Wylie | e-texts produced with ocr Programm |
། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་རྫོགས་སོ།། ། རྒྱ་གར་སྐད་དུ་ཨཱརྱ་བཛྙཱ་པཱ་ར་མི་ཏཱ་ནཱ་མ་ཨཥྚ་ཤ་ཏ་ཀ་ན། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། ། འདས་དང་མ་བྱོན་ད་ལྟར་གྱི།། རྒྱལ་བ་གང་ལགས་དེ་ཀུན་གྱི།། ཡུམ་ནི་དགེ་མ་ཁྱོད་ལགས་ཏེ། ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། རང་བཞིན་མེད་པའི་རང་བཞིན་ཅན། ། སངས་རྒྱས་ཡུམ་གྱུར་དེ་ཡི་མཚན།། དགེ་བ་བདག་གིས་བརྗོད་པར་བགྱི།། འབྱོར་པར་འདོད་པས་མཉན་པར་གྱིས། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ནོར་བ་དེ་བཞིན་ཉིད་དང་། བདེན་པ་དང་། ཁོ་ན་དང་། ཡང་དག་པ་དང་།། ཕྱིན་ཅི་མ་ལོག་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དངོས་པོ་མེད་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཆོས་ཀྱི་མཚན་ཉིད་དང་། ཆོས་བདག་མེད་པ་ཉིད་དང་། ངོ་བོ་ཉིད་མེད་པ་ཉིད་དང་། སེམས་ཅན་མེད་པ་ཉིད་དང་། སྲོག་མེད་པ་ཉིད་དང་། གསོ་བ་མེད་པ་ཉིད་དང་། སྐྱེས་བུ་མེད་པ་ཉིད་དང་། གང་ཟག་མེད་པ་ཉིད་དང་། བརྗོད་པར་བྱ་བ་དང་། བརྗོད་པར་བྱ་བ་མ་ཡིན་པ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པ་དང་། བདག་གི་བ་མེད་པ་དང་། ཆགས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། སྤྲོས་པ་དང་བྲལ་བ་དང་སྤྲོས་པ་ཐམས་ཅད་དང་བྲལ་བ་། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུམ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེད་པ་དང་། ཉན་ཐོས་ཐམས་ཅད་འཛིན་པ་དང་། རང་སངས་རྒྱས་ཐམས་ཅད་བསྐྲུན་པ་དང་། འཇིག་རྟེན་ཐམས་ཅད་འཛིན་པ་དང་། བསོད་ནམས་ཀྱི་ཚོགས་ཟད་མི་ཤེས་པ་བསགས་པ་དང་། ཡེ་ཤེས་འབབ་པ་དང་། རྫུ་འཕྲུལ་མཛད་པ་དང་། ལྷའི་མིག་རྣམ་པར་སྦྱོང་བར་མཛད་པ་དང་། ལྷའི་རྣ་བ་རབ་ཏུ་དང་བར་མཛད་པ་དང་། ཕ་རོལ་གྱི་སེམས་ཤེས་པར་མཛད་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པར་མཛད་པ་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པར་མཛད་པ་དང་། ཉོན་མོངས་པ་ཐམས་ཅད་ཟད་པར་མཛད་པ་དང་། འཕགས་པ་དང་། གཙང་བ་དང་། བསངས་པ་དང་། དྲན་པ་ཉེ་བར་གཞག་པ་ལ་གནས་པ་དང་། ཡང་དག་པའི་སྤོང་བའི་དཤུགས་དང་ལྡན་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་དང་ལྡན་པ་དང་། དབང་པོ་སྦྱོང་བར་མཛད་པ་དང་། སྟོབས་མཛད་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེས་མཛེས་པར་བྱས་པ་དང་། ནོར་བདུན་སྦྱིན་པར་མཛད་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོན་པར་མཛད་པ་དང་། དབང་བཅུ་བསྒྲུབ་པ་དང་། ས་བཅུ་ལ་གནས་པར་མཛད་པ་དང་། སྟོབས་བཅུ་ཡོངས་སུ་རྫོགས་པར་མཛད་པ་དང་། ཟད་པར་གྱི་སྐྱེ་མཆེད་བཅུས་མཛེས་པར་བྱས་པ་དང་། ཤེས་པ་བཅུ་སྒྲུབ་པ་དང་། བག་ལ་ཉལ་བཅུའི་དགྲ་འཇིག་པར་མཛད་པ་དང་། བསམ་གཏན་རྣམས་བསྒྲུབ་པར་མཛད་པ་དང་། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མཛད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བསྐྱོད་པ་དང་། ཤེས་པ་ཐམས་ཅད་མཛད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་སྡོམ་པ་དང་། རྟག་ཏུ་བརྟག་པར་བྱ་བ་མ་ཡིན་པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། གཞི་མེད་པ་དང་། མཚན་ཉིད་མེད་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དང་། རིག་པར་བྱ་བ་མ་ཡིན་པ་དང་། ཐོག་མ་དང་ཐ་མ་འཇིག་པ་མེད་པར་མཛད་པ་དང་། གཡོ་བ་མེད་པར་མཛད་པ་དང་། གཉིས་མེད་པ་དང་། གཉིས་མེད་པ་མ་ཡིན་པ་དང་། ཞི་བ་དང་། བློ་འཇུག་པ་རྣམ་པར་སྤངས་པ་དང་། གཉེན་པོ་མེད་པ་དང་། མ་གོས་པ་དང་། ནམ་མཁའི་ལམ་དང་འདྲ་བ་དང་། ཡོད་པ་དང་། མེད་པར་བརྗོད་པ་མ་ཡིན་པ་དང་། བརྗོད་པ་མ་ཡིན་པ་དང་། རྨི་ལམ་གྱི་ངོ་བོ་ཉིད་དང་། སྒྱུ་མའི་ཆོས་ཉིད་དང་། མགལ་མེ་བསྐོར་བ་དང་འདྲ་བ་དང་། ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ།། སུ་རིཚིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་འདི་འདོན་པ་དེ་ངན་སོང་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དགོངས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་དུ་སྤང་བ་དང་། ཐོབ་པ་དང་། ཐེང་བ་བྱེད་པར་འགྱུར་རོ།། དེའི་གསང་སྔགས་ཀྱི་ཚིག་འང་ངག་ཀྱང་རྟག་ཏུ་རྒྱུན་མི་འཆང་བར་དྲན་པར་བྱའོ། ། བཅོམ་ལྡན་འདས་མ། འཕགས་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། མོས་པ་ལ་བྱམས་མ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་མཁྱེན་པ་ཉིད།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་བཞེས་པ་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། ཨོཾ་པྲད་ཉེ་བྲང་ཉེ། མ་ཧཱ་པྲད་ཉེ། པྲད་ཨུ྅། ཨ་བ་བྷཱ་སེ། པྲད་ཉྫ་ཨེ་ལོ་ཀ་ཀ་རེ། ཨང་ཉྫ་ན་བི་དྷ་མ་ན། སིདྡྷ་སུ་སིདྡྷི་སིད་དྷ་མ་ན། བྷ་ག་བ་ཏི། སརྦ་བ་སུན་དྷ་རི། བྷ་ག་བ་ཏེ། བང་ས་ལེན། པྲཱ་ས་རི་ཏ་ཧ་སྟེ། ས་མཱ་ཤཱ་ས་ཀ་རི་ཏིཥྛ་ཏིཿཀམ་པ་ཀམ་པ་ཙ་ལ་ཙ་ལ། རཱ་བ་རཱ་བ། གརྫ་གརྫ། ཨཱ་གང་ཚ་ཨཱ་གང་ཚ། བྷ་ག་བ་ཏི། མཱ་ན་མ་བི་ལམ་བ་སྭཱ་ཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གཟུང་བར་འགྱུར་རོ། ། རྟག་ཏུ་བཟླས་བརྗོད་བྱས་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་འབྱང་བར་འགྱུར་རོ།། འདི་ནས་ཤི་འབོས་ནས་ཀྱང་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་མཚུངས་པ་མེད་པར་འགྱུར་རོ།། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མ་ལུས་པ་གཟུང་བར་འགྱུར་རོ།། གསང་སྔགས་དང་རིག་སྔགས་ཐམས་ཅད་ཀྱང་གཟུང་བར་འགྱུར་རོ། ། འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་ཆེན་པོར་འགྱུར་རོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ། ། རྒྱ་གར་སྐད་དུ། ཨཱརྱ་བཱ་ག་བ་ཏི་པྲཛྙཱ་ཨརྡྷ་ཤ་ཏི་ཀ།
CLOSE WINDOW