CLOSE WINDOW

S207: འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

། ཙཱ། རྒྱ་གར་སྐད་དུ། ཨཱརྱ་ག་སུམ་ས་ན་ཙ་ཡཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས། པ་མེ་ཏོག་གི་ཚོགས་ཞེ་བྱ་བ་ཐེག་པ་ཆེན་པོའི་མདོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ནས། བླ་གོས་ཕྱོགས་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཡང་བཅོམ་ལྡན་འདས་ད་ལྟར་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་པ་ཇི་སྙེད་བཞུགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོར་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ། ། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་བྱེ་བ་བརྒྱ་ཕྲག་སྟོང་གི་ཡང་ཐ་མ་ན། སངས་རྒྱས་ཀྱི་ཞིང་མ་རེ་མེ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱི་མཚན་གང་དག་ཉན་པར་འགྱུར་བ་དང་། དད་པའང་སྐྱེ་བར་བྱེད་པ་དེ་དག་ཐམས་ཅད་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་རྣམས་ཡོངས་སུ་འཛིན། པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱས་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་མར་མ་ཅན་གྱི་མིའི་ཉི་མ་སངས་རྒྱས་རིན་ཆེན་འབྱུང་གནས་དེའི་མཚན་ཐོས་པས་དགའ་བ་ནི་བསྐལ་པ་དྲུག་ཅུར་འཁོར་བར་མི་འགྱུར་རོ། ། ཤཱ་རིའི་བུ་དེ་ལ་སོགས་པ་ཤར་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་རིན་ཆེན་འབྱུང་གནས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚེ་ཞིང་གཞེས་པ་ཆོས་ཀྱང་སྟོན་ཏོ།། འདི་ནས་སངས་རྒྱས་ཀྱི་ཞི་བརྒྱའི་ཡང་ཐ་མ་ནུ། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་དམ་པའི་མཚན་གང་དག་མཉན་པར་འགྱུར་བ་དང་། དད་པའང་སྐྱེད་ཅིང་ཐལ་མོ་སྦྱོར་བར་བྱེད་པ་ནི། ཡང་ཤཱ་རིའི་བུ་གང་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཉིན་གཅིག་བཞིན་དུ་སྦྱིན་པ་ཕུལ་བ་དེ་བཞིན་དུ། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་དེས་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། གྲངས་སུ་འམ། ཆའམ། དཔེར་རམ་རྒྱུ་ར་ཡང་ཉེ་བར་མི་འགྲོའོ། ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། སངས་རྒྱས་རིན་ཆེན་དམ་པ་གཙོ་བོ་བཞུགས་ཏེ། དེའི་མཚན་ཐོས་པས་འདིར་སངས་རྒྱས་འབྱུང་བ་ཡིན་ནོ། ། འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་དྲུག་ཅུ་ན། འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སང་རྒྱས་རིན་ཆེན་འབྱུང་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རཱིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བའི་མཚན་གང་དག་ཐོས་པ་དེ་དག་ནི་བསྐལ་པ་བཅོ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པ་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་གི་ཡང་ཐ་མ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་པོ་ཆེ་སྣང་བ་ཞེས་བྱ་བའི་མཚན་གང་དག་ཐོས་པ་དང་། དད་པ་སྐྱེད་པ་དེ་དག་ནི་ངན་སོང་། གསུམ་དུ་འགྲོ་བར་མི་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ལྔ་བརྒྱ་པས་ཆེས་རིང་བ་འཇིག་རྟེན་གྱི་ཁམས་ཏོག་གི་རྒྱལ་མཚན་ཞེས་བྱ་བ་ན། དེ་བཞིན་གཤེགས་པཔཱ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སདྨ་རྒྱས་རིན་ཆེན་ཏོག་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་མཚན་གང་དག་ཐོས་པ་དང་། དད་བསྐྱེ་ཅིང་དེ་བཞིན་གཤེགས་པ་དེ་ལ་རྗེས་སུ་དྲན་པར་བྱེད་པ་དེ་དག་ཐམས་ཅད་དཀོན་མཆོག་དང་འདྲ་བར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་གཉིས་ཀྱི་ཆེས་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་རབ་ཏུ་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རབ་སྣང་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་རབ་སྣང་གི་མཚན་གང་དག་ཐོས་པ་དང་། ཐོས་ནས་ཀྱང་ལྷག་པའི་བསམ་པ་ས་མོས་པར་བྱེད་ཅིང་། ཡན་ལག་ལྔས་ཕྱག་འཚལ་བར་འགྱུར་ན། ། དེ་དག་ནི་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་པས་ཆེས་རིང་བ་འཇིག་རྟེན་གྱི་ཁམས་མངོན་པར་དཀའ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་མཚན་གང་དག་ཐོས་པ་དང་། དད་བ་སྐྱེད་པར་འགྱུར་བ་དེ་དག་ཐམ་ཅད་དྲན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་རྫིང་། བདུད་སྡིག་ཅན། རྣམས་ཀྱིས་ཀྱང་མི་འཁྲུགས་པར་འགྱུར་རོ།། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་མཚན་དང་ཡོན་ཏན་བརྗོད་པ་བཤད་པ་ན། བདུད་སྡིག་ཅན་གྱིས་ཐོས་ནས་དཔུང་གི་ཚོགས་ཐམས་ཅད་དང་བཅས་ཏེ། ངའི་དྲུང་དུ་འོངས་ནས་ཚིག་འདི་སྐད་དུ་སྨྲས་སོ།། ཡང་བཅོམ་ལྡན་འདས་སངས་རྒྱས་སྟོང་གི་མཚན་ཡོངས་སུ་བརྗོད་པ་ནི་མི་རྡོའི། དེ་བཞིན་གཤེགས་པ་མི་འཁྲུགས་པའི་མཚན་ནི་དེ་ལྟ་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་ནི་བདག་གི་ཡུལ་དུ་འགྱུར་བ་མ་ལགས་སོ།། དེ་བཞིན་གཤེགས་པ་དེའི་མཚན་། གང་དག་ཉན་པར་འགྱུར་བ་དེའང་བདག་གིས་བར་ཆད་བགྱིའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་ཁྱོད་ཀྱིས་གང་ཟག་གང་དག་ལ་བར་ཆད་བྱ་བ་དེ་དག་གང་ཡིན། གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཞུགས་པ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཉན་པ་དེ་རྣམས་ལ་བར་ཆད་བགྱི་བའི་ཐོས་པར་འགྱུར་བ་དེ་དག་ལགས་ཏེ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདིར་གང་བཅོམ་ལྡན་འདས་དེའི་མཚན་དང་ཡོན་ཏན་ཡོངས་སུ་བརྗོད་པ་བག་ཆ་ཞིང་ཡོངས་སུ་གདུངས་སོ། ། འོན་ཀྱང་བདག་གིས་མཚན་ཉན་པ་དེ་རྣམས་ལ་བར་ཆད་བགྱི་བའི་སླད་དུ་གོ་བགོ་བར་བགྱིའོ།། དེ་ཅིའི་སྐད་དུ་ཞེ་ན། དེ་བཞིན་གཤེགས་པའི་མཚན་གང་ཟག་གང་དག་གིས་ཐོས་པ་བདག་གིས་དབང་དུ་མཆི་བར་འགྱུར་བ་དེ་ན་མཆིས་སོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བདུད་སྡིག་ཅན་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་ཁྱོད་གོ་བགོ་བར་མ་བྱེད་ཅིག། ཁྱོད་ཀྱིས་ནི་སྐྱེས་བུ་དམ་པ་དེ་དག་ལ་བར་ཆད་བྱ་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་དགྲ་ནི་ངས་ང་བཞིན། གཤེགས་པ་མི་འཁྲུགས་པ་ལ་གཏད་པ་དང་། དེ་བཞིན་གཤེགས་པ་གཞན་དག་ལའང་གཏོད་པས། དེ་དག་དེ་བཞིན་གཤེགས་པ་མི་འཁྲུགས་པས་དགོངས་ཤིང་བྱིན་གྱིས་རློབ་པས་གྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདུད་སྡིག་ཅན་དེ་བཞིན་གཤེགས་པའི་སྤྱན་སྔར་མཆིས་ནས། འདི་སྐད་དུ་སེང་གེའི་སྒྲ་སྒྲོགས་ན། དེ་བཞིན་གཤེགས་པ་མི་འཁྲུགས་པའི་མཚན་ཐོས་ལ། བདུད་སྡིག་ཅན་འདིའི་དབང་དུ་མཆི་བར་འགྱུར་བ་གང་དག་ལ་བར་ཆད་བགྱི་བའི། སླད་དུ། བདུད་སྡིག་ཅན་གྱིས་གོ་བགོས་པའི་གང་ཟག་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤཱ་རིའི་བུ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་དང་། དེའི་ཡོན་ཏན་ཡོངས་སུ་བརྗོད་པ་སེམས་ཅན་གང་དག་གིས་ཐོསཱ་ནས་ད་ལྟར་སྤོང་བར་བྱེད། བ་རྣམས་སེམས་ཅན་དམྱལ་བར་འགྱུར་བའི་ཆོས་དམ་དུ་འཛིན་པར་འགྱུར་བ་ངས་མཐོང་ངོ་།། གསོལ་པ། བཅོམ་ལྡན་འདས་ཡོངས་སུ་སྤོང་བར་བགྱིད་པའི་སེམས་ཅན་དུ་ཞིག་མཆིས་པ་ལགས་པར་བཤད་དུ་གསོལ། བཀའ་སྩལ་པ། ཤཱ་རི་བུ་ཕྱོགས་བཅུར་དེ་བཞིན་གཤེགས་པའི་མཚན་ཐོས་པར་འགྱུར་བ་དང་། ད་ལྟར་འཇིག་རྟེན་གྱི་ཁམས་གཞན་དེ་བཞིན་གཤེགས་པ་དེ་དག་གིས་དེ་དག་ལས་བརྩམས་ཏེ་ཆོས་སྟོན་ན། སེམས་ཅན་དེ་དག་ནི་ཤེས་རབ་ཆེ་ཞིང་ཤེས་རབ་རྒྱ་ཆེ་བས་དེའི་ཡོན་ཏན་ཡོངས་སུ་རྫོགས་པ་བཤད་ཀྱང་མོས་ངོམས་པར་མི་འགྱུར་རོ། ། ཤཱ་རིའི་བུ་ཀང་དག་གིས་དེ་བཞིན་གཤེགས་པ་མངོན་སྙམ་དུ་མཐོང་བར་འགྱུར་ན། དེ་དག་གིས་དེའི་ཡོན་ཏན་ཡོངས་སུ་བརྗོད་པ་སྤོ་བར་གྱུར་བ་འདི་ནི་གནས་མ་ཡིན་སྐབས་མེད་དོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཉོན་མོངས་པའི་སྙིགས་མའི་དུས་སུ་འབྱུང་བ་ནི་གནས་མ་ཡིན་ནོ།། འདི་ལྟ་སྟེ། དཔེར་ན་དེ་ལྟར་སྙིགས་མ་ལྔའི་དུས་སུ་ང་བྱུང་ན།། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཤེས་རབ་རབ་ཏུ་ཞན་པ་དེ་འདྲ་བ་དག་གིས་ཀྱང་ངས་བཤད་པའི་ཡོན་ཏན་ཁོང་དུ་ཆུད་ན། གང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྟོང་གི་འཇིག་རྟེན་གྱི་འགྲུས་ན་གནས་པས་ཤེས་པར་འགྱུར་བ་ལྟ་ཅི་སྨོས། ཤཱ་རིའི་ནི་དེ་ལྟར་མོད་ཀྱང་ཡོན་ཏན་འདྲི་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདྲིན་མཐར་གྱིས་ཀྱང་ཕྱོགས་འགྲོ་བར་འགྱུར་ཏེ། དེ་ནི་སྐྱེས་བུ་དམ་པ་གང་དག་ཐེག་པ་ཆེན་པོ་ལ་ཞུགས་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བྱེད་པར་འགྱུར་རོ།། དེ་ན་ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏོ། ། ཐོས་ནས་ཀྱང་སྤོང་བར་འགྱུར་ཏེ། སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ནི་ཅི་འདྲ་བ་ཉོན་ཅིག། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཕྱོགས་ན་ཡུལ་ཁམས་བན་དྷ་ར་ཞེས་བྱ་བ་དེ་ན། ལོ་འབུམ་དུ་མནར་མེད་པའི་ལས་ཡོངས་སུ་འཛིན་པར་འགྱུར་བ་ཡོད་དོ། ། བྱང་ཕྱོགས་ཀྱི་རྒྱུ་དེ་ཉིད་ནས་ཁ་ཆེ་ཡུལ་གྱི་ལྗོངས་ཀྱི་ཕྱོགས་གང་ན་དམ་པའི་ཆོས་འདི་ཤིན་ཏུ་སྟོབ་དང་ལྡན་པར་འབར་བར་འགྱུར་བ་དེས་ན་ཆོས་སྤོང་བར་བྱེད་པ་ཁྲི་ཕྲག་ལྔ་འབྱུང་ངོ་། ། སྤངས་ནས་ཀྱང་རིགས་ཀྱི་བུ་དེ་དག་གང་དུ་གནོད་པར་འགྱུར་བའི་མཚམས་མེད་པར་འགྲོ་བར་འགྱུར་རོ།། གང་དུ་ཕལ་ཆེར་ཚོགས་ནས་མདོ་འདི་ལ་མངོན་དུ་སྨོད་པར་བྱེད་པ་དེ་དག་ཐམས་ཅད་མཚམས་མེད་པར་འགྲོ་བར་འགྱུར་རོ། ། བྱང་ཕྱོགས་སུ་མདོ་འདི་བྱེ་བ་ཕྲག་བརྒྱད་དང་ལྔ་འབུམ་སྤོང་བར་འགྱུར་ཏེ། སྤངས་ནས་མནར་མེད་པར་རབ་ཏུ་ལྟུང་བར་འགྱུར་རོ། ། ཤུར་ཕྱོགས་ན་ནི་དད་པར་འགྱུར་བ་ཉུང་ཟད་ཅིག་ཡོད་དོ།། མནར་མེད་པའི་ལུས་ཕལ་ཆེར་འཛིན་པར་འགྱུར་ཞིང་། དེ་ནུ་བརྒྱ་སྟོང་ཕྲག་མང་པོ་པའི་སེམས་ཅན་དམྱལ་བར་འགྱུར་རོ། ། ལྷོ་ཕྱོགས་སུ་སེམས་ཅན་ཉིས་འབུམ་གྱིས་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་འགྱུར་ཏེ། སྤངས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། ། ནུབ་ཕྱོགས་ནས་སེམས་ཅན་འབུམ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྤངས་ནས་མནར་མེད་པར་འགྲོ་བར་འགྱུར་རོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཆོས་ནི་རང་སངས་རྒྱས་རྣམས་ཀྱི་ཀྱང་མ་ཡིན་ན། ཉན་ཐོས་རྣམས་ཀྱི་ལྟ་ཅི་སྨོས། སོ་སོའི་སྐྱེ་བོ་འཁོར་བ་འཕེལ་བར་བྱེད་པ་ལྟ་ཡང་ཅི་སྨོས། ཤཱ་རིའི་བུ་འདི་དང་འཚམ་པ་ནི་འདི།། ཡིན་ཏེ། སངས་རྒྱས་བསམ་གྱིས་མི་ཁྱབ་བོ།། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་ཉིད་ཀྱིས་རབ་ཏུ་མཁྱེན་གྱི་བདག་གིས་མི་ཤེས་སོ། ། མི་ཤེས་པར་ནི་སྤང་བར་མི་བྱ་སྟེ། མདོ་སྡེའི་ཚུལ་འདི་ལྟ་བུའི་ཚིགས་སུ་བཅད་པ་ཙམ་ལའང་སྤང་བ་བྱས་ན། དེ་སྔ་མ་ཇི་ཙམ་དུ་འགྱུར་བ་བཞིན་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་ཡོངས་སུ་འཛིན་པར་འགྱུར་རོ། ། ཤཱ་རིའི་བུ་དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་སྤང་བར་མི་བྱའོ།། དགའ་བར་བྱའོ།། མདོ་སྡེ་འདི་ལྟ་བུ་ལ་གང་ཡིན་པ་དག་གིས་མ་སྤངས་པས། བདག་བསྐལ་པར་གནས་པའི་ལས་ལས་གྲོལ་བར་འགྱུར་ཏེ། དམ་པའི་ཆོས་སྤང་བར་བྱེད་པ། སེམས།། ཅན་དམྱལ་བ་པ་དེ་དག་གི་དྲུང་དུ་ནི་བདག་གནས་པར་མི་བྱའོ་སྙམ་དུ་སེམས་ཏེ། གང་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་དག་གིས་སངས་རྒྱས་ཀྱི་གསུང་དབྱངས་རབ་ཏུ་འཛིན་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན། འཇིག་རྟེན་གྱི་ཁམས་དཔག་མེད་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་འོད་ཆེན་པོའི་མཚན་གང་དག་ཉན་པར་འགྱུར་བ་དང་། དད་པའང་སྐྱེད་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་དང་མི་འབྲལ་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ན། འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་དཔག་མེད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དབྱངས་དཔག་མེད་ཀྱི་མཚན་གང་དག་ཉན་པ་དང་། ཐོས་ནས་ཀྱང་དང་བསྐྱེད་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་བརྗོད་པ་དེ་དག་འདི་ལྟ་སྟེ། སངས་རྒྱས་ཀྱི་གསུང་དབྱངས་དཔག་ཏུ་མེད་པའི་དབྱངས་འཛིན་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཞིན། འཇིག་རྟེན་གྱི་བམས་རྡུལ་མེད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བདུད་རྩི་དབྱངས་ཀྱི་མཚན་གང་དག་ཐོས་པར་གྱུར་ལ། ཐོས་ནས་ཀྱང་མོས་པར་བྱེད་པ་དེ་དག་ནི་བསྐལ་པ་བཅུ་གཉིས་ཀྱི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་གུའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་གདུལ་དཀའ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་ཆེན་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གྲགས་པ་ཆེན་པོའི་མཚན་གང་དག་ཉན་པར་འགྱུར་བ་དང་། ཡོངས་སུ་སྒྲོགས་ཤིང་འཛིན་པ་ནི་བདུད་སྡིག་ཅན་གྱིས་རབ་ཏུ་གདུལ་དཀའ་བར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་གཉིས་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གྲགས་པ་མཐའ་ཡས་དེའི་མཚན་གང་དག་ཉན་པ་དང་། ཐལ་མོ་སྦྱར་ཞིང་དེ་བཞིན་གཤེགས་པ་ཨ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་མཐའ་ཡས་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་སྨྲ་བ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། རིན་པོ་ཆེའི་ཕུང་པོ་རི་རང་དང་མཉམ་པ་ལོ་བརྒྱར་སྦྱིན་པ་བྱིན་པའི་བསོད་ནམས་ཀྱི་ཕུང་པོ་འདིས་སྔ་མ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུའང་མི་བཟོད་དོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་གསུམ་ན། འཇིག་རྟེན་གྱི་ཁམས་མན་ཤེལ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་སྣང་བ་དེའི་མཚན་གང་དག་འཛིན་པ་དེ་དག་ནི་བསྐུལ་པ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ལྔས་ཀྱང་དྲིར་མི་ལྡོག་པར་འགྱུར་རོ།། རང་ཀང་ད། དད་པར་མི་བྱེད་པ་དེ་དག་ནི་བསྐལ་པར་མཚམས་མེད་པར་གནས་པའི་ལས་ཡོངས་སུ་འཛིན་པར་འགྱུར་རོ། ། འདི་ནུས་སངས་རྒྱས་ཀྱི་ནིང་སྟོང་དྲུག་བཅོ་ལྡན། འཇིག་རྟེན་གྱི་ཁམས་འོད་གསལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདེ་ཆེན་པོ་ཐོབ་པ་ཞེས་བྱ་བ་བཞུགས་ཡང་ཤཱ་རིའི་བུ་བཞིན་གཤེགས་པ་བདེ་བ་ཆེན་པོ་ཐོབ་པའི་མཚན་གང་དག་ཉན་པར་འགྱུར་བ་དེ་དག་ཐམ། ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བདེ་བར་སྒྲོལ་བར་བྱེད་དོ། ། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པའང་ཡོངས་སུ་འཛིན་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བདུན་ར་འཇིག་རྟེན་གྱི་ཁམས་ནོར་བུ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུར་མ་མར་མེ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་སྐར་མ་མར་མེ་སྣང་བ་དེའི་མཚན་གང་དག་ཉན་པ་དང་། དད་པར་འགྱུར་བ་དེ་དག་གང་འདི་དེ་བཞིན་གཤེགས་པའི་སྟོབས་བྱ་བའི་སྟོབས་དེ་དག་རབ་ཏུ་འཛིན། པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བདེན་པའི་དབྱངས་དེའི་མཚན་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཉི་ཤུ་ན། འཇིག་རྟེན་གྱི་ཁམས་གསེར་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་རྗེ་སྣ་བདུན་གྱིས་བཀང་སྟེ་བྱིན་པ་བས། དེ་བཞིན་གཤེགས་པ་དྲི་མེད་མཐའ་ཡས་ཀྱི་མཚན་ཉན་ཅིང་དད་པའང་སྐྱེད་པར་འགྱུར་བ་དེ་དག་ནི་དེ་བས་ཆེས་བསོད་ནམས་འདི་མང་དུ་འཕེལ་ལོ། ། བསོད་ནམས་ཆུང་དངུས་ནི་དེ་བཞིན་གཤེགས་པ་དྲི་མེད་མཐའ་ཡས་ཀྱི་མཚན་ཐོས་པར་མི་ནུས་སོ།། གང་དག་དེ་བཞིན་གཤེགས་པ་དྲི་མེད་མཐའ་ཡས་ཀྱི་མཚན་ཐོས་པ་དེ་དག་ནི་སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན། གཉིས་དང་། གསུམ་དང་། བཞི་དང་། ལྔ་ནས། བཅུའི་བར་དུ་མ་ཡིན་གྱི། སེམས་ཅན་དེ་དག་གིས་ནི་སངས་རྒྱས་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། ། དེ་དག་གིས་བསྐལ་པ་ལྔ་བཅུ་རྩ་བརྒྱད་ཀྱི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དགུ་ན། འཇིག་རྟེན་གྱི་ཁམས་དབྱངས་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལྷུར་དཀར་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་བ་ལྟར་དཀར་བའི་མཚན་གང་དག་ཉན་པ་དེ་དག་ཐམས་ཅད་ཀྱི་ཆོས་དཀར་པོའང་ཟླ་བ་ལྟ་བུར་འགྱུར་ཞེས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་ཉི་མ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་འོད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་མཚན་གང་དག་ཉན་ཅིང་ཐོས་ནས་ཀྱང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་བཞིན་གཤེགས་པ་ཟླ་འོད་དེ་ལ་ཕྱག་འཚལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་བརྗོད་པ་དང་། ཡང་གང་དག་གིས་ཆེད་དུ་བརྗོད་པར་བྱ་བ་རྗོད་པར་བྱེད་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན། འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཀྱི་མཚན་ལྦུ་བ་མ། ཀླུ་འམ། མི་གང་དག་ཉན་པར་འགྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་དག་ལོག་པར་ལྷུང་བའི་འཇིགས་པའང་དོགས་པར་མི་བྱའོ།། འདི་ནས་སངས་རྒྱས་ཀྱི་ཞིང་ཉིས་སྟོང་ལྔ་བརྒྱན། འཇིག་རྟེན་གྱི་ཁམས་བཻ་ཌཱུཪྻའི་སྣང་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དག་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་དག་པའི་མཚན་ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། དྲི་ཟའམ། མི་འམ་ཅི་འམ། ལྟོ་འཕྱེ་ཆེན་པོ་འམ། མི་འམ་ཅི་མ་ཡིན་པ་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་མིར་འགྱུར་རོ།། འདོད་ཆག་ས་དང་། ཞེ་སྡང་དང་། གཏི་མུག་ཀྱང་ཡོངས་སུ་སྦྱོང་བར་བྱེད་དོ།། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་འོད་དག་པ་དེའི་མཚན་ཐོས་པ་དང་ལྡན་པའི་དགེ་བའི་རྩ་བ་ལ་དེ་དག་དང་པར་མི་བྱེད་ཅིང་ཡིད་མ་ཆེས་པ་ལས་བྱུང་བ་མི་དགེ་བའི་ལས་ཀྱིས་དེ་ལྟ་བུར་ག་ལ་འགྱུར་ཞེས་ཚིག་ཏུའང་སྨྲས་ན། ལོ་སྟོང་ཕྲག་དྲུག་ཅུར་དམྱལ་བ་ཆེན་པོའོ་དོད་འབོད་པ་ཞེས་བྱ་བར་བཙོ་བར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་སྲིད་ན་འཇིག་རྟེན་གྱི་ཁམས་ལེགས་པར་ཐོབ་པ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས་ངྱས་ཉི་འོད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་ཉི་འོད་ལ་རྗེས་སུ་དྲན་པར་བྱེད་པ་ན། དེ་དག་ཐམས་ཅད་ཀྱི་ཆོས་དཀར་པོ་ཉི་མའི་དཀྱིལ་འཁོར་ལྟ་བུར་འགྱུར་རོ། ། བདུད་ཀྱི་སྡེ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་བྱེད་དོ།། མུ་སྟེགས་གཞན་ཡང་ཕམ་པར་བྱེད་དོ།། བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུ་བས་ཆེས་རིང་བ། འཇིག་རྟེན་གྱི་ཁམས་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་བརྒྱན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་མཐའ་ཡས་ཀྱི་མཚན་གང་དག་ཉན་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་ཐོབ་པར་འགྱུར་རོ། ། སེམས་ཅན་ཡང་དཀོན་མཆོག་དམ་པ་ལ་འགོད་པར་བྱེད་དོ།། དེ་དག་ཉིན་མཚན་དུའང་བསོད་ནམས་ཀྱི་ཕུང་བྲོ་ཚད་མེད་པར་འགྱུར་རོ། ། འདི་ནས་ས་ངྱས་ཀྱི་ཞིང་ལྔ་བརྒྱ་སྙེད་ན། འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་བླ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་པདྨོའི་བླའི་མཚན་གང་དག་ཉན་པ་དང་། དད་པའང་སྐྱེད་པ་ནི་འཇིག་རྟེན་ན་དེ་དག་ཐམས་ཅད་པདྨོ་དང་འདྲ་བར་འགྱུར་ཏེ། དགེ་བའི་ཆོས་ཀྱིས་མངོན་པར་འཕགས་པར་འགྱུར་རོ།། པདྨོ་ཆུའི་ནང་ནས་སྐྱེས་ཀྱང་ཆུ་མི་ཆགས་པ་བཞིན་དུ་བསྐལ་པོ་ལྔ་བཅུ་རྩ་ལྔར་འཁོར་བ་ལ་རྒྱད་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་པས་ཆེས་རིང་བ་ན། འཇིག་རྟེན་གྱི་ཁམས་མྱ་ངན་དདཱ་གནོད་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡན་ལག་བླ་མའི་མ་ཚན་གང་དག་ཉན་པར་འགྱུར་བ་དེ་དག་ཐམཅད་ཀྱིས་སྲིད་པའི་ཆུ་བོའི་རྒྱ་མཚོ་ཆེན་པོ་ལས་འཇིག་རྟེན་གྱི་ཁམས་མྱ་ངན་དང་གནོད་པ་ཐམ་ཅད་ལས་སྒྲོལ་བ་ཞེས་བྱ་བར་སྒྲོལ་བར་བྱེད་དོ། ། འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་ཀནས་སུའང་འགྱུར་རོ།། གང་དག་ཐོས་ནས་དད་པ་སྐྱེད་པ་དེ་དག་ཐམས་ཅད་མཏོག་དང་འདྲ་བར་གྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། ། མཐུ་བོ་ཆེའི་ལུས་ལྟར་མཁྲེགས་པར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་ལྡོག་པར་མི་འགྱུར་རོ།། བུད་མེད་གང་དག་དེ་བཞིན་གཤེགས་པ་ཡན་ལག་བླ་མའི་མཚན་ཉན་ཅིང་ཐོས་ནས་ཀྱང་དད་པ་སྐྱེད་པ་དེས་བུད་མེད་ལས་སྒྱུར་བར་འགྱུར་རོ། ། ཤཱ་རིའི་བུ་དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཕན་ཡོན་འདི་དག་འདོད་པ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར། དྲན་མང་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་ནི། དེ་བཞིན་གཤེགས་པ་ཡན་ལག་བླ་མའི་མཚན་མཉན་པར་བྱའོ། ། འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཉི་ཤུ་ན། འཇིག་རྟེན་གྱི་ཁམས་སྙིང་པོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསར་འོད་དམ་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གསེར་འོད་དམ་པའི་མཚན་གང་དག་ཉན་ཅིང་ཐོས་ནས་ཀྱང་དད་པ་སྐྱེད་པ་དེ་དག་ཐམས་ཅད་ཀྱིས་འོད་འཐོབ་པར་འགྱུར་ཏེ། གང་འདི་སངས་རྒྱས་ཀྱི་འོད་དང་སྟོབས་རྣམས་ཀྱང་རབ་ཏུ་འཛིན་པར་འགྱུར་རོ།། མི་འཇིགས་པ་རྣམས་དང་སངས་རྒྱས་ཀྱི་ཕན་ཡོན་རྣམས་ཀྱང་རབ་ཏུ་འཐོབ་པར་འགྱུར་རོ། ། སངས་རྒྱས་ཐམས་ཅད་ལ་དད་པར་བྱ་བ་དང་། བསོད་ནམས་རྒྱ་ཆེན་པོའང་བྱའོ།། བསོད་ནམས་ཆུང་ངུས་ནི་འདི་ལ་རེ་བར་མི་བྱ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་འདི་འདྲ་བས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ནས། བྱང་ཆུབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་ནི་མཚན་འདི་ཐོས་པར་མི་དཀའ་འོ།། བསྐལ་བ་བཅུ་གཉིས་སུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་བཅོ་བརྒྱད་ན། འཇིག་རྟེན་གྱི་ཁམས་མུ་ཏིག་གི་དྲ་བ་ཡོངས་སུ་དག་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཚངས་པའི་དབང་ཕྱུག་རྒྱལ་པོའི་མཚན་གང་དག་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་དང་བ་རབ་ཏུ་ཐོབ་པ་དང་། ཐལ་མོ་སྦྱར་བར་བྱེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དང་འབྲལ་བར་མི་འགྱུར་ཞིང་། དེ་ན་འཁོར་ལོས་སྦྱར་བའི་རྒྱལ་པོ་བྱེད་པར་འགྱུར་ཏེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཉི་ཤུ་ན།། འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ལྟར་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གསེར་ལྟར་སྣང་བའི་མཚན་གང་དག་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་ཐ་ན་མི་འམ་ནའང་ཆོས་ཀྱི་རང་བཞིན་མིག་ཡིར་དང་འདྲ་བར་རྒྱ་ཆེར་སྟོན་པར་འགྱུར་རོ། ། ལོག་པར་ལྷུང་བར་ཡང་མི་འགྱུར་ཏེ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ།། སེམས་ཅན་ཚད་མེད་པ་རྣམས་ལའང་བདེ་བ་དང་ཡིད་བདེ་བར་བྱེད་པར་འགྱུར། འཇིག་རྟེན་འཛིན་པར་བྱེད། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་བཅུའི་ཐ་མ་ན་ཡང་འཇིག་རྟེན་གྱི་ཁམས་མེ་སྒྲོན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གསར་གྱི་འབྱུང་གནས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གང་དག་སྐྱེ་བར་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར། དེ་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ་ཞེས་དེ་སྙམ་དུ་བསམས་སོ།། འདི་ནས་སངས་རྒྱས། ཀྱི་ཞིང་བཅོ་བརྒྱད་ན། འཇིག་རྟེན་གྱི་ཁམས་སྦྲང་རྩི་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་དེའི་མཚན་གང་དག་ཐོས་པར་འགྱུར་བ་ནི། ཀླུ་རྣམས་ཀྱིས་གང་གི་ཚེ་ན་གྲོང་ངམ་ཕྱོགས་སུ་ལྕེ་འབབ་པ་དེའི་ཚེ་ན། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འདི་སྐད་དུ་སྨྲ་བར་བྱའོ།། བདེན་པ་གང་དང་བདེན་པའི་ཚིག་གིས་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཀླུར་གྱུར་པས་གང་ཀླུ་རྣམས་ཀྱི་ཉམ་ང་བ་ལས་བྱུང་བ་དེ་དང་དེ་ལས་ཐར་པར་བྱས། ཀླུ་མང་པོ་དང་། ཀླུ་མང་པོ་བརྒྱ་དང་། གླུ་མང་པོ་སྟོང་དང་། གླུ་མང་པོ་བརྒྱ་སྟོང་རྣམས་ཉམ་ང་བ་ལས་ཐར་པར་བྱས་པས། ། དགེ་བའི་གྱིང་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རློས་ཡང་རྒྱས་ན་གནས་པའམ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། འཇིག་རྟེན་གྱི་ཁམས་གཞན་དག་ཏུའང་ཀླུ་ཀང་དང་གང་དག་གིས་ལྕེ་འབེབས་པ་འམ། གནོད་པའི་སེར་བ་འབེབས་པར་འགྱུར་བའམ། འཇིགས་པ་འམ། ནང་དམ། གནོད་པ་འམ། ན་དུ་འགྲོ་བ་ཀུ་ཏོད་པ་དེར་བདག་གི་མིང་བརྗོད་ན། གནོད་པ་དེ་དག་ཐམས་ཅད་མེད་པར་གྱུར་ཅིག། བདེན་པའི་ཚིག་དེས་བདེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཤཱ་རིའི་བུ་འདེན་པ་དང་བདེན་པའི་ཚིག་དེས་སེམས་ཅན་དེ་རྣམས་ཀྱི་རྣམ་པར་སྨིན་པའང་བདེ་བ་ལ་བཞག་གོ།། ཀླུ་རྣམས་ལྕེ་གཏོང་བའང་མཚན་བརྗོད་པ་ཙམ་གྱིས་མེད་པར་འགྱུར་ཏེ། ཀླུའི་སྐྱེ་གནས་དེ་ལས་ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་དར་སྐྱེ་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། གང་དག་ཡང་མོས་པ་དང་། མངོན་པར་དད་པར་བྱེད་པ་དེ་དག་ཀྱང་ཉིན་མཚན་དུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་འགྱུར། དེ་དག་ལ་སངས་རྒྱས་ཀྱི་ཡེ་ཤེས་རྙེད་དཀའ་བ་མ་ཡིན་ནོ།། འདྲི་ནས་སངས་རྒྱ་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་གི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཟླ་བཱ་ལྟ་བུ་ཞེས་བྱ་བ་ན་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཐམས་ཅད་ཀྱི་དྲིའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡུད་ཤཱ་རིའི་བུ་གང་དག་དེ་དག་དེ་བཞིན་གཤེགས་པ་མེ་ཏོག་ཐམས་ཅད་ཀྱི་དྲིའི་དབང་ཕྱུག་རྒྱལ་པོ་དེའི་མཚན་ཐོས་པར་འགྱུར་བ་དེ་དག་ནི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་སྤོས་ཀྱི་ངང་ལྟུང་བར་འགྱུར་རོ། ། ཡང་བཤཱ་རིའི་སྣ་དེ་བཞིན་གཤེགས་པ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུང་། དེའི་མཚན་ཀྱང་དག་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་དག་གི་ཆོས་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པ་དང་ལྡན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཡིན་ནོ། ། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལྷག་པའི་བསམ་པས་དད་པར་བྱའོ།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དད་པར་བྱེད་པ་ནི་དོན་ཆེན་པོ་དང་ལྡན་པར་འགྱུར་རོ། ། སེམས་དད་པ་གཅིག་གིས་གང་འདོད་པ་དེ་འཐོབ་པར་འགྱུར་ཏེ། གང་འདི་འདྲ་བའི་དེ་བཞིན་གཤེགས་པ་དག་གདམས་པ་འཛིན་པར་མཛད་པ་རྣམས་ལ་གང་དག་སེམས་དང་པ་གཅིག་གིས་ཐལ་མོ་སྦྱར་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་སྨྲས་ནས། བྱམས་པ་ལ་གནས་པར་བྱེད་པ་ནི། བླ་ན་མེད། པ་ཡང་དག་པར་རྫོགསྲ་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། ལྷའི་བསམ་པས་སེམས་དང་ན། ཆོས་འདི་དག་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་བས་ན་དེ་བཞིན་གཤེགས་པའི་མཚན་རྒྱུན་མི་འཆད་པར་བརྗོད་པར་བྱའོ། ། ཐེག་པ་དེས་འགྲོ་བར་འདོད་པས་དེ་བཞིན་གཤེགས་པ་དེའི་ཡོན་ཏན་རྗེས་སུ་དྲན་པར་བྱས་ན། བསྐལ་པ་བཅུ་བཞིར་འཁོར་བ་ལཱ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་ཉིས་སྟོང་ན། འཇིག་རྟེན་གྱི་ཁམས་སྐར་མའི་རྒྱལ་པོ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་དུ་དེ་བཞིན་ཀཤེགས་པ་སཱ་ལའི་རྒྱལ་པོའི་མཚན་གང་དག་ཐོས་ནས། དད་པར་མི་བྱེད་ཅིང་འཕྱ་བ་དང་། བ་སྟིང་པ་དེ་དགྲ་ནི་ལོ་སྟོང་ཕྲག་དྲུག་ཅུར་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་བཙོ་བར་འགྱུར། ། མ་དད་དོ་ཞེས་ཚིག་ཏུ་སྨྲས་པས། ལོ་སྟོང་ཕྲག་བདུན་དུ་ཡི་དགས་མེ་མདག་ཟ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ།། འདི་ནས་སངས་རྒྱས་ཀྱི་ཞིང་ལྔ་བཅུ་རྩ་ལྡན། འཇིག་རྟེན་གྱི་ཁམས་སྟོབས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆུས་ཉོན་མོངས་པ་སེལ་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བརྟན་པའི་སྡེ་མཚོན་ཆས་ཉོན་མོངས་པ་སེལ་བའི་མཚན་གང་དག་ཐོས་པར་འགྱུར་བ་ནི། རྨི་ལམ་གྱི་ཚེ་ནའང་རྡོ་རྗེ་ལྟ་བུར་འགྱུར། བདུད་དང་བདུད་ཀྱི་འཁོར་གྱིས་གདུལ་དཀའ་བར་འགྱུར། གཡུལ་ཆེན་པོ་ལས་ཀྱང་སྒྲོལ་བར་བྱེད་པ་དང་། གང་འདི་ཐམས་ཅད་མཁྱེན། པའི་ཡེ་ཤེས་ཀྱང་འཐོབ་བོ།། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་དྲན་པ་ཙམ་གྱིས་དད་པ་སྐྱེད་པ་དང་། དཀའ་བར་བྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན། བདག་ཅག་གིས་དེ་བཞིན་གཤེགས་པ་མཐོང་བ་དང་མཐར་ཕྱིན་པར་ཤེས་པར་བྱའོ།། ཡང་དེ་དག་གིས་བྱང་ཆུབ་ཀྱི་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་བྱའི། རྒྱ་ཆེར་སེམས་ཡང་དག་པར་རབ་ཏུ་དཀའ་བར་བྱའོ།། གང་དག་ལས་བདག་ཅག་གིས་མཚན་འདི་རྣ་ལམ་དུ་གྲག་ཅིང་ཐོས་པ་དང་དགའ་བ་ཡང་དག་པར་བསྐྱེད་ནས། སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་ཏེ། དེ་ལྟར་རྫུ་འཕྲུལ་ཆེའོ།། ཡང་ཤཱ་རིའི་བུདེ་བཞིན་གཤེགས་པའི་མཚན་གང་དག་ཉན་ཅིང་ཐོས་ནས་ཀྱང་མོས་པོར་བྱེད་པ་དེ་བསོད་ནམས་ཀྱི་ཕུང་པོ་ཅི་ཡོད་པ་དེའི་ཕྱོགས་ཙམ་ཞིག་བཤད་པར་བྱའོ། ། གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་ཀི་བྱེ་མ་སྙེད་རིན་པོ་ཆེས་རབ་ཏུ་གང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་གདྷཱའི་ཀླུང་གི་བྱེ་མ་སྙེད་ལྔ་ཉིན་རེ་ཞིང་སྦྱིན་པ་ཕུལ་བ་དེ་ལྟར་གདྷཱ་གླང་གི་བྱེ་མ་སྙེད་དང་མ་ཉམ་པའི་བསྐལ་པར་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་དེས་མཚན་ཐོས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་འདིའི་ཆ་འགག་ཙམ་དུའང་བརྗོད་པར་མི་བྱའོ། གལ་ཏེ་ལ་ལ་ཞིག་ཀྲིས་མཚན་འདི་ཉན་པཱར་བྱའོ་སྙམ་ནས། འཇིག་རྟེན་གྱི་ཁམས་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ནུ་དེའང་བསོད་ནམས་མ་བྱས་པས་དེ་ཐོས་པར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཅི་སྟེ་བསོད་ནམས་མ་བྱས་པར་ཐོས་པར་འགྱུར་ན་ནི། སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་དང་། ལྷ་ཚྭ་རིང་པོ་རྣམས་ཀྱིས་ཀྱང་ཐོས་པ་དང་ཡོན་ཏན་བརྗོད་པའདི་ཤེས་པར་འགྱུར་ཏེ། དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་དང་ལྡན་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་བཅུ་པའི་འཇིག་རྟེན་གྱི་ཁམས་དཔལ་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཉན་པ་དང་ལྷག་པའི་བསམ་པ་ལ་གནས་པའི་སེམས་ཀྱི་རྒྱུད་ཀྱིས་མོས་པ་དེ་དག། ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཛིན་པར་འགྱུར་རོ།། དེ་དྲག་ནི་ངན་སོང་གིས་འཇིགས་པར་མི་འགྱུར་ཏེ། སྨོན་ལམ་ཅི་འདྲ་བར་སྔོན་ལམ་འདེངས་པ་དེ་འདྲ་བས་སངས་རྒྱས་ཀྱི་ཐེཀ་པ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། ། དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། མྱ་ངན་ལས་འདས་ཀྱང་རུང་། གང་གི་མཚན་ཐོས་པ་དེ་དག་ཐབ་ཅད་ཐེག་པ་ཆེན་པོའི་བདེ་བ་དང་། ཡིད་བདེ་བ་དང་ལྡན་པར་འགྱུར་རོ།། ལྷ་དང་མིའི་ནང་ན་འཁོར་བ་ནའང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་པར་འགྱུར་རོ། ། སངས་རྒྱས་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་འདི་ལྟ་སྟེ། གང་དག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པར་ལྟུང་བར་འགྱུར་བ་དེ་དག་ཏུ་འགྲོ་བར་མི་འགྱུར་ཏེ། དེ་ལྟར་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་བསམ་གྱིས་མི་ཁྱབ་བོ།། མཚམས་མེད་པ་ལས་བྱུང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་ཏེ། དེ་དག་ཀྱང་ཡུན་རིང་པོ་འདས་ནས་ཇི་ལྟར་སྨོན་ལམ་པོཏབ་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཤཱ་རིའི་བུ་སྡིག་པའི་ལུས་ཐམས་ཅད་ནི་མི་བྱསྟེ། ཡང་ངས་སྡོང་དུ་མ་འཚིག་པ་ལའང་གནོད་སེམས་བསྐྱེད་པར་མི་བྱ་ན། མིར་གྱུར་པ་ལ་ལྟ་ཅི་སྨོས་ཞེས་བསྟན་པ་ཡིན་ཏེ། དེ་དག་ལའང་ཞེ་སྡང་བསྐྱེད་ན་སེམས་ཅན་དམྱལ་དྲ་ཆེན་པོའི་སྡུག་བསྔལ་རྣམ་པ་དུ་མའི་ལུས་ལེན་པར་འགྱུར་ན། དེ་བཞིན་གཤེགས་པའི་བསྟན་པ་ལ་མོས་པ་དང་ངའི་རྗེས་སུ་འབྲང་བ་དང་ལྡན་པ་ལྟ་ལོ་ཅི་སྨོས། གང་དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་པ་དང་ལྡན་པ་ལ་ཞེ་སྡང་སྐྱེད་པ་ལྟ་ཅི་སྨོས་ཏེ། སྐྱེས་བུ་གླེན་པ་དེ་དག་བསྐལ་པ་གཅིག་གམ། གཉིས་སམ། གསུམ་ནས། བསྐལ་པ་བརྒྱའི་བར་དུའང་དེ་དག་ལྡང་བར་མ་མཐོང་སྟེ། དེ་དག་ནི་བསྐལ་པ་བྱེ་བ་བརྒྱ་སྟོང་དུའང་དེ་ལས་ལྡང་བ་མེད་དོ།། གང་སངས་རྒྱས་ཀྱི་བྱང་ཆུབ་འདི་ལ་སྤོང་བ་དག་ནི་སྡུག་བསྔལ་བར་འགྱུར་རོ་ཞེས་ངས་བཤད་དོ། ། གང་དག་ཡང་གཉིས་སུ་མི་གསུང་བའི་ཚིག་གིས་ཆོས་ཀྱི་ཚུལ་རྣམ་པར་དག་པ་ལ་སྤོང་བར་མི་བྱེད་པ་དེ་དག་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པར་བྱས་ནས། གདོད་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་རོ་ཞེས་དེ་ལྟར་སེམས་བསྐྱེད་པར་བྱའོ།། སངས་རྒྱས་ཞིང་བརྒྱད་ཅུ་པ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སྤོས་ཀྱི་བདུག་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་དངག་མེད་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་དེ་བཞིན་གཤེགས་པ་སྤོས་དཔག་མང་སྣང་བ་ཞེས་བྱ་བའི་མཚན་གང་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་ལྷག་པའི་བསམ་པས་མོས་པ་དང་ཡིད་ལ་བྱེད་ན། དེ་དག་ཐམས་ཅད་བླ་ནཱ་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཀྱང་བ་སྤུའི་གསེབ་ཐམས་ཅད་ནས་དྲི་ཡིད་དུ་འོང་ཞིང་ཕྱོགས་སུ་སྣང་བར་བྱེད་པ་འབྱུང་བར་འགྱུར་རོ། ། ཡང་ཤེས་རབ་དམན་པས་ནི་ཡེ་ཤེས་ཆེན་པོ་འདི་ལ་སྨོན་པར་མི་ནུས་སོ།། གང་དག་ཤེས་རབ་རྒྱ་ཆེ་བ་དེ་དག་གིས་ནི་མཚན་འདི་ཡོངས་སུ་བརྗོད་པ་ཐོས་ནས་དད་པར་འགྱུར་བ་དེ་དགངས་མཐོང་ངོ་། ། དེ་དག་ནི་སངས་རྒྱས་གཞན་དྲག་ལས་བསྐལ་པ་དུ་མར་ཤེས་ར་བ་ཡང་དག་པར་སྒྲུབ་པར་འགྱུར་རོ།། ཤཱ་རིའི་བུ་གང་ངག་གིས་སངས་རྒྱས་གཞན་དག་ལས་ཆོས་འདི་ཐོས་ན། དེ་དག་ལྔ་བརྒྱའི་ཐ་མ་ལ་འདི་ཐོས་ནས་མ་དད་པ་དང་། ཡིད་མཱི་ཆེས་པར་འགྱུར་བ་དང་། ཁོང་དུ་མི་ཆུད་པར་འགྱུར་པའི་གནས་མ་ཡིན་གོ་སྐབས་མང་དོ། ། དེ་དག་ནི་བསྐལ་པ་བཞི་བཅུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བས་འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དོ།། གང་དག་འདི་ལ་མངོན་པར་དད་པར་འགྱུར་བ་དེ་དག་ནི་ཤེས་རབ་ཟླ་བ་ལྟ་བུ་དང་ལྡན་པ་དང་། དེ་དག་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་རོ།། སངས་རྒྱས་ཀྱི་ཞིང་བཅོ་ལྔ་པ་ན། འཇིག་རྟེན་གྱི་ཁམས་ཀླུ་དང་ལྡན་པ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་སེང་གེའི་དབྱངས་དེའི་མཚན་གང་དག་ཐོས་པར་འགྱུར་ཞིང་། ཚུལ་ཁྲིམས་རྗེས་སུ་དྲན་པར་བྱེད་པ་དང་། མོས་པ་དང་ཡིད་ཆེས་པར་བྱེད་ན། དེ་དག་ཐམས་ཅད་དགེ་བའི་ཆོས་རྣམས་ལས་མི་བསྐྱོད་པ་དང་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱི་ཕྱོགས་པ་བྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དེའི་མཚན་བུད་མེད་གང་གིས་ཐོས་པར་འགྱུར་བ་དེ་འགྱུར་ཞིང་འཇིག་རྟེན་ན་མཆོད་རྟེན་དང་འདྲ་བར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སུམ་ཅུ་པ་ཡང་གར་བ་ཏིའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་ཆེན་པོའི་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་མཐུ་ཆེན་པོའི་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བའི་མཚན་གང་དག་ཉན་ཅིང་དད་པའང་སྐྱེད། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། དེ་བཞིན་གཤེགས་པ་མཐུ་ཆེན་པོའི་བརྩོན་འགྲུས་ལས་ངེས་པར་བྱུང་བ་དེ་ལ་ཕྱག་འཚལ་ལོ་ཞེས་ཐལ་མོ་སྦྱོར་ན། འཁོར་བ་ན་ཚེ་རབས་གཞན་དུ་དེ་དག་རྨོངས་པར་མི་འགྱུར་བ་དང་། བདུད་དང་མུ་སྟེགས་གཞན་དུ་བཅས་པ་དང་། ཕ་རོལ་རྒོལ་བ་ཐམས་ཅད་ལ་མཚོན་ཆ་སྲ་བར་འགྱུར་རོ།། བསྐལ་པ་ཉི་ཤུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། སངྱས་ཀྱི་ཞིང་བཞི་བཅུ་པ་རྒྱ་མཚོ་རབ་ཏུ་གནས་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དྲགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་པོ་ཟིལ་གྱིས་གནོན་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་སྙིང་པོ་ཟིལ་གྱིས་གནོན་པ་དེའི་མཚན་ཉན་པ་དང་། ཐོས་ནས་ཀྱང་དད་ཅིང་། མོས་པ་དེ་དག་ཐམས་ཅད་སྙིང་པོ་ལ་རབ་ཏུ་གནས་པར་འགྱུར་རོ།། ཐེག་པ་མཆོག་ཐོབ་པར་འགྱུར་རོ།། འདི་ལྟར་ཆོས་ཀྱི་སྦྱིན་པ་དང་ལྡན་པ་ནི་ཉིན་མཚན་དུ་ཆོས་ཀྱི་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་དྲུག་གི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་ཞེས་བྱེ་དཱ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་དབྱངས་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རྔ་དབྱངས་ཀྱི་རྒྱལ་པོའི་མཚན་ཉན་ཅིང་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་དབྱངས་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་ཟེར་ན། གང་གིས་སྟོང་གསུམ་གྱི་སྟོང་ཆེན་བོཔོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། རང་སངས་རྒྱས་ལ་ཉིན་རེ་ཞིང་སྦྱིན་པ་བྱིན་པ་དེ་ལྟར་བསྐལ་པ་ཀངྒཱའི་གླང་གི་བྱེ་ན་སྙེད་དུ་བྱིན་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུའང་མི་བཟོད་དོ།། སངས་རྒྱས་ཀྱི་ཞིང་བརྒྱ་ལྔ་བཅུའི་ང་རོལ་ནི། འཇིག་རྟེན་གྱི་ཁམས་ཟླ་བ་ཅན་། ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་བའི་བླ་མཞེས་བྱ་བའི་མཚན་ཀང་དག་ཉན་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་། མི་མ་ཡིན་པ་དེ་དག་ཐམས་ཅད་མི་དགེ་བའི་ཆོས་ཀྱིས་མི་ཀོས་ཤིང་འཇིག་རྟེན་ན་པདྨ་ལྟ་བུར་འགྱུར་རོ། ། གལ་ཏེ་བུད་མེད་ཉན་པར་བྱེད་དམ། མངོན་པར་དང་དམ། ལྷག་པའི་བསམ་པཱས་མོས་པར་བྱེད་ན། དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་རོ། ། གང་དག་ཡིད་མུ་ཆེས་ཤིང་ཡོངས་སུ་སྤང་ན། དེ་དག་སངས་རྒྱས་ཀྱི་སྟོབས་སྤངས་པར་འགྱུར་ཏེ། བསྐལ་པ་ཉི་ཤུ་ཚང་བར་མཚམས་མེད་པའི་དམྱལ་བ་ཆེན་པོར་བཅོ་བར་འགྱུར་རོ། ། ཡང་ཤཱ་རིའི་བུ་གང་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསམ་གྱིས་མི་ཁྱབ་པ་ཉིད་ལ་ཡིད་ཆེས་པ་དང་། སེགས་པ་དང་། མོས་པར་བྱེད་ན། དེ་ཉིད་ཀྱིས་བསྐལ་པ་བཅུ་དགུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་གསུམ་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཙན་དྲན་གྱི་རྐང་པ་རབ་ཏུ་གནས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཟིལ་གྱིས་གནོན་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་གིས་དེ་བཞིན་གཤེགས་པ་མེ་ཏོག་ཟིལ་གྱིས་གནོན་པ་ཞེས་བྱ་བ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་འདི་སྙམ་དུ་གྱུར་ཏེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་དུ་མི་ཁོམ་པ་བརྒྱད་པོ་ཐམས་ཅད་འབྱུང་བར་མ་གྱུར་ཅིག་ཅེས། ཇི་ལྟར་སྨོན་ལམ་བཏབ་པ་བཞིན་གཤེགས་པ་དེའི་སངྱས་ཀྱི་ཞིང་ཡོངས་སུ་དག་སྟེ། སངས་རྒྱས་དེའི་ཞིང་གི་སེམས་ཅན་རྣམས་ཤིན་ཏུ་བདེ་བ་དང་ལྡན་ནོ། ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པའི་མཚན་ཉན་ཅིང་དད་པ་སྐྱེད་པར་བྱེད་པ་ནི། འཇིག་རྟེན་ན་ངོ་མཚར་དུ་གྱུར་ཏེ།། མངོན་པར་རྫོགས་པར་སངས་རྒྱས་ནའང་སངས་རྒྱས་ཀྱི་ཞིང་དུ་མི་ཁོམ་པ་བརྒྱད་མེད་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་གཉིས་ཀྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་འཛམ་བུའི་ཆུ་བོ་རབ་ཏུ་གནས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་སྒྲོན་མ་ཞེ་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་སྒྲོན་མའི་མཚན་ཉན་ན་མཚམས་མེད་པ་ལས་བྱུང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་པར་དེ་དག་ཐམས་ཅད་ངན་སོང་བཞི་ལས་ཐར་པར་འགྱུར་རོ། ། དཀོན་མཆོག་དམ་པ་འཐོབ་པའི་རྒྱུར་ཡང་འགྱུར་རོ།། གང་དག་མཚམས་མེད་པའི་ལས་བྱེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པས་ཐོས་ནའང་དེ་དག་ཀྱང་དེའི་ལས་ཟད་ནས། མཐར་གྱིས་སངས་རྒྱས་སུ་འགྱུར་རོ།། བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་གསལ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་འོད་གསལ་ཞེས་བྱ་ཞེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་ལག་མཐིལ་ལྟར་མཉམ་ལ་པདྨ་ལྟར་སྣང་སྟེ། ཤྭ་རིའི་བུ་འཇིག་རྟེན་གྱི་ཁམས་དེ་ནའང་མུན་པའི་ནང་ན་མེའི་ཕུང་པོ་ལྟར་གཟི་བརྗིད་འབར་ཞིང་ལམ་མེ་ལྷན་ནེ་ལྷང་ངེ་ཞིང་ཆོས་སྟོན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་མཛད་དོ། ། གང་ཡང་འདི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གསེར་གྱི་སྡང་ལེབ་ཀྱིས་གཡོགས་པ། ཤིང་ཐམས་ཅད་གོས་ཀྱིས་བརྒྱན་ནས། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་ལ་ཉིན་རེ་ཞིང་སྦྱིན་པ་འདུལ་ཞིང་།། དེ་བཞིན་དུ་བསྐལ་པ་གངྒཱའི་ཀླུང་ཀཱི་བྱེ་མ་དང་མཉམ་པར་ཕུལ་བ་བས། ཀང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ན། དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་འདིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུའང་ཉེ་བར་མི་འགྲོའོ།། གང་དག་ཐོས་ནས་དགའ་བ་རྙེད་ཅིང་གང་འདོད་པ་དེ་ལ་ནན་ཏན་བྱེད་པ། བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱེད་པར་འགྱུར་རོ། ། བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་ཡང་འཛིན་པར་འགྱུར་རོ།། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཀུན་ཏུ་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་རྨང་ཞེས་བྱ་བ་བཞུགས་སོ།། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགྲ་པར་རྫོགས་པའི་སངས་རྒྱས་རྟག་པར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་བཞུགས་ཏེ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་རོ། ། ཤཱ་རིའི་དུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རི་རབ་ཀྱི་ངོས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུག་རྔུ་མེད་པའི་བློ་ཞེས་བྱ་བ་བཞུགས་སོ། ། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་འཕོངས་པ་དང་བྲལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པ་ཚད་མེད་པར་སྣང་བ་ཞེས་བྱ་བ་བཞུགས་སོ། ། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་གོས་ཀ་ཙ་ལིནྡི་ལྟར་རེཀ་ན་འཇམ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་སངས་རྒྱས་རི་རབ་རྣམ་པར་གནོན་པ་ཞེས་བྱ་བ་བཞུགས་སོ།། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་མཉམ་པ་དམ་པའི་དཔལ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ས་བྱས་རིན་པོ་ཆེའི་གླང་པོ་ཆེ་དམ་པ་ཞེས་བྱ་བ་བཞུགས་སོ། ། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་འབྱུང་གནས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་འདུས་པའི་དཔལ་ཞེས་བྱ་བ་བཞུགས་སོ། ། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྣམ་པར་མ་དག་པ་དང་བྲལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་འི་སངས་རྒྱས་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་པོ་ཆེ་རྟག་ཏུ་དོན་དཔལ་ཞེས་བྱ་བ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་བསྐོར་ནས། ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་རོ།། ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་གནས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ་པར་སྣང་མཛད་རྣམ་པར་དག་པ་ཐོབ་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་དུ་ཤར་ཕྱོགས་ན། དེ་དག་ལ་སོགས་པ་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཆོས་ཀྱང་སྟོན་ཏོ།། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེ་རྣམས་ཀྱི་མཚན་ནས་ཡོངས་སུ་བརྗོད་ཅིང་ཡོན་ཏན་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ་འི་ཆེད་དུ་བརྗོད་པ་ལན་གསུམ་དུ་བརྗོད་པར་བྱའོ། ། ཤར་ཕྱོ་ན་གྲང་དག་སྣང་བར་མཛད་པ་དེ་དག་གི་མཚན་ནས་ཡོངས་སུ་བརྗོད་པ་བྱས་ན། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ།། ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྦྱོང་གི་ཐ་མ་ན། འཇིག་རྟེན་གྱི་ཁམས་གྲོལ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་གང་དག་ཉི་ཟླ་སྒྲོན་མ་དེའི་མཚན་ཉན་ཅིང་ཐོས་ནས་ཀྱང་དཀའ་བ་ཆེར་སྐྱེད་ཅིང་མྱོས་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་བཀའ་ལ་རྣམ་པ་བརྒྱད་སྟོང་བསམས་ན་བ་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མའང་བླགས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས་འདི་ལྟར་དེ་བཞིན་གཤེགས་པ་དེ་ནི།། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདྲག་ཅག་གིས་མཐོང་ངོ་སྙམ་དུ་རྟོགས་པར་བྱའོ།། བུད་མེད་ཀྱིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེ་མཚན་བདག་གིས་ཐོས་ཀྱི། བདོག་གི་བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་རོ་སྙམ་དུ་སེམས་རབ་ཏུ་དགའ་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། ། ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཀྱིས་ཐོས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། སེམས་ཅན་འདི་དག་ལ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་ལ་སྒྲིབ་པར་མི་འགྱུར་རོ།། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་ཡོད་པ་དེ་དག་ཀྱང་བརྩིས་པ་འམ། བརྩིས་པ་ཆེན་པོ་སུས་ཀྱང་བརྩི་བའམ། བསྡོམ་པར་བྱ་སླ་བ་མ་ཡིན་ནོ།། འཇིག་རྟེན་གྱི་ཁམས་ཇི་སྙེད་དུ་དེའི་མཚན་གྲག་སྲ་པའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་བདུད་སྡིག་ཅན་བར་ཆད་བྱེད་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེའི་མཚན་ཇི་སྙེད་ཀྱིས་ཐོས་ཤིང་དད་པའང་རྙེད་པ་དེ་དག་གིས་མཐའ་རྟོགས་པར་སླ་བ་མ་ཡིན་ནོ།། ཡང་ཤཱ་རིའི་བུ་མདོ་སྡེ་འདི་ལྟ་བུར་ཉན་པའི་སེམས་ཅན་རྣམས་ལ་འཇིག་རྟེན་གྱི་ཁམས་འདིར་བདུད་སྡིག་ཅན་རྣམས་ཀྱིས་བར་ཆད་བྱ་བའི་ཕྱིར་དཔུང་དྲང་བཞོན་པར་བཅས་པས་བརྩོན་པར་བྱེད་དེ། དེ་ནི་སྒྲིབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པའི་ཕྱིར་རོ། ། ཤཱ་རིའི་བུ་དུས་ཕྱི་མ་ལ་འདི་ལྟ་བུ་འབྱུང་སྟེ། དེའི་ཚེ་སེམས་ཅན་གང་མཚན་བརྗོད་པའི་བསོད་ནམས་འདི་ལ་མོས་ཤིང་དད་པའི་སེམས་ཅན་དེ་དག་ནི་ཨུ་དུམ་ཝ་རའི་མེ་ཏོག་དང་འཛི་སྟེ། འཇིག་རྟེན་གྱི་སྦྱིན་པར་འོས་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སླད་མའི་དུས་ན་འདིར་རབ་ཏུ་དགའ་བ་ལགས་ན། དེ་ན་སེམས་ཅན་ཇི་སྙེད་ཅིག་གིས་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེའི་མཚན་ཐོས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདྲས་གཞན་གྱི་མཚན་ཀྱང་ཐོས་ནས་དད་པ་ཡང་དག་པར་སྐྱེད་པར་འགྱུར་བ་ཇི་སྙེད་ཅིག་མཆིས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་གོང་གིས་ཐོས་པར་འགྱུར་བ་དེ་དག་ངས་མཐོང་སྟེ། འདི་ལྟ་སྟེ། དཔེར་ནང་ལྟར་གྱི་སེམས་ནྡན་དག་མཐོང་བ་བཞིན་ཏེ། ཤཱ་རིའི་བུ་དཔེར་ན་ད་ལྟར་དགེ་སློང་གི་དགེ་འདུན་གོས་ངུར་སྨྲིག་བགོས་པའི་དྲུང་ན། ཁྱིམ་པ་གྲོས་དཀར་པོ་གྱོན་པ་གཅིག་ཡོད་པ་དེ་བཞིན་དུ། གང་འདིའི་མཚན་ཐོས་པར་འགྱུར་བའི་སེམས་ཅན་དེ་དག་རྙེད་པར་དཀའོ།། ཐོས་ནས་ཀྱང་དད་པར་འགྱུར་བ་དེ་དག་ནི། ཤཱ་རིའི་བུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། ། གང་དག་ཐོས་ནས་དད་པར་འགྱུར་བ་དེ་དག་ནི། ཤཱ་རིའི་བུ་ཕྱི་མའི་དུས་ན། དེ་དག་ལ་རྣམ་པར་ལྟུང་བའི་འཇིགས་པ་མི་འབྱུང་ངོ་།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་རོ།། འཇིག་རྟེན་ཐམས་ཅད་ལས་བྱེད་ཟག་ཏུ་འཕགས་པར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལས་བརྩམས་ནས་ཆོས་སྟོན་པར་འགྱུར་ཏེ། དེ་དག་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་རོ།། ཆོས་བསྟན་པ་དེ་ལའང་གང་དག་ཉན་པ་དང་དད་པ་ཡང་དག་པ་སྐྱེད་པར་འགྱུར་བ་དེ་དག་ངའི་སངས་རྒྱས་ཀྱི་བྱང་ཆུབ་བསམ་པ་ཐག་པ་ནས་འཛིན་པར་འགྱུར་ཏེ། བསྐལ་པ་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། ཡང་གང་དག་དད་པར་མི་བྱེད་པ་དེ་དག་ཀྱང་ངས་མཐོང་སྟེ། དཔེར་ན་ད་ལྟར་ཁྱོད་མཐོང་བ་བཞིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པཱ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་གང་དག་ཐོ་སནཱ་ས། དེ་དག་དང་པར་མི་དགྱིད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་འདིའང་སྤོང་བར་བགྱིད་པ་དེ་དག་ལ་བསོད་ནམས་མ་ལགས་པའི་ཕུང་པོ་ཇི་ཙམ་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དག་ནི་སེམས་ཅན་དམྱལ་བར་ལོ་བྱེ་བ་དྲུག་ཅུར་གནས་ཤིང་། དེ་ན་སྡུག་བསྔལ་ཆེན་པོའི་ཚོར་བ་མྱོང་བར་འགྱུར་རོ།། ཤཱ་རིའི་དུ་ཕྱོགས་ཀྲུང་དུ་བསྣུན་པཾ་རབ་ཏུ་འབར་འགྱུར་པ་དེན། དམ་པའི་ཆོས་སྤོང་བའི་སྐྱེས་བུ་ཐུན་པོ་ཤིན་ཏུ་མང་བར་འགྱུར་ཏེ། དེ་བས་མ་ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ལ་སྤོང་བར་མི་བྱེད་པའི་རིགས་ཀྱི་སའམ། རིགས་ཀྱི་བུ་མོ་དེ་དག་གིས་དཀའ་བ་རྒྱ་ཆེན་པོ་ཡང་དག་པར་བསྐྱེད་ཅིང་། བདག་ནི་ངན་སོང་ཐམས་ཅད་ལས་ཐར་ཏོ་སྙམ་ནས་བ་དན་བསྒྲེང་བར་བྱའོ།། གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་གང་བར་བྱས་ན་ས། མཚན་འདི་མཉན་པར་བྱའོ་ཞེས་དེ་སྐད་ཟེར་བ་ནི། དེས་ཆུང་ངུ་ཞིག་སྨྲས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་ལ་གནས་པར་འདོད་པས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པའང་རིན་པོ་ཆེས་ཡོངས་སུ་གང་བར་བྱས་ནས་མཉན་པར་བྱའོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་པ་ན། འཇིག་རྟེན་གྱི་ཁམས་ཚུལ་ཁྲིམས་ཀྱི་འོད་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་སངས་རྒྱས་རི་རབ་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རི་རབ་དེའི་མཚན་ཐོས་པར་འགྱུར་བ་དེ་དག་ནི། ཐ་ན་རྨི་ལམ་ནཱ་ངའ་འགས་པ་ལ་སྐུར་པ་འདེབས་པར་མི་འགྱུར་རོ།། ལྷག་པའི་བསམ་པ་ཡང་དག་པར་འགྱུར་རོ།། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། ཆོས་རྣམས་ལ་རང་རྨི་ལམ་ལྟ་བུར་མྱུར་དུ་རབ་ཏུ་ཤེས་པར་འགྱུར་ཏེ། བསྐལ་པ་བརྒྱད་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ལྔ་སྟོང་པ་ན། འཇིག་རྟེན་གྱི་ཁམས་ཀུ་ཐུགས་གསེར་མདོག་བཟང་པོ་ཞེས་བྱ་བ་ནཱ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་མངོན་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རི་རབ་མངོན་པའི་མཚན་ཐོས་པར་འགྱུར་བ་དང་། མཚན་རྒྱུན་མི་འཆད་པར་འཛིན་པ་དེ་དག་ནི། བསྐལ་པ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤུ་ན། འཇིག་རྟེན་གྱི་ཁམས་སྣང་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་འདྲ་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་གང་དག་དེ་བཞིན་གཤེགས་པ་རི་རབ་འདྲ་བ་དེའི་མཚན་ཉན་ཅིང་ཐོས་ནསྲ་ཀྱང་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་རི་མོ་བསྐྱེད་ནས་ཡིད་ལ་བྱེད་པྲ་ནི། ཤཱ་རིའི་བུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཛམ་བུའི་ཆུ་བོའི་གསེར་གྱི་སྤང་ལེབ་བཏིང་ནས་སྦྱིན་པ་བྱིན་པ་བས། གང་གིས་དེ་བཞིན་གཤེགས་པ་འདི་ཡིད་ལ་བྱེད་ན། བསོད་ནམས་ཀྱི་ཕུང་པོ་འདིས་སྔ་མའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུའང་མི་བཟོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་སྒྲ་ནི་མཿ་ཆེན་པོ་ཡིན་ཏེ། གང་དེ་བཞིན་གཤེགས་པ་བཞུགས་པ་ལ་བསྟི་སྟང་བྱེད་པ་དང་། མྱ་ངན་ལས་འདས་པའི་སྐུ་གདུང་ལ་མཆོད་པ་བྱེད་པ་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་གྲངས་མེད་པ་འདས་ནས། འཇིག་རྟེན་གྱི་ཁམས་སྟོབས་ཀྱི་ཤུགས་ཐམས་ཅད་ཐོབ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྤོས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཀུན་ཏུ་སྤོས་དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྨོན་ལམ་འདི་ལྟར་བཏབ་སྟེ། གང་དག་གིས་སངས་རྒྱས་ལ་བཀུར་སྟི་བྱས་པ་དང་། གང་ཡང་དེ་བཞིན་གཤེགས་པ་སྤྲིན་སྟུག་པོ་ལ་བདུག་སྤོས་ཀྱི་རིལ་བུ་ཡུངས་འབྲུ་ཙམ་བསྲེགས་པས་དགེ་བའི་རྩ་བ་བསྒྲུབས་པ། དགེ་བའི་རྩ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ན། བ་སྤུའི་ཁུང་བུ་ཐམས་ཅད་ནས་དྲི་ཡིད་དུ་འོང་བ་འབྱུང་བར་གྱུར་ཅིག། བྱུང་ན་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྤོས་ཀྱི་སྤྲིན་གྱིས་རྒྱས་པར་གྱུར་ཏེ། གང་འཇིག་རྟེན་གྱི་ཁམས་དེ་དག་གིས་སེམས་ཅན་རྣམས་ཀྱིས་དྲི་བསྣམས་ཤིང་། མཚན་ཡང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པའི་ཚེ། བ་སྤུའི་ལུང་བུ་ནས་དྲི་ཡིད་དུ་འོང་བ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ།། ཤཱ་རིའི་བུ་ཡང་དག། པར་བླངས་པ་གང་གིས་དེ་བཞིན་གཤེགས་པ་ཀུན་ཏུ་སྤོས་ངེས་པར་བྱུང་བའི་ཡང་དག་པར་གྲངས་པ་དེས། ངེས་པར་འབྱུང་བར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཞག་བདུན་དུ་ཟན་བཅད་དེ་ཁ་ཟས་མ་ཟོས་ཀྱང་མཚན་ཉན་པ་དེ་ལྟ་བུ་ནི་ཡོད་ཏན་ཡོངས་སུ་རྗོད་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ཐོས་མ་ཐག་ཏུ་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདྲི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་ཀུན་ཏུ་སྤོས་ཀྱི་ཡོན་ཏན་བརྗོད་པ་ཉན་པའི་བསོད་ནམས་ཀྱི་ཚོགས་བཅོམ་ལྡན་འདས་ཀྱིས་བརྗོད་དུ་གསོལ། དེ་ལ་སླད་མའི་དུས་ཀྱི་ཚེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཐོས་ནས་དགའ་བ་དང་རངས་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། ། གང་ཇི་ལྟ་ཇི་ལྟ་བུར་སངས་རྒྱས་ཀྱི་ཆོས་ཉན་པ་དེ་ལྟར་དེ་ལྟ་བུར་བདུད་སྡིག་ཅན་གྱིས་གླགས་མི་རྙེད་པར་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་སངས་རྒྱས་ཀྱིས་དགོངས་པར་འགྱུར་ཏེ། དེའི་ཚེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོག་པའི་བྱང་ཆུབ་མ་སྦྱས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཀུན་ཏུ་སྤོས་ཀྱི་བསོད་ནམས་ཀྱི་ཚོགས་གང་ཅི་ཡོད་པ་ཐམས་ཅད་ངས་ཁྱོད་ལ་བཤད་ན།། སེམ་ཅན་རྣམས་མྱོས་པར་འགྱུར་ཏེ། དེ་དག་མཚན་ཐོས་པའི་དགེ་བའི་རྩ་བྲ་ལ་མོས་པའམ་དད་པར་འགྱུར་བའི་བསོད་ནམས་དང་ལྡན་པ་མེད་དོ།། ཤཱ་རིའི་བུ་ཡང་གང་དག་མོས་པ། དང་དད་པ་དང་། དེ་བཞིན་དུ་སེམས་ཡང་དག་པར་དགའ་བར་བྱེད་ཅིང་། བདག་ནི་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མ་ལོག་པའོ་སྙམ་དུ་སེམས་ན། ཤཱ་རིའི་བུ་བསྲོང་ནམ་ཀྱི་ཕུང་པོ་དེའི་ཕྱོགས་ཙམ་ཞིག་བསྟན་པར་བྱའོ། ། མཁས་པ་དག་ཡེ་ཤེས་ཆེན་པོ་དང་ལྡན་པར་འགྱུར་བའི་དགོངས་ཏེ་གསུངས་པ་ལ་འཇུག་པར་འགྱུར་རོ།། ཡང་ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་མི་མཇེད་ཙམ་གྱི་འཇིག་རྟེན་གྱི་ཁམས་བཅུ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ། ཚད་མེད་པའི་སངས་རྒྱས་ལ་བསྐལ་པ་ད་མེད་པར་ཉིན་རེ་ཞིང་སྦྱིན་པ་བྱིན་པ་བས་སྔ་མའི་བསོད་ནམས་ཀྱི་ཕུང་པོའི་ཆ་གང་དུའང་བརྗོད་དུ་མི་རུང་ངོ་། ། གང་གིས་ཚད་མེད་པ་དང་ལྡན་པའི་དེ་བཞིན་གཤེགས་པ་ལ་རྗེས་སུ་དྲན་ནས། ཡན་ལག་ལྔས་ཕྱག་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ནི། བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་ཚད་མེད་གྲངས་མེད་པར་འགྱུར་ཏེ། དེ་དག་བསྐལ་པ་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུ་འདས་ནས། འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་འོད་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་ཡོངས་སུ་དག་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་འོད་ཡོངས་སུ་གསལ་བ་དེའི་མཚན་ཉན་པ་དང་། སེ་གོལ་གཏོགས་པ་སྲིད་དུའང་བྱམས་པའི་སེམས་སྒོམ་ཞིང་། མངོན་པར་དད་པར་བྱེད་པ་དང་། མོས་པར་བྱེད་ཅིང་བདག་གིས་དེ་བཞིན་གཤེགས་པའི་མཚ། ཐོས་པ་དང་། བྱམས་པའི་སེམས་བསྒོམས་པའི་བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག་ཅེས་ཚིག་འདི་སྐད་དུ་སྨྲ་ན། ཤཱ་རིའི་བུ་དེའི་བསོད་ནམས་ཀྱི་ཕུང་པོ་ནི། ཤཱ་རིའི་བུ་གང་གིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སཱད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། གངྒཱའི་ཀྲུང་གི་བྱེན་སྙེད་ཀྱི་སངས་རྒྱས་ལ་ཉིན་རེ་ཞིང་སྦྱིན་པ་ཕུལ་ལ། དེ་བཞིན་དུ་བསྐལ་པ་གངྒཱའི་ཀླུང་ཀི་བྱེ་མ་སྙེད་དུ་སྦྱིན་པ་ཕུལ་བ་འདི་བས་སྔ་མའི་བསོད་ནམས་ཀྱི་ཕུང་པོ་ལ་བསོད་ནམས་ཀྱི་ཕུང་པོ་འདིས་ཅིའི་ཆ་ཙམ་དུའང་མི་བཟོད་དོ། ། དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཀྱི་ཕུང་པོ་སྔ་མས་ནི་བྱང་ཆུབ་ཐོབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་གང་དག་ཆོས་ཀྱི་སྦྱིན་པ་ལ་འཛུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ལ་དཔའ་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཡིན་ནོ། དཱས་ན་ཤཱ་རིའི་བུ་ཆོས་ཀྱི་སྦྱིན་པ་མཆོག་ལ་གཟུང་བར་བྱའི། ཟང་ཟིང་གི་སྦྱིན་པ་ལ་གཟུད་པར་མི་བྱའོ།། གང་དག་སྐྱེས་བུ་དམ་པ་དེ་དག་ལ་སྦྱིན་པ་སྦྱིན་པར་བྱེད་ན། དེ་དག་གིས་ཆོས་ཀྱི་སྦྱིན་པ་ཉིད་སྦྱིན་པར་བྱའི། ཟང་ཟིང་གི་སྦྱིན་པ་མ་ཡིན་ཏེ། དེ་དག་བྲ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྙན་པར་འགྱུར་རོ།། བསྐལ་པ་བརྒྱད་ཏུའི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བྱ་རྒྱན་འཇིག་རྟེན་གྱི་ཁམས་ཆོས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་ཆོས་ཀྱི་བླ་མ་དེའི་མཚན་ཉན་པ་དང་ད་པའང་སྐྱེད་པ་དང་། ཐལ་མོ་སྦྱོར་བར་བྱེད་ཅིང་། དེ་དག་ཐམས་ཅད་འདི་ལ་སྟེ། སངས་རྒྱས་ཀྱི་ཆོས་འདི་ལ་ཆོས་གྲུབ་པར་བྱ་བའི་ཕྱིར་སློབ་པར་འགྱུར། ཕན་ཡོན་འདི་དག་འདོད་པས་རི་མོར་བྱས་ཏེ་མོས་པར་བྱའོ། ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོ་ཏན་ཡོངས་སུ་བརྗོད་པ་ལ་སོ་སོའི་སྐྱེ་བོའི་ཤེས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཚོད་གཟུང་བར་མི་བྱ་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དེ་ནི་སངས་རྒྱས་རྣམས་ཀྱིས་ཡང་མ་ཡིན་པས་ན། དཔེ་འདི་དག་ཐོས་པ་ལས་སངས་རྒྱས་ཀྱི་ཡེ་ཤེས་ལ་བརྙས་པར་མི་བྱ་སྟེ། སེམས་སྐྱེད་པ་གཅིག་གམ་ངག་གི་ལས་གཅིག་གིས་སེམས་ཅན་དམྱལ་བ་ཆེན་པོའི་ལུས་རྣམ་པ་དུ་མར་འགྱུར་བའི་ལས་ཡོངས་སུ་གཟུང་བར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་དཀའ། མིར་འགྱུར་བ་དང་། དལ་བ་ཕུན་སུམ་ཚོགས་པ་བསྒྲུབ་པའང་ཤིན་ཏུ་དཀའ་འོ།། དེའི་ཕྱིར་དཔེ་ཞིག་བསྟན་པར་བྱ་སྟེ། ཤཱ་རིའི་བུང་པར་ན་ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་ཏེ། དེའི་ནང་ན་གཉའ་ཤིང་བུག་གཅིག་པ་ཞིག་ཡོད་དེ། རུས་སྔལ་ཞར་བ་གཅིག་ཀྱང་ཡོད་དེ། རྒྱ་མཚོ་ཆེན་པོ་དེ་ལ་རླུང་ཡར་ལྡང་བ་དང་། མར་ལྡང་བ་ཞེས་བྱ་བ་ལྡང་བ་ལ་རུས་སྦལ་ཞར་བ་དེའང་ལོ་བརྒྱ་བརྒྱ་ཞིང་ལན་ཅིག་ཕྱིར་འབྱུང་བ་རབ་ཏུ་མྱུར་བར་གཉའ་ཤིང་གི་བུ་ག་གཅིག་པ་དེར་རུས་སྦལ་ཞར་བ་ལ་བརྒྱ་བརྒྱ་ཞིང་ཕྱིར་འབྱུང་བའི་མགུལ་པ་ཆུད་པར་སྨྲའི། ལོག་པར་ལྟུང་བ་ལས་ཕྱིར་ཡང་མིར་འགྱུར་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་ལོག་པར་ལྟུང་བ་རྣམས་ཀྱི་མིར་འགྱུར་བ་རབ་ཏུ་དཀའ་བ་ཡིན་ནོ། ། གང་ཡང་མི་ཁོམ་པ་ལ་སོགས་པ་སྤངས་ཏེ། དེ་ལྟར་མིར་འགྱུར་བ་ཐོབཱ་ན་སཱ། སངས་རྒྱས་འབྱུང་བ་ལའང་མཉེས་པར་བྱས་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ཀྱི་མཆོག་གི་ཡེ་ཤེས་དམ་པ་མངའ་བ་ལ་དད་པ་ཐོབ་ནས། བདག་གིས་མིར་འགྱུར་བ་ལེགས་པར། ཐོབ་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ་ལ་བདག་གིས་སེམས་བསྐྱེད་པ་གཅིག་ཙམ་ཡང་མོས་པར་བྱའོ་སྙམ་ནས་བདག་ཉིད་ཡང་དག་པར་དགའ་བར་བྱའོ། ། དེ་དག་གིས་བསྐ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ལྔ་བཅུ་རྩ་ལྡན། འཇིག་རྟེན་གྱི་ཁམས་རྒྱུ་བའི་དབང་པོ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱག་རྒྱལ་པོའི་མཚན་ཉན་པ་དང་། དད་པ་སྐྱེས་པར་འགྱུར་བ་དང་། མོས་པར་བྱེད་ཅིང་ཐལ་མོ་སྦྱར་ཏེ། ཚིག་འདི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་ཟེར་ན། དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་ཏེ། དེའི་ཕྱོགས་ཙམ་ཞིག་བསྟན་པར་བྱའོ།། ཡང་ཤཱ་རིའི་བུ་གང་གིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཉིན་རེ་བཞིན་སྦྱིན་པ་ཕུལ་ཏེ། དེ་བཞིན་དུ་འབུལ་ཞིང་ལོ་སྟོང་དུ་ཕུལ་ངསགང་གིས་དེ་བཞིན་གཤེགས་པའི་མཚན་ཐོས་ནས་དད་པ་ཡང་དག་པར་སྐྱེད་པ་དང་། མོས་པར་བྱེད་ཅིང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། ཞེས་ཚིག་དེ་སྐད་དུ་སྨྲ་བ་འདིའི་བསོད་ནམས་ཀྱི་ཕུང་པོ་ལ་སྔ་མའི་བསྟོད་ནམས་ཀྱི་ཕུང་པོས་བརྒྱའི་ཆར་ཡང་ཉེ་བར་འགྲོ་བ་ནས་ད་པེར་ཡང་མི་བཟོད་དུ། བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན། འཇིག་རྟེན་གྱི་ཁམས་བདེན་པ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཆེན་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེ་པ་ཡོན་ཏན་ཆེན་པོའི་མཚན་ཉན་པར་འགྱུར་བ་ངེས་པ་ལ་ཞུགས་པ་མ་གཏོགས་པར་དེ་དགྲ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་གྲུབ་པར་བྱེད་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་བརྒྱད་ན། འཇིག་རྟེན་གྱི་ཁམས་རྒྱལ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་འོད་ཅེས་བྱ་བ་བཞུགས་པ་ཤཱ་རིའི་བུ་དེ་བཞིན་གཤེགས་པ་སྔོས་འོད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མིང་གང་གིས་ཉན་པ་དང་། གང་ཉན་པ་དང་། ཐོས་ནས་ཀྱང་མོས་པར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག། དེ་དག་ཕྱི་མ་ལ་ངན་སོང་དུ་འགྲོ་བར་མ་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟར་བཏབ་པར་གྱུར་ཏོ།། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་མཚན་གང་ཉན་ཅིང་ཐོས་ནས་ཀྱང་ལྷག་པའི་བསམ་པས་མོས་པར་བྱེད་པ་ནི། སྔོན་གྱི་སྨོན་ལམ་དེས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སུམ་ཅུ་ན། འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་འཕྲོ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་འཕྲོ་དེའི་མཚན་ཐོས་པར་འགྱུར་བ་ཉུང་སྟེ། ཐོས་ནས་མོས་པ་དང་དང་འགྱུར་བ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ།། གང་ཉན་པར་མི་བྱེད་པ་དེ་དག་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཚད་མེང་པ་ཡོངས་སུ་འཛིན་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅོ་ལྡན། འཇིག་རྟེན་གྱི་ཁམས་ཀུན་ཏུ་དགའ་བ་དང་ལྡན་པ་ཞེས་བྱ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཚད་མེད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་ཚད་མེང་དེའི་མཚན་ཉན་པར་འགྱུར་བ་དང་། ལྷག་པའི་བསམ་པས་དད་པར་བྱེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་འོད་ཐོབ་པར་འགྱུར་རོ།། གང་དང་པར་མི་བྱེད་པ་དེ་དག་བསྐལ་པ་ཉི་ཤུར་ཚ་ས་འི་སེམས་ཅན་དམྱལ་བར་བཙོ་བར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤྲ་ན། འཇིག་རྟེན་གྱི་ཁམས་སྙིང་པོ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བཏང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་འོད་བཏང་བ་དེའི་མཚན་ཉན་པར་འགྱུར་བ་དང་། ཐོས་མ་ཐག་ཏུ་རང་དད་པ་སྤྱད་པར་བྱེད་པ་དེ་དག་ཐམས་ཅད་བདུད་སྡིག་ཅན་གྱིས་ཐུབ་པར་དཀའ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ཉིས་སྟོང་རྫ་བརྒྱན། འཇིག་རྟེན་གྱི་ཁམས་སྡུག་གི་ཤིང་ཐོག་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་སྒྲོན་མ་ཞེས་བུ་བ་བཞུགས་ཏེ། ཤཱ་རིལ་ཡང་གང་དེ་བཞིན་ཀ་ཤེཀྲ་པ་ཟླ་བའི་སྨོན་མ་དེའི་མཚན་ཉན་པར་འགྱུར་བ་དེ་དག་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ།། དེ་དག་ཡུལ་གདྲེན་གནས་པའི་ཡུལ་དེརང་མཆོད་རྟེན་དུ་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ཕྱི་མའི་དུས་ན་དེ་གཤེགས་པའི་མཚན་ཉན་པར་འགྱུར་བའི་སྐྱེས་བུ་དོམ་པ་དེ་དག་ནི་དཀོན་ནོ།། སངས་ཀྱི་ཞིང་སྟོང་ཕྲག་བརྒྱད་ན། འཇིག་རྟེན་གྱི་ཁམས་དྲི་མཆོག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་ཟླ་འོད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་ཟླ་འོད་དེའི་མཚན་ཉན་པར་འགྱུར་བ་དང་ཟ་ན་རྨི་ལམ་གྱི་ཚེ་ཐོས་མའང་དད་པ་ཡང་དག་པར་སྐྱེད་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྐྱེད་པར་འགྱུར་རོ། ། རི་དང་འདྲ་བར་བདུད་ཐམས་ཅད་ཀྱིས་མི་སྐུད་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་གཉིས་ན། འཇིག་རྟེན་གྱི་ཁམས་ཉི་མ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫ་བ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་སྣང་བའི་སངས་རྒྱས་ཀྱི་ཞིང་ར་ངན་སོང་བཞི་མེད་དོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་སྨོན་ལམཱ་སྡེར་འདི་ལྔར་བཏབ་སྟེ། བྱང་ཆུབ་ཐོབ་པའི་མཚན་དང་མྱ་ངན་ལས་འདས་པ་ཐོས་པ་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག། བདག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་པའང་ད་ལྟར་གྱི་དེ་དག་གི་ཅི་འདྲ་བར་གྱུར་ཅིག་ཅེས་བྱས་སོ།། ཤཱ་རིའི་བུ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཟླ་བ་སྣང་བའི་མཚན་ཉན་པ་དེ་དག་ཐམས་ཅད་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཇི་ལྟར་སྨོན་ལམ་བཏབ་པ་དེ་བཞིན་དུ་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅཝོ་བརྒྱད་ན། འཇིག་རྟེན་གྱི་ཁམས་གསེར་གྱི་ནོར་བུ་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་འོད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་མེ་འོད་ཀྱི་མཚན་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཆོས་ཀྱི་སྒྲོན་མ་ཐོགས་པར་འགྱུར་རོ།། འཇིག་རྟེན་ཐམས་ཅད་དང་།། སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར་རོ།། དེ་དག་གིས་ཉིན་མཚན་སེམས་ཅན་རྣམས་ལ་ཕན་འདོགས་པ་ལ་ཞུགས་པས་འདའ་བར་འགྱུར་རོ། ། དེ་དག་ཆོས་ཀྱི་སྦྱིན་པ་ལ་མངོན་པར་གཏོང་ངོ་།། དེ་དག་ནི་བདུད་ཐམས་ཅད་དང་མུ་སྟེགས་ཅན་གཞན་གྱིས་མི་ཐུབ་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན་འཇིག་རྟེན་གྱི་ཁམས་གཟུགས་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་གཟུགས་སྣང་བ་དང་ལྡན་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སེམས་ཅན་གང་སུ་དག་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་མིའི་ཁ་དོག་ལས་འདས་པར་འགྱུར་བ་ཡིན།། སེམས་ཅན་དེ་དག་ཐམས་ཅད་གཟུགས་བཟང་ཞིང་མཛེས་པར་གྱུར་པ་ཡིན་ནོ།། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བའི་མཚན་ཉན་པ་དེ་དག་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱི་གཟུགས་བཟང་པོར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་གསུམ་ན། འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་མཆོག་མཛད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་མཆོག་མཛད་དེརཱི་མཚན་ཉན་པར་འགྱུར་བ་དང་། དད་པའང་སྐྱེད་པར་འགྱུར་བ་ནི་ལྷ་དང་།། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོག་ཏུ་འགྱུར་རོ།། བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་གི་ཐ་མ་ན། འཇིག་རྟེན་གྱི་ཁྱམས་གཡུལ་ལས་རྣམ་པར་རྒྱལ་ཏེ་རྒལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་མང་པོའི་བླ་མའི་མཚན་ལྷ་འམ། ཀླུའམ། གནོད་སྦྱིན་ནམ། མི་འམ། མི་མ་ཡིན་པས་ཉན་པར་འགྱུར་བང་ཉིད་དེ་དག་ཐམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། ། དེ་དག་གིས་བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། གང་དག་མཚན་འདི་ལ་དད་པར་མི་བྱེད་པ་དེ་དག་ནི། བསྐལ་པ་ཉི་ཤུ་དང་ལོ་སྟོང་དུ་དམྱལ་བར་བཙོ་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་ལྔ་སྟོང་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེསྣ་བདུན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་དཱའི་སྡེ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་རབ་ཏུ་བང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདུས་ལ་ཉིན་རེ་ཞིང་སྦྱིན་པ་ཕུལ་ལ། དེ་བཞིན་དུ་བསྐལ་པ་གཱངྒཱའི་ཀླུང་གི་བྱ་མ་སྙད་དང་མཉམ་པར་སྦྱིན་པ་ཕུལ་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་རིན་པོ་ན་འདི་ཡོངས་སུ་བཏང་བའདྲིས། དེ་བཞིན་གཤེགས་པ་པདྨའི་སྔ་དེའི་མཚན་ཐོས་པར་གྱུར་ཅིག་སྙམ་སྟེ། གང་སངས་རྒྱས་མཐོང་བ་དེ་དག་གིས་ཐོས་པར་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་ནི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ལས་ངེས་པར་བྱུང་སྟེ། གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་དང་། དད་པའོང་སྐྱེད་པར་འགྱུར་བ་དེ་དག་ནི། པདྨ་ཆུ་ལས་བྱུང་བ་བཞིན་ཁམས་གསུམ་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན། འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དབྱང་ཞེས་བྱ་བ་བཞུགས་ཏེ། གང་དག་ཤཱ་རིའི་བུ་དེ་ཡིད་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་པདྨོའི་དབྱངས་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་པ་པདྨ་ལ་བཞུགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས། ཀྱེ་མ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དབྱངས་བྱུང་ངོ་ཞེས་སྒྲར་བསྒྲགས་སོ། ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་པདྨོའི་དབྱངས་ཀྱི་མཚན་ཉན་པ་དང་། དད་པ་སྐུད་པར་འགྱུར། བ་དང་། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་རས། དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྨྲ་ན། མཚམས་མེད་པ་ལས་བྱུང་བ་དང་། འཕགས་པ་ལ་སྐུར་པ་འདབས་པ་མ་ག་ཏོགས་པར་དེ་དག་ཐམས་ཅད་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན། འཇིག་རྟེན་གྱི་ཁམས་མཐུ་བོ་ཆེ་དང་ལྡན་པའི་ས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སདྲ་ནཱ་རིན་ཆེན་མང་ཞེས་བྱ་བ་བཞུགས་ཏེ། ཅིའི་ཕྱིར་རིན་ཆེན་མང་ཞེས་བྱ་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའི་ཤིན་ཏུ་མང་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་མང་བ་མ་ཡིན་ལ། ཉིན་རེ་ཞིང་ཡང་དེའི་བསྟན་པ་ཚད་མེད་པ་འབྱུང་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ། རིན་ཆེན་མང་ཞེས་བྱའོ།། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། དེ་བཞིན་གཤེགས་པ་རིན་ཆེན་མང་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་རྗོད་པར་བྱེད་ན། དེ་དག་ནི་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་སྤོང་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ད་ནི་གཡོག་རིན་པོ་ཆེ་དང་ལྡན་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤུ་ན། འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་ང་རོ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གྲང་དག་དེ་བཞིན་གཤེགས་པ་སང་གེའི་ང་རོའི་མཚན་ཞན་པ་དང་། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངསྭ་རྒྱས་སེང་གེའི་ང་རོ་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་རྗོད་པར་བྱེད་ན། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར་འཇིག་རྟེན་གསུམ་ཟིལ་གྱིས་མནན་ནས། སང་གེའི་སྒྲར་སྒྲོགས་སོ།། བསྐལ་པ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན། འཇིག་རྟེན་གྱི་ཁམས་དཀོན་པ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་སེང་གེའི་དབྱངས་ལ་རྗེས་སུ་དྲན་པར་བྱེད་ཅིང་། ཐ་ན་ནམ་མཁའ་ལཱའང་མེ་ཏོག་གིས་འཐོར་བ་དང་། གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་བཙུགས་ནས། སྦྱིན་པ་ཡོངས་སུ་གཏོང་བས། དེ་བཞིན་གཤེགས་པ་དེ་ལ་མཆོད་པར་གྱུར་ཅིག་ཅེས་མོས་པ་ཝཱ་ཊི་སྨོས་ཏེ། དེ་དག་ཐམས་ཅད་འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་རོ།། གསུང་དབྱངས་དེ་ཐོས་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཀྱི་གསུང་དབྱངས་སོ།། སངས་རྒྱས་ཞིང་སྟོང་ཕྲག་བཅཝོ་ལྡན། འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བོའོ་སྡེ་ཞེས་བྱ་བ་བཞུགས་ཏེ་ཤཱ་རིའི་དུ་གང་དེ་བཞིན་གཤེགས་པ་དཔའ་བོའི་སྡེའི་མཚན་ཉན་པ་དང་། དད་པ་སྐྱེད་པར་འགྱུར་བ་དང་། ལྷག་པའི་བསམ་པས་འཛིན་རྟེན་གྱི་ཁམས་མྱ་ངན་མེད་པ་ལའང་མོས་པར་བྱེད་པ་དང་། དེ་བཞིན་གཤེགས་པ་དེ་ལ་ལྷག་པའི་བསམ་པས་སེམས་སྐྱེད་པ་ཙམ་ཡང་དད་པ་སྐྱེད་ན། དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཆོས་སྟོན་པ་མཐོང་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལོམ་གྱིས་ཏེ། འཇིག་རྟེན་གཞན་དུ་བྱང་ཆུབ་ཐོབ་པའི་མིང་ཐོས་ནས། དེ་ནས་ཤི་འཕྲོས་ནས་དེ་དག་གིས་སངས་རྒྱས་ཀྱི་ཞིང་དུ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏིང་པར་གྱུར་ཏོ།། གང་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ནས། དད་པ་མི་བྱེད་ཅིང་སྤོང་བ་དང་རྣ་བ་བླགས་ཏེ་ཉན་པར་མི་བྱེད་པ་དེ་དག་ནི། ལོ་བྱེ་སྙེད་དུ་སེམས་ཅན་དམྱལ་བའི་ལས་ཡོངས་སུ་གཟུང་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུའི་ཐ་མ་ན། འཇིག་རྟེན་གྱི་ཁམས་འཇམ་དབྱངས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པར་བླངས་པ་ཐམས་ཅད་ལས་རྒལ་བ་ཐེ་ཙོམ་གཅོད་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་ཡང་དག་པར་དྲངས་པ་ཐམས་ཅད་ལས་རྒལ་བ་ཐེ་ཙོམ་གཅོད་པ་དེའི་མཚན་ཉན་པ་དང་། དད་པ་སྐྱེད་པར་འགྱུར་བ་དང་། མོས་པར་བྱེད་པ་དེ་དག་ནི་གང་ཡང་དག་པརུ་བླངས་ནས་ཚིག་ཏུ་སྨྲ་བ་དེ་ལ་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པར་འགྱུར་རོ། ། བདུད་ཐམས་ཅད་དང་ཕྲ་རོལ་རྒོལ་བ་ཐམས་ཅད་བཏུལ་ནས་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅཝོ་བརྒྱད་ན། འཇིག་རྟེན་གྱི་ཁམས་མེ་ཏོག་གི་དྲིས་བསྒོས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་རིན་པོ་ཆེ་དང་མ་ལྟ་བུ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་འཁོར་རིན་པོ་ཆེ་དང་མེ་ལྟ་བུ་དེའི་མཚན་ཉན་པ་དང་། མཚན་ཐོས་མ་ཐག་ཏུ་དད་པ་སྐྱེད་པར་འགྱུར་བ་དེ་དག་ཐམས་ཅད་འཁོར་རིན་པོ་ཆེ་དང་མེ་ལྟ་བུར་འགྱུར་ཞིང་། འཇིག་རྟེན་ལའང་ཆོས་ཀྱི་འཁོར་ལོ་མྱུར་དུ་སྐོར་བར་འགྱུར་རོ། ། དེ་ལྟར་ན་སངས་རྒྱས་རྣམས་ལ་དད་པ་འདི་ནི་རྫུ་འཕྲུལ་ཆེ་སྟེ། དེ་དག་ཉན་ཐོས་ཀྱི་ཐེག་པས་སམ། རང་སངས་རྒྱས་ཀྱི་ཐེག་པས་སམ། བླ་ན་མེང་པའི་ཐེག་པ་ཆེན་པོས་ཀྱང་རུང་། བསོད་ནམས་ཀྱི་ཕུང་པོ་ཇི་ལྟར་བསྔོས་པ་དེ་ལྟར་འགྲུབ་སྟེ། དེ་ལ་གང་དག་ཤེས་རབ་རྒྱ་ཆེ་བ་དེ་དག་ནི་སངས་རྒྱས་སུ་འགྲུབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་ཟླ། ན་མེད་པ་ཡོངས་སུ་འཛིན་ཏོ།། མོས་པ་དམན་པའི་ཤེས་རབ་ཅན་དག་ནི་སངས་རྒྱས་སུ་འགྲུབ་པ་ཚད་མེད་པ་དེ་ལྟ་བུ་པྲ་ཏང་སྟེ། དེའི་འབྲས་བུ་འགྲུབ་པར་བྱ་བའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་འཛིན་ཏོ། ། ག་ཏཱར་ཆེན་པོ་དེ་ལྟ་བུ་རཱད་ནས་སར་སྣ་མི་སྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ལ་མོས་པར་བྱས་ནསྲ། བླ་ན་མང་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་། ། བསོད་ནམས་དེ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཡོངས་སུ་བསྔོ་བ་འདི་ངོ་མཚར་དུ་རིག་པར་གྱིས་ཤིག། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་དེའམ། སངས་རྒྱས་གཞན་རྣམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པ་ལས་དང་པར་མི་བྱེད། དེ་དག་ཐམས་ཅད་ལོ་སྟོང་ཕྲག་བཞི་བཅུར་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་པོར་གནས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུའི་ཐ་མ་ན། འཇིག་རྟེན་གྱི་ཁམས་དགའ་བ་དང་བཅས་པར་སྐྱེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མང་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཙམ་གྱིས་གང་དག་དགའ་དྭ་རབ་ཏུ་རྙེད་པ་དེ་དག་ཐམས་ཅད་ཉེ་བའི་ཉོན་མོངས་པས་མི་གོས་ཤིང་མྱ་ངན་མེད་པར་འགྱུར་རོ། བྱང་ཆུབ་རྗེས་སུ་ཐོབ་ནས་སེམས་ཅན་མང་པོའང་མྱ་ངན་མེད་པར་བྱེད་དོ།། དེ་བཞིན་གཤེགས་པ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུ་། དེ་ལ་དད་པར་བྱེད་པའི་སེམས་ཅན་དེ་དག་ནི་འཇིག་རྟེན་ཐམས་ཅད་ཀྱི་མཆོག་ངོ་མཚར་དུ་གྱུར་པ་སྟེ། དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དངག་ཏུ་མེད་པ་ཡོངས་སུ་གཟུང་བར་འགྱུར་རོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བུར་མི་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་བཞིན། འཇིག་རྟེན་གྱི་ཁམས་འཚོ་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་དཀའ་ལྡན་ཞེས་བྱ་བ་བཞུགས་ཏེ། ཤྭ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དམ་པའི་དཀའ་ལྡན་དེའི་མཚན་ཉན་ཅིང་ཐོས་ནས་ཀྱང་དཀའ་བ་དང་རབ་ཏུ་དགའ་བ་ཆེན་པོ་ཐོབ་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ན་དེ་བཞིན་གཤེགས་པ་དམ་པའི་དགའ་ལྡན་དེ་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་སྨྲ་བ་དེ་དག་ཐམས་ཅད་ཐེག་པ་དམ་པ་འཐོབ་པར་འགྱུར་རོ། ། སེམས་ཅན་མང་པོའི་དོན་ཀྱང་བྱེད་པར་འགྱུར་རོ།། དེ་དག་ལ་ལོག་པ་ལྟུང་བ་འཇིགས་པ་མི་འབྱུང་ངོ་། ། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ན། འཇིག་རྟེན་གྱི་ཁམས་ཟླ་བར་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དབང་པོའི་འབྱུང་གནས་ཀྱི་མཚན་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཉན་པ་དེ་དག་ཀྱང་བསོད་ནམས་ཀྱི་ཕུང་ངོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། ། མཚན་ཇི་ཙམ་དུ་བསྒྲགས་པ་ལ་ལྷ་འམ།། གླུ་འམ། གནོད་སྦྱིན་ནར། མི་འམ།། མི་མ་ཡིན་པ་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཡེ་ཤེས་ཆེན་པོ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་བྱེ་བ་དེ་རྒྱ་སྟོང་ཕྲག་གཉིས་ནོ། ། འཇིག་རྟེན་གྱི་ཁམས་སིལ་སྙན་ཐམས་ཅད་ཀུན་ནས་མཐོང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་ཚད་མེད་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དབྱངས་ཚད་མེད་ཀྱི་མཚན་ཉན་ཅིང་། བདག་གི་དགེ་བའི་རྩ་བ་འདིས་ཡེ་ཤེས་དམ་པ་དེ་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་སེམས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དགུ་བར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། ། འདི་ལ་དང་པྲཪྻ་མི་བྱེད་པ་དེ་དག་སངས་རྒྱས་ལ་མི་མཉེས་པར་བྱེད་པའི་རྣམ་པར་སྨིན་པ་སེམས་ཅན་དམྱལ་བ་ན་གནས་པའི་ལས་བྱས་པར་འགྱུར་རོ། ། འཇིག་རྟེན་གྱི་ཁམས་དེ་ཅིའི་ཕྱིར་སི་ལ་སྙུན་ཐམས་ཅད་ཀུནྡ་ནས་མ་ཐོ་བ་ཞེས་བྱ་ཞེ་ན། ཤཱ་རིའི་བུ་ད་བཞིན་གཤེགས་པ་དབྱངས་ཚད་མེད་དེ་དགའ་ལྡན་གྱི་གནས་ནས་འཆི་འཕོ་བ་ནསྭ། མྱ་ངན་ལས་འདའ་བ་ཆེན་པོའི་བར་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་མི་རྣམས་ཀྱིས་སིལ་སྙན་དེ་དག་རབ་ཏུ་དཀྲོལ་ཅིང་བླངས་སོ། ། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སིལ་སྙན་ཐམས་ཅད་ཀུན་ནས་མཐོ་བ་ཞེས་བྱའོ། ། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་དབྱངས་ཚད་མེད་ཅེས་བྱ་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དབྱངས་ཚད་མེད་དེ་ཆོས་སྟོན་པ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་ཉི་ཤུ་སྙེད་དུ་དབྱངས་ཀྱིས་གོ་བར་མཛད་པས་ན། དེ་བཞིན་གཤེགས་པ་དེ་དབྱངས་ཚད་མེད་པ་ཞེས་བྱའོ།། སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་སུམ་བརྒྱའི་ཐ་མ་ན། འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བའི་འོད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མ་མཛད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་མར་མཱ་མཛད་དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཀུན་ཏུ་འོད་ཀྱི་སྣང་བས་ཁྱབ་པས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་མར་མེ་མཛད་ཅེས་བྱའོ།། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ནས་དད་པ་སྐྱེད་པ་དང་། དཀའ་བ་དང་། རབ་ཏུ་དགའ་བ་རྒྱ་ཆེན་པོ་རྙེད་ཅིང་འབྱུང་བ་ལ་གཡོ་དང་ལྡན་པར་མི་འགྱུར་རོ།། དེ་དག་ཐམས་ཅད་འོད་དེ་ཐོབ་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ཅུའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྣང་བ་དེའི་མཚན་ཉན་པ་དང་། ཐོས་ནས་ཀྱང་དད་པ་སྐྱེད་པར་འགྱུར་པ་དང་། ལྷག་པའི་བསམ་པས་དད་པར་འགྱུར་བ་དེ་དག་ཐམས་ཅད་རིན་པོ་ཆེ་ལྟ་བུར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་དང་། སངས་རྒྱས་བཅོམ་ལྡན་འདས་དང་མི་འབྲལ་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའི་སྡུད་པ་སྤྱོད་པ་ན། བསྐལ་པ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། དེ་བས་ན་ཤཱ་རིའི་བུ་དེ་བཞིར་གཤེགས་པ་དང་ཐེག་ཆེན་པོ་ལ་ཞུགས་པ་སྐྱེས་པ་ཆེན་པོ་རྣམས་ལ་ཐ་བའི་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དང་ཐེག་པ་ཆེན་པོ་ལ་ཞུགས་པའི་སྐྱེས་བུ་ཆེན་པོ་སྲས་མཐུ་བོ་རྣམས་ལ་ཡིད་མི་ཆེས་པ་སྐྱེས་པ་དེ་དག་གི་ངེས་པ་ལ་ཞུགས་པ་དང་། མེ་ཏོག་གི་ཚོགས་ལ་མོས་པ་མ་གཏོགས་པར་སངས་རྒྱས་ཀྱི་བྱང་ཆུབ་བར་གྱུར་ཀྱང་རིང་དུ་བྱེད་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་སེམསད་པའ་ཆེན་པོའི་ཐད་དུ་འགྲོ་བར་མི་བྱ་སྟེ། སྐྱེས་བུ་དམ་པ་དེ་དག་ལ་གནོད་སེམས་སྐྱེད་པ་དེ་དག་ནི་ལོ་བྱེ་བར་དམྱལ་བ་ཆེན་པོའི་སྡུག་བསྔལ་ཡོངས་སུ་འཛིན་པར་འགྱུར་རོ། ། དུད་འགྲོའི་སྐྱེ་ཀ་ནས་སུ་གྱུར་པ་ལའང་ག་ནོད་སེམས་མི་སྐྱོད་དོ་ཞེས་གསུངས་ན། སྐྱེས་བུ་དམ་པ་དེ་དག་ལྟ་ལ་ཅི་སྨོས་ཤཱ་རིའི་བུ་གང་དག་སྐྱེས་བུ་ཆེན་པོ་དེ་དག་མེ་ཏོག་གི་ཚོགས་ལ་མོས་པ་དེ་དག་གནོད་པར་བྱེད་པ་དང་། ཡིད་མི་ཆེས་པ་སྐྱེད་པ་དང་། འཁྲུག་པར་བྱེད་པ་དང་། བརྙས་པ་བྱེད་པ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བའི་ལས་ཤིན་ཏུ་མི་བཟད་པ་ཡོངས་སུ་འཛིན་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འཇིག་རྟེན་དུ་འབྱུང་བ་རབ་ཏུ་རྙེད་པར་དཀའ་འོ།། དེ་བས་ན་གང་དག་ཡང་དག་པར་བླངས་པ་ལ་བརྟེན་ཅིང་། བྱང་ཆུབ་ཏུ་སེམས་ནབསྐྱེད་ནས། ཞུམ་པར་མི་བྱེད་ལ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་གཉེར་བ་རྣམས་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱེད་པ་དེ་དག་ནི། ཨུ་དུམ་ཝ་རའི་མེ་ཏོག། དཔའ་དྲའོ་ཞེས་ངས་བཤད་དོ།། ཤཱ་རིའི་བུ་དེ་དག་ལ་སོགས་པ་ཚད་མེད་གྲངས་མེད་པའི་སདྲས་རྒྱས་བཅོམ་ལྡན་འདས་རྣམས་ལྷོ་ཕྱོགས་ན་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་ཆོས་ཀྱང་སྟོན་པའི་ཕྱོགས་དེ་ལོགས་སུ་ཡན་ལག་ལྔས་ཕྱག་བྱས་ཏེ། མཆོད་ལ་མིང་ཇི་སྐད་དུ་བསྟན་པ་ཉན་ཅིང་ཡོན་ཏན་ཡོངས་སུ་བསྒྲགས་པ་ཡིད་ལ་བྱས་ན། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། ། ནུབ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་གི་ཐ་མ་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་ཚད་པག་མེད་དེའི་མཚན་ཐོས་པ་ཙམ་གྱིས་དགའ་བ་ཆེན་པོ་སྐྱེད་པ་དང་། རྣམ་པ་བརྒྱ་སྟོང་དུ་ཡང་དག་པར་འགྱུར་བ་དེ་དགྲ་ཐམས་ཅད་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ།། དེ་དག་ལ་ལོག་པར་ལྟུང་བའི་འཇིགས་པ་མི་འབྱུང་སྟེ། དེ་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། གང་དག་རྒྱུན་དུ་ཡིད་ལ་བྱེད་པ་དེ་དག་ནི་འཆི་བའི་ཚེ་དེ་བཞིན་གཤེགས་པ་འོད་དཔག་མེད་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་མདུན་ན་བཞུགས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དེ་ནི་སེམས་ཅན་རྣམས་ལ་ཕན་པར་དགོངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་ཀྱང་། སེམས་ཅན་རྣམས་ལ་བདུད་སྡིག་ཅན་གྱིས་བཱར་ཆད་བྱེད་པར་འགྱུར་ཞེས་ནས། ཀུན་ནས་བསྲུང་བ་མཛད་དེ། དེ་ནས་ཤི་འཕྲོས་པ་དང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་བྱ་དེས་འདུག་བྱང་ཆུབ་རྡོབ་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་སྐྱེ་བ་ཐེག་པ་ཆེན་པོ་ལ་ཐས་པ་དེ་དག་གི་བསམ་པ་ཐམས་ཅད་བདག་གིས་བསྐང་བར་བྱ་སྟེ། དེ་ནི་གང་ལ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བྱང་ཆུབ་བྱེད་པ་གང་ཅི་ཡོད་པའོ།། ཉན་ཐོས་ཀྱི་ཐེག་པ་ཅན་གང་དག་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བ་དེ་ཉིད་དུ་དགྲ་བཅོམ་པར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟར་བཏབ་བོ། ། ཤཱ་རིའི་བུ་རིགས་ཀྱི་བུ་བླམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཕྱི་མའི་དུས་ན། འོད་དཔ་ཀ་མེད་ཀྱི་ཡོད་ཏན་བརྗོད་པ་ལ་དད་པར་བྱེད་པ་དང་། ལྷག་པའི་བསམ་པས་དགའ་བ་སྐྱེད་པ་དང་། དེ་བཞིན་གཤེགས་པ་དེ་ལ་ལྷག་པའི་བསམ་པས་རངས་པར་བྱེད་པ་ནི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་ཏེ། དེ་ན་གནས་པ་རྣམས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་། དེ་དག་ཇི་ལྟར་བརྗོད་པ་བཞིན་བྱང་ཆུབ་ཏུ་པར་འགྱུར་རོ། ། དེ་བཞིན་གཤེགསོ་པ་འདུས་པ་དེའང་མཐོང་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་སྐྱེས་པ་དེ་དག་མཐོང་བར་འགྱུར་རོ།། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པ་དེ་ལ་ཡིད་ཆེས་པར་མི་བྱེད་པ་དང་། འཕྱ་བ་དང་སྤོང་བར་འགྱུར་པ་དེ་དག་ནི་བསྐལ་པ་ལྔར་སེམས་ནྡན་དམྱལ་བའི་ལས་ཡོངས་སུ་གཟུང་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་གི་ཐ་མ་ན། འཇིག་རྟེན་གྱི་ཁམས་བདུད་ཐམས་ཅད་རབ་ཏུ་བཅོམ་པ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བ་མངའ་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་དུ་གང་དག་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་མངའ་བ་དེའི་མཚན་ཉན་པར་འགྱུར་བ་དེ་དག་ནི་བདུད་ཀྱི་ཞགས་པ་ཐམས་ཅད་གཅད་པར་འགྱུར་རོ། ། བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ན། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བའི་དབྱངས་ཞེས་བྱ་བ་བཞུགས་ཏེ། གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་དེ་དག་ནི་སྒྲ་དབྱངས་ཐམས་ཅད་ཀྱིས་སྨྲ་བ་དང་ལྡན་པར་འགྱུར། བདུད་སྡིག་ཅན་ཡང་རྒྱང་རིང་པོར་ཡོངས་སུ་སློང་བར་འགྱུར་རོ། ། དེ་དག་བསྐུལ་པ་བརྒྱད་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཆོས་འགའ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ། མཱ་ཕ་མ་པ་ཡོད་དོ།། བྱང་ཕྱོགས་ཀྱི་ལོགས་ན་འཇིག་རྟེན་གྱི་ཁམས་དཔལ་བརྩེགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། མ་ཕམ་པ་གང་དག་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོའི་མཚན་ཉན་པར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། བསྐལ་པ་བྱ་བ་ཚང་བར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། མ་ཕམ་པ་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོའི་མཚན་ཉན་པ་ནི། སངས་རྒྱས་ལྔ་བཅུའི་དྲུང་དུ་སྤད་པ་ཡིན་ཏེ། དེ་ནས་ཤི་འཕོས་ནས་ཀྱང་། ནམ་དུའང་རྫུ་འཕྲུལ་དང་བྲལ་བར་མི་འགྱུར།། མྱ་ངན་ལས་ཡོངས་སུ་མ་འདས་ཀྱི་བར་དུ་ལྷའི་རྣ་བ་དང་ནམས་ཀྱང་འབྲལ་བར་མི་འགྱུར། ནམ་དུའང་གཟུགས་ཕུན་སུམ་ཚོགས་པ་དང་བྲལ་བར་མི་འགྱུར། ནཱམ་དུའང་གསད་པ་དང་། བཅིང་བར་མི་འགྱུར། རྣ་བའི་ནང་མི་འབྱུང་། སྣ་ནད་མི་འབྱུང་། ལྕེ་ནད་མི་འབྱུང་། ལུས་ཀྱི་ནད་མི་འབྱུང་སྟེ། མྱ་ངན་ལས་མ་འདས་ཀྱི་བར་དུ་དེ་དག་ནམ་དུའང་འཇིག་རྟེན་གྱི་ཁམས་སངས་རྒྱས་མེད་པ་དང་།། སངས་རྒྱས་འབྱུང་བ་དང་བྲལ་བར་མི་སྐྱེ་སྟེ། ནམ་དུའང་ཆོས་དང་འབྲལ་བར་མི་འགྱུར། ནམ་དུའང་མི་ཁོམ་པར་སྐྱེ་བར་མི་འགྱུར། ནམ་དུའང་བསླབ་པ་དང་བྲལ་བར་མི་འགྱུར། ནམ་དུའང་དྲན་པ་དང་བྲལ་བར་མི་འགྱུར། མྱ་ངན་ལས་མ་འདས་ཀྱི་བར་དུ་ནམ་དུའང་ཡེ་ཤེས་དང་བྲལ་བར་མི་འགྱུར་རོ།། མ་ཕམ་པ་གང་དེ་བཞིན་གཤེགས་པའི་མཚན་ཉན་པར་འགྱུར་བ་དང་། ངའི་ཐམས་ཅད་མཁྱེན་པ་ཉིད་ལའང་ཡིད་ཆེས་ཤིང་མོས་དང་། མངོན་པར་དད་པ་དེ་དག་ཐམས་ཅད་གནས་ཡོངས་སུ་གཟུང་བར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་མཆོག་དང་། དམ་པ་དང་། རབ་མཆོ་དང་། བླ་ན་མེད་པར་ཡང་འགྱུར་རོ།། དེ་བས་ན་གནས་ཐམས་ཅད་ཡོངས་སུ་འཛིན་པར་འདོད་པ་དང་། འཇིག་རྟེན་ཐམས་ཅད་ལས་མཆོག་ཏུ་གྱུར་པར་གནས་པར་འདོད་པ་དང་། དམ་པ་དང་། རབ་མཆོག་ཏུ་གྱུར་པར་གནས་པར་འདོད་པ་དེས། དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ཀྱིས་ཆོག་ཏུ་གྱུར་པའི་མཚན་ཉན་པར་བྱའོ།། ཐོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱའོ། ། དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བཞུགས་པའི་འཇིག་རྟེན་གྱི་ཁམས་ང་ཇི་ཙམ་དུ་རིང་།། དེ་བཞིན་གཤེགས་པ་དེ་བྱུང་ནས་ཇི་སྲིད་ལགས། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། མ་ཕམ་པ་འདི་ལྟ་སྟེ། དཔག་ཚད་བརྒྱ་ཁོར་ཡུག་ཏུ་བྱེ་མའི་ཕུང་པོར་གྱུར་པ་དེ་ལས་བྱེ་མའི་འབྲུ་རེ་རེ་བླངས་ཏེ། སངས་རྒྱས་ཀྱི་ཞིང་རེ་རེ་ར་བཞག་པ་རྣམ་གྲངས་དེས་བྱེ་མ་དེ་དག་ཐམས་ཅད་རྣམ་པར་བྱ་ལ། འཇིག་རྟེན་གྱི་ཁམས་གང་དུ་བྱེ་མ་བཞག་པ་ཇི་སྙེད་ཡོད་པ་ཐམས་ཅད་བྱ་མས་ཡོངས་སུ་གང་བར་གྱུར་ཏུ། འཇིག་རྟེན་གྱི་ཁམས་བྱེ་མས་གང་བ་དེ་དག་གིས་བྱ་མའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་བས་ཆེས་མང། ཞིང་ཆེས་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དཔལ་གྱི་སྙིང་པོ་བརྩེགས་པ་ཞེས་བྱ་བ་ཡོད་དེ། ངན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་དེ་བཞུགས་ཏེ། འཚོ་ཞིང་གཞེས་པ་ཆོས་ཀྱང་སྟོན་ཏོ།། མ་ཕམ་པ་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་དེ། མངོན་པར་རྫོགས་པར་སངས་རྒྱསུ་ན?་ས་བསྐལ་པར་ལོན་ཏེ། མ་ཕམ་པ་དེ་བཞིན་གཤེགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། འཇིག་རྟེན་གྱི་ཁམས་དེའང་གད་ན་འདི་ཉིད་ལ་འདུག་བཞིན་དུ་ངས་ལྷན་ཅིག་སྐྱེས་པའི་ཤའི་མིག་གིས་མཐོང་ངོ་།། དེ་བཞིན་གཤེགས་པ་དེས་ཀྱང་འཇིག་རྟེན་གྱི་ཁམས་དེ་ན། གདན་ལ་བཞུགས་བཞིན་དུ་ལྷན་ཅིག་སྐྱེས་པའི་ཤའི་སྤྱན་གྱིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དང་། ང་དང་། འཁོར་དུ་བཅས་པ་གཟིགས་སོ།། མ་ཕམ་པ་གང་དེ་བཞིན་གཤེགས་པའི་ལྷན་ཅིག་སྨྲས་པའི་ཤའི་སྨན་འདི་ལ་ཡིད་ཆེས་པ་དང་། མོས་པར་བྱེད་པ་དང་། མངོན་པར་དད་པར་བྱེད་པ་དང་། ངའི་ཐམས་ཅད་མཁྱེན་པ་ཉིད་ལའང་དད་པར་བྱེད་པ་དང་། མངོན་པར་དད་པར་བྱེད་པ་དང་།། ། བཞིན་གཤེགས་པ་དེའི་སྨོན་ལམ་གྱི་བྱིན་གྱི་རླབས་ཡོངས་སུ་རྫོགས་པ་ལ་ཡིད་ཆེས་པར་བྱེད་པ་དང་། མོས་པར་བྱེད་པ་དང་། ནེམ་ནུར་མི་བྱེད་པ་དང་། ཐེ་ཙོམ་མི་ཟ་བ་དེ་དག་གིས་འཇིག་རྟེན་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་ཆོས་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་རོ། ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་བས་ན་མ་ཕམ་པ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དེའི་མཚན་དང་། དེ་བཞིན་གཤེགས་པ་དེའི་སྨོན་ལམ་གྱི་བྱིན་གྱི་རླབས་མཉན་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མས་ཡོངས་སུ་གང་བ་ལས་ཀྱང་རྒལ་ཏེ་འགྲོ་བར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ། ། ཡང་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་གཅིག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། མ་ཕམ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་།། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གཅིག་པོ་ཡོད་དོ།། མ་ཕམ་པ་བྱང་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པ་ན།། འཇིག་རྟེན་གྱི་ཁམས་རྡོ་རྗེའི་སྙིང་པོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེས་རབ་ཏུ་འཇོམ་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། ། མ་ཕམ་པ་གང་དག་དེ་བཞིན་གཤེགས་པ་རྡོ་རྗེས་རབ་ཏུ་འཇོམ་པ་དེའི་མཚན་ཉན་པར་འགྱུར་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་མཐུ་ཆེའོ། ། མ་ཕམ་པ་ངས་མངོན་པར་ཤེས་ཏེ། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་མར་མེ་མཛད་ལས་དེ་བཞིན་གཤེགས་པདེའི་མཚན་ཐོས་ནས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། མ་ཕམ་པ་གལ་ཏེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལས། དེ་བཞིན་གཤེགས་པ་དེའི་མཚན་ཐོས་པར་མ་གྱུར་ན། ང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ།། རྡོ་རྗེ་རབ་ཏུ་འཇོམ་པ་ཞེས་བྱ་བའི་ཚིག་གི་དོན་ཇི་ལྟ་བུ་ཞེ་ན། མ་ཕམ་པ་འདི་ལྟ་སྟེ། དཔེར་ན་ནོར་བུ་འམ། རྡོ་བ་འམ། བོང་བ་འམ། གསེག་མ་འམ། གྱོ་མོ་འམ། སའང་རུང་རྡོ་རྗེས་བཅོམ་སྟེ་ནང་དུ། འགྲོ་བ་དེ་བཞིན་དུ། མ་ཕམ་པ་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་དང་། འདིའི་བྱིན་གྱི་རླབས་དང་། ངའི་ཐམས་ཅད་མཁྱེན་པ་ཉིད་ལ་དད་པར་འགྱུར་བ་དེ་དག་སོ་སོའི་སྐྱེ་བོའི་ས་དང་། རང་སངས་རྒྱས་ཀྱི་ས་ཐམས་ཅད་ཀྱང་། རྣམ་པར་གཏོར་ཅིང་རྣམ་པར་བཤིག། མངོན་པར་བཅོམ་ཞིང་བྲལ་ཏེ། ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ།། དེའི་ཕྱིར་དེའི་མིང་རྡོ་རྗེས་རབ་ཏུ་འཇོམ་པ་ཞེས་བྱ་སྟེ། དེ་ལྟར་སྨོན་ལམ་ཕུན་སུམ་ཚོགས་ཤིང་། དེ་བཞིན་གཤེགས་པ་དེ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་ནོ།། བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱ་བ་བརྒྱ་སྟོང་གི་ཐ་མ་ན། འཇིག་རྟེན་གྱི་ཁམས་ནོར་བུ་སྣང་བ་ཅན་ཞེས་བྱ་བ་ན།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེནཱ་མེ་ཞེས་བྱ་བ་བཞུགས་ཏེ། གང་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་ངེས་པ་ལ་ཞུགས་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེར་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་གང་ཡང་མེད་དེ། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མ་ལ་བསྙེན་བཀུར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུངས་སངས་རྒྱས་བཅོམ་ལྡན་འདས་ནི་མཐུ་བསམ་གྱིས་མི་ཁྱབ་པ་མང་བའོ། ། འོད་སྲུངས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ལྔ་བཅུ་རྩ་ལྔའི་ཐ་མ་ན། འཇིག་རྟེན་གྱི་ཁམས་ཨ་ཀ་རུའི་དྲི་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བ་བཞུགས་ཏེ། འོད་སྲུངས་གང་དེ་བཞིན་གཤེགས་པ་དེའི་མཚན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཐོས་ནས། སྐྱེ་བ་ལས་རྣམ་པར་ལོག་པའི་བྱིན་གྱི་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། དེ་ལ་གནས་ནས་གངྒཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་གྲངས་མེད་པ་རྣམས་མཐོང་བ་དང་། དེ་དག་གིས་བཤད་པ་ཀུན་འཛིན་པ་དང་། ཆོས་ཅི་འདྲ་བ་ཉན་ཅིང་སྨྲ་བར་འདོད་པ་དེ་འདྲ་རབ་ཏུ་ཐོས་ཤིང་སྨྲ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལམ་གྱི་སྟོབས་སྐྱེད་པ་ཡིན་ཏེ། གང་དག་གིས་བདག་གི་མིང་ཐོས་ན། དེས་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཅིག་ཅེས་དེའི་སྨོན་ལམ་དེ་ལྟར་བཏབ་བོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། འདི་ནས་སྟོང་ཕྲག་ལྔ་བཅུ་ན།། འཇིག་རྟེན་ཁམས་ནི་ལེགས་སྤྲུལ་པ། ། ཨ་ཀ་རུ་ཡི་དྲི་ཞེས་བྱ།། སྤོས་ངང་རྟག་ཏུ་ལྡང་བ་ན།། རིན་ཆེན་ཟླ་བ་དམ་པའི་འོད།། རྫོགས་པའི་སངས་རྒྱས་དེན་བཞུགས།། འཇིག་རྟེན་མགོན་པོ་སྐྱེད་པ་ཡི།། གང་གིས་དེ་ཡི་མཚན་ཐོས་པ། ། སྐྱེ་བ་གཅིག་གིས་ཐོགས་གྱུར་ཅིང་།། བྱིན་གྱིས་རློབས་ཞེས་བྱ་བ་ཡི།། ཏིང་འཛིན་དམ་པ་ཐོབ་པར་འགྱུར།། རྟག་པར་ཀུན་ཏུ་སྣང་བར་བྱེད།། ཏིང་འཛིན་འདི་ཐོབ་ནས་ནི། ། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར།། གཞལ་མེད་ཆོས་རྣམས་སྟོན་པ་ཡི།། འཇིག་རྟེན་འདྲེན་པ་རྣམས་ཀྱང་མཐོང་།། ཆོས་ཀུན་སྙིང་པོ་མེད་པར་ནི།། འཇིག་རྟེན་མགོན། པོས་རབ་ཏུ་བསྟན།། ཚིག་འདི་ཡང་དག་འཛིན་པ་རྣམས།། སེམས་ཅན་དག་ནི་དགེ་བ་བསྐྱེད།། ཁམས་གསུམ་དངོས་པོ་མད་པ་ཡང་།། དེ་ཡི་ཁམས་ལ་རྣམ་པར་ལྟ།། རློས་གང་མཚན་ཉིད་མེད་པ་ལ། ། དངོས་པོ་མེད་པར་ཡོངས་སུ་སྨྲ།། དངོས་པོ་དེ་ན་མ་རཱད་དེ།། དངོས་པོ་མེད་པའང་དེ་འདྲ་ཞིང་།། བདག་མེད་པས་ན་སྙིང་པོ་མེད།། ད་ལྟར་དེས་ནི་མྱོསུ་རྣམས་སྟོན།། ཆོས་གང་རབ་ཏུ་སྟོན་པ་ཡང་།། ད་ནི་བདེན་པ་བླ་མེད་དེ།། དེ་ཕྱིར་དེ་ཡི་ཡེ་ཤེས་འཇུག། མི་ཤེས་པ་ལའང་དེ་བཞིན་ནོ།། མི་ཤེས་པ་དང་ཡེ་ཤེས་དང་།། གཉིས་པོ་འདི་ནི་ཡོད་མ་ཡིན།། འདི་ལ་ཆོས་ཀྱི་རྣམ་བྱང་མེད།། ཉོན་མོངས་པ་ཡང་ཡོད་མ་ཡིན།། ཆོས་ཀུན་གཏནཱ་ལ་བབ་པ་ནི།། དེ་ལྟར་མགོན་པོ་རབ་ཏུ་སྟོན།། གནས་པ་མེད་པར་རབ་བཤད་ནས།། སངས་རྒྱས་གནས་བ་མེད་པར་འགྱུར། ། གང་ཚེ་བྱང་ཆུབ་འགྱུར་བ་ལ།། ཆོས་རྣམས་དེ་ཡིས་མི་རྙེད་ཅིང་།། བྱང་ཆུབ་སེམས་དཔའ་མི་གནས་པ།། དེ་ལྟར་མང་དུ་ཐོས་པ་ཡིན།། སྒྲ་དང་དོན་ཀྱང་མེད་པ་སྟེ།། མཁས་པ་དེ་ལ་མི་རྟོག་གོ།། མང་དུ་ཐོས་པ་དེ་རྒྱགས་ཤིང་།། འཇིག་རྟེན་དག་ན་མི་རྩོད་དོ།། འོད་སྲུངས་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུ་འདས་ནཱས། འཇིག་རྟེན་གྱི་ཁམས་རབ་ཏུ་དགའ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟོད་པ་དམ་པའི་དཔལ་ཞེས་བྱ་བ་བཞུགས་ཏེ། འོད་སྲུངས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཕྱིར་མི་ལྡོག་ཅིང་། སྐྱེ་བོ་ཐམས་ཅད་ལ་སྡུག་པར་འགྱུར་བ་དང་། འདུ་བར་འགྱུར་བ་དང་། ཚིགས་འཛིན་པར་འགྱུར་བའི་ལས་དེ་དག་གིས་ཡོངས་སུ་གཟུང་བར་འགྱུར་རོ། ། སྤོབས་པའང་ཟང་མོར་འགྱུར་རོ།། སེམས་ཅན་གང་དགལ་ཆོས་སྟོན་པ་དེ་དག་ཆོས་བསྟན་པ་དེ་ལ་མོས་པར་འགྱུར་རོ།། བུད་མེད་ཀྱིས་ཀྱང་ཐོས་ན། དེ་བུད་མེད་ཀྱི་དངོས་པོའི་ཐ་མར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སྟོང་ཕྲག་དག་ནི་དྲུག་ཅུར་ཡང་།། ཚང་ཞིང་ཆད་པ་མེད་པའི་ཞིང་།། རབ་ཏུ་དགའ་ཞེས་བྱ་བ་ཡི། ། འཇིག་རྟེན་ཁམས་ནི་ལེགས་པར་གནས།། དེ་ན་སངས་རྒྱས་བཞུགས་པ་ནི།། ཆོས་རྣམས་ཀུན་གྱི་ཕ་རོལ་བྱིན།། བཟང་མཆོག་དཔལ་ཞེས་བྱ་བ་ཡི།། འཇིག་རྟེན་མགོན་པོ་བླ་ན་མེད།། ལྷར་གྱུར་པ་ཡི་སྐྱོབ་པ་སྟེ།། དེ་ཡི་མཚན་ནི་ཐོས་ནས་སུ།། གང་དང་གང་དུ་སྐྱེས་པར་ཡང་།། སྡུག་ཅིང་ཡིད་དུ་འོང་བར་འགྱུར།། ཚིག་བཙུན་ཤེས་རབ་མཆོག་དང་ལྡན།། སྲོག་ཆགས་རྣམས་ལ་ཆོས་སྟོན་ཏེ། ། ཆོས་དེ་རབ་ཏུ་ཐོས་ནས་ཀྱང་།། དགའ་བ་དམ་པ་ཐོབ་པར་འགྱུར།། སངས་རྒྱས་དག་གི་མཚན་འདི་ནི།། བུད་མེད་དག་གིས་ཐོས་ན་ཡང་།། བུད་མེད་སྐྱེགན་འཇིགས་ཆེན་གྱི། ། སྐྱེ་གནས་ལས་ནི་ཡོངས་སུ་བར།། གང་ལ་འཇིག་རྟེན་མི་རྟོགས་པ།། ཟབ་ཅིང་ཤིན་ཏུ་མཁས་པ་དང་།། ཇི་ལྟར་དྲིན་མེད་ཀོ་འཕང་བཞིན།། དེ་ལྟ་བུ་ཡི་སེམས་སུ་འགྱུར།། ཇི་བཞིན་པ་དང་ཇི་བཞིན་མིན།། དེ་དག་གཉིས་ཀ་དངོས་པོ་མེད།། ཆོས་གང་སྐྱོ་བར་གྱུར་པ་ལ།། དེ་ལ་བརྗོད་པ་གང་ལ་ཡོད།། འོད་སྲུངས་འདི་ནས་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ཅུའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ལེགས་པར་འཇུག་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་ལ་བཞུད་པ་ཞེས་བྱ་བ་བཞུགས་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེའི་མཚན་ཐོས་ན། ཚེ་འཕོས་ནས། གཟུགས་བཟང་ཞིང་མཛེས་པ་དང་། སེམས་ཅན་རྣམས་ཀྱིས་མཐོང་ན་དགའ་བ་དང་། སྡུག་ཅིང་ཡིད་དུ་འོང་བར་འགྱུར་རོ། ། བསྐལ་པ་གྲངས་མེད་པ་རྗེས་སུ་དྲན་ཞིང་ཡང་དག་པར་ཇི་ལྟ་བཞིན་དུ་རབ་ཏུ་ཤེས་སོ།། འགྲོ་བ་ཐམས་ཅད་དང་སྒྲུ་བ་ཐམས་ཅད་དུ་བླ་ན་མེད་པའི་སྤོབས་པ་དང་ལྡན་པར་འགྱུར་ཞིང་། རྟག་ཏུ་རྒྱུན་མི་འཆད་པར་ཆོས་སྟོན་ཏོ།། དེའི་སྨོན་ལམ་དང་མིག་ཀྱང་རྣམ་པར་དག་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་སུ་བཅད་པ་འདི་དགེ་གསུངས་སོ།། སྟོང་ཟླཟ་དག་ནི་བརྒྱད་ཅུ་ཡི། ། སངས་རྒྱས་ཞིང་ནི་ཚང་བ་ན།། བདེ་བར་འཇུག་པའི་འཇིག་རྟེན་ཁམས།། དེ་ནི་ཤིན་ཏུ་བཟང་བསྟེ།། དེ་ནསངས་རྒྱས་བཞུགས་པ་ནི།། འཇིག་རྟེན་མགོན་པོ་བླ་མེད་པ། རིན་ཆེན་པདྨོ་བཞུད་ཅེས་བྱ།། འཇིག་རྟེན་མགོན་པོ་འོད་མཛད་པ།། དེ་ཡི་མཚན་ཀྱང་ཐོས་ནས་ནི།། དེ་ཡི་མིག་ནི་རྣམ་དག་ཅིང་།། གཟུགས་ཀྱང་ཤིན་ཏུ་བཟང་པོར་འགྱུར།། བལྟ་ན་སྡུག་པའང་དེ་བཞིན་ནོ། ། མཉམ་པར་བཞག་པའི་སངས་རྒྱས་ཀྱི།། ཉན་ཐོས་རྣམས་ཀྱང་གནས་པ་ཡིན།། རྣམ་པར་ཐར་པས་ཞི་བར་གྱུར།། དེ་ལ་འཇིག་རྟེན་རྟོགས་མི་འགྱུར།། ལོ་སྟོང་དུ་ཡང་ཚང་བ་དང་། ། ཏིང་ངེ་འཛིན་ལས་ལངས་ནས་ནི།། སངས་རྒྱས་དེ་ཡི་ཉན་ཐོས་རྣམས།། ཇི་ལྟར་གནས་པས་གནས་པར་བྱེད།། བཟང་མཆོག་སངས་རྒྱས་དེ་ཡི་མཚན།། ཐོས་ནས་དེ་འདྲ་དེ་ལྟར་འགྱུར།། དེ་ཡི་མཚན་དེ་འདིར་ཐོས་ནས།། དེ་དག་བསྐལ་པ་གྲངས་མེད་པར།། ཡོན་ཏན་རྗེས་སུ་མྱོང་བར་འགྱུར།། དེ་ཚེ་དཔའ་བས་ཡོན་ཏན་ཤེས།། སྤོབས་པ་ཕུན་སུམ་ཚོགས་པ་ཡིས།། མདོ་སྡེ་ཤིན་ཏུ་བཟང་པོ་རྣམས། ། མ་ཆགས་ཐོགས་པ་མེད་པའི་ཚིག། སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ།། ཡང་འོད་སྲུངས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཉན་པ་དང་། འོད་སྲུངས་བུད་མེད་ཀྱིས་དེ་བཞིན་གཤེགས་པའི་མཚན་ཐོས་ན། བུད་མེད་ཀྱི་དངོས་པ་ལས་འགྱུར་བ་ངས་སྔར་བཤོད་པ་དང་ཛྲ་བས་རེ་ཞིག་བཞག་གོ། ། ཇི་ལྟར་ཡོན་ཏན་བྱེད་བྲག་མེད་པར་བཤད་པ་དེ་དག་ཐམས་ཅད་ཀྱི་གོ་སྐབས་སུ་འགྱུར་ཏེ། མཚན་འདི་དག་ཐོས་ན། ཡོན་ཏན་གྱི་ཁྱད་པར་ཇི་སྐད་དུ་བཤད་པ་རྣམས་འཛིན་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་སུ་བཅད་པ་དེ་དག་གསུངས་སོ།། འདོད་པའི་སྲེད་པ་ཆད་པ་དང་།། ཀུན་ཏུ་སྦྱར་བཟང་པ་ཡི།། སངས་རྒྱས་རྣམས་ཀྱི་མཚན་འདི་དག། ཉན་ཅིང་རྟོགས་པར་བྱེད་པ་ནི།། ཡོན་ཏན་ཁྱད་པར་ཤིན་ཏུ་མང་།། ཚེ་འཕྲོས་ཡོན་ཏན་འདི་དག་འབྱུང་།། འཇིག་རྟེན་མགོན་པོ་སྐྱོབ་པ་ཡི།། མཚན་རྣམས་ཐོས་པར་གྱུར་ནས་ནི།། བུད་མེད་སྨོན་ལམ་འདི་འདེབས་ན།། དེ་ཚེ་སྐྱེས་བུ་མཆོག་ཏུ་འགྱུར།། བུད་མེད་དངོས་པོ་འདིར་འདོད་པས།། འཇིག་རྟེན་མ་རུང་འགྱུར་བ་ཡི།། བུད་མེད་དངོས་པོ་རྣམ་པར་ལྡོག། མྱུར་དུ་སེམས་ཅན་རྣམས་ཀྱིས་ནི། ། བླ་མེད་དགེ་བའི་བཤོས་གཉེན་འགྱུར།། མི་གང་འདོད་པ་སྤོང་བ་ནི།། བསོད་ནམས་རྣམ་པ་མང་པོ་སྐྱེད།། བདག་ཉིད་དང་ནི་ཕ་རོལ་དག། དགེ་བ་ལ་ནི་འཛེག་བྱེད་པ།། སྡུག་བསྔལ་དག་ལས་ཡོངས་སུ་ཐར།། བུད་མེད་ཡང་དང་ཡང་དུ་ནི།། བུད་མེད་དངོས་པོ་སྤང་བ་དང་།། ཡོངས་སུ་ཐར་པར་འདོད་པ་ནི།། ཇི་ལྟར་གྲོང་ཁྱེར་དབུས་སུ་ཡང་།། དུག་གི་ཤིང་ཆེན་ཡོད་པ་ལས། ། དེ་ཡང་ཤིན་ཏུ་བཅད་གྱུར་ན།། སྲོག་ཆགས་རྣམས་ནི་བདེ་བར་འགྱུར།། དེ་བཞིན་དུག་གི་དངོས་པོ་ཡི།། བུད་མེད་དངོས་པོ་སྡིག་པ་ལ།། སྡིག་པ་དེ་ནི་རབ་སྤངས་ན།། སངས་རྒྱས་ལམ་ལ་རབ་ཏུ་གནས།། བདག་གི་དངོས་དང་སེམས་ཅན་དངོས།། འདི་དག་གཉིས་ཀ་མི་རྙེད་དེ།། གང་ལ་སྡོམ་པ་མི་རྙེད་པ།། དེ་ནི་བླ་ན་མེད་པའི་ལམ།། སྐྱེས་པ་འམ་ཡང་ན་བུད་མེད་ཀྱང་། ། དྲམ་པའི་དོན་དུ་ཡོད་མ་ཡིན།། གང་ལ་དངོས་པོ་མི་རྙེད་པ།། དེར་ནི་སྨོན་ལམ་སྦྱངས་པ་ཡིན།། སྨོནྡ་ལམ་དག་ནི་མེད་པ་ལ།། རྣམ་པར་ཤེས་པ་འབྱུང་པ་མེད། ། དེ་ནི་དམ་པའི་མཐའ་ཡིན་ཏེ།། དམིགས་པ་མེད་པ་ཉིད་དུ་འགྱུར།། བུད་མེད་དངོས་པོ་སེམས་ཀྱིས་བརྟགས།། སེམས་དེ་ཉིད་ཀྱང་མི་རྙེད་དེ།། སེམས་ཉིད་ད་ནི་མི་རྙེད་ན།། བླ་ན་མེད་པའི་སྨོན་ལ་མ་ཡིན།། བུད་མེད་དངོས་པོ་སྤང་བའི་ཕྱིར།། གང་སུ་མངོན་པར་བརྩོན་བྱེད་པ།། ཀུན་ཏུ་རྟོག་ལ་སྤྱོད་པ་སྟེ།། ཀུན་ནས་ལྡད་ལ་དེགནས་སོ།། བུད་མེད་དངོས་པོར་གང་བརྗོད་པ།། དངོས་པོ་དེ་ནི་ཡོད་མ་ཡིན། ། དེ་ལྟར་རབ་ཏུ་ཤེས་པ་ནི།། བསྟན་པ་དག་ལ་དེ་སྦྱོར་རོ།། སྦྱོར་བ་དང་ནི་མི་སྦྱོར་དང་།། དེ་དག་གཉིས་ཀ་ཅི་ཡང་མེད།། ཆོས་རྣམས་ཡོད་པ་མ་ཡིན་པ།། དེ་ནི་སྦྱོར་བ་ཞེས་ཀྱང་བྱ།། འཇིག་རྟེན་མགོན་པོ་སྐྱོབ་པ་ཡི།། མཚན་འདི་རབ་ཏུ་ཐོས་ནས་ནི།། སངས་རྒྱས་ཀུན་གྱི་དྲུང་དུ་ཡང་།། དགེ་བ་མང་པོ་སྐྱེད་པར་བྱེད།། ཐམས་ཅད་གཟིགས་ཀྱི་མཚན་ཀུན་དང་། ། དེ་ལྟ་བུ་ཡི་མིང་ཐོས་ནས།། གང་དང་གང་དུ་སྐྱེས་པར་ཡང་།། ཡོན་ཏན་འདི་དག་ཡོངས་སུ་འཛིན།། གང་ཉན་དེ་དགངས་མཐོང་སྟེ།། ལུང་ནོད་པ་ཡང་ངས་མཐོང་ངོ་། ། ངས་ནི་དེ་དག་མང་མཐོང་བ།། དེ་ལ་བད་དག་མ་མོས་ཤིང་།། འདི་ནི་སངས་རྒྱས་མ་བཤད་ཅེས།། དེ་སྐད་གང་སྨྲས་ངས་མཐོང་སྟེ། སངས་རྒྱས་ཆོས་རྣམས་སྤངས་ནས་སུ།། སེམས་ཅན་དམྱལ་བ་མང་པོར་འགྲོ།། འཇིག་རྟེན་གཉེན་གྱི་ཆོས་རྣམས་ནི།། རབ་ཏུ་སྤང་བ་བྱས་ནས་ཀྱང་།། སྡིག་པའི་ལས་རྣམས་བྱས་པས་ན། ། སྡིག་པའི་འགྲོ་བ་དག་ཏུ་འགྲོ།། གླེན་ཞིང་ལྐུགས་ལ་ཐུན་པ་དང་།། དབང་པོ་ཉམས་པའང་དེ་བཞིན་ཏེ།། བྱང་ཆུབ་སེམས་ནི་རྣམ་སྤངས་ནས།། དེ་དག་སེམས་ཀྱང་གཡེངས་པར་འགྱུར། ། དབང་ཐང་ཆུང་ཞིང་མདོག་ཀྱང་ངན།། གཟི་བརྗིད་ཉམས་ཤིང་ངལྟ་མི་སྡུག། སྡིག་པ་དམར་པའི་སྐུ་གནས་སུ།། མི་དེ་སྐྱེ་བར་འགྱུར་བ་ཡིན།། ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། ། བཤད་པའི་ཆོས་ནི་དེ་མི་ཤེས།། ཟད་མོ་ལ་ཡང་མི་འཇུག་སྟེ།། འབྲས་བུ་ཆོས་ཀྱིས་འཕོངས་པར་འགྱུརརོ།། ཆོས་ཀྱིས་འཕོངས་པ་ཐོས་ནས་ནི།། མི་དེ་ཤེས་རབ་འརལ་པར་འགྱུར། ། འཇིག་རྟེན་མགོན་པོ་འོད་མཛད་པ།། ཡེ་ཤེས་ཆེན་པོ་མི་མཉིས་བྱེད།། དགེ་སློང་རྣམས་དང་དེ་བཞིན་དུ།། དགེ་བསྙེན་རྣམ་ལ་བོ་བར་བྱ།། ཆོས་ལས་འགལ་བར་གྱུ་བྱེད་པ། ། འཕོངས་པ་དེ་ནི་སྡུག་བསྔལ་ལོ།། ཕྱོགས་བཅུ་ཡི་ནི་འཇིག་རྟེན་ན།། སངས་རྒྱས་འདྲེན་པ་རྣམས་བཞུགས་ཤིང་།། གང་ན་སྐྱེ་བོ་ཡོད་པ་དེར།། ཟབ་མོ་ཡིན་ཆོས་སྟོན་ཏོ། ། དེ་ཕྱིར་འཇིག་རྟེན་མགོན་པོ་ལ།། མོས་པ་དག་ཀྱང་རབ་ཏུ་བསྐྱེད།། རྫོགས་པའི་སངས་རྒྱས་ཆགས་མེད་ཆོས།། འདྲེན་པ་དག་ནི་ཆོས་གསུང་སྟེ།། དེ་དག་གི་རིནི་མཚན་འདི་ལ། ། སུ་དག་མོས་པར་འགྱུར་བ་ནི།། མཁས་པ་དག་གི་བསོད་ནམས་ཀྱང་།། དཔག་ཏུ་མེད་དང་ལྡན་པར་འགྱུར།། མི་གང་འདིར་ནི་འདི་ལྟ་ཡི།། མཚན་རྣམས་འཛིན་པར་འགྱུར་བ་ནི། ། སྤོབས་པ་ཕུན་སུམ་ཚོགས་པ་དང་།། མཁས་པར་ཡང་ནི་རབ་ཏུ་འགྱུར།། འདི་ལྟ་བུ་ཡི་མཚན་རྣམས་ཀྱང་།། ཆགས་མེད་གྱུར་ནས་རབ་ཏུ་བསྟན།། འཇིག་རྟེན་ཀུན་གྱིས་བཀུར་བ་དང་། ། ཚིག་བཙུན་པ་ཡང་བརྟག་ཏུ་འགྱུར།། ཕྱོགས་བཞིར་དེ་ཡི་མཚན་འདི་རྣམས།། གང་དག་རབ་ཏུ་བརྗོད་པ་ནི།། གང་དག་གང་དུ་སྐྱེས་པར་ཡང་།། ནི་འཇིགས་པ་མེད་པར་འགྱུར།། སངས་རྒྱས་མཚན་རྣམས་ཐོས་ནས་ཀྱང་།། མི་གང་འདིར་ནི་འདི་ལྟ་ཡི།། མཚན་རྣམས་མཆོད་པར་བྱེད་པ་ནི།། དེ་ལ་བྱང་ཆུབ་རྒྱང་མི་རིང་།། སུ་དག་འདི་ལྟའི་མཚན་རྣམས་ལ། ། སྐྱེ་བོ་མང་པོ་འཛུད་བྱེད་པ།། འཇིག་རྟེན་མགོན་པོའི་སྤྱོད་ཡུལ་ནི།། དེ་ལ་རྙེང་པར་དཀའ་མ་ཡིན།། འོད་སྲུངས་རློས་པའི་དང་ལྡན་པའི་དགེ་སློང་ནི་མཚན་འདི་དག་ལ་མོས་པར་འགྱུར་རོ། ། བཞི་གང་ཞེ་ན། དེས་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་པ་ཡིན། ཟབ་མོ་ལ་མོས་པ་ཡིན། དབེན་པར་མོས་པ་ཡིན། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དམ་པའི་ཆོས་ཀྱིས་འཕོངས་པར་འགྱུར་བའི་ལས་མ་བྱས་མ་བསགས་པ་ཡིན་ནོ།། འོད་སྲུངས་ཆོས་བཞི་པོ་དེ་དག་དང་ལྡན་པ་དགེ་སློང་རི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་དག་གི་མཚན་རྣམས་ལ་མོས་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དེ་སྲ་སྔོན་རྫོགས་པའི་སངས་རྒྱས་རྣམས།། མཐོང་ཞིང་མཆོད་པ་བྱས་པ་ཡིན།། དགེ་བའི་རྩ་བ་དེ་ཉིད་ཀྱིས།། དེ་དག་མཚན་རྣམས་ཐོས་པར་འགྱུར། ། ཟབ་མོ་ལ་ཡང་རབ་མོས་ཤིང་།། ང་ཡི་སངས་རྒྱས་ཆོས་ལ་ཉན།། སྔོན་གྱི་ལས་རྣམས་ཡོངས་དག་པས།། དེ་ནས་འདིར་ནི་འོངས་པ་སྟེ།། སྔོན་ཡང་མདོ་སྡེ་བཤད་པ་ལ། ། དེ་དག་ཡིད་གཉིས་ཡོད་མེད་དེ།། ཡང་དག་རྫོགས་པས་བཤད་པ་ཡི།། མདོ་སྡེ་དེ་ལ་འགལ་མི་བྱེད།། ཉི་ཚེ་བ་ཡི་བཟོད་པ་ལ།། འདྲེན་པ་དག་ནི་མོས་པར་བྱེད། ། ཤིན་ཏུ་དང་བའི་སེམས་ཀྱིས་ཀྱང་།། དེས་བཤད་པ་ལ་མཉན་པར་གྱིས།། ཀ་དམས་པ་དག་ལ་མངོན་དགའ་ཞིང་།། ཆོས་ཉིད་ལ་ནི་འབྲང་བར་བྱ།། དེ་དག་ཆོས་སུ་འདུ་ཤེས་པས། ། ཆོས་དེ་ཐམས་ཅད་སྡུད་པར་བྱེད།། འདུ་ཤེས་པ་དང་འདུ་ཤེས་མེད།། དེ་དག་ཡོད་པ་མ་ཡིན་ནོ།། སངས་རྒྱས་ཀུན་གྱི་ཡུལ་རྣམས་ནི།། བསམ་གྱིས་མི་ཁྱབ་རྟོགས་པར་བྱེད། ། དེ་དག་གི་ནི་ཆོས་ཉིད་འདི།། ཟབ་མོ་ལ་ནི་གང་མོས་ཤིང་།། མོས་པ་དག་ནི་མང་གྱུར་པ།། དེ་དག་ལ་ནི་རྩོད་པ་མེད།། ཟབ་མོ་སྤྱོད་པ་དེ་དག་ལ།། ཡིད་གཉིས་དག་ནི་ཡོང་མེད་དོ། ། ནོར་ལ་སྲེད་པ་ཀ་ཏ་ར་དང་ཡང་།། འདྲ་བར་འགྱུར་བ་མ་ཡིན་ནོ།། འཇིག་རྟེན་གྱི་ནི་མགོན་པོ་ལ།། སུ་དགྲ་ནེམ་ནུར་སྐྱེ་བ་ནི།། དབང་པོ་རྟུལ་ཞི་མྱོས་པ་དང་། ། མི་བརྩོན་པར་ནི་རིག་པར་བྱ།། གང་དག་མོས་པར་གྱུར་པ་ནི།། དེ་དག་ལ་ཡང་ཡིད་གཉིས་མེད།། འདི་དག་འགོག་པར་བྱེད་པ་ནི།། མངོན་པར་བརྩོན་པའི་འབྲས་བུ་མེད།། སངས་རྒྱས་མཚན་ནི་ལེགས་བཤད་པ།། དེ་ལྟ་བུ་ཡི་མཚན་ཐོས་ནས།། སངས་རྒྱས་དག་གི་བསྔགས་པ་སྨྲ།། ཕྱོགས་བཅུ་དག་ན་འཇིག་རྟེན་མགོན།། རྫོགས་པའི་སངས་རྒྱས་མཚན་སྟོན་དེ།། ཡང་དང་ཡང་དུ་སངས་རྒྱས་ཀྱི།། མཚན་རྣམས་མི་གང་དྲན་བྱེད་པ།། དེ་ནི་མྱུར་དུ་དྲི་མེད་འགྱུར།། སྲོག་ཆགས་རྣམས་ཀྱིས་བཀུར་བ་ཡིན།། ཆགས་པ་མེད་པའི་སྤོབས་པ་ཡི།། སངས་རྒྱས་བྱང་ཆུབ་རབ་ཏུ་སྟོན།། འོད་སྲུངས་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཟླ་དེའི་བླ་མྲ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསར་སྣང་བའི་རྣམ་པར་གནོན་པ་ཞེས་བྱ་བ་བཞུགས་སོ། ། འོད་སྲུངས་སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྩོད་ལ་དགའ་བ་མདོགས་ངན་བརྩེགས་པ་། ཞེས་བྱ་བ་དེན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགཔ་སངས་རྒྱས་མ་ཕམ་པའི་དཔལ་ཞེས་བྱ་བ་བཞུགས་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་སློབ་དཔོན་དང་ལྡན་པ་ཞེ་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་བླ་མ་བདེ་བར་གཤེགས་པོ་རྒྱལ་པོ་ཞེས་བྱ་པ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རི་རབ་རྒྱལ་མཚན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་བརླན་བླང་པོ་དམ་པ་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཤིན་ཏུ་མཛེས་པ་རྟོག་པའི་བྱང་ཆུབ་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མེད་པ་ལ་ཞུགས་པའི་དཔལ་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོངས་སུ་འཛིན་པ་མེད་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགོངས་པ་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཚུངས་པར་སྤྱོད་པས་བརྒྱན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏི་མུག་མེད་པའི་སྤོས་དཔལ་ཞེས་བྱ་བ་བཞུགས་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཉི་མ་སྣང་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དཔལ་ཞེས་བྱ་བ་བཞུགས་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་མཆོག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་མི་རྟོག་པའི་འོད་ཅེས་བྱ་བ་བཞུགས་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཆོས་སྤྱོད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་སྣང་བ་ཞེས་བྱ་བ་བཞུགས་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་དགེ་བོ་སོགས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་ཡོངས་སུ་དག་པའི་ཏོག་ཅེས་བྱ་བ་བཞུགས་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དྲགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀ་ཏེ་རཱ་ལེགས་པར་གཟླ་པའི་རྒྱལ་པོ་ནྡ་བྱ་བ་བཞུག་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་བརྩོན་འགྲུས་སྐྱེས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྨོན་ལམ་གྱི་སྟོབས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་ཀྱིས་སྦེད་པའི་དཔལ་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་མངངས་དགའ་བའི་ཕྱོགས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏམ་ཤིན་ཏུ་ཡོངས་སུ་དག་པར་མཛད་པ་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཙན་དན་གྱི་དྲིའི་ཕུག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཻ་ཌཱུཪྻའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམ་ས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ན། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་ཡོན་ཏན་རིན་པོ་ཆེ་རྣམ་པར་གནོན་པ་ཞེས་བྱ་བ་བཞུགས་སོ། ། སྟང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཚད་མེད་དཔལ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་ཡོངས་སུ་དག་པ་རབ་ཏུ་གནས་པ་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཉན་ཐོས་མ་འོངས་པ་ཞེས་བྱ་བ་དེ་ར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་བས་རྣམ་པར་གནོན་པའི་རྒྱལ་པོ་མཆོད་རྟེན་ཞེས་བྱ་བ་བཞུགས་སོ། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཀ་ཉིད་མེད་པའི་མིག་ཅེས་བྱ་བ་དེ་ན། བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཁྲལ་ཡོད་པ་གསེར་དམ་པའི་དཔལ་ཞེས་བྱ་བ་བཞུགས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སངས་རྒྱས་དཔལ་གྱི་ཟླ་བ་ཅན།། རྒྱལ་ཆེན་མི་ཡི་ཁྱུ་མཆོག་སྟེ།། སངས་རྒྱས་ཁྱུ་མཆོག་དེ་དག་ནི།། ཆོས་ཀུན་རྣམ་པར་སྦྱོང་བར་མཛད། ། སངས་རྒྱས་དེ་དག་མི་རྣམས་ཀྱིས།། སངས་རྒྱས་ཞིང་ནི་རྣམ་པར་སྦྱོང་།། མི་གང་དེ་ཡི་མཚན་རྣམས་ནི།། བསྐལ་པ་འདིར་ནི་ཉན་འགྱུར་ཞིང་།། གང་དག་དད་པར་འགྱུར་བ་དང་།། དེ་ལ་རི་མོར་བཅས་པ་དག། དེ་ལ་དཔའ་བོ་ཤེས་རབ་ཆེ།། དེ་དག་སངས་རྒྱས་དམ་པར་འགྱུར།། དེ་དག་ཡེ་ཤེས་མཐའ་ཡས་ཏེ།། དེ་ལ་ནེམ་ནུར་མ་བྱེད་ཅིག། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཤིན་ཏུ་མཛེས་པའི་པདྨ་ཞེས་བྱ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་དམ་པ་རྣམ་པར་འཕྲུལ་པའི་དཔལ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་ངན་སོང་གསུམ་ཡང་བཤད་པར་འགྱུར། སངས་རྒྱས་ཀྱི་ཆོས་ཀྱི་མེ་ཏོག་ཀྱང་ལེགས་པར་རྒྱས་པར་འགྱུར་རོ།། དེ་དག་བསྐལ་པ་སུམ་ཅུ་རྩ་དྲུག་ཏུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོབས་བ་བྱས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། འཇིག་རྟེན་ཁམས་ན་ལེགས་བརྒྱན་པ།། པདྨ་ཤིན་ཏུ་མཛེས་ཞེས་བྱ།། ། ལྷ་ཡི་དགའ་བའི་ཚལ་བཞིན་དུ།། རྟག་པར་ཤིན་ཏུ་བརྒྱན་པ་སྟེ།། དེ་ན་སངས་རྒྱས་བཞུགས་པ་ནི།། པདྨ་ཐ་དཔལ་མཁས་པ་སྟེ།། སངས་རྒྱས་ཞིང་དེར་རྣམ་པར་འཕྲུལ། ། སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན།། སྐྱེས་པ་དང་ནི་བུད་མེད་ཀྱིས།། དེ་ཡི་མཚན་ཀྱང་ཐོས་ནས་ནི།། ངན་སོང་གསུམ་ནི་རྣམ་སྤོང་ཞིང་།། སངས་རྒྱས་དག་ཀྱང་མང་པོ་མཐོང་།། བསྐལ་པ་སུམ་ཅུ་རྩ་དྲུག་འདོར།། འདུས་བྱས་རྣམས་ཀྱང་རྣམ་པར་ཟློག། སངས་རྒྱས་ཀྱི་ནི་བྱང་ཆུབ་ལས།། ཕྱིར་ཡང་ལྡོག་པར་མི་འགྱུར་རོ།། ལོང་བ་ཞར་པོར་མི་འགྱུར་ཏེ།། བླུན་པོར་རྟག་ཏུ་དེ་མི་འགྱུར། ། འཇིག་རྟེན་ཀུན་ན་རྣམ་དག་ཅིང་།། ཤེས་རབ་བསོད་ནམས་ཤིན་ཏུ་འཕེལ།། དེ་བཞིན་གཤེགས་ལ་ཕྱག་བྱས་ན།། སྡིག་པའི་གྲོགས་པོ་མི་འཕེལ་ཞིང་།། གསོང་དང་ཕྱིར་རྒོལ་དེ་བཞིན་ཏེ། ། དགེ་བའི་དི་ཤེས་གཉེན་རྙེད་པར་འགྱུར།། སངས་རྒྱས་དེ་དང་འཇིག་རྟེན་གྱི།། མཆོད་རྟེན་གཞན་ལ་ཕྱག་བྱས་ན།། ཆོས་ཀུན་རྟོག་པར་རིག་པ་ཡིས།། བྱང་ཆུབ་ལྔ་ནི་ནེམ་ནུར་མེད།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རིན་ཆེན་སྒྲོན་མཱ་ཞེས་བྱ་བ་དེ་ན།། དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དག་པ་འབྱུང་བའི་དཔལ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་བྱང་ཆུབ་ཀྱི་ཡན་ལག་རིན་ཆེན་བདུན་ཐོབ་པར་འགྱུར་རོ།། བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱི་ས་ཕྱོགས་པར་འགྱུར་རོ།། དེ་ནས་བཅོམ་། ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། རིན་ཆེན་སྒྲོན་མ་འཇིག་རྟེན་ཁམས་མཆོག་ན།། རིན་ཆེན་འབྱུང་ཞེས་བྱ་བའི་སངས་རྒྱས་ཏེ།། དེ་ཡི་མཚན་མཆོག་དམ་པ་ཐོས་ནས་ནི། ། སྲོག་ཆགས་རྣམས་ཀྱིས་བྱང་ཆུབ་ཡན་ལག་ཐོབ།། བསྐལ་པ་སུམ་ཅུ་དག་ནི་འདོད་པར་བྱེད།། བྱང་ཆུབ་ལ་ཡང་ཤིན་ཏུ་ལེགསུ་པ་གནས།། སྨྲ་བ་དཔའ་བོ་རབ་ཏུ་མི་བསྐྱེད་པ།། སྐྱེས་དངམ་པ་དག་ཀྱང་མང་དུ་མཐོང་། ། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཀློག་གི་འོད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གློག་གི་སྒྲོན་མེ་ཏོག་གི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་མི་ཁོམ་པ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་རོ།། དེ་དག་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དྲིའི་ཚེ་ཚིག་སུ་བཅད་པ་འདི་དག་གསུངས་སོ། ། གློག་སྣང་ཞེས་བྱའི་ཞིང་དེ་ན།། སངས་རྒྱས་རྫུ་འཕྲུལ་ཆེན་པོ་ནི།། གློག་འོད་ཏོག་གི་རྒྱལ་ཞེས་བྱ།། པདྨ་དམ་པ་ལེགས་པར་བྱུང་། ། དེ་ཡི་མཚན་ཀྱང་ཐོས་ནས་ནི།། མི་ལོམ་ཐམས་ཅད་རྣམ་པར་སྤོང་།། བསྐལ་པ་ཉི་ཤུར་འདོར་བར་བྱེད།། མྱུར་དུ་བྱང་ཆུབ་འཚང་ཡང་རྒྱ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་གསེར་གྱི་ཤིང་ཏ་ལ་རབ་ཏུ་བརྒྱན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏ་ལའི་རྒྱལ་པོ་མངོན་པར་འཕགས་པའི་དཔལ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་སེམས་ཅན་ཐམས་ཅད་ལས་མངོན་པར་འཕགས་པ་འགྱུར་རོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཏ་ལ་ནམ་མཁའ་ན་ཉེ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ནམ་མཁའི་སྒྲོན་མ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། ། སངས་རྒྱས་ཀྱི་ཡང་དག་པར་འགྲོ་བ་ལས་ཀྱང་ཕྱིར་མི་ལྡོག་གོ།། ཚེ་འདི་ལ་དེ་བཞིན་གཤེགས་པ་མཐོང་བའང་ཐོབ་པར་འགྱུར་རོ།། ཐ་ན་རྨི་ལམ་ནའང་དེ་བཞིན་གཤེགས་པ་དེ་ལ་ཡན་ལག་ལྔས་ཕྱག་འཚལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལྷག་པའི་བསམ་པས་རི་མོར་བྱེད་པར་འགྱུར་རོ།། བལྟ་བར་བྱ་བ་དྲང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར། བླ་ན་མེད་པ་མཁས་པ་དང་ལྡན་པའི་སེམས་ཅན་ཡང་རྙེད་པར་འགྱུར་རོ།། ཚེ་འདི་ལ་ཡོན་ཏན་འདི་དག་ཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་ནི་ཡོན་ཏན་དང་། ཕན་ཡོན་ཚད་མེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ནཱམ་མཁའ་ཡོངས་སུ་བརྒྱན་པའི་ཞིང་།། དེ་ན་ཐགས་ཆེན་སངས་རྒྱས་ནི། ། ཆོས་ཀྱི་ནམ་མཁའ་སྨོན་མ་མཚན།། སྐྱེས་བུ་དག་གི་ཁྱུ་མཆོག་སྟེ།། དེ་ཡི་མཚན་ཀྱང་ཐོས་ནས་ནི།། བསྐལ་པ་དྲུག་ཅུ་ཕྱིར་ཟློག་ཅིང་།། བླ་མེད་སངས་རྒྱས་ཆོས་རྣམས་དང་། ། སངས་རྒྱས་འགྲོ་བའང་ཐོབ་པར་འགྱུར།། སངས་རྒྱས་དཔའ་བོ་ཆེན་པོ་དག། ཚེ་འདི་ཉིད་ལ་མཐོང་བར་འགྱུར།། ལྷག་པའི་བསམ་པས་བྱམས་ངའི་སེམས། ། དཀྱིལ་འཁོར་ལྔ་ཡིས་ཕྱག་བྱས་ཏེ།། རྨི་ལམ་ན་ཡང་རྫོགས་སངས་རྒྱས།། ཀུན་ཏུ་བཟང་པོ་མཐོང་བར་འགྱུར།། ཡིད་ཀྱི་རྡོག་པ་གཞན་མི་སེམས།། ཆོས་ཀྱི་རྒྱལ་པོ་དྲན་ནས་སུ། ། ཤེས་ལ་མཁས་པའི་སེམས་ཅན་རྣམས།། བསྙེན་བཀུར་བྱ་བ་རྙེད་པར་གྱུར།། དེ་ནི་ཚེ་འདིའི་ཡོན་ཏན་ཏེ།། སྟོན་ད་ཡོན་ཏནྡ་ཚད་མེད་ཅིང་།། ཆོས་ཀུན་གྱི་ཡང་ཕ་རོལ་ཕྱིན།། ཕུན་སུམ་ཚོགས་པ་ཀུན་གཉེར་བས།། བྱམས་པའི་སེམས་ཀྱིས་ཕྱག་གྱིས་ཤིག། སྟེང་གི་ཕྱོགས་ན་ཤིན་ཏུ་རྣམ་པར་ཕྱེ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་འབྱུང་བ་ཞེས་བྱ་བ་བཞུགས་སོ། ། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་གཞི་གསེར་ལ་བཻ་ཌཱུཪྻས་མིག་མངས་རིས་སུ་བྲིས་པ། མིག་མངས་རིས་ཐམས་ཅད་ན་མེ་ཏོག་ཀྲི་ཤིང་དང་། རིན་པོ་ཆེའི་ཤིང་དང་། ཙན་དན་ལ་སོགས་པ་སྤོས་ཀྱི་ཤིང་ངག་གིས་ཤིན་ཏུ་རྣམ་པར་ཕྱེ་ཞིང་། དེ་དག་ལས་དྲི་བྱུང་བས། སངས་རྒྱས་ཀྱི་ཞིང་ཐམས་ཅད་གདུགས་གཅིག་ཏུ་ཁྱད་པར་གྱུར་རོ། ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་འབྱུང་བ་དེ། ཆོས་ཀྱི་གདན་ལ་བཞུགས་པའི་མཚན་ཐོས་ནས། དབང་པོ་ཐ་ཅད་རབ་ཏུ་རྣམ་པར་བྱེད་ཡོངས་སུ་འཛིན་ཏོ། ། སངས་རྒྱས་ཀྱི་ཆོས་རབ་ཏུ་རྣམ་པར་ཕྱེ་བའང་ཡོངས་སུ་འཛིན་ཏོ།། བསྐལ་པ་བརྒྱད་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོས་པའང་བྱས་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། འཇིག་རྟེན་ཁམས་ནི་བླ་མེད་པ།། ཤིན་ཏུ་རྣམ་པར་ཕྱེ་ཞེས་བྱ། ཤིང་གིས་མིག་མངས་རིས་སུ་བྱས།། སྤོས་ཀྱི་ཤིང་གིས་ཤིན་ཏུ་མཛེས།། དེ་དག་ལས་ནི་དྲི་བྱུང་བས།། ས་ཀུན་ཏུ་ཡང་རྒྱས་པར་འགྱུར།། གདུགས་གཅིག་ཏུ་ནི་བྱས་ནས་སུ།། པར་སྣང་ལ་ཡང་དེ་གནས་སོ།། དེ་ལ་སངས་རྒྱས་བཞུགས་པ་ནི།། ཡོན་ཏན་ཡན་ལག་ཐམས་ཅད་འབྱུང་།། མིང་མཚན་ཤིན་ཏུ་ཕུན་སུམ་ཚོགས།། ཆོས་ཀྱི་རྒྱལ་པོ་འཇིགས་མེད་དེ།། དེ་ཡི་མཚན་ཀྱང་ཐོས་ན་ནི། ། ཡན་ལག་ཐམས་ཅད་མཛེས་པར་འགྱུར།། བྱང་བཞིན་བཟང་ཞིང་བལྟ་ན་སྡུག། གཟུགས་མཛེས་མཐོང་ན་དགའ་བ་དང་།། ཤིན་ཏུ་ཕྱེ་བའི་ལུས་སུ་འགྱུར། ། ཆུ་ཞང་གབ་པར་ནྱ་གྲོ་བཞིན།། དཔལ་གྱིས་ཤིན་ཏུ་འབར་གྱུར་ཅིང་།། སངས་རྒྱས་དག་གི་ཞིང་དུ་འགྲོ།། བསྐལ་པ་བརྒྱད་ཅུ་འདོར་བར་བྱེད།། འདུས་བྱས་རྣམས་ཀྱང་རྣམ་པར་རྫོག། སངས་རྒྱས་ཆོས་རྣམས་ཕྱེ་བ་ཡང་།། རྣམ་པ་ཐམས་ཅད་མྱུར་དུ་འཐོབ།། ཡོན་ཏན་ཡན་ལག་ཀུ་འབྱུང་བ།། སངས་རྒྱས་རྗེས་སུ་དྲན་བྱས་ན།། ཡོད་ཏན་ཕན་ཡོན་དག་པ་ནི།། སངས་རྒྱས་ཆོས་ཀྱི་གོ་འཕང་གནས།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་བཟང་པོའི་མཆོག་ཅེས་བྱ་བ་ན།། དེ་བཞིན་གཤེགས་པ་བཟང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ནསངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། དེ་དག་གིས་བཞལ་པ་ལྔ་བཅུད་འཁོར་བ་ལ་རྒྱབ་ཀྱིས་། བ་བྱས་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། འཇིག་རྟེན་ཁམས་ནི་བཟང་མཆོག་སྟེ།། བཟང་པོ་དགའ་བ་ཞེས་ཀྱང་བྱ། ། དེ་ན་རྫོགས་པའི་སངས་རྒྱས་ནི།། བཟང་ཏོག་རྒྱལ་མཚན་དྲང་སྲོང་སྟེ།། རྒྱལ་མཆོག་ཆོས་ཀྱི་རྒྱལ་པོ་ཡིན།། མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན།། དེ་ཡི་མཚན་ཀྱང་ཐོས་ནས་ནི།། སངས་རྒྱས་ཆོས་རྣམས་མི་འདྲི་ཞིང་།། བསྐལ་པ་དག་ནི་ལྔ་བཅུར་ཡང་།། འཁོར་བ་དག་ནི་རྣམ་པར་སྤོང་།། འཇིག་རྟེན་དུ་ཡང་མྱུར་བར་ནི།། ཐགས་ཆེན་ལྷ་ཡི་ལྷར་འགྱུར་རོ།། སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རིགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པོའི་གཟུགས་འཛིན་པ་ཞེས་བྱ་བ་བཞུགས་སོ། ། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་རིགས་ཞེས་བྱ་ཞེ་ན། འོད་སྲུངས་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རབ་ཏུ་ཞུགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་སེ་གོལ་གཏོགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀངྒཱའི་ཀླུང་གི་བྱེ་ན་སྙེད་ཀྱི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་། ཕྱིར་ཡང་འཇིག་རྟེན་གྱི་ཁམས་དེར་འོང་ངོ་། ། དེ་སྐད་ཅེས་བཀའ་སྩལྔ་པ་དང་། བཅོམ་ལྡན་འདསཱ་ལ། འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མིང་ཇི་སྐད་བགྱི་བ་དག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། སེང་གེ་རྣམ་པར་རོལ་པ་དང་། སེང་གེ་རྣམ་པར་བསྒྱིངས་པ་དང་། སང་གེའི་ཏོག་དང་། སང་གི་རྣམ་པར་སྤྲུལ་པ་དང་། ཤིན་ཏུ་བརྟན་པའི་མཐུ་རྟུལ་དང་། རྡོ་རྗེའི་བློ་གྲོས་མཚོན་ཆ་དང་། འོད་སྲུངས་དེ་ལྟ་བུ་ལ་སོགས་པ་ཨ་རྟག་ཏུ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་མིང་གང་སུ་དག་གིས་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་ཀྱི་སྲ་བརྒྱན་པའི་གཟུགས་འཛིན་པོ་དེའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་ཐོབ་པར་འགྱུར་རོ། ། རིན་པོ་ཆེའི་རིགས་ཀྱང་རྗེས་སུ་ཐོབ་པར་འགྱུར་རོ།། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའང་རྙེད་པར་འགྱུར་རོ། ། བསྐལ་པ་བརྒྱ་ཆུང་བར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འཇིག་རྟེན་ཁམས་ནི་རིན་ཆེན་རིགས།། རིག་ཆེན་ཀུན་གྱིས་བརྒྱན་པ་སྟེ།། དེ་ན་སངས་རྒྱས་བཞུགས་པ་ནི།། དཔའ་བོ་དག་གིས་ཡོངས་སུ་བསྐོར། ། འཇིག་རྟེན་སྒྲོན་མ་དེ་མཚན་ནི།། རིན་ཆེན་ཀུན་གྱིས་འཕགས་པ་སྟེ།། རབ་ཏུ་བརྒྱན་པའི་གཟུགས་འཛིན་པ།། ཆོས་ཏོག་རྒྱལ་མཚན་དྲང་སྲོང་སྟེ།། བྱང་ཆུབ་སེམས་དཔས་ཡོངས་པསྐོར་ཅིང་། ། འདྲན་པ་ཆོས་རྣམས་སྟོན་པ་མཛད།། འཇིག་རྟེན་དུ་ནི་མ་སྐོར་བ།། ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར།། དེ་ཡི་མཚན་ཀྱང་ཐོས་ནས་ནི། ། བསྐལ་པ་བརྒྱར་ཡང་མི་འཁོར་ཞིང་།། ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་།། བླ་ན་མེད་པ་ཐོབ་པར་འགྱུར།། གང་དག་གིས་ནི་མཚན་བརྗོད་པ།། ཆོས་ཀྱི་རྒྱལ་པོ་དེ་དག་དང་། ། རབ་བྱུང་དག་གི་བཞུགས་པ་དང་།། འཇིག་རྟེན་དག་གི་ཁམས་ཀྱང་རུང་།། མི་དང་རིགས་ནི་རྣམ་པར་དག། སྤྱོད་པ་དག་ཀྱང་རྣམ་དག་ཆོས་ཀྱི་སྔུན་ནི་རྣམ་པར་དག། ཆོས་རྣམས་ཀུན་ཀྱང་རྣམ་སྦྱངས་པ།། ཤེས་རབ་ལྡན་པའི་སྤྱོད་ཡུལ་གྱི།། བླ་ན་མང་བའི་ཡེ་ཤེས་ལོ།། སྐྱེ་བོ་མང་པོ་གང་དག་ནི། ། ཤིན་ཏུ་འདོད་པ་ཤཱ་རིའི་བུ།། གང་དགྲ་ཕྱི་མའི་དུས་བྱུང་བྱ།། ཤིན་ཏུ་འཇིགས་པར་གྱུར་པའི་ཚེ།། ཆོས་འདི་རབ་ཏུ་ཉན་འགྱུར་ཞིང་། ། ཐོས་ནས་དད་པར་བྱེད་པ་ནི། ཐེ་ཙོམ་མེད་པར་དེ་དག་གིས།། ཤཱ་རིའི་བུ་ལ་བསྙེན་བཀུར་བྱས།། ཇི་ལྟར་རིན་ཆེན་རིན་ཐང་མེད།། དབུལ་པོས་མཐོང་ན་ཞུམ་གྱུར་ཏེ། ། གང་གིས་རིན་ཆེན་རྙེད་འགྱུར་བ།། དེ་ལྟའི་ནོར་མིག་ལས་འོང་།། དེ་བཞིན་བླ་མེད་སངས་རྒྱས་ཀྱང་། བསོད་ནམས་ཆུང་ངུས་མཐོང་ནས་ནི།། མིག་ལ་གནོད་བྱེད་བློ་ཅན་རྣམས།། དེ་དག་དྲད་པར་ཀ་ལ་འགྱུར།། ནོར་དང་མཛོད་རྣམས་མང་པོ་དག། ནོར་བུ་རིན་ཆེན་ཐོས་ནས་ནི།། ཤིན་ཏུ་བརྒྱན་པར་བྱའོ་ཞེས།། དེ་དགུ་ཡང་དང་ཡང་ཚོལ་ལོ།། དེ་བཞིན་ཤེས་རབ་ཆེན་པོ་ཡང་།། སངས་རྒྱས་ཀྱི་ནི་མཚན་ཐོས་ནས།། ཇི་ལྟར་བྱང་ཆུབ་རེག་འགྱུར་ཞེས།། དེ་དགྲ་ཡོངས་སུ་ཆོ་བར་བྱེད། ། དམན་པའི་ལས་དང་ལྡན་པ་དང་།། སྡིག་པ་འདོད་དང་གཡོན་ཅན་དང་།། ཤེས་རབ་བསོད་ནམས་མེད་པ་ལ།། འདི་ལྟ་བུ་ཡི་ཐོས་པ་མེད།། འདོད། ཆགས་ཀྱིས་ནི་ཆགས་གྱུར་དང་།། གཏི་མུག་གིས་ནི་རྨོངས་པ་འམ།། ཆགས་པས་ཟིལ་གྱིས་ནོན་པ་ལ།། འདི་ལྟ་བུ་ཡི་ཐོས་པ་མེད།། ང་རྒྱལ་ཅན་དང་ཁེངས་པ་དང་།། ལེ་ལོ་ཅན་དང་བློ་ཆུང་དང་།། མུ་སྟེགས་གཞན་ལ་བརྩོན་པ་ལ།། འདི་ལྟ་བུ་ཡི་ཐོས་པ་མེད།། བྱེ་བ་སྟོང་ཀི་ལྷ་རྣམས་ནི།། ཀྱེ་མ་སངས་རྒྱས་ཀྱི་མཆོས།། ཀྱེ་ས་དགེ་འདུན་བླ་ན་མེད། ། དེ་ཞེས་དེ་ཚེ་སྒྲ་ཡང་སྒྲོག། མེ་ཏོག་གི་ཡང་ཆར་འབེབས་ཤིང་།། སྟོང་གསུམ་འདིར་ནི་རབ་ཏུ་གཏོར།། སིལ་སྙན་བྱེ་བ་དཀྲོལ་བར་བྱེད།། སྤོས་ཀྱིས་ས་ལ་ཆག་ཆུ་ག་བཏབ།། ཞིང་འདི་སྣང་བར་བྱས་ནས་ནི།། རྣམ་པ་དྲུག་ཏུ་གཡོ་བར་བྱས།། མེ་ཏོག་བསྔགས་པ་དག་པ་ཡི།། མདོ་སྡེ་འདི་ནི་རབ་བཤད་པ།། དེ་ན་འཁོར་སུ་གང་དག་ནི། ། སངས་རྒྱས་མཚམས་གྲན་ས་མ་གཏོགས་པར།། གང་གཞན་ཐོས་པ་ཐམས་ཅད་ནི།། སངས་རྒྱས་བླ་ན་མེད་པར་འགྱུར།། ཕྱོགས་བཅུ་དག་ནི་ཐམས་ཅད་དུ།། གངྒཱའི་བྱེ་སྙེད་ཞིང་ནས་ནི།། བྱང་ཆུབ་སེམས་དཔའ་ལྷགས་ནས་སུ།། མཉན་ནས་ཕྱིར་ཡང་སོ་སོར་དོང་།། མདོ་སྟེ་འདི་ནི་བཤད་པའི་ཚེ། ། དགེ་སློང་བྱ་བ་མང་ཆད་པ།། དེ་དག་ཐམས་ཅད་དགྲ་བཅོམ་གྱུར།། དེ་དག་གིས་ནི་འདྲེན་པ་མཐོང་།། དགེ་སློང་དག་ནི་བརྒྱ་སྙིང་དང་། དགེ་སློང་མ་ཡང་དེ་བཞིན་ཏེ།། སྟོང་ཕྲག་དྲུག་ཅུར་ཚང་བ་ཡིས།། དེ་ཚེ་ཆོས་ལ་བཟོད་པ་ཐོབ།། མི་སྐྱེ་བ་ཡི་ཆོས་རྣམས་ལ།། བཟོད་པ་བླ་ན་མེད་ཐོབ་ནས།། དེ་དག་སངས་རྒྱས་རྣམས་ལྟ་ཞིང་།། སྲོག་ཆགས་རྣམས་ལ་ཆོས་ཀྱང་འཆད།། དགེ་སློང་མ་ནི་ལྔ་བརྒྱ་དང་།། དགེ་བསྙེན་མ་ནི་བཞི་བཅུ་དྲུག་རང་རང་གི་ནི་གོས་རྣམས་ཀྱིས། ། དེ་བཞིན་གཤེགས་པའི་སྐུལ་གསོལ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡི་རངས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་།། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་མེ་དོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྨྱ་ཀར་གྱི་མཁན་པོ་ཛྙཱ་ན་སིདྡྷི་དང་།

CLOSE WINDOW