ་བོ་རྣམས་ཀྱིས་ཐོས་ན་ཡང་སྐྲག་པར་འགྱུར་ལགས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ལུས་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བ་ནི་དཔག་ཚད་ཁྲིར་འགྱུར་རོ། ། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། གང་དེས་ཚིག་མ་བསྲུངས་པའི་དེའི་ལྕེ་ཅི་འདྲ་བ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ལྕེ་ནི་དཔག་ཚད་སྟོང་ཡོད་པར་འགྱུར་ཏེ། དེ་ལ་ཐོང་གཤོལ་ས་ཡ་ཕྲག་བརྒྱས་རྨོད་པར་འགྱུར། ལྕགས་ཀྱི་ཐོ་ལུམ་འབར་བ། རབ་ཏུ་འབར་བ་ས་ཡ་ཕྲག་བརྒྱ་འབབ་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཅི་ནས་ཚིག་འདི་མ་བསྲུངས་པའི་ཕྱིར་རོ།། དེ་ནས་འཁོར་བཞི་པོ་དེ་དག་དངངས་ཤིང་། སྤུ་ཟིང་ཞེས་བྱེད་པར་གྱུར་ནས་གདོང་ནས་མཆི་མ་ཟག་ཅིང་ངུ་ངའི་བཞིན་གྱིས་དེའི་ཚེ་ས་ལ་འགྱེལ་ཏེ། འབྲེལ་ནས་ཀྱང་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་དུ་མོ་གང་གིས་དེ་འདྲ་བའི་ཆོག་སྨྲས་པས། ལུས་དེ་འདྲ་བས་རྣམ་པ་དེ་ལྟ་བུ་མྱོང་བར་འགྱུར་བ་དེའི་ཆེད་དུ་བདག་ཅག་འགྱོད་ཚངས་འཚལ་ལོ།། དེ་ནས་དེར་སེམས་ཅན་གཞན་དག་ཅིག་གདོང་ལས་མཆི་མ་ཟག་པར་ངུ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་བདག་ཅག་གིས་ཚེ་འདི་དང་། སྐྱེ་བ་གཞན་དག་ཏུ་ཐེ་ཙོམ་གང་སྐྱེད་པར་འགྱུར་བ་དེ་དག། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་གཞན་གང་དག་མཐོང་བ་དེ་དག་ཀྱང་དབང་དུ་གསོལ་ཏེ། བདག་ཅག་གིས་ལས་ཀྱི་སྒྲིབ་པ་དེ་དེ་བཞིན་གཤེགས་པའི་སྤྱན་སྔར་སོ་སོར་བཤགས་པར་འཚལ་ལོ།། སོ་སོར་ངོར་བར་འཚལ་ལོ། ། ནོངས་པ་ལ་ནོངས་པར་སོ་སོར་བཤགས་ཤིང་། ནོངས་པ་ལ་ནོངས་པར་མཐོང་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་གི་ནོངས་པ་ཡོངས་སུ་གཟུང་བར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་གང་གི་ཕྱིར་ཉེས་པ་ལ་ཉེས་པར་མཐོང་སྟེ་སོ་སོར་འཆགས་པ་དང་། སོ་སོར་འདོར་བ་ལེག་སོ་ལེགས་སོ། ། རིགས་ཀྱི་བུ་དག་གང་ཉེས་པ་ལ་ཉེས་པར་མཐོང་ནས། སོ་སོར་འཆགས་པ་འདི་ནི་འཕགས་པའི་ཆོས་འདུལ་བ་འཕེལ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འཁོར་འདིའི་ནང་ནས་གང་དག་གིས་ཐེ་ཙོམ་བསྐྱེད་པ་དེ་དག་གིས། བཅོམ་ལྡན་འདས་འདི་འདྲ་བའི་སེམས་ཅན་དམྱལ་བར་མཆི་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདིའི་ནང་ན། གང་དག་གིས་ཐེ་ཙོམ་བསྐྱེད་པ་དེ་དག་གིས་སོ་སོར་བཤགས་ཤིང་། སོ་སོར་བོར་བས་དེ་དག་གི་མྱོང་བར་འགྱུར་བ་ཆུང་བར་འགྱུར་རོ། ། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མྱོང་བར་འགྱུར་བ་ཇི་ཙམ་ཞིག་ཏུ་ཆུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་འཆི་བའི་དུས་ཀྱི་ཚེ། སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ།། སྤུའི་ཁུང་བུ་རེ་རེ་ནས་ཀྱང་ཚོར་བ་གྲངས་མེད་དཔག་ཏུ་མེད་པ་འབྱུང་བར་འགྱུར་ཏེ། འདི་ནི་མདོར་བསྡུས་ཏེ་སྨྲས་པའོ། ། དེ་ཅིའི་ཕྱིར་ཞེ་ན། ང་དང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་གཞན་དག་ལ་ཡང་ཅི་ནས་སོ་སོར་བཤགས་པའི་ཕྱིར་རོ།། ཀུན་དགའ་བོ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་བདག་གི་ལུས་འདི་ལྟ་བུར་འགྱུར་དུ་འོང་ངོ་།། བདག་གིས་ཚོར་བ་འདི་ལྟ་བུ་མྱོང་བར་འགྱུར་དུ་འོང་ངོ་ཞེས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་བསྐྱེད་པར་བྱའོ།། མོས་ནས་ཀྱང་སོམ་ཉི་མེད་པ་དང་། ཐེ་ཙོམ་མེད་པར་བྱའོ།། གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མ་བཏང་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་ཡོངས་སུ་མ་བཏང་བ་དེས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། གདོན་པར་བྱ། འཆང་བར་བྱ། བཀླག་པར་བྱའོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་གི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་སྟོན་པ་མཛད་པ་ནི་གང་གིས་དགེ་འདུན་ཡོངས་སུ་མ་བཏང་བ་ཞེས་བགྱི་བ་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ཏེ་དེ་སྐད་ཅེས་བཀའ་སྩལ་ན། དེ་བཞིན་གཤེགས་པས་དགེ་འདུན་དུ་ཡོངས་སུ་བསྟན་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པས་ཕྱིར་མི་ལྡོག་པ་ལ་དགེ་འདུན་དུ་ཡོངས་སུ་བསྟན་ཏོ།། གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་གང་དག་ལགས་པ་དེ་དག་ནི། ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཡང་དག་པར་གཞོལ་བ་མ་ལགས། གྲངས་སུ་མཆི་བ་ཡང་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་བསམ་པ་དག་པ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་དགེ་འདུན་ལ་ཡང་དག་པར་གཞོལ་བའོ། ། དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་གྲངས་སུ་འགྲོའོ།། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་དུ། སངས། རྒྱས་བཅོམ་ལྡན་འདས་རྣམས་ཐབས་མཁས་པ་དང་ལྡན་ཏེ། ཐབས་མཁས་པས་དོན་འདི་ཡོངས་སུ་བསྟན་པ་ངོ་མཚར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མེ་ཏོག་མནྡ་ར་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། མངོན་པར་གཏོར་ནས་ཀྱང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་ཐབས་མཁས་པ་འདིས་ཆོས་སྟོན་པར་གྱུར་ཅིག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་འགྱུར་བ་དེ་དག་ཐམས་ཅད་ཇི་ལྟར་ད་ལྟ་ནང་བཞིན་དུ་ཐབས་མཁས་པ་འདིས་ཆོས་སྟོན་པར་འགྱུར་རོ།། དེ་ནས་ལྷའི་བུ་སྟོང་ཕྲག་མང་པོས། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་རྣམས་ཀྱིས་གཏོར་ཏེ། ཚིག་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཐོབ་པར་གྱུར་ཅིག། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། སྤང་མའི་སྐྱེ་བོ་རྣམས་ཀྱི་ཆེད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འང་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྒྱ་མཚོའི་དབུས་སུ་སོན་པར་གྱུར་པ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་མཉནན་ཡང་དེས་གདོན་མི་ཟ་བར་ཐོས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའོ།། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་སུ་ལགས་ཀྱིས་ཀྱང་། བཅོམ་ལྡན་འདས་ཀྱིས་ཀྱང་ད་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་རབ་ཏུ་གཡོས་སོ།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཛམ་བུའི་གླིང་གི་གསེར་གྱི་པདྨ་ཆེན་པོ་འདབ་མ་བྱེ་བ་བརྒྱ་སྟོང་དུ་མ་ཡོད་པ། འོད་ཀྱིས་ཕྱོགས་བཅུ་ཀུན་ཏུ་སྣང་བ་བྱེད་པ་མངོན་དུ་བྱུང་ངོ་།། འོད་དེས་ཀྱང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱས་སོ། ། དེ་ནས་འཁོར་བཞི་པོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱི་སྤྱན་སྔ་ན། འཛམ་བུའི་གླིང་གི་གསེར་གྱི་པདྨ་ཆེན་པོ་འདབ་མ་བརྒྱ་སྟོང་དུ་མ་ཡོད་པ། འོད་ཀྱིས་ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱེད་པ་མངོན་དུ་བྱུང་བར་མཐོང་ངོ་།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཁྱིམ་བདག་གི་ཆ་བྱད་ཀྱིས་མེ་རྟོག་རྣམ་པ་སྣ་ཚོགས་འཁོར་བཞི་པོ་དེ་དག་ལ་བྱིན་ཏེ། ཚིག་འདི་སྐད་དུ་ཁྱེད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ཕྱིར་མངོན་པར་གཏོར་ཅིག། མངོན་པར་གཏོར་ཅིག་ཅེས་སྨྲས་སོ།། དེ་ནས་འཁོར་བཞི་པོ་དེ་དག་གིས་མེ་ཏོག་དེ་དག་བླངས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་གཏོར་བ་དང་། མེ་ཏོག་དེ་དག་དེ་བཞིན་གཤེགས་པ་དེ་དག་གི་དབུའི་སྟེང་གི་དྲང་ཐད་ན་གདུགས་སུ་འདུག་པར་མཐོང་ངོ་།། དེ་ནས་འཁོར་བཞི་པོ་དེ་དག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གང་གི་སླད་དུ་ས་ཆེན་པོ་གཡོས་པ་འདི་བྱུང་བ་དང་། བཅོམ་ལྡན་འདས་དང་། དེ་བཞིན་གཤེགས་པ་འདི་དག་གི་སྤྱན་སྔར་འདི་ལྟ་བུའི་པདྨ་ཆེན་པོ་བྱུང་བ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་འདི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་རློབ་པའི་ལྟས་ཏེ། ལྟས་འདིས་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་རློབ་པར་ཤེས་པར་གྱིས་ཤིག། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་བྱིན་གྱིས་བརླབས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ། ། གསོལ་པ། བཅོམ་ལྡན་འདས་ཅི་ལགས། བཅོམ་ལྡན་འདས་ཉག་གཅིག་གིས་བྱིན་གྱིས་བརླབས་སམ། འོན་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གིས་ཀྱང་བྱིན་གྱིས་བརླབས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འབྲས་བུ་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བར་ཟུང་ཞིག། འདི་འབྲས་བུ་སྣ་ཚོགས་དང་བྲལ་བ་ཞེས་བྱ་བར་ཡང་ཟུང་ཞིག། འདི་དད་པས་རྗེས་སུ་འབྲང་པ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རིགས་ཀྱི་ས་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། འདི་བདུད་སླར་གཏང་བ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། འདི་དེ་བཞིན་གཤེགས་པ་དང་། བཅོམ་ལྡན་འདས་དང་། སངས་རྒྱས་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། འདིར་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞེས་བྱ་བར་ཡང་ཟུང་ཞིག། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་སམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་སམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བགྱིད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གི་ཚེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། ། གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཐེ་ཙོམ་མི་ཟ་བ་དེ་ནི་དེའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་ཅིང་འདོད་པ་དེ་ནི། དེའི་བཟོད་པའི་ཕ་རོལ་ཏུ་བྱིན་པའོ། ། གང་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་མ་ཞུམ་པདོན་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་ཡང་ཡེང་པོར་མི་འགྱུར་བདེ་ནི། དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ཆོས་ཀྱི་རྣམ་གྲངས་འདི་ལ་རྣམ་པར་མི་རྟོག་ཅིང་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཀུན་དགའ་བོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞེས་བྱ་བར་ཟུང་ཞིག། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མཚུངས་པར་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། འདི་ཕྱིར་མི་ལྡོག་པའི་འཁོར་ལོ་ཡེ་ཤེས་ཆེན་པོ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཞིག། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཡང་མཉན་པར་བགྱི་ན། ཐོག་མ་དང་། བར་མ་དང་། ཐ་མ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་ལྟའོ།། ཀུན་དགའ་བོ་དེ་དེ་ལྟའོ།། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ་བཅོམ་ལྡན་འདས་གང་ཞིག་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་པ་དེས། འཁོར་བ་ལས་བསྐལ་པ་དུ་ཞིག་བསྙིལ་བ་བགྱིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཕྱིར་མི་ལྡོག་པར་འཁོར་ལོ་ཡེ་ཤེས་ཆེན་པོ་བསྟན་པ་ཞེས་བྱ་བ་ཐོས་ལ། ཐོས་ནས་ཀྱང་མོས་པར་འགྱུར་བ་དེས། འཁོར་བ་ལས་བསྐལ་པ་སྟོང་བསྙིལ་བར་བྱས་པར་འགྱུར་རོ།། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས། བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བ་དེ་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀུན་དགའ་བོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས། བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བ་དེ་ཉིད་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ།། དེ་ནས་འཁོར་བཞི་པོ་དེ་དག་གི་མདུན་དུ་པདྨ་ཁ་དོག་སྣ་ཚོགས་པ། ཁ་དོག་དུ་མ་ཡོད་པ། ཁ་དོག་དཔག་ཏུ་མེད་པ། འདབ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་ཡོད་པ་སོ་སོར་བྱུང་ངོ་།། དེ་ནས་འཁོར་བཞི་པོ་དེ་དག་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། པདྨ་དེ་དག་བླངས་ནས། བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ།། མངོན་པར་གཏོར་ནས་ཀྱང་ཚིག་འདི་སྐད་དུ། བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་དེ་ལྟར་བསྟན་པར་བགྱིའོ།། དེ་ལྟར་རབ་ཏུ་དབྱེ་བར་བགྱིའོ་ཞེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ།། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་དུ་དེ་ནས་སིལ་སྙན་ཐམས་ཅད་ཀྱང་མ་དཀྲོལ་བར་སྒྲ་བྱུང་ངོ་།། སྤོས་ཐམས་ཅད་ཀྱི་ངད་ཀྱང་ལངས་ཏེ། ལྷ་བརྒྱ་སྟོང་མང་པོ་དག་གིས་ཀྱང་ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་འཛམ་བུའི་གླིང་གི་གསེར་ཕྱེ་དང་། ལྷའི་མེ་ཏོག་མན་ད་ར་བ་དང་། ལྷའི་ན་བཟའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་རྣམས་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ནབཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་འགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་བཞི་པོ་འདི་དག་ཐམས་ཅད་དང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང་། གང་དག་ཕྱི་མའི་དུས་ན་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་དང་། ཇི་ལྟར་ང་ལྟ་ནང་སྟོན་པ་དེ་བཞིན་དུ། ཆོས་ཀྱི་རྣམ་གྲངས་འདི་ལྷག་ཆད་མེད་པར་སྟོན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་བཞི་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། ། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་བར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་མུ་ནེ་ཝ་རྨ་དང་།
CLOSE WINDOW