CLOSE WINDOW

S181: འཕགས་པ་འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་མདོ
Wyliee-texts produced with ocr Programm

རྒྱ་གར་སྐད་དུ། ཨཱརྱ་ལོ་ཀ་དྷ་ར་པ་རི་བྲྀཙྪ་ནཱ་མ་སཱུ་ཏཱ། བོད་སྐད་དུ། འཕགས་པནི།། འཇིག་རྟེན་འཛིན་གྱིས་ཡོངས་སུ་དྲིས་པ་ཞེས་བྱ་བའི་མདོ། ། བམ་པོ་དང་པོ།། @་བྱ། ། རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ཏ་ཀའི་གནས་འོད་མའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། ། དེའི་ཚེ་བཅོམ་ལྡན་འདས་འཁོར་མང་པོ་བརྒྱ་སྟོང་སྙེད་ཀྱིས་ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཏོ། ། འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་ཅེས་བྱ་བའང་འདུས་པར་གྱུར་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚད་མེད་པའི་ཡོན་ཏན་གྱིས་ཡོངས་སུ་བརྒྱན་པར་སེམས་བསྐྱེད་པའི་ཕྱིར། ཆོས་ཐམས་ཅད་ཀྱིས་ངེས་པའི་དོན་མཐར་ཕྱིན་པ་ཐམས་ཅད་ཤེས་པར་བྱ་བའི་ཕྱིར། ཚད་མེད་པའི་སྨོན་པས་ཚད་མེད་པའི་རྒྱན་ཡོངས་སུ་རྫོགས་པར་འགྱུར་བ། ཤིན་ཏུ་ཤེས་པར་བྱ་བའི་ཕྱིར། ཚད་མེད་པའི་ཆོས་རྣམས་ཀྱི་ངེས་པའི་མཚན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར། སྨོན་ལམ་ཚད་མེད་པས་ལྷག་པའི་བསམ་པ་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར། ཡོངས་སུ་རྫོགས་པར་ཤེས་པའི་ཕྱིར། སྦྱིན་པའི་རྒྱན་དང་། ངེས་པའི་རྣམ་པར་དག་པའི་ཕྱིར། ཚུལ་ཁྲིམས་ཀྱི་རྒྱན་དང་། བཟོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མཉེན་དེས་པའི་སེམས་དང་། རྣམ་པར་དག་པར་བྱ་བའི་ཕྱིར། བརྩོན་འགྲུས་དང་། ཡོངས་སུ་དག་པ་ཤེས་པར་བྱ་བའི་ཕྱིར། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་དང་། དེ་དག་ལ་སོགས་པ་ཡོན་ཏན་ཚད་མེད་པའི་ཕྱིར། འདུག་པ་ལས་ལངས་ནས་བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་བདག་སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བའི་དོན་གྱི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་གདུང་མི་གཅོད་པར་འགྱུར་བ་དང་། སྤྱོད་ལམ་ཀུན་ཏུ་ཚུལ་ཁྲིམས་ལ་མི་ཆགས་ཤིང་། ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་དང་ཆོས་ཆེན་པོ་ལ་ནན་ཏན་བྱེད་ཅིང་འཕགས་པའི་ཆོས་ཀྱི་སྤྱོད་ཡུལ་ཚད་མེད་པ་འཛིན་པ་ལ་ཤིན་ཏུ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སླད་དུ་བདག་ཞུ་བ་ཞུའོ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་ལགས། ཇི་ལྟར་ན་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་ལགས། ཇི་ལྟར་ན་དྲན་པའི་མཐུ་དང་ལྡན་པ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་ལགས། ཇི་ལྟར་ན་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལེགས་སོ་ལེགས་སོ།། འཇིག་རྟེན་འཛིན་དེ་ལྟར་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་དེ་བཞིན་གཤེགས་པ་ལ་དོན་དེ་དག་དྲིས་པ་ནི་ལེགས་སོ། ། ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར། ལྷ་དང་བཅས་པའི་འཇིག་རྟེན་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། གཞན་ཡང་ད་ལྟར་གྱི་དུས་དང་། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་འོད་ཆེན་པོས་སྣང་བར་བྱ་བའི་ཕྱིར་དྲི་བ་དྲིས་པའི་བསོད་ནམས་ནི་དཔག་ཏུ་མེད་དོ། ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་དོན་འདི་དག་དྲིས་པ་ངེས་པར་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཡོངས་སུ་གཅད་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་འོད་ཀྱིས་སྣང་བར་བྱ་བ་དང་། བསྲུང་བར་བྱ་བའི་སེམས་ཅན་དག་ལ་ཕན་པའི་དོན་བསྟན་པའི་ཕྱིར་སྐྱེ་བོ་དག་གཡང་སའི་ལམ་ལས་བསྒྲལ་བར་བྱ་བའི་ཕྱིར། སྐྱེ་བོ་མང་པོའི་རྟེན་དང་། གནས་དང་། མགོན་དང་། སྐྱབས་བྱ་བའི་ཕྱིར། ངན་སོང་གསུམ་ལས་འོདོན་ཅིང་དབྱུང་བའི་ཕྱིར། སེམས་ཅན་དག་བླ་ན་མེད་པའི་ལམ་ལ་གཟུད་པའི་ཕྱིར། སྐྱེ་བོ་མང་པོ་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། ཟློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་དང་། འཁྲུག་པ་ལས་རྣམ་པར་གྲོལ་བའི་ཕྱིར། སེམས་ཅན་ལ་བླ་ན་མེད་པ་མྱ་ངན་ལས་འདའ་བའི་བདེ་བ་སྦྱིན་པའི་ཕྱིར། ཕྱི་མ་མ་འོངས་པའི་དུས་ན། དམ་པའི་ཆོས་བསྲུང་ཞིང་བསྐྱབ་པའི་ཕྱིར། ཕྱི་མ་མ་འོང་བའི་འཇིག་པའི་དུས་ངན་པའི་སེམས་ཅན་དག་བསྒྲལ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་དྲི་བར་བསམས་པ་ལེགས་སོ། ། དེ་ལྟ་བས་ན་འཇིག་རྟེན་འཛིན་ཁྱོད་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཞིག་དང་། རྣམ་པར་ཕྱེ་སྟེ་བཤད་པར་བྱའོ།། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ནོ།། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྐྱེས་བུ་དམ་པ་དེ་ལ་འདི་སྐད་ཅེས་བྱ་སྟེ། ཕན་པའི་དོན་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། དྲན་པ་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བ་དང་། དྲན་པ་རྒྱུན་མི་འཆད་པ་ཐོབ་པར་བྱ་བ་དང་། ཤིན་ཏུ་བྱང་བའི་ཤེས་རབ་ཀྱིས་གོང་ནས་གོང་དུ་འཕར་བ་དང་ལ། རྟག་ཏུ་དྲན་པའི་སེམས་དང་ལྡན་པའོ།། འཇིག་རྟེན་འཛིན་འདི་དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ། ། འཇིག་རྟེན་འཛིན་གཞན་ཡང་དོན་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན། ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། ཆོས་རྣམས་ཀྱི་ངེས་པའི་དོན་ལ་ཤིན་ཏུ་ཤེས་པར་བྱ།། བ་དང་། ཆོས་རྣམས་ཀྱི་དོན་ཤིན་ཏུ་ཤེས་པར་བྱ་བ་དང་། ཆོས་རྣམས་ཀྱི་རྒྱུ་དང་རྐྱེན་རྣམ་པ་སྣ་ཚོགས་ཤིན་ཏུ་ཤེས་པར་བྱ་བ་དང་ལ། ཆོས་རྣམས་ཀྱི་ཡང་དག་པའི་སྒོར་འཇུག་པར་བྱ་བ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས།། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། ཚད་མེད་པའི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་ཤེས་པར་བྱ་བ་དང་། ཚད་མེད་པའི་ངེས་པའི་ཆོས་བསྒོམ་པ་ལ་ཤིན་ཏུ་མཁས་པར་བྱ་བ་དང་། ཚད་མེད་པའི་ཡོན་ཏན་སྤྱོད་པ་འཕེལ་ཞིང་སྐྱེ་བར་བྱ་བ་དང་། ཆོས་རྣམས་ཀྱི་སྐྱེ་བ་དང་འགག་པའི་མཚན་ཉིད་ཤེས་པ་དང་། མཐོང་བར་བྱ་བ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྙེན་པར་བྱ་བ་དང་། བྱང་ཆུབ་ཀྱི་ཚོགས་ཀྱི་ཆོས་རྣམས་མྱུར་དུ་ཡོངས་སུ་རྫོག་པར་བྱ་བ་དང་།། ཆོས་རྣམས་ཀྱི་ཐབས་ལ་ཤིན་ཏུ་མཁས་པས་གཞན་གྱི་དྲིང་ལ་མི་འཇོག་པར་བྱ་བ་དང་2། ཡེ་ཤེས་དང་ཤེས་རབ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱའོ།། འཇིག་རྟེན་འཛིན་འདི་དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམས་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། སེམས་ཅན་ལ་ཕན་པ་དང་། བདེ་བའི་ཕྱིར་སེམས་ལ་སེར་སྣའི་དྲི་མ་མེད་པ་དང་། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་དང་5། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བདེ་བར་གནས་པས། བརྩོན་འགྲུས་སྤྱོད་པ་ལ་བར་ཆད་མེད་པ་དང། ཡང་དག་པར་ཡིད་ལ་བྱེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། བཞི་གང་ཞེ་ན། སྨོན་ལམ་ཕུན་སུམ་ཚོགས་པ་ཤིན་ཏུ་དག་པ་དང་ལྡན་པ་དང་།། སྤྱོད་པའི་ནན་ཏན་ཕུན་སུམ་ཚོགས་པ་རྣམ་པར་དག་པ་དང་ལྡན་པ་དང་ལ། ཅི་མི་སྙམ་པའི་བཟོད་པའི་ཡོན་ཏན་ལ་བདེ་བར་གནས་པ་དང་། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་རྣམ་པར་འབྱེད་པའི་འོད་ཟེར་ཐོབ་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། ། བཞི་གང་ཞེ་ན། མོས་པ་ཆེན་པོས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཚོལ་བ་དང་། བསམ་གཏན་དང་། རྣམ་པར་གྲོལ་བ་དང་། ཏིང་ངེ་འཛིན་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པས། མོས་པ་ཆེན་པོ་བསྐྱེད་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཆེན་པོའི་སེམས་ཐོབ་པར་བྱ་བའི་ཕྱིར། རྣམ་པར་དག་པའི་སྤྱད་པ་སྤྱོད་པ་ལ་སྦྱོར་བ་དང་། ངེས་པའི་དོན་ལ་ཤིན་ཏུ་ལེགས་པར་བསྒོམ་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ། ། བཞི་གང་ཞེ་ན། ཤེས་རབ་ཀྱི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་དག་པ་ཚོལ་བ་དང་ཐོགས་པ་མེད་པའི་ཡེ་ཤེས་ལ་མོས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྨོན་ལམ་རྟག་ཏུ་མི་སྤོང་བའོ།། འཇིག་རྟེན་འཛིན་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ།། འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ།། བཞི་གང་ཞེ་ན། དྲན་པའི་དབང་པོ་ཡོངས་སུ་རྫོགས་པ་གོམས་པར་བསྒོམ་པར་བྱ་བ་དང་། ཤིན་ཏུ་བདེ་བའི་ཤེས་རབ་སྤྱོད་པ་དང་། དྲན་པ་རྒྱུན་མི་འཆད་པ་དང་ལྡན་པ་དང་2། དྲན་པ་ཉེ་བར་གཞག་པ་བཞི་རྫོགས་པར་སྒོམ་པ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ།། བཞི་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྫོགས་པར་བྱ་བའི་ཕྱིར། རྟག་ཏུ་དྲན་པ་སེམས་ལ་འཇོག་པ་དང་། དྲན་པའི་དབང་པོ་རྣོ་བས་སྔོན་གྱི་གནས་ན་བསྒོམ་པ་ཤེས་པས་ཤེས་རབ་རྣམ་པར་དག་པ་དང་ལྡན་པ་དང་8། དྲན་པ་རྒྱུན་མི་འཆད་པ་མྱུར་དུ་ཐོབ་པར་བྱ་བ་དང་ར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་བ་བསྐྱེད་པ་དང་བཞིའོ།། འཇིག་རྟེན་འཛིན་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཚོལ་བར་འགྱུར་རོ།། བཞི་གང་ཞེ་ན། བསམ་པའི་ཐབས་ཡོངས་སུ་རྫོགས་པ་བསྒོམ་པ་དང་། ཡང་དག་པའི་ཡེ་ཤེས་དང་ཤེས་རབ་བསྒོམ་པ་དང། སངས་རྒྱས་ཀྱི་ཆོས་ཐོབ་པར་བྱ་བའི་ཕྱིར་ཤིན་ཏུ་བརྩོན་འགྲུས་བསྐྱེད་པ་དང། དྲན་པའི་སྟོབས་རྒྱུན་མི་འཆད་པ་ཐོབ་པར་བྱ་བའི་ཕྱིར་དྲན་པ་མི་བརྗེད་པའོ། ། འཇིག་རྟེན་འཛིན་འདི་དག་ནི་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི། མཐུ་ཚོལ་བར་འགྱུར་རོ།། འཇིག་རྟེན་འཛིན་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ།། བཞི་གང་ཞེ་ན། ཤེས་རབ་ཤིན་ཏུ་བྱང་བ་དྲན་པའི་ཕྱིར་རྟག་ཏུ་རྒྱུན་མི་འཆད་པའི་བརྩོན་འགྲུས་དང་། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཐོབ་པར་བྱ་བའི་ཕྱིར་རྩེ་གཅིག་པའི་སེམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པ་དང་། ཆོས་ཐམས་ཅད་ཡང་དག་པར་དྲན་པར་བྱ་བའི་ཕྱིར་རྟག་ཏུ་ལེ་ལོ་མེད་པ་དང་2། ཡང་དག་པའི་ཡིད་ལ་བྱ་བའི་ཕྱིར་རྟག་ཏུ་དབང་པོ་རྣམས་སྲུང་བ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ།། བཞི་གང་ཞེན། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་དང་། སྤྱོད་ལམ་རྣམ་པར་དག་པ་དང་ལྡན་པ་དང་། སྤྱོད་པའི་གནས་ཀུན་ཏུ་སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་བསལ་ཏེ་འཇིག་རྟེན་གྱི་ཆོས་ལ་མི་ཆགས་པ་དང་། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་ཡོངས་སུ་སྤངས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ། ། བཞི་གང་ཞེ་ན། མི་འཁྲུགས་པའི་སེམས་ཀྱིས་དགེ་བའི་ཆོས་ཚོལ་བ་དང་སེམས་ཀྱི་མཚན་ཉིད་གཅིག་ལ་གོམས་པར་བསྒོམས་པ་དངཆོས་རྣམས་ཀྱི་རྣམ་གྲངས་ལ་ཡང་དག་པར་འཇུག་ཅིང་ཤིན་ཏུ་མཁས་པ་དང་ལ། འདུ་འཛི་ལ་མི་མོས་པ་དང་། ཁྱིམ་ན་གནས་པ་དང་། རབ་ཏུ་འབྱུང་བའི་གང་ཟག་སྤོང་བ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པར་འགྱུར་རོ། ། བཞི་གང་ཞེ་ན། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། རྟག་ཏུ་ཆོས་ཟབ་མོ་ལ་ནན་ཏན་བྱེད་པ་དང་། རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བ་ལ་དགའ་བ་དང་། གསོལ་བ་དང་ཞུ་བ་ལ་དགའ་ཞིང་ཤེས་རབ་སྒོམ་པ་ལ་མོས་པའོ།། འདི་དག་ནི་ཆོས་རྣམ་པ་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་མཐུ་ཐོབ་པ་ཡིན་ནོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་རྒྱུར་གྱུར་པ་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་ངེས་པའི་དོན་ལ་མཁས་པ་དང་ལ། ཆོས་ཐམས་ཅད་ཀྱི་སྨྲ་བ་དང་ཚིག་གི་རྣམ་གྲངས་ལ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། ཆོས་རྣམས་ཀྱི་ཇི་ལྟ་བའི་གོ་རིམས་ལ་མཁས་པ་དང་། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་བྱུང་བའི་ཐབས་ལ་མཁས་པ་དང་། ཆོས་ཐམས་ཅད་ནན་ཏན་བྱ་བའི་ཐབས་དང་ལྡན་པ་དང་ར། ངེས་པའི་དོན་དང་བཀྲི་བའི་དོན་གྱི་མདོ་སྡེ་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། ལམ་དང་ལམ་མ་ཡིན་པའི་ཤེས་པ་ཤིན་ཏུ་སློབ་པ་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་དོན་ལ་བཤད་པའི་དབང་པོ་ཐོབ་པ་དང་། མྱུར་དུ་རྣམ་པར་དག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཐོབ་པ་དང་ར། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་སྒོམ་པའོ། ། འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པ་ཡིན་ནོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ། ། བཞི་གང་ཞེ་ན། ཀུན་འབྱུང་གི་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་སྒོམ་པ་ལ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་རྒྱུ་འགོག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་རྐྱེན་གྱི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། རྒྱུ་དང་རྐྱེན་གྱིས་ཐབས་ལ་འཇུག་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། སྡུག་བསྔལ་བའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་། ཀུན་འབྱུང་བའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་། འགོག་པའི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དངའ། འགོག་པ་དང་ལམ་གྱི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། ཆོས་རྣམས་འདུ་བ་དང་འཇིག་པའི་སྦྱོར་བ་ལ་མཁས་པ་དང་།། སྔོན་གྱི་རྒྱུས་མཐུ་ཐོབ་པ་དང་ཆོས་ཐམས་ཅད་ཀྱི་ཅི་དང་ཅིས་འདུལ་བ་ལ་ཤིན་ཏུ་མཁས་པ་དང་། ཡི་གེ། འབྲུ་དང་། ཚིག་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་བཞིའོ། ། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པར་འགྱུར་རོ།། བཞི་གང་ཞེ་ན། བཀྲི་བའི་དོན་གྱི་མདོ་སྡེ་ལ་ཤིན་ཏུ་མཁས་པ་དང་། ངེས་པའི་དོན་གྱི་མདོ་སྡེའི་ཚིག་གི་རྗེས་སུ་མི་འབྲང་བ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྒྱལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་མ་མེད་པའི་ཡེ་ཤེས་ལ་བདེ་བར་གནས་པ་སྟེ། འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་། ཤེས་རབ་ལ་ནན་ཏན་བྱེད་པ་ཡིན་ནོ། ། འཇིག་རྟེན་འཛིན་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི། བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ།། བཞི་གང་ཞེ་ན། དགེ་བ་དང་མི་དགེ་བའི་ཆོས་ལ་ཤིན་ཏུ་རྟོག་པ་དང་། དྲན་པ་དང་ཤེས་རབ་ཕུལ་དུ་གྱུར་པ་དང་། སེམས་ཀྱི་སྒྲིབ་པ་ལྔ་ཡོངས་སུ་སྤངས་པ་དང་། ནམ་དུའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲན་པ་མི་ཉམས་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། ། བཞི་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་ཊ། རྣམ་པར་འབྱེད་པའི་ཤེས་རབ་ལ་ཤིན་ཏུ་ནན་ཏན་བྱེད་པ་དང་། ཏིང་ངེ་འཛིན་རྣམས་ཀྱི་ཐོག་མར་ཤེས་རབ་གཏོང་བ་དང་2། ངེས་པའི་ཤེས་རབ་ཁོང་དུ་ཆུད་པ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། ། བཞི་གང་ཞེ་ན། གཟུངས་ཀྱི་སྒོ་ཐོབ་པ་དང་། མ་སྐྱེས་པ་ཡེ་ཤེས་བསྒོམ་པ་དང་2། ཟད་པའི་ཡེ་ཤེས་ལ་འཇུག་པ་དང་ང། འགོག་པའི་ཡེ་ཤེས་རྟོགས་པར་བྱ་བ་དང་བཞིའོ།། འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམས་པ་ཨ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། ། བཞི་གང་ཞེ་ན། བྱམས་སྡང་མེད་པར་བྱ་བ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་མི་ཆགས་པ་དང་། འདུས་མ་བྱས་པའི་ཡེ་ཤེས་རྟོགས་པ་དང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཕྱིན་པར་བྱེད་པའོ། ། འཇིག་རྟེན་འཛིན་འདི་དག་ནི་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ། ། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ། ། ལྔ་གང་ཞེ་ན། ཤིན་ཏུ་ལྷག་པའི་བསམ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་1། སྨོན་ལམ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང། དགེ་བའི་རྩ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལ། བསྔོ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ། ། ལྔ་གང་ཞེ་ན། སྤྱོད་ལམ་གྱི་གནས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། དྲན་པ་དང་ལྡན་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སྦྱོར་བའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལ། སེམས་ཅན་ལ་དམིགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། མཚན་ཉིད་ལ་དམིགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ། ། ལྔ་གང་ཞེ་ན། གཏོང་བའི་སེམས་རྣམ་པར་དག་པའི་ཡ་ཨེ་ཤེས་ཀྱི་སྟོབས་དང་སེམས་ཅན་ལ་ཕན་པ་དང་བདེ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་བྱམས་པ་ཆེན་པོ་བསྐྱེད་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། སྙིང་རྗེ་ཆེན་པོ་བསྐྱེད་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོ་བསྐྱེད་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། ། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ། ། ལྔ་གང་ཞེ་ན། ཚུལ་ཁྲིམས་སྲུངས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ཚུལ་ཁྲིམས་བསྲུངས་པ་ལ་མ་ཆགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་བཟོད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལ། བཟོད་པ་ལ་མ་ཆགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང། མང་དུ་ཐོས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། ། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ། ། ལྔ་གང་ཞེ་ན། ལྷག་པའི་བརྩོན་འགྲུས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། བརྩོན་འགྲུས་ལེན་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང། བསམ་གཏན་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལ། བསམ་གཏན་གྱི་ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་གཞི་གནས་དང་ལྷག་མཐོང་གི་ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ། ། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ། ། ལྔ་གང་ཞེ་ན། ཤེས་རབ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། མང་དུ་ཐོས་པའི་ངེས་པར་སྦྱོར་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདའ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། ཤེས་རབ་དང་ཐབས་རྣམ་པར་དག་པ་ཡེ་ཤེས་ཀྱི་སྟོབས་དང་། འདུས་བྱས་དང་འདུས་མ་བྱས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།། འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མའི་རྣམས་རྫོགས་པར་འགྱུར་རོ། ། ལྔ་གང་ཞེ་ན། ཐབས་ལ་རྟོག་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་3། རིག་པ་དང་རྣམ་པར་འགྲོ་བའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། མ་སྐྱེས་པའི་མཚན་ཉིད་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལ། མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་། དོན་དམ་དང་ཀུན་རྫོབ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་སོ།། འཇིག་རྟེན་འཛིན་དེ་དག་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་ཡོན་ཏན་གོང་མའི་རྣམས་རྫོགས་པ་ཡིན་ནོ། ། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དེ་དག་བསྒོམ་པ་ལ་ཤིན་ཏུ་བརྩོན་པར་བྱའོ།། འཇིག་རྟེན་འཛིན་ཆོས་རྣམ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་བརྩོན་པར་འགྱུར་རོ། ། གསུམ་གང་ཞེ་ན། མོས་པ་དང་། བརྩོན་འགྲུས་དངབག་བྱེད་པའོ།། ། ཆོས་རྣམ་པ་འདི་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་ཐམས་ཅད་རྫོགས་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་བརྩོན་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་ནན་ཏན་བྱེད་པ་ནི། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་ལས་ཕྱིར་མི་ལྡོག་པ་ཞེས་བྱའོ།། ཆོས་ལས་ཕྱིར་མི་ལྡོག་པ་ཞེས་བྱའོ།། ཡོན་ཏན་དེ་ཉིད་མྱུར་དུ་འཕེལ་ཞིང་སྐྱེ་བའང་ཐོབ་པར་འགྱུར་ལ། ཆོས་ཐམས་ཅད་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱང་མྱུར་བར་ཐོབ་བོ། ། འཇིག་རྟེན་འཛིན་གང་ཟག་ག་ཞིག་དེ་ལྟར་ཆོས་ཐམས་ཅད་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ཐོབ་པ་ནི་འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་ཞེས་བྱའོ། ། གང་ཟག་དེ་ནི་ངའི་འོག་ཏུ་མཆོད་པའི་རྙེད་པ་ཞུ་བ་ཞེས་བྱའོ།། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་གནས་སུ་ཕྱིན་པ་ཞེས་བྱའོ། ། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་ཆོས་རྟོགས་པ་ཞེས་བྱའོ།། གང་ཟག་དེས་རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པའི་ཡེ་ཤེས་ཆུད་པར་འགྱུར་རོ།། འཇིག་རྟེན་འཛིན་ང་སྔོན་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སངས་རྒྱས་མར་མེ་མཛད་ཀྱིས་ང་ལ་ཁྱོད་བསྐལ་པ་གྲངས་མེད་པ་འདས་ནས་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏེ། ངས་དེའི་ཚེ་ཉིད་ན་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དེ་དག་ཀུན་ཤེས་པར་གྱུར་ཏེ། འཇིག་རྟེན་འཛིན་གང་ཟག་གང་ཞིག་ཆོས་ཐམས་ཅད་ལ་དེ་ལྟ་བུའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུར་བ་ནི། གང་ཟག་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ནི། ད་ལྟར་ངས་ཇི་ལྟར་ཐོབ་པ་བཞིན་ནོ། ། གང་ཟག་དེས་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་བའང་ངས་ཇི་ལྟར་བསྐོར་བ་བཞིན་ནོ།། གང་ཟག་དེས་སེང་གེའི་སྒྲ་སྒྲོག་པར་འགྱུར་བའང་ངས་ཇི་ལྟར་སེང་གེའི་སྒྲ་བསྒྲགས་པ་བཞིན་ནོ། ། གང་ཟག་དེས་རང་བཞིན་གྱི་ཆོས་ཐམས་ཅད་ལ་དབང་དང་། སྟོབས་ཐོབ་པའང་ད་ལྟར་གྱི་ང་ཇི་བཞིན་ནོ།། འཇིག་རྟེན་འཛིན་ཁྱོད་ཀྱིས་ཀྱང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་འདི་བསྒོམ་པ་ལ་བརྩོན་པར་བྱས་ན་རིང་པོ་མི་ཐོགས་པར་ཡེ་ཤེས་དང་། ཤེས་རབ་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་རོ།། འཇིག་རྟེན་འཛིན་སྔོན་བསྐལ་པ་གྲངས་མེད་ཚད་མེད་པ་འདས་པ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། ། འཇིག་རྟེན་འཛིན་བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་པ་དང་། བྱང་ཆུབ་སེམས་དཔའི་དགྲ་འདུན་ཚད་མེད་པ་ཡོད་དོ། ། དེའང་བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལམ་གྱི་རྒྱུ་དང་རྐྱེན་གྱི་དབང་གིས་སོ།། བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དེན་ངན་སོང་གསུམ་གྱི་མིང་ཡང་མི་གྲགས་སྟེ། སེམས་ཅན་དེ་དག་སྡུག་བསྔལ་ཡོད་པར་མི་ཚོར་ཞིང་། མཐར་བདེ་བ་དང་། སྐྱ་དང་ཕུན་སུམ་ཚོགས་པ་དང་ལྡན་པས་འདོད་པ་ཡོངས་སུ་སྤངས་པ་མང་སྟེ། སྦྲིད་པ་ལྔའང་རབ་ཏུ་བཅིལ་བ་ཤ་སྟག་གོ།། སེམས་ཅན་དག་ཀྱང་དེ་ལྟར་ཡོངས་སུ་དག་པའི་བདེ་བ་དང་ལྡན་པ་ནི། བསམ་གཏན་བཞི་པའི་བདེ་བ་ཐོད་པ་བཞིན་ནོ།། བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་དེའི་ཚེའི་ཚད་ནི་བསྐལ་པ་ཁྲི་ཕྲག་ཁྲག་ཁྲིག་སྙེད་དོ། ། དེའི་ཚེ་ན་འཇིག་རྟེན་དེའི་རྒྱལ་པོའང་དེ་བཞིན་གཤེགས་པས་མཛད་དོ།། དེ་མ་ཡིན་པའི། རྒྱལ་པོ་གཞན་མེད་པས། ཡུལ་དེའི་སེམས་ཅན་དག་བཅོམ་ལྡན་འདས་ལ་ཆོས་ཀྱི་རྒྱལ་པོ་ཞེས་བརྗོད་དོ།། བཅོམ་ལྡན་འདས་ཡེ་ཤེས་མཐོང་བའི་རྒྱལ་པོ་དེ། བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་མགུ་བར་འགྱུར་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྟོན་ཏོ།། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་བྱང་ཆུབ་སེམས་དཔའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་བཤད་པ་ཐོས་ནས། འདི་ལྟ་བུའི་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་གྱུར་ཏོ།། འདི་ལྟ་སྟེ། ནམ་འཚོའི་བར་དུ་འདུག་པའི་སེམས་མི་སྐྱེད་པ་དང་། ནམ་འཚོའི་བར་དུ་གོས་སུ་འདུ་ཤེས་པ་མི་སྐྱེད་པ་དང་། ནམ་འཚོ་བའི་བར་དུ་བདག་ཏུ་འདུ་ཤེས་པ་དང་སེམས་ཅན་དུ་འདུ་ཤེས་པ་དང་། སྐྱེས་པ་དང་། བུད་མེད་དུ་འདུ་ཤེས་པ་མི་སྐྱེད་པ་དང་། ནམ་འཚོ་བའི་བར་དུ་ཟས་མང་དུ་ཟ་ཞིང་། འདི་ལྟ་བུའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་ནན་ཏན་བྱེད་དོ། ། བརྩོན་འགྲུས་ལ་རབ་ཏུ་འབད་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དགེ་བའི་རྩ་བ་དེ་ཉིད་ཀྱི་རྒྱུ་དང་རྐྱེན་གྱིས་ཚེ་འཕོས་ནས།། ཐམས་ཅད་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས་ཁྲི་ཕྲག་བཅུ་འདས་པའི་ཕ་རོལ་གྱི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སོ།། དེར་སྐྱེས་ནས་ཆོས་དེ་ལ་ནན་ཏན་བྱས་པས། རིང་པོ་མི་ཐོགས་པར་སྔོན་གྱི་གནས་དྲན་ཏེ། དབང་པོ་རྣོན་པོར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་དེ་ན་ཚད་མེད་པའི་མེ་ཏོག་བརྩེགས་པའི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ད་ལྟར་བཞུགས་ཏེ་འཚོ་ཞིང་ཆོས་ཀྱང་སྟོན་ཏོ། ། བྱང་ཆུབ་སེམས་དཔའ་དག་ལོ་བཅུ་དྲུག་ལོན་ནས། བཅོམ་ལྡན་འདས་ཚད་མེད་པའི་མེ་ཏོག་བརྩེགས་པའི་རྒྱལ་པོའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ལོ་ཁྲི་ཕྲག་དྲུག་ཅུའི་བར་དུ་གཞོན་ནུར་ཚངས་པར་སྤྱད་པ་སྤྱོད་ཅིང་། དེ་ལྟ་བུའི་བརྩོན་འགྲུས་དང་ནན་ཏན་བྱེད་དོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་དེ་ལྟར་དེ་བཞིན་གཤེགས་པ་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ། བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་བརྩོན་འགྲུས་ཤིན་ཏུ་བརྩམས་པས་དྲན་པ་དང་། བདེ་བ་དང་། ཤེས་རབ་ཕུལ་དུ་གྱུར་པ་དང་ལྡན་པར་གྱུར་ཏོ། ། ཐ་མ་བཅོམ་ལྡན་འདས་ཚད་མེད་པ་སྟོབས་མཐོ་བའི་རྒྱལ་པོ་ཞེས་བྱ་བ་དང་ཕྲད་ནས། བཅོམ་ལྡན་འདས་དེས་ལུང་བསྟན་པ། ཁྱེད་བསྐལ་པ་ཁྲི་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ།། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་ཀྱང་། བསྐལ་པ་ཁྲིའི་བར་དུ་སངས་རྒྱས་སྟོང་ཕྲག་གཉིས་དང་ཕྲད་ནས། སངས་རྒྱས་ཀྱི་བྱང་ཆུབ་ཡོངས་སུ་རྫོགས་ཏེ། བསྐལ་པ་གཅིག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ།། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དག་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་དེ་ལྟར་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་བསྐྱེད་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་སངས་རྒྱས་རྣམས་ཀྱི་ཟླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རྩ་བ་ནི། མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་དང་། གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་སུ་གྱུར་པའི་ཆོས་གང་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་རྣམས་སོ། ། འཇིག་རྟེན་འཛིན་ངས་དེ་ལྟ་བུའི་བརྩོན་འགྲུས་ཀྱིས་སངས་རྒྱས་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ། སངས་རྒྱས་དེ་དག་གི་ཆོས་ཀྱང་སྐྱེ་བའི་གནས་ཐམས་ཅད་དུ་དྲན་པ་དང་ལྡན་པར་གྱུར་ཏོ། ། སྐྱེ་བའི་གནས་ཐམས་ཅད་དུ་སྔོན་གྱི་གནས་དྲན་པས། ཆོས་འདི་སྒོམ་པ་ལ་བར་ཆད་མེད་དེ། ངས་མོས་པ་དང་། བརྩོན་འགྲུས་དང་། བག་བྱས་པ་ལས་མ་ཉམས་པས། རྟག་ཏུ་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་དང་ལྡན་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཐུགས་རྗེ་དང་བྱམས་པ་ཆེན་པོའི་ཐུགས་ཀྱིས་ཕྱོགས་བཞིར་གཟིགས་ནས། མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་མཐུ་བསྟན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཛམ་བུའི་གླིང་ཀུན་ཏུ་སྤྲུལ་པའི་སངས་རྒྱས་དག་བཞུགས་ཤིང་། སེམས་ཅན་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་མགུ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་སྟོན་པར་གྱུར་ཏོ། ། གཞན་ཡང་རྫུ་འཕྲུལ་གྱི་མཐུས་འོད་མའི་ཚལ་གྱི་འཁོར་གྱི་དཀྱིལ་འཁོར་ཡང་། སྤྲུལ་པའི་སངས་རྒྱས་ཀྱིས་འཛམ་བུའི་གླིང་གང་བ་བཞུགས་ཤིང་། སོ་སོ་ནས་དམ་པའི་ཆོས་སྟོན་པར་མཐོང་ནས། འཁོར་གྱི་དཀྱིལ་འཁོར་རྣམས་རབ་ཏུ་དགའ་བར་གྱུར་ཏེ། འདུག་པ་ལས་ལངས་ནས་སངས་རྒྱས་ལ་ཕྱག་འཚལ་ཏེ། འདི་སྐད་དུ་ངོ་མཚར་ཆེའོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུ་བསམ་གྱིས་མི་ཁྱབ་བོ།། ཚད་མེད་པ་བསམ་གྱིས་མི་ཁྱབ་པའི་ཆོས་ལྷུན་གྱིས་གྲུབ་བོ་ཞེས་སྨྲས་སོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས། འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་བསྟན་པའི་དངོས་པོ་དེ་དག་ངོ་མཚར་ཆེ་བ་མ་ཡིན་ནོ། ། དེ་ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པ་ཆོས་ཉིད་ཐུགས་སུ་ཆུད་པས། བ་སྤུའི་ཁུང་བུ་གཅིག་ནས་ཀྱང་མངོན་པར་ཤེས་པའི་རྫུ་འཕྲུལ་གྱི་མཐུས་འོད་ཟེར་བཀྱེ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་མཛད་ཅིང་། ཆོས་ཀྱི་གསུང་སྒྲོགས་ཀྱང་། བ་སྤུའི་ཁུང་བུ་གཅིག་ནས་བསྟན་པའི་བརྒྱ་སྟོང་གི་ཆ་གཅིག་ཙམ་ཡང་རྫོགས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའོ།། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ནི་སེམས་ཅན་དག་གི་བསམ་པ་ཐུགས་སུ་ཆུད་ནས་དེ་ལ་ཆོས་སྟོན་ཏོ། ། རིགས་ཀྱི་བུ་རྣམས་ད་ལྟར་གྱི་དུས་ཀྱི་སེམས་ཅན་དག་ནི་ཆོས་འདི་སྤྱོད་པ་ལ་མོས་པ་ཉུང་ངོ་། ། རིགས་ཀྱི་བུ་དག་ད་ལྟར་གྱི་དུས་ཀྱི་སེམས་ཅན་དག་ནི་ཆོས་འདི་སྤྱོད་པ་ལ་བརྩོན་འགྲུས་རྩོམ་པ་ཉུང་ངོ་།། རིགས་ཀྱི་བུ་དག་ད་ལྟར་གྱི་སེམས་ཅན་དག་ནི་ཆོས་འོང་ལ་བག་བྱེད་པར་སྤྱོད་པའང་ཉུང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། དུས་ངན་པའི་སེམས་ཅན་དག་གིས་ཆོས་འདི་ལ་སྤྱོད་པའང་རབ་ཏུ་ཉུང་ངོ་།། དེ་བཞིན་གཤེགས་པ་ནི་རྙོག་པ་ལྔའི་འཇིག་རྟེན་ངན་པར་བྱུང་ངོ་།། འདི་ལྟ་སྟེ། སེམས་ཅན་གྱི་རྙོག་པ་དང་། ལྟ་བའི་རྙོག་པ་དང་།། ལ་ཚེའི་རྙོག་པ་དང་།། ལ་ཉོན་མོངས་པའི་རྙོག་པ་དང་།། བསྐལ་པའི་རྙོག་པའོ།། རིགས་ཀྱི་བུ་དག་ཆུང་ངུ་ན་སེམས་ཅན་འགའ་ཞིག་ཤིན་ཏུ་ཟབ་མོའི་རྣམ་པར་དག་པའི་ཆོས་འདི་ལ་ཡིད་ཆེས་ཏེ། སངས་རྒྱས་ཀྱི་ཤེས་རབ་ལ་ཕྱིན་པར་བྱེད་ན། དེ་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཡིན་ན། དེ་བཞིན་གཤེགས་པའི་སྤོད་ཡུལ་ལ་མོས་པ་ལྟ་ཅི་སྨོས། རིགས་ཀྱི་བུ་དག་ང་རྟག་ཏུ་ཡུན་རིང་པོ་ནས་དེ་ལྟ་བུའི་སྨོན་ལམ་གྱིས་བརྒྱན་ཅིང་། དེ་ལྟ་བུའི་བརྩོན་འགྲུས་དང་བཟོད་པ་བྱས་པའང་སྡུག་བསྔལ་གྱིས་གཟིར་བའི་སེམས་ཅན་མགོན་མེད་པ་དང་། སྐྱབས་མེད་པ་དང་། ངན་སོང་དུ་ལྷུང་བ་དག་གི་ཕྱིར་རོ།། ང་དེའི་ཚེ་ན་མངོན་པར་སངས་རྒྱས་ནས། སྐྱེ་བོ་གྲངས་མེད་ཚད་མེད་པ་དག་ལ་ཕན་པ་དང་བདེ་བའི་དོན་བྱས་སོ།། རིགས་ཀྱི་བུ་དག་དེ་བས་ན་དེ་བཞིན་གཤེགས་པའི་སྔོན་གྱི་རྣམ་པར་དག་པའི་སྨོན་ལམ་དང་། བརྩོན་འགྲུས་ཀྱི་བྱིན་གྱིས་སེམས་ཅན་གྲངས་མེད་པ་ཚད་མེད་པ་རྣམས་འདི་ལྟ་བུའི་ཤིན་ཏུ་ཟབ་མོའི་ཆོས་ལ་དད་ཅིང་ཡིད་ཆེས་པ་དང་། གཟུངས་སུ་འཛིན་པར་གྱུར་ཏོ།། རིགས་ཀྱི་བུ་དག་ངས་སྔོན་བརྟུལ་བའི་སེམས་ཅན་དག་ངའི་ཆོས་འདི་ལ་ཡིད་ཆེས་པར་གྱུར་ཏོ། ། རིགས་ཀྱི་བུ་དག་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་བཞིས་སེམས་ཅན་དག་འདི་ལྟ་བུ་ཤིན་ཏུ་ཟབ་མོའི་ཆོས་ལ་ཡིད་ཆེས་པར་བྱས་པ་ཉུང་ངོ་། ། སེམས་ཅན་གང་ཆོས་འདི་ལ་གནས་པ་ནི་ཀུན་ཀྱང་དེ་བཞིན་གཤེགས་པའི་དགོངས་པའི་མཐུ་དང་། ཐབས་ཀྱི་དབང་གིས་སོ།། ང་ནི་ཡུན་རིང་པོ་ནས་དེ་ལྟ་བུའི་ཆོས་ཟབ་མོ་དང་མ་བྲལ་བས། ཡུན་རིང་པོ་ནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོས་སེམས་ཅན་དག་རྗེས་སུ་བཟུང་སྟེ་མ་བཏང་ངོ་།། དེ་བཞིན་གཤེགས་པ་ནི་རྙོག་པ་ལྔའི་འཇིག་རྟེན་ངན་པར་སེམས་ཅན་ལ་ཕན་པའི་དོན་མཛད་པ་ཉུང་ངོ་།། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་ང་སྔོན་བརྩོན་འགྲུས་ཆེན་པོའི་ཤུགས་དང་། ཐབས་མཁས་པ་ཆེན་པོའི་མཐུས་སེམས་ཅན་གྱི་དོན་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་བསགས་སོ། ། རིགས་ཀྱི་བུ་དག་ང་སྔོན་དུ་དྲན་པ། སྔོན་འདས་པའི་དུས་ན་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་ཉི་མ་གཅིག་ལའང་ལུས་སྟོང་ཡོངས་སུ་བཏང་སྟེ་སྦྱིན་པ་བྱས་སོ། ། རིགས་ཀྱི་བུ་དགང་སྔོན་བྱེ་བ་བརྒྱ་སྟོང་གི་བར་དུ་སེམས་ཅན་བཀྲེས་སྐོམ་པ་དག་མཐོང་ནས། བདག་གིས་ལུས་ཀྱི་ཤ་བཅད་དེ་བཙོས་ནས་སྦྱིན་པ་བྱས་ཀྱང་། ང་དེའི་ཆེ་ན་འཁྲུག་པ་འམ། འགྱོད་པའི་སེམས་མ་སྐྱེས་ཏེ། སེམས་ཅན་དག་ལ་ཁྱབ་པར་སྙིང་རྗེ་ཆེན་པོ་ཀུན་ལ་སྐྱེས་སོ།། རིགས་ཀྱི་བུ་དག་དེ་ལྟར་ངས་བརྩོན་འགྲུས་ཆེན་པོ་དང་ཐབས་མཁས་པ་ཆེན་པོའི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་བསགས་པར་རིག་པར་བྱའོ།། དེ་བས་ན་རིགས་ཀྱི་བུ་དག་དེ་ལྟར་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་ལ་ནན་ཏན་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་བསགས་པར་བྱའོ།། ངས་ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལྟར་ཁྱེད་ཀྱིས་ཀྱང་དེ་ལྟར་ང་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་གྱིས་ཤིག། རིགས་ཀྱི་བུ་དག་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་མངོན་པར་གཤེགས་པ་དེ་དག་ཐམས་ཅད་འདི་སྐད་མི་བསྟོད་པ་གང་ཡང་མེད་དོ། ། འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤིན་ཏུ་བརྩོན་འགྲུས་བརྩམས་སོ།། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བརྩོན་འགྲུས་ཕུན་སུམ་ཚོགས་སོ། ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ནོ།། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་གྱི་དོན་བྱས་ཏེ། འདི་ལྟར་རྙོག་པ་ལྔའི་འཇིག་རྟེན་ངན་པར་བྱུང་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ལ་ཕན་པ་དང་བདེ་བའི་དོན་བྱས་སོ་ཞེས་གསུང་ངོ་།། རིགས་ཀྱི་བུ། དག་དེ་ལྟར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་འདོད་པ་དག་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པར་བརྩོན་པར་བྱའོ།། རིགས་ཀྱི་བུ་དག་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱང་བརྩོན་འགྲུས་བརྩམ་པ་ལས་མ་ཉམས་ཏེ། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུའང་བརྩོན་འགྲུས་བསྐྱེད་ནས། སྐུ་གདུང་ཡུངས་ཀར་གྱི་འབྲས་བུ་ཙམ་དུ་ཕྲ་མོར་གསེས་སྐུའི་ཡན་ལག་ཀྱང་རྣམ་པར་གསེས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེའང་ཕྱི་མ་མ་འོངས་པའི་སེམས་ཅན་རྣམས་ལ་བྱམས་ཤིང་བརྩེ་བའི་ཕྱིར་རོ།། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་བ་སྤྱོད་པའི་ཚེ། སེམས་ཅན་བརྟུལ་བ་དག་སྤྱོད་པ་འཁྲུལ་ཅིང་ནོངས་པར་གྱུར་ནས། བགེགས་ཀྱི་གནས་སུ་ལྟུང་བ་རྣམས་གདོན་པའི་ཕྱིར། ཐུགས་རྗེ་ཆེན་པོ་བསྐྱེད་ནས་སྐུ་གདུང་གསོས་ཏེ། ཕྲ་མོ་ཡུངས་ཀར་གྱི་འབྲུ་ཙམ་ཡང་། རྫུ་འཕྲུལ་གྱི་མཐུ་སྟོན་ཏོ།། ང་ཡོངས་སུ་མྱ་ངན་ལས་འདས་ནས། སེམས་ཅན་གང་སྐུ་གདུང་གིས་འདུལ་བར་འགྱུར་བ་དག་སེམས་རྣམ་པར་དག་པར་འགྱུར་རོ། ། སེམས་རྣམ་པར་དག་པས་གནས་ཐམས་ཅད་དུ་སྨོན་པ་བཞིན་དུ་འགྲུབ་བོ།། རིགས་ཀྱི་བུ་དགང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་དག་ལ་དེ་ལྟ་བུའི་ཐུགས་རྗེའི་ཐུགས་ལྷུན་གྱིས་གྲུབ་པས། སྐུ་གདུང་ཕྲ་མོར་གསེས་ཏེ་ཀུན་ཏུ་ཁྱབ་པར་བྱས་པ་ཡང་། ང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སོ། ། དེ་ལྟར་ཚད་མེད་པའི་ཡོན་ཏན་དང་། བསོད་ནམས་ཀྱི་རྒྱུ་དང་། རྐྱེན་དང་། ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཕྱི་མ་མ་འོངས་པའི་དུས་ངན་པའི་སྐྱེ་བོ་མང་པོ་ལ་སྐྱོབ་པར་གྱུར་ཏོ།། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་གང་ཆོས་འདི་ལ་མོས་པ་དང་། བརྩོན་འགྲུས་དང་། བག་བྱེད་པ་བསྐྱེད་པ་དག་ངེས་པར་ཕྱི་མ་མ་འོངས་པའི་དུས་ན། མདོ་སྡེ་འདི་ལ་སོགས་པ་ཀློག་པ་དང་། འདོན་པ་དང་། འཛིན་པ་དང་། གཞན་ལ་རྒྱས་པར་སྟོན་པར་གྱུར་ཅིག་ཅེས་སྨོན་པར་གྱུར་ཏེ། ངའང་རྫུ་འཕྲུལ་གྱི་མཐུས་བྱང་ཆུབ་སེམས་དཔའ་དེ་དག་ཀློག་པ་དང་། འདོན་པ་དང་། འཛིན་པ་དང་། གཞན་ལའང་རྒྱས་པར་སྟོན་པར་བྱིན་གྱིས་རློབ་བོ།། ངས་ཀྱང་མདོ་སྡེ་འདི་དག་ཀློག་པ་དང་། འདོན་པ་དང་། འཛིན་པ་དང་། གཞན་ལའང་རྒྱས་པར་སྟོན་པར་འགྱུར་བའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་དག་ལ་ཡོངས་སུ་གཏམས་སོ།། དེ་ཇི་ལྟ་ཞེ་ན། རིགས་ཀྱི་བུ་དག་མདོ་སྡེ་འདི་གང་ན་ཡོད་པའི་གནས་དེ་ན་སངས་རྒྱས་བཞུགས་པར་བལྟ་སྟེ། མྱ་ངན་ལས་མ་འདས་པར་རིག་པར་བྱའོ།། དེ་བས་ན་དེ་བཞིན་གཤེགས་པས་མདོ་སྡེ་འདི་དག་བྱང་ཆུབ་སེམས་དཔའ་རྣམས་ལ་གཏམས་སོ། ། རིགས་ཀྱི་བུ་དག་དེ་བས་ན་ངས་འདས་པའི་དུས་ནའང་དེ་ལྟ་བུའི་རྒྱུ་དང་རྐྱེན་གྱིས་སེམས་ཅན་རྣམས་བསྡུས་ཏེ་མ་བཏང་བར་རིག་པར་བྱའོ།། ད་ལྟར་གྱི་དུས་སུའང་སེམས་ཅན་དག་བསྡུས་ཏེ་མ་བཏང་ངོ་། ། མ་འོངས་པའི་དུས་ན་ཡང་སེམས་ཅན་ཡོངས་སུ་བསྡུད་དེ་མི་གཏོང་བར་རིག་པར་བྱའོ།། འདི་ལྟ་སྟེ། མདོ་སྡེ་འདི་ལྟ་བུ་དག་དགོངས་ཤིང་བསྒྲུབས་ནས། ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ལ་ཡོངས་སུ་རྒྱས་པར་བྱ་བའི་ཕྱིར་རོ།། རིགས་ཀྱི་བུ་དག་གལ་ཏེ་ད་ལྟར་གྱི་དུས་སམ། ང་ཡོངས་སུ་མྱ་ངན་ལས་འདས་བའི་འོག་ཏུ་གྲོང་ཁྱེར་རམ། གྲོང་རྡལ་ལམ། རི་འམ། ནགས་ཚལ་ལམ། འབྲོག་དགོན་པ་དག་ན་མདོ་སྡེ་འདི་དག་ཡོད་དེ། གང་ཞིག་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། གཞན་ལ་སྟོན་ཅིང་འཆད་ན་གནས་དེ་ན་སངས་རྒྱས་བཞུགས་པར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་དེའི་རྐྱེན་གྱིས་ངས་སངས་རྒྱས་རྣམས་ལ་ཆོས་ཀྱི་སྐུ་ཞེས་བརྗོད་དོ། ། ཆོས་མཐོང་བ་ན་སངས་རྒྱས་མཐོང་བ་ཞེས་བརྗོད་དོ།། སངས་རྒྱས་ལ་གཟུགས་ཀྱི་སྐུར་མི་བལྟའོ།། གང་ཟག་གང་ཞིག་ཆོས་འདི་ལ་དད་དམ། ཆོས་འདི་ཉན་ན་གང་ཟག་དེ་ནི་སངས་རྒྱས་ལ་དད་པ་དང་། སངས་རྒྱས་ཀྱི་གསུང་རབ་ལ་ཉན་པ་ཞེས་བྱའོ།། གང་ཟག་གང་ཞིག་བཤད་པ་བཞིན་ནན་ཏན་དུའང་བྱེད་ན་གང་ཟག་དེན་སངས་རྒྱས་མཐོང་བ་ཞེས་བྱའོ། ། གང་ཟག་དེ་ནི་ཡང་དག་པར་སྨྲ་བ། ཆོས་སུ་སྨྲ་བ། ཆོས་ཀྱི་རྗེས་སུ་སྤྱོད་པ་ཞེས་བྱའོ།། རིགས་ཀྱི་བུ་དག་ངའི་སྐུ་ནི་ཆོས་མ་ཡིན། ཆོས་མ་ཡིན་པའང་མ་ཡིན་ཏེ། ཆོས་ཀྱི་རྗེས་སུ་འགྲོ་བ་ཞེས་བྱའོ།། ཆོས་ཀྱི་སྦྱིན་པ་སྦྱིན་པའི་མཆོག་དམ་པ་ཞེས་བྱ་སྟེ། ཆོས་ལ་མི་གནས། ཆོས་མ་ཡིན་པ་ལ་མི་གནས་པའོ།། དེ་ཡང་ཇི་ལྟ་ཞེ་ན། གལ་ཏེ་ཆོས་ལ་གནས་ན་སངས་རྒྱས་མཐོང་བ་ཞེས་མི་བྱའོ།། རིགས་ཀྱི་བུ་དག་ཆོས་ཐམས་ཅད་ལ་མི་གནས་པ་ནི། སངས་རྒྱས་མཐོང་བ་ཞེས་བྱའོ།། གང་ཆོས་ཐམས་ཅད་ལ་མཐོང་བ་མེད་པ་ནི། སངས་རྒྱས་མཐོང་བ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་ཞེས་བརྗོད་པར་ཡང་མི་རུང་། ཆོས་མ་ཡིན་ཞེས་བརྗོད་པར་མི་རུང་། ཆོས་སུ་བལྟ་བའང་མ་ཡིན་ནོ།། དེ་ཇི་ལྟ་ཞེ་ན། རིགས་ཀྱི་བུ་དག་མདོ་སྡེ་ལས་ཀྱང་། དགེ་སློང་དག་གང་ངའི་ཆོས་ཤེས་པར་འདོད་པ་ནི། གཟིངས་དང་འདྲ་བར་ཆོས་ཀྱང་དོར་ན་ཆོས་མ་ཡིན་པ་ལྟ་ཅི་སྨོས་ཏེ། གང་ཞིག་ཆོས་དང་ཆོས་མ་ཡིན་པ་ལ་བཏང་སྙོམས་སུ་གྱུར་པ་ནི། སངས་རྒྱས་མཐོང་བ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི། ཆོས་ཐམས་ཅད་ལ་བཏང་སྙོམས་པ་ཞེས་བྱའོ།། ཆོས་ཀྱི་མིང་ལ་མི་ཆགས་མི་འཛིན་པ་སྟེ། ཆོས་ཀྱི་མིང་དུའང་མི་ལྟུང་ན། ཆོས་མ་ཡིན་པའི་མིང་དུ་མི་ལྟུང་བ་ལྟ་ཅི་སྨོས་རིགས་ཀྱི་བུ་དག་ཆོས་ཐམས་ཅད་ཀྱི་མིང་དང་བྲལ་བ་ནི། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་སྟེ། གང་དེ་ལྟར་མཐོང་བ་ནི། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཐོང་བ་དང་བྲལ་བའི་ཕྱིར། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ།། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཤེས་ཤིང་མཐོང་བས། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ།། རིགས་ཀྱི་བུ་དག་གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་ཅིང་།། ཆོས་ཐམས་ཅད་དང་བྲལ་བ་དེ་ལ། ཆོས་དང་ཆོས་མ་ཡིན་པའི་མིང་དུ་སྤྲོས་པ་མེད་ཅིང་རྩོད་དུ་མེད། བྱ་བ་མེད། བསྟན་དུ་མེད་པ་དེ་ནི། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ། ། གང་ཟག་གང་ཞིག་དེ་ལྟར་ཆོས་མཐོང་བ་དེ་དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱའོ།། གང་གིས་དེ་ལྟར་དེ་བཞིན་གཤེགས་པ་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། ། གང་དེ་ལྟར་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བ་ཞེས་བྱའོ།། གང་ལོག་པར་མཐོང་བ་ནི་ཡང་དག་པ་མ་ཡིན་པ་མཐོང་བ་སྟེ། གང་ཟག་དེ་ནི་ཡང་དག་པ་ཉིད་མཐོང་བ་ཞེས་བྱའོ། ། རིགས་ཀྱི་བུ་དག་ཡང་དག་པ་ཉིད་དུ་མཐོང་བ་ནི། ཚིག་དང་སྨྲ་བའི་ལམ་ཐམས་ཅད་ཆུད་པ་སྟེ། ཡང་དག་པ་མ་ཡིན། ཡང་དག་པ་མ་ཡིན་པའང་མ་ཡིན། ཡོད་པའང་མ་ཡིན། མེད་པའང་མ་ཡིན་ཏེ། ཆོས་ཐམས་ཅད་དང་བྲལ་བའང་ཆོས་ཐམས་ཅད་མི་ལེན་པ། ཆོས་ཐམས་ཅད་ལ་མི་དམིགས་པ་སྟེ། དེ་ལྟར་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ནི་ཆོས་ལ་ལྟ་བ་མི་སྐྱེད་དེ། ཆོས་ཐམས་ཅད་ནི་མཚན་ཉིད་དང་བྲལ་བར་མཐོང་བ་ནི། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་སྟེ། གང་དེ་ལྟར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། རིགས་ཀྱི་བུ་དག་ཁྱེད་ཀྱི་དེ་ལྟར་དེ་བཞིན་གཤེགས་པ་ལ་བལྟའོ།། ཁྱེད་ཀྱིས་ངས་བཤད་པ་བཞིན་དུ་དེ་བཞིན་གཤེགས་པ་ལ་བརྟག་པར་བྱའོ། ། གང་དེ་ལྟར་ལྟ་བས་ན་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ།། ཆོས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཉིད་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་ཐོབ་པ་དང་། ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་མཚན་ཉིད་ཐོབ་པ་དང་། ཆོས་ཐམས་ཅད་བཞིན་གཤེགས་པའི་ཆོས་སུ་ཤེས་པ་དང་། ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུའང་ཤེས་པ་དང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་དུ་ཤེས་པར་རིག་པར་བྱའོ། ། རིགས་ཀྱི་བུ་དག་དེ་བས་ན་ངས་ཆོས་ཐམས་ཅད་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་པར་གསུངས་སོ།། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ནི་སྟོང་ཡུལ་མེད་པའོ། ། དེ་ནིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་ཞེས་བྱ་བ་དེ་ལ། ཆོས་གང་ཡང་སྤྱོད་ཡུལ་དུ་མེད་དོ།། དེ་བས་ན་གང་སྤྱོད་ཡུལ་མེད་པ་ལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བཤད་དོ། ། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་ནི་སྤྱོད་ཡུལ་མེད་པ་སྟེ། སྤྱོད་ཡུལ་མེད་པ་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་སྤྱོད་ཡུལ་ནི་ཅིའང་མེད་པ་སྟེ། སྤྱོད་ཡུལ་མེད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱའོ།། སྤྱོད་ཡུལ་ཐམས་ཅད་ནི་དེ་བཞིན་གཤེགས། པའི་སྤྱོད་ཡུལ་དུ་འཇུག་སྟེ། སྤྱོད་ཡུལ་ཡིན་པའོ།། དེ་བཞིན་གཤེགས་པས་ཆོས་དེ་དག་ཐུགས་སུ་ཆུད་པས་ན། སྤྱོད་ཡུལ་མེད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཞེས་བྱའོ། ། རིགས་ཀྱི་བུ་དག་གང་གིས་ཆོས་ཐམས་ཅད་སྤྱོད་ཡུལ་མེད་པར་ཤེས་ན། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པ་ཞེས་བྱའོ།། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རྟོགས་པ་ཞེས་བྱའོ། ། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཚོལ་བ་ཞེས་བྱའོ།། གང་ཟག་དེ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་མ་ཆགས་པ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་སྤྱོད་ཡུལ་མེད་པ་དེ་ལ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་ཤེས། སྤྱོད་ཡུལ་དང་བྲལ་བ་ལ་དེ་བཞིན་གཤེགས་པའི་སྤྱོད། ཡུལ་དུ་ཤེས་སོ།། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་དམིགས་སུ་མེད་པ། བརྟག་ཏུ་མེད་པ། མི་གནས་པའི་ཕྱིར་དེ་བས་ན་སྤྱོད་ཡུལ་མ་ཡིན་པ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལོ། ། ཡེ་ཤེས་ལ་ཞུགས་པའི་སྤྱོད་ཡུལ་ཏེ། ཆོས་ཐམས་ཅད་ལ་ནི་འཇུག་པའི་ཕྱིར་རོ།། དེ་ཇི་ལྟ་ཞེ་ན། ཆོས་ཐམས་ཅད་ལ་སྒོ་མེད་པའི་ཕྱིར་སྒོ་དེས་འཇུག་གོ། རིགས་ཀྱི་བུ་དག་ཆོས་ཐམས་ཅད་ལ་ནི་འཇུག་པའང་མེད། འབྱུང་བའང་མེད། གཟུགས་ཀྱང་མེད་དོ།། དེ་ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ལ་གང་ཡང་དམིགས་པ་མེད་ན། ཅི་ལས་བྱུང་། ཅི་ལ་འཇུག། ཅི་ཞིག་བསྟན། ཅི་ཞིག་སྟོན་པར་འགྱུར། རིགས་ཀྱི་བུ་དག་ད་ནི་ཆོས་ཐམས་ཅད་ཀྱི་སྒོར་ཞུགས་པ་སྟེ། འཇུག་པ་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ། ། ཆོས་ཐམས་ཅད་ནི་འདུ་བའང་མེད། འབྲལ་བའང་མེད། བཅིངས་པའང་མེང་། གྲོལ་བའང་མེད། དེ་ལྟར་ཆོས་ཐམས་ཅད་ཀྱི་སྒོར་ནི་སྒོ་མང་བའི་ཕྱིར། སྒོ་དེ་ནི་འབྱུང་བའི་སྒོ་མ་ཡིན། འཇུག་པའི་སྒོ་མ་ཡིན། སོང་བའི་སྒོ་མ་ཡིན། བརྗོད་པའི་སྒོ་མ་ཡིན་ཏེ། མཐར་མི་སྐྱེ་བའི་སྒོ་ཞེས་བྱའོ།། ཆོས་ཀྱི་སྒོ་དེས་ན་ཆོས་ཐམས་ཅད་ལ་ཤེས་པ་མེད། མཐོང་བ་མེད་དོ།། ཆོས་ཀྱི་སྒོ་དེ་ནི་ཆོས་ལ་རིག་པའང་མེད། འཇུག་པའང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་ཆོས་ཐམས་ཅད་ལ་སྒོ་མེད་དེ། སྒོ་དམིགས་སུ་མེད་པའི་ཕྱིར་རོ། ། ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཐོག་མ་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ།། ཆད་པ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཆད་པ་དམིགས་སུ་མེད་པའི་ཕྱིར་། མཐའ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། མཐར་དམིགས་སུ་མེད་པའི་ཕྱིར་རོ།། ཚད་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། ཚད་དམིགས་སུ་མེད་པའི་ཕྱིར་རོ།། མུ་མེད་པ་ནི་ཆོས་ཐམས་ཅད་ཀྱི་སྒོ། མུ་དམིགས་སུ་མེད་པའི་ཕྱིར་རོ།། རིགས་ཀྱི་བུ་གང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དྲུག་གང་ཞག་ཆོས་ཀྱི་སྒོ་འདིར་ཞུགས་ན་ཆོས་ཐམས་ཅད་ཀྱི་སྒོར་ཐུགས་པ་དང་། ཆོས་ཐམས་ཅད་ཀྱི་སྒོ་སྟོན་པ་ཞེས་བྱའོ།། གླེང་གཞིའི་ལེའུ་སྟེ་གཅིག་གོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཆོས་ཐམས་ཅད་ཡང་དག་པའི་མཚན་ཉིད་ཐོབ་པར་འདོད་པ་དང་ཆོས་རྣམ་པར་འབྱུད་པའི་མཚན་ཉིད་ལ་མཁས་པར་འདོད་པ་དང་། གང་དྲན་པའི་སྟོབས་ཐོབ་པར་འདོད་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་ཤེས་རབ་ཐོབ་པར་འདོད་པ་དང་། གང་འདི་ལུས་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་ཐོབ་པར་འདོད་པ་དག་ཆོས་ཀྱི་སྒོ་འདི་ལ་མྱུར་དུ་འཇུག་པར་བྱའོ།། ཆོས་ཀྱི་སྒོ་འདིས་ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྒོ་འདིས་ནི་མྱུར་དུ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར། གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམ། དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་སྒོ་འདི་ལ་ནན་ཏན་དུ་བརྩོན་པར་བྱའོ།། གང་ཆོས་ལ་སྦྱོར་བའི་སྒོ་འདི་ལ་ཞུགས་པ་ནི། ཕུང་པོ་ལ་སྦྱོར་བ་དང་། ཁམས་ལ་སྦྱོར་བ་དང་སྐྱེ་མཆེད་ལ་སྦྱོར་བ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ལ་སྦྱོར་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སྦྱོར་བ་དང་། དབང་པོ་ལྔ་ལ་སྦྱོར་བ་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་སྦྱོར་བ་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་ཤིང་། གཞན་ཡང་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་སྦྱོར་བ་ལ་རྣམ་པར། འབྲེལ་བ་ལ་མཁས་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་དག་པར་རྟོག་པ་ནི། འདི་ལྟ་སྟེ། མ་རིག་པའི་ཕུང་པོ་ནི་ཉེ་བར། ལེན་པའི་ཕུང་པོའོ།། སྡུག་བསྔལ་གྱི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོའོ།། གཏི་མུག་གི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོའོ།། ནད་ཀྱི་ཕུང་པོ་དང་། ཤུ་བའི་ཕུང་པོ་དང་ཟུག་རྔུའི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། ། བྱང་ཆུབ་སེམས་དཔའ་རྣམས་གཟུགས་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་བརྟག་པར་བྱའོ།། དེ་ལ་གཟུགས་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་ཇི་ལྟར་བརྟག་ཅེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དེ་ནི་ཆེན་པོ་བཞི་ལས་སྐྱེས་པ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བཏགས་པ་ཙམ་དུ་ཟད་། ། གཟུགས་ཀྱི་ཕུང་པོ་ལ་རང་བཞིན་མེད་དེ། ཆེན་པོ་བཞི་འདུས་པར་ཟད་པས་གཟུགས་ཀྱི་ཕུང་པོ་ཞེས་བཏགས་པ་ཙམ་མོ།། གཟུགས་ཀྱི་ཕུང་པོ་ནི་བྱས་པ་མེད་པ། བྱེད་པ་མེད་པ། བྱ་བ་མེད་པ། འབྱུང་བ་མེད་པའོ།། གཟུགས་ཀྱི་ཕུང་པོ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་རྒྱུ་དང་། རྐྱེན་དང་། ཆེན་པོ་བཞི་འདུས་པ་ལས་གཟུགས་ཀྱི་ཕུང་པོ་ཞེས་བཏགས་པབ་ཙམ་དུ་ཟད་ཀྱི། ཕུང་པོ་མ་ཡིན་པ་དེ་གཟུགས་ཀྱི་ཕུང་པོ་ཡིན་ནོ།། དཔེར་ན་ནམ་མཁའི་ཕུང་པོ་དང་འདྲ་སྟེ། ཡང་དག་པར་སྐྱེ་བའི་མཚན་ཉིད་མེད་དོ།། གང་ནམ་མཁའི་ཕུང་པོ་ཞེས་བརྗོད་པ་དེ་ལ། ཆོས་གང་ཡང་མ་སྐྱེས་ཏེ། མིང་ཙམ་ཡོད་པའི་ཕྱིར་ནམ་མཁའི་ཕུང་པོ་ཞེས་བྱའོ།། བྱིས་པ་སོ་སོའི་སྐྱེ་བོས་ཕུང་པོ་དང་། ཕུང་པོའི་མཚན་ཉིད་མེད་པ་འདི་ལ་ཕྱིན་ཅི་ལོག་གི་སེམས་ཀྱིས་ཡང་དག་པ་མ་ཡིན་པར་ཡང་དག་པར་འཛིན་ཏེ། བདག་ཕུང་པོ་ལྔའོ།། བདག་གི་ཕུང་པོ་ལྔའོ།། བདག་གཟུགས་ཀྱི་ཕུང་པོའོ།། བདག་གི་གཟུགས་ཀྱི་ཕུང་པོ་ཞེས་དེ་ལྟར་ཞེན་ཏོ། ། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གཟུགས་ལ་ཞེན་ནས་གཟུགས་ལ་བདག་དང་། བདག་གི་བ་དང་། གཟུགས་ཡོད་པ་དང་། གཟུགས་སུ་འཛིན་པ་དང་། གཟུགས་སུ་ལེན་པ་དང་། གཟུགས་ལ་ཞེན་པ་དག་གཟུགས་ལ་གནས་ཤིང་རྟེན་ཏེ། སྡིག་པ་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་སྤྱོད་ཅིང་མྱོང་བར་བྱེད་དོ།། བདག་ཅག་གིས་ནི་བྱིས་པ་སོ་སོའི་སྒོ་བོའི་རྗེས་སུ་བསླབ་པའི་མི་རིགས་ཀྱི། བདག་ཅག་གིས་བརྩོན་འགྲུས་བསྐྱེད་དེ། བྱང་ཆུབ་ཀྱི་ཚོགས་ཀྱི་ཆོས་བསྒོམ་པ་ལ་ནན་ཏན་བྱའོ།། གཟུགས་ཀྱི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་བརྟག་པར་བྱ་བའི་རིགས་སོ། ། བྱང་ཆུབ་སེམས་དཔའ་རྣམས་གཟུགས་ཀྱི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཚེ། ཆུའི་དབུ་བ་དང་འདྲ་བར་ཤེས་སོ། ། དེ་ལ་ཇི་ལྟར་ན་ཆུའི་དབུ་བ་དང་འདྲ་བར་ཤེས་ཤེ་ན། དབུ་བ་མེད་པ་ནི་ཆུའི་དབུ་བ་སྟེ། དེའང་རྐྱེན་མང་པོ་ལས་སྐྱེས་སུ་ཟད་ཀྱི། གཟུང་ཞིང་བཅང་དུ་མི་བཟོད། སྲ་བའམ། སྙིང་པོ་མེད་པས། ཆུའི་དབུ་བ་ད་ལ་དབུ་པའི་མཚན་ཉིད་མེད་དེ། གང་དབུ་བ་མེད་པ་ལ་ཆུའི་དབུ་པ་ཞེས་བྱ་བ་བཞིན་དུ་གཟུགས་ཀྱི་ཕུང་པོའང་དེ་དང་འདྲ་སྟེ། གཟུགས་ཀྱི་ཕུང་པོའི་མཚན་ཉིད་མེད་དོ། ། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་རྟོག་པའི་ཚེ་འདི་སྙམ་དུའང་བྱིས་པ་སོ་སོའི་སྐྱེ་བོ་ནི་ཡང་དག་པ་མ་ཡིན་པའི་གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་རྟག་པར་མི་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་མཚན་ཉིད་མི་ཤེས་སོ་སྙམ་ནས། བདག་ཅག་ཡང་དག་པའི་ལམ་ལ་ཞུགས་པས། ཡང་དག་པ་མ་ཡིན་པ་དང་། གཟུགས་ལ་ཞེན་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཞེན་པར་བྱ་བའི་མཚན་ཉིད་མ་ཡིན་ཏེ། མིང་ཙམ་དུ་ཟད་ཀྱི། ངེས་པའི་མཚན་ཉིད་མེད་དོ།། དེ་ལྟར་གཟུགས་ནི་ངེས་པའི་མཚན་ཉིད་མེད་ཅིང་། མིང་དང་ཡང་བྲལ་བའི་ཕྱིར་གཟུགས་ཞེས་བྱའོ།། ཡང་གཞན་དུ་ན་གཟུགས་ནི་འཇིག་པའི་མཚན་ཉིད་ཡིན་ཏེ། མཁས་པ་དག་གིས་ནིཁོང་དུ་ཆུད་པས་མཚན་མ་མེད་པར་ཤེས་སོ། ། བདག་ཅག་གིས་གཟུགས་མཚན་མ་མེད་པའི་སྦྱོར་བ་བསྒོམ་པ་ལ་མཁས་པར་བྱའི། གཟུགས་ཀྱི་མཚན་མ་ལ་ཞེན་པར་མི་བྱའོ།། གང་ཟག་གང་ཞིག་གཟུགས་ཀྱི་མཚན་མ་ལ་ཞེན་ནས། གཟུགས་ལ་ཞེན་པ་ཞེས་བདག་ཅག་གི་གཟུགས་ཀྱི་མཚན་མར་འཇུག་པ་ལ་ཤིན་ཏུ་མཁས་པར་བྱའོ།། བྱང་ཆུབ་སེམས་དཔའ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་རྟོག་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་གཟུགས་རྣམ་པར་འབྱེད་པ་རྟོགས་ནས། གཟུགས་ཀྱི་ཕུང་པོ་དེའང་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་རྣམ་པར་བརྟགས་པའི་འདུ་ཤེས་ལས་བྱུང་བར་ཤེས་སོ། ། དེ་ལྟར་ཆོས་རྣམས་རྣམ་པར་བརྟགས་པའི་འདུ་ཤེས་ལས་བྱུང་བས། དེ་ནི་མ་སྐྱེས་པ་སྟེ། རྣམ་པར་བརྟགས་པའི་འདུ་ཤེས་ཐམས་ཅད་ནི་ཡང་དག་པ་མ་ཡིན་པས། བྱིས་པ་སོ་སོའི་སྐྱེ་བོ་བྱིན་ཅི་ལོག་ལ་རྟེན་ཅིང་གནས་ནས། གཟུགས་ཞེས་བསྐྱེད་དེ། གཟུགས་ཀྱིས་གཙེས་པས་སྡུག་བསྔལ་གྱིས་གདུངས་ཏེ་འཁོར་བར་གྱུར་ཏོ། ། མ་རིག་པ་དང་གཏི་མུག་གིས་མདོངས་པས། གཟུགས་སུ་ཞེན་ཏེ་མི་གཏོང་ནས། གཟུགས་ལ་རྟག་པ་དང་། སྲ་བ་དང་། སྙིང་པོ་ཡོད་པར་ལྟ་བས། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་གཟུགས་ཀྱི་བཅིང་བས་བཅིངས་ཏེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། ལྷ་དང་། མིར་རྒྱུན་དུ་འཁོར་ཏེ།། གཟུགས་ཀྱི་རོ་ལ་ཤིན་ཏུ་ཆགས་ཏེ། གཟུགས་དེ་ལ་ཉེས་པའི་སྐྱོན་མང་པོ་ཡོད་པར་མི་བལྟའོ།། བདག་ཅག་གིས་བྱིས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའི། གཟུགས་ཀྱི་སྦྱར་བ་རྣམ་པར་འབྱེད་པ་སྒོམ་པ་ལ་བརྟག་པར་བྱའོ། ། གཟུགས་རྣམ་པར་འབྱེད་པ་ལ་རྟོག་པའི་ཚེ། གཟུགས་ཀྱི་རང་བཞིན་རྨི་ལམ་དང་འདྲ་བར་མཐོང་ངོ་།། འདི་ལྟ། གྱི་ནང་ན་གཟུགས་མཐོང་བ་དེ་ནི་རྣམ་པར་བརྟགས་པའི་འདུ་ཤེས་ཚོར་བ་དང་། རྟོག་པ་ལས་སྐྱེས་ཏེ་མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པ་དང་། རྔ་ད་འལ་པར་འབྱུང་བའང་བསྐྱེད་དེ། བདག་དང་གཞན་དུའང་ཤེས་སོ།། ས་དང་། ཆུ་དང་། མེ་དང་། རླུང་དུའང་མཐོང་ངོ་།། རི་དང་། ཆུ་དང་། ནགས་ཚལ་ལ་སོགས་པ་མཐོང་དེ་ལྟར་རྨི་ལམ་གྱི་གཟུགས་ཀྱི་མཚན་མ་དེ་ལ་ངེས་པར་ཆད་པ་མེད་དེ། རྣམ་པར་བརྟགས་པའི་འདུ་ཤེས་ལས་གཟུགས་ཀྱི་ཕུང་པོའི་མཚན་མར་བསྐྱེད་པའང་དེ་བཞིན་ཏེ། སྡོམ་ལས་ཀྱི་རྒྱུ་དང་རྐྱེན་ལས་སྐྱེས་ཏེ། ངེས་པའི་རང་བཞིན་ཅན་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཡིད་ལ་བྱེད་པ་ན། གཟུགས་ལ་བདག་གམ། བདག་གི་བར་ལེན་ཏོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ལ་རྟོགས་སོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟག་པའི་མཚན་ཉིད་དང་། ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་རྟོག་གོ། སེམས་ཅན་དག་གི་ཕྱིན་ཅི་ལོག་གིས་བསླང་པའི་གཟུགས་ལ་བདག་གཟུགས། བདག་གཟུགས་གཞན། གཟུགས་གཞན་གྱི་གཟུགས་སུ་ཞེན་ཅིང་འཛིན་ཏོ།། དེ་ལྟར་གཟུགས་རྣམ་པར་འབྱེད་པ་ལ་རྟོག་པའི་ཚེ། གཟུགས་སུ་མི་དམིགས། གཟུགས་ཀྱི་རང་བཞིན་མི་མཐོང་། གཟུགས་མི་རྟག་པ་ལའང་མི་ཆགས་སོ།། བྱང་ཆུབ་སེམས་དཔས་དེའི་ཚེ་གཟུགས་ལ་ཆགས་པ་དང་། འཛིན་པ་ཐམས་ཅད་བསལ་ཏེ་མེད་པར་གྱུར་ན། གཟུགས་ཀྱི་ཡང་དག་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་ཡིན། གཟུགས་མཉམ་པའི་མཚན་ཉིད་ཤེས་པ་ཡིན། གཟུགས་འགོག་པའི་མཚན་ཉིད་ཤེས་པ་ཡིན། གཟུགས་འགོག་པའི་ལམ་གྱི་མཚན་ཉིད་ལ་མཁས་པ་ཡིན། གཟུགས་ཀྱི་ཕུང་པོ་གང་ནས་ཀྱང་མ་འོངས་ལ། གང་དུའང་མི་འགྲོ་བར་རབ་ཏུ་རྟོགས་སོ།། དེ་ལྟར་རྟོག་པའི་ཚེ་ན་ལུས་དང་། གཟུགས་ཀྱི་ཕུང་པོ་དེ་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་། རྣམ་པར་བརྟགས་པ་ལས་སྐྱེ་སྟེ། ཆེན་པོ་བཞིས་འདུས་པ་ལས་བྱུང་བར་ཤེས་སོ།། ལུས་ཀྱི་གཟུགས་ཀྱི་ཕུང་པོ་ནི་བདག་མ་ཡིན། གཞན་མ་ཡིན། བདག་པོ་མེད་དེ། ག་ལས་ཀྱང་མ་འོངས་སོ།། གཟུགས་ཀྱི་ཕུང་པོ་ལ་དེ་ལྟར་རྟོག་པས། ནང་གི་གཟུགས་ལ་མི་ཆགས་མི་ལེན། ཕྱིའི་གཟུགས་ལ་མི་ཆགས་མི་ལེན། འདས་པའི་གཟུགས་ལ་མི་ཆགས་མི་ལེན་མ་འོངས་པའི་གཟུགས་ལ་མི་ཆགས་མི་ལེན། ད་ལྟའི་གཟུགས་ལ་མི་ཆགས་མི་ལེན་ཏེ། གཟུགས་ཀྱི་ཕུང་པོ་ཐམས་ཅད་མ་སྐྱེས་པའི་མཚན་ཉིད་དུ་ཤེས་སོ།། དེ་ལྟར་བྱང་ཆུབ་སེན་དཔས་དེའི་ཚེ། གཟུགས་མི་འགག། གཟུགས་འགག་པའི་ཚོལ་ལོ།། འཛག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཟུགས་རྣམ་པར་བྱེད། པ་ལ་རྟོག་པ་ཞེས་བྱའོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔས་འདི་སྙམ་དུ་སེམས་ཏེ། བང་བར་ཚོར་བ་དང་། སྡུག་བསྔལ་དུ་ཚོར་བ་དང་། བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པར་ཚོར་བ་འདི་ནི་རྟེན་ཅིང་འབྲེལ་པ་ལས་བྱུང་སྟེ། རྒྱུ་དང་རྐྱེན་ལས་རག་ལུས་པས། ཚེར་བའི་མཚན་ཉིད་ལ་ཞུགས་ན། དེ་ལ་ཚོར་བར་བྱེད་པ་མེད་དེ། ཞེན་པ་ཙམ་དུ་ཟད་དོ།། ཞེན་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལས་སྐྱེས་པའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་དེ་སྙམ་དུ་སེམས་པ་ན་འདི་སྙམ་དུ། བྱིས་པ་སོ་སོའི་སྐྱེམ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚེར་རབས་བཅིངས་ནས། ཚོར་བ་རྣམ་པ་གསུམ་གྱིས་རྣམ་པར་གཙེས་སོ།། འདི་ལྟ་སྟེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བར་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་རྣམས་སོ།། བྱིས་པ་སོ་སོའི་སྐྱེ་བོ་དག་གལ་ཏེ་བདེ་བར་ཚོར་བ་ན་འདོད་པའི་ཉོན་མོངས་པས་བཀོལ་ཏེ། འདོད་པའི་ཉེ་བའི་ཉོན་མོང་པས་ཉོན་མོངས་པའི་ཕྱིར། མི་དགེ་པའི་ལས་རྣམ་པ་སྣ་ཚོགས་བསྐྱེད་དོ།། གལ་ཏེ་སྡུག་བསྔལ་དུ་ཚོར་བ་ན། ཞེ་སྡང་གི་ཉོན་མོངས་པས་བཀོལ་ཏེ། ཞེ་སྡང་གི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པའི་ཕྱིར། མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བསྐྱེད་དོ།། གལ་ཏེ་བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ན། མ་རིག་པའི་ཉོན་མོངས་པས་བཀོལ་ཏེ། མ་རིག་པའི་ཉེ་བའི་ཉོན་མོངས་པས་ཉོན་མོངས་པའི་ཕྱིར་སྨོས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་གྱིས་གདུངས་པ་ལས་རྣམ་པར་མ་གྲོལ་བར་གྱུར་ཏེ། བདག་གིས་བྱིས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའི། ཆོས་རྣམས་ཀྱི་ཡང་དག་པ་ཉིད་ལ་བརྟག་པར་བྱའོ།། བདག་ཅག་གིས་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བ་ལ་བརྟག་པར་བྱའོ། ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་བརྟགས་ནས་ཡང་འདི་སྙམ་དུ་ཕུང་པོ་མ་ཡིན་པར་ཚོར་བའི་ཕུང་པོ་སྟེ། རྣམ་པར་བརྟགས་པ་ལས་སྐྱེས་པ། ཕྱིན་ཅི་ལོག་དང་ལྡན་པས་ཚོར་བར་བྱེད་པ་མེད་དེ། སྔོན་གྱི་ལས་ཀྱི་རྒྱུ་ལས་སྐྱེས་སོ།། ད་ལྟར་གྱི་རྐྱེན་གྱི་ཚོར་བ་རྣམས་མྱོང་སྟེ། རང་བཞིན་གྱིས་སྦྱོང་བས་ཚོར་བ་ལས་ཚོར་བའི་མཚན་མ་མེད་དོ།། བྱང་ཆུབ་སེམས་དཔའ་རྣམས་ཚོར་བའི་ཕུང་པོ་ལ་རྟོག་པ་ན། ཆུའི་ཆུ་བུར་ལྟ་བུར་སྐྱེས་ནས་འགགས་ཏེ། ངེས་པར་ཆད་པ་མེད་པར་ཆུད་པ་བཞིན་ཚོར་བའི་ཕུང་པོའང་དེ་དང་འདྲ་སྟེ། རྒྱུ་དང་རྐྱེན་འབྲེལ་བ་ལས་སྐྱེས། རྒྱུ་དང་རྐྱེན་ལ་རག་ལས་པས། སྐད་ཅིག་གཅིག་ཀྱང་མི་གནས་ཏེ། ཡང་དག་པ་མ་ཡིན་པས།། རྣམ་པར་བརྟགས་པའི་ཕྱིན་ཅི་ལོག་ལས་སྐྱེས་སོ། ། བྱང་ཆུབ་སེམས་དཔའ་དེ་དག་དེའི་ཚེ་ནའང་འདི་སྙམ་དུ། བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་སྙིང་བརྩེ་བའི་གནས་ཡིན་ནོ།། ཚོར་བའི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟོགས་པས། ཚོར་བ་རྣམས་ཀྱིས་ཉོན་མོངས་པར་གྱུར་ཏོ།། བདེ་བའི་ཚོར་བ་ལའང་ཆགས། སྡུག་བསྔལ་གྱི་ཚོར་བ་ལའང་ཆགས།། བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པའི་ཚོར་བ་ལའང་ཆགས་པ་བསྐྱེད་དེ། ཚོར་བ་རྣམས་ཀྱིས་བཅིངས་པས་འཁོར་བ་ན་འཁོར་ཞིང་། ལུས་གཅིག་ནས་ལུས་གཅིག་ཏུ་རྒྱུན་མི་འཆད་དེ། ཚོར་བའི་ཉོན་མོངས་པས་ནི་ཚོར་བའི་ཕུང་པོའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པའི་ཕྱིར་རོ།། བདག་ཅག་གིས་བྱིས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསྒྲུབ་པར་མི་བྱའི། ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་རྣམ་པར་འབྱེད་པ་ལ་བརྟག་པར་བྱའོ།། དེའི་ཚེ་ཡང་དགུ་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་ལ་རྟོག་པ་ནི་ཕུང་པོ་མེད་པ་ཚོར་བའི་ཕུང་པོ་ཡིན་པ་དང་། ཡང་དག་པ་མ་ཡིན་པའི་ཕུང་པོ་དེ་ཚོར་བའི་ཕུང་པོ་ཡིན་པ་དང་། ཕྱིན་ཅི་ལོག་གི་ཕུང་པོ་དེ་ཚེར་བའི་ཕུང་པོ་ཡིན་པ་དང་། མི་གནས་པའི་ཕུང་བོ་དེ་ཚོར་བའི་ཕུང་པོ་ཡིན་པར་རྟོགས་ཏེ། དེའི་ཚེ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བའི་ཕུང་པོའི་མཚན་ཉིད་མཐོང་སྟེ། བྱས་པ་མེད། བྱེད་པ་མེད་དེ། ཚོར་བའི་ཕུང་པོ་ལ་ཚོར་བའི་བུང་བོཔོའི་མཚན་ཉིད་ཀྱང་མི་མཐོང་ངོ་། ། ད་ལྟར་ཚོར་བའི་ཕུང་པོ་ལ་རྟོག་པ་ན། ཚོར་བའི་ཕུང་པོ་ལ་ནང་ན་གནས་པར་མི་མཐོང་། ཚོར་བའི་ཕུང་པོ་ལ་ཕྱི་རོལ་ན་གནས་པར་མི་མཐོང་སྟེ། ཚོར་བ་བདག་ཅེས་པ་ལ་མི་ཆགས། ཚེར་བ་བདག་གི་བ་ཞེས་པ་ལ་མི་ཆགས་པས། ཚོར་བའི་ཕུང་པོ་ལ་གང་ནས་ཀྱང་མ་འོངས་པ་ལ་བདག་པོ་མེ་དང་། ཆོས་གང་གིས་ཀྱང་མ་སྐྱེད་པར་ཤེས་སོ། ། ཚོར་བ་དེ་ནི་ཕྱིན་ཅི་ལོག་དང་ལྡན་པ་དང་། སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྦྱིན་པ་ལས་ཚོར་བའི་ཕུང་པོ་ཞེས་རྣམ་གྲངས་སུ་བཏགས་པར་ཤེས་སོ།། ཚོར་བའི་དྲུང་པོ་ལ་ཡང་དག་པར་མ་ཡིན་པའི་རྒྱུ་དང་རྐྱེན་རྒྱུན་མི་འཆད་པར་མཐོང་སྟེ། དེའི་དུས་ན་འདས་པའི་ཚོར་བའི་ཕུང་པོ་ལ་མི་ལེན། མི་ཆགས། མི་ཞེ་ན། མ་འོངས་པའི་ཚོར་བའི་ཕུང་ལའང་མི་ལེན། མི་ཆགས། མི་ཞེ་ན། ད་ལྟར་གྱི་ཚོར་བའི་ཕུང་པོ་ལའང་མི་ལེན། མི་ཆགས། མི་ཞེན་ཏེ། གང་ཟག་དེས་བདེ་བའི་ཚོར་བ་ལས་འདོད་པའི་ཀུན་ནས་ཉོན་མོངས་པ་སལ་ཏོ། ། སྡུག་བསྔལ་གྱི་ཚོར་བ་ལས་ཞེ་སྡང་བའི་ཀུན་ནས་ཉོན་མོངས་པ་སེལ་ཏོ།། བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལས།། མ་རིག་པའི་ཀུན་ནས་ཉོན་མོངས་པ་ཤེས་པས། བརྩོན་འགྲུས་རབ་ཏུ་རྩོམ་མོ།། བྱང་ཆུབ་སེམས་དཔས་དེའི་ཚེ། གལ་ཏེ་བདེ་བའི་ཚེར་བ་མྱོང་བ་ན། འདོད་པའི་སེམས་མི་སྐྱེ།། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ན། ཞེ་སྡང་གི་སེམས་མི་སྐྱེ། བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་ན། གཏི་མུག་གི་སེམས་མི་སྐྱེའོ།། འཇིག་རྟེན་འཛིན་བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཕལ་ཆེར་བདེ་བའི་ཚོར་བ་མྱོང་བ་ན་འདོད་པ་སྐྱེའོ། ། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ན་མི་འདོད་པ་སྐྱེའོ།། བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་དང་། གཏི་མུག་སྐྱེ་སྟེ། དེ་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་མདོངས་པར་གྱུར་པས། ཚོར་བའི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མཚན་ཉིད་མི་ཤེས་པས་འདོད་ཆགས་དང་། ཞེ་སྡང་དང་ག་ཏི་མུག་ལ་བ་དག་དངབདག་གི་བ་དང་། འདི་དང་གཞན་དུ་ཆགས་ཤིང་འཛིན་ཏོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བའི་ཕུང་པོ་འདི་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་དུ་མི་འགྱུར་རོ། ། གལ་ཏེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེས་ནའང་དེ་མ་ཐག་ཏུ་ཡོངས་སུ་སེལ་ཅིང་ཡང་དག་པའི་ལམ་ལ་ནན་ཏན་བྱེད་པར་འགྱུར་རོ།། བདེ་བའི་ཚོར་བ་མྱོང་བ་ལས་ནི། འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་བསལ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ།། སྡུག་བསྔལ་གྱི་ཚོར་བ་མྱོང་བ་ལས་ནི། ཞེ་སྡང་གི་ཀུན་ནས་ཉོན་མོངས་པ་བསལ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། ། བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ལས་ནི། གཏི་མུག་གི་ཀུན་ནས་ཉོན་མོངས་པ་བསལ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་རྣམ་གསུམ་ཤེས་པར་བྱེད་དོ།། དེའི་ཚེ་ན་ཇི་ཙམ་དུ་ཚོར་བར་འགྱུར་བ་གལ་ཏེ་བདེ་བར་ཚོར་བ་དང་། སྡུག་བསྔལ་བར་ཚོར་བ་དང་། བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཀུན་ལའང་མ་ཆགས་ཏེ། རིང་དུ་གྱུར་ནའང་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། ཞེ་སྡང་གི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར། གཏི་མུག་གི་ཀུན་ནས་ཉོན་མོངས་པ་དང་བྲལ་བར་འགྱུར་ཏེ། ཚོར་བ་འབྱུང་བའི་དུས་ན་ཚོར་བའི་ཕུང་པོ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མི་རྟག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཤེས་པར་འགྱུར་རོ།། གལ་ཏེ་དེ་ལྟར་ཤེས་ནས། ཚོར་བའི་ཕུང་པོ་ལ་འདོད།། ། པའི་ཆགས་པ་ལ་ཡོངས་སུ་གཅོད་པར་འགྱུར་ཏེ། ཡོངས་སུ་གཅོད་པའི་ཚོར་བ་ལ་ཞུགས་པས། འདོད་ཅིང་ཆགས་པའི་ལམ་དག་ཏུ་ཚོར་བ་རྣམས་ཀྱིས་ཉོན་མོངས་པར་མི་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གལ་ཏེ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་རྟོགས་ཤིང་། ཡང་དག་པ་ཇི་ལྟ་བ་བཞིན་ཚོར་བའི་ཕུང་པོ་ཤེས་ནས། ཚོར་བའི་ཕུང་པོའི་ཀུན་འབྱུང་བ་དང་། ཚོར་བའི་ཕུང་པོའི་འགོག་པ་དང་། ཚེར་བའི་ཕུང་པོའི་འགོག་པའི་ལམ་ཡོངས་སུ་ཤེས་པར་འགྱུར་རོ།། དེ་ནས་ཚོར་བའི་ཕུང་པོ་ལ་མ་སྐྱེས་པའི་མཚན་ཉིད་དུ་ཤེས། མ་སྐྱེས་པའི་མཚན་ཉིད་ཀྱིས་ཚོར་བའི་ཕུང་པོ་ལ་མཚན་མ་མེད་པར་ཁོང་དུ་ཆུད་ཅིང་རྟོགས་པར་འགྱུར་རོ།། འཇིག་རྟེན་འཛིན་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བའི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ལ་རྟོག་པའི་ཚེ། འདུ་ཤེས་ཀྱི་ཕུང་པོ་དེ་བྱོན་ཅི་ལོག་ལས་སྐྱེས་ཏེ། ཡང་དག་པ་མ་ཡིན་པ། སྙིང་པོ་མེད་པ། མི་བརྟན་པ། ཐོག་མ་ནས་མ་སྐྱེས་པའི་མཚན་ཉིད་ཆད་པས་རྒྱུ་དང་རྐྱེན་འདུས་པ་དང་། སྨྱོན་ཀྱི་ལས་ཀྱི་མཐུ་ལས་བྱུང་བ་མཐོང་ངོ་། ། ཡང་འདི་སྙམ་དུ་བུང་པོ་མ་ཡིན་པ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། ཡང་དག་པ་མ་ཡིན་པའི་ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་བློའོ།། ཕྱིན་ཅི་ལོག་གི་ཕུང་པོན་འདུ་ཤེས་ཀྱི་སྲིང་མ་འོ། ། འདུགས་ཀྱི་ཕུང་པོ་ལ་འདུ་ཤེས་ཀྱི་སྲངས་རྣམཚན་མ་མངཔ། དཔེར་ན་དབྱར་གྱི་སྡིག་ནྡྷ་བ་ལྕི་བུ་མང་ཙམ།། ཐིག་ངྒཱ་བྲུང་མེ་དང་འའགྱུར་ཤེས་ཀྱི་ཕུང་པོ་འདིའང་དེ་དང་འདྲ་སྟེ། རྣམ་པར་ཤེས་པའི་འདུ་ཤེས་ཀྱིས་འདུ་ཤེས་ཞེས་བཏགས་སོ།། བྲིས་པ་སོ་སོའི་སྐྱེ་བོ་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་འདིས་བཅིངས་ཏེ། བདེ་བར་རྣམ་པར་ཤེས། སྡུག་བསྔལ་དུ་རྣམ་པར་ཤེས། བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པར་རྣམ་པར་ཤེས། གྲང་བ་དང་ཚ་བར་རྣམ་པར་ཤེས། སྐྱེས་པ་དང་བུད་མེད་དུ་རྣམ་པར་ཤེས། ལམ་རྒྱུད་ལྔར་འཁོར་བར་རྣམ་པར་ཤེས། འདུས་པར་རྣམ་པར་ཤེས། གྱེས་པར་རྣམ་པར་ཤེས། འདས་པར་རྣམ་པར་ཤེས། མ་འོངས་པར་རྣམ་པར་ཤེས། ད་ལྟར་གྱི་རྣམ་པར་ཤེས། བཟང་པོར་རྣམ་པར་ཤེས། ངན་པར་རྣམ་པར་ཤེས། ཡོད་པར་རྣམ་པར་ཤེས།། མེད་པར་རྣམ་པར་ཤེས་སོ།། བྱིས་པ་སོ་སོ་སྐྱེ་བོའི་འདུ་ཤེས་ནི། ཕྱིན་ཅི་ལོག་ཡང་དག་པ་མ་ཡིན་པའི་དབང་དུ་གྱུར་པས། རྒྱུ་དང་རྐྱེན་ལ་རག་ལུས་ཏེ། འདུ་ཤེས་ཀྱི་ཕུང་པོ་ཞེས་བཏགས་པ་ཙམ་དུ་ཟད་དོ།། དེ་ལ་ནི་ནང་ངམ་ཕྱི་རོལ་ན་འདུ་ཤེས་ཞེས་བྱ་བ་མེད་དེ། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་བཅིངས་པས། འདོད་ཆགས་སུ་རྣམ་པར་ཤེས། སྡང་དུ་རྣམ་པར་ཤེས། གཏི་མུག་ཏུ་རྣམ་པར་ཤེས། བུ་དང་ཆུང་མར་རྣམ་པར་ཤེས། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་འདུ་ཤེས་ཀྱི་ཕུང་པོ་ལ་གནས་ཏེ། ཡང་དག་པ་མ་ཡིན་པ་ལ་ཆགས་པས། འདུ་ཤེས་ཀྱི་ཕུང་པོས་འཁོར་བ་ན་འཁོར་བར་གྱུར་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ཡང་དག་པ་མ་ཡིན་པར་མི་རྟོགས་སོ།། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་བདག་ཏུ་འདུ་ཤེས། ཕ་རོལ་པོར་འདུ་ཤེས་སོ།། སྐྱེས་པ་དང་བུད་མེད་དུ་འདུ་ཤེས་ཏེ། འདུ་ཤེས་ཀྱི་ཕུང་པོས་བཅིངས་པས་རྣམ་པར་མ་གྲོལ་ཏེ། བདག་ཏུ་འདུ་ཤེས་ཀྱི་ཕུང་པོ་ཡིན་པ་དང་། བདག་གི་བ་འདུ་ཤེས་ཀྱི་ཕུང་པོ་ཡིན་པར་ཆགས་ཤིང་འཛིན་ཏོ།། བདག་ཅག་ནི་བྱིས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ལ་རྟོགས་པ་ན། འདུ་ཤེས་ཀྱི་ཕུང་པོ་དེ་ལ་འདུ་ཤེས་ཀྱི་ཕུང་པོར་མི་དམིགས་པ་ནི། སྨིག་རྒྱུ་བ་ཕུང་པོ་ལ་སྨིག་རྒྱུ་བའི་ཕུང་པོར་མི་དམིགས་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའི་འདུ་ཤེས་ཀྱི་ཕུང་པོ་ལ་སྨིག་རྒྱུ་བ་ཉིད་དུ་མཐོང་བས། འདས་པའི་འདུ་ཤེས་ཀྱི་ཕུང་པོ་ལ་མི་ཆགས་མི་ལེན། མྲི་ཞེ་ན། མ་འོངས་པའི་འདུ་ཤེས་ཀྱི་ཕུང་པོ་ལ་མི་ཆགས། མི་ལེན། མི་ཞེན། ད་ལྟར་གྱི་འདུ་ཤེས་ཀྱི་ཕུང་པོ་ལ་མྱི་གནས། བདག་དང་གཞན་དུ་རྣམ་པར་མི་རྟོག་སྟེ། འདུ་ཤེས་ཀྱི་ཕུང་པོ་འགོག་པ་ལ་ནན་ཏན་བྱེད་ཅིང་། འདུ་ཤེས་ཀྱི་ཕུང་པོའི་ལམ་མ་སྐྱེས་པར་ཁོང་དུ་ཆུད་དོ།། འདུ་ཤེས་ཀྱི་ཕུང་པོ་ལ་འོངས་པའི་གནས་དང་། སོང་བའི་གནས་ཡོད་པར་མི་མཐོང་སྟེ། ཕྱིན་ཅི་ལོག་དང་ལྡན་པ་དང་། སྔོན་གྱི་ལས་ཀྱི་རྒྱུ་ལས་སྐྱེས་ཏེ། ད་ལྟར་གྱི་རྐྱེན་གྱིས་རྣམ་པར་བཅིངས་སོ།། ཕུང་པོ་མེད་པ་ནི་འདུ་ཤེས་ཀྱི་ཕུང་པོའོ།། ། འདུ་ཤེས་ཀྱི་ཕུང་པོ་ལ་འོངས་པའི་གནས་ཀྱང་མེད། སོང་བའི་གནས་ཀྱང་མེད་པར་འབྱེད་ཅིང་རྟོག་ན། འདུ་ཤེས་ཀྱི་ཕུང་པོ་མ་སྐྱེས་པར་ཁོང་དུ་ཆུད་དོ།། འདུ་ཤེས་ཀྱི་ཕུང་པོ་དགག་པར་རྣམ་པར་མི་རྟོག་པ་ནི། འདུ་ཤེས་ཀྱི་ཚོར་བ་ཐམས་ཅད་དགག་པའི་ཕྱིར། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་ལ་གནས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ལ་རྟོག་པའི་ཚེ། འདུ་ཤེས་ཀྱི་ཕུང་པོ་དང་བྲལ་ཏེ། འདུ་ཤེས་ཀྱི་ལམ་ལ་མི་གནས་པར་འདུ་ཤེས་ཀྱི་ཕུང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བ་ལ་གནས་པ་དང་། འདུ་ཤེས་ཀྱི་ཕུང་པོ་ལ་མི་ཆགས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ཐམས་ཅད་རྣམ་པར་འབྱེད་ཅིང་རྟོག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོའི་ཀུན་འབྱུང་དང་། འགོག་པ་དང་། ཟད་པ་ཤེས་སོ།། འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཞེས་བྱ་སྟེ། འདུ་ཤེས་ཀྱི་ཕུང་པོ་ལ་ཆགས་པ་དང་བྲལ་བས། འདུ་ཤེས་ཀྱི་ཕུང་པོ་ལ་ཆགས་པ་བཅད་པའི་ལམ་ལ་ནན་ཏན་བྱེད་པར་འགྱུར་རོ། ། །། འཇིག་རྟེན་འཛིན་ཅེས་བྱ་བའི་མདོ་བམ་པོ་གཉིས་པ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་ཅེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་ཀྱི་ཕུང་པོ་འདི་ནི་ཕྱིན་ཅི་ལོག་ལས་སྐྱེས་ཏེ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལས་བརྟགས་པ་ཙམ་དུ་ཡོད་པར་རྟོགས་སོ། ། བྱང་ཆུབ་སེམས་དཔའ་དེའི་ཚེ། ལུས་ཀྱིས་འདུ་བྱེད་པ་དང་། ངག་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པ་ཀུན་ལ་མི་གཙང་བ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པར་རྟོག་གོ།། དེ་ལྟར་རྟོག་པའི་ཚེ་འདི་སྙམ་དུ་ཕུང་པོ་མ་ཡིན་པ་ནི་འདུ་བྱེད་ཀྱི་ཕུང་པོའོ། ། སྡུག་བསྔལ་གྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའོ།། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའོ།། གཟུགས་བརྙན་གྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའོ། ། འདུ་བྱེད་ཀྱི་ཕུང་པོ་ནི་མི་འཕེལ་པ། མི་འབྲི་བ་མ་བསྡུས་པའོ།། ལུས་ཀྱིས་འདུ་བྱེད་པ་དང་། ངག་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པས་བྱས་པ་མེད་དེ། མཁས་པ་དག་ནི་འདུ་བྱེད་ཀྱི་ཕུང་པོ་དེ་ལ་མི་ཆགས་མི་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ལུས་ཀྱིས་འདུ་བྱེད་པ་རྣམས་ལུས་ཀྱི་ནང་ན་མི་གནས་ལུས་ཀྱི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་སོ།། ངག་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པའང་དེ་བཞིན་དུ་ནང་ནའང་མི་གནས། ཕྱི་རོལ་ན་མི་གནས་གཉིས་ཀའི་བར་ན་མི་གནས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་འདུ་བྱེད་ཀྱི་ཕུང་པོ་མཚན་མ་ཉིད་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཀྱི་ཕུང་པོ་དེ་ནི་རྒྱུ་དང་རྐྱེན་མང་པོ་དང་། ཕྱིན་ཅི་ལོག་དང་། ཡང་དག་པ་མ་ཡིན་པ་དང་། སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལས་སྐྱེས་ཏེ། རྒྱུ་དང་རྐྱེན་གྱིས་བཟུང་བས་ན་འདུ་བྱེད་རྣམས་བྱས་པར་གྱུར་ཏོ།། ལུས་ཀྱིས་འདུ་བྱེད་པ་དང་ངགྲ་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པ་ཀུན་ཀྱང་ཡང་དག་པར་འདུ་བྱེད་པ་མ་ཡིན། ཅིའང་འདུ་བྱེད་པ་མེད། ཡང་དག་པ་མ་ཡིན་པ་ལས་འདུ་བྱེད་པ། ཕྱིན་ཅི་ལོག་ཏུ་འདུ་བྱེད་པ་སྟེ། དེ་བས་ན་འདུ་བྱེད་པ་མ་ཡིན་པ་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་བཏགས་སོ།། དེ་ཅིའི་ཕྱིར་ཞེ་ན། མཁས་པ་དེ་དག་གིས་ནི་འདུ་བྱེད་ཀྱི་མཚན་ཉིད་ལ་མ་ངེས་པས། ལུས་ཀྱིས་འདུ་བྱེད་པ་དང་། ངག་གིས་འདུ་བྱེད་པ་དང་། ཡིད་ཀྱིས་འདུ་བྱེད་པ་དག་གནས་འདི་ནའམ། གནས་གཞན་ན་འམ། ནང་ངམ། ཕྱི་རོལ་ན་གནས་པར་མ་ངེས་པའི་ཕྱིར་རོ། ། ལུས་དང་། ངག་དང་། ཡིད་ཀྱིས་འདུ་བྱེད་པའང་། འདུ་བྱེད་མཚན་ཉིད་དུ་ངེས་པ་མེད། དམིགས་སུ་མེད། བརྗོད་དུ་མེད་ན། འདུ་བྱེད་ཀྱི་ཕུང་པོ་དམིགས་སུ་ཡོད་པའམ། བརྗོད་དུ་ཡོད་པ་ལྟ་ཅི་སྨོས་ཏེ། དེ་བས་ན་ཕུང་པོ་མེད་པ་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ།། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཕྱིན་ཅི་ལོག་ཏུ་འདུ་ཤེས་བསྐྱེད་ནས།། ལུས་དང་། ངག་དང་། ཡིད་ཀྱིས་འདུ་བྱེད་ལ་ཆགས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་རྣམ་པར་རྟོག་པས། འདུ་བྱེད་ཀྱི་ཕུང་པོས་བཅིངས་ཏེ། འཁོར་བ་ན་འཁོར་བར་གྱུར་ཏོ།། བྱིས་པསོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་གི་དབང་དུ་གྱུར་པས། ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་བསྐྱེད་དེ། དེ་ལ་འཛིན་ཅིང་ཆགས་པས། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས། ཕུང་པོ་མེད་པ་ལ་ཕུང་པོར་འདུ་ཤེས་སོ། ། ཕྱིན་ཅི་ལོག་གི་འདུ་བྱེད་ལ་ཆགས་པས། དེས་རྣམ་པར་བཅིངས་ཏེ། ལམ་རྒྱུད་ལྔར་འཁོར་ཞིང་རྟག་ཏུ་ལུས་དང་། ངག་དང་། ཡང་ཀྱི་འདུ་བྱེད་ཀྱི་རྗེས་སུ་སྤྱོད་དེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟོགས། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་མ་རྟོགས་པས། ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་འདུ་བྱེད་རྣམས་བསྐྱེད་པར་གྱུར་ཏོ། ། བྱིས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་ལ་ཆགས་པའི་ཕྱིར། དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་ལ་ཆགས་པའི་ཕྱིར། ཡང་དག་པ་མ་ཡིན་པ་ལ་ཆགས་པའི་ཕྱིར། བྱེད་ཀྱི་ཕུང་པོ་ཞེས་བྱའོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་རྣམས་འདི་ལ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་ན་འདུ་བྱེད་རྣམས་ཀྱི་དངོས་པོ་མེད་དུ། རབ་ཏུ་མཐུ་རུང་བ་རྒྱུ་དང་རྐྱེན་མང་པོ་འདུས་པ་ལས་འདུ་བྱེད་ཀྱི་ཕུང་པོ་ཞེས་བརྗོད་ཅིང་བཏགས་ཏེ། དེ་ལ་ཡང་དག་པར་འདུ་བྱེད་ཀྱི་ཕུང་པོ་མེད་པར་རྟོགས་སོ།། ཕུང་པོ་མེད་པ་ནི་འདུ་བྱེད་ཀྱི་བང་པོའོ།། མ་ནས་མ་སྐྱེས་པ་ནི་འདུ་བྱེད་ཀྱི་ཕུང་པོའོ།། རང་བཞིན་མེད་པ་ནི་འདུ་བྱེད་ཀྱི་ཕུང་པོའོ།། འདུ་བྱེད་རྣམས་ཀྱི་སྔ་མའི་མཐའ་དམིགས་སུ་མེད། བར་གྱི་མཐའ་ཡང་དམིགས་སུ་མང་མི་གནས་པས་འདུ་བྱེད་རྣམས་ནི་སྐད་ཅིག་གཅིག་གིས་སྐྱེ་ཞིང་འགོག་པའི་ཆོས་ཅན་ནོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་ཏུ་ཕུང་པོ་ལ་སྟོང་པ་ཉིད་དང་། དམིགས་སུ་མེད་པ་དང་། སྲ་བའི་རང་བཞིན་མེད་པ་དང་། སྤུའི་ཉག་མ་ཙམ་ཡང་དམིགས་སུ་མེད་པར་རྟོགས་སོ།། དེ་ལྟར་བས་ནས་བྱིས་པ་སོ་སོའི་སྐྱེ་བོ་དག་སྙིང་པོ་མེད་པའི་ཆོས་ཀྱིས་རྣམ་པར་བཅིངས་པ་དང་། འདུ་བྱེད་ཀྱི་ཕུང་པོས་རྣམ་པར་བཅིངས་པ་དང་། ཆགས་པས་རྣམ་པར་བཅིངས་ཏེ། ལུས་དང་། ངག་དང་། ཡིད་ཀྱི་སྒོ་ནས་འདུ་བྱེད་པ་སྤྱད་དོ།། བདག་ཏུ་འདུ་བྱེད་པ་དང་། བདག་ཤི་བར་འདུ་བྱེད་བསྐྱེད་དེ། དེ་ལྟ་བུས་ལས་བསྐྱེད་པས། འདུ་བྱེད་ཀྱི་ཕུང་པོས་རྣམ་པར་བཅིངས་ནས། འདུ་བྱེད་ཀྱི་ཕུང་པོ་ཉིད་མ་རིག་པ་གཏི་མུག་ཡིན་པར་མི་ཤེས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་ཡང་དག་པ་ཉིད་དུ་རྟོག་གོ།། ད་ལྟར་ཕྱིན་ཅི་ལོག་གི་དབང་དུ་གྱུར་པས། དེ་ལ་ཆགས་ཤིང་འཛིན་ཏོ།། གང་ཟག་དེས་དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་ལ་ཆགས་ཤིང་འཛིན་པས། བར་བར་ནི་བདེ་བར་འདུ་བྱེད། བར་བར་ནི་སྡུག་བསྔལ་བར་འདུ་བྱེད། བར་བར་ནི་བདེ་བའང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པར་འདུ་བྱེད། གང་ཟག་དེས་བདེ་བ་ལ་འདུ་བྱེད་པས། བདེ་བའི་ལུས་ཐོབ་བོ།། སྡུག་བསྔལ་ལ་འདུ་བྱེད་པས་སྡུག་བསྔལ་གྱི་ལུས་ཐོབ་བོ། ། བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པ་ལ་འདུ་བྱེད་པས། བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པའི་ལུས་ཐོབ་བོ།། ། གང་ཟག་དེས་བདེ་བའི་ལུས་ཐོབ་པས་དེ་ལ་འདོད་པ་བསྐྱེད་དོ།། སྡུག་བསྔལ་གྱི་ལུས་ཐོབ་པས་ཞེ་སྡང་བསྐྱེད་དོ།། བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པའི་ལུས་ཐོབ། པས་གཏི་མུག་བསྐྱེད་དོ།། གང་ཟག་དེས་དེ་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་དུ་གྱུར་པས། འདུ་བྱེད་ཀྱི་ཉེས་པའི་སྐྱོན་མ་མཐོང་བས། ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་རྣམ་པར་མ་དག་གོ།། གང་ཟག་དེ་དེ་ལྟར་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་རྣམ་པར་མ་དག་པས། རྣམ་པར་མ་དག་པའི་ལམ་དུ་ལྟུང་བར་གྱུར་པ་དེ། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་སོ།། ཅི་སྟེ་སྐད་ཅིག་ཙམ་དེ་ལས་ཐར་ཏེ། ལྷ་དང་མིར་སྐྱེས་ནའང་། ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་ལ་ཤིན་ཏུ་ཆགས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་རབ་ཏུ་ཆགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ད་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་སོ།། བདག་ཅག་ཀྱང་བྱིས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའི། བདག་ཅག་གི་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་རྣམ་པར་དག་པར་སྦྱངས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལ་ཆགས་པར་མི་བྱའི། འདུ་བྱེད་ཀྱི་ཕུང་པོ་ལ་ཉེས་པའི་སྐྱོན་ཤིན་ཏུ་བརྟགས་ཏེ། འདུ་བྱེད་ཀྱི་ཕུང་པོ་ལས་འབྱུང་བའི་ལམ་བཙལ་བར་བྱའོ།། གང་དེ་ལྟར་རྟོག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་ཀྱི་ཕུང་པོ་ལ་རྟོག་པ་ཞེས་བྱ་སྟེ། དེ་ནི་ཡང་དག་པའི་འདུ་བྱེད་ཀྱི་ཕུང་པོ་མི་རྟག་པ་ལ་རྟོག་པ་ཞེས་བྱའོ།། དེའི་ཚེ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་ན། དང་། འདུ་བྱེད་ཀྱི་ཀུན་འབྱུང་དང་། འདུ་བྱེད་ཀྱི་འགོག་པ་དང་། འདུ་བྱེད་ཀྱི་འགོག་པའི་ལམ་ལ་མི་འཛིན། མི་ཆགས། མི་ཞེན་ཏོ།། འདུ་བྱེད་རྣམས་ལའང་མི་ཆགས་མི། ཞེན་ཏོ།། འདུ་བྱེད་ཀྱི་ཕུང་པོ་ལའང་མི་ཆགས་སོ།། དེ་ལྟར་རྟོག་པའི་ཚེ། འདུ་བྱེད་ཀྱི་མཚན་མ་དང་བྲལ་ཏེ། འདུ་བྱེད་ཀྱང་འདུ་བྱེད་ཀྱི་ཕུང་པོའི་ལམ་མེད་པར་རྟོགས་ཏེ། འདུ་བྱེད་ཐམས་ཅད་ལ་རྟོག་པ་ཉིད་དུ་རྟོགས་པས། འདུ་བྱེད་ཐམས་ཅད་ལ་སྐྱོ་ཞིང་སྐྲག་པ་དང་། འབྱུང་བའི་སེམས་མི་སྐྱེའོ།། རྣམ་པར་དག་པའི་ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་འབའ་ཞིག་ལ་མངོན་པར་འདུ་བྱེད་དོ། ། འདུ་བྱེད་ཀྱི་མཚན་མ་རྣམ་པར་བཤིག་པ་དག། འདུ་བྱེད་ཀྱི་ཕུང་པོའི་མཚན་མ་ལས་རིང་དུ་གྱུར་པས། གང་ཟག་དེས་ཇི་ཙམ་དུ་ལུས་ཐོབ་པར་གྱུར་པ་དེ་ཡོངས་སུ་དག་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་ལུས་ཀྱི་ལས་རྣམ་པར་དག། ངག་གི་ལས་རྣམ་པར་དག། ཡིད་ཀྱི་ལས་རྣམ་པར་དག་པའོ། ། ལུས་ཀྱི་འདུ་བྱེད་རྣམ་པར་དག། ངག་གི་འདུ་བྱེད་རྣམ་པར་དག། ཡིད་ཀྱི་འདུ་བྱེད་རྣམ་པར་དག་པའོ།། གང་ཟག་དེ་ནི་འདུ་བྱེད་ཀྱི་ཕུང་པོ་དང་བྲལ་བ། འདུ་བྱེད་ཀྱི་ཕུང་པོའི་མཚན་མ་དང་བྲལ་བ། ཆོས་རྣམས་ཀྱི་དངོས་པོའི་མཚན་མ་རྣམ་པར་འཇིག་པའོ།། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཚེ། འདུ་བྱེད་ཀྱི་ཕུང་པོ་རྣམས་གང་ནས་ཀྱང་མ་འོངས། གང་དུ་རང་མི་འགྲོ་བར་རྟོགས་ཏེ། འདུ་བྱེད་རྣམས་ངེས་པར་སྐྱེ་བའི་མཚན་མ་འམ། ངེས་པར་འགོག་པའི་མཚན་མར་མི་དམིགས་སོ།། དེས་འདུ་བྱེད་རྣམས་ལ་སྐྱེ་བ་དང་། འགོག་པའི་མཚན་མ་མེད་པར་རྟོགས་ཏེ། འདུ་བྱེད་ཐམས་ཅད་སྐྱེ་བ་དང་། འགོག་པའི་མཚན་མ་མ་ཡིན་ནོ།། གང་ཟག་དེ་འདུ་བྱེད་ཐམས་ཅད་ལ་སྐྱེ་བ་དང་། འགོག་པའི་མཚན་མ་མེད་པར་རྟོགས་ནས། སྐྱོ་ཞིང་སྤོང་བའི་སེམས་སྐྱེས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་རྣམས་ཀྱི་ཀུན་འབྱུང་དང་། འགོག་བའི་མཚན་མར་རྟོགས་ཤིང་ཆུད་པར་འགྱུར་རོ། ། འདུ་བྱེད་རྣམས་མ་སྐྱེས་པའི་མཚན་ཉིད་དུ་རིག་ཀྱང་འདུ་བྱེད་ཀྱི་མཚན་ཉིད་ཤིན་ཏུ་མི་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འདུ་བྱེད་ཀྱི་ཕུང་པོ་ལ་ངེས་པའི་མཚན་ཉིད་མེད་པའི་ཕྱིར་རོ། ། འདི་ལྟ་སྟེ། ཆུ་ཤིང་ལ་སྲ་བའི་མཚན་ཉིད་ཀྱང་མི་རྙེད། མི་སྲ་བའི་མཚན་ཉིད་ཀྱང་མི་རྙེད་པ་བཞིན་དུ་འདུ་བྱེད་ཀྱི་མཚན་ཉིད་ཀྱང་དེ་བཞིན་ཏེ། སྲ་བའི་མཚན་ཉིད་ཀྱང་མི་རྙེད་ལ། མི་སྲ་བའི་མཚན་ཉིད་ཀྱང་མི་རྙེད་དོ།། འཇིག་རྟེན་འཛིན་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུ་བྱེད་ཀྱི་ཕུང་པོ་ལ་འཇུག་པའི་ཡིད་ལ་བྱེད་པའི་རྣམ་པར་འབྱེད་པ་ལ་རྟོག་པ་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་འབྱེད་པ་ལ་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕུང་པོ་མ་ཡིན་པ་ལ་རྣམ་པར་ཤེས་པའི་ཕུང་པོར་རྟོག། ཕྱིན་ཅི་ལོག་གི་ཕུང་པོ་ལ་རྣམ་པར་ཤེས་པའི་ཕུང་པོར་རྟོག། ཡང་དག་པ་མ་ཡིན་པའི་ཕུང་པོ་ལ་རྣམ་པར་ཤེས་པའི་ཕུང་པོར་རྟོག་གོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་རྣམ་པར་ཤེས་པའི་ཕུང་པོ་དེ་ནི་ཕྱིན་ཅི་ལོག་ལས་སྐྱེས་ཏེ། ཡང་དག་པ་མ་ཡིན་པའི་རྐྱེན་གྱིས་བཅིངས་པས་སྔོན་གྱི་ལས་ཀྱི་ཡོད་པར་གྱུར་ཏེ། ད་ལྟར་གྱི་རྐྱེན་ལའང་རག་ལུས་པས། རྒྱུ་དང་རྐྱེན་མང་པོ་ལ་རག་ལུས་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཅིའང་མེད་པའི་རྣམ་པར་བརྟགས་པ་ལས། རྣམ་པར་ཤེས་པ་སྐྱེས་སོ།། རྣམ་པར་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱ་སྟེ། རྣམ་པར་རྟོག་པའི་བློ་འཁྲུལ་པ་ལས་བློ་ཐབས་སུ་ཡོད་པར་གྱུར་ཏེ། ཤེས་པ་ཡོད་པས་རྣམ་པར་ཤེས་པ་ཞེས་བྱའོ།། དངོས་པོ་རྣམ་པ་སྣ་ཚོགས་སུ་ཤེས་པའི་ཕྱིར། སེམས་ཀྱི་ལས་བསྐྱེད་པའི་ཕྱིར། བསམས་པ་སེམས་པའི་ཕྱིར། རྐྱེན་མང་པོ་ལས་མཚན་མ་སྐྱེ་བའི་ཕྱིར། རྣམ་པ་སྣ་ཚོགས་སུ་སེམས་པ་སྐྱེ་བའི་ཕྱིར། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། ། ཤེས་པ་ལས་རྣམ་པར་ཤེས་པའི་གཟུགས་བྱུང་སྟེ། སེམས་ཀྱི་ལས་སྟོན་པའི་ཕྱིར། བསམ་པ་སྡུད་པའི་ཕྱིར། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་སྟེ། དེ་ལ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། ཐམས་ཅད་ཀྱི་ཡིད་ཀྱི་ལས་ཀྱི་རྣམ་པར་རྟོག་པས་རྣམ་པར་ཤེས་པར་བསྡུས་ཏེ། མཚན་ཉིད་དུ་རྣམ་པར་ཤེས་འདུ་བྱེད་དུ་རྣམ་པར་ཤེས། རང་བཞིན་དུ་རྣམ་པར་ཤེས་པས། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ།། ད་ལྟར་ཕུང་པོ་མ་ཡིན་པ་ནི། རྣམ་པར་ཤེས་པའི་ཕུང་པོ་སྟེ། མ་སྐྱེས་པ་མ་བྱུང་བ། མ་བྱས་པའོ།། ཕྱིན་ཅི་ལོག་དང་ལྡན་པའི་རྐྱེན་གྱིས་ཡང་དག་པ་མ་ཡིན་པར་ཤེས་པའི་ཕྱིར། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པཔའི་ཕུང་པོ་དེ་ནི། རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་ཏེ། རང་བཞིན་དང་། གོ་རིམས་དང་། རྒྱུན་ལས་སྐྱེས་པ་མེད་དེ། སྐད་ཅིག་སྐད་ཅིག་གིས་སྐྱེ་ཞིང་འགོག་སྟེ། རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་བསྐྱེད་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་སྐྱེས་པའི་ངེས་པ་དམིགས་སུ་མེད་ལ། སྐྱེ་བའི་མཚན་ཉིད་ཀྱང་དམིགས་སུ་མེད་པའི་ཕྱིར་རོ།། ངེས་པ་དང་མཚན་ཉིད་དམིགས་སུ་མེད་པའི་ཕྱིར། ངོ་བོ་ཉིད་ཀྱི་རང་བཞིན་མེད་པའི་ཕྱིར། རང་གི་མཚན་ཉིད་མེད་པའི་ཕྱིར། སྲ་བའི་རང་བཞིན་མི་རྙེད་པའི་ཕྱིར་ན། མཁས་པ་དག་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ཏེ། ཕུང་པོ་མ་ཡིན་པ་ལ་རྣམ་པར་ཤེས་པའི་ཕུང་པོར་ཁོང་དུ་ཆུད་དོ།། བྱིས་པ་སོ་སོའི་སྐྱེ་བོ་དག་རྣམ་པར་ཤེས་པའི་ཕུང་པོ་མ་ཡིན་པ་ལ་རྣམ་པར་ཤེས་པའི་ཕུང་པོར་འདུ་ཤེས་ཏེ། ལོག་པར་རྣམ་པར་རྟོག་པ་དང་། ཕྱིན་ཅི་ལོག་དང་ལྡན་པའི་ཡང་དག་པ་མ་ཡིན་པར་རྟོག་པའི་བློས་རྣམ་པར་བཅིངས་པས། རྣམ་པར་ཤེས་པའི་ཕུང་པོར་ནན་གྱིས་བཏགས་ནས་རྣམ་པར་ཤེས་པའི་ཕུང་པོར་ཆགས། རྣམ་པར་ཤེས་པའི་བྱ་བ་ལ་གནས། རྣམ་པར་ཤེས་པའི་རྣམ་པ་ལ་བརྟེན་ཏེ། བསམ་པའི་སེམས་པ་བརྟན་པའི་ཕྱིར། རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་དོ།། གང་ཟག་དེ་རྣམ་པ་སྣ་ཚོགས་སུ་རྣམ་པར་རྟོག་པས། ནང་གི་རྣམ་པར་ཤེས་པ་ལ་ཆགས། ཕྱིའི་རྣམ་པར་ཤེས་པ་ལ་ཆགས། ཕྱི་ནང་གི་རྣམ་པར་ཤེས་པ་ལ་ཆགས། རིང་བའི་རྣམ་པར་ཤེས་པ་ལ་ཆགས། ཉེ་བའི་རྣམ་པར་ཤེས་པ་ལ་ཆགས་ཏེ། རྣམ་པར་ཤེས་པས་མཚན་མར་རྣམ་པར་བརྟགས་པས། རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་དོ། ། གང་ཟག་དེ་རྣམ་པར་རྟོག་པའི་འདུ་ཤེས་ཀྱིས་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་བླ་དགས་སུ་བཏགས་ཏེ། འདི་ནི་སེམས་སོ།། འདི་ནི་ཡིད་དོ།། འདི་ནི་རྣམ་པར་ཤེས་པའོ་ཞེས་ནན་གྱིས་བརྟགས་ཏེ། དེ་ལྟར་སེམས་ཀྱི་མཚན་ཉིད་རྣམ་པ་སྣ་ཚོགས་བྱུང་བར་ཤེས་སོ།། བྱིས་པ་སོ་སོའི་སྐྱེ་བོ་དག་རྣམ་པར་ཤེས་པའི་ཕུང་པོ་ལ་ཆགས་ཏེ། རྣམ་པར་ཤེས་པའི་ཕུང་པོས་རྣམ་པར་བཅིངས་སོ།། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་འདུས་པ་ལས་རྣམ་པ་སྣ་ཚོགས་སུ་རྣམ་པར་ཤེས་པའི་ཕུང་པོ་སྐྱེས་སོ། ། རྣམ་པར་རྟོག་པའི་ཡང་དག་པའི་མ་ཡིན་པའི་དངོས་པོའི་ཕྱིར་མཚན་ཉིད་གཅིག་པའི་ཕྱིར། ངེས་པའི་མཚན་ཉིད་གཅིག་པའི་ཕྱིར། སེམས་དེ་དང་། ཡིད་དེ་དང་། རྣམ་པར་ཤེས་པ་དེ་ཐོབ་ཅིང་ཆགས་པ་རྣམ་པར་འབྱེད་པ་ལ་མཁས་པ་ཐོབ་པར་འགྱུར་རོ། ། གང་ཟག་དེ་རྣམ་པར་ཤེས་པའི་ཕུང་པོ་ལ་བརྟེན་ཅིང་གནས་ཏེ། རྣམ་པར་ཤེས་པ་ལ་ཆགས་པས། འདས་པའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཡོད་པར་ཆགས་ཤིང་འཛིན་ཏོ།། མ་འོངས་པའི་རྣམ་པར་ཤེས་པའི་ཕུང་པོ་ལ་ཡང་ཡོད་པར་འཛིན་ཅིང་ཆགས་སོ།། ད་ལྟར་གྱི་རྣམ་པར་ཤེས་པའི་ཕུང་པོ་ལའང་ཡོད་པར་འཛིན་ཅིང་ཆགས་སོ། ། བྱིས་པ་སོ་སོའི་སྐྱེ་བོ་དག་མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པའི་ཆོས་ལ་རྣམ་པར་ཤེས་པའི་ཕུང་པོར་ཆགས་ཏེ། ཡོད་པར་འཛིན་ཏོ།། གང་ཟག་དེ་མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པའི་ཆོས་ལ་ཆགས་ཤིང་འཛིན་ཏོ།། རྣམ་པར་ཤེས་པའི་ཕུང་པོས་རྣམ་པར་བཅིངས་པས། ཤེས་པ་ལ་གཙོ་བོར་འཛིན་ཏོ།། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་འདུས་པའི་དབང་དུ་གྱུར་པས་འཁོར་བར་འཁོར་བ་ན་འདི་ལྟ་སྟེ། འཇིག་རྟེན་འདི་ནས་འཇིག་རྟེན་པ་རོལ་ཏུ་འཇིག་རྟེན་ཕ་རོལ་ནས་འདི་དག་ཏུའོ། ། དེ་དག་ཀྱང་རྣམ་པར་ཤེས་པའི་ཕུང་པོས་རྣམ་པར་བཅིངས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི། ཕུང་པོར་མི་ཤེས་སོ།། རྣམ་པར་ཤེས་པའི་ཕུང་པོ་ནི་ཡང་དག་པ་མ་ཡིན་པ། ཕྱིན་ཅི་ལོག་དང་ལྡན་པའི་རྒྱུ་ལས་ཐོས་པ་དང་། མཐོང་བ་དང་། ཚེར་བ་དང་། ཤེས་པའི་ཆོས་རྣམས་བྱུང་སྟེ། དེ་ལ་ཡང་དག་པའི་རྣམ་པར་ཤེས་པ་མེད་དོ།། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་རྟོགས་པས་ན། བར་བར་ནི་དགེ་བའི་རྣམ་པར་ཤེས་པ་འབྱུང་། བར་བར་ནི་མི་དགེ་བའི་རྣམ་པར་ཤེས་པ་འབྱུང་། བར་བར་ནི་དགེ་བ་དང་མི་དག་པའི་རྣམ་པར་ཤེས་པ་འབྱུང་སྟེ། གང་ཟག་དེ་རྟག་ཏུ་རྣམ་པར་ཤེས་པའི་རྗེས་སུ་སྤྱོད་ཀྱང་། རྣམ་པར་ཤེས་པའི་སྐྱེ་བའི་གནས་མི་ཤེས། རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་མཚན་ཉིད་མི་ཤེས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པས། རྣམ་པར་ཤེས་པའི་ཕུང་པོ་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་ཤེས་པ་ལས་བྱུང་བར་རྟོགས་སོ།། འདི་ལྟ་སྟེ། མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པའི་ཆོས་རྣམས་རྒྱུ་དང་རྐྱེན་མང་པོ་ལས་བྱུང་བར་ཤེས་སོ།། ཆོས་མེད་པ་ལ་ཆོས་སུ་འདུ་ཤེས་པས། རྣམ་པར་ཤེས་པའི་ཕུང་པོར་གྱུར་ཏོ།། བདག་ཅག་གིས་བྱིས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསླབ་པར་མི་བྱའི། བདག་ཅག་གིས་རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་འབྱེད་པ་ལ་བརྟག་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ། དེ་ལའང་བརྟག་པར་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པའི་ཚེ། རྣམ་པར་ཤེས་པའི་ཕུང་པོ་དེ་ཡང་དག་པ་མ་ཡིན་པ་ཕྱེན་ཅི་ལོག་པར་ཤེས་ཏེ་ཐོག་མ་ནས་མ་སྐྱེས་པའི་མཚན་ཉིད་དུ་ཤེས་སོ། ། ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོའོ།། གཟུགས་བརྙན་གྱི་ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོའོ།། སྒྱུ་མའི་ཕུང་པོ། ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་སྒྱུ་མའི་མི་བྱས་ན། མི་དེའི་རྣམ་པར་ཤེས་པ་ནང་ནའང་མི་གནས། ཕྱི་རོལ་ནའང་མི་ག་ནས། གཉིས་ཀའི་བར་ནའང་མི་གནས་པ་ལྟར་རྣམ་པར་ཤེས་པའི་རང་བཞིན་ཡང་དེ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པའི་རྐྱེན་མང་པོ་དང་རྣམ་པར་རྟོག་པ་ལས་སྐྱེས་ཏེ། ཡང་དག་པའི་དངོས་པོ་མེད་དོ།། འཁྲུལ་འཁོར་གྱི་མི་ལྟར་རྣམ་པར་ཤེས་པའང་དེ་དང་འདྲ་སྟེ། བྱིན་ཅི་ལོག་དང་ཡང་དག་པ་མ་ཡིན་པའི་རྒྱུ་རྐྱེན་མང་པོ་འདུས་པ་ལས་ཡོད་པར་གྱུར་ཏོ།། དེ་ལྟར་རྟོག་པའི་ཚེ། རྣམ་པར་ཤེས་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་མེད་པར་ཤེས་སོ།། རྣམ་པར་ཤེས་པའི་མཚན་ཉིད་ལ་སྒྱུ་མ་ལྟ་བུར་ཤེས་པ་དང་། རྣམ་པར་ཤེས་པའི་རང་བཞིན་ལ་སྒྱུ་མ་ལྟ་བུར་རྟོགས་སོ། ། བྱང་ཆུབ་སེམས་དཔས་དེའི་ཚེ། འདི་སྙམ་དུ་འཇིག་རྟེན་འདི་དག་ནི་ཤིན་ཏུ་མྱོས་ཤིང་གཏི་མུག་གིས་མདོངས་སོ།། འདི་ལྟ་སྟེ། རྣམ་པར་བརྟགས་པའི་རྣམ་པར་ཤེས་པ་ལས་འཇིག་རྟེན་བྱུང་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་འདུས་པས་ན། ཁམས་གསུམ་འདི་ནི་རྣམ་པར་ཤེས་པ་ཙམ་མོ། ། དེ་ལྟར་སེམས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནི་གཟུགས་མེད། ཕྱོགས་མེད། ཆོས་ཀྱི་ནང་ན་མི་གནས། ཆོས་ཀྱི་ཕྱི་རོལ་ན་མི་གནས་སོ།། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་མ་ཡིན་པ་དང་ལྡན་པས་རྣམ་པར་བཅིངས་པའི་ཕྱིར། རྣམ་པར་ཤེས་པའི་ཕུང་པོ་ལ་བདག་དང་བདག་གི་བར་འཛིན་ཅིང་ཆགས་སོ།། གང་ཟག་དེ་རྣམ་པར་ཤེས་ཕུང་པོ་ནང་ན་གནས་པར་འཛིན། རྣམ་པར་ཤེས་པའི་ཕུང་པོ་ཕྱི་རོལ་ན་གནས་པར་འཛིན། རྣམ་པར་ཤེས་པའི་ཕུང་པོ་ཕྱི་ནང་གཉིས་ཀ་ན་གནས་པར་འཛིན། རྣམ་པར་ཤེས་པའི་ཕུང་པོ་དེ་བདག་དང་གཞན་ལ་གནས་པར་འཛིན་ཏོ། ། གང་ཟག་དེ་རྣམ་པར་ཤེས་པའི་ཕུང་པོ་ལ་གཙོ་བོར་འཛིན་ཏོ།། རྣམ་པར་ཤེས་པས་རྣམ་པར་བཅིངས་པས། རྣམ་པར་ཤེས་པའི་ཕུང་པོའི་རོ་ལ་ཆགས་ནས། རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་ཀྱང་བརྗོད་དོ།། འདི་ལྟ་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པའི་རྗེས་སུ་རོ་ལ་ཆགས་པས། རྣམ་པར་ཤེས་པའི་ཕུང་པོ་ལ་ཆགས་ཤིང་འཛིན་ཏོ།། གང་ཟག་དེ་རྣམ་པར་ཤེས་པས་རྣམ་པར་བཅིངས་ཏེ། རྣམ་པར་ཤེས་པའི་ཕུང་པོ་དེ་དང་འབྲེལ་པས། སེམས་དང་། ཡིད་དང་།། རྣམ་པར་ཤེས་པའི་དབང་དུ་གྱུར་ཏེ། སེམས་དང་ཡིད་ཀྱང་རྣམ་པར་ཤེས་པའི་རྒྱུ་དང་རྐྱེན་གྱི་མཐུས་བྱིས་པ་སོ་སོའི་སྐྱེ་བོར་སྐྱེ་སྟེ། གྲལ་ཏེ་བསམ་པ་ཐ་མ་བསྐྱེད་ན་ལུས་ཐ་མ་ཐོབ་པར་འགྱུར། བསམ་པ་མཆོག་བསྐྱེད་ན་ལུས་མཆོག་ཐོབ་བོ།། བསམ་པ་འབྲིང་དུ་བསྐྱེད་ན་ལུས་འབྲིང་ཐོབ་པར་འགྱུར་ཏེ། གང་ཟག་དེ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དེའི་རྗེས་སུ་སྤྱོད་པའི་མཐུས། སྐྱེ་མཆེད་རྣམས་ལ་རྟེན་ཅིང་གནས་པ་སྐྱེས་པར་གྱུར་ཏོ།། རྣམ་པར་ཤེས་པའི་ཕུང་པོ་ལ་ཆགས་པས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་འཆི་བ་དང་། ཡིད་སློང་བ་དང་། ཟློས་པའི་མྱ་ངན་དང་སྡུག་བསྔལ་ལས་རྣམ་པར་མ་གྲོལ་ཏོ།། བྱང་ཆུབ་སེམས་དཔས་དེ་ལ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་ཕུང་པོར་རྟོགས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་མི་རྟག་པའི་མཚན་ཉིད་རྟོགས་པས། འདས་པའི་རྣམ་པར་ཤེས་པའི་ཕུང་པོ་ལའང་མི་ཆགས་མི་འཛིན་ཏོ། ། ཕུང་པོ་མ་ཡིན་པ་ནི་རྣམ་པར་ཤེས་པའི་ཕུང་པོར་ཤེས་སོ།། མ་འོངས་པའི་རྣམ་པར་ཤེས་པའི་ཕུང་པོ་ལའང་མི་ཆགས་མི་འཛིན་ཏོ།། ཕུང་པོ་མ་ཡིན་པ་ལ་རྣམ་པར་ཤེས་བའི་ཕུང་པོར་ཤེས་སོ། ། ད་ལྟར་གྱི་རྣམ་པར་ཤེས་པ་ལའང་མི་གནས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུའང་རྣམ་པར་ཤེས་པའི་ཕུང་པོའི་མི་རྟོག་པའི་མཚན་ཉིད་ཤེས་སོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་སྐྱེ་བ་དང་། འགོག་པའི་མཚན་ཉིད་ཤེས་སོ།། གང་དེ་ལྟར་ཡིད་ལ་བྱེད་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་དུའང་རྣམ་པར་ཤེས་པའི་ཕུང་པོ་ལ་རྟོག་པ་ནི་ཡང་དྲག་པ་ཇི་ལྟ་བ་བཞིན་པའི་ལམ་ལ་འཇུག་པ་ཞེས་བྱའོ། ། འདི་ལྟ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་སོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་ཀུན་འབྱུང་ཤེས་སོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་འགོག་པ་ཤེས་སོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་འགོག་པའི་ལམ་ཤེས་སོ། ། གང་ཟག་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་ཀུན་འབྱུང་དང་འགོག་པའི་མཚན་ཉིད་རྟོགས་ནས། རྣམ་པར་ཤེས་པའི་ཕུང་པོ་འཇིག་པ་ལ་མཁས་པ་དང་། མཚན་མ་ཐམས་ཅད་ཡོངས་སུ་གཅོད་པ་ལ་མཁས་པར་གྱུར་ཏོ།། རྣམ་པར་ཤེས་པའི་ཕུང་པོའི་ཀུན་འབྱུང་དང་། འགོག་པའི་མཚན་ཉིད་ཤེས་པ་དང་། རྣམ་པར་ཤེས་པའི་ཕུང་པོའི་ཀུན་འབྱུང་དང་། འགོག་པའི་མཚན་ཉིད་རྟོགས་སོ།། བྱང་ཆུབ་སེམས་དཔའ་དེའི་ཚེ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱེད། རྣམ་པར་ཤེས་པའི་ཕུང་པོ་མི་འགྲོག་སྟེ། རྣམ་པར་ཤེས་པའི་ཕུང་པོ་དེ་ཐོག་མ་ནས་མ་སྐྱེས་པར་རྟོགས། དེ་ལྟར་རྟོག་པའི་ཚེ། རྣམ་པར་ཤེས་པ་ལ་འགོག་པའི་མཚན་ཉིད་དུ་རྣམ་པར་མི་རྟོགས་ཏེ། རྣམ་པར་ཤེས་པའི་ཕུང་པོ་མ་སྐྱེས་པའི་མཚན་ཉིད་དུ་ཁོང་དུ་ཆུད་དོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་རྣམ་པར་ཤེས་པའི་ཕུང་པོ་ནི་སྐྱེ་བ་མེད། མཚན་མ་མེད།། གྲུབ་པ་མེད་དོ།། རྣམ་པར་ཤེས་པའི་ཕུང་པོ་སྐྱེ་བའི་མཚན་ཉིད་ནི་ཡང་དག་པ་མ་ཡིན་པས་མ་སྐྱེས་པའི་མཚན་ཉིད་དུ་འདུས་སོ།། འཇིག་རྟེན་འཛིན་རྣམ་པར་ཤེས་པའི་ཕུང་པོ་ལ་ནི། སྐྱེ་བ་དང་གྲུབ་པའི་མཚན་ཉིད་མེད་དེ། རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད་ནི་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བའི་ཆོས་ལ་དེ་ལྟར་རྟོག་པ་ན་ཕུང་པོ་མ་ཡིན་པ་ནི། རྣམ་པར་ཤེས་པའི་ཕུང་པོར་རྟོགས་སོ།། མོས་པས་རྗེས་སུ་རྣམ་པར་འབྱེད་ཅིང་བཏགས་ནས་ཇི་ཙམ་དུ་རྣམ་པར་ཤེས་པར་བཏགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་རྟོགས་སོ། ། བྱང་ཆུབ་སེམས་དཔས་རྣམ་པར་ཤེས་པའི་ཕུང་པོ་དབེན་པ་ཤེས་ནས། དམིགས་པ་ཐམས་ཅད་དང་ཤེས་པར་བྱ་བ་ཐམས་ཅད་ཡོངས་སུ་བཅོམ་མོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་རྟོགས་ཏེ། རྣམ་པར་ཤེས་པའི་ཕུང་པོ་ལ་སྐྱེ་བ་མེད་པ་དང་། མ་བྱས་པ་དང་། མ་བྱུང་བ་དང་། མི་བཟུང་བ་དྲང་། མི་འཛིན་པར་ཤེས་ན་དེ་དག་ཀྱང་རྐྱེན་མང་པོ་ལས་སྐྱེས་ཏེ། རྐྱེན་མང་པོ་འདུས་པ་ལས་ཡོད་པར་གྱུར་ཏོ།། མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། རྣམ་པར་ཤེས་པའི་ཆོས་ཀྱི་རྐྱེན་གྱིས་ཡོད་པར་གྱུར་ཏེ། ཐོག་མའི་མཐའ་ནས་སྟོང་ངོ་།། དེ་ལྟར་རྣམ་པར་ཤེས་པའི་ཕུང་པོ་ལ་རྟོག་པའི་ཚེ། རྣམ་པར་ཤེས་པའི་ཕུང་པོ་ལ་མ་བྱས་པ་དང་མ་བྱུང་བར་ཤེས་ཏེ། གཙོ་བོར་མི་འཛིན། མི་ཆགས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་འབྱེད་པ་དང་འཇུག་པ་ལ་རྟོག་གོ། ། བྱང་ཆུབ་སེམས་དཔའ་གང་དེ་ལྟར་ཐབས་མཁས་པས་ཕུང་པོ་ལྔ་ལ་འཇུག་པ་དང་། དེ་ལྟར་ཐབས་མཁས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཉེ་བར་ལེན་པའི་ཕུང་པོ་ལ་རྟོག་པ་ནི། ཕུང་པོ་ལྔའི་ཀུན་འབྱུང་དང་། འགོག་པ་དང་། ལམ་ལ་འཇུག་པ་ལ་ཤིན་ཏུ་མཁས་པ་ཞེས་བྱའོ།། ཕུང་པོར་མཚན་མར་འཛིན་པ་ཡོངས་སུ་བཅད་པས། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྔའི་ཐབས་ཤེས་སོ།། ཐབས་དེས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་ལེན། མི་ཆགས། མི་འཛིན། མི་ཞེ་ན། འཆིང་པར་མི་འགྱུར་རོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་མི་རྟག་པའི་མཚན་ཉིད་ཤེས་སོ།། དེ་ལྟར་བྱང་ཆུབ་སེམས་དཔས་གཟུགས་ལ་ཆགས་པ་འབྱུང་ན། ད་མ་ཐག་ཏུ་སེམས་ཤིང་གཅོད་དོ།། དེ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་བ་ཤེས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མི་རྟག་པའི་མཚན་ཉིད་ཀྱང་ཤེས་སོ།། གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཆགས་པ་འབྱུང་ན་དེ་མ་ཐག་ཏུ་སེལ་ཅིང་གཅོད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདོད་ཅིང་ཆགས་པ་ཡོངས་སུ་བཅད་པས། ངེས་པའི་ཕུང་པོ་ལྔའི་ཐབས་ཁོང་དུ་ཆུད་པའི་རྗེས་སུ་འཇུག་གོ།། དེ་ལྟར་རྟོག་པའི་ཚེ། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་མ་ཕྲ་མོ་ལའང་མཁས་པར་འགྱུར་རོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་མ་ཤིན་ཏུ་ཕྲ་བ་རྣམ་པར་འབྱེད་པ་ལ་རྟོག་ཅེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཐོག་མ་མངལ་དུ་ཞུགས་ནས་ནུར་ནུར་པོར་གྱུར་པ་ན། ལྔ་ཕུང་སྔ་མ་འགགས་ནས་ཕུང་པོ་ལྔ་གཞན་ཞིག་སྐྱེས་ཏེ། དེ་ནས་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་ཉིད་རྟོགས་ཏེ། རྣམ་པར་ཤེས་པ་སྔ་མ་འགགས་མོད་ཀྱི་ཕུང་པོ་ལྔ་ལ་ཆད་པའམ། འགགས་པའི་མཚན་ཉིད་མ་ཡིན་པར་ཤེས་སོ།། རྣམ་པར་ཤེས་པ་ནུར་ནུར་པོ་ལ་རྟེན་ཅིང་གནས་མོད་ཀྱི། ཕུང་པོ་ལྔ་ལ་མི་གནས་པ་དང་མི་རྟག་པ་ཉིད་དུ་ཤེས་སོ། ། དེ་ལྟར་ཐོག་མ་མངལ་དུ་ཞུགས་པའི་སྐད་ཅིག་མའི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྐྱེ་ཞིང་འགོག་པ་དང་། ནུར་ནུར་པོ་ནས། མངོན་པར་འབྱུང་བའི་བར་དང་། སྐྱེས་ནས་འཆི་བའི་བར་དུ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྐད་ཅིག་སྐད་ཅིག་སྐྱེ་ཞིང་འགོག་པའི་མཚན་ཉིད་དུ་རྟོགས་སོ།། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྐད་ཅིག་ཐང་ཅིག་གིས་སྐྱེ་ཞིང་འགོག་པ་ཡིན་ཏེ། དེ་ལྟར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་ཏུ་ཕྲ་བ། རྣམ་པར་འབྱེད་པ་རྟོག་པ་ཞེས་བྱའོ།། འཇིག་རྟེན་འཛིན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་ཏུ་ཕྲ་བ་ནི། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་སྔ་མ་འགགས་ནས། དངོས་པོ་ཅིའང་མེད་པར་མངལ་དུ་འགྲོ་སྟེ། ཐོག་མ་རྣམ་རྣམ་པར་ཤེས་པ་དང་འབྱོར་པ་དེའི་ཚེ་ན་ཕུང་པོ་ལྔ་སྐྱེ་ཞིང་འགོག་པ་ཡོད་དོ། ། ནུར་ནུར་པོ་ལ་བརྟེན་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བླ་དགས་སུ་མི་ཞེས་བཏགས་པར་གྱུར་ཏོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་རྣམ་པར་ཤེས་པའི་རྟེན་མེད་ན་གནས་པར་མི་འགྱུར་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་རྣམ་པར་ཤེས་པ་ལ་རྟེན་ཅེས་བྱའོ།། འཇིག་རྟེན་འཛིན་གཟུགས་མེད་པའི་ཁམས་ཀྱི་ལྷའི་ཉེ་བར་ལེན་པའི་ཕུང་པོ་སྐྱེ་ཞིང་འགྲོག་པའི་མཚན་ཉིད་ཤིན་ཏུ་ཕྲ་བའང་གཞུང་དེ་བཞིན་ཤེས་པར་བྱའོ། ། འཇིག་རྟེན་འཛིན་ཉེ་བར་ལེན་པའི་ཕུང་པོ་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་ཏུ་ཕྲ་མོ་རང་སངས་རྒྱས་ཀྱི་ཤེས་རབ་ཀྱིས་ཀྱང་ཤེས་པར་མི་ནུས་ན། ཉན་ཐོས་ཀྱི་ཤེས་རབ་ཀྱིས་ཤེས་པ་ལྟ་ཅི་སྨོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་གིས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཐོག་མ་མངལ་དུ་འཇུག་པའི་བར་གྱི་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་ཏུ་ཕྲ་མོ་དང་། གཟུགས་མེད་པའི་ལྷའི་ཕུང་པོ་སྐད་ཅིག་ཐང་ཅིག་གིས་སྐྱེ་ཞིང་འགོག་པ་ལ་ལེགས་པར་མཁྱེན་ཏོ། ། འདི་ལྟ་སྟེ། མཁྱེན་པའི་ཤེས་རབ་ཐམས་ཅད་འཇིག་རྟེན་ཐམས་ཅད་ཀྱི་ཤེས་རབ་ལས་འདས་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་ཐོབ་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ་ཞུགས་པ་དེས་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཤིན་ཏུ་ཕྲ་བའི་མཚན་ཉིད་ཐོག་མ་མངལ་དུ་འཇུག་པ་དང་། གཟུགས་མེད་པའི་ལྷ་དག་གིས་ལ་སངས་རྒྱས་ཀྱིས་མཁྱེན་པ་དང་འདྲ་བར་རྫོགས་པར་མི་ཤེས་སོ།། འཇིག་རྟེན་འཛིན་སངས་རྒྱས་བཅོམ་ལྡན་འདས་ལ་གཞན་གྱི་རྗེས་སུ་བལྟོས་པའི་ཤེས་རབ་མི་མངའ་སྟེ། རང་བཞིན་གྱིས་ཡེ་ཤེས་དང་། ཤེས་རབ་དང་། ཐབས་མཁས་པ་བརྙེས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་ནི་མི་ཆུད་པ་མེད་དེ། བཅོམ་ལྡན་འདས་ཀྱིས་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་ངེས་པའི་ཤེས་རབ་བརྙེས་ཏེ། ཆོས་ཐམས་ཅད་དབང་དུ་གྱུར་པའི་མཐུ་ཡང་བརྙེས་སོ།། དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་ཚད་མེད་དཔག་ཏུ་མེད། གྲངས་མེད་པ་བརྒྱ་སྟོང་སྙེད་ཀྱི་བར་དུ་ཤིན་ཏུ་ཟབ་མོའི་ཆོས་མཛད་པའི་ཕྱིར་རོ།། འཇིག་རྟེན་འཛིན་བྱིས་པ་སོ་སོའི་སྐྱེ་བྲོ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་རྟོག་པའི་ཐབས་ཀྱང་མེད་ན། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྐྱེ་ཞིང་འགོག་པའི་མཚན་ཉིད་ཤིན་ཏུ་ཕྲ་མོ་ལ་རྟོག་ནུས་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའང་མི་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔའི་བདེན་པའང་མི་ཤེས་པའི་ཕྱིར་རོ།། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཉེ་བར་ལེན་པའང་མི་ཤེས། ཉེ་བར་ལེན་པའི་ཕུང་པོའང་མི་ཤེས་སོ། ། འཇིག་རྟེན་འཛིན་འདི་ཇི་ལྟར་ན་ཉེ་བར་ལེན་པ་ཞེས་བྱ་ཞེ་ན། ཉེ་བར་ལེན་པ་ནི་བདག་ཏུ་ཉེ་བར་ལེན། སེམས་ཅན་དུ་ཉེ་བར་ལེན། ལྟ་བར་ཉེ་བར་ལེན་ཚུལ་ཁྲིམས་སུ་ཉེ་བར་ལེན། ཕུང་པོ་ལྔ་ཉེ་བར་ལེན། ཁམས་བཅོ་བརྒྱད་ཉེ་བར་ལེན། སྐྱེ་མཆེད་བཅུ་གཉིས་ཉེ་བར་ལེན་པ་སུན་ཉེ་བར་ལེན་པ་ཞེས་བྱའོ།། ཇི་ཙམ་དུ་ཆོས་གདགས་པའི་ཕྱི་འམ། ནང་གི་འདོད་པ་ཉེ་བར་ལེན་པ་དང་། སྲིད་པ་ཉེ་བར་ལེན་པ་དང་། མཐོང་བ་དང་། ཐོས་པ་དང་། ཚོར་བ་དང་། ཤེས་པ་ཉེ་བར་ལེན། བདག་དང་བདག་གི་བར་ཉེ་བར་ལེན་ཏོ། ། འཇིག་རྟེན་འཛིན་བྱིས་པ་སོ་སོའི་སྐྱེ་བོ་དག་ཡང་དག་པ་མ་ཡིན་པའི་ཉེ་བར་ལེན་པ་འདི་ལ་མི་ཤེས་མི་མཐོང་སྟེ། ཕྱིན་ཅི་ལོག་གི་རྒྱུ་དྲང་རྐྱེན་གྱིས་ཆོས་སུ་ཉེ་བར་ལེན་ཏོ། ། གང་ཟག་དེ་ཉེ་བར་ལེན་པས་རྣམ་པར་བཙོངས་པས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཉེ་བར་ལེན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཉེ་བར་ལེན། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཉེ་བར་ལེན། མིང་དང་གཟུགས་ཀྱི་མཚན་མ་སྦོམ་པོ་ལ་སེམས་ཅན་རྣམས་ཆགས་ཤིང་ཞེན་ཏེ་ལེན་ཏོ།། འདི་ལྟ་སྟེ། གཟུགས་ལེན། གཟུགས་དང་འབྱོར། གཟུགས་ཀྱིས་བཅིངས་སོ།། གཞན་ཡང་གཟུགས་མེད་པའི་ཕུང་པོ་བཞི་ཉེ་བར་ལེན་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་རྣམ་པར་རྟོག་ཅིང་མིང་དུ་བཏགས་སོ།། འཇིག་རྟེན་འཛིན་གལ་ཏེ་སངས་རྒྱས་མེད་ན། སེམས་ཅན་རྣམས་ཤེས་པ་མེད། མཐོང་བ་མེད་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་མི་ནུས་སོ། ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་ན། སེམས་ཅན་གཟུགས་ལ་རྟེན་ཅིང་གནས་པ་གཞིག་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྟེན་ཅིང་གནས་པ་གཞིག་པ་དང་བསྡུ་བའི་མཚན་ཉིད་གཅིག་གཞིག་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་ལྟར་རྣམ་པར་ཕྱེ་སྟེ་བསྟན་ཏོ། ། ཁྱེད་རྣམས་ཀྱིས་རྟེན་ཅིང་གནས་པ་ནི་གཟུགས་ཡིན་ནོ།། གཟུགས་དེ་ནི་ཆེན་པོ་བཞི་འདུས་པ་སྟེ། ཚོད་པ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་མིང་ཙམ་སྟེ། མིང་གཟུགས་ཀྱི་མཚན་མ་བསྒྲུབ་པའི་ཕྱིར། ཉེ་བར་ལེན་པའི་ཕུང་པོ་ལྔ་བཤད་དོ།། ཁྱད་སོ་སོའི་སྨྲངོ་རྣམས་ཀྱིས་མི་བརྟན་པ་སྙིང་པོ་མེད་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་འདི་ལ་མི་ག་ནས་མི་ཆགས་པར་བྱའོ། ། འཇིག་རྟེན་འཛིན་དེ་བཞིན་གཤེགས་པས་ཅིའི་ཕྱིར་ཉེ་བར་ལེན་པའི་རུང་པོ་ལྔ་བཤད་ཅེ་ན། འཇིག་རྟེན་འཛིན་བྱིས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་ལས་སྐྱེས་ཏེ། མ་རིག་པའི་དྲ་བས་གླགས་པས་འཁོར་བ་ན་འཁོར་བར་གྱུར་ཏོ།། ཅིས་འཁོར་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་མ་ལ་ཆགས་ཤིང་འཛིན་པས། འདི་སྙམ་དུ་བདག་འདི་ལ་གནས་པས་བདེ་བར་གྱུར་ཏོ་སྙམ་སེམས་ཏེ། གང་ཟག་བདེ་བའི་མཚན་མར་བཟུང་བས།། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་གནས་སོ།། སྡུག་བསྔལ་གྱི་མཚན་མ་དང་། སྡུག་བསྔལ་བའང་མ་ཡིན། བདེ་བའང་མ་ཡིན་པའི་མཚན་མར་བཟུང་ཞིང་ཆགས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་ཆགས་སོ། ། བྱིས་པ་སོ་སོའི་སྐྱེ་བོ་དག་བརྟེན་པའི་གནས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ནོ།། འཇིག་རྟེན་འཛིན་བྱིས་པ་སོ་སོའི་སྐྱེ་བོ་དག་ནི་སྐྱེས་ནས་མདོངས་ཏེ། ཕུང་པོ་ལྔ་ཅི་ཡིན་པར་མི་ཤེས། ཕུང་པོ་ལྔ་གང་ནས་འོངས་པའང་མི་ཤེས་སོ།། ཕུང་པོ་ལྔའི་ཡང་དག་པ་ཇི་ལྟ་བ་མི་ཤེས་པས། ཕུང་པོ་ལྔ་ལ་ཆགས་ཤིང་འཛིན་ཏོ། ། དེ་བས་ན་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ།། དེ་ལེན་པའང་མེད་ལ། ལེན་པར་བྱ་བའང་དམིགས་སུ་མེད་དེ། བྱིན་ཅི་ལོག་ལ་ཆགས་ཤིང་། ཡང་དག་པ་མ་ཡིན་པར་ཀུན་ཏུ་རྟོགས་བས་བཅིངས་ཏེ། མ་རིག་པ་དང་། གཏི་མུག་གིས་རྨོངས་པས། བདག་ལེན། བདག་གི་བར་ལེན། བདག་དང་གཞན་གྱི་བར་ལེན་ཏེ། དེ་བས་ན་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ།། ཕུང་པོ་ལྔ་ལ་ནི་ལེན་པའང་མེད། ངེས་པའི་མཚན་ཉིད་ཀྱང་མེད་དོ།། དེ་བསྟན་མཁས་པ་དག་ནི་གླང་པོ་མ་ཡིན་པ་ཉེ་བར་ལེན་པའི་ཕུང་པོ་སར་ཤེས་སོ། ། རྐྱེན་གྱི་ལོག་གི་སུང་པོ་ལྔ་ལ་ན་པར་ཡིན་པའི་ཕུང་པོ་ལྔར་ཤེས་ས།། མ་རིག་པའི་ཕུང་པོ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔར་ཤེས་སོ།། དྲིས་པས་སྐྱེ་བོ་དག་ནི་འདིས་རྣམ་པར་བཅིངས་པས་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་གནས་སོ།། ཆགས་ཤིང་གནས་པས་ན་ཉེ་བར་ལེན་པ་ནི་གང་ཉེ་བར་ལེན་པའི་ཕུང་པོ་ནི་གང་ཡིན་པ་མི་ཤེས་ཏེ། ཕུང་པོ་ལྔ་ལ་ཆགས་ཤིང་གནས་པས་སྐྱེ་ཞིང་འཁོར་བར་གྱུར་ཏོ།། ཕུང་པོ་ལ་ཆགས་ཤིང་གནས་པས་རྒྱུད་ཀུན་ཏུ་འཁོར་བར་གྱུར་ཏོ།། ཅི་ལ་གནས་ཤིང་ཆགས་ཤེ་ན། མཐོང་བ་ལ་གནས་ཤིང་ཆགས། ཚོར་བ་ལ་གནས་ཤིང་ཆགས། རྣམ་པར་ཤེས་པ་ལ་གནས་ཤིང་ཆགས། སྲེད་པ་ལ་གནས་ཤིང་ཆགས།། མ་རིག་པ་ལ་གནས་ཤིང་ཆགས་སོ།། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་སྲིད་པའི་བཅིང་བས་རྣམ་པར་བཅིངས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མངོན་པར་ཆགས་ཏེ། སྒྲིབ་པས་ཡོངས་སུ་བསྒྲིབས་པས། མ་རིག་པས་རྨོངས་ཏེ་མི་ཤེས། མི་ཚིར་རོ།། བདག་ཅག་གིས་ཆགས་པའི་གནས་ནི་གང་ཡིན། ཅིས་བཅིངས་པ་མི་ཤེས་པའི་ཕྱིར། སེམས་ཅན་དམྱལ་བ། དང་། བྱོལ་སོང་དང་། ཡི་དགས་དང་། ལྷ་དང་མིར་ཡང་དང་ཡང་དུ་སྐྱེ་ཞིང་འཁོར་ཏེ། འཁོར་བས་རྣམ་པར་བཅིངས་པས་འཁོར་བ་ལ་གནས་ཤིང་ཆགས་ཏེ། མི་གཏོང་མི་སྤོང་། མི་གཅོད་དོ།། ཕུང་པོ་ལྔའི་ཡང་དག་པ་ཇི་ལྟ་བའང་མི་ཤེས་སོ།། ཡང་དག་པ་ཇི་ལྟ་བུའི་མཚན་ཉིད་མི་ཤེས་པའི་ཕྱིར། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གཙེས་ཏེ། ཡང་དག་པ་མ་ཡིན་པའི་དོང་དུ་ལྷུང་ནས། འབྱུང་བའི་ལམ་མི་ཤེས་སོ།། གང་ཟག་དེས་དེ་ལྟར་འབྱུང་བ་མི་ཤེས་པས། ཐོག་མ་མེད་པའི་དུས་ན་འཁོར་བར། རྒྱུད་དུ་འཁོར་བ་ལེན་ཏོ།། དེ་བས་ན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྒྲ་སྔགས་འདོན་པ་དང་། རྣཾས་པའི་མྱ་ངན་དང་། སྡུག་བསྔལ་ལས་རྣམ་པར་མ་གྲོན་ཚད་མེད་པའི་འཁོར་བའི་གཡང་ས་ལས་རྣམ་པར་མ་གྲོལ། སྡུག་བསྔལ་ཆེན་པོའི་ཕུང་པོ་ལས་རྣམ་པར་མ་གྲོལ་ཏེ། ཕྱིར་ཡང་སྡུག་བསྔལ་ལ་གནས་ཤིང་ཆགས། སྡུག་བསྔལ་མངོན་པར་ཆགས་ཏེ། སྡུག་བསྔལ་ཆེན་པོས་བཀོལ་བར་གྱུར་ཏོ།། སྡུག་བསྔལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ཏེ། སྐྱེ་བའི་ཚེ་ན་སྡུག་བསྔལ་སྐྱེ་བཱ། འགོག་བའི་ཚེ་ནའང་སྡུག་བསྔལ་འགོག་གོ། ། འཇིག་རྟེན་འཛིན་ངས་དེའི་རྒྱུ་དེའི་རྐྱེན་གྱིས་སློབ་མ་རྣམས་ལ་འདི་སྐད་དུ་ཆོས་བསྟན་ཏོ།། དགེ་སློང་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ཕུང་པོ་ལ་རྟག་གོ། ། ཡང་དག་པ་ཇི་ལྟ་བ་བཞིན་གཟུགས་མི་རྟག་པའི་མཚན་ཉིད་ཤེས་པར་བྱའོ།། ཁྱེད་ཅི་སྟེ་གཟུགས་ལ་ཆགས་པར་གྱུར་ན་དེ་མ་ཐག་ཏུ་བསལ་ཞིང་གཅད་པར་བྱའོ། ། ཁྱེད་ལ་སོགས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཆགས་པར་གྱུར་ན། དེ་མ་ཐག་ཏུ་བསལ་ཞིང་གཅད་པར་བྱའོ། ། ཆགས་པ་བསལ་ཞིང་བཅད་པས་སེམས་ཡང་དག་པར་གྲོལ་བར་འགྱུར་རོ།། འཇིག་རྟེན་འཛིན་གང་ཟག་སུ་ཞིག་ངས་གསུངས་པའི་ཆོས་ཀྱི་དོན་ཤེས་ཤིང་ཇི་ལྟར་གསུངས་པ་བཞིན་དུ་ནན་ཏན་བྱེད་ན། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྨྲེ་སྔགས་འདོན་པ་དང་། ཡིད་སློང་བ་དང་། སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། ། གང་ཟག་སུ་ཞིག་གསུངས་པ་བཞིན་དུ་མི་སྤྱོད། མི་སྒོམ་ན། གཟུགས་ཀྱི་འཆིང་བས་རྣམ་པར་བཅིངས། སྲེད་པའི་འཆིང་བས་རྣམ་པར་བཅིངས་ཏེ། མ་རིག་པས་མདོངས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་སོ།། གང་ཟག་དེ་ཉེ་བར་ལེན་པའི་ཕུང་པོ་ལ་ཆགས་པས། འཁོར་བའི་གཡང་ས་ལས་རྣམ་པར་མ་གྲོལ་ཏོ། ། འཇིག་རྟེན་འཛིན་དེ་བས་ན་འཇིག་རྟེན་པ་དག་ནི་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་པ་དག་དང་མི་རྩོད་དོ་ཞེས་གསུངས་སོ།། འཇིག་རྟེན་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པ་ནི་འཇིག་རྟེན་ཞེས་བྱའོ།། གང་ཟག་དེ་ཕུང་པོ་ལྔ་ལ་ཆགས་ཏེ། ཕུང་པོ་ལྔས་རྣམ་པར་བཅིངས་པས། ཕུང་པོ་ལྔའི་རང་བཞིན་མི་ཤེས། ཕུང་པོ་ལྔའི་མཚན་ཉིད་སྟོང་པ་ཉིད་དུ་མི་ཤེས་ཏེ་ང་དང་རྩོད་དོ།། གང་ཟག་དེ་སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་བྱེད་དེ། སངས་རྒྱས་དང་རྩོད་པས་ཤིན་ཏུ་ཉམ་ང་བ་ཆེན་པོར་ལྷུང་ངོ་། ། གང་ཟག་སུ་ཞིག་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་། དེ་ལྟར་ཕུང་པོ་ལྔ་ཡང་དག་མ་ཡིན་པ་དང་། སྟོང་པ་ཅིའང་མེད་པ་ཕྱིན་ཅི་ལོག་དང་། མ་རིག་པ་དང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལས་སྐྱེས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་དག་བསླུས་པ་ཡིན་པར་རྟོགས་ན། ཕུང་པོ་ལྔ་མ་ཡིན་པ་ལ་ཕུང་པོ་ལྔ་དང་འདྲ་བར་ཤེས་སོ།། གང་ཟག་དེ་ནི་སངས་རྒྱས་དང་ཡང་མི་རྩོད་པ་སྟེ། སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་མི་བྱེད་པས། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཀྱི་སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ།། འཇིག་རྟེན་འཛིན་སངས་རྒྱས་བཅོམ་ལྡན་འདས་ནི་གང་ཟག་པ་མི་རྩོད་དོ། ། རྩོད་པ་ཐམས་ཅད་ཡོངས་སུ་བཅད་པས། སངས་རྒྱས་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ཆོས་སྟོན་ཏོ།། འདི་ལྟ་སྟེ། ཁྱེད་ཀྱིས་སྔོན་བླངས་པ་ནི། ཐམས་ཅད་ཀྱང་ཕྱིན་ཅི་ལོག་ཡིན་ཏེ། སེམས་ཅན་ཐམས་ཅད་ཕྱིན་ཅི་ལོག་གི་དབང་གིས་ཕུང་པོ་ལ་ཆགས་ཤིང་གནས་ནས། འཇིག་རྟེན་དུ་ཡང་དང་ཡང་འཁོར་བར་གྱུར་ཏོ། ། དེ་ལྟར་གང་ཟག་དག་ཕུང་པོ་ལྔ་ལ་ཆགས་ཤིང་གནས་པས། ངན་པར་ལྟ་བ་རྣམ་པ་སྣ་ཚོགས་ལ་ཞེན་ཅིང་བསྐྱེད་དོ།། མིང་དང་ཚིག་རྣམ་པ་སྣ་ཚོགས་ལ་ཆགས་ཤིང་གནས། ཟློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ཐམས་ཅད་ལ་ཆགས་ཤིང་གནས་སོ།། དེ་ལྟར་གང་ཟག་དག་ངན་པར་ལྟ་བ་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གཙེས་ཀྱང་། དེའི་མགོན་བྱེད་པའམ། སྐྱབས་བྱེད་པའམ། གནས་དང་རྟེན་དུ་འགྱུར་བ་མང་དོ།། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ནི་མགོན་དང་སྐྱབས་སུ་འགྱུར་རོ།། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་སེམས་ཆུང་ཤེས་པ་ཆུང་བས་འདོད་པ་ལྔ་ལ་ཆགས། ཉེས་པའི་སྐྱོན་མང་པོའི་ཕུང་པོ་ལྔ་ལ་ཆགས་སོ། ། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་མགོན་དུ་འགྱུར་བ་དང་། སྐྱབས་སུ་འགྱུར་བ་དང་། གནས་དང་རྟེན་དུ་འགྱུར་བ་དང་། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱེད་པ་དང་། རྩོད་པར་བྱེད་དོ།། འཇིག་རྟེན་འཛིན་ངས་ཕྱག་བཏེག་པ་ཡིན་ནོ།། གང་ཞིག་ཕུང་པོ་ལྔར་ལྟ་བ་དང་། ཕུང་པོ་ལྔ་ལ་མཚན་མར་ལྟ་བ་དང་། ཕུང་པོ་ལྔ་ལ་ཆགས་པར་བྱེད་ན། ངའང་དེའི་སྟོན་པ་མ་ཡིན་ལ། དེའང་ངའི་སློབ་མ་མ་ཡིན་ཏེ། ངའི་རྗེས་སུ་རབ་ཏུ་བྱུང་བ་མ་ཡིན་ཏེ། དེའི་རྗེས་སུ་སྤྱོད་པ་མ་ཡིན། ངལ་སྐྱབས་སུ་སོང་བ་མ་ཡིན་གྱི། གང་ཟག་དེ་ནི་ངན་པར་འགྲོ་བའི་ལམ་དུ་སོང་བ། ཡང་དག་པ་མ་ཡིན་པའི་ལམ་ལ་ཞུགས་པའོ།། ཡང་དག་པ་ལེན་པ་མ་ཡིན་ཏེ། ཕྱིན་ཅི་ལོག་པའོ།། སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པ་མི་ཤེས། སངས་རྒྱས་ཀྱིས་ཕུང་པོ་ལྔ་ཅིལ་དགོངས་ཏེ་གསུངས་པ་མི་ཤེས། སངས་རྒྱས་ཀྱིས་དོན་དམ་པ་གསུངས་པ་མི་ཤེས་སྷོ།། གང་བག་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་མི་འཇུག་པས། མཆོད་པ་དང་རྙེད་པ་དྲང་བར་མི་བྱའོ།། གང་ཟག་དེ་ནི་རབ་ཏུ་འབྱུང་བར་ཡང་ངས་མ་གནང་ན། གཞན་གྱི་མཆོད་པ་དང་རྙེད་པའི་བཀུར་སྟི་ལེན་པ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་མུ་སྟེགས་ཅན་གྱི་སྡེར་གཏོགས་པ་ཡིན་ནོ།། འདི་ལྟ་སྟེ། གང་ཕུང་པོ་ལྔ་ལ་མཚན་མ་སྐྱེད་པ་ནི་ཕུང་པོ་ལྔ་ལ་ཆགས་ཤིང་འཛིན་པ་ཞེས་བྱའོ། ། འཇིག་རྟེན་འཛིན་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། ངའི་ཆོས་ལ་རབ་ཏུ་འབྱུང་བ་རྣམས་མང་དུ་ཕུང་པོ་ལྔ་ལ་མཚན་མ་བསྐྱེད་པ་དང་། ཕུང་པོ་ལྔའི་མཚན་མ་ལ་ངེས་པར་བཅད་པ་དང་། ཕུང་པོ་ལྔ་ལ་རབ་ཏུ་ཆགས་ཏེ། ཡང་དག་པ་མ་ཡིན་པའི་ལམ་ངན་པར་ཞུགས་པས། ངའི་ཆོས་ལ་རང་ཏུ་བྱུང་ནས། ཆོས་གོས་གཉའ་བ་ལ་བཀལ་ཏེ། རྟག་ཏུ་ཁྱིམ་པའི་ཁྱིམ་དུ་འགྲོ་བ་ལ་དགའ་བར་བྱེད་དོ།། གང་ཟག་དེ་ནི་མུ་སྟེགས་ཅན་དང་ཐ་མི་དད་ཀྱང་། ངའི་ཆོས་ཀྱི་བྱིན་གྱིས་དེ་ཁ་མཆོད་པ་དང་། སྦྱིན་པ་མང་བར་རིག་པར་བྱའོ།། འཇིག་རྟེན་འཛིན་གང་ཕུང་པོ་ལྔར་ལྟ་བ་དང་། ཕུང་པོ་ལ་ངེས་པའི་འཆད་པ་དང་། ཕུང་པོ་ལྔ་ལ་ཆགས་པར་བྱེད་པ་དེ་ནི། གཞན་དག་གི་ཆུ་བོར་གང་ཙམ་ཡང་ལྡན་དུ་མི་དབང་བར་ངས་བཤད་དོ།། དེ་ཇི་ལྟ་ཞེ་ན། གང་ཟག་དེ་དེའི་ཆོས་ལ་མཐུན་པའི་བཟོད་པ་ཙམ་ཡང་མེད་པས། གང་ཟག་དེས་ནི་ངའི་ཆོས་དང་འགལ་བར་བྱེད་པ་འཕགས་པའི་ཆོས་ཡོངས་སུ་སྤོང་བའོ། ། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་འོངས་པའི་དུས་ངན་པར་དེ་ལྟ་བུའི་དམ་བཅས་ཏེ། སྨོན་ལམ་ཆེན་པོ་བཏབ་སྟེ། ངའི་ཤིན་ཏུ་ཟབ་མོའི་མདོ་སྡེ་དག་གཟུང་ཞིང་བསྲུང་བ་དང་སེམས་ཅན་དག། ཕུང་པོ་ལྔར་ལྟ་བ་གཅད་པའི་ཕྱིར་ཆོས་བསྟན་པར་བྱའོ། ། འཇིག་རྟེན་འཛིན་དེ་བས་ན་ངས་མདོ་སྡེ་ཀུན་ལས་ཕུང་པོའི་མཚན་མ་ཐམས་ཅད་གཞིག་པ་དང་། ཕུང་པོ་ལ་ཆགས་པ་སྤང་བ་བཤད་དེ། དེའི་ཚེ་ན་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་དག་མང་དུ་མདོ་སྡེ་འདི་ལ་རྩོད་པ་བྱུང་སྟེ། ཡང་དག་པ་ཉིད་དུ་འདུ་ཤེས་མི་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་ལྟར་ཡི་དམ་དང་སྨོན་ལམ་ཆེན་པོ་གདབ་པར་བྱའོ། ། བདག་ཅག་གོས་མ་འོངས་པའི་དུས་ངན་པའི་སེམས་ཅན་ཕུང་པོ་ལ་ཆགས་ཤིང་ངན་པར་ལྟ་བ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར། ཕུང་པོ་ལྔ་ལ་ཆགས་པ་བསལ་བའི་ཕྱིར། ཇི་ལྟ་ཇི་ལྟ་བུར་འདུལ་བ་དེ་ལྟ་དེ་ལྟ་བུའི་ཆོས་ཀྱིས་ཕན་པ་དང་བདེ་བའི་དོན་བྱེད་དོ།། དེ་བས་ན་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཤེས་པར་འདོད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པར་འདོད་པ་དང་། དྲན་པའི་མཐུ་ཐོབ་པར་འདོད་པ་དང་། ཆེས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་འདོད་པ་དང་། ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་ཐོབ་པར་འདོད་པ་དག་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པའི་མཚན་ཉིད་དང་། སྡུག་བསྔལ་བའི་མཚན་ཉིད་དང་བདག་མེད་པའི་མཚན་ཉིད་དང་། ཡང་དག་པ་མ་ཡིན་པའི་སྙིང་པོ་མེད་པའི་མཚན་ཉིད་དང་། མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཐོག་མ་མེད་པའི་དུས་ནས་མ་སྐྱེས་པའི་མཚན་ཉིད་དུ་བརྟག་པར་བྱའོ། ། རྟག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་ཞེན་པ་ཡོངས་སུ་སེལ་བར་འགྱུར་རོ།། གཞན་ཡང་དེ་ལྟ་དུའི་ཤིན་ཏུ་ཟབ་མོའི་ཆོས་ལ་སྦྱོར་བའང་ཐོབ་པར་འགྱུར་རོ། ། འཇིག་རྟེན་འཛིན་སྔོན་བསྐལ་པ་ཚད་མེད་གྲངས་མེད་འདས་པ་དེའི་ཚེ་དེའི་དུས་ན། བློ་གྲོས་ཆེན་པོ་རིའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ་བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ལ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། འཇིག་རྟེན་འཛིན་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཁྲག་ཁྲིག་ཕྲག་བརྒྱད་ཅུ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཤ་སྟག་གོ།། གཞན་ཡང་སློབ་པ་ས་ལ་གནས་པ་ཕྱིར་མི་ལྡོག་པ་དང་ཝ་ཁྲིག་ཁྲི་ཕྲག་བརྒྱད་ཅུ་ཡོད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ནི་ཁྲག་ཁྲིག་ཁྲི་ཕྲག་བརྒྱད་སྟོང་ཡོད་དོ།། བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་སྙད་དོ། ། འཇིག་རྟེན་འཛིན་དེའི་ཚེ་ན། རྒྱལ་པོ་ཕན་པར་འགྱུར་བ་ཞེས་བྱ་བ་ཡོད་དོ།། རྒྱལ་པོ་ཕན་པར་འགྱུར་བ་ཞེས་བྱ་བ་དེ་ལ་གྲོང་ཁྱེར་ཆེན་པོ་ཉི་ཁྲི་སྙེད་དེ། རབ་ཏུ་བདེ་སྐྱིད་པ་དང་ལྡན་པའི་འགྲོ་བས་ཡོངས་སུ་གང་ངོ་།། གྲོང་ཁྱེར་དེ་དག་ཀྱང་རབ་རིམ་པ་བདུན་བདུན་གྱིས་བསྐོར་ཏེ། ཆུ་ཞེང་གབ་པར་དཔག་ཚད་བཅུ་གཉིས་ཡོད་དོ། ། དེ་དག་ཀྱང་རིན་པོ་ཆེ་སྣ་བཞི་ལས་བྱས་ཏེ། འོབས་ཀྱང་རིམ་པ་བདུན་དང་། བད་ཀྱང་རིམ་པ་བདུན་དེ། རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་སྟེང་གི་ཕྱོགས་ཡོངས་སུ་བཀབ་བོ། ། གྲོང་ཁྱེར་དང་། འོབས་དང་། ཤིང་དང་། རབ་དང་། སྟེང་གི་ཟ་བ་རྣམས་ཀྱང་གསེར་དང་། བཻ་ཌཱུཪྻ་དང་། ཤེལ་དང་། མུ་ས་ར་གར་བ་སྟེ། རིན་པོ་ཆེ་བཞི་ལས་བྱས་པའོ། ། གྲོང་ཁྱེར་ཆེན་པོ་དེ་རེ་རེ་ལ་སྐྱེད་མོས་ཚལ་ལྔ་བརྒྱ་སྙེད་ཡོད་དེ། དེའི་ནང་གི་ཤིང་ཡང་རིན་པོ་ཆེ་བདུན་གྱི་ཤིང་གིས་ཡོངས་སུ་གང་ངོ་།། ཤིང་དེ་དག་ཀྱང་རིན་བོཔོ་ཆེའི་གོས་ཀྱི་ཤིང་ཤ་སྟག་གོ། ། སྐྱེད་མོས་ཚལ་དེ་དག་རེ་རེ་ན་རང་རིན་པོ་ཆེའི་རྫིང་ལྔ་བརྒྱ་ལྔ་བརྒྱ་ཡོད་དེ། ཡོན་ཏན་བརྒྱད་ཀྱི་རྒྱུས་ཡོངས་སུ་གང་ངོ་།། འཇིག་རྟེན་འཛིན་རྒྱལ་པོ་ངན་པར་འགྱུར་བ་དེ་ལ་བཙུན་མོ་དང་ཕོ་བྲང་གི་སླས་བརྒྱད་ཁྲི་སྙེད་ཡོད་དེ། དེའི་ཚེ་བཙུན་མེ་ཆེན་མོ་ནི་སྲས་གཉིས་ཡོད་དོ།། གཅིག་ནི་ཚད་མེད་བློ་གྲོས་ཞེས་བྱ། གཅིག་ནི་ཚད་མེད་སྟོབས་ཞེས་བྱ། འཇིག་རྟེན་འཛིན་རྒྱལ་བུ་དེ་གཉིས་ལོ་བཅུ་དྲུག་ལོན་པ་དང་། རྨི་ལམ་དུ་དེ་བཞིན་གཤེགས་པ་མཐོང་སྟེ། ཤིན་ཏུ་མཛེས་ལ་དཔེ་ཟླ་མེད་པ་ནི་འཛམ་བུ་ཆུ་ཀླུང་གི་གསེ་གྱི་རྒྱལ་མཚན་ལྟ་བུ་མཐོང་ནས་རབ་ཏུ་དགའ་སྟེ་སད་པ་དང་། སོ་སོ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། ཕོ་བོས་སྨྲས་པ། བདག་གིས་རྐང་གཉིས་མཆོག་ནི་མཐོང་བར་རྨིས། གསེར་མདོག་བསོད་ནམས་བརྒྱ་ཡི་མཚན་གྱིས་བརྒྱན།། ཚད་མེད་པ་ཡི་ཡོན་ཏན་ཡོངས་རྫོགས་པ།། མཐོང་བས་སེམས་ནི་རབ་ཏུ་དགའ་བར་གྱུར།། ནུ་བོས་སྨྲས་པ། བདག་གིས་སངས་རྒྱས་ཉི་ལྟར་ལྡན་པ་རྨིས།། ཤིན་ཏུ་བཟང་ཞིང་མཛེས་པ་ཕུལ་གྱི་མཆོག། རི་ཡི་རྒྱལ་པོ་རི་རབ་ཇི་བཞིན་ཏེ།། ལྒང་ངེར་གསལ་བར་མཐོང་བས་ཤིན་ཏུ་དགལ། འཇིག་རྟེན་འཛིན་དེའི་ཚེ་ན་རྒྱལ་བུ་ཚད་མེད་བློ་གྲོས་དང་། ཚད་མེད་སྟོབས་གཉིས་པ་མ་གང་ན་བར་སོང་ནས། འདི་སྐད་དུ་བདག་གིས་འདི་ལྟ་བུ་དག་རྨི་ལམ་དུ་མཐོང་ངོ་ཞེས་རྨི་ལམ་གྱི་གཏམ་ཕ་མ་ལ་བཟླས་སོ། ། བདག་ཅག་གཉིས་ཀྱིས་སངས་རྒྱས་མཐོང་བར་རྨིས་ཀྱིས། བདག་ཅག་གཉིས་བཅོམ་ལྡན་འདས་གང་ན་བར་མཆི་བར་གསོལ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བའང་ཤིན་ཏུ་དཀའ་སྟེ། བདག་ཅག་བག་མེད་བས་མ་ཚོར་མ་འཚལ་ནས། འདོད་པ་ལྔའི་འདམ་དུ་ལྷུང་སྟེ། གཟུགས་ཀྱི་བཅིང་བས་རྣམ་པར་བཅིངས་སོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་བཅིང་བས་རྣམ་པར་བཅིངས་སོ།། བདག་ཅག་ཁྱིམ་ན་གནས་པས་བག་མེད་པའི་ཕྱིར། སངས་རྒྱས་མ་མཐོང་ངོ་ཞེས་གསོལ་ཏོ།། འཇིག་རྟེན་འཛིན་རྒྱལ་བུ་གཉིས་ཀྱིས་ཕ་མ་ལ་དེ་སྐད་ཅེས་སྨྲས་ནས། བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་གང། ན་བར་སོང་ངོ་།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས། ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་ལ་ཟླ་བ་གསུམ་གྱི་བར་དུ་མཆོད་པ་རྣམ་བཞི་འབུལ་བར་སྤྱན་དྲངས་སོ། ། ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དག་གིས་མཆོད་ཅིང་ཕུལ་ཏེ། གྲོང་ཁྱེར་ཆེན་པོའི་མཐའ་རྒྱལ་པོ་ཕན་པར་འགྱུར་བའི་སྐྱེད་མོས་ཚུལ་གཅིག་ཏུ་བདན་སྦྱངས། གདུགས་ཟེས། རིན་པོ་ཆེའི་པདྨོ་བཀོད་དེ། སངས་རྒྱས་དང་དགེ་སློང་གི་དགེ་འདུན་ལ་ཕུལ་ནས་བཞུག་སུ་གསོལ་ཏེ། ། རྒྱལ་བུ་དེ་གཉིས་ཀྱིས་ཟླ་བ་གསུམ་གྱི་བར་དུ་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ནས། བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ངོ་། ། འཇིག་རྟེན་འཛིན་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེས་རྒྱལ་བུ་དེ་གཉིས་ཀྱི་ལྷག་པའི་བསམ་པ་དང་། སྨོན་པ་མཁྱེན་ནས་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་བཤད་པའི་བྱང་ཆུབ་སེམས་དཔའི་ཐབས་ཞེས་བྱ་བའི་མདོ་རྒྱས་པར་བཤད་དོ།། ལོ་བཞི་ཁྲིའི་བ་དུ་གཉིད་ཀྱང་མ་ལོག། ཟས་ཀྱང་ཆོག་པར་མ་ཟོས། སྙེས་ཏེ་འཕྲེས་ཀྱང་མ་མྱོང་། གལ་ཏེ་འདུག་གམ་འཆག་ཅིང་སོང་ཡང་མ་མྱོང་ངོ་།། དེ་ནས་ཡང་ལོ་བཞི་ཁྲིའི་བར་དུ་གཞན་ཅིའང་མི་སེམས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་དག་པ་མ་ཡིན་པ་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་དུ་སེམས་ཏེ། དེ་ལྟར་ཕུང་པོ་ལྔ་ཕྱིན་ཅི་ལོག་ལས་བྱུང་བར་ཤེས་ནས། བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པར་བྱ་བ་ལ་བརྩམས་བཞིན་དུ། ཚེ་ལ་ཐུག་གི་བར་དུ་ཚངས་པར་སྤྱད་པ་སྤྱོད་དོ།། དེ་ནས་ཚེ་འཕོས་ནས་དགའ་ལྡན་གནས་དུ་སྐྱེས་སོ། ། བཅོམ་ལྡན་འདས་དེ་མྱ་མྱ་ལས་འདས་པའི་འོག་ས་བྱར་ཡང་འཇམསའི་གླིང་འདི་སཁྱིམ་བདག་ཆེན་པོ་ཞག་ག་ཅིམ་དུ་སྐྱེས་ན་སྨྲ་བན་ཏུ། ལོན་པ་དང་། ཡང་རྨི་ལམ་ན་དེ་བཞིན་གཤེགས་པ་མཐོང་སྟེ། ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་བཤད་པའི་བྱང་ཆུབ་སེམས་དཔའི་ཐབས་ཀྱི་མདོ་སྡེ་བསྟན་པར་རྨིས་སོ།། ལམ་ན་ཆོས་འདི་ཐོས་ནས་སད་པ་དང་། སྔངས་སྐྲག་སྟེ། བཅོམ་ལྡན་འདས་དེའི་བསྟན་པ་ལ་ལོ་ཁྲི་ཚང་བར་ཚངས་པར་སྤྱད་པ་སྤྱོད་ཅིང་། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་བཤད་པ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ཐབས་ཀྱི་མདོ་སྡེ་ཞིབ་ཏུ་བརྟགས་ནས། དེ་ནས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གནམ་དུ་སྐྱེས་སོ།། ལྷའི་ཚེ་ཟད་ནས་ཕྱིར་ཡང་འཛམ་བུའི་གླིང་དུ་རིགས་མཐོ་ཞིང་ཆེ་བའི་བྲམ་ཟེའི་ཁྱིམ་དུ་སྐྱེས་སོ།། བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོའི་ཆོས་རྣམ་པར་ཞིག་ནས། ལོ་སྟོང་ལོན་ཏེ་རྒྱལ་བུ་དེ་གཉིས་སྔོན་གྱི་རྒྱུ་དང་རྐྱེན་གྱིས་དེར་ཡང་རབ་ཏུ་བྱུང་ནས་ཤེས་རབ་རྒྱ་མཚོ་དང་འདྲ་བར་ཤེས་པ་ཤིན་ཏུ་རྒྱ་ཆེ་བར་གྱུར་ཏེ། ཕུང་པོའི་མཚན་ཉིད་རྣམ་པར་འབྱེད་ཅིང་། ཤིན་ཏུ་རྟོག་པ་ལ་མཁས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རྟོགས་པར་གྱུར་ཏོ།། འཇིག་རྟེན་འཛིན་དེ་ན་མི་ཉི་ཁྲི་སྙད་དང་། ལྷ་ཁྲི་ཕྲག་ཉི་ཤུ་སྤྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་དེ་ནས་གང་ནས་གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་སནས། མཐུན་པར་གྱུར་ནས། སངས་རྒྱས་ཁྲག་ཁྲིག་ཁྲི་ཕྲག་བཅུ་དང་ཕྲད་དེ་བསྙེན་བཀུར་བྱས་པར་གྱུར་ཏོ།། དེ་ནས་གདོད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་ནས། གཞན་ཡང་སངས་རྒྱས་ཁྲག་ཁྲིག་ཁྲི་ཕྲག་གཅིག་དང་ཕྲད་དེ། དེ་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ།། དེ་གཉིས་ཀྱང་བསྐལ་པ་གཅིག་ཏུ་རིམ་གྱིས་འཚང་རྒྱ་སྟེ། གཅིག་ནི་ཚད་མེད་དབྱངས་ཞེས་བྱ། གཅིག་ནི་ཚད་མེད་འོད་ཅེས་བྱའོ།། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དག། རྣམ་པར་དག་ཅིང་ཤིན་ཏུ་བྱུང་བའི་ཆོས་བསྒོམ་པ་ལ་ཤིན་ཏུ་བརྩོན་པར་བྱའོ། ། གཞན་ཡང་ཕུང་པོའི་མཚན་ཉིད་ལ་འཇུག་པ་དང་། འདུས་བྱས་ཀྱི་ཆོས་ཡང་དག་པའི་མཚན་ཉིད་ལ་མཁས་པར་བྱའོ།། ཕུང་པོ་ལྔ་ལ་བརྟག་པའི་ལེའུ་སྟེ་གཉིས་སོ། ། །། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་བཅོ་བརྒྱད་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་བཅོ་བརྒྱད་ལ་ཡང་དག་པར་རྟོག་པར་སྦྱོར་བ་ན། འདི་སྙམ་དུ་མིག་གི་ཁམས་ཞེས་བྱ་པ་མིག་གི་ཁམས་སུ་དམིགས་སུ་མད། མིག་གི་ཁམས་ལ་བདག་དང་བདག་གི་བ་མེད་པ། མི་རྟག་པ། སྙིང་པོ་མེད་པ། རང་བཞིན་གྱིས་སྟོང་པའི་ཕྱིར། མིག་གི་ཁམས་ལ་མིག་གི་མཚན་ཉིད་དུ་བཏགས་པ་མི་དམིགས། མིག་གི་ཁམས་ནི་ཡང་དག་པ་མ་ཡིན་པ་ཅིའང་མེད་པ་སྟེ། རྣམ་པར་རྟོག་པ་ལས་སྐྱེས་སོ།། མིག་གི་ཁམས་ལ་ངེས་པའི་མཚན་ཉིད་མེད་དེ། ནམ་མཁའི་ཁམས་ནི་མིག་གི་ཁམས་ཡིན་ནོ།། ད་པེར་ན་ནམ་མཁའི་ཁམས་ལ་ངེས་པའི་མཚན་ཉིད་མེད་དེ། དངོས་པོ་མེད་པ་བཞིན་མིག་གི་ཁམས་ལ་ངེས་པའི་མཚན་ཉིད་མེད་པ་དང་། རང་དངོས་པོ་མེད་པའང་དེ་དང་འདྲའོ།། དེ་ཅིའི་ཕྱིར་ཞེ་ན། མིག་གི་ཁམས་ལ་ཡང་དག་པའི་དངོས་པོ་མི་རྙེད་པའི་ཕྱིར། མིག་གི་ཁམས་ཡུལ་ནའང་མི་གནས། ཕྱོགས་ནའང་མིག་ནས། ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་པའི་ཕྱིར་རོ།། མིག་གི་ཁམས་ལ་ངེས་པའི་མཚན་ཉིད་མེད་པ། དངོས་པོ་མེད་པས་མིག་གི་ཁམས་ཀྱི་དངོས་པོ་དམིགས་སུ་མེད་དེ། རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་སོ།། མིག་གི་ཁམས་འདས་པ་མ་ཡིན། མ་འོངས་པ་མ་ཡིན།། ད་ལྟར་གྱི་མ་ཡིན་ཏེ། མིག་གི་ཁམས་ལ་མིག་གི་རང་བཞིན་དམིགས་སུ་མེད་དོ།། མིག་གི་ཁམས་ནི་སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དང་ད་ལྟར་གྱི་རྐྱེན་ལ་རག་ལུས་ཏེ་མིག་གི་ཁམས་ཞེས་བཏགས་སོ། ། མིག་གི་ཁམས་ཞེས་བྱ་བ་ནི་ཁམས་མེད་པའོ།། མིག་གི་ཁམས་ལ་མིག་གི་ཁམས་དམིགས་སུ་མེད་དོ།། རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་མིག་གི་ཁམས་ཞེས་བྱའོ། ། མིག་གི་དབང་པོའང་རྣམ་པར་དག་ལ། གཟུགས་ཀྱང་སྣང་བའི་གནས་ན་ཡོད་ཅིང་ཡིད་ཀྱི་དབང་པོར་ལྡན་ཏེ། རྣམ་པ་གསུམ་འདུས་ན་མིག་གི་ཁམས་ཞེས་བྱའོ། ། མིག་གི་ཁམས་ལ་ངེས་པར་མིག་གི་ཁམས་ཞེས་བྱ་བ་མེད་ད། མཁས་པ་དག་ནི་མིག་གི་ཁམས་མེད་པ་ལ་མིག་གི་ཁམས་སུ་རྟོགས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གལ་ཏེ་དེ་ལྟར་མིག་གི་ཁམས་རྣམ་པར་འབྱེད་པར་རྟོགས་ནས། ཁམས་མེད་པ་ལ་གཟུགས་ཀྱི་ཁམས་སུ་ཁོང་དུ་ཆུད་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ལ་གཟུགས་ཀྱི་ཁམས་སུ་དམིགས་སུ་མེད་དེ། གཟུགས་ཀྱི་ཁམས་ནི་འདུས་མ་བྱས་པའོ།། གཟུགས་ལ་ངེས་པའི་མཚན་ཉིད་མེད་པའི་ཕྱིར། གཟུགས་ཀྱི་ཁམས་ཞེས་བྱའོ།། གཟུགས་ལ་དངོས་པོ་མེད་དེ། རྣམ་པར་རྟོག་པའང་མེད་ན། གཟུགས་ཀྱི་ཁམས་ཞེས་བྱ་བ་ལྟ་ཅི་སྨོས་ཏེ་གཟུགས་ཀྱི་ཁམས་ཞེས་བྱ་བ་ནི་དངོས་པོ་མེད་པས། གཟུགས་ཀྱི་མཚན་ཉིད་ནི་གཟུགས་ཀྱི་ནང་ནའང་མི་གནས། གཟུགས་ཀྱི་ཕྱི་རོལ་ན་འང་མི་གནས་གཉིས་ཀའི་བར་ནའང་མི་གནས་ཏེ། རྣམ་པར་བརྟགས་པ་དང་། གཟུགས་སྔོན་དུ་སྣང་བའི་གནས་ན་ཡོད་ལ། མིག་གི་དབང་པོའང་རྣམ་པར་དག་ཅིང་། ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་ལས། གཟུགས་མངོན་པར་སྣང་སྟེ། གཟུགས་ཀྱི་མཚན་ཉིད་ཅེས་བྱའོ།། དཔེར་ན་མེ་ལོང་གི་ནང་གི་གཟུགས་བརྙན་དང་འདྲ་སྟེ། མེ་ལོང་ཡོངས་སུ།། དག་ན་གཟུགས་ཀྱི་མཚན་ཉིད་མངོན་པར་སྣང་བར་འགྱུར་རོ།། གཟུགས་ལ་ངེས་པའི་མཚན་ཉིད་མེད་དོ།། མེ་ལོང་གི་ནང་ན་མི་མེད་བཞིན་དུ་གཟུགས་ཀྱི་གཟུགས་བརྙན་སྣང་ངོ་།། དེའང་ཕྱི་རོལ་ན་མེ་ལོང་ཡོད་ལ། ནང་ནས་གཟུགས་ཀྱི་མཚན་ཉིད་འབྱུང་ངོ་།། དེ་བཞིན་དུ་མིག་གི་དབང་པོ་རྣམ་པར་དག་ན། གཟུགས་ཀྱི་སྣང་བའི་གནས་ན་འདུག་པ་ལ་དམིགས་ནས། མེ་ལོང་གི་གཟུགས་བརྙན་དང་འདྲ་བ་ལ། གཟུགས་ཀྱི་མཚན་ཉིད་ཅེས་བཏགས་སོ།། གཟུགས་ལ་ཁམས་མེད། དབྱིབས་ཀྱི་མཚན་མ་མེད། ངེས་པའི་མཚན་ཉིད་མེད་པས། གཟུགས་ཀྱི་མཚན་ཉིད་ཅེས་བྱའོ།། གཟུགས་ཀྱི་མཚན་ཉིད་ལ་བདག་མེད་པའི་ཕྱིར། གཟུགས་ཀྱི་མཚན་ཉིད་ཅེས་བྱའོ།། སེམས་ཅན་གྱི་རྗེས་སུ་ཇི་ལྟ་ཇིས་པ་དེ་ལྟར་དེ་བཞིན་དུ་ཤེས་པའི་ཕྱིར། གཟུགས་ཀྱི་མཚན་ཉིད་ཅེས་བྱའོ།། གང་ཟག་སུ་ཞིག་གཟུགས་ཀྱི་མཚན་ཉིད་ཤེས་ནས། གཟུགས་མེད་པའི་མཚན་ཉིད་ཀྱང་ཤེས་སོ།། གཟུགས་ཀྱི་མཚན་ཉིད་ལ་མ་སྐྱེས་པའི་ཁམས་སུ་ཤེས། གཟུགས་ཀྱི་མཚན་ཉིད་ལ་མ་བྱས་པའི་ཁམས་སུ་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་དེ་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན། མཚན་ཉིད་ཅིའང་མད། བསྟན་པ་ཡང་དག་པ་མ་ཡིན་པའི་མཚན་ཉིད་བསྟན་པ་བླ་དགས་སུ་བཏགས་པའི་མཚན་ཉིད་བསྟན་པ་སྟེ། དེ་དག་ནི་གཟུགས་ཀྱི་ཁམས་ཞེས་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔས་གཟུགས་ཀྱི་ཁམས་རྣམ་པར་འབྱེད་པ་ལ་རྟོག་པ་སྟེ། བྱང་ཆུབ་སེམས་དཔས་དེ་ནས་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་རྣམ་པར་འབྱེད་པ་ལ་རྟོག་གོ། ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ལ། མིག་གི་རྣམ་པར་ཤེས་པ་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད། རྟག་པའི་མཚན་ཉིད་མེད་དོ།། མིག་གི་རྣམ་པར་ཤེས་པའི་ཁམས་ལ་དངོས་པོ་མེད། ངེས་པའི་ཆོས་མེད་དོ།། མིག་གི་རྣམ་པར་ཤེས་པའི་ཁམས་ནི་བསྟན་དུ་མེད་དོ། ། མིག་གི་རྣམ་པར་ཤེས་པའི་ཁམས་ནི་འདུས་པ་མ་ཡིན། གྱེས་པ་མ་ཡིན་ཏེ། དངོས་པོའི་རྩ་བ་མེད་དོ།། དེའང་སྔོན་གྱི་ལས་ཀྱི་རྒྱུ་དང་། རྐྱེན་དང་། ད་ལྟར་གྱི་རྐྱེན་དང་། གཟུགས་ལ་རག་ལུས་པའི་ཕྱིར་འདིར་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་གི་སེམས་ཀྱི་རྗེས་སུ་སོང་བས། མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། དེ་ལ་འཕགས་པ་རྣམས་ཀྱིས་ནི་ཁམས་མེད་པར་ཁོང་དུ་ཆུད་ཅིང་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ལ་ངེས་པ་མེད་པའི་ཕྱིར་རོ། ། དེ་ནི་རྐྱེན་རྣམས་ལས་སྐྱེས་ཏེ། རྐྱེན་ལས་རག་ལུས་པའི་ཕྱིར། མིག་གི་རྣམ་པར་ཤེས་པའི་ཁམས་ཤེས་སོ།། རྣམ་པར་ཤེས་པའི་སྤྱོད་ཡུལ་གནས་ནི་མིག་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། ། དེ་ལྟར་ངེས་པ་མེད་པའི་ཕྱིར་ན། ངེས་པའི་མཚན་ཉིད་ཅེས་བཤད་དོ།། མ་སྐྱེས་པའི་ཕྱིར། ཡང་དག་པ་མ་ཡིན་པ་བསྟན་པའི་ཕྱིར། གཟུགས་ཀྱི་མཚན་མར་རྣམ་པར་རྟོག་པའི་ཕྱིར། རྐྱེན་རྣམས་བསྟན་པའི་ཕྱིར། མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དོ།། སེམས་ཅན་དག་ཇི་ལྟར་ཤེས་པའི་རྗེས་སུ་དེ་བཞིན་གཤེགས་པས་ཐབས་ཀྱིས་རྣམ་པར་བྱ་སྟེ། གཅིག་པ་དང་ཐ་དད་པའི་མཚན་ཉིད་གཞོམ་པའི་ཕྱིར་དེ་ལྟ་བུའི་མཚན་ཉིད་བཤད་དོ།། རྣམ་པར་ཤེས་པ་ལ་ངེས་པའི་མཚན་ཉིད་མེད་དེ། མིག་གི་དབང་པོ་རྣམ་པར་དག་པས། གཟུགས་ཀྱི་མཚན་ཉིད་ཤེས་ཏེ། ཆོས་གཉིས་འདུས་པའི་ཕྱིར། མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དོ། ། མིག་གི་རྣམ་པར་ཤེས་པའི་ཡང་དག་པའི་མཚན་ཉིད་བསྟན་པའི་ཕྱིར། མིག་གྲི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དོ།། མིག་གི་རྣམ་པར། ཤེས་པའི་ཁམས་ནི། མིག་གི་སྤྱོད་ཡུལ་གྱི་གནས་ཏེ། གཟུགས་རྣམ་པར་ཤེས་པ་ནི། མིག་གི་རྣམ་པར་ཤེས་པའི་ཁམས་དེའང་མེད་པར་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་གིས་མིག་གི་རྣམ་པར་ཤེས་པའི་ཁམས་ལ་མིག་གི་རྣམ་པར་ཤེས་པའི་ཁམས་སུ་དམིགས་སུ་མེད་དེ། མིག་གི་རྣམ་པར་ཤེས་པའི་ཁམས་ལ་མིག་གི་རྣམ་པར་ཤེས་པའི།། ། ཁམས་སུ་དམིགས་སུ་མེད་པས་དངོས་པོར་མི་རྙེད་དོ།། དེ་ཅིའི་ཕྱིར་ཞེ་ན། ངེས་པའི་མཚན་ཉིད་མེད་པ་ནི། མིག་གི་རྣམ་པར་ཤེས་པའི་ཁམས་སོ།། མིག་གི་རྣམ་པར་ཤེས་པའི་ཁམས་ནི་བཏགས་པ་ཙམ་དུ་ཟད་དོ། ། ཁམས་ཞེས་བཤད་པ་དེའང་མི་ལེན་པའི་དོན་བཤད་པར་ཟད་དོ།། མཐོང་བར་བྱ་བའི་གནས་ཡོད་པས། མིག་གི་རྣམ་པར་ཤེས་བ་དང་ཡིད་ཀྱི་ལས་ལས་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་སྐྱེས་པས་མིག་གི་རྣམ་པར་ཤེས་པ་ཞེས་བྱའོ། ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་གསུམ་འདུས་པ་ལས་རྐྱེན་རྣམས་ཀྱི་མཚན་ཉིད་ཤེས་ཏེ། དེ་ནི་ཁམས་ཀྱི་དོན་ལས་དབེན་པའོ།། འདི་ལྟ་སྟེ། མིག་གི་ཁམས་དང་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་ནམ་གྲངས་དེ་སྙེད་ཀྱིས་ན། སེམས་ཅན་རྣམས་ཡང་དག་པའི་ལམ་ལ་འཇུག་པར་འགྱུར་ཏེ། འདི་ལ་ཡང་དག་པར་མིག་གི་ཁམས་མེད། གཟུགས་ཀྱི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཚན་ཉིད་རྣམས་ཤེས་པ་དང་། མཐོང་བ་དང་། རྣམ་པར་འབྱེད་པའི་ཐབས་སུ་གསུངས་ཏེ། མཚན་ཉིད་གསུངས་པ་འདི་ལ་གང་ཟག་སུ་ཞིག་ཆུད་ཅིང་རྟོགས་ན་ཁམས་གསུམ་པ་ལ་ཁམས་མེད་པར་ཤེས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཁམས་རྣམས་ལ་ཁམས་ཀྱི་མཚན་ཉིད་མེད་པའི་ཕྱིར། ཁམས་རྣམས་ལ་མཚན་ཉིད་དུ་མི་དམིགས་པའི་ཕྱིར་རོ།། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་གཞུང་འདིས་ཤེས་པར་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་ཁམས་རྣམ་པར་འབྱེད་པ་ལ་རྟོག་པ་ཞེ་ན་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ཡིད་ཀྱི་ཁམས་ལ་དངོས་པོ་ཅིའང་མེད་པའི་ཕྱིར། ངེས་པའི་མཚན་ཉིད་མེད་དོ།། ཡིད་ཀྱི་ཁམས་ལ་ཡིད་ཀྱི་ཁམས་ཞེས་བྱ་བ་མེད། ངེས་པའི་ཁམས་མེད་དོ། ། ཡིད་ཀྱི་ཁམས་ཞེས་བྱ་བ་ནི་དཔེར་ན་ས་བོན་ས་ཆེན་པོ་ལ་རྨོས་ནས་སེར་གྱིས་རླན་ཏེ། ཉི་མས་དྲོས་པར་བྱས་ཤིང་། རླུང་གིས་སྐྱོད་ན། མྱུ་གུ་བགས་ཀྱིས་འབྱུང་སྟེ། མྱུ་གུའང་ས་བོན་ལས་མ་སྐྱེས་ལ། ས་བོན་ཡང་མྱུ་གུ་དང་གཅིག་པ་མ་ཡིན་ཏེ། མྱུ་གུ་སྐྱེས་ནས་ས་བོན་ཡང་འཇིག་སྟེ། ས་བོན་ཡང་མྱུ་གུ་ལས་གཞན་མ་ཡིན་ལ། མྱུ་གུའང་ས་བོན་ལས་གཞན་མ་ཡིན་ཏེ། མྱུ་གུའི་ནང་ནས་ས་བོན་མེད་པ་བཞིན་ཡིད་ཀྱི་ལམ་ཀྱང་དེ་དང་འདྲ་སྟེ། ཡིད་ཀྱི་ལས་བསྐྱེད་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པས་མཚོན་པས་ནི་ས་བོན་གྱིས་མྱུ་གུ་མཚོན་པ་བཞིན་ཏེ།། ཡིད་ཀྱི་ཁམས་ཞེས་བཏགས་སོ།། ཡིད་ཀྱི་ཁམས་ལས་གུད་ན་ཡིད་དང་། ཡིད་ཀྱི་ཁམས་ཞེས་བྱ་བ་མེད། ཡིད་དུ་མི་ཤེས་ཀྱང་བླ་དགས་སུ་ཡིད་ཀྱི་ཁམས་ཞེས་བཏགས་སོ།། ཡིད་ཀྱི་ཁམས་ཞེས་བྱ་བ་དེ་ཡིད་ཀྱི་ནང་ན་མི་གནས། ཡིད་ཀྱི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་ཏེ། སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་གྱི་ཕྱིར་རྣམ་པར་ཤེས་པས་བསྐྱེད་པའི་ཀྱི་ལས་ཀྱི་ཕྱིར་དམིགས་པར་བྱ་བ་ཤེས་པའི་ཕྱིར། མཚན་ཉིད་དུ་བཏགས་པ་འདུས་པའི་ཕྱིར། ད་ལྟར་གྱི་དམིགས་པ་སྐྱེ་བའི་ཕྱིར་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དེ་ནི་མངས་པའི་ཡིད་ཀྱི་ལས་ཀྱི་མཚན་ཉིད་དང་། རྒྱུ་དང་། རྐྱེན་མང་པོ་འདུས་པའི་མཚན་ཉིད་དོ།། ཡིད་ཀྱི་ཁམས་ནི་མང་པོ་འདུས་པ་ལས་སྐྱེས་པས་སེམས་ཅན་ཇི་ལྟར་ཤེས་པའི་རྗེས་སུ་འཇུག་གོ། ། དོན་དམ་པ་ལ་ནི་ཡིད་ཀྱི་ཁམས་ཞེས་བྱ་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་ཕྱིར་རོ།། མི་སྐྱེ་བ་ནི་ཡིད་ཀྱི་ཁམས་ཏེ་སྐྱེ་བ་མེད་པའི་ཕྱིར་རོ། ། ཡིད་ཀྱི་ཁམས་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་བཏགས་པའི་ཚིག་ཡིན་ཏེ། དོན་དམ་པར་ངེས་པར་ཡིད་ཀྱི་ཁམས་མེད་དོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དམིགས་སུ་མེད་དོ། ། ཁམས་དག་ནི་ཁམས་མེད་པ་ལ་ཡིད་ཀྱི་ཁམས་སུ་རྟོགས་སོ།། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཁམས་ལ་འབྱེད་ཅིང་རྟོགས་པ་ནི་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་རྟོགས་ཏེ། ཆོས་ཀྱི་ཁམས་ལ་རང་བཞིན་མེད་པས་རང་བཞིན་དམིགས་སུ་མེད་དོ།། ངེས་པའི་ཁམས་ནི་ཆོས་ཀྱི་ཁམས་སོ།། ཆོས་ཀྱི་ཁམས་ནི་དངོས་པོར་དམིགས་སུ་མེད་པའི་ཕྱིར། ངེས་པའི་དངོས་པོར་དམིགས་སུ་མེད་དེ། སྐྱེ་བོ་ཕྱིན་ཅི་ལོག་ཏུ་ལྟ་ཞིང་ཡང་དག་པ་མ་ཡིན་པས་རྣམ་པར་བཅིངས་པ་དག་ཤེས་པར་བྱ་བའི་ཕྱིར་ཆོས་ཀྱི་ཁམས་ཞེས་བརྗོད་ཅིང་བཤད་པའང་སོ་སོའི་སྐྱེ་བོ་དག་ཁམས་མེད་པ་ལ་དགོད་པའི་ཕྱིར་ཆོས་ཀྱི་ཁམས་ཞེས་བཤད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ཆོས་ཀྱི་ཁམས་ལ་མེད་ད། ཆོས་ཀྱི་ཁམས་ཞེས་བྱ་བ་ནི་རྐྱེན་མང་པོ་འདུས་པ་ལས་སྐྱེས་སོ།། རྐྱེན་མང་པོ་ལས་སྐྱེས་པའི་ཆོས་ལ་ནི་རང་བཞིན་མེད་དོ།། རྒྱུ་དང་རྐྱེན་ལ་རང་བཞིན་མེད་པའི་ཕྱིར། རྒྱུ་དང་རྐྱེན་ནི་མང་པོ་འདུས་པའི་ཕྱིན་ཅི་ལོག་གི་རྒྱུན་ལས་སྐྱེས་སོ།། དེ་བཞིན་གཤེགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཀུན་རྫོབ་ཚིག་ཏུ་བརྗོད་པས། ཁམས་མེད་པའི་ཆོས་བསྟན་པའི་ཕྱིར། ཆོས་ཀྱི་ཁམས་གསུངས་སོ།། ཆོས་ཀྱི་ཁམས་ནི་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་ཀྱང་། སོ་སོའི་སྐྱེ་བོ་དག་དགེ་པ་དང་མི་དགེ་བའི་ཆོས་ཤེས་ཤིང་མཐོང་ངོ་།། ཆོས་ཀྱི་ཁམས་ཀྱིས་ཆོས་ཐམས་ཅད་ཀྱི་ཁམས་ཤེས་པ་དང་། མཐོང་བ་མེད་པར་བཤད་པ་དང་། མཐར་སྟོང་པ་ཉིད་དུ་བཤད་པ་ནི་ཆོས་ཀྱི་ཁམས་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཅིའང་མེད་པ་ནི་ཆོས་ཀྱི་ཁམས་ཡིན་ཏེ། ཆོས་ཀྱི་ཁམས་ལ་ཡོད་ཅེས་བྱ་བའི་མཚན་མ་ངེས་པ་མེད་པའི་ཕྱིར། འདི་ལྟ་སྟེ། ནམ་མཁའ་ལ་ངེས་པའི་མཚན་ཉིད་མེད་དེ། ནམ་མཁའ་ཞེས་བྱ་བ་བཞིན་ཆོས་ཀྱི་ཁམས་ཀྱང་དེ་དང་འདྲ་སྟེ། ངེས་པའི་མཚན་མ་མེད་དོ། ། ཆོས་ཀྱི་མཚན་མ་གཞོམ་པའི་ཕྱིར། ཆོས་ཀྱི་ཁམས་ཞེས་བཤད་དེ། ཁམས་མེད་པ་ནི་ཆོས་ཀྱི་ཁམས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ནི་འདས་པ་ལ་མི་གནས། མ་འོངས་པ་ལ་མི་གནས། ད་ལྟར་ལ་མི་གནས་ཏེ། རྐྱེན་མང་པོ་ལ་རག་ལུས་པས། རྐྱེན་དང་ཕྲད་པའི་ཕྱིར་ཆོས་ཀྱི་ཁམས་ཞེས་རྣམ་གྲངས་སུ་བཏགས་སོ། ། སེམས་ཅན་གྱིས་ཇི་ལྟར་ཆོས་ཀྱི་ཁམས་ཞེས་བཏགས་སོ།། མཁས་པ་དག་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་ཤེས་ཏེ། ཆོས་ཀྱི་ཁམས་ནི་གཅིག་པ་མ་ཡིན་ཏེ། ཐ་དད་པ་མ་ཡིན་ནོ།། ཆོས་ཀྱི་ཁམས་ལ་ཆོས་ཀྱི་ཁམས་ཀྱི་མཚན་མ་མང་པོའང་མེད། ཅུང་ཟད་ཀྱང་མེད་དེ། ཁམས་བསྟན་པའི་ཐབས་ཀྱིས་ཆོས་ཀྱི་ཁམས་ལ་ཁམས་ཞེས་བཤད་དོ། ། གང་རྣལ་འབྱོར་པ་དག་ཆོས་ཀྱི་ཁམས་རྟོགས་ཤིང་ཆུད་པ་ནི་ཁམས་མེད་པར་ཤེས་ཤིང་མཐོང་ངོ་།། ཁམས་གསུམ་གྱི་ཆོས་ཀྱི་ཁམས་ཀྱི་རྣམ་པར་རྟོག་པའི་མཚན་མ་མེད་དེ། རྒྱུ་དང་རྐྱེན་མང་པོ་འདུས་པ་ལས་ཆོས་སུ་རྣམ་པར་རྟོག་པས་ཆོས་ཀྱི་ཁམས་ཞེས་བཤད་དེ། ཆོས་སུ་རྣམ་པར་ཕྱེ་སྟེ། མཚན་ཉིད་ངེས་པ་མེད་པར་བསྟན་པའི་ཕྱིར། ཆོས་ཀྱི་ཁམས་ཞེས་བཤད་དོ།། མཁས་པ་དག་ནི་ཆོས་ཀྱི་ཁམས་ལ་མཚན་མར་ལྟ་བའི་ཕྱིར། ཆོས་སྐྱེས་པར་མཐོང་བར་མཐོང་བ་མ་ཡིན་ཏེ། གང་སྐྱེས་པའི་ཆོས་དེ་ཉིད་མ་སྐྱེས་པའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ལ་མཚན་མ་མེད་པའི་ཕྱིར་རོ།། མཁས་པ་དག་ནི་ཆོས་ཀྱི་མཚན་ཉིད་ལ་མཚན་མ་མེད་པར་རྟོགས་ཤིང་ཆུད་པས།། ཆོས་ཀྱི་ཁམས་ལ་རྣམ་པར་རྟོག་པའི་མཚན་མ་མེད་པ་ནི། མཚན་མ་མེད་པ་རྣམ་པར་རྟོག་པ་མེད་པའི་ཕྱིར། ཆོས་ཀྱི་ཁམས་ཞེས་གསུངས་སོ།། ཆོས་ཀྱི་ཁམས་ལ་གནས་པའི་གནས་མེད། གནས་པ་མེད། འབྱུང་བའི་གནས་མེད། རྟེན་པའི་གནས་མེད་དོ།། ཆོས་ཀྱི་ཁམས་ནི་ཐོག་མ་ནས་མ་སྐྱེས་པའི་ཕྱིར། ཆོས་ཀྱི་ཁམས་ལ་སྐྱེ་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ལ་ཁམས་མེད་པའི་ཕྱིར་རོ།། གཞན་ཡང་ཆོས་ཀྱི་ཁམས་ནི་འདུས་པའི་ཕྱིར་ཡོད་པ་མ་ཡིན་ཏེ། མ་འདུས་པ། མ་གྱེས་པ། མངོན་པར་འདུས་མ་བྱས་པ། ངེས་པ་མེད་པས་ཆོས་ཀྱི་ཁམས་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་རྣམ་པར་འབྱེད་ཅིང་རྟོགས་སོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་སྙམ་དུ་མ་སྐྱེས་པའི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས། མ་ངེས་པའི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ།། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་དངོས་པོ་མེད། ངེས་པའི་ཆོས་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་ཆོས་མེད་པའི་མཚན་ཉིད་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་དམིགས་སུ་མེད་དོ། ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཡང་དག་པ་མ་ཡིན་པ། ཅིའང་མེད་པ་ཕྱིན་ཅི་ལོག་དང་ལྡན་པ། ཡིད་ཐོག་མར་འགྲོ་བ་ལས་ཆོས་སུ་རྣམ་པར་ཤེས་པས། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་གསུངས་སོ།། བྱིས་པ་སོ་སོའི་སྐྱེ་བོའི་རྗེས་སུ་སྙེག་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་གསུངས་སོ།། འཕགས་པ་རྣམས་ཀྱིས་ནི་ཁམས་མ་ཡིན་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་ཤིང་རྟོགས། ཡང་དག་པ་མ་ཡིན་པ། ཅིའང་མེད་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་ཤིང་ཤེས་སོ།། དེའང་རྒྱུ་དང་རྐྱེན་གྱི་ཆོས་བསྟན་པའི་ཕྱིར། ཡིད་ཐོག་མར་འགྲོ་བ་ཤེས་ནས། རྐྱེན་མང་པོ་འདུས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དེ། དེའང་སེམས་ཅན་ཇི་ལྟར་ཤེས་པའི་རྗེས་སུ་སྙག་པའི་ཕྱིར་དེ་སྐད་ཅེས་གསུངས་སོ།། མཁས་པ་དག་ནི་ཁམས་མ་ཡིན་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་སོ། ། དེའང་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་། རྣམ་པར་བརྟགས་པ་ལས་བྱུང་སྟེ། གང་ཁམས་ལ་མཚན་མ་མེད་པ་ནི་དོན་དུམ་པ་སྟེ། དོན་དམ་པ་ལ་ཁམས་ཀྱི་མཚན་མ་མེད་དོ། ། ཀུན་རྫོབ་ཀྱི་ཆོས་སུ་སེམས་ཅན་སྨིན་པར་བྱ་བའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་གསུངས་ཏེ། དེའང་སེམས་ཅན་དག་ཁམས་མེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་པར་བྱ་བའི་ཕྱིར་རོ། ། དེརང་ཆོས་ཅུང་ཟད་ཀྱིས་ཁམས་གནོན་ནིང་དེ་ལས་དབེན་པར་བྱ་བའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་གསུངས་སོ། ། དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ཀྱིས་རྣམ་པར་ཤེས་པའི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ནང་ན་གནས་པར་རམ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཕ་རོལ་ན་གནས་པར་རམ། གཉིས་ཀའི་བར་ན་གནས་པར་མི་དམིགས་སོ།། མཁས་པ་དག་ནི་འདུ་བ་མེད་པའི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་མི་ཤེས། ཡིད་ཀྱི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་ཤེས་སོ།། དེའང་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་ཕྱིན་ཅི་ལོག་ལས་སྐྱེ་ཞིང་འབྱུང། སྟེ། ཡིད་ཐོག་མར་འགྲོ་བས་རྒྱུ་དང་རྐྱེན་གཉིས་འདུས་པ་ལས་འབྱུང་བར་ཤེས་སོ།། ཡང་དག་པ་མ་ཡིན་པ་ལ་ཆགས་པ་དང་། ཀུན་བཏགས་པ་ལས་སྐྱེས་ཏེ། སེམས་ཅན་ལ་རྣམ་པར་ཤེས་པའི་མཚན་མ་བསྟན་པའི་ཕྱིར། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་རྗོད་དོ།། ཡིད་ཀྱི་རྣམ་པར་ཤེས་པ་ནི་འདས་པ་ལ་མི་གནས། མ་འོངས་པ་ལ་མི་གནས། ད་ལྟར་ལ་མི་གནས་སོ།། ཡིད་ཀྱི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་མ་འོངས་ལ། གང་དུའང་མ་སོང་། གནས་པའི་གནས་མེད་དེ། ཐོག་མ་ནས་མ་སྐྱེས་པའི་མཚན་ཉིད་དོ། ། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐོག་མའི་དངོས་པོར་ངེས་པའི་ཆོས་མེད་དོ།། དེ་ནིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་མཚན་མ་གཉིས་སུ་མེད་དེ། མཚན་མ་མེད་པའོ།། མཚན་མ་དེ་ནི་མཚན་མ་གཉིས་ཀྱི་ཕྱིར་ཡོད་པ་མ་ཡིན་ཏེ། བསྟན་དུ་མེད་པ་ཉིད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ།། མཁས་པ་དག་ནི་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྟོགས་ཤིང་ཁོང་དུ་ཆུད་པས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དེ་ཆོས་ཐམས་ཅད་ལ་མི་གནས། ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། ཆོས་ཐམས་ཅད་དང་གཅིག་པ་འམ། ཐ་དད་པ་མ་ཡིན་པར་རྟོགས་སོ།། འཕགས་པ་རྣམས་ཀྱི་མ་སྐྱེས་པ་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་སོ། ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་འོངས་པ་མེད། སོང་བའང་མེད། དམིགས་པའང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་དམིགས། དམིགས་སུ་མེད། བསྟན་དུ་མེད་པའི་ཕྱིར་རོ།། མཁས་པ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བྱེད་པ་དམིགས་སུ་མེད་པའི་ཕྱིར། མ་བྱས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་སྐྱེ་བའི་མཚན་མ་མེད་པའི་ཕྱིར་མ་སྐྱེས་པར་ཆུད་ཅིང་རྟོགས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་དེ་ལྟར་རྣམ་པར་འབྱེད་ཅིང་རྟོག་གོ། ། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་རྟོག་པའི་རྗེ། འདོད་པ་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་མ་སྐྱེས་པ་ཉིད་དང་། ཅིའང་མེད་པ་ཉིད་དུ་རྣམ་པར་འབྱེད་ཅིང་རྟོགས་སོ།། ཇི་ལྟར་རྟོག་ཅེ་ན་འདི་ལྟ་སྟེ། འདོད་པའི་ཁམས་ལ་འདོད་པའི་ཁམས་མེད། གཟུགས་ཀྱི་ཁམས་ལ་གཟུགས་ཀྱི་ཁམས་མེད། གཟུགས་མེད་པའི་ཁམས་ལ་གཟུགས་མེད་པའི་ཁམས་མེད་དེ་ཁམས་ཀྱིས་ཁམས་མེད་པའི་ཆོས་སྟོན་པས། འདོད་པའི་ཁམས་ལ་འཇུག་པར་དགའ་བ་ལ་ནི་འདོད་པའི་ཁམས་སྟོན་ཏོ།། གཟུགས་ཀྱི་ཁམས་ལ་འཇུག་པར་དགའ་བ་ལ་ནི་གཟུགས་ཀྱི། ཁམས་སྟོན་ཏོ།། གཟུགས་མེད་པའི་ཁམས་ལ་འཇུག་པར་དགའ་བ་ལ་ནི་གཟུགས་མེད་པའི་ཁམས་སྟོན་ཏོ།། ཁམས་ཀྱིས་ཁམས་མེད་པ་མཚོན་ཅིང་བརྗོད་དོ།། མཁས་པ་དག་ནི་ཅིའང་མེད་པའི་ཁམས་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་ཤེས་སོ།། མཁས་པ་དག་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་མི་དམིགས་སོ།། ཁམས་གསུམ་ཡང་དངོས་པོ་མེད་པ་ངེས་པའི་ཆོས་མེད་དེ། རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་པར་ཤེས་པས། དེ་བས་ན་མཁས་པ་དག་ནི་ཁམས་མེད་པ་ལ་ཁམས་གསུམ་དུ་ཤེས་སོ། ། དེ་ལ་ཁམས་མེད་དེ། ཁམས་གསུམ་ཆར་ཡང་ཡང་དག་པ་མ་སྨིན་པ་བྱིན་ཅི་ལོག་གིས་འགྲོའོ།། དེ་ཅིའི་ཕྱིར་ཞེན། མཁས་པ་དག་ནི་ཁམས་གསུམ་དུ་མི་དམིགས་པས་ཁམས་གསུམ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱིར་མི་དམིགས་མི་བརྗོད་དོ།། འཕགས་པ་རྣམས་ཀྱིས་ནི་ཁམས་གསུ་ལ་ཡང་དག་པ་མ་ཡིན་པ་དང་། ཅིའང་མེད་པ། རང་བཞིན་མེད་པ། ཆོས་རྣམས་དང་བྲལ་བ། ཕྱིན་ཅི་ལོག་ལས་བྱུང་བར་རྟོགས་ཏེ། སྐྱེ་བོ་མང་པོའི་ཕྱིན་ཅི་ལོག་ཡོངས་སུ་གཅད་པའི་ཕྱིར། ཁམས་གསུམ་ཤེས་ཤིང་མཐོང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པས་རྣམ་པར་བྱ་སྟེ་གསུངས་སོ།། ཁམས་གསུམ་གྱི་དངོས་པོ་བསྟན་པའང་། སེམས་ཅན་དག་ཁམས་མེད་པའི་དོན་ཤེས་པར་བྱ་བའི་ཕྱིར། ཁམས་གསུམ་གསུངས་ཏེ། ཁམས་ཀྱི་དངོས་པོར་ནི་མ་ཡིན་ནོ།། མཁས་པ་དག་ནི་ཁམས་གསུམ་ནི་ཁམས་མེད་པར་ཤེས་ཤིང་རྟོགས་སོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་རྟོག་པའི་ཚེ། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་ནི་ནམ་མཁའི་ཁམས་ཏེ། ཆོས་ཀྱི་ཁམས་མེད་པ་དང་། ཅིའང་མེད་པའི་ཁམས་དང་། མ་སྐྱེས་པའི་ཁམས་སུ་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་དང་། མཁའི་ཁམས་བྱེ་བྲག་མེད་དེ་ཐ་མི་དད་དོ།། ཁམས་ཀྱི་མཚན་ཉིད་དེ་དག་ཀྱང་ཡང་དག་པ་མ་ཡིན་པ་ལས་བྱུང་སྟེ། རྐྱེན་མང་པོ་ལས་སྐྱེས་པས་ཁམས་ཞེས་བྱ་སྟེ། དེ་ལ་ངེས་པའི་ཁམས་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལ་གཅིག་ཏུ་ངེས་པའི་ཁམས་མེད་དོ།། མཚན་ཉིད་དེ་དག་ཀྱང་ནམ་མཁའི་ཁམས་སུ་གཏོགས་པས་ཁམས་མེད་པའི་དོན་ནོ།། འདི་ལྟ་སྟེ། ནམ་མཁའི་ཁམས་མེད་པ་བཞིན་དུ་ཆོས་ཀྱང་མཐར་མཚན་མ་དང་བྲལ་ཏེ། མེད་པའི་མཚན་ཉིད་དོ།། ཁམས་ཐམས་ཅད་ཁམས་དང་བྲལ་བའོ།། ཁམས་ལ་ཁམས་མེད་དེ། ཁམས་ཞེས་བྱ་བ་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་ཏེ། ཁམས་ཀྱི་ནང་ན་ཁམས་མེད་དོ།། མེད་པ་ནི་མཚན་ཉིད་དུ་མ་བསྡུས་པ། ཁམས་ལ་མི་གནས་པའོ།། ཁམས་ཐམས་ཅད་ལ་གནས་མེད། ཁམས་ཐམས་ཅད་ནི་མ་སྐྱེས་པའོ།། མཁས་པ་དག་ནི་ཁམས་རྣམས་ལ་ཁམས་སྐྱེ་བར་མི་དམིགས། ཁམས་འགོག་པར་མི་དམིགས། ཁམས་ལ་གནས་པར་མི་དམིགས་སོ།། ཁམས་ཐམས་ཅད་ནི་མ་སྐྱེས་པ། མ་བྱུང་བ། མི་གནས་པ་ཐོག་མ་ནས་དམིགས་སུ་མེད་པའོ། ། མཁས་པ་དག་ནི་མིང་ཙམ་དུ་བཏགས་པའི་ཁམས་ལ་མི་ཆགས། ཆགས་པར་མི་བྱེད། མི་འཛིན། མི་རྟོག་གོ།། དེ་བས་ན་མཁས་པ་ངག་མི་ཁམས་ཐམས་ཅད་ལ་ཁམས་མ་སྐྱེས་པར་ཤེས་ཤིང་མཐོང་སྟེ། མ་སྐྱེས་པས་འགོག་པ་མེད་དེ། དོན་དན་པ་ལ་ཁམས་ཐམས་ཅད་དམིགས་སུ་མེད་དོ།། ཀུན་རྫོབ་ཏུ་ནི་ཆོས་ཀྱི་ཁམས་རྣམས་རྣམ་པར་ཕྱེ་སྟེ་བརྗོད་དོ།། དོན་དམ་པར་ནི་ཁམས་སུ་བརྗོད་པའང་མེད་དོ།། མཁས་པ་དག་ནི་ཁམས་ཐམས་ཅད་དོན་དམ་པའི་དོན་དུ་ཤེས་ཤ་རྟོགས་སོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཁམས་བཅོ་བརྒྱད་དང་། ཁམས་གསུམ་དང་། སེམས་ཅན་གྱི་ཁམས་དང་བདག་གི་ཁམས་དང་། ནམ་མཁའི་ཁམས་རྟོགས་ཤིང་། རྣམ་པར་ཕྱེ་བ་ཁོང་དུ་ཆུད་དོ།། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཁོང་དུ་ཆུད་ཅིང་རྟོགས་པའི་ཚེ། ཁམས་སུ་མི་དམིགས། ཁམས་སུ་མི་མཐོང་། ཐམས་ཅད་ཀྱི་མིང་ཡང་རྟོགས་ཤིང་ཁམས་ཐམས་ཅད་ཁམས་མེད་པ་ལ་འཇུག་པར་ཡིད་ཆས་སོ།། ཁམས་སུ་རྣམ་པར་བྱ་བའང་ཤེས་ཤིང་ཀུན་རྫོབ་ཏུ་ཁམས་ཐམས་ཅད་རྣམ་པར་ཕྱེ་ནས། ཁམས་ཐམས་ཅད་དོན་དམ་པར་ཞུགས་པར་ཡང་ཤེས། ཁམས་མེད་པའི་སྦྱོར་བའང་ཤེས་ཤིང་། སེམས་ཅན་རྣམས་ལ་ཁམས་རྣམས་རྣམ་པར་སྟོན་ཏེ། སེམས་ཅན་རྣམས་ཁམས་ཀྱི་སྦྱོར་བ་ལ་ཤིན་ཏུ་གནས་པར་ཡང་བྱེད་དོ།། ཀུན་རྫོབ་ཏུ་ཚིག་དང་སླེབས་སེམས་ཅན་རྣམས་ལ་ཁམས་མ་ཆོས་སྟོན་ཀྱང་། མཚན་མ་གཉིས་སུ་ཁམས་མི་སྟོན་ཏོ། ཁམས་ཐམས་ཅད་གཉིས་སུམ་དཀྱང་ཐབསྣཀྱིས་ཁམས་རྣམས་ཆེན་ཅིང་འབྲེལ་ཏེ་འབྱུང་བར་སྟོན་ཏོ།། ཀུན་ཙྪ་ཏུ་ཚིག་དང་སྨྲ་བས་སེམས་ཅན་སྨིན་པར་བྱེད་ཀྱང་། སེམས་ཅན་རྣམས་ལ་དོན་དམ་པ་སྟོན་ཏོ།། ཁམས་ཀྱི་ཁྱད་པར་གྱི་རྣམ་པ་ལ་མཁས་ཀྱང་། ཁམས་ཐམས་ཅད་མེད་པར་ཡིད་ཆེས་ཤིང་རྟོགས་སོ། ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་དེ་བཞིན་གཤེགས་པ་དོན་དམ་པས་ཁམས་སུ་མི་དམིགས། ཁམས་ཀྱི་ཆོས་སུ་མི་དམིགས་སོ།། འཇིག་རྟེན་འཛིན་ངས་ནི་ཁམས་ཐམས་ཅད་བགགས་པའང་མེད། གཅད་པའང་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ།། དེ་ཅིའི་ཕྱིར་ནེ་ན། དོན་དམ་པ་ལས་ཁམས་རྣམས་མེད་དོ།། ཁམས་ཐམས་ཅད་ལ་ཁམས་གང་ཡང་མེད་དེ་ངེས་པ་མེད་དོ།། ཁམས་ཐམས་ཅད་ནམ་མཁའ་དང་མཉམ་སྟེ། ཁམས་ཐམས་ཅད་ནམ་མཁར་འཇུག་པས། ཁམས་ཐམས་ཅད་མ་སྐྱེས་པའི་མཚན་ཉིད་དོ།། དེ་བཞིན་གཤེགས་པས་ཁམས་ཐམས་ཅད་ལ་དེ་ལྟ་བུའི་ཚུལ་གྱིས་ཐུགས་སུ་ཆུད་དོ།། དེ་བཞིན་གཤེགས་པས་ཁམས་སུ་མ་གསུངས། ཆོས་རྣམས་ཀྱི་སྟོབས་ཀྱང་མ་གསུངས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅིའང་མེད་པས། ཅིའང་མེད་པའི་ཁམས་མ་གསུངས་སོ། ། འཇིག་རྟེན་འཛིན་དེ་བཞིན་གཤེགས་པས་ཅིའང་མེད་པའི་ཁམས་གསུངས་མོད་ཀྱི། དེ་ལ་ཡང་དག་པར་མ་ཁམས་སུ་གསུང་པ་མེད་དོ། ། འཇིག་རྟེན་འཛིན་དེ་ལྟར་ན་ཁམས་རྣམས་ཀྱི་རྣམ་པར་ཤེས་པ་ལ་མཁས་པ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་། ཁམས་ཐམས་ཅད་བཏགས་པ་ཙམ་དུ་ཤེས་པ་དང་། ཀུན་རྫོབ་ཀྱི་ཁམས་ཙམ་དུ་ཤེས་པ་དང་། དོན་དམ་པའི་ཁམས་ཙམ་ཤེས་པ་དང་། ཁམས་ཀྱི་ངེས་པ་ཤེས་པ་དང་། ཀུན་རྫོབ་ཀྱི་བདེན་པ་ཤེས་པ་དང་། ཁམས་རྣམ་པར་འབྱེད་པ་ལ་མཁས་པ་དང་། ཅི་དང་ཅི་ལྟ་བུ་དང་ལྡན་པར་ཤེས་པ་དང་། ཁམས་ཀྱི་འདུས་པ་ཤེས་པ་དང་། ཁམས་ཀྱི་འཇུག་པ་ཤེས་པ་དང་། བདེན་པའི་ཁམས་ཀྱི་འཇུག་པ་ཤེས་པ་དང་། ཁམས་ཀྱི་ཁྱད་པར་ལ་མཁས་པ་དང་། ཁམས་ཐམས་ཅད་ཁམས་མེད་པར་ཤེས་པ་དང་། ཁམས་ཐམས་ཅད་ནམ་མཁའི་ཁམས་དང་མཐུན་པར་ཤེས་ཏེ། ཁམས་རྣམས་ལ་བྱེ་བྲག་ཏུ་མི་འབྱེད་པ་དང་། ཁམས་རྣམས་ལ་བྱེ་བྲག་ཏུ་མི་དམིགས་བྲག་ཏུ་མི་བརྗོད་དེ། སེམས་ཅན་རྣམས་ལ་ཁམས་འཇིག་པ་སྟོན་པ་ལ་མཁས་པར་འགྱུར་རོ།། འཇིག་རྟེམ་འཛིན་འདི་ལྟ་སྟེ། སྒྱུ་མ་མཁན་མཁས་པ་ཞིག་སེམས་ཅན་ལཅུ་མ་རྣམ་པ་སྣ་ཚོགས་བསྟན་ཏེ། སྒྱུ་མའི་དངོས་པོ་རྣམ་པ་སྣ་ཚོགས་བྱེད་དོ།། དེ་ལ་མཛའ་ཞིང་བཤེས་པ་དག་གིས་འདི་སྐད་དུ་སྒྱུ་མའོ།། སྒྱུ་མར་བྱས་པའི་དངོས་པ་རྒྱུ་མ་དེ་ལ་ཡང་དག་པ་མེད་དོ། ། ཕྱིན་ཅི་ལོག་ཏུ་སེམས་ཅན་ལ་སྟོན་ཏོ་ཞེས་སྨྲས་ན། མཁས་པ་དག་ནི་སྒྱུ་མར་ཤེས་པར་འགྱུར་རོ།། འཇིག་རྟེན་འཛིན་འཇིག་རྟེན་གྱི་རང་བཞིན་ནི་སྒྱུ་མ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྒྱུ་མ་ལྟ་བུའི་ཆོས་ལ་ཞུགས་ན། འཇིག་རྟེན་སྒྱུ་མའི་རང་བཞིན་དུ་ཤེས་སོ།། འཇིག་རྟེན་སྤྱོད་པ་ནི་སྒྱུ་མ་ལྟ་བུ་སྟེ། སྦྱོར་བའི་སྟོབས་ཀྱིས་སེམས་ཅན་དག་ལ་འཇིག་རྟེན་སྒྱུ་མ་ལྟ་བུར་སྟོན་ཏོ།། གང་ཞིག་འཇིག་རྟེན་ལ་ཡང་དག་པའི་བདེན་པར་འཛིན་ན། འཇིག་རྟེན་ཡང་དག་པ་མ་ཡིན་པ་སྒྱུ་མ་ལྟ་བུར་སྟོན་ཏོ། ། དེ་ལ་མཁས་པ་བློ་ཟབ་མོ་དབང་པོ་རྣོ་བདག་ནི་ཟུར་ཙམ་བསྟན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་དང་། མི་བདེན་པབ་དངོས་པོ་མེད་པར་ཤེས་ཏེ། ཆོས་ཐམས་ཅད་ཀྱིས་བྱིས་པ་སོ་སོའི་སྐྱེ་བོ་དག་བསླུས་པ་དང་། ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་རྐྱེན་ལ་རག་ལུས་པ་ཤེས་སོ།། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་ཀྱི་སྦྱོར་བ་འཇུག་པར་འདོད་པ་དག། ཤིན་ཏུ་ཟབ་མོའི་མདོ་སྡེ་བརྗོད་དུ་མེད། དམིགས། སུ་མེད་པ། ཁམས་ཐམས་ཅད་ཤེས་ཤིང་མཐོང་བར་བྱེད་པ་སྟོན་པ། ཁམས་ཐམས་ཅད་ཡི་གེ་མེད་པ་འདུས་པ་མེད་པ་བརྗོད་པ། ཁམས་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་སྟོན་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འཇུག་པར་བྱེད་པ་སྟོན་པ། གཞན་ཡང་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་བརྗོད་པ་འདི་ལྟ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། འདུ་བྱེད་དང་། འདུས་བྱས་དང་། འདུས་མ་བྱས་དང་། དབང་དང་། དབང་མ་ཡིན་པ་དང་། སྦྱོར་བ་ལ་འཇུག་པ་དང་། དོན་དམ་པ་དང་། ཀུན་རྫོབ་ཀྱི་དོན་དང་། ངེས་པའི་དོན་གྱི་མདོ་སྡེ་དང་། བཀྲི་བའི་དོན་གྱི་མདོ་སྡེ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རྣམ་པར་གྲོལ་བའི་མདོ་སྡེ་ཟབ་མོ་འདི་ལས་བརྗོད་པ་ཐམས་ཅད་ལ་བརྩོན་པར་བྱའོ། ། ཁམས་བཅཝོ་བརྒྱད་ཅེས་བྱ་བའི་ལེའུ་སྟེ་གསུམ་མོ།། །། འཇིག་རྟེན་འཛིན་ཅེས་བྱ་བའི་མདོ་བམ་པོ་གསུམ་པ། ། བཅོམ་ལྡན་འདས་ཀྱིས། འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆེད་བཅུ་གཉིས་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེ་མཆེད་བཅུ་གཉིས་རྣམ་པར་འབྱེད་ཅིང་ཡང་དག་པར་རྟོག་པ་ན་འདི་སྙམ་དུ་མིག་ལ་མིག་གི་སྐྱེ་མཆེད་དམིགས་སུ་མེད་དེ། མིག་ལ་མིག་གི་སྐྱེ་མཆེད་དུ་ངེས་པ་མེད་དོ།། མིག་གི་སྐྱེ་མཆེད་ཀྱང་དངོས་པོར་དམིགས་སུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་ནི་རྐྱེན་མང་པོ་ལས་སྐྱེས་པ་ཕྱིན་ཅི་ལོག་ལས་བྱུང་བའོ། ། གཟུགས་ལ་དམིགས་པའི་ཕྱིར། གཟུགས་ལ་རག་ལུས་པ་སྟེ། གཉིས་ཕྲད་པ་ལས་གཟུགས་ཀྱི་རྐྱེན་གྱིས་མིག་གི་སྐྱེ་མཆེད་ཀྱི་རྐྱེན་ཡོད་པར་གྱུར་ཏེ། གཟུགས་དང་མིག་གི་སྐྱེ་མཆེད་གཉིས་གཅིག་ལ་གཅིག་བལྟོས་པའི་ཕྱིར་མིག་གི་གཟུགས་ཞེས་བཤད་དོ།། འདི་ལྟ་སྟེ། མིག་དང་གཟུམ་ཞེས་བྱ་བ་གཟུགས་ནི་མིག་གི་སྐྱེ་མཆེད་འབྱུང་བར་བྱེད་པའི་སྒོ་ཡིན་ལ། མིག་ཀྱང་གཟུགས་ཀྱི་སྐྱེ་མཆེད་འབྱུང་ཞིང་སྣང་བར་བྱེད་པས། དེ་བས་ན་སྐྱེ་མཆེད་ཀྱང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་ཀྱི་སྒོ་ཞེས་བཏགས་པས་མིག་གི་སྐྱེ་མཆེད་ཅེས་བྱ་སྟེ། མིག་གིས་མཐོང་བའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱའོ།། ཀུན་རྫོབ་ཏུ་ཡོད་པར་གསུངས་ཀྱི། མིག་ཀྱང་གཟུགས་ལ་མི་གནས། གཟུགས་ཀྱང་མིག་ལ་མི་གནས། མིག་མིག་ལ་མི་གནས། གཟུགས་ཀྱང་གཟུགས་ལ་མི་གནས་ཏེ། རྐྱེན་མང་པོ་ལས་གཟུགས་སུ་དམིགས། བ་བྱུང་བས་མིག་གི་སྐྱེ་མཆེད་ཅེས་བཏགས་སོ།། གཞན་ཡང་རྟེན་ཅིང་འབྲེལ་ཏེ་བྱུང་བ་ལས་མིག་གི་ཤེས་པ་དང་། མཐོང་བའི་མཚན་ཉིད་སྐྱེ་བས་གཟུགས་ཀྱི་སྐྱེ་མཆེད་ཅེས་བཏགས་སོ། ། ཇི་ལྟར་ན་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་ཏུ་བཤད་པའི་ཟླས་དོན་དམ་པར་མིག་གི་སྐྱེ་མཆེད་དམིགས་སུ་མེད་ཅིང་། གཟུགས་ཀྱི་སྐྱེ་མཆེད་དམིགས་སུ་མེད་པ་བསྟན་པ་ཞེ་ན། མཁས་པ་དག་ནི་སྐྱེ་མཆེད་རྣམས་བཙལ་ན་ཡང་དག་པར་ཡོད་པར་མི་མཐོང་སྟེ། བྱིས་པ་སོ་སོའི་སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་མོག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་མཚན་མ་གཉིས་སུ་འཆད་དོ། ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དེ་ཉིད་ཡང་དག་པ་མ་ཡིན་པའི་སྐྱེ་མཆེད་བསྟན་པའོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱི་དེ་ཁོ་ནའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར། སྐྱེ་མཆེད་རྣམས་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཕྱིན་ཅི་ལོག་ཏུ་མངོན་པར་འབྱེད་པ་དང་ལྡན་པ་ལས་འབྱུང་སྟེ། སྐྱེ་མཆེད་ཀྱི་མཚན་ཉིད་དུ་ཡང་དག་པར་དམིགས་སུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆད་ནང་ན་མི་གནས་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་སོ།། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་འོན་ཀྱང་ད་ལྟར་གྱི་རྒྱུ་དང་རྐྱེན་འདུས་པ་ལས། གཟུགས་སུ་ཤེས་པས་མིག་གི་སྐྱེ་མཆེད་དུ་བརྗོད་དེ། བྱིས་པ་སོ་སོའི་སྐྱེ་བོ་དག་སྤྱོད་པ་བཞིན་ནོ།། མཁས་པ་དག་ནི་སྐྱེ་མཆེད་རྣམས་ཡང་དག་པ་མ་ཡིན་པ། ཅིའང་མེད་པ་རྣམ་པར་བརྟགས་པའི་ཕྱིན་ཅི་ལོག་ལས་བྱུང་བར་ཁོང་དུ་ཆུད་པས། སྐྱེ་མཆེད་མ་ཡིན་པ་ནི་སྐྱེ་མཆེད་དུ་མཐོང་ཞིང་ཤེས་སོ། ། སྐྱེ་མཆེད་ཀྱི་མཚན་ཉིད་མི་བརྗོད་ཅིང་སྐྱེ་མཆེད་ལ་མཚན་ཉིད་ངེས་པ་མེད་དོ།། རྟེན་ཅིང་འབྲེལ་ཏེ་བྱུང་བར་དེ་བཞིན་གཤེགས་པས་གསུངས་སོ།། དེ་དག་ནི་སྐྱེ་མཆེད་དུ་མཐོང་བ་དང་ཤེས་པ་ཞེས་བྱའོ། ། འདི་ལྟ་སྟེ། སྒྱུ་མཆད་རྣམས་ནི་ཡང་དག་པ་མ་ཡིན་པ།། ཅིའིང་མེད་པ། རྒྱུ་དང་རྐྱེན་ལ་རག་ལུས་པ་ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བའོ། ། སྐྱེ་མཆེད་ནི་བྱས་པ་མེད། བྱེད་པ་མེད་དེ། མིག་གི་སྐྱེ་མཆེད་གཟུགས་ཀྱི་སྐྱེ་མཆེད་དུ་མི་ཤེས། རྣམ་པར་མི་རྟོག། གཟུགས་ཀྱི་སྐྱེ་མཆེད་ཀྱང་མིག་གི་སྐྱེ་མཆེད་དུ་མི་ཤེས། རྣམ་པར་མི་རྟོག་སྟེ། གཉིས་ཀའི་མཚན་མ་དང་བྲལ་བའོ།། ཆོས་ཉིད་ཀྱིས་བྲལ་བའི་མཚན་ཉིད་པས་ན་དེ་ལ་རྣམ་པར་བརྟག་ཅིང་བརྗོད་དུ་མེད་དོ།། སྐྱེ་མཆེད་ཀྱི་མཚན་ཉིད་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བས། བྱིས་པས་ཕྱིན་ཅི་ལོག་ཏུ་ཤེས་པ་དང་། འཕགས་པས་ཁོང་དུ་ཆུད་ཅིང་རྟོགས་པ་ཇི་བཞིན་ཏེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ནི་མ་སྐྱེས་པ། མི་འགག་པ། མ་འོངས་པ། མི་འགྲོ་བའི་མཚན་ཉིད་ཡིན་པས། མིག་གིས་མིག་མི་ཤེས། མིག་གིས་མིག་ཏུ་རྣམ་པར་མི་རྟོག་གཟུགས་ཀྱིས་གཟུགས་མི་ཤེས། གཟུགས་ཀྱིས་གཟུགས་སུ་རྣམ་པར་མི་རྟོག་གོ།། དེ་ཅིའི་ཕྱིར་ཞེ་ན། གཉིས་ཀ་སྟོང་པའི་ཕྱིར་རོ།། གཉིས་ཀ་ཟལ་བའི་ཕྱིར། མིག་གིས་མིག་གི་མཚན་ཉིད་མི་ཤེས། གཟུགས་ཀྱིས་གཟུགས་ཀྱི་མཚན་ཉིད་མི་ཤེས། མིག་དང་གཟུགས་གཉིས་ཀ་ལ་མཚན་ཉིད་མེད། ཆོས་མེད་དེ། དེ་ལ་ངེས་པའི་མཚན་ཉིད་མེད་པས་མིག་གིས་མིག་མ་བྱས། མིག་གིས་མིག་ཏུ་མི་ཤེས་སོ།། གཟུགས་ཀྱིས་གཟུགས་མ་བྱས་ལ། གཟུགས་ཀྱིས་གཟུགས་མི་ཤེས་སོ།། གཉིས་ཀ་མེད་པའི་ཕྱིར་མིག་ཀྱང་བདག་མིག་གོ་སྙམ་དུ་མི་སེམས་སོ། ། གཟུགས་ཀྱང་བདག་ནི་གཟུགས་སོ་སྙམ་དུ་མི་སེམས། མིག་དང་གཟུགས་ཀྱི་བདག་ཉིད་ནི་སྒྱུ་མའི་ངོ་བོ་ཉིད་དེ་ཡང་དག་པ་མ་ཡིན་པའི་བླ་དགས་སུ་མིག་དང་གཟུགས་ཞེས་བརྗོད་དོ། 2། བྱང་ཆུབ་སེམས་དཔའ་རྣམས་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ལ་ཇི་ལྟར་རྣམ་པར་འབྱད་ཅིང་རྟོག་པ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལླེ་དང་། རོ་དང་། ལུས་དང་། རེག་བྱའང་དེ་བཞིན་ནོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པར་འབྱེད་ཅིང་རྟོག་པའི་ཚེ། དེ་འདི་སྙམ་དུ་ཡིད་ཀྱི་སྐྱེ་མཆེད་དམིགས་སུ་མེད། ཡིད་ལ་སྐྱེ་མཆེད་དུ་ངེས་པའི་མཚན་ཉིད་མེད་དེ། ཡིད་ཀྱི་སྐྱེ་མཆེད་ལ་དངོས་པོ་མེད་པར་སེམས་སོ། 1། དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་སྐྱེ་མཆེད་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བས་ཕྱིན་ཅི་ལོག་ལས་སྐྱེ་སྟེ། ཆོས་ཀྱི་སྐྱེ་མཆེད་ལ་རག་ལུས་པས། གཉིས་ཕྲད་པ་ལས་བྱ་བ་བྱེད་པར་འགྱུར་རོ།། ཡིད་ཀྱི་སྐྱེ་མཆེད་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱི་རྐྱེན་གྱིས་བྱུང་ལ། ཆོས་ཀྱི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རྣམ་པར་འབྱེད་པར་འགྱུར་ཏེ་མཚན་ཉིད་གཉིས་སུ་ཕྱེའོ།། ཡིད་ལ་བརྟེན་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་གནས་ཡོད་པར་གྱུར་ཏེ། ཡིད་ནི་ཆོས་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོ་ཡིན་ལ། ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིད་ཀྱི་སྒོ་ཡིན་ནོ།། དེ་བས་ན་ཆོས་ཀྱི་སྐྱེ་མཆེད་ཅེས་གདགས་སོ།། ཆོས་ཀྱི་སྐྱེ་མཆེད་ཀྱི་སྒོའི་རྐྱེན་གྱིས་ཡིད་ཀྱི་སྐྱེ་མཆེད་དུ་བརྗོད་དེ། ཡིད་ཀྱི་མཚན་ཉིད་ཀྱི་སྒོ་བསྟན་ཅིང་ཤེས་པར་བྱ་བའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་པར་གྱུར་ཏོ།། ཀུན་རྫོབ་ཀྱི་བདེན་པ་ཡང་དག་པར་བཤད་ཀྱི། ཡིད་ཀྱང་ཆོས་ལ་མི་རྟེན། ཆོས་ཀྱང་ཡིད་ལ་མི་རྟེན་ཏེ། རྟེན་ཅིང་འབྲེལ་ཏེ་བྱུང་བས་ཆོས་རྣམས་རྐྱེན་དུ་གྱུར་ཏེ། ཡིད་ཀྱི་སྐྱེ་མཆེད་ཅེས་བཤད་དོ། ། རྟེན་ཅིང་འབྲེལ་ཏེ་བྱུང་བ་དང་ཡིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། ཆོས་ཀྱི་སྐྱེ་མཆེད་བརྗོད་དོ།། ཀུན་རྫོབ་ཏུ་ཕྱིན་ཅི་ལོག་བཤད་པའི་ཟླས་དོན་དམ་པར་ཡིད་ཀྱི་སྐྱེ་མཆེད་དམིགས་སུ་མེད། ཆོས་ཀྱི་སྐྱེ་མཆེད་དམིགས་སུ་མེད་པར་གསུངས་སོ།། མཁས་པ་དག་ནི་སྐྱེ་མཆེད་ལ་རྣམ་པར་བརྟགས་ན་ཡང་དག་པར་ཡོད་པར་མི་མཐོང་ངོ་། ། བྱིས་པ་སོ་སོའི་སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དགྲ་ནི་ཡིད་ཀྱི་སྒྱུ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་མཚན་མ་རྣམ་པ་གཉིས་སུ་བརྗོད་དོ།། ཡིད་ཀྱི་སྒྱུ་མཆེད་དང་ཆོས་ཀྱི་སྒྱུ་མཆེད་ནི་ཡང་དག་པ་མ་ཡིན་པ།། ཅིའང་མེད་པ། དེ་ཁོ་ན་ཉིད་ཇི་བཞིན།། དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས་སྒྱུ་མཆེད་ཅེས་གསུངས་སོ། ། སྐྱེ་མཆེད་རྣམས་ནི་རྟེན་ཅིང་འབྲལ་ཏེ་བྱུང་བ་ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བས། དེ་ལ་ནི་ཡིད་ཀྱི་སྐྱེ་མཆེད་དམ་ཆོས་ཀྱི་སྐྱེ་མཆེད་དུ་ཡང་དག་པར་དམིགས་སུ་མེད་དོ། ། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ནི་ནད་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་སོ།། གཞན་ཡང་ཡིད་ཀྱི་སྐྱེ་མཆེད་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་འཕྲལ་གྱི་རྐྱེན་ཤེས་པ་ལས། བྱིས་པ་སོ་སོའི་སྐྱེ་བོས་བསམ་པའི་རྗེས་སུ་ཡིད་ཀྱི་སྐྱེ་མཆེད་ཅེས་བརྗོད་དོ།། མཁས་པ་དག་ནི་ཡིད་ཀྱི་སྐྱེ་མཆེད་ལ་ཡང་དག་པ་མ་ཡིན་པ། ཅིའང་མེད་པ། ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་ལས་བྱུང་བ། སྐྱེ་མཆེད་མ་ཡིན་པ་ལ་སྐྱེ་མཆེད་དུ་ཁོང་དུ་ཆུད་པར་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་རྣམས་ལ་ངེས་པར་སྐྱེ་མཆེད་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ།། མཁས་པ་དག་ནི་དེ་ལྟར་སྐྱེ་མཆེད་རྣམས་ལ་ཡང་དག་པ་མ་ཡིན་པ་ཅིའང་མེད་པར་རྟོགས་ཏེ།། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་རང་བཞིན་གྱིས་དམིགས་སུ་མེད། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ལས་བྱུང་བའི་དེ་ཁོ་ནའི་མཚན་ཉིད་དུའང་མི་དམིགས་སོ།། དེ་ལྟར་ཡིད་ཀྱི་སྐྱེ་མཆད་དང་། ཆོས་ཀྱི་སྐྱེ་མཆེད་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བས། དེ་བཞིན་གཤེགས་པས་ཀྱང་སྐྱེ་མཆེད་རྣམས་ཀྱི་ཤེས་པ་དང་། མཐོང་བའི་མཚན་ཉིད་གསུངས་པ་ནི་འདི་ལྟ་སྟེ། སྐྱེ་མཆེད་རྣམས་ཡང་དག་པ་མ་ཡིན་པ་ཅིའང་མེད་པའི་ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱད་ལས་བྱུང་བ། རྒྱུ་དང་རྐྱེན་ལ་རག་ལུས་པས་ཡིད་ཀྱི་སྐྱེ་མཆེད་བྱས་པ་མེད་པ། བྱེད་པ་མེད་པ། ཡིད་ཀྱི་སྐྱེ་མཆེད་ཀྱིས་ཆོས་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག། ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིད་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག། མི་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། གཉིས་ཀ་དང་བྲལ་བའི་ཕྱིར་རོ།། དེ་ལྟར་མཚན་ཉིད་གཉིས་དང་བྲལ་བས་ན་དེ་ལ་རྣམ་པར་དབྱེར་མེད་དོ།། སྐྱེ་མཆེད་དེ་དག་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཡིན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་ཏུ་སེམས་པའི་རྗེས་སུ་བརྗོད་པ་ཡིན་ནོ། ། འཕགས་པ་རྣམས་ཀྱིས་ཆུད་ཅིང་རྟོགས་པ་ལྟར་ན་ཡིད་ཀྱི་སྐྱེ་མཆེད་ཀྱང་མི་སྐྱེ། མ་སྐྱེས་པ། མི་འགག་པ། མི་འོང་པ། མ་སོང་བ་སྟེ། ཡིད་ཀྱིས་ཡིད་མི་ཤེས། ཡིད་དུ་རྣམ་པར་མི་རྟོག། ཆོས་ཀྱིས་ཆོས་སུ་མི་ཤེས། ཆོས་སུ་རྣམ་པར་མི་རྟོག་སྟེ། གཉིས་ཀ་སྟོང་པའི་ཕྱིར་རོ། ། གཉིས་ཀ་དང་བྲལ་བའི་ཕྱིར་ཡིད་ཀྱིས་ཡིད་ཀྱི་མཚན་ཉིད་མི་ཤེས། ཆོས་ཀྱིས་ཆོས་ཀྱི་མཚན་ཉིད་མི་ཤེས་ཏེ། མཚན་ཉིད་དེ་གཉིས་ཀ་ཅིའང་མེད་པས་དེ་ལ་ནི་ངེས་པའི་ཆོས་གཅིག་ཀྱང་མེད་དོ། ། ཡིད་ཀྱིས་ཡིད་མི་འགྲུབ་ལ། ཡིད་འཇིག་པར་ཡང་མི་ནུས། ཆོས་ཀྱིས་ཀྱང་ཆོས་མི་འགྲུབ་ལ། ཆོས་འཇིག་པར་མི་ནུས་སོ།། གཉིས་ཀ་མེད་པས་ཡིད་ཀྱི་སྐྱེ་མཆེད་ནི་བདག་ཡིད་ཀྱི་སྐྱེ་མཆེད་དོ་སྙམ་མི་སེམས་སོ། ། ཆོས་ཀྱི་སྐྱེ་མཆེད་ཀྱང་བདག་ནི་ཆོས་ཀྱི་སྐྱེ་མཆེད་དོ་སྙམ་མི་སེམས་སོ།། དེ་གཉིས་ཀ་སྟོང་པས་སྒྱུ་མ་ལྟ་བུ་སྟེ། མིང་དང་ཚིག་ཏུ་རྣམ་པར་ཕྱེ་ནས་བརྟགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ་ལྟ་བུ་རྣམ་པར་འབྱེད་ཅིང་རྟོག་གོ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། འདི་ལྟ་སྟེ། སྐྱེ་མཆེད་བཅུ་གཉིས་ནི་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ། རྐྱེན་མང་པོ་དང་ཕྱིན་ཅི་ལོག་ཏུ་ལྡན་པ་ལས་སྐྱེས་ཏེ། མཚན་མ་གཉིས་སུ་གྱུར་པའི་ཕྱིར་ཕྱི་དང་ནང་གཉིས་སོ། ། བྱིས་པ་སོ་སོའི་སྐྱེ་བོ་དགྲ་ཡང་དག་པའི་ཆོས་མ་ཐོས་པ་སྐྱེ་མཆེད་བཅུ་གཉིས་ཀྱི་ཡང་དག་པ་ཉིད་མི་ཤེས་པའི་ཕྱིར། མིག་གི་སྐྱེ་མཆེད་ལ་ཆ་ནས། བདག་མིག་གི་སྐྱེ་མཆེད། བདག་གི་མིག་གི་སྐྱེ་མཆེད་ཅེས་ཆགས། གཟུགས་ཀྱི་སྐྱེ་མཆེད་ཅེས་ཆགས་ནས། བདག་གཟུགས་ཀྱི་སྐྱེ་མཆེད། བདག་གི་གཟུགས་ཀྱི་སྐྱེ་མཆེད་ཅེས་ཆགས་པ་ནས། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱི་བར་དུ་བདག་ཡིད་བདག་གི་ཡིད་ཅེས། བདག་ཆོས། བདག་གི་ཆོས་སོ་ཞེས་ཆགས་སོ།། དེ་ལྟར་ཆགས་པས་ན་སྐྱེ་མཆེད་བཅུ་གཉིས་ཀྱིས་ཀུན་ནས་གླགས་ཤིང་བཅིངས་ཏེ། ལམ་རྒྱུད་ལྔར་ཡང་དང་ཡང་འཁོར་བར་གྱུར་ནས་འབྱུང་བའི་ལས་མི་ཤེས་སོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ད་ལྟར་སྐྱེ་མཆེད་བཅུ་གཉིས་ལའང་བརྟགས་ན་སྐྱེ་མཆེད་བཅུ་གཉིས་རྣམས་ཡང་དག་པ་མ་ཡིན་པ། སྒྱུ་མ། སྙིང་པོ་མེད་པ།། གསོག་གསོབ་ལྟ་བུ་སྟོང་པ་སྒྱུ་མ་ལྟ་བུར་མཐོང་། མིག་གི་སྐྱེ་མཆེད་ལ་བདག་གམ་བདག་གི་བར་མི་ཆགས་པ་ནས། ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་བདག་གམ་བདག་གི་བར་མི་ཆགས་སོ།། དེ་ལྟར་མི་ཆགས་པས་ན་རྣམ་པར་མི་རྟོག་སྟེ། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་སྐྱེ་མཆེད་བཅུ་གཉིས་ལ་ཤིན་ཏུ་མཁས་སོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་སྐྱེ་མཆེད་རྣམས་ཀྱི་ཐབས་ལ་མཁས་པས། སྐྱེ་མཆེད་བཅུ་གཉིས་ཐམས་ཅད་ལ་མ་ཆགས་མི་ཐོགས་སྐྱེ་མཆེད་རྣམས་ཤེས་པར་བྱ་བ་དང་། མཐོང་བར་བྱ་བའང་རྟོགས་ལ། སྐྱེ་མཆེད་རྣམས་རྣམ་པབར་འབྱེད་པ་ལ་མཁས་པས། རྐྱེན་མང་པོ་ལས་སྐྱེས་པའི་ཆོས་ཀྱི་སྐྱེ་མཆེད་བཅུ་གཉིས་ཁོང་དུ་ཆུད་ཅིང་རྟོགས་པ་དང་། མཚན་མ་མེད་པས་སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་མ་འཇིག་པ་དང་། སྐྱེ་མཆེད་རྣམས་རྟེན་པའི་ལམ་གྱི་རྗེས་སུ་མི་གནས་པ་དང་། སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་མེད་པར་ཤེས་པ་དང་། མཚན་ཉིད་རྣམས་ཀྱི་སྦྱོར་བའི་ཐབས་ཀྱི་མཐའ་དགྲ་ཤེས་ཤིང་རྟོགས་སོ། ། འཇིག་རྟེན་འཛིན་འདི་ལྟ་སྟེ། སྒྱུ་མ་མཁན་གྱིས་སྒྱུ་མ་བྱས་པའི་འཁྲུལ་འཁོར་ལས་ཕྱོགས་བཞི་ནས་ཆུ་འབབ་པ་ལྟར་སྐྱེ་མཆེད་བཅུ་གཉིས་ཀྱང་དེ་བཞིན་དུ་ཕྱི་ནང་གི་རྟེན་ཅིང་འབྲེལ་པ་ལས་བྱ་བ་ཀུན་བྱེད་པར་གྱུར་ཏེ། དེ་ལ་ནི་ཡང་དག་པར་དངོས་པོར་དམིགས་སུ་མེད་དོ།། སྐྱེ་མཆེད་བཅུ་གཉིས་པོ་འདི་སྔོན་གྱི་ལས་ཀྱི་འཁྲུལ་འཁོར་གྱིས་རྣམ་པར་བཅིངས་པས་བྱ་བ་ཀུན་བྱས་པར་གྱུར་ཏོ། ། འཇིག་རྟེན་འཛིན་འདི་ལྟ་སྟེ། སྐྱེ་མཆེད་ཅེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཤེས་པའི་བློ་མེད་པ་དག་གི་ཉོན་མོངས་པ་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོའི་མིག་ནི་གཟུགས་ཀྱི་སྒོ་སྟེ། བྱམས་པ་དང་སྡང་བ་སྐྱེ་བའི་ཕྱིར་རོ།། གཟུགས་ཀྱང་མིག་གི་སྒོ་སྟེ། བྱམས་སྡང་བསྐྱེད་པའི་ཕྱིར་རོ།། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་བར་དུ་སྟེ། ཡིད་ཆོས་ཀྱི་སྒོར་གྱུར་པས་བྱམས་སྡང་བསྐྱེད་དོ།། ཆོས་ཀྱང་ཡིད་ཀྱི་སྒོ་བས་བྱམས་སྡང་སྤྱད་དོ།། དེ་ལྟར་སྐྱེ་མཆེད་བཅུ་གཉིས་ནི་བྱམས་སྡང་དང་འཚོགས་ཤིང་འདུས་པ་སྟེ། ཡང་དག་པའི་མཚན་ཉིད་མི་ཤེས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྐྱེ་མཆེད་རྣམས་ཀྱི་རང་བཞིན་གྱི་ངོ་བོ་དང་། སྐྱེ་མཆེད་ཀྱི་མཚན་ཉིད་ལ་ཤིན་ཏུ་ལེགས་པར་རྟོགས་པས་བྱམས་པ་དང་སྡང་བས་རྣམ་པར་འཆིང་བར་མི་འགྱུར་ཏེ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་མཆེད་རྣམས་ཤིན་ཏུ་རྟོགས་སོ། ། སྐྱེ་མཆེད་བཅུ་གཉིས་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྣམ་པར་འབྱེད་ཅིང་རྟོག་པ་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་རྣམ་པར་འབྱེད་ཅིང་རྟོག་པ་ནི་འདི་ལྟ་སྟེ། ཅིའང་མེད་པའི་ཕྱིར་མ་རིག་པ་ཞེས་བཏགས་ཏེ། མ་རིག་པ་ལ་ཆོས་མེད་པའི་ཕྱིར་མ་རིག་པ་ཞེས་བཏགས། མ་རིག་པས་རིག་པ་མ་ཤེས་པའི་ཕྱིར་མ་རིག་པ་ཞེས་བརྗོད་དོ།། ཇི་ལྟར་ན་རིག་པ་མི་ཤེས་པས་མ་རིག་པ་ཞེ་ན། མ་རིག་པ་ལ་ངེས་པའི་ཆོས་སུ།། དམིགས་སུ་མེད་པས་མ་རིག་པ་ཞེས་བྱའོ།། ཅིའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེ་ན། ཆོས་ཐམས་ཅད་ནི་ཅིའང་མེད་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་དག་རྣམ་པར་འདུ་བྱེད་པས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། 2། འདུ་བྱེད་ལས་རྣམ་པར་ཤེས་པ་སྐྱེ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ།། མིང་དང་གཟུགས་ནི་མཚན་ཉིད་གཉིས་ཏེ། དེ་བས་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ།། མིང་དང་གཟུགས་ལས་དྲུག་གི་སྐྱེ་མཆེད་སྐྱེས་པས། དེ་བས་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད། དོ།། དྲུག་གི་སྐྱེ་མཆེད་ལས་རེག་པ་སྐྱེ་བས། དེ་བས་ན་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པའོ།། རེག་པ་ལས་ཚོར་བ་སྐྱེ་བས། དེའི་ཕྱིར་རེག་པའི་རྐྱེན་གྱིས་ཚོར་བའོ།། ཚོར་བ་ལས་སྲེད་པབསྐྱེ་སྟེ། དེ་བས་ན་ཚེར་བའི་རྐྱེན་གྱིས་སྲེད་པའོ།། སྲེད་པ་ལས་ལེན་པ་སྐྱེ་སྟེ། དེ་བས་ན་སྲེད་པའི་རྐྱེན་གྱིས་ལེན་པའོ།། ལེན་པ་ལས་སྲིད་པ་འབྱུང་སྟེ། དེ་བས་ན་ལེན་པའི་རྐྱེན་གྱིས་སྲིད་པའོ། ། སྲིད་པ་ལས་སྐྱེ་བབྱུང་བས། དེ་བས་ན་སྲིད་པའི་རྐྱེན་གྱིས་སྐྱེ་བའོ།། སྐྱེ་བ་ལས་རྒ་བ་དང་། ཤི་བ་དང་། ཟློས་པའི་མྱ་ངན་དང་། སྨྲ་སྔགས་འདོན་པ་དང་། སྡུག་བསྔལ་བ་འབའ་ཞིག་གི་ཕུང་པོར་གྱུར་པས་ན། དེ་བས་ན་སྐྱེ་བའི་རྐྱེན་གྱིས་རྒ་བ་དང་། ཤི་བ་དང་། ཡིད་བློང་བ་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བའི་ཕུང་པོ་ཞེས་བརྗོད་དོ།། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་ཏུ་གྱུར་ཏོ། ། དེ་ལ་ཀུན་འདུས་པ་ནི་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་རིག་པ་དང་འགལ་བར་བྱེད་ཅིང་། མ་རིག་པའི་ཕུང་པོར་བསགས་ནས་སྲིད་པ་ཕྱི་མའི་འདོད་པ་བསྐྱེད་དེ། དགའ་བ་དང་ཆགས་པ་ལ་གནས་ཐམས་ཅད་དུ་སྐྱེ་བ་ཚོལ་བ་ནི་སྲེད་པའི་ཕུང་པོའོ།། འཇིག་རྟེན་འཛིན་འཇིག་རྟེན་འདི་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱིས་རྣམ་པར་བཅིངས་ཏེ། མ་རིག་པས་མདོངས་ནས་མ་རིག་པའི་མུན་པའི་གཡང་སར་ཐོམ་ཞིང་། མ་རིག་པ་ཐོག་མར་འགྲོ་བས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྫོགས་པར་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་རྣམ་དེ་ལྟར་མ་རིག་པའི་ཡང་དག་པའི་མཚད་ཉིད་ལ་ཤིན་ཏུ་བརྟགས་ན། མ་རིག་པ་ཉིད་སྟོང་པ་ཉིད་པས་ཐོག་མའི་མཐའ་དམིགས་སུ་མེད་པར་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་མེད་བའི་ཕྱིར་ཐོག་མའི་མཐའ་ཞེས་བྱ་བ་མེད་པས། མཁས་པ་དག་གིས་མཐའ་མེད་པ་ཐོག་མའི་མཐར་རྟོགས་ཏེ། ཐོག་མའི་མཐར་རྣམ་པར་མི་འབྱེད་དོ།། རྣམ་པར་རྟོག་པ་ཡོངས་སུ་བཅད་པས་མ་རིག་པ་ལ་མི་ཆགས་སོ། ། ཆོས་ཐམས་ཅད་ཅིའང་མེད་པས་ཆོས་ནི་ཇི་ལྟར་བཤད་པ་ལྟར་མ་ཡིན་ཏེ། ཆོས་ཐམས་ཅད་ཅིའང་མེད་ཅེས་བརྗོད་ནའང་དེ་ཉིད་མ་རིག་པ་ཤེས་ཤིང་མཐོང་བའོ། ། གང་ཆོས་ཐམས་ཅད་ཆུད་ཅིང་རྟོགས་ན་དེ་དེ་ཉིད་རིག་པ་སྟེ། དེ་ཉིད་ལ་རིག་པ་གཞན་ཞེས་བྱ་བ་མེད་ཀྱི། གང་རིག་པ་ཤེས་ཤིང་མཐོང་བ་ཉིད་རིག་པ་ཞེས་བྱའོ། ། དེ་ལ་ཇི་ལྟར་ན་མ་རིག་པ་ཤེས་ཤིང་མཐོང་བ་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནིའང་མེད་པ། ཆོས་ཐམ་ཅིའང་དམིགས་སུ་མེད། ཆོས་ཐམས་ཅད་ཡང་དགྲ་པ་མ་ཡིན་པ། ཕྱིན་ཅི་ལོག་པ། ཆོས་ཐམས་ཅད་ཇི་ལྟར་བཀདང་ལྟར་མ་ཡིན་པར་རིག་པ་ནི་མ་རིག་པ་ཤེས་ཤིང་མཐོང་སྟེ། མ་རིག་པ་ཤེས་ཤིང་མཐོང་བའི་རིག་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ན། མ་རིག་པ་དམིགས་སུ་མེད་པའི་ཕྱིར་རོ།། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བའང་ཆོས་ཐམས་ཅད་ཅིའང་མེད་དེ། བྱིས་པ་སོ་སོའི་སྐྱེ་བ་དག་མ་རིག་པའི་མུན་པར་འཐོམ་པས་ཕྱིན་ཅི་ལོག་ཏུ་འདུ་བྱེད་ཀྱི་ལས་རྣམས་བྱེད་དེ། འདུ་བྱེད་ཀྱི་ལས་དེ་ནི་གཟུགས་མེད། གནས་མེད་པས། མ་རིག་པས་ཀྱང་འདུ་བྱེད་ཀྱི་ལས་སྐྱེད་མི་ནུས་ལ། བྱིས་པའི་ཆོས་མེད་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བརྗོད་དོ། ། འདུ་བྱེད་ཀྱི་ལས་ནི་འདུས་པའམ། འོངས་པའི་གནས་སམ། སོང་བའི་གནས་ཀྱང་མེ་ག། འདུ་བྱེད་ཀྱི་གནས་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་པས། མ་རིག་པའང་མ་རིག་པས་སྟོང་། འདུ་བྱེད་ཀྱི་ལས་ཀྱང་འདུ་བྱེད་ཀྱིས་སྟོང་སྟེ། འདུ་བྱེད་ཀྱི་ལས་ལ་གནས་མེད་ཀྱང་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་བྱུང་སྟེ། འདུ་བྱེད་ཀྱི་ལས་ཀྱང་མ་རིག་པ་ལ་མི་གནས། མ་རིག་པའང་འདུ་བྱེད་ཀྱི་ལས་ལ་མི་གནས་ཏེ། མ་རིག་པས་ཀྱང་མ་རིག་པ་མི་ཤེས། འདུ་བྱེད་ཀྱི་ལས་ཀྱང་འདུ་བྱེད་ཀྱི་ལས་ཀྱིས་མི་ཤེས་ཏེ། དེ་ལྟར་མ་རིག་པ་དང་འདུ་བྱེད་ཀྱི་ལས་ནི་ཕྱིན་ཅི་ལོག་གི་དབང་གིས་མ་རིག་པ་ལས་སྐྱེས་ཀྱང་དེ་ལ་ནི་མ་རིག་པ་དམིགས་སུ་མེད། མ་རིག་པའི་རང་བཞིན་དམིགས་སུ་མེད། འདུ་བྱེད་ཀྱི་ལས་དམིགས་སུ་མེད་ཀྱི། མུན་པའི་ཐིབས་པོ་ལས་མུན་པ་ཞེས་བཏགས་ཏེ། མ་རིག་པའི་མུན་པའི་ཐིབས་པོ་ལས་ནི། འདུ་བྱེད་ཀྱི་ལས་ཞེས་རྣམ་པར་རྟོག་སྟེ། ཅིའང་མེད་པའི་ཆོས་ལས་བྱ་བ་བྱས་པས་མ་རིག་པ་དང་འདུ་བྱེད་ཀྱི་ལས་ནི་ཅི་འང་མེད་པའོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་བྱ་བ་ནི། རྣམ་པར་ཤེས་པ་འདུ་བྱེད་ཀྱི་ལས་ལ་མི་གནས་ལ། འདུ་བྱེད་ཀྱི་ལས་དང་ཡང་མ་བྲལ་ཏེ། རྣམ་པར་ཤེས་པ་སྐྱེས་ཀྱང་འདུ་བྱེད་ཀྱི་ལས་ཀྱིས་རྣམ་པར་ཤེས་པ་བསྐྱེད་པ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཀྱི་ལས་ཀྱང་འདུ་བྱེད་ཀྱི་ལས་སུ་མི་ཤེས་ལ། འདུ་བྱེད་ཀྱི་ལས་ལ་བལྟོས་པའང་མ་ཡིན་ཏེ། སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་འདུ་བྱེད་ཀྱི་ལས་རྣམ་པར་ཤེས་པ་བསྐྱེད་མོད་ཀྱི། རྣམ་པར་ཤེས་པ་དེ་ནི་འདུ་བྱེད་ཀྱི་ལས་ཀྱི་ནང་ན་མི་གནས། འདུ་བྱེད་ཀྱི་ལས་ཀྱི་ཕ་རོལ་ན་མི་གནས། གཉིས་ཀའི་བར་ནའང་མི་གནས་ཏེ། རྣམ་པར་ཤེས་པ་སྐྱེ་བའང་མེད་མོད་ཀྱི། འདུ་བྱེད་ཀྱི་ལས་ཀྱི་རྐུན་གཅིག་གིས་བསབས་ཏེ། མ་ཆད་པ་ལས་རྣམ་པར་ཤེས་པ་སྐྱེས་སོ།། མཁས་པ་དག་ནི་རྣམ་པར་ཤེས་པའི་མཚན་ཉིད་པ་ཙམ་ན་དམིགས། སུ་མེད་དེ། རྣམ་པར་ཤེས་པ་སྐྱེ་བར་མི་དམིགས་པ་རྣམ་པར་ཤེས་པས་རྣམ་པར་ཤེས་པ་མི་ཤེས་པས་རྣམ་པར་ཤེས་པ་མི་མཐོང་། རྣམ་པར་ཤེས་པས་རྣམ་པར་ཤེས་པ་ལ་མི་གནས་སོ། ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནི། མིང་དང་གཟུགས་རྣམ་པར་ཤེས་པ་ལ་མི་གནས། རྣམ་པར་ཤེས་པའི་ཕ་རོལ་ན་མིང་དང་གཟུགས་མི་སྐྱེ་སྟེ། མིང་དང་གཟུགས་དེ་ནི་རྣམ་པར་ཤེས་པ་ལས་མ་འོངས་ཀྱི། རྣམ་པར་ཤེས་པས་དམིགས་པས་བྱིས་པ་སོ་སོའི་སྐྱེ་བོ་མདོངས་པ་དག་མིང་དང་གཟུགས་སུ་ཆགས་ཏེ། རྣམ་པར་ཤེས་པས་མིང་དང་གཟུགས་བསྐྱེད་པ་ནི་མ་ཡིན་ནོ། ། མཁས་པ་དག་ནི་དེ་ལ་བརྟགས་ན་མིང་དང་གཟུགས་སུ་མི་དམིགས་མི་མཐོང་སྟེ། མིང་དང་གཟུགས་ཞེས་བྱ་བ་གཟུགས་མེད། ཕྱོགས་མེད་དེ་ལོག་པར་རྣམ་པར་རྟོག་པ་ལས་སྐྱེས་སོ།། གཟུགས་ཀྱི་མཚན་ཉིད་རྣམ་པར་ཤེས་པའི་རྐྱེན་གྱིས་ཡོད་ཅེས་བྱ་བ་རྣམ་པར་ཤེས་པ་ཉིད་དམིགས་སུ་མེད་པ་ཡིན་ན། རྣམ་པར་ཤེས་པའི་རྐྱེན་གྱིས་གཟུགས་སྐྱེ་བ་ལྟ་སྨོས་ཏེ། གཟུགས་ཞེས་ངེས་པར་གདགས་པའི་གནས་མེད་དོ།། མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་ཅེས་བྱ་བ་ནི། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་གཟུགས་སྐྱེ་ཞེས་བྱ་བར་མི་རུང་སྟེ། མིང་ནི་ལུས་ལ་གནས་པས་དབུགས་ཕྱི་ནང་དུ་རྒྱུ་བ་ལས་ལུས་དང་། སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་རྟས་པར་བྱེད་དེ། སྐྱེ་མཆེད་དྲུག་ནི་སྒྱུ་མ་ལྟ་བུ་མེད་པ་ལས་རྣམ་པར་རྟོག་པས་བྱུང་སྟེ། ཕྱིན་ཅི་ལོག་ཏུ་བྱ་བ་ཡོད་དོ།། དྲུག་གི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རེག་བྱ་ཞེས་བྱ་བ་ནི་རེག་བྱ་དེ་གཟུགས་རྟེན་ཏེ་ཡོད་པ་ཡིན་ནོ། ། རེག་བྱ་ནི་གཟུགས་ལ་རེག་བྱ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་ཤེས་པ་མེད་པའི་རང་བཞིན་ཅན་ཏེ། རྡོ་དང་ཤིང་དང་ཐ་མི་དད་ཀྱང་སྐྱེ་མཆེད་དྲུག་ལས་བྱུང་བའི་ཕྱིར་རེག་བྱ་ཞེས་རྣམ་པར་ཕྱེ་སྟེ་བཏགས་སོ། ། དེ་ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་དྲུག་ཉིད་ཡང་དག་པ་མ་ཡིན་པ་ཅིའང་མེདུན་རེགྲ་བྱ་ལྟ་ཅི་སྨོས་ཏེ། རེག་བྱ་ནི་སྟོང་པ་ཅིའང་མེད་པ་སྟེ། རྣམ་པར་རྟོག་པའི་ཕྱིན་ཅི་ལོག་ལས་སྐྱེས་ཏེ། རེག་བྱ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ།། རེག་བྱ་ཉིད་སྟོང་པ་སྟེ། རེག་བྱའི་མཚན་ཉིད་མེད་པས་རེག་བྱས་སྐྱེ་མཆེད་དྲུག་མི་ཤེས། སྐྱེ་མཆེད་དྲུག་ཀྱང་རེག་བྱས་མི་ཤེས་སོ།། རེག་བྱའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་དེ་ཚོར་བ་རེག་བྱའི་ནང་ན་མི་གནས། རེག་བྱའི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས། རེག་བྱ་དགུད་ནས་ཚོར་བ་ལ་བལྟོས་ཏེ་འོངས་པ་མ་ཡིན་གྱི། རེག་བྱ་ལས་ཚོར་བ་སྐྱེས་སོ།། རེག་བྱ་ཉིད་ཀྱང་ཡང་དག་པ་མ་ཡིན་ཏེ། མེད་ན་ཚོར་བ་ལྟ་ཅི་སྨོས་ཏེ། ཚོར་བ་ལ་ངེས་པའི་མཚན་ཉིད་མེད། ཚོར་བ་ནི་མེད་པ་ལས་ཕྱིན་ཅི་ལོག་ཏུ་རྟོག་པ་སྐྱེ་སྟེ། ཕྱིན་ཅི་ལོག་ཏུ་བྱ་བ་ཡོད་དོ།། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བའི་ཚོར་བ་དེ་གུད་ན་སྲེད་པ་ལ་བསྔོས་ཏེ་འོངས་པ་མ་ཡིན། ཚོར་བ་ཉིད་སྲེད་པ་དང་ལྷན་ཅིག་པ་མ་ཡིན། ཚོར་བས་ཡང་སྲེད་པ་མི་ཤེས་ལ། སྲེད་པས་རྣམ་པར་མི་རྟོག། སྲེད་པའང་ཚོར་བ་མི་ཤེས་ལ། རྣམ་པར་མི་རྟོག། སྲེད་པའང་ཚོར་བ་དང་ལྷན་ཅིག་མ་ཡིན་ཏེ། ཚོར་བ་སྲེད་པ་ལ་མི་གནས་ལ། སྲེད་པ་ལས་གུད་ནའང་ཚོར་བ་ཡོད་པ་མ་ཡིན་ནོ། ། ཚོར་བ་ཉིད་ལ་ཚོར་བའི་མཚན་ཉིད་མེད་ན། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལྟ་ཅི་སྨོས་ཏེ། ཚོར་བ་སྲེད་པའི་ནང་ན་མི་གནས། ཚོར་བ་སྲེད་པའི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས། སྲེད་པ་ཉིད་ཀྱང་སྲེད་པའི་ནང་ན་མི་གནས། སྲེད་པའི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་ཏེ། སྲེད་པའི་ནང་ན་སྲེད་པའི་མཚན་ཉིད་དམིག་སུ་མེད་དེ། སྲེད་པ་དེ་ནི་ཡང་དག་པ་མ་ཡིན་པ། ཕྱིན་ཅི་ལོག་དང་ལྡན་པའི་རྣམ་པར་རྟོག་པ་ལས་སྲེད་པ་ཞེས་བཏགས་ཀྱི། སྲེད་པ་ནི་འདས་པ་མ་ཡིན། མ་འོངས་པ་དང་ད་ལྟར་མ་ཡིན་ནོ།། སྲེད་པ་དེ་ནི་དཅིངས་པ་ལས་སྲེད་པ་སྐྱེས་པ་མ་ཡིན། བཅིངས་པ་མ་ཡིན་པ་ལས་ཀྱང་མ་ཡིན་ཏེ། རྒྱུ་དང་རྐྱེན་གཅིག་གིས་གཅིག་བསབས་པའི་རྒྱུན་མ་ཆད་པ་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བཏགས་སོ།། མཁས་པ་དག་ནི་སྲེད་པ་ཡུལ་ན་མི་གནས། ཕྱོགས་ན་མི་གནས། སྟོང་པ་གསོག་གསོབ་ལྟ་བུ། སྙིང་པོ་མེད་པ། ཡང་དག་པ་མ་ཡིན་པ། ཅིའང་མེད་པར་ཤེས་སོ།། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ནི་སྲེད་པ་གུད་ན་ལེན་པ་ལས་བལྟོས་ཏེ་འོངས་པ་མ་ཡིན། སྲེད་པ་དང་ལེན་པ་ལྷན་ཅིག་པ་མ་ཡིན་ཏེ། སྲེད་པ་ལས་ལེན་པ་མ་བསྐྱེད་ཀྱང་སྲེད་པ་ཡོད་པས་རྒྱུ་དང་རྐྱེན་ལྷན་ཅིག་པའི་ཕྱིར་རྗེས་སུ་ལེན་པ་ཞེས་བཏགས་སོ། ། ལེན་པ་དང་སྲེད་པ་ལྷན་ཅིག་པ་མ་ཡིན་ཏེ། སྲེད་པ་ལས་གཞན་ཡང་མ་ཡིན་ནོ།། སྲེད་པའང་ལེན་པ་དང་ལྷན་ཅིག་པ་མ་ཡིན་ཏེ། ལེན་པ་ལས་ཐ་མི་ད་པས་སྲེད་པའི་ནང་ན་མི་གནས། སྲེད་པའི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་ཏེ། སྲེད་པ་ཉིད་ཀྱང་དམིགས་སུ་མེད་ན། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལྟ་ཅི་སྨོས་ཏེ། ལེན་པའི་ངེས་པའི་མཚན་ཉིད་དམིགས་སུ་མེད་དོ།། མཁས་པ་དག་ནི་ལེན་པ་དེ་ཡང་དག་པ་མ་ཡིན་པ་ཅིའང་མེད་པར་རྟོགས་ཏེ། ལེན་པའི་ནངན་ལེན་པའི་མཚན་ཉིད་མེད་པས། ལེན་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་མ་ཡིན་ཏེ། ལེན་པ་ནི་ལེན་པའི་ནང་ན་མི་གནས། ལེན་པའི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས། ཕྱིན་ཅི་ལོ་ག་ནས་བྱུང་བ་དང་། རྐྱེན་ལས་སྐྱེས་པའོ།། རྐྱེན་མང་པོ་འདུས་པ་ལས་ལེན་པ་ཞེས་བྱ་སྟེ། ཆོས་གང་ཡང་ལྷན་ཅིག་པའམ་སོ་སོ་བ་མེད་དོ།། ལེན་པ་ངོ་བོ་ཉིད་མེད་དེ། ངེས་བའི་ཆོས་མེད་ཀྱང་། བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཡང་དག་པ་མ་ཡིན་པའི་ལེན་པ་ལ་ཚོར་བར་བྱེད་དོ།། འདུ་བྱེད་ཐམས་ཅད་ཡང་དག་པ་མ་ཡིན་པས་འཇིག་རྟེན་པ་དག་ནི་ལེན་པས་རྣམ་པར་བཅིངས་སོ། ། མཁས་པ་དག་ནི་ལེན་པ་ལ་ཡང་དག་པ་མ་ཡིན་པ། སྟོང་པ་སྙིང་པོ་མེད་པ། དངོས་པོ་མེད་པ། ངེས་པའི་ཆོས་ཅུང་ཟད་ཙམ་ཡང་། དམིགས་སུ་མེད་པར་རྟོགས་སོ།། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ནི་ལེན་པའང་སྲིད་པ་ལ་བལྟོས་ཏེ། འོངས་པ་མ་ཡིན་ལ། ལེན་པས་སྲིད་པ་བསྐྱེད་ནུས་པའི་ཕྱིར་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་མ་ཡིན་གྱི། སྲིད་པ་དེ་ནི་ལེན་པའི་ནང་ནའང་མི་གནས། ལེན་པའི་ཕྱི་རོལ་ནའང་མི་གནས། གཉིས་ཀའི་བར་ནའང་མི་གནས་ཏེ། སྲིད་པ་དུ་ནི་ལེན་པ་ལ་མི་གནས། ལེན་པའང་སྲིད་པ་དང་ལྷན་ཅིག་པའམ་སོ་སོ་བ་མོད་ཀྱི། རྐྱེན་མང་པོ་འདུས་པ་ལས་ན་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བརྗོད་ཀྱི། ལེན་པས་སྲིད་པ་བསྐྱེད་མི་ནུས་ལ། ལེན་པས་སྲིད་པ་ལ་མི་འབྱེད་དོ།། ལེན་པ་ཉིད་ཡང་དག་པ་མ་ཡིན་པ། ཅིའང་མེད་པ་ཡིན་ན། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱ་བ་ལྟ་ཅི་སྨོས་ཏེ། སྲིད་པ་བལྟོས་པ་མེད་དོ། ། སྲིད་པ་ཉིད་སྲིད་པ་ཞེས་དམིགས་སུ་མེད་དེ། སྲིད་པ་ཉིད་ཀྱང་སྲིད་པའི་ནང་ན་མི་གནས། སྲིད་པའི་ཕྱི་རོལ་ན་མི་གནས་ཏེ། གཉིས་ཀའི་བར་ན་མི་གནས་པས་སྲིད་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་དང་ད་ལྟར་མ་ཡིན་ནོ།། མཁས་པ་དག་ནི་སྲིད་པ་དེ་ནི་ཡང་དག་པ་མ་ཡིན་པ། ཕྱིན་ཅི་ལོག་དང་ལྡན་པ་ལྷན་ཅིག་པའམ་སོ་སོ་མ་ཡིན་པས། སྦྲིད་པ་ནི་ཤེས་པ་མེད་པའི་རང་བཞིན་ཅན་རྣམ་པར་མི་འབྱེད། སྲིད་པ་དེ་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ།། སྲིད་པ་དེ་ནི་སྔ་མའི་མམ་མེད། བྱོ་མའི་མཐའ་མེད། ད་ལྟར་གྱི་མཐའ་མེད་དོ།། སྲིད་པ་དེ་ནི་ཡོད་པ་མ་ཡིན། མེད་པ་མ་ཡིན་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱི་ནང་དུ་སྲིད་པའོ་ཞེས་ཁོང་དུ་ཆུད་ཅིང་རྟོགས་སོ།། མཁས་པ་བློ་ཅན་དགྲ་ནི་སྲིད་པ་ལ་སྟོང་།། བ་ཉིད་སྙིང་པོ་མེད་པ་གསོབ་གསོག་ལྟ་བུར་ཡོངས་སུ་གཏོགས་སོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ནི་སྲིད་པ་དེ་སྐྱེ་བ་ལ་བལྟོས་ནས་འོངས་པ་མ་ཡིན་པས། སྐྱེ་བ་དེ་སྲིད་པ་དང་།། ལྷན་ཅིག་པའང་མ་ཡིན། སོ་སོ་བའང་མ་ཡིན་ལ། སྐྱེ་བ་དེ་ནི་སྲིད་པའི་ནང་ན་མྲི་གན་ས། སྲིད་པའི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་ཏེ། སྲིད་པས་སྐྱེ་བ་མ་བསྐྱེད་ལ། སྲིད་པ་ལས་གུད་ནས་སྐྱེ་བར་འགྱུར་བ་མ་ཡིན་གྱི། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་གཅིག་གིས་གཅིག་བསྲབས་པའི་རྒྱུན་མ་ཆད་པ་ལས་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བརྗོད་དོ། ། སྲིད་པ་དང་སྐྱེ་བ་གཅིག་གིས་གཅིག་རྐྱེན་བྱས་པའང་མ་ཡིན།། རྐྱེན་མ་བྱས་པའང་མ་ཡིན་ཏེ། སྲིད་པ་ཉིད་ཀྱང་དམིགས་སུ་མེད་ན་སྲིད་པའི་རྐྱེན་གྱིས་སྐྱེ་བ་སྐྱེས་པ་ལྟ་ཅི་སྨོས་ཏེ། མཁས་པ་དག་ནི་སྐྱེ་བ་དེ་ནི་སྲིད་པ་ལ་མི་གནས་ལ། སྐྱེ་བ་ལ་སྐྱེ་བའི་མཚན་ཉིད་མེད། སྐྱེ་བ་ལ་རང་བཞིན་མེད། སྐྱེ་བ་ལ་ངོ་བོ་ཉིད་མེད་པས་ངེས་པར་དམིགས་སུ་རུང་བའི་ཆོས་གཅིག་ཙམ་ཡང་མེད་པར་རྟོགས་སོ། ། མཁས་པ་དག་གིས་དེ་ལྟར་སྐྱེ་བ་ལ་རང་བཞིན་མེད། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་གཅིག་གིས་གཅིག་བསབས་པའི་རྒྱུ་ཙམ་ཞིག་བསྟན་པའི་ཕྱིར། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བརྗོད་པར་ཡོངས་སུ་རྟོགས་སོ།། སྐྱེ་བ་ལ་ལྷན་ཅིག་པའམ་སོ་སོ་བའི་ཆོས་མེད་དེ། སྐྱེད་དེ་སྲེད་པའི་ནང་ན་མི་གནས། སྲིད་པའི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ནའང་མི་གནས་སོ།། སྐྱེ་བ་དེ་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་མ་ཡིན། སྐྱེ་བ་དེ་སྔ་མའི་མཐའ་དང་། ཕྱི་མའི་མཐའ་དང་། བར་གྱི་མཐའ་དམིགས་སུ་མེད་དོ།། སྐྱེ་བ་དེ་དངོས་པོ་མེད་པར་དམིགས་སུ་མེད་པས་མཁས་པ་དག་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་། ཕྱིན་ཅི་ལོག་དང་ལྡན་པའི་ཡང་དག་པ་མ་ཡིན་པ། ཅིའང་མེད་པ། སྒྱུ་མ་ལྟ་བུ་ལས་སྐྱེས་པར་ཡོངས་སུ་རྟོགས་སོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། ཟློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་ཞེས་བྱ་བ་ནི། སྐྱེ་བ་དེ་རྒ་ཤི་དང་། ཟློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ལ་བལྟོས་ཏེ་འོངས་པ་མ་ཡིན་གྱི། སྐྱེ་བས་ཀྱང་རྒ་ཤི་དང་། ཟློས་པའི་མྱ་ངན་དང་། སྐྱེ་སྔགས་འདོན་པ་དང་། སྡུག་བསྔལ་བ་བསྐྱེད་མི་ནུས་སོ།། རྒ་ཤི་དང་། ཟློས་པའི་མྱ་ངན་དང་། སྨྲེ་སྔགས་འདྲེན་པ་དང་། སྡུག་བསྔལ་བ་སྐྱེ་བའི་ནང་ན་མི་གནས། སྐྱེ་བའི་ཕྱིར་ན་མི་གནས། གཉིས་ཀ་བར། ནའང་མི་གནས་སོ།། རྒ་ཤི་དང་། ཟློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་སྐྱེ་བོ་ལ་མི་གནས་ཏེ། སྐྱེ་བའི་ཕྱིར་རྒ་ཤི་དང་། ཟློས་པའི་མངན་དང་། སྨྲེ་སྔག་འདོན་པ་དང་། སྡུག་བསྔལ་བ་བརྗོད་པའང་རྒྱུ་དང་རྐྱེན་མང་པོ་ལས་སྐྱེ་བའི་ཆོས་བསྟན་པའི་ཕྱིར་མི་སྐྱེ་བ་ཉིདག་གི་དང་ཁྲོས་པའི་མྱངན་དང་ཀླུ་སྔགས་འདོན་པ་དང་། སྡུག་བསྔལ་དང་ལྷན་ཅིག་པའང་མ་ཡིན། སོ་སོ་བའང་མ་ཡིན་ནོ།། སྐྱེ་བ་ལ་སྨྲ་བ་ཉིད་ཀྱང་དམིགས་སུ་མེད་ན་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། ཟློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་ལྟ་ཅི་སྨོས། རྒ་ཤི་དང་སྡུག་བསྔལ་ཉིད་ལ་རྒ་ཤི་དང་སྡུག་བསྔལ་དམིགས་སུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རྒ་ཤི་དང་སྡུག་བསྔལ་ཉིད་རྒ་ཤི་དང་སྡུག་བསྔལ་གྱི་ནང་ན་མི་གནས་ཕྱི་རོལ་ན་མི་གནས། གནས་ཀའི་བར་ན་མི་གནས་སོ།། རྒ་ཤི་དང་སྡུག་བསྔལ་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་ནོ།། རྒ་ཤི་དང་སྡུག་བསྔལ་བ་དང་ལྷན་ཅིག་པ་མ་ཡིན། སོ་སོ་བའང་མ་ཡིན་ནོ།། ཕྱིན་ཅི་ལོག་དང་ལྡན་པ་རྒྱུ་དང་རྐྱེན་མང་པོ་འདུས་པ་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཚོགས་པ་ལས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་སྡུག་བསྔལ་བ་ཞེས་བརྗོད་དོ། ། རྒ་ཤི་དང་སྡུག་བསྔལ་ལ་གནས་མེད། རྒ་ཤི་དང་སྡུག་བསྔལ་ལ་ངེས་པའི་མཚན་ཉིད་དམིགས་མེ་། ། སྡུག་བསྔལ་འདས་པ་མའ་དང་། མའོངས་པ་ལས་དག་ངྒཱ་ཀྱིམ་གསས་མེད་དེ།། མཁས་པདག་ནི་རྒུ་ཤི་དང་རྫུག་བཕྲུལ་ལ་ཡང་དག་པ་ས་མན། ཙིའང་མེད་པ། བྱིན་ནི་ལོག་དང་ལྡན་པ། ངོ་བོ་ཉིད་མེད་པ། མ་བྱས་པ། མབྱུང་བ། མ་སྐྱེས་པར་ཡོངས་སུ་གཏོགས་སོ།། དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་ཆོས་རྟོགས་པའི་། རྟེན་ཅིང་འབྲེལ་ཏེ་བྱུང་བའི་ཆོས་ལའདས་པའམ། མ་འོངས་པའི་མ་དེ་ལྟར་གྱིར་མི་མཐོང་། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་གྱི་མཚན་ཉིད་མི་ན་ཅིང་འབྲེལ་ཏེ་བྱུང་བའི་རྗེ་ནི་མདྷཱ། མསྐྱེས་པ་དང་། འཛན་མ་མེད་པ་དང་། མངོན་པར་འདུས་བྱས་པ་མེད་པ་དང་། མཟུང་བ་ད་། བུམ་པའི་དངས་པ་མེད་པ་དང་། ནས་ཆོས་ཐམས་མེད་པར་ཤེས་ཤིང་རྟོགས་སོ།། དེ་ལྟར་རྟེན་ད་འདྲེ་ཏེ་བྱུང་བ་བདུ་ཀུ་ནཱི་ས་ཁོང་ཆུད་ཅིང་རྟོགས་པས་འདུས་ཏེ་བྱུང་བ་བཅུ་གཉིས་ལདུས་པ་བྱེད་པ་ཡོད་པང་མི་མཐོང་ངོ་། ། གང་འཆོས་རྣམས་རྟུ་ལས་སྐྱེས་ན། མེད་པའི་ཕྱིར་ཆོས་དེ་འང་མེད་དེ། བྱང་ཆུབ་སེམས་དབུས་སུ་རིག་པའི་དོན་གྱི་རྗེས་སུ་ཞུགས་པས་ཆོས་ཐམས་ཅ་ངོམིགས་སུ་མེད་པར་རྟགས་སོ། ། དེ་ལྟར་ཏེགྲ་པ་དེ་ལ་ནགས་ན་རྐྱེན་མེད་པོ་ཉིད་རྟེན་ཅིང་འབྲེལ་ཏེ་དྲུང་བ་བཅུ་གཉིས་ཡིན་ཏེ། དེ་ལ་གྱི་བ་མེད་དོ།། བྱང་ཆུབ་སེམས་དཔས་རྟེན་ཅིང་འཛི་། འབྱུང་བ་བཅུ་གཉིས་ཡང་དག་པ་མ་ཡིན་པ་ལས་སྐྱེས་པར་རྟོགས་སོ།། མ་རིག་པའི་དོན་གྱི་རྗེས་སུ་རྟེན་ཅིང་འབྲེལ་ཏེ་བྱུ་བ་བཅུ་གཉིས་རྟོགས་པས་ཆོས་ཞེས་བྱ་བ་མེད་ན། ཆོས་སུ་གདགས་པའང་མེད་དེ། དེ་བས་ན་མ་རིག་པའི་དོན་གྱི་རྗེས་སུ་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཁོང་དུ་ཆུད་ཅིང་རྟོགས་སོ།། མ་རིག་པ་ནི་མ་སྐྱེས་པ། མ་བྱས་པ། མ་བྱུང་བ། ངོ་བོ་ཉིད་མེད་པ། ངེས་པའི་ཆོས་མེད་པ། རྒྱུ་མེད་ག་ཅིའང་མེད་པ་སྟེ། བྱང་ཆུབ་སེམས་དཔའ་དེའི་ཚེ་རིག་པ་དང་མ་རིག་པ་གཉིས་སུ་རྣམ་པར་འབྱེད་དེ། མ་རིག་པའི་ཡང་དག་པའི་མཚན་ཉིད་དེ་རིག་པ་ཉིད་དོ།། མ་རིག་པའི་རྒྱུ་ལས་ཆོས་ཐམས་ཅད་ཅིའང་མེད་པ་དང་། ཆོས་ཐམས་ཅད་རྐྱེན་མེད་པ་དང་རྣམ་པར་རྟོག་པ་མེད་དོ།། དེ་བས་ན་མ་རིག་པའི་དོན་གྱི་རྗེས་སུ་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་རྟོགས་སོ། ། འཇིག་རྟེན་འཛིན་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱི་ཐབས་དང་ཤེས་རབ་ཅེས་བྱའོ།། བྱང་ཆུབ་སེམས་དཔའ་གང་དེ་ལྟར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལྷན་ཅིག་པ་དང་སོ་སོ་བ་རྟོགས་ན། དེ་ནི་བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཤེས་རབ་ལེགས་པར་ཐོབ་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་འགོག་པར་རྟོགས་ན་ནི། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་མཁས་པ་མ་ཡིན་གྱི། གང་རྐྱེན་མང་པོ་ལས་འདུ་བ་དང་བྲལ་བར་ཤེས་པ་དེ་ནི། མི་སྐྱེ་བའི་ཤེས་རབ་ཐོབ་པ་ཞེས་བྱའོ། ། གང་མི་སྐྱེ་བའི་ཤེས་རབ་ཐོབ་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་རྟོགས་པ་ཞེས་བྱའོ།། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་སྐྱེ་བའི་ཤེས་རབ་རྟོགས་པ་འམ། རིག་པར་འདོད་ན་དེ་ལྟར་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་ཤེས་ར་བ་ལ་ནན་ཏན་དུ་བྱའོ།། དེས་ན་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་མི་སྐྱེ་བའི་མཚན་ཉིད་རྟོགས་ཤིང་རིག་པར་འགྱུར་རོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མི་སྐྱེ་བ་ཉིད་རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་སུ་ཤེས་ན་རྟེན་ཅིང་འབྲེལ་ཏེ་བྱུ་ཕྲ་བཅུ་གཉིས་ལ་སྦྱོར་བའང་ཐོབ་པར་འགྱུར་རོ། ། དེ་ལྟར་མི་སྐྱེ་བའི་མཚན་ཉིད་དུ་ཁམས་གསུམ་ཤེས་ཤིང་མཐོང་བ་དེས་ནི་མྱུར་དུ་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་ད་ལྟར་བཞུགས་པའི་སངས་རྒྱས་འདི་ཉིད་ལས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོག་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་དེ་རིང་པོ་མི་ཐོགས་པར་ལུང་སྟོན་པ་དང་། མཐར་གྱིས་ལུང་སྟོན་པར་ཡང་འགྱུར་རོ།། འཇིག་རྟེན་འཛིན་དེ་ལྟར་ཤིན་ཏུ་དག་པ་དེ་ལུང་བསྟན་པ་ཐོབ་པས་རབ་ཏུ་བདེ་བའི་སེམས་སུ་འགྱུར། ཏེ། ཆོས་ཐམས་ཅད་ལ་འཐད་ཅིང་འཇུག་པའི་སྦྱོར་བ་ལས་ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་རོ།། དེ་ལྟར་དེས་རྟེན་ཅིང་འབྲལ་ཏེ་འབྱུང་བ་བཅུ་གཉིས་ལ་མ་སྐྱེས་པ་ཉིད་དུ་རྟོགས་པསད་ལྷུར་བཞུགས་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་རོ། ། གང་ཟག་དེ་བདུད་མ་རུངས་པ་རྣམས་ཀྱིས་སྲ་མི་འགོད་པར་འགྱུར། དེས་སྐྱེ་ཤིར་འཁོར་བའི་རྒྱུན་ལས་བརྒལ་ཏེ་སྐ་མ་སར་ཕྱིན་པར་འགྱུར། དེས་མ་རིག་པའི་འདམ་རྫབ་ལས་ཐར་པར་འགྱུར། དེས་རབ་ཏུ་བདེ་བའི་གནས་སུ་ཕྱིན་པར་འགྱུར་རོ།། འཇིག་རྟེན་འཛིན་གང་ཞིག་ད་ལྟར་བཞུགས་ཀྱང་རུང་། མྱ་ངན་ལས་འདས་ཀྱང་རུང་སྟེ། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་སྦྱོར་བ་ལས་གལ་ཏེ་ཉན་ནམ། དད་དམ། ཀློག་གམ། འདོན་ཏམ། རྣལ་འབྱོར།། དུ་བྱེད་ན་དེས་ནི་རིང་པོ་མི་ཐོགས་པར་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་ཐོབ་པར་ངས་ལུང་སྟོན་ཏོ།། དེས་རིང་པོར་མི་ཐོགས་པར་ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་བར་ངས་ཀྱང་ལུང་བསྟན་ཏོ། ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཉེ་བར་གཞག་པ་བཞི་ལ་རྣམ་པར་འབྱེད་ཅིང་རྟོག་གོ། ། བཞི་གང་ཞེ་ན། ལུས་ལ་ལུས་ཀྱི་རྗེས་སུ་རྟོག་པ་དང་། ཚོར་བ་ལ་ཚོར་བའི་རྗེས་སུ་རྟོག་པ་དང་། སེམས་ལ་སེམས་ཀྱི་རྗེས་སུ་རྟོག་པ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་རྟོག་པའོ།། དེ་ལ་ཇི་ལྟར་ན་ལུས་ལ་ལུས་ཀྱི་རྗེས་སུ་རྟོག་པ་ནས། ཚོར་བ་དང་། སེམས་དང་།། ཆོས་ལ་ཚོར་བ་དང་། སེམས་དང་ཆོས་ཀྱི་བར་དུ་རྗེས་སུ་རྟོག་པ་ཞེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་ལ་རྣལ་འབྱོར་དུ་སྤྱོད་ཅིང་ལུས་ཀྱི་རྗེས་སུ་རྟོག་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་མཚན་ཉིད་ལ་རྟོག་གོ། འདི་ལྟ་སྟེ། ལུས་འདི་ནི་མི་རྟག་པ། སྡུག་བསྔལ་བ། ནད་ལྟ་བུ། ཤུ་བ་ལྟ་བུ། སྡུག་བསྔལ་གྱིས་གཟིར་བ། ཉམས་པ། འཕོ་བ། འཇིག་པའི་མཚན་ཉིད་དོ།། ལུས་འདི་ནི་ཤིན་ཏུ་མི་གཙང་བ་སྟེ། མི་སྡུག་པ། མི་གཙང་བ་སྣ་ཚོགས་ཀྱིས་ཡོངས་སུ་གང་བ། བུག་དགུ་ནས་མི་གཙང་བརྟག་ཏུ་ཟག་པའོ། ། ལུས་འདི་ནི་ཤིན་ཏུ་བསྣམ་པ་སྟེ། ངན་སྐྱུགས་ཀྱི་རྒྱལ་པ་འགྲོ་ཤེས་པ་དང་འདྲའོ།། ད་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་འདི་ལ་བརྟགས་ན། ལུས་འདི་ལ་སྲུ་ཉག་མ་ཙམ་གྱི་གཙང་བ་འམ་ཡིད་དུ་འོང་བ་མི་རྙེད་དོ། ། ལུས་འདི་ནི་རུས་པ་དང་། རྒྱུས་པ་དང་། པགས་པ་དང་། ཤས་ཡོངས་སུ་དཀྲིས་ཤིང་གླགས་ནས་སྔོན་གྱི་ལས་ཀྱི་རྒྱུ་དང་། རྐྱེན་དང་། འབྲས་བུ་རྣམ་པར་སྨིན་པ་ལས་བྱུང་སྟེ། ཀུན་འབྱུང་དང་ལེན་པས་ཡོངས་སུ་བཅིངས་པར་ཤེས་སོ།། དེ་ལ་ཀུན་འབྱུང་ནི་གང་། ལེན་པ་ནི་གང་ཞེ་ན། སྔོན་གྱི་རྒྱུ་དང་རྐྱེན་ལས་ལུས་འདི་བྱུང་བས་ན་ལེན་པ་ཞེས་བཏགས་སོ། ། ད་ལྟར་གྱི་ཚེ་འདི་ལ་ལུས་བཀྲུས་ནས་ཁ་ཟས་དང་། གོས་དང་།། ཁྲི་སྟན་དང་། སྨན་གྱིས་གསོས་པ་ནི་ཀུན་འབྱུང་ཞེས་བྱ་སྟེ། དེ་ལྟར་ད་ལྟར་གྱི་རྒྱུ་དང་རྐྱེན་ནི་ཀུན་འབྱུང་ཞེས་བྱ། སྔོན་གྱི་འབྲས་བུ་རྣམ་པར་སྨིན་པའི་མཐུས་རྣམ་པར་བཅིངས་ནས་བྱ་བ་ཀུན་བྱེད་པ་ནི་ལེན་པ་ཞེས་བྱའོ།། ཡང་ལུས་འདི་ནི་ཆེན་པོ་བཞི་ལས་བྱས་ཏེ་ངེས་པར་ཡང་དག་པའི་མཚན་ཉིད་མེད་དེ། ། གཟུགས་ཀྱི་ཕུང་པོར་གཏོགས་པ་རྣམས་ལ་ལུས་ཞེས་བཏགས་སོ།། ཅིའི་ཕྱིར་ལུས་ཞེས་བྱ་ཞེ་ན། བྱ་བ་བྱེད་ནུས་པའི་ཕྱིར་ལུས་ཞེས་བྱའོ། ། རྟེན་པའི་གནས་ལ་ཞེན་ཅིང་ཆགས་པའི་ཕྱིར་ལུས་ཞེས་བྱའོ།། ཡིད་ཀྱི་རྗེས་སུ་ཀུན་བྱེད་པའི་ཕྱིར་ལུས་ཞེས་བྱའོ།། རྣམ་པར་རྟོག་པ་ལས་བྱུང་བའི་ཕྱིར་ལུས་ཞེས་བྱའོ།། ལུས་འདི་ནི་རིང་པོ་མི་ཐོགས་པར་མཐར་འགྱུར་ཞིང་འཕོ་བ་སྟེ། མི་རྟག་པ་ངེས་པར་འགྱུར་བའི་མཚན་ཉིད་དོ།། ལུས་འདི་ནི་ལུས་ཀྱི་ནང་ན་མི་གནས། ལུས་ཀྱི་ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་སོ། ། ལུས་འདི་ནི་ལུས་སུ་མི་ཤེས་པ། ལུས་སུ་མི་མཐོང་ངོ་།། ལུས་འདི་ནི་བྱེད་པ་མེད། གཡོ་བ་མེད། སྨོན་ཅིང་རེ་བ་མེད། སེམས་མེད་དེ། རྡོ་དང་ཤིང་དང་ཐ་མི་དད་དོ།། ལུས་འདི་ལ་ལུས་ཀྱི་མཚན་ཉིད་དུ་ངེས་པ་མེད་དེ།། དེ་ལྟར་ཡང་དག་པར་འབྱེད་ཅིང་བརྟགས་ན་བྱས་པ་མེད། བྱེད་པ་མེད། ལུས་འདི་ལ་སྔ་མའི་མཐའ་མེད། ཕྱི་མའི་མཐའ་མེད། བར་གྱི་མཐའ་མེད་དོ།། ལུས་འདི་ལ་རྟག་པསན་སྲ་བའི་མཚན་ཉིད་གཅིག་ཀྱང་མེད། ཇི་ལྟར་ཆུའི་དབུབ་གཟུང་ཞིང་བཅང་དུ་མི་བཟོད་པའི་བཞིན་ནོ། ། ལུས་འདི་ནི་སྲིན་བུ་བརྒྱད་ཁྲི་གནས་པའི་ཁྱིམ་མོ།། ལུས་འདི་ནི་ནད་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་འཚེ་བའོ།། སྡུག་བསྔལ་རྣམ་པ་གསུམ་གྱི་ཕྱིར་ལུས་འདི་སྡུག་བསྔལ་བ་སྟེ། མགོན་མེད་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་བ་དང་། འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་བའི་ཡང་སྡུག་བསྔལ་བས་རྣམ་པར་འཚེ་བས་ན་སྡུག་བསྔལ་ཐམས་ཅད་ཀྱིས་སྡུག་བསྔལ་བ་མང་པོའི་སྣོད་དོ། ། དེ་ལྟར་ལྟ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡུས་ལ་ལུས་ཀྱི་རྗེས་སུ་རྟོག་པའང་འདི་སྙམ་དུ་ལུས་འདི་ནི་བདག་མ་ཡིན། གཞན་མ་ཡིན།། དབང་མེད་པ་འདིར་རང་ཉམ་བྱར་མེད་པ་བྱས་པའོ་སྙམ་དུ་སེམས་སོ།། ལུས་འདི་ནི་དངོས་པོ་མེད། ངེས་པའི་ཆོས་སུ་དམིགས་སུ་མེད་པའོ།། ལུས་འདི་ནི་རང་བཞིན་གྱིས་སྟོང་པ་སྟེ། ངེས་པའི་མཚན་ཉིད་མེད་པའོ།། ལུས་འདི་ནི་ཡང་དག་པ་མ་ཡིན་པ་ལས་བྱུང་བས་འཁྲུལ་འཁོར་ལས་བྱས་པ་ལྟ་བུ་སྟེ། སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་ལས་བྱུང་བས་ན་ལུས་འདི་ལ་ནི་བདག་དང་བདག་གི་ཞེ་འདུ་ཤེས་བསྐྱེད་པར་མི་རིགས་ཏེ། བདག་ཅག་ཀྱང་ལུས་དང་སྲོག་ལ་མི་ལྟའོ་སྙམ་དུ་སེམས་སོ།། བྱང་ཆུབ་སེམས་དཔས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་པའི་ཚེ། ལུས་འདི་དང་ལྷན་ཅིག་པ་འམ། སོ་སོ་བར་མི་དམིགས་ཏེ། གཞན་ནས་འོངས་པ་འམ། གུད་དུ་འགྲོ་བའི་གནས་ཡོད་པར་རམ། རྟེན་པའི་གནས་ཡོད་པར་མི་ལྟའོ།། ལུས་འདི་ལ་འདས་པ་འམ། མ་འོངས་པ་འམ། ད་ལྟར་གནས་པར་རྣམ་པར་མི་རྟོག་པས་ལུས་དང་སྲོག་ལ་མི་གནས། ལུས་ལ་བདག་གམ་བདག་གི་བར་མི་ཆགས་ཏེ། ལུས་སུ་འཛིན་པ་ཡོད་སུ་སྤོང་ངོ་། ། བྱང་ཆུབ་སེམས་དཔའ་དེས་དེ་ལྟར་ལུས་འདི་ལ་སྟོང་པ་ཉིད་དང་བདག་མེད་པ་བདག་གི་བ་མེད་པར་ཡོངས་སུ་རྟོགས་ཏེ། ལུས་འདི་ལ་བདག་དང་བདག་གི་བར་དམིགས་སུ་མེད་པས་ན་ལུས་ཀྱི་མཚན་ཉིད་དུ་མི་དམིགས་སོ། ། བྱང་ཆུབ་སེམས་དཔའ་དེས་དེ་ལྟར་ལུས་ཀྱི་མཚན་ཉིད་དུ་མི་དམིགས་པས་ན་ལུས་སུ་འཇུག་པ་ལ་རེ་བ་མེད་དེ། ལུས་བསྐྱེད་པ་འམ། འབྱུང་བའི་ལམ་མེད་དོ།། དེ་ལ་འཇུག་པ་ཞེས་བྱ་བ་གང་ཞེ་ན། ལུས་འདི་ལ་བྱས་པ་མེད། བྱུང་བ་མེད་པའོ།། ལུས་འདི་ནི་མ་བྱས་པ་མ་བྱུང་བའི་མཚན་ཉིད་པས་ན་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་སོ། ། རྒྱུ་དང་རྐྱེན་འདུས་པ་ལས་ལུས་སུ་གྱུར་ཏེ། རྒྱུ་དང་རྐྱེན་ཡང་ཡང་དག་པ་མ་ཡིན་པ། ཅིའང་མེད་པ། ཕྱིན་ཅི་ལོག་དང་ལྡན་པ། སྟོང་པ་ཉིད་སྙིང་པོ་མེད་པ་སྟེ། རྒྱུ་དང་རྐྱེན་དེ་ལས་ལུས་འདི་སྐྱེས་པར་གྱུར་ཏོ།། རྒྱུ་དང་རྐྱེན་ཉིད་སྐྱེ་བ་མེད་པ་མཚན་མ་མེད་པས་ན་དེ་ལྟར་ལུས་ལ་རྟོག་པའི་ཚེ། ལུས་མ་སྐྱེས་པའི་མཚན་ཉིད་ལ་འཇུག་པ་འགྱུར་རོ།། དེ་ལ་ཞུགས་ན་ལུས་ལ་མཚན་ཉིད་མེད་པར་རྟོག་གོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་མཚན་ཉིད་མེད་པར་རྟོགས་པས་ན་ལུས་འདི་ལ་མཚན་མ་མེད་པར་ཤེས་སོ།། མཚན་མར་དམིགས་སུ་མེད་པས་ན་སྐྱེ་བ་མེད་པས་ཤེས་སོ།། ལུས་འདི་ནི་འདས་པའི་མཚན་མ་འམ། མ་འོངས་པའི་མཚན་མ་འམ། ད་ལྟར་གྱི་མཚན་མར་དམིགས་སུ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལུས་འདི་ལ་ངོ་བོ་ཉིད་དུ་ངེས་པའི་ཆོས་སུ་མེད་དེ།། ལུས་འདི་ནི་བདག་དང་གཞན་དུ་དམིགས་སུ་མེད་པའི་ཕྱིར་རོ།། དེ་ལྟར་ཡོངས་སུ་རྟོག་པ་ན་ལུས་འདི་གང་ནས་ཀྱང་མ་འོངས་ལ། གང་དུ་མི་འགྲོ་བར་ཤེས་ཏེ། ལུས་འདི་མ་སྐྱེས་པ་དང་མི་འགག་པའི་ལམ་ལ་འཇུག་པར་འགྱུར་རོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་འཇུག་པ། ལུས་ལ་ལུས་ཀྱི་རྗེས་སུ་འཇུག་པའི་ཡང་དག་པའི་མཚན་ཉིད་ལ་རྟོགས་པ་ན་ལུས་ལ་ཞེན་ཅིང་ཆགས་པ་ཡོངས་སུ་སེལ་ཅིང་ཆོད་པར་འགྱུར་ཏེ། དྲན་པའང་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལུས་ལ་དེ་མ་ཐག་ཏུ་གནས་པར་འགྱུར་རོ།། དེ་དག་ནི་ལུས་ལ་ལུས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེས་བྱའོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོར་བ་ལ་ཚོར་བའི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡུག་བསྔལ་གྱི་ཚོར་བ་དང་བདེ་བའི་ཚོར་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པའི་ཚོར་བ་སྟེ། ཚོར་བ་གསུམ་པོ་ལ་རྟོག་པ་ན་གང་ནས་ཀྱང་མ་འོངས་ལ། གང་དུའང་མི་འགྲོ་བར་རྟོགས་ཏེ།། ཡང་དག་པའི་མ་ཡིན་པའི་རྐྱེན་དང་། སྔོན་གྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་དང་། ཕྱིན་ཅི་ལོག་དང་ལྡན་པས་གཟུངས་བྱས་པར་ཤེས་སོ།། ཚོར་བ་ལ་ཡང་དག་པ་མ་ཡིན་པའི་ལོག་པར་རྣམ་པར་རྟོག་པ་ལས་བྱུང་བར་ཤེས་སོ། ། བྱང་ཆུབ་སེམས་དཔས་དེ་ལྟར་ཚོར་བ་རྣམས་ལ་རྟོག་པ་ན། འདས་པའི་ཚོར་བ་ལ་མི་དམིགས། མ་འོངས་པའི་ཚོར་བ་ལ་མི་དམིགས། ད་ལྟར་གྱི་ཚོར་བ་ལ་མི་དམིགས་སོ།། བྱང་ཆུབ་སེམས་དཔའ་འདས་པའི་ཚོར་བ་རྣམས་ལ་སྟོང་པ་ཉིད་དང་བདག་མེད་པ། བདག་གི་བ་མེད་པ། མི་རྟག་པ།། མི་བརྟན་པ། སྙིང་པོ་མེད་པ། མི་འགྱུར་བའི་མཚན་ཉིད་མེད་པར་ལྟའོ།། འདས་པའི་ཚོར་བ་ལའང་སྟོང་པའི་མཚན་ཉིད་དང་། ཞི་བའི་མཚན་ཉིད་དང་། མཚན་མ་མེད་པའི་མཚན་ཉིད་དུ་རྟོགས་སོ།། མ་འོངས་པའི་ཚོར་བ་རྣམས་ལའང་སྟོང་པ་ཉིད་དང་། བདག་མེད་པ། བདག་གི་བ་མེད་པ། མི་རྟག་པ། མི་བརྟན་པ། སྙིང་པོ་མེད་པ། མི་འགྱུར་བ་མེད་པར་ལྟའོ།། མ་འོངས་པའི་ཚོར་བ་རྣམས་ལའང་སྟོང་པའི་མཚན་ཉིད་དང་། ཞི་བའི་མཚན་ཉིད་དང་། མཚན་མ་མེད་པའི་མཚན་ཉིད་དུ་རྟོག་གོ།། བྱང་ཆུབ་སེམས་དཔའ་དེ་ལྟར་རྟོག་པ་ན་འདི་སྙམ་དུ་ཚོར་བ་ནི་ངེས་པའི་མཚན་ཉིད་མེད་པ། དངོས་པོ་མེད་པ།། གཅིག་ཏུ་ངེས་པའི་ཆོས་མེད་པ། མི་འདྲ་བ་ལས་ཡང་དང་ཡང་སྐྱེ་ཞིང་འགོག་གོ་སྙམ་དུ་སེམས་སོ།། ཚོར་བ་ལ་གནས་པའི་དུས་མེད་དོ་སྙམ་དུ་སེམས་པའི་ཚེ། བྱང་ཆུབ་སེམས་དཔའ་ཡང་འདི་སྙམ་དུ་ཚོར་བ་ནི་བྱས་པ་མེད། བྱེད་པ་མེད་དེ། བྱིས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་དང་ལྡན་པའི་སེམས་ལས་ཚོར་བ་རྣམ་པ་གསུམ་བསྐྱེད་དེ། དེའང་སྔོན་གྱི་ལས་ཀྱི་རྒྱུ་དང་ད་ལྟར་གྱི་རྐྱེན་འདུས་པ་ལས་ཚོར་བ་ཡོད་པར་གྱུར་ཏོ། ། ཚོར་བ་ནི་ཀུན་ཀྱང་སྟོང་པ། མི་བརྟན་པ། སྙིང་པོ་མེད་པ། ཡང་དག་པ་མ་ཡིན་པའི་ཆོས་ཉིད་དེ། ཁང་པ་སྟོང་པ་དང་མཚུངས་སོ།། དེ་ལྟར་ཡོངས་སུ་རྟོག་པའི་ཚེ།། ཚོར་བ་མང་པོའི་རྒྱུ་ལས་སེམས་གཅིག་ཏུ་གནས་ཏེ། བྱང་ཆུབ་སེམས་དཔའ་དེའི་ཚེ་ཚོར་བ་རྣམས་ལ་འདུས་ནས། འགོག་པའི་མཚན་ཉིད་དུ་ཆུད་ཅིང་རྟོགས་ཏེ། ཚོར་བ་རྣམས་འདུས་པའང་མ་ཡིན། སོ་སོ་བའང་མ་ཡིན་པར་བལྟའོ།། གཞན་ཚོར་བའི་ནང་ན་ཚོར་བ་མི་མཐོང་སྟེ། འདི་སྙམ་དུ་ཚོར་བ་རྣམས་སྟོང་པ་ཉིད་དོ་སྙམ་དུ་སེམས་སོ།། རང་བཞིན་སྟོང་པས་ཚོར་བ་རྣམས་རམ་སྐྱེས་པའི་མཚན་ཉིད་དུ་རྟོགས་སོ། ། ཚོར་བ་རྣམས་མ་སྐྱེས་པ་མི་འགོག་པས་གྲུབ་པའི་མཚན་ཉིད་མེད་པར་རྟོགས་སོ།། དེ་ལྟར་ཚོར་བ་རྣམས་ཡིད་ལ་བྱེད་པར་ཆགས་པ་མེད་དོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་རྣམས་ཀྱི་མཚན་ཉིད་ཤེས་ཤིང་མཐོང་ངོ་།། ཚོར་བ་རྣམས་དང་བྲལ་ཏེ་ཚོར་བ་རྣམས་ལ་མི་གནས་པས། ཚོར་བ་རྣམས་ལ་སེམས་བཏང་སྙོམས་པར་འགྱུར་ཏེ།། དེས་ན་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚོར་བ་ལ་ཚོར་བའི་རྗེས་སུ་རྟོག་པ་གང་ལ་རྣལ་འབྱོར་པ་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ལ་སེམས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ལ་སྐྱེ་བ་དང་། འགོག་པ་དང་། གནས་པ་དང་། འཕོ་བའི་མཚན་ཉིད་དུ་ཡོངས་སུ་རྟོག་གོ།། དེ་ལྟར་ཡོངས་སུ་རྟོག་པ་ན་འདི་སྙམ་དུ་སེམས་ཏེ། འདི་ནི་གང་ནས་ཀྱང་མ་འོངས། གང་དུའང་མི་འགྲོ་སྟེ། རྣམ་པར་ཤེས་པ་དང་རྐྱེན་ལས་སྐྱེས་པས་དངོས་པོ་མེད། ངེས་པའི་ཆོས་སུ་དམིགས་སུ་མེད་དོ་སྙམ་དུ་སེམས་སོ།། སེམས་འདི་ནི་འོང་པའང་མེད། སོང་བའང་མེད། གནས་པ་འམ།། འཕོ་བའང་དམིགས་སུ་མེད་དོ།། སེམས་འདི་ནི་འདས་པའང་མ་ཡིན།། མ་འོངས་པའང་མ་ཡིན། ད་ལྟར་གྱི་མ་ཡིན་ཏེ། སེམས་འདི་ནི་རྣམ་པར་ཤེས་པ་དང་། རྐྱེན་དང་། རྣམ་པར་རྟོག་པ་ལས་སྐྱེས་སོ།། སེམས་འདི་ནི་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས་ཏེ། སེམས་འདི་ནི་སྐྱེ་ཞིང་འབྱུང་བའི་མཚན་མ་གཅིག་ཙམ་ཡང་མེད་པའོ། ། སེམས་འདི་ནི་ངོ་བོ་ཉིད་མེད་པ། ངེས་པ་མེད་པ། བསྐྱེད་པ་མེད་པ། སྐྱེས་པ་མེད་པ་སྟེ། ལས་སྣ་ཚོགས་འབྱུང་བའི་ཕྱིར་སེམས་ཞེས་བྱའོ། ། རྣམ་པར་ཤེས་པའི་རྐྱེན་སྣ་ཚོགས་ལས་སེམས་ཞེས་བྱའོ།། སྐད་ཅིག་གིས་སྐྱེ་ཞིང་། འགོག་པ་གཅིག་གིས་བསབས་པའི་རྒྱུན་མི་འཆད་པ་ལས་སེམས་ཞེས་བྱ་སྟེ། དེ་ནི་སོ་སོའི་སྐྱེ་བོ་དག་སེམས་ཀྱིས་དམིགས་པའི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པའི་ཕྱིར་རོ།། སེམས་ལ་སེམས་ཀྱི་མཚན་ཉིད་མེད་དེ། སེམས་འདི་ནི་ཐོག་མ་ནས་མ་སྐྱེས་པ། མ་བྱུང་བ། ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། གློ་བུར་གྱི་ཉོན་མོངས་པས་ཀུན་ནས་ཉོན་མོངས་པ་རྣམ་པར་རྟོག་ཀྱང་སེམས་ཀྱིས་སེམས་མི་ཤེས། སེམས་ཀྱིས་སེམས་མི་མཐོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། སེམས་འདི་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་པས་ན་ངོ་བོ་ཉིད་མེད་པའོ།། སེམས་འདི་ནི་ངེས་པའི་ཆོས་ཅན་མ་ཡིན་ཏེ། ངེས་པའི་ཆོས་སུ་དམིགས་སུ་མེད་པའི་ཕྱིར་རོ། ། སེམས་འདི་ནི་གཅིག་དང་ཐ་དད་མེད་པའི་ཕྱིར་རོ།། སེམས་འདི་ནི་སྔ་མའི་མཐའ་ཡང་དམིགས་སུ་མེད། ཕྱི་མའི་མཐའ་དམིགས་སུ་མེད་དེ། བར་གྱི་མཐའ་ཡང་དམིགས་སུ་མེད་དོ། ། སེམས་འདི་ནི་གཟུགས་མེད་དེ། མཐོང་བར་མི་ནུས་པས་སེམས་ཉིད་ཀྱིས་སེམ་ས་མི་མཐོང་ལ་རང་བཞིན་མི་ཤེས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ་དག་ཡང་དག་པ་མ་ཡིན་པའི་རྐྱེན་དང་། རྣམ་པར་ཤེས་པས་དམིགས་པའི་ཕྱིར་འབྱུང་ངོ་།། སེམས་འདི་ནི་སྟོང་པ་ཉིད་དེ། བདག་མེད་པ། བདག་གི་བ་མེད་པ། མི་རྟག་པ། མི་བརྟན་པ། སྙིང་པོ་མེད་པ། མི་འགྱུར་བའི་ཆོས་ཅན་མ་ཡིན་པའོ།། དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པ་ན། སེམས་ཀྱི་དྲན་པ་ཉེ་བར་གཞག་པ་ཐོབ་སྟེ། གང་ཟག་དེ་དེའི་ཚེ་ན། སེམས་སམ་སེམས་མ་ཡིན་པར་རྣམ་པར་མི་རྟོག་སྟེ། སེམས་ལ་མ་སྐྱེས་པའི་མཚན་ཉིད་དུ་ལེགས་པར་ཤེས་པས་སེམས་མ་སྐྱེས་པ་ཉིད་དུའང་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ལ་ངེས་པའི་རང་བཞིན་མེད་དེ། ངེས་པའི་མཚན་ཉིད་མེད་པའི་ཕྱིར་རོ།། མཁས་པ་དག་ནི་དེ་ལྟར་སེམས་ལ་མ་སྐྱེས་པ་དང་མཚན་ཉིད་མེད་པར་ཆུད་ཅིང་རྟོགས་སོ།། དེའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱི་འདུས་པ་དང་། འགོག་པའི་མཚན་ཉིད་རྟོགས་ཏེ། དེ་ལྟར་རྟོགས་པ་ན་སེམས་ལ་ཀུན་འབྱུང་ངམ་འགོག་པའི་མཚན་ཉིད་མི་རྙེད་དེ། སེམས་ལ་འགོག་པའམ། མི་འགོག་པར་རྣམ་པར་མི་རྟོག་པས། སེམས་ཀྱི་དེ་བཞིན་ཉིད་རྣམ་པར་དག་པའི་མཚན་ཉིད་ཐོབ་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་སེམས་རྣམ་པར་དག་པས་ན་གློ་བུར་གྱི་ཉོན་མོངས་པས་ཉོན་མོངས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བདག་གི་སེམས་རྣམ་པར་དག་པ་ཉིད་དུ་ཤེས་ཤིང་མཐོང་བས། སེམས་ཅན་དག་གི་སེམས་རྣམ་པར་དག་པར་ཤེས་ཏེ་འདི་སྙམ་དུ་སེམས་སོ།། སེམས་དྲི་མ་ཡོད་པ་ན་སེམས་རྣམ་པར་དག་པས་ན། སེམས་ཅན་ཡང་རྣམ་པར་དག་པའོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་ན་སེམས་ལ་དྲི་མའི་མཚན་ཉིད་དམ། སེམས་ལ་རྣམ་པར་དག་པའི་མཚན་ཉིད་དུ་མི་དམིགས་ཏེ། སེམས་ཉིད་རྟག་ཏུ་རྣམ་པར་དག་པའི་མཚན་ཉིད་དུ་ཤེས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་ཆོས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་ནང་ངམ། ཕྱི་རོལ་ལམ། གཉིས་ཀའི་བར་ན་ཡོད་པར་མི་རྟོག་གོ།། གཞན་ཡང་ཆོས་ལ་འདས་པའམ་མ་འོངས་པ་འམ། ད་ལྟར་གྱི་མི་དམིགས་ཏེ། ཆོས་ཐམས་ཅད་རྐྱེན་མང་པོ་ལས་སྐྱེས་ཏེ། ཕྱིན་ཅི་ལོག་ལས་བྱུང་བའི་ངེས་པའི་མཚན་ཉིད་མེད་པའོ།། འདི་ལྟ་སྟེ། ཆོས་ཐམས་ཅད་གང་ཟག་དབང་ངོ་ཞེས་བྱ་བ་དང་། ཆོས་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཆོས་ཞེས་བྱ་བ་མེད་དེ། ཆོས་རྣམས་ནི་ཆོས་རྣམས་ཀྱི་ནང་ན་མི་གནས། ཆོས་རྣམས་ཀྱི་ཕྱི་རོལ་ན་མི་གནས་གཉིས་ཀའི་བར་ན་མི་གནས་སོ། ། ཆོས་ནི་ཆོས་དང་ལྷན་ཅིག་པའང་མ་ཡིན། སོ་སོ་བའང་མ་ཡིན་ཏེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པ། ངེས་པའི་མཚན་ཉིད་མེད་པའོ།། ཆོས་ཐམས་ཅད་ཡོད་པ་མ་ཡིན་པས་ན་གཡོ་བ་མེད། བྱས་པ་མེད་དེ། ཆོས་ཐམས་ཅད་ནི་ནམ་མཁའ་ལྟ་བུ་སྟེ་ཅིའང་མེད་པའོ།། ཆོས་ཐམས་ཅད་ནི་སླུ་བའི་ཆོས་ཅན། སྒྱུ་མ་ལྟ་བུ། སྒྱུ་མའི་མཚན་ཉིད་དམིགས་སུ་མེད་པའི་ཕྱིར་རོ། ། ཆོས་ཐམས་ཅད་རྣམ་པར་དག་པ་སྟེ། ཅིས་ཀྱང་གོས་པ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་མི་ལེན་པའི་མཚན་ཉིད་དེ། ལེན་པ་མེད་པའི་ཕྱིར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྟེ། རྨི་ལམ་ཉིད་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་གཟུགས་མེད་པ་སྟེ། གཟུགས་ཅིའང་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུ། སྟེ། གཟུགས་བརྙན་ཉིད་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་མིང་མེད། མཚན་མ་མེད་དེ། མིང་དང་མཚན་མ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་བྲག་ཆ་ལྟ་བུ་སྟེ། ཡང་དག་བ་མ་ཡིན་པ་ལས་བྱུང་བས་འཆིང་བ་མེད་པའི་ཕྱིར་རོ། ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ། རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་སྨིག་རྒྱུ་ལྟ་བུ་སྟེ། ཅིའང་མེད་པར་ཤེས་པའི་ཕྱིར་རོ། ། བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་ཐམས་ཅད་ལ་ཡོངས་སུ་རྟོག་ན་ཆོས་ཐམས་ཅད་ལ་མཚན་ཉིད་གཅིག་པ་འམ། མཚན་ཉིད་ཐ་དད་པར་མི་མཐོང་། ཆོས་དང་ཆོས་ལྷན་ཅིག་པ་འམ་སོ་སོ་བར་མི་མཐོང་། ཆོས་ལ་ཆོས་གནས་པར་ཡང་མི་མཐོང་སྟེ། དེ་ལྟར་རྟོག་ན་ཆོས་ཐམས་ཅད་གཞན་ནས་འོངས་པར་ཡང་མི་མཐོང་། ཆོས་ཐམས་ཅད་ལ་གནས་པའི་གནས་ཡོད་པར་ཡང་མི་མཐོང་ངོ་། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་གནས་མེད། རྟེན་མེད། བྱུང་བ་མེད་དེ། ཆོས་ཐམས་ཅད་གནས་མེད་པ་ནི་རྟེན་མེད་པ། གནས་མེད་བའི་ཕྱིར་རོ། ། དམིགས་པར་གནས་པའི་ཕྱིར་རོ།། འཇིག་རྟེན་འཛིན་ཆོས་ཐམས་ཅད་ལ་བྱེ་བྲག་མེད་པ་ནི་ཆོས་ཐམས་ཅད་བྱེ་བྲག་ཏུ་དབྱེ་བའི་མཚན་མ་མེད་དེ། རྐྱེན་མང་པོ་ལས་སྐྱེས་པས་བྱིན་ཅི་ལོག་ཏུ་བྱ་བ་ཡོད་ཀྱང་ཆོས་ཐམས་ཅད་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་སོ།། མཁས་པ་དག་ནི་ཆོས་ཐམས་ཅད་ལ་མཚན་ཉིད་གཅིག་པའང་མ་ཡིན། མཚན་ཉིད་གཉིས་སུ་ཡོད་པའང་མ་ཡིན། ཐ་དད་པའི་མཚན་ཉིད་དུའང་མ་ཡིན་པར་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་ཆོས་ཐམས་ཅད་ནི་མ་སྐྱེས་པ། མ་བྱས་པ། མ་བྱུང་པ། བྱས་པ་མེད་པ་སྟེ། ཆོས་ཐམས་ཅད་ནི་རང་བཞིན་དང་བྲལ་བ། ངོ་བོ་ཉིད་མེད་པ་སྟེ། རང་བཞིན་ལས་འདས་པའི་ཕྱིར་རོ།། ཆོས་ཐམས་ཅད་གནས་མེད་པ་ནི་ཕྱིན་པའི་གནས་མེད་པའི་ཕྱིར་རོ། ། དེ་ལྟར་ཆོས་ཐམས་ཅད་ལ་ཤིན་ཏུ་རྟོག་པ་ན། ཆོས་ཐམས་ཅད་ལ་བདག་མེད། གང་ཟག་མེད་པར་ལེགས་པར་ཆུད་ཅིང་རྟོགས་སོ།། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་སོ། ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ན། ཆོས་ཐམས་ཅད་མཚན་མ་མེད་པར་རྟོགས་སོ།། མཚན་མ་མེད་པར་ལྟ་བས་ཆོས་ཐམས་ཅད་ལ་སྨོན་པ་མི་འབྱུང་སྟེ། དེའི་ཚེ་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་རྟོགས་པས་འདི་སྙམ་དུ་སེམས་ཏེ། འདི་ལ་ཡང་དག་པར་ཆོས་གང་ཡང་སྐྱེ་བ་འམ། འགོག་པ་མེད་པར་སེམས་སོ།། དེ་ལྟར་རྟོག་པའི་ཚེ། སེམས་རྩེ་གཅིག་ཏུ་གནས་པས་ན། དེ་ཉིད་ཀྱིས་ན་ཆོས་ཐམས་ཅད་མ་སྐྱེས་པ་ཉིད་དུ་ཁོང་དུ་ཆུད་ཅིང་། ཆོས་ཐམས་ཅད་ཀྱི་ཀུན་འབྱུང་དང་འགོག་པའི་ཟད་པའང་མཐོང་ཞིང་ཤེས་སོ།། ཆོས་ཐམས་ཅད་མཚན་མ་དང་བྲལ། རང་བཞིན་དང་བྲལ་བར་ཡང་རྟོགས་སོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་ཆོས་ཐམས་ཅད་ལ་ངེས་པའི་མཚན་ཉིད་མེད་པས་ན། ཆོས་ཐམས་ཅད་མཚན་མ་མེད་ཅིང་མཚན་མ་དང་བྲལ་བར་ཁོང་དུ་ཆུད་དོ། ། འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ལ་ཆོས་ཀྱི་རྗེས་སུ་རྟོག་པ་ལ་རྣལ་འབྱོར་པ་ཞེས་བྱའོ།། དེ་ལྟར་རྟོགས་པ་ནི་ཆོས་ལ་དམིགས་པ་མེད། ལེན་པ་མེད་དེ། ཆོས་ལ་སྐྱེད་པར་མི་བྱེད། གནས་པར་མི་བྱེད། འགོག་པར་མི་བྱེད་པར་ནན་ཏན་བྱེད་དོ།། དེས་ཆོས་ཐམས་ཅད་ཀྱི་མི་འགོག་པ་ཟད་པའི་མཚན་ཉིད་དང་། རབ་ཏུ་ཞི་བའི་མཚན་ཉིད་ཀྱང་མཐོང་ངོ་།། འཇིག་རྟེན་འཛིན་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་རྟོགས་པ་ཞེས་བྱའོ། ། ཅིའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱ་ཞེ་ན། དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་ཆོས་ཐམས་ཅད་གཞིག་པའི་གནས་མེད། འབྱུང་བའི་གནས་མེད། གནས་པའི་གནས་མེད་པར་དེ་ལྟར་འཇུག་ན་ཆོས་ཐམས་ཅད་ལ་དྲན་པ་མི་ཉམས་ཏེ། དྲན་པ་ཉེ་བར་གཞག་པ་ཞེས་བྱའོ།། གཞན་ཡང་དྲན་པ་ཉེ་བར་གཞག་པ་ནི་ཆོས་ཐམས་ཅད་མི་གནས་པ་དང་། མ་སྐྱེས་པ་དང་། མི་ལེན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བའི་དོན་ནི་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ།། དྲན་པ་ཉེ་བར་གཞག་པའི་ཞེས་བྱ་བའི་ལེའུ་སྟེ་དྲུག་གོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དབང་པོ་རྣམས་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་ལ་ཡང་དག་པར་རྟོག་གོ། ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། བྱང་ཆུབ་སེམས་དཔའ་རྣམས་དབང་པོ་ལྔ་ལ་རྣལ་འབྱོར་དུ་སྤྱོད་པ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་བྱུང་བ་ལས་སྐྱེས་ཤིང་ཕྱིན་ཅི་ལོག་ལས་བྱུང་བ་དང་། ཡང་དག་པ་མ་ཡིན་པའི་རྐྱེན་ལས་འདུས་པས་མེ་མགལ་བསྐོར་བ་ལྟ་བུ་འམ། རྨི་ལམ་གྱི་རང་བཞིན་ལྟ་བུར་ཡིད་ཆེས་སོ།། ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་མེད་པ་དང་། ཟུག་རྔུ་ལྟ་བུ་དང་། ཤུ་བ་ལྟ་བུ་དང་། སྙིང་པོ་མེད་པ། མི་བརྟན་པ། འགྱུར་ཞིང་འཇིག་པའི་མཚན་ཉིད་དུ་ཡིད་ཆེས་སོ། ། གཞན་ཡང་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པས་ཅིའང་མེད་པ་སྟེ། ཁུ་ཚུར་སྟོང་པ་འམ། ཁ་དོག་སྡུག་གུ་སྣ་ཚོགས་ཀྱིས་བྱིས་པ་ཆུང་ངུ་བྲིད་པ་ལྟ་བུ་རྣམ་པར་བརྟགས་པ་ལས་བྱུང་བ་ལྟོས་པ་ལས་ཡོད་པ་ཙམ་དུ་ཟད་པས་དངོས་པོར་ངེས་པའི་ཆོས་སུ་གཅིག་ཙམ་ཡང་མེད་པར་ཡིད་ཆེས་སོ། ། གཞན་ཡང་ཆོས་ཐམས་ཅད་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་པར་ཡིད་ཆེས་སོ།། ཆོས་ཐམས་ཅད་གང་ནས་ཀྱང་མ་འོངས་ལ། གར་ཡང་མི་འགྲོ་བར་ཡིད་ཆེས་སོ།། ཆོས་ཐམས་ཅད་སྟོང་པ་ཉིད་མཚན་མ་མེད་པ་མངོན་པར་འདུས་མ་བྱས་པར་ཡིད་ཆེས་སོ། ། ཆོས་ཐམས་ཅད་མ་སྐྱེས་པ་དང་། མངོན་པར་འདུས་མ་བྱས་པ་དང་། མ་བྱུང་བ་དང་། མཚན་མ་མེད་པ་མཚན་མ་དང་བྲལ་བར་ཡང་ཡིད་ཆེས་སོ།། ཚུལ་ཁྲིམས་རྣམ་པར་དག་པ་དང་། ཏིང་ངེ་འཛིན་ཡོངས་སུ་དག་པ་དང་། ཤེས་རབ་རྣམ་པར་དག་པ་དང་། རྣམ་པར་འགྲོལ་བའི་ཡེ་ཤེས་སྟོན་པ་རྣམ་པར་དག་པ་ལ་ཡིད་ཆེས་སོ།། བྱང་ཆུབ་སེམས་དཔས་དེ་ལྟར་དད་པའི་དབང་པོ་ལྷུན་གྱིས་གྲུབ་ནས་ཕྱིར་མི་ལྡོག་པར་གྱུར་ཏེ། དད་པ་ཐོག་མར་འགྲོའོ།། དེ་བས་ན་ཚུལ་ཁྲིམས་ལ་བདེ་བར་གནས་པས་དད་པ་མི་ཉམས་མི་ལྡོག་སྟེ། ཕྱིར་མི་ལྡོག་པའི་ཆོས་ལྷུན་གྱིས་གྲུབ་པས་མི་གཡོ་བའི་དད་པ་ལ་གནས་ཏེ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་རྗེས་སུ་དད་པ་ཡོངས་སུ་སྨིན་པར་བྱེད་ཅིང་ངན་པར་ལྟ་བ་ཐམས་ཅད་ཡོངས་སུ་གཅོད་དོ།། ཆོས་མི་སྤོང་ཞིང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་གཞན་མི་ཚོལ་ཏེ། རྟག་ཏུ་ཆོས་ཐམས་ཅད་ཀྱི་ཡང་དག་པའི་རྗེས་སུ་འཇུག་གོ། དགེ་འདུན་གྱི་སྤྱོད་པའི་ཡང་དག་པའི་ལམ་ལ་འཇུག་གོ། ། ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ཤིང་། བཟོད་པ་རྒྱུན་གྱིས་གྲུབ་པས་དེ་ལྟར་མི་གཡོ་བ་མི་འགྱུར་བའི་དད་པ་དང་། དད་པ་ཁྱད་པར་ཅན་དུ་གྱུར་པས་དད་པའི་དབང་པོ་དང་ལྡན་པ་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བརྩོན་འགྲུས་ཀྱི་དབང་པོ་ལ་ཡང་དག་པར་རྟོག་པ་དང་བརྩོན་འགྲུས་ཀྱི་དབང་པོ་ལྷུན་གྱིས་གྲུབ་པ་དང་། བརྩོན་འགྲུས་ཀྱི་དབང་པོ་ལ་ཤིན་ཏུ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བརྩོན་འགྲུས་སྤྱོད་པ་ནི་མི་གཏོང་། རྒྱུན་མི་གཅོད་པར་སྒྲིབ་པ་ལྔ་བསལ་བའི་ཕྱིར་བརྩོན་འགྲུས་སྤྱོད་དོ།། འདི་ལྟར་ཟབ་མོའི་ཆོས་ཉན་པའི་ཕྱིར་བརྩོན་འགྲུས་སྤྱོད་དོ།། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཚོལ་བ་ལ་རྒྱུན་མི་ཆད་པས་བརྩོན་འགྲུས་ལས་ཕྱིར་མི་ལྡོག་གོ། ། སྒྲིབ་པའི་ཆོས་ཡོངས་སུ་གཅོད་པའི་ཕྱིར་བརྩོན་འགྲུས་རྩོམ་པ་ལ་ཞུམ་པ་མེད་དོ།། གཞན་ཡང་སྡིག་པ་མི་དགེ་པའི་ཆོས་རྣམ་པ་སྣ་ཚོགས་དང་། འཇིགས་པའི་ཆོས་ཡོངས་སུ་སྤང་བའི་ཕྱིར་བརྩོན་འགྲུས་སྤྱོད་དོ།། གཞན་ཡང་དག་པའི་ཆོས་རྣམ་པ་སྣ་ཚོགས་ཐལ་ཞིང་བསྐྱེད་པའི་ཕྱིར་བརྩོན་འགྲུས་སྤྱོད་དོ།། དེ་ལྟར་བྱང་ཆུབ་སེམས་དཔའ་གདོན་མི་ཟ་བར་བརྩོན་འགྲུས་ལྷུན་གྱིས་གྲུབ་ཀྱང་བརྩོན་འགྲུས་ལ་མི་ཆགས་ཏེ། མཉམ་པའི་བརྩོན་འགྲུས་ལ་འཇུག་གོ།། དེ་ལྟར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་ལྷུན་གྱིས་གྲུབ་པས་གང་དག་དེ་ཡང་དག་པའི་སྦྱོར་བས་ཆོས་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་ནས། བརྩོན་འགྲུས་ཤིན་ཏུ་བརྩམས་པས་གཞན་གྱི་དྲིང་ལ་མི་འཇོག་སྟེ། བརྩོན་འགྲུས་བརྩམས་པ་ལས་ཤེས་རབ་ཀྱི་སྣང་བ་ཐོབ་ཅིང་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་ལྷུན་གྱིས་གྲུབ་བོ། ། དེ་ལྟར་བརྩོན་འགྲུས་ལས་ཕྱིར་མི་ལྡོག་པ་དང་། བརྩོན་འགྲུས་ཁྱད་པར་ཅན་དུ་གྱུར་པས་བརྩོན་འགྲུས་ཀྱི་དབང་པོ་དང་ལྡན་པ་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པའི་དབང་པོ་ཐོ་བ་ཅིང་། དྲན་པའི་དབང་པོ་ལ་ཤིན་ཏུ་རྣལ་འབྱོར་ཅན་དུ་གྱུར་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་རྩེ་གཅིག་ཏུ་སྡུད་ཅིང་སྦྱིན་པ་བྱིན་ལ། འཇམ་པ་དང་ཚངས་པར་སྤྱོད་པ་དང་ལྡན་པར་མཐར་ཕྱིན་པར་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བསྲུང་བ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་ཕུང་པོ་ཤིན་ཏུ་བསྲུང་ངོ་། ། རྟག་ཏུ་ལུས་དང་། ངག་དང་། ཡིད་ཀྱི་ལས་ལ་སེམས་ཤིང་དྲན་པར་བྱེད། རྟག་ཏུ་མཐར་ཕྱིན་པའི་དངོས་པོ་སེམས་ཤིང་དྲན་པར་བྱེད། ཆོས་ཐམས་ཅད་སྐྱེ་བ་དང་། འགོག་པ་དང་། གནས་པ་དང་། འཕོ་བའི་མཚན་ཉིད་ཀྱི་ཐབས་ལ་སེམས་ཤིང་དྲན་པར་བྱེད། སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་མཐོང་བ་དང་། ཤེས་པར་བྱ་བ་ལ་སེམས་ཤིང་དྲན་པར་བྱེད། དབང་པོ་རྣམས་དང་། སྟོབས་དང་། བྱང་ཆུབ་ཀྱི་ཕྱོགས་དང་། ལམ་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་དང་། སྙོམས་པར་འཇུག་པའི་སྦྱོར་བ་ལ་སེམས་ཤིང་དྲན་པར་བྱེད། ཆོས་ཐམས་ཅད་མི་སྐྱེ་བ་དང་། མི་འགག་པ་དང་། མངོན་པར་འདུས་མ་བྱས་པ་དང་། མ་བྱུང་བ་དང་། བརྗོད་དུ་མེད་པའི་མཚན་ཉིད་དུ་སེམས་ཤིང་དྲན་པར་བྱེད། རྟག་ཏུ་མ་སྐྱེས་པའི་ཤེས་རབ་ཐོབ་པར་བྱ་བ་ལ་སེམས་ཤིང་དྲན་པར་བྱེད། བཟོད་པའི་ཡེ་ཤེས་དང་། སྤོང་བའི་ཡེ་ཤེས་དང་། འགོག་པའི་ཡེ་ཤེས་ཕུན་སུམ་ཚོགས་པར་འདོད་པ་ལ་སེམས་ཤིང་དྲན་པར་བྱེད། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པར་འདོད་པ་ལ་དྲན་པར་བྱེད། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ལ་གླགས་མི་སྙེད་པར་སེམས་ཤིང་དྲན་པར་བྱེད། རྟག་ཏུ་ཐོགས་པ་མེད་པའི་ཡེ་ཤེས་དྲན་པར་བྱ་བ་ལ་སེམས་ཤིང་དྲན་པར་བྱེད་དེ། ཡང་དག་པར་སེམས་པ་ན་ལུས་ཀྱིས་ཆོས་དེ་དག་རིག་པས་དྲན་པ་དེ་ལས་མི་ལྡོག་མི་ཉམས་སོ།། དེ་ལྟར་རྟོག་པས་གཞན་གྱི་དྲིང་ལ་མི་འཇོག་ན། གང་ཟག་དེ་ལྟ་བུའི་སྙིང་པོ་ཡོད་པའི་དྲན་པ་ཁྱད་པར་ཅན་དུ་གྱུར་པས། དྲན་པའི་དབང་པོ་དང་ལྡན་པ་ཞེས་བྱའོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་གྱི་དབང་པོ་ཐོབ་ཅིང་ཏིང་ངེ་འཛིན་གྱི་སྦྱོར་བ་ཐོབ་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ས་ལ་གནས་པ་ན་རྟག་ཏུ་ཏིང་ངེ་འཛིན་སྤྱོད་ཀྱང་ཏིང་ངེ་འཛིན་ལ་མི་གནས། ཏིང་ངེ་འཛིན་ལ་མི་ཆགས་ཏེ། ཏིང་ངེ་འཛིན་གྱི་མཚན་ཉིད་ལ་ཤིན་ཏུ་འཇུག་པ་དང་། ཏིང་ངེ་འཛིན་གྱི་སྦྱོར་བ་ཤིན་ཏུ་ཐོབ་པ་དང་། ཏིང་ངེ་འཛིན་ཤིན་ཏུ་བསྐྱེད་པ་དང་། མི་དམིགས་པའི་ཏིང་ངེ་འཛིན་སྤྱོད་པས། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་ལ་ཤིན་ཏུ་མཁས་པ་དང་། ཏིང་ངེ་འཛིན་དུ་འཇུག་པ་ལ་མཁས་པ་དང་། ཏིང་ངེ་འཛིན་གནས་པ་ལ་མཁས་པ་དང་། ཏིང་ངེ་འཛིན་ལས་ལྡང་བ་ལ་མཁས་པ་དང་། ཏིང་ངེ་འཛིན་ལ་མི་རྟེན་པ་དང་། དམིགས་པའི་མཚན་ཉིད་ལ་ཤིན་ཏུ་མཁས་པ་དང་། དེ་བཞིན་ཉིད་ཀྱི་མཚན་ཉིད་དམིགས་པ་ལའང་མཁས་པའོ། ། ཏིང་ངེ་འཛིན་ཐམས་ཅད་ཀྱི་རོ་ལའང་མཁས་ཏེ། ཏིང་ངེ་འཛིན་ལ་དབང་དུ་གྱུར་པས་གཞན་གྱི་དྲིང་མི་འཇོག་ཅིང་། ཏིང་ངེ་འཛིན་གྱི་དབང་དུ་མི་འགྱུར་ཏེ། ཏིང་ངེ་འཛིན་ལས་དབང་དང་མཐུ་ཡང་ཐོབ་བོ།། ཏིང་ངེ་འཛིན་ལས་དཀའ་བའམ་ཆུང་བ་མེད་པར་འདོད་པ་བཞིན་དུ་གང་ཟག་དེས་དེ་ལྟར་ཏིང་ངེ་འཛིན་ཁྱད་པར་ཅན་དུ་གྱུར་པས་ན། ཏིང་ངེ་འཛིན་གྱི་དབང་པོ་ཐོབ་པ་དང་། ཏིང་ངེ་འཛིན་གྱི་དབང་པོ་སྦྱོར་བ་ཐོབ་པ་ཞེས་བྱའོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་དབང་པོ་དང་ལྡན་པ་དང་། ཤེས་རབ་ཀྱི་དབང་པོ་སྦྱོར་བ་ཐོབ་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་དབང་པོ་ཁོང་དུ་ཆུད་ཅིང་རྟོགས་པ་ནི་འདི་ལྟ་སྟེ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་རྣམས་འགོག་པར་འགྱུར་རོ། ། གང་ཟག་དེས་དེ་ལྟར་ཤེས་རབ་ཀྱི་གནས་དང་། ཤེས་རབ་ཀྱི་ལས་ཁོང་དུ་ཆུད་ཅིང་རྟོགས་པས།། རྟོག་པ་ལས་དབེན་ཏེ་རྟོག་པ་བཏང་སྙོམས་སུ་གྱུར་པས་མྱ་ངན་ལས་འདའ་བ་ལ་རྗེས་སུ་གཞོལ་བའི་ཤེས་རབ་ཡོངས་སུ་རྫོགས་པར་འགྱུར་རོ།། ཤེས་རབ་ཀྱི་དབང་པོ་ལྷུན་གྱིས་གྲུབ་པས་ཁམས་གསུམ་འདི་དག་ནི་ཀུན་གཅིག་ཏུ་འབར་བར་ཤེས་སོ། ། ཁམས་གསུམ་འདི་དག་ནི་ཐམས་ཅད་ཀྱང་སྡུག་བསྔལ་བ་སྟེ། ཤེས་རབ་དེ་ལྟ་བུས་ན་ཁམས་གསུམ་ན་མི་གནས་སོ།། གང་ཟག་དེས་དེ་ལྟར་ཁམས་གསུམ་འདི་དག་ནི་ཐམས་ཅད་ཀྱང་སྟོང་པ་ཉིད་དེ་མཚན་མ་མེད་པ། སྨོན་པ་མེད་པ། མ་སྐྱེས་པ། མངོན་པར་འདུས་མ་བྱས་པ། མ་བྱུང་བ། འདུས་བྱས་ནི། ཀྱི་ལམ་ཝ་འདས་པ། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པར་རྟོགས་པས་མགོའི་ཐོད་ལ་ས་མེ་འབར་བ་བཞིན་དུ་བརྩོན་འགྲུས་ཤིན་ཏུ་རྩོམ་མོ།། བྱང་ཆུབ་སེམས་དཔའ་དེའི་ཤེས་རཔ་ནི་གཞིག་ནུས་པ་མེད་དེ། ཤེས་རབ་ད་ལྟ་བུ་ཁོང་དུ་ཆུད་པས་ཁམས་གསུམ་ལས་ཤིན་ཏུ་འདས་ཏེ། ཁམས་གསུམ་གྱི་དངོས་པོ་ལ་མི་གནས་སོ།། འདུས་བྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བཅད་དེ། རྣམ་པར་ཆགས་པ་དང་། བཅིང་བའི་ཆོས་ལ་མི་གནས་སོ།། འདོད་པ་རྣམ་ལྔ་ལ་སེམས་ཀྱིས་སྐྱོ་ཞིང་གཟུགས་ཡོད་པ་དང་། གཟུགས་མེད་པའི་ཁམས་ལ་མི་གནས་པས། ཤེས་རབ་ཁྱད་པར་ཅན་དང་ལྡན་ཞིང་རྒྱ་མཚོ་ཆེན་པོ་ལྟར་ཡོན་ཏན་ཚད་མེད་པ་དང་ལྡན་ནོ།། ཤེས་རབ་དེས་ནི་ཆོས་ཐམས་ཅད་ཀྱི་སྦྱོར་བ་ལ་ཐོགས་པ་མེད་པར་འགྱུར་རོ། ། གང་ཟག་དེས་དེ་ལྟར་ཤེས་རབ་ཀྱིས་ཁམས་གསུམ་ཁོང་དུ་ཆུད་ཅིང་རྟོགས་པས་ཁམས་གསུམ་ལས་མི་ཆགས་ཏེ། ཤེས་རབ་ཁྱད་པར་ཅན་དུ་གྱུར་པས།། ཤེས་རབ་ཀྱི་དབང་པོ་དང་། ཤེས་རབ་ཀྱི་སྦྱོར་བ་ཐོབ་པ་ཞེས་བྱའོ།། འཇིག་རྟེན་འཛིན་ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། མཆོག་ཏུ་གྱུར་པའི་ཕྱིར་དབང་པོ་ཞེས་བྱ། མི་གཡོ་བའི་ཕྱིར་དབང་པོ་ཞེས་བྱ། མི་ཤིགས་པའི་ཕྱིར་དབང་པོ་ཞེས་བྱ། ཕྱིར་མི་ལྡོག་པའི་ཕྱིར་དབང་པོ་ཞེས་བྱ། གཞན་གྱི་དྲིང་ལ་མི་འཇོག་པའི་ཕྱིར་དབང་པོ་ཞེས་བྱ། ཕྱིར་མི་ལྡོག་པའི་ཕྱི་རི་དབང་པོ་ཞེས་བྱ། མི་འཕྲོགས་པའི་ཕྱིར་དབང་པོ་ཞེས་བྱ། ཡང་དག་པའི་ཆོས་ལ་གཞོལ་བའི་ཕྱིར་དབང་པོ་ཞེས་བྱ། མི་ཆགས་པའི་ཕྱིར་དབང་པོ་ཞེས་བྱ། མ་བྲལ་བའི་ཕྱིར་དབང་པོ་ཞེས་བྱའོ། ། གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དབང་པོ་ལ་ཤིན་ཏུ་མཁས་པས། དབང་པོ་རྣམས་ཀྱི་ཁྱད་པར་སློབ་པ་ལའང་མཁས་པར་བྱེད་དོ། ། བྱང་ཆུབ་སེམས་དཔའ་འདོད་ཆག་ས་དང་ལྡན་པའི་སེམས་ཅན་གྱི་དབང་པོ་རྣམས་ཀྱང་ཤེས། སེམས་ཅན་འདོད་ཆགས་དང་བྲལ་བའི་དབང་པོའང་ཤེས། སེམས་ཅན་ཞེ་སྡང་དང་ལྡན་པའི་དབང་པོའང་ཤེས། སེམས་ཅན་ཞེ་སྡང་དང་བྲལ་བའི་དབང་པོའང་ཤེས། སེམས་ཅན་གཏི་མུག་དང་ལྡན་པའི་དབང་པོའང་ཤེས། སེམས་ཅན་གཏི་མུག་དང་བྲལ་བའི་དབང་པོའང་ཤེས། སེམས་ཅན་ངན་སོང་དུ་ལྷུང་བར་འགྱུར་བའི་དབང་པོའང་ཤེས། སེམས་ཅན་ལྷར་སྐྱེ་བའི་དང་། མི་སྐྱེ་བའི་དབང་པོའང་ཤེས། སེམས་ཅན་ངེས་པའི་དབང་པོའང་ཤེས། སེམས་ཅན་གྱི་དབང་པོ་རབ་དང་། སེམས་ཅན་གྱི་དབང་པོ་འབྲིང་དང་། སེམས་ཅན་གྱི་དབང་པོ་ཐ་མའང་ཤེས། སེམས་ཅན་གྱི་དབང་པོ་ཉམས་པ་དང་། སེམས་ཅན་གྱི་དབང་པོ་ཉམས་པའང་ཤེས། སེམས་ཅན་བརྩོན་པ་དང་། མི་བརྩོན་པའི་དབང་པོའང་ཤེས། སེམས་ཅན་ཐབས་ལ་མཁས་པ་དང་། ཐབས་ལ་མི་མཁས་པའང་ཤས། སེམས་ཅན་ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་དང་། ཞེ་སྡང་དང་བས་པ་དང་། ཞེ་སྡང་མེད་པ་དང་། རྗེས་སུ་གཞོལ་བ་དང་། རྗེས་སུ་མི་གཞོལ་བ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པའི་དབང་པོའང་ཤེས། སེམས་ཅན་གྱི་འདོད་པའི་ཁམས་ཀྱི་འདུ་བྱེད་དང་། གཟུགས་ཡོད་པའི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་འདུ་བྱེད་ཀྱི་དབང་པོའང་ཤེས། སེམས་ཅན་གྱི་དགེ་བའི་དྲ་བཞུག་པ་དང་། དགེ་བའི་རྩ་བ་སྲ་བ་དང་། ངེས་པ་དང་། མ་ངེས་པ་དང་། ལོག་པར་ངེས་པའི་དབང་པོའང་ཤེས། སེམས་ཅན་སེར་སྣ་དང་བཅས་པ་དང་། སེར་སྣ་མེད་པ་དང་། རྒོད་པ་དང་། མི་རྒོད་པ་དང་། བསླུ་བའི་ཆོས་ཅན་དང་། མི་བསླུ་བའི་ཆོས་ཅན་དང་། འཕྱར་བ་དང་། མི་འཕྱར་བ་དང་། ཁྲོ་ཞིང་མི་བཟོད་པ་དང་། དེས་ཤིང་བཟོད་པ་དང་། ཤིན་ཏུ་སེར་སྣ་དང་བཅས་པ་དང་། སྦྱིན་པ་དང་ལྡན་པའི་དབང་པོའང་ཤེས། སེམས་ཅན་གྱི་དང་པའི་དབང་པོ་དང་། མ་དད་པའི་དབང་པོ་དང་། བསྟི་སྟང་དང་བཅས་པ་དང་། བསྟི་སྟང་མེད་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་རྣམ་པར་མ་དག་པ་དང་བཟོད་པ་དང་ལྡན་པ་དང་། ལེ་ལོ་དང་བཅས་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སེམས་གཡེང་བ་དང་། སེམས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། འཆལ་པའི་ཤེས་རབ་དང་ཤེས་རབ་དང་ལྡན་པ་དང་། གླེན་པ་དང་། གླེན་པ་མེད་པ་དང་། ང་རྒྱལ་དང་བཅས་པ་དང་། ང་རྒྱལ་མེད་པ་དང་། ཡང་དག་པའི་ལམ་སྤྱོད་པ་དང་། ལམ་ངན་པ་སྤྱོད་པ་དང་། དྲན་པ་ཉམ་པ་དང་། དྲན་པ་དང་ལྡན་པ་དང་བློ་དང་ལྡན་པ་དང་། དབང་པོ་འཁྲུགས་པ་དང་། དབང་པོ་སྡུད་པ་དང་། དབང་པོ་ཉམས་པ་དང་། དབང་པོ་མ་ཉམས་པ་དང་། དབང་པོ་མ་དག་པ་དང་། དབང་པོ་དག་པ་དང་། ཐེག་པ་ཆུང་ངུའི་དབང་པོ་དང་། རང་སངས་རྒྱས་ཀྱི་དབང་པོ་དང་། སངས་རྒྱས་ཀྱི་དབང་པོ་དང་། བྱང་ཆུབ་སེམས་དཔའི་དབང་པོ་དང་། བླ་ན་མེད་པའི་དབང་པོའང་ཤེས་སོ།། བྱང་ཆུབ་སེམས་དཔའ་དེས་དེ་ལྟར་དབང་པོའི་ཁྱད་པར་དང་། སྦྱོར་བ་ལས་ཤིན་ཏུ་འདས་པ། སེམས་ཅན་དེ་དག་གི་དབང་པོའི་ཁྱད་པར་རྣམ་པར་འབྱེད་པ་མཁས་པ་ཞེ་ན། ཤེས་རབ་ཀྱིས་གཞན་གྱི་དྲིང་ལ་མི་འཇོག་པའི་ཕྱིར་དབང་པོའི་སྦྱོར་བ་ཐོབ་པ་ཞེས་བྱའོ། ། གཞན་གྱིས་མི་འཕྲོགས་པ་ཞེས་བྱ། མི་ཤིགས་པ་ཞེས་བྱ། ཕྱིར་མི་ལྡོག་པ་ཞེས་བྱ། སྦྱོར་བའི་སྟོབས་ཐོབ་པ་ཞེས་བྱ། དབང་པོ་ལ་འཇུག་པ་ཞེས་བྱ། ལྔ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་། མི་མ་ཡིན་པ་ལ་སོགས་པའི་དབང་པོ་ཐོབ་པ་ཞེས་བྱ།། དབང་པོ་ཐོབ་མཆོག་ཐོབ་པ་ཞེས་བྱ། མི་འཇིག་མི་གཡོ་བ་ཐོབ་པ་ཞེས་བྱ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ། ཚད་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་དབང་མྱུར་དུ་ཐོབ་པར་འགྱུར་རོ།། དབང་པོ་ལྔ་ཞེས་བྱ་བའི་ལེའུ་སྟེ་བདུན་ནོ།། །། འཇིག་རྟེན་འཛིན་ཅེས་བྱ་བའི་མདོ་བམ་པོ་བཞི་པ་སྟེ་ཐ་མའོ། ། འཇིག་རྟེན་འཛིན་གཞན་ཡང་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་ལ་མཁས་ཤེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་ལ་བདེ་བར་གནས་བདག་གི་ལམ་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། འཕགས་པའི་ལམ་བརྒྱད་དེ། དེ་དག་ཀྱང་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འབགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ལ་སྤྱོད་པ་ནི་གང་། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་ལ་སྦྱོར་བ་ཐོབ་པ་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ལྟ་བར་གྱུར་པས། ཡང་དག་པར་ལྟོབ་ལ་བདེ་བར་གནས་པ་སྟེ། ལྟ་བ་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ལམ་ལ་ནན་ཏན་དུ་བྱེད་དོ།། ལྟ་བ་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་ལམ་ལ་བདེ་བར་གནས་ཤིང་། མྱ་ངན་ལས་འདས་པར་ལྟ་བ་དང་། སངས་རྒྱས་སུ་ལྟ་བའི་བར་དུའང་ཡོངས་སུ་གཅོད་དོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་ཇི་ཙམ་དུ་ལྟ་བར་གྱུར་པ་ཐམས་ཅད་ནི། མྱ་ངན་ལས་འདའ་བར་ལྟ་བ་དང་སངས་རྒྱས་སུ་ལྟ་བའི་བར་དུའང་ཐམས་ཅད་ཀྱང་ངན་པར་ལྟ་བ་དེ། ལྟ་བ་ལ་ཆགས་པ་ཐམས་ཅད་ཡོངས་སུ་འཇིག་ཅིང་གཞོམ་པའི་ཕྱིར། ཡང་དག་པར་ལྟ་བ་ཞེས་བྱའོ།། གཞན་ཡང་ལྟ་བ་མེད་ཅིང་ལྟ་བར་མི་ལེན་པ་དང་། མི་སེམས་པ་དང་། མི་ཆགས་པ་མི་དམིགས་པ་དང་། མི་སྤྱོད་པ་དང་། ལྟ་བ་ཐམས་ཅད་དུ་རྣམ་པར་མི་རྟོག་པ་ནི། ཡང་དག་པར་ལྟ་བ་ཞེས་བྱའོ།། ཡང་དག་པར་ལྟ་བ་དེས་ཅི་མཐོང་ཞེ་ན། འཇིག་རྟེན་འདི་དག་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་ལྟ་བས་ཡོངས་སུ་བཅིངས་པར་མཐོང་ངོ་།། ད་ལྟར་མཐོང་བའི་ཚེ་ན། ལྟ་བ་ཐམས་ཅད་ཡོངས་སུ་བཅད་པ་ལ་བདེ་བར་གནས་པ་ཞེས་བྱའོ།། ཡང་དག་པར་ལྟ་བ་དེ་ཉིད་ལའང་མི་སེམས། མི་ལྟ། མི་ཆགས། རྣམ་པར་མི་རྟོག་སྟེ། མྱ་ངན་ལས་འདས་པར་ལྟ་བ་དང་། སངས་རྒྱས་སུ་ལྟ་བའི་བར་དུ་མེད་པ་ནི་ལྟ་བ་ཐམས་ཅད་མི་བསྐྱེད་པ་ལ་ནན་ཏན་བྱེད་པའི་ཕྱིར་རོ།། དེ་ལ་ཇི་ལྟར་ན་ཡང་དག་པར་ལྟ་བས་ཆོས་ཐམས་ཅད་རབ་ཏུ་ཞི་བ་དང་། རང་བཞིན་གྱིས་སྐྱེ་མི་འགོག་ཅིང་མྱ་ངན་ལས་འདས་པ་དང་མཐུན་པ་ཞེ་ན། འདི་ལྟར་མི་རྟོག་པ་དང་། རྣམ་པར་མི་རྟོག་པའི་ཆོས་ཐམས་ཅད་ལ་མི་རྟོག། རྣམ་པར་མི་རྟོག། མངོན་སུམ་དུ་བྱེད་པའང་མ་ཡིན། མི་མཐོ། མི་དམའ། མི་ལེན། མི་གཏོང་བ་སྟེ། དེ་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་ཞེ་ན། གང་འཇིག་རྟེན་དུའང་མི་དམིགས། འཇིག་རྟེན་ལས་འདས་པར་མི་དམིགས། འཇིག་རྟེན་ལས་རྒལ་བར་ཡང་མི་དམིགས་ཏེ། རྣམ་པར་མི་རྟོག་པས་ན། འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་ཞེས་བྱའོ། ། གཞན་ཡང་ཡང་དག་པར་ལྟ་བ་ནི་འཇིག་རྟེན་ལ་ཇི་ལྟར་ཤེས་པ་དང་མཐོང་བ་ལྟར་འཇིག་རྟེན་ལས་འདས་པའང་དེ་བཞིན་ཏེ། གང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པར་རྣམ་པར་མི་རྟོག་ཅིང་། རྣམ་པར་རྟོག་པའི་འདུ་ཤེས་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར། འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་ཞེས་བྱའོ།། གང་ཞིག་ངན་པར་མི་ལྟ། ཡང་དག་པར་མི་ལྟ་ཞིང་། སེམས་ཀྱིས་རྟོག་པ་ཐམས་ཅད་ཡོངས་སུ་བཅད་པ་ན་ཡང་དག་པར་ལྟ་བ་ཞེས་བྱའོ།། གཞན་ཡང་ཡང་དག་པར་ལྟ་བ་ནི། ཆོས་ཐམས་ཅད་ལ་ཁྱད་བཔར་མེད་པ་ནི་ཡང་དག་པར་ལྟ་བ་ཞེས་བྱའོ། ། གཞན་ཡང་ཡང་དག་པར་ལྟ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངན་པར་ལྟ་བའི་དོན་ཤེས་པའོ།། གཞན་ཡང་ཡང་དག་པར་ལྟ་བ་ནི། ངན་པར་ལྟ་བ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་སྟེ། དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་ལྟ་བ་ལ་བདེ་བར་གནས་པ་ཞེས་བྱའོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པར་ལྟ་བ་ལ་བདེ་བར་གནས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་རྟོག་པ་ཤེས་ཏེ། དེ་འདི་སྙམ་དུ་ཇི་ཙམ་དུ་རྟོག་པར་གྱུར་པ་ཐམས་ཅད་ལོག་པ་ཡིན་པས་མྱ་ངན་ལས་འདའ་བར་རྟོག་པ་འམ། སངས་རྒྱས་སུ་རྟོག་པའི་བར་དུ་ཐམས་ཅད་ངན་པར་རྟོག་པའོ་སྙམ་དུ་སེམས་སོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་ཡོངས་སུ་བཅད་པ་ནི། ཡང་དག་པའི་རྟོག་པ་ཞེས་བྱའོ།། རྣམ་པར་མི་རྟོག་པ་ནི་ཡང་དག་པར་རྟོག་པའོ།། རྣམ་པར་རྟོག་པ་བཅད་པ་ནི་རྣམ་པར་མི་རྟོག་པའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་རྟོག་པ་ཐམས་ཅད་ཀྱི་མཚན་ཉིད་མཐོང་ཞིང་ཤེས་པས་ན་ངན་པར་རྟོག་པ་མེད་དེ། གང་ཟག་དེ་ནི་འདི་འམ། གཞན་ཞེས་རྣམ་པར་མི་རྟོག་པར་འགྱུར་རོ།། དེ་ལྟར་ཡང་དག་པའི་རྟོག་པ་ལ་གནས་པས་ན། ཡང་དག་པར་རྟོག་པ་འམ། ངན་པར་ཡང་རྣམ་པར་མི་རྟོག་སྟེ། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བས་རྣམ་པར་རྟོག་པ་ལས་འདས་ཏེ། ཡང་དག་པའི་རྟོག་པ་ཞེས་བྱའོ།། ཡང་དག་པར་རྟོག་པ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ཐམས་ཅད་ལས་ཡང་དག་པ་མ་ཡིན་པ། མི་བདེན་པ་ཕྱིན་ཅི་ལོག་ལས་བྱུང་བར་མཐོང་ཤེས་ཏེ། རྣམ་པར་རྟོག་པ་ཐམས་ཅད་ལ་རྣམ་པར་མི་རྟོག་གོ། དེ་ལྟར་ཡང་དག་པར་རྟོག་པ་ལ་གནས་ནས་ཡང་དག་པ་འམ། དྲན་པར་རྟོག་པ་ལ་མི་དམིགས་ཏེ། རྣམ་པར་རྟོག་པ་དང་བྲལ་བ། རྣམ་པར་རྟོག་པ་ལས་འདས་པ། རྣམ་པར་རྟོག་པ་ཡོང་སུ་བཅད་པས་ན་ཡང་དག་པར་རྟོག་པ་ཞེས་བྱའོ།། དེ་ལྟར་དེའི་ཚེ་ན་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མ་བཅིངས་ཏེ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་མཉམ་པར་ཤེས་ཤིང་མཐོང་བ་ནི་ཡང་དག་པར་རྟོག་པ་ལ་གནས་པ་ཞེས་བྱའོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ངག་ལ་རྩོམ་པ་ནི་ཇི་སྙེད་ཀྱི་ཚིག་ཏུ་སྒྲུབ་ཐམས་ཅད་ཡང་དག་པ་མ་ཡིན་པ། མི་བདེན་པ། ཕྱིན་ཅི་ལོག་ལས་བྱུང་བ། ལོག་པར་རྣམ་པར་བཏགས་པ་རྒྱུ་དང་རྐྱེན་མང་པོ་ལས་བྱུང་བར་ཤེས་ནས་འདི་སྙམ་དུ་ཇི་ཙམ་དུ་ཚིག་ཏུ་སྨྲ་བ་ཉིད་ལ་དམིགས་སུ་མེད་དེ། ཚིག་ཐམས་ཅད་བགགས་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ངག་གི་ལས་ཐམས་ཅད་ཤེས་བ་ནི་ཡང་དག་པའི་ངག་ཅེས་བྱའོ། ། ཚིག་ཏུ་སྨྲ་བའི་ངག་དེ་ཉིད་ཀྱང་གང་ནས་ཀྱང་མ་འོངས་ལ། གང་དུའང་མི་འགྲོ་བར་མཐོང་ན་ཡང་ཡང་དག་པའི་ངག་ཅེས་བྱའོ།། དེ་ལྟར་དེའི་ཚེ་ཡང་དག་པའི་མཚན་ཉིད་ལ་བདེ་བར་གནས་པས། ཇི་ཙམ་དུ་ཚིག་ཏུ་སྨྲ་བ་ཐམས་ཅད་ཡང་དག་པའི་ངག་ཅེས་བྱའོ།། དེ་བས་ན་ཡང་དག་པའི་ངག་ལ་བདེ་བར་གནས་ན། དོན་དམ་པའི་རྣམ་པར་དག་པའི་ངག་གི་ལས་ལ་གནས་པ་ཞེས་བྱ་སྟེ། ངག་གི་ལས་ཀྱི་མཚན་ཉིད་ཤེས་ཤིང་མཐོང་བ་དང་། ཚིག་ཏུ་སྨྲ་བའི་ངག་ཐམས་ཅད་ཁོང་དུ་ཆུད་ཅིང་ཚིག་ཏུ་སྨྲ་བ་ཐམས་ཅད་ལས་འཁྲུལ། པ་མེད་པས། དེ་བས་ན་ཡང་དག་པའི་ངག་ལ་གནས་པ་ཞེས་བྱའོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལས་ཐམས་ཅད་ལ་ངན་པ་ལོག་པའི་ལས་སུ་ཤེས་སོ།། ། ལས་ཐམས་ཅད་ལ་ཡང་དག་པ་མ་ཡིན་པ། ཅིའང་མེད་པ། མངོན་པར་འདུས་མ་བྱས་པ་མ་བྱུང་བར་ཤེས་སོ།། དེ་ཅིའི་ཕྱིར་ཞེ་ན། ལས་ཐམས་ཅད་ལ་ངེས་པའི་མཚན་ཉིད་མེད་དེ་ལས་ཐམས་ཅད་འགོག་པའི་ཕྱིར་ཡང་དག་པའི་ལས་ཞེས་བྱའོ། ། ཡང་དག་པའི་ལས་ཞེས་བྱ་བ་ནི་ལས་ངན་པ་འམ། ལས་ཡང་དག་པར་རྣམ་པར་མི་རྟོག་གོ།། ལས་རྣམས་ཀྱི་མཉམ་པ་ཉིད་ལ་ཞུགས་པས་ལོག་པའམ། ཡང་དག་པ་རྣམ་པར་མི་རྟོག་པས་དེའི་ཕྱིར་ཡང་དག་པའི་ལས་ཞེས་བྱའོ།། ཡང་དག་པའི་ལས་ཞེས་བྱ་བ་ནི་ཁམས་གསུམ་ལ་མ་ཆགས་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བའི་དོན་ཏོ། ། ཡང་དག་པའི་དེ་ཁོ་ན་ཉིད་ལ་མཉམ་པ་ཉིད་དུ་གྱུར་བས་ཡང་དག་པ་འམ། ལོག་པར་རྣམ་པར་རྟོག་གོ།། བྱང་ཆུབ་སེམས་དཔས་དེ་ལྟར་ཡང་དག་པའི་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁས་ཐམས་ཅད་ཤེས་ཤིང་མཐོང་བའི་ཕྱིར། ཆོས་ཐམས་ཅད་ལ་མི་ལེན་མི་མཐོང་སྟེ། དེ་བས་ན་ཡང་དག་པའི་ལས་ཀྱི་མཐའ་ལ་ནན་ཏན་བྱེད་པ་ཞེས་བྱའོ། ། ཡང་དག་པའི་ལས་ལ་ལས་ངན་པ་མེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བས་ཡང་དག་པའི་ལས་ཀྱི་མཐའ་ལ་གནས་པ་ཞེས་བྱའོ།། འཇིག་རྟེན་འཛིན་བྱུང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཚོ་བ་ཐམས་ཅད་ལ་ལོག་པའི་འཚོ་བར་ཤིན་ཏུ་ཤེས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་འཚོ་བའི་མཚན་མ་དང་། ཆོས་ཀྱི་མཚན་མ་དང་། ལེན་པའི་མཚན་མ་ནས། མྱ་ངན་ལས་འདའ་བའི་མཚན་མ་དང་། སངས་རྒྱས་ཀྱི་མཚན་མའི་བར་དང་། རྣམ་པར་དག་པ་དང་། སངས་རྒྱས་སུ་མཚན་མར་འཛིན་ཏེ། དེ་ལ་འཚེ་བ་རྣམ་པར་དག་བར་འཛིན་ན་ལོག་པར་འཚོ་བ་ཞེས་བྱའོ། ། ཡང་དག་པར་འཚོ་བ་ནི་འཚེ་བའི་ཡོ་བྱད་ལ་ཆགས་པ་ཐམས་ཅད་བཏང་སྟེ། ཚོང་སྲོགས་ཀྱང་ཡོངས་སུ་བཅད་ནས། རྟོག་པ་མེད་ཅིང་སྤྲོས་པ་མེད་ལ། སྤྲོས་པ་ཐམས་ཅད་ལས་འདས་པ་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ།། ཡང་དག་པའི་འཚོ་བ་ལ་ངན་པའི་འཚོ་བ་འམ། ཡང་དག་པའི་འཚོ་བར་རྣམ་པར་མི་རྟོག་པ་ནི་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་ཐོབ་པར་འགྱུར་བས། དེ་བས་ན་རྣམ་པར་དག་པའི་ཡང་དག་པའི་འཚོ་བ་ཐོབ་པ་ཞེས་བྱའོ།། གཞན་ཡང་འཚེ་བ་ཐམས་ཅད་ནི་ཀུན་ཀྱང་མ་སྐྱེས་པས་ལོག་པའམ། ཡང་དག་པ་མེད་དེ། གང་ཟག་དེ་ནི་རྣམ་པར་དག་པའི་འཚོ་བ་ཐོབ་ཅིང་ཡང་དག་པའི་ལམ་ལ་བདེ་བར་གནས་པ་སྤྲོས་པ་མེད་པའོ།། ཡང་དག་པའི་འཚེ་བ་དེ་ལ་གནས་པས་ཡང་དག་པའི་འཚོ་བ་མི་ལེན།། ལོག་པར་འཚོ་བ་མི་སྤོང་སྟེ། དེ་བས་ན་ཡང་དག་པའི་འཚོ་བ་ལ་གནས་པ་ཞེས་བྱའོ།། གང་དེའི་ཚེ་དེ་ལྟར་གྱུར་པ་ནི་ཡང་དག་པ་ལ་གནས་པ་ཞེས་ཀྱང་མི་བྱ། ངན་པ་ལ་གནས་པ་ཞེས་ཀྱང་མི་བྱ་སྟེ། རྣམ་པར་དག་པ་མཉམ་པ་ཉིད་ཀྱི་འཚོ་བ་ཐོབ་སྟེ། འཚོ་བའི་མཚན་མ་དང་བྲལ་བས་གཡོ་བ་མེད་པ་མངོན་པར་འདུ་བྱ་བ་མེད། འཚོ་བར་མི་རྟོག། འཚོ་བ་མ་ཡིན་པར་མི་རྟོག་གོ།། དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྟེ། དེ་བས་ན་ཡང་དག་པའི་འཚོ་བ་ལ་གནས་པ་ཞེས་བྱའོ།། འཇིག་རྟེན་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་རྩོལ་བ་ལ་མཁས་པ་ནི་གང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་རྩོལ་བ་ལ་གནས་པ་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ཀྱི་ལམ་ཐམས་ཅད་གཅོད་པའི་ཕྱིར་ཡང་དག་པའི་རྩོལ་བ་ལ་གནས་པ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། རྩོལ་བ་ཐམས་ཅད་ནི་ཀུན་ཀྱང་ལོག་པ་སྟེ། ཇི་ཙམ་དུ་སྐྱེད་པ་དང་། བྱེད་པ་དང་། སྤྱོད་པ་ཐམས་ཅད་ཀྱང་ལོག་པའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྱེད་པ་ལོག་པ་ལས་བྱས་པ་ཡོད་པར་གྱུར་ཏེ། ཐམས་ཅད་ཡང་དག་པ་མ་ཡིན་ནོ།། ཡང་དག་པ་མ་ཡིན་པས་ན་ལོག་པའོ།། ཡང་དག་པའི་རྩོལ་བ་ཞེས་བྱ་བ་ནི་བསྐྱེད་པ་མེད། བྱས་པ་མེད། སྤྱོད་པ་མེད། སྨོན་པ་མེད་དེ། ཆོས་ཐམས་ཅད་ལ་བྱ་བ་ཡོངས་སུ་བཅད་པའོ། ། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་བྱེད་པ་ཡོངས་སུ་བཅད་པས་མྱ་ངན་ལས་འདས་པའི་མཚན་མ་འམ། སངས་རྒྱས་ཀྱི་མཚན་མའི་བར་དུའང་བྱེད་པའི་མཚན་མ་མི་བསྐྱེད་དོ། ། ད་ལྟར་བྱ་བ་ཐམས་ཅད་ལ་ཡང་དག་པ་མ་ཡིན་པར་ཤེས་པས་བྱ་བ་མེད་པའི་ཕྱིར་རྣལ་འབྱོར་དུ་སྤྱོད་དོ།། གང་ཡང་དག་པའི་རྩོལ་བ་ལ་ནི་མངོན་པར་འདུ་བྱ་བ་མེད་དེ། ཆོས་ཐམས་ཅད་མཉམ་པ། ཁྱད་པར་མེད་པ། མངོན་པར་འདུ་བྱ་བ་མེད་པ། མངོན་པར་འདུ་བྱེད་པའི་མཚན་མ་ལས་ཤིན་ཏུ་འདས་སོ།། བྱང་ཆུབ་སེམས་དཔས་དེ་བརྩོན་འགྲུས་ལ་བརྩོན་འགྲུས་མ་ཡིན་པར་ཤེས་སོ། ། མི་ལེན། མི་གཏོང་བས་ཡང་དག་པའི་རྩོལ་བ་ལ་གནས་པ་ཞེས་བྱའོ།། ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ལ་དམིགས་སུ་མེད་པའི་དོན་ཏོ།། ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བའི་དོན་ཏོ། ། གང་དེ་ལྟར་ཡང་དག་པའི་རྩོལ་བ་མཐོང་བ་ནི། ཡང་དག་པའི་རྩོལ་བ་འམ་ལོག་པའི་རྩོལ་བར་རྣམ་པར་མི་རྟོག་སྟེ། དེ་བས་ན་ཡང་དག་པའི་བརྩོན་འགྲུས་ཞེས་བྱའོ། ། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་དྲན་པ་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དྲན་པ་ཐམས་ཅད་དྲན་པ་ལོག་པར་ཤེས་སོ། ། ཇི་ཙམ་དུ་དྲན་པ་ཉེ་བར་གཞག་པ་ཐམས་ཅད་དྲན་པ་ལོག་པའོ།། དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཐམས་ཅད་ནི་དྲན་པ་ལོག་པ་སྟེ། གལ་ཏེ་གནས་ལ་དམིགས་ནས་དྲན་པ་བསྐྱེད་ན་དྲན་པ་ལོག་པ་སྟེ། གང་སེམས་པ་དང་དྲན་པ་མེད་པ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དྲན་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ལོག་པར་དམིགས་པའི་རྐྱེན་ལས་འབྱུང་བས་ན། དེའི་ཕྱིར་ཇི་ཙམ་དུ་དྲན་པ་སྐྱེ་བའི་གནས་དེ་ཐམས་ཅད་ལོག་པའོ།། དམིགས་པའི་གནས་མི་སྐྱེ་མི་འགོག་པ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། ། གང་དྲན་པའི་ལས་འབྱུང་བའི་གནས་མེད་པ་ནི། རྣམ་པར་དག་པའི་དྲན་པ་ལ་བདེ་བར་གནས་པ་ཞེས་བྱ་སྟེ། དེ་ལ་ནི་དྲན་པ་ལོག་པར་འབྱུང་བའི་གནས་མེད་དོ། ། དེ་ལྟར་ཆོས་ཐམས་ཅད་ལོག་པར་ཤེས་ཤིང་མཐོང་བས་ཡང་དག་པའི་ཆོས་ལ་དྲན་པ་མེད་དེ། དེའི་ཕྱིར་ན་ཡང་དག་པའི་དྲན་པ་ལ་གནས་པ་ཞེས་བྱའོ།། ཡང་དག་པའི་དྲན་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་ལོག་པའི་དྲན་པ་དང་། ཡང་དག་པའི་དྲན་པ་རྣམ་པར་མི་འབྱེད་པའོ།། དེ་ལྟར་དྲན་པ་ཐམས་ཅད་ལ་དྲན་པའི་མཚན་མ་མེད་པར་ཁོང་དུ་ཅིང་རྟོགས་པས་རྟག་ཏུ་བཏང་སྙོམས་ཀྱི་སེམས་དྲུག་སྤྱོད་དོ། ། དེའི་ཕྱིར་ན་ཡང་དག་པའི་དྲན་པ་དང་གནས་ཞེས་བྱའོ།། དེ་ལྟར་དེ་ལ་ཆགས་ཤིང་ཞེན་པ་མེད་པས་དྲན་པ་མེད་པར་ཡང་རྣམ་པར་མི་རྟོག་གོ། ། ཆོས་ཐམས་ཅད་ལ་དྲན་པ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་སོ།། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་དྲན་པ་ཐམས་ཅད་ཤེས་ཤིང་མཐོང་བས་དྲན་པའམ། དྲན་པ་མ་ཡིན་པར་མི་ལེན་མི་གཏོང་སྟེ། དེ་བས་ན་ཡང་དག་པའི་དྲན་པ་ལ་གནས་པ་ཞེས་བྱའོ།། དེ་ལྟར་དྲན་པ་དེས་མཉམ་པའམ་མི་མཉམ་པ་ཉིད་དུའང་རྣམ་པར་མི་འབྱེད་ལ། དྲན་པ་དང་དྲན་པ་མ་ཡིན་པ་ལའང་མི་འཇུག་མི་དམིགས་སོ།། དེ་ལྟར་མི་དམིགས་པས་དྲན་པ་ཐམས་ཅད་ལ་དྲན་པ་མ་ཡིན་པར་ཤེས་ཏེ། དྲན་པ་དང་དྲན་པ་མ་ཡིན་པ་ལ་མི་སེམས། མི་བྱེད་དོ།། དེ་ལྟར་དེས་ཡང་དག་པའི་དྲན་པ་ལ་གནས་པས་བསྟན་དུ་མེད། བརྗོད་དུ་མིད། ཚིག་ཏུ་སྨྲ་བའི་ལམ་ཐམས་ཅད་བཅད་པ་ཚིག་ཏུ་སྨྲ་བའི་ལམ་ཐམས་ཅད་དང་བྲལ་བའོ། ། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚིག་ཏུ་སྨྲ་བ་ཐམས་ཅད་ཤེས་པས། བདག་གམ་གཞན་དུ་རྣམ་པར་མི་འབྱེད་དེ། དེ་བས་ན་ཡང་དག་པའི་དྲན་པ་ལ་གནས་པ་ཞེས་བྱའོ།། འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་ཐམས་ཅད་ལ་ལོག་པའི་ཏིང་ངེ་འཛིན་དུ་རྟོགས་སོ། ། དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་ཆོས་ཐམས་ཅད་ལ་ཏིང་ངེ་འཛིན་དུ་དམིགས་པ་ལས་ཞུགས་པ་ལས། ཏིང་ངེ་འཛིན་ལ་མཚན་མར་ཤེས། ཏིང་ངེ་འཛིན་གྱི་དགའ་བ་ལ་འཇུག་པས། ཏིང་ངེ་འཛིན་གྱི་མཚན་མ་ཐམས་ཅད་ལྡོག་པའོ།། ལོག་པའི་ནི་ཆགས་པའི་དོན་ཡིན་གྱི། དེས་ན་ཏིང་ངེ་འཛིན་དེ་ལྟ་མ་ཡིན་ནོ།། ཇི་ལྟར་དམིགས་པ་ལ་ཞུགས་པའི་མཚན་ཉིད་ལ་ལོག་པའི་མཚན་མ་མེད་ཅིང་རེ་བ་མེད། སྤྲོས་པ་མེད། རྟོག་པ་མེད་པ་ནི་ཏིང་ངེ་འཛིན་ཅེས་བྱའོ།། གལ་ཏེ་ཆགས་ཤིང་ཞེན་པ་མེད་ན། བདག་གམ་གཞན་དུ་རྣམ་པར་མི་རྟོག་སྟེ། ཆགས་པའི་དགའ་བ་བཅད་ནས། ཏིང་ངེ་འཛིན་གྱི་རོལ་མི་ལེན་ཅིང་། ཏིང་ངེ་འཛིན་དུ་འཇུག་པའི་མཚམས་བཅད་དེ། སེམས་ཅི་ལའང་མི་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། ། གཞན་ཡང་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི། ཏིང་ངེ་འཛིན་ཐམས་ཅད་ལ་མི་གནས་ཤིང་སྤྲོས་པ་མེད་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་ངོ་བོ་ཉིད་རྟོགས་པས། ཏིང་ངེ་འཛིན་གྱི་མཚན་ཉིད་ལ་ཤིན་ཏུ་མཁས་ཤིང་སེམས་ཅི་ལའང་མི་ཆགས་པའོ།། བདག་དང་གཞན་དུ་རྟོག་པའི་ལམ་གཅོད་ཅིང་ཇི་སྐད་དུ་སྨྲ་བ་ལའང་རྣམ་པར་མི་རྟོག་ལ། རྣམ་པར་རྟོག་པ་ཐམས་ཅད་བཅད་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། ། གཞན་ཡང་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་ཏིང་ངེ་འཛིན་ལ་ལོག་པའམ། ཡང་དག་པའི་འདུ་ཤེས་མི་བསྐྱེད་ཅིང་འདུ་ཤེས་ཐམས་ཅད་བཅོམ་པ། འདུ་ཤེས་ཐམས་ཅད་བཅད་པ། འདུ་ཤེས་ཐམས་ཅད་བགགས་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ།། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ལོག་པ་འམ། ཡང་དག་པ་མི་བསྐྱེད་ལ། ལོག་པའམ་ཡང་དག་པ་རྣམ་པ་མི་འབྱེད་པ་ནི། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམ་ས་དཔས་ཏིང་ངེ་འཛིན་དུ་སྦྱོར་བ་ཐམས་ཅད་ཁོང་དུ་ཆུད་ཅིང་ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པས། ཏིང་ངེ་འཛིན་ནམ། ཏིང་ངེ་འཛིན་གྱི་མཚན་མས་འཆིང་བར་མི་འགྱུར་ཏེ། ཏིང་ངེ་འཛིན་གྱི་མཚན་མ་ལས་ཤིན་ཏུ་འདས་པས། ཡང་དག་པའི་ཏིང་ངེ་འཛིན་ལ་གནས་པ་ཞེས་བྱའོ།། གཞན་ཡང་ཆོས་ཐམས་ཅད་ལ་སྤྲོས་པ་མེད་ཅིང་མཉམ་པའི་ཆོས་ལ་ལོག་པའམ། ཡང་དག་པར་སྤྲོས་པ་མེད་པའོ།། ཡང་དག་པའི་ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་མཉམ་པའི་དོན་ཏོ། ། ཡང་དག་པའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་ཐམས་ཅད་དང་། ཁམས་གསུམ་གྱི་འདུས་བྱས་ཀྱི་ཆོས་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལམ་རྒྱུད་ལྔར་འཁོར་བ་ཐམས་ཅད་ཤེས་ཤིང་མཐོང་བའི་དོན་ཏོ། ། འཇིག་རྟེན་འཛིན་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཕགས་པའི་ལམ་ལ་མཁས་པ་དང་། ལམ་གྱི་སྦྱོར་བ་ལ་མཁས་པ་སྟེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བས། མྱ་ངན་ལས་འདས་པའི་བར་དུ་ཕྱིན་པར་འགྱུར་རོ།། འཕགས་པའི་ལ་ཡན་ལག་བརྒྱད་ཅེས་བྱ་བའི་ལེའུ་སྟེ་བརྒྱད་དོ། ། །། འཇིག་རྟེན་འཛིན་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ལ་མཁས་པ་ནི་གང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་སྦྱོར་བ་ཐོབ་པ་ནི་གང་ཞེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་དང་།། འཇིག་རྟེན་ལས་འདས་པའི་ཆོས་ཡང་དག་པ་ཉིད་དུ་རྟོགས་སོ།། དེ་ལ་འཇིག་རྟེན་གྱི་ཆོས་གང་ཞེ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ཇི་ཙམ་དུ་ཆོས་ལ་རྟོག་པ་དང་། རྣམ་པར་རྟོག་པ་ནི་ཕྱིན་ཅི་ལོག་ལས་སྐྱེས་ཏེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པས། ཡང་དག་པ་མ་ཡིན་པ་ལ་རག་ལུས་སོ།། མཚན་མ་གཉིད་ལས་བྱུང་བས་སྟོང་པ་ཅིའང་མེད་པ་ནི་ཉ་ཕྱིས་ལ་སྣང་བའི་ཁ་དོག་སྣ་ཚོགས་དང་། མེ་མགལ་བསྐོར་བ་ལྟ་བུ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་དག་བསླུ་བའོ།། འཇིག་ཅིང་ཉམས་པའི་ཆོས་ཅན་ལས་བླ་དགས་སུ་འཇིག་རྟེན་ཅེས་བཏགས་པ་སྟེ་དེ་ལ་འཇིག་རྟེན་ཅེས་བྱའོ། ། འཇིག་རྟེན་གྱི་ཆོས་འདི་དག་ནི་ཐམས་ཅད་བདེན་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་རྐྱེན་ལས་སྐྱེས་པས་བྱས་པ་དང་བྱུང་བའི་མཚན་ཉིད་མེད་དེ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུགས་དང་། སྤ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ལས་བཏགས་ཏེ། མིང་དང་གཟུག་ཀྱི་ཕྱིར་བཤད་དོ། ། བྱིས་པ་སོ་སོའི་སྐྱེ་བོ་སེམས་རྨུགས་ཤིང་ཞེན་པས་རྣམ་པ་སྣ་ཚོགས་ཀྱི་རྗེས་སུ་ཆགས་ཤིང་ཞེན་པ་ནི་ཁ་ཆེ་དར་འཛིངས་པའམ། རྩཝ་འཁྲི་ཤིང་གླགས་པ་ལ་གཅིག་ལ་གཅིག་འབྲེལ་བ་ལྟ་བུ་སྟེ། ཕྱིན་ཅི་ལོག་དང་ལྡན་པའི་རྗེས་སུ་འཇིག་རྟེན་གྱི་ཆོས་ཞེས་བརྗོད་དོ།། དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་གང་ཞེ་ན། ཇི་ལྟར་འཇིག་རྟེན་གྱི་ཆོས་ཐོག་མ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབེན་པ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་ནི་འཇིག་རྟེན་གྱི་ཆོས་ཀྱང་དམིགས་སུ་མེད། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་དམིགས་སུ་མེད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་ཀྱང་དམིགས་སུ་མེད་དོ།། དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའང་རྣམ་པར་བརྟག་ཏུ་མེད་དེ།། འཇིག་རྟེན་གྱི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བརྗོད་ཀྱི། འཇིག་རྟེན་གྱི་ཡང་དག་པའི་མཚན་ཉིད་ནི་འཇིག་རྟེན་ལྔས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཞེས་བྱ་བ་ལ་ངེས་པའི་མཚན་ཉིད་དུ་དམིགས་སུ་མེད་དོ། ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ནི་ཐོག་མ་ནས་སྟོང་པ་ཉིད་དེ། འཇིག་རྟེན་གྱི་ཆོས་ལ་ངེས་པའི་མཚན་ཉིད་མེད་པའི་ཕྱིར་རོ།། འཇིག་རྟེན་ནི་ཐོག་མ་ནས་རབ་ཏུ་ཞི་བའི་མཚན་ཉིད་དོ། ། བྱང་ཆུབ་སེམས་དཔས་དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་དམིགས་སུ་མེད་པར་རྟོགས་པས། འཇིག་རྟེན་གྱི་ཆོས་ལའང་མི་ཆགས། འཇིག་རྟེན་ལས་འདས་པ་ལའང་མི་ཆགས་སོ།། དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་མི་རྟོན་ཅིང་མི་ཆགས་པས་འཇིག་རྟེན་དང་རྩོད་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་ནི་འཇིག་རྟེན་ལ་ཡང་དག་པ་མ་ཡིན་པའི་མཚན་ཉིད་དུ་ཁོང་དུ་ཆུད་ཅིང་རྟོགས་སོ།། འཇིག་རྟེན་ལ་ཡང་དག་པར་མཐོང་བས། འཇིག་རྟེན་ནམ་འཇིག་རྟེན་ལས་འདས་པར་མི་རྟོག་གོ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འཇིག་རྟེན་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་དོན་ཏོ།། འཇིག་རྟེན་གྱི་ཆོས་ཐམས་ཅད་དེར་མ་འདུས་པ་མེད་དེ། མཁས་པ་དག་གིས་བརྟགས་ན་ཕུང་པོ་མེད། ཕུང་པོས་ཕུང་པོར་མི་དམིགས།། ཕུང་པོའི་རང་བཞིན་དུ་མི་དམིགས། ཕུང་པོ་འོངས་པའི་གནས་དམིགས་སུ་མེད། འདུག་པའི་གནས་ཀྱང་དམིགས་སུ་མེད། སོང་བའི་གནས་ཀྱང་དམིགས་སུ་མེད་དེ། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་ཀྱང་དམིགས་སུ་རྣམ་པར་རྟག་ཏུ་མེད། མིང་མེད། རང་བཞིན་མེད། མཚན་ཉིད་མེད། སྤྱོད་དུ་མེད་པས་འཇིག་རྟེན་ལས་འདས་པ་ཞེས་བྱའོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་རྟོག་པའི་ཚེ། འཇིག་རྟེན་གྱི་ཆོས་རྣམས་འཇིག་རྟེན་ལས་འདས་པའི་ཆོས་རྣམས་དང་ལྷན་ཅིག་པ་མ་ཡིན། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་འཇིག་རྟེན་གྱི་ཆོས་དང་བྲལ་བ་མ་ཡིན། དེ་ལྟར་གང་ཟག་དེས་དེ་ལྟར་འཇིག་རྟེན་དང་མ་བྲལ་བར་འཇིག་རྟེན་ལས་འདས་པའི་ཆོས་མཐོང་ངོ་།། འཇིག་རྟེན་ལས་འདས་པའི་ཆོས་དང་མ་བྲལ་བར་འཇིག་རྟེན་གྱི་ཆོས་རྣམས་ཀྱང་མཐོང་ངོ་། ། དེ་ལྟར་གང་ཟག་དེས་སྤྱོད་པ་རྣམ་པ་གཉིས་ལ་མི་དམིགས་པ་ནི་འདི་ལྟ་སྟེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འཇིག་རྟེན་གྱི་ཡང་དག་པའི་མཚན་ཉིད་ནི་འཇིག་རྟེན་ལས་འདས་པའོ།། འཇིག་རྟེན་ལ་འཇིག་རྟེན་གྱི་མཚན་ཉིད་དམིགས་སུ་མེད། འཇིག་རྟེན་གྱི་ཆོས་ལ་འཇིག་རྟེན་གྱི་ཆོས་དམིགས་སུ་མེད་དེ། དེ་ལྟར་ཅིའང་མེད་པས་ཆོས་དེ་རྟོགས་ཤིང་ཆུད་ན། འཇིག་རྟེན་ལས་འདས་པ་ཞེས་བྱའོ།། འཇིག་རྟེན་འཛིན་ཅི་སྟེ་འཇིག་རྟེན་ཞེས་བྱ་བ་འཇིག་རྟེན་ལས་འདས་པ་དང་ཐ་དད་པ་ཡིན་ན། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུའང་མི་འབྱུང་ལ། དེ་བཞིན་གཤེགས་པས་འཇིག་རྟེན་ཐམས་ཅད་དམིགས་པ་མེད་པར་ཡང་མི་གསུང་ངོ། འཇིག་རྟེན་ཐམས་ཅད་ནི་མ་སྐྱེས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ཤེས་ཤིང་མཐོང་ངོ་།། འཇིག་རྟེན་འཛིན་གང་འཇིག་རྟེན་དུ་མི་དམིགས་ཤིང་འཇིག་རྟེན་ལ་མི་འཇུག་པ་དེ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱའོ། ། དེ་བས་ན་འདི་ལྟར་ཤེས་པར་བྱ་སྟེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་རྟོགས་ཤིང་། འཇིག་རྟེན་དམིགས་སུ་མེད་པར་ཁོང་དུ་ཆུད་པས། འཇིག་རྟེན་ལས་འདས་པ་ཞེས་བྱའོ།། དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། ཇི་ཙམ་དུ་ཆོས་སུ་གཏོགས་པའི་འཇིག་རྟེན་ནམ། འཇིག། རྟེན་ལས་འདས་པ་ཐམས་ཅད་མི་གཉིས་པ་དབྱེར་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བས་འཇིག་རྟེན་ལས་འདས་པའི་ཆོས་ཞེས་གསུངས་སོ།། འཇིག་རྟེན་འཛིན་ད་ལྟར་འཇིག་རྟེན་ནི་ཤིན་ཏུ་ཟབ་ཅིང་གཏིང་དཔག་དཀའ་འོ། ། འཇིག་རྟེན་གྱི་ཆོས་ལ་གནས་པ་དང་། འཇིག་རྟེན་གྱི་ཆོས་ལ་དམིགས་པ་དང་། འཇིག་རྟེན་ལས་འདྲས་པའི་ཆོས་ལ་ར་བ་དང་། ཀུན་རྫོབ་ཏུ་སྨྲ་བའི་ཚིག་ལ་དོན་དམ་པའི་མཚན་ཉིད་དུ་དམིགས་པ་དང་། ཆོས་གཉིས་ལ་གནས་པ་ནི་ཆོས་འདི་ལ་འབབ་ཅིང་འཇུག་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་གང་ཟག་དེ་ནི་འཇིག་རྟེན་མི་ཤེས།། འཇིག་རྟེན་ལས་འདས་པ་མི་ཤེས་ཏེ། ཆོས་རྣམ་པ་གཉིས་སྤྱོད་པའོ།། འཇིག་རྟེན་འཛིན་ཆོས་རྣམ་པ་གཉིས་སྤྱོད་པ་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཆུད་ཅིང་རྟོག་པར་མི་འགྱུར་རོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཆོས་ལ་ཤིན་ཏུ་མཁས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱོར་བའང་ཐོབ་པའོ།། འཇིག་རྟེན་ལས་འདས་པའི་ཆོས་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ལ་ཤིན་ཏུ་མཁས་པ་ནི་གང་། འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ཀྱི་སྦྱོར་བ་ཐོབ་པ་ནི་གང་ཞེ་ན། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་རྣམས་ལ་རྣམ་པར་འབྱེད་ཅིང་ཡང་དག་པར་རྟོག་གོ། ། དེ་ལ་ཇི་ལྟར་ན་འདུས་བྱས་ཀྱི་ཆོས་ལ་རྣམ་པར་འབྱེད་ཅིང་ཡང་དག་པར་རྟོག་པ་ཞེ་ན། འདུས་བྱས་ཀྱི་ཆོས་ནི་མངོན་པར་འདུས་པ་སྟེ། ཚོར་བ་མེད། འདུས་བྱས་ཀྱི་ཆོས་ནི་རང་སྐྱེས་ཤིང་རང་བགྲང་བའི་གྲངས་སུ་གཏོགས་པས་འདུས་བྱས་ཀྱི་ཆོས་ཞེས་བྱའོ། ། འདུས་བྱས་ཀྱི་ཆོས་ནི་ཡང་དག་པ་མ་ཡིན་པའི་རྒྱུ་དང་། རྐྱེན་འདུས་པའི་འདུ་བྱེད་ཀྱི་དབང་གིས་སོ།། ། འདུ་བྱེད་ཅེས་བྱ་བ་ནི་བགྲང་བའི་གྲངས་སུ་གཏོགས་ཤིང་། མཚན་ཉིད་གཉིས་ཀྱི་རྐྱེན་གྱིས་ཤེས་པའི་ཕྱིར་འདུས་བྱས་ཀྱི་ཆོས་ཞེས་བཏགས་སོ།། འདུས་བྱས་ཀྱི་ཆོས་དེ་ནི་བྱས་པ་མེད་བྱེད་པ་མེད་ཀྱི། རང་སྐྱེས་པས་བསྐྱེད་པ་མེད་དོ།། དེ་བས་ན་འདུས་བྱས་ཀྱི་ཆོས་ཞེས་བྱའོ།། འདུས་བྱས་ཀྱི་ཆོས་རྣམས་ནི་ནང་ན་མི་གནས།། ཕྱི་རོལ་ན་མི་གནས། གཉིས་ཀའི་བར་ན་མི་གནས།། གཅིག་པ་མ་ཡིན། ཐ་དད་པ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལས་བྱུང་ངོ་།། མ་རིག་པའི་དབང་གིས་བྱུང་གིས་ཡོད་པ་མ་ཡིན་ཏེ། འདུ་བྱེད་ཀྱི་མཐུས་སྤྱོད་པ་ཡོད་ཀྱང་བྱས་པ་མེད། བྱུང་བ་མེད་པས་འདུས་བྱས་ཞེས་བྱའོ།། འདུས་བྱས་ཞེས་བྱ་བ་ནི་མཚན་མས་བཅིངས་པའི་དོན་ཏེ། བྱིས་པ་མ་རབས་ཕྱིན་ཅི་ལོག་ལ་ཆགས་པའི་ཕྱིར་བཤད་དོ།། མཁས་པ་དག་ཤིན་ཏུ་ཆུད་ཅིང་རྟོགས་པ་ནི། འདུས་བྱས་ཀྱི་ཆོས་སུ་མི་དམིགས་འདུས་མ་བྱས་ཀྱི་ཆོས་སུ་མི་དམིགས་སོ།། མཁས་པ་དག་ནི་གྲངས་སུ་མི་བགྲང་བའི་ཕྱིར་འདུས་བྱས་ཀྱི་ཆོས་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་འདུས་བྱས་སུ་རྣམ་པ་དེ་ལ་ཇི་ལྟར་ན་ཆུད་ཅིང་རྟོགས་པ་ཞེ་ན། མཁས་པ་དག་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པ། དངོས་པོ་མེད་ཅིང་རྣམ་པར་བཅིངས་པ་མེད་དེ། བགྲང་བའི་གྲངས་སུ་མི་རྟོགས་པར་བལྟའོ།། དེ་ལྟར་ཡོངས་སུ་རྟོགས་པའི་ཚེ་འདུས་བྱས་ཀྱི་ཆོས་ལའང་མི་ཆགས། འདུས་མ་བྱས་ཀྱི་ཆོས་སུའང་མི་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་འཛིན་འདུས་བྱས་ཀྱི་ཆོས་ལས་གཞན་པ་འདུས་མ་བྱས་པའི་ཆོས་ཡོད་པ་འམ། འདུས་མ་བྱས་ཀྱི་ཆོས་ལས་གཞན་པ་འདུས་བྱས་ཀྱི་ཆོས་ཡོད་པ་མ་ཡིན་ཏེ། འདུས་བྱས་ཀྱི་དེ་ཁོ་ནའི་མཚན་ཉིད་དེ་ཉིད་ནི་འདུས་མ་བྱས་པའོ།། དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་ཀྱི་ནང་ན་འདུས་བྱས་མེད། འདུས་མ་བྱས་པའི་ནང་ན་འདུས་མ་བྱས་པ་མེད་ཀྱི། སྐྱེ་བོ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་གིས་འདུས་བྱས་ཀྱི་མཚན་ཉིད་ཤེས་ཤིང་མཐོང་བར་བྱ་བའི་ཕྱིར། འདི་ནི་འདུས་བྱས་པའོ།། འདི་ནི་འདུས་མ་བྱས་པའོ།། འདི་ནི་འདུས་བྱས་ཀྱི་མཚན་ཉིད་དོ། ། འདི་ནི་འདུས་མ་བྱས་ཀྱི་མཚན་ཉིད་དོ་ཞེས་རྣམ་པར་ཕྱེ་སྟེ་བཤད་དོ།། དེ་ལ་འདུས་བྱས་ཀྱི་མཚན་ཉིད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་དང་འགོག་པ་དང་། གནས་པ་དང་། འཕོ་བའོ།། དེ་ལ་འདུས་མ་བྱས་པའི་མཚན་ཉིད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། མི་སྐྱེ་བ་དང་། མི་འགོག་པ་དང་། མི་གནས་པ་དང་། མི་འཕོ་བའོ། ། དེ་ལྟར་འདུས་བྱས་ཀྱི་མཚན་ཉིད་དང་། འདུས་མ་བྱས་ཀྱི་མཚན་ཉིད་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་དག་བཀྲི་བའི་དོན་དུ་གསུངས་སོ།། འཇིག་རྟེན་འཛིན་འདུས་བྱས་ཀྱི་ཆོས་ནི་མ་སྐྱེས་པའི་མཚན་ཉིད། མི་འགོག་པའི་མཚན་ཉིད། གནས་པ་དང་མི་འཕོ་བའི་མཚན་ཉིད་དོ།། གནས་པ་དང་འཕོ་བར་གསུངས་པའང་མཚན་མ་མེད་ཅིང་སྐྱེ་བ་མེད་དོ།། གལ་ཏེ།། འདུས་བྱས་ཀྱི་ཆོས་ལ་མཚན་ཉིད་གསུམ་དུ་ཡོད་པར་ངེས་ན་ནི། བཅོམ་ལྡན་འདས་ཀྱིས་འདི་དག་ནི་སྐྱེ་བའི་མཚན་ཉིད། འདི་དག་ནི་འགོག་པའི་མཚན་ཉིད། འདི་དག་ནི་གནས་པ་དང་འཕོ་བའི་མཚན་ཉིད་དོ་ཞེས་གཅིག་ཏུ་ཆད་པར་གསུངས་པའི་རིགས་ན། འཇིག་རྟེན་འཛིན་དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་མཚན་མ་མེད་པར་གསུངས་སོ།། འཇིག་རྟེན་འཛིན་མ་སྐྱེས་པ་ལ་གལ་ཏེ་མཚན་མ་ཡོད་དམ། མི་འགོག་པ་ལ་གལ་ཏེ་མཚན་མ་ཡོད་དམ། མི་གནས་པ་དང་མི་འཕོ་བ་ལ་གལ་ཏེ་མཚན་མ་ཡོད་ན། བཅོམ་ལྡན་འདས་ཀྱིས་ཀྱང་འདུས་མ་བྱས་པའང་ངེས་པར་མཚན་མ་ཡོད་ཅེས་བྱ་གསུང་བར་འགྱུར་རོ། ། འཇིག་རྟེན་འཛིན་ཅི་སྟེ་འདུས་མ་བྱས་པ་ལ་མཚན་མ་ཡོད་ན་དེ་ནི་འདུས་མ་བྱས་པ་མ་ཡིན་ནོ།། མཚན་མ་ཅན་དུ་བཤད་པ་དང་། བྱིས་པ་སོ་སོའི་སྐྱེ་བོ་དག་ཆོས་ལ་གྲངས་སུ་གཅོད་པ་དག་ལ་ནི། འདུས་བྱས་ལ་མཚན་ཉིད་གསུམ་དུ་གསུངས་ཏེ། སྐྱེ་བ་དང་། འགོག་པ་དང་། གནས་ཤིང་འཕོ་བའོ།། འདུས་མ་བྱས་ཀྱི་མཚན་ཉིད་གསུམ་ནི། མ་སྐྱེས་པ་དང་། མི་འགོག་པ་དང་། གནས་པ་དང་འཕོ་བ་མེད་པའོ།། འཇིག་རྟེན་འཛིན་སྐྱེས་བུ་ལ་ལས་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ཆུད་ཅིང་རྟོགས། ན། སྐྱེས་བུ་དེ་ལ་ནི་སྐྱེ་བ་དང་། འགོག་པ་དང་། གནས་ཤིང་འཕོ་བ་མེད་དེ། དེ་བས་ན་འདུས་མ་བྱས་པ་ཐོབ་པ་ཞེས་བྱའོ།། འཇིག་རྟེན་འཛིན་སྐྱེ་བ་དང་འགོག་པ་ནི་ཀུན་འབྱུང་བའི་དོན་ཤེས་ཤིང་མཐོང་བ་ཡིན་ནོ། ། ཆོས་ལ་ཀུན་འབྱུང་མེད་ན་འབྱུང་བ་མེད་དོ།། ཀུན་འབྱུང་མ་སྐྱེས་ན་ཕྱིར་ལྡོག་པ་མེད་དེ། གནས་ཤིང་འཕོ་བའང་མེད་དོ།། འཇིག་རྟེན་འཛིན་དེ་དག་འདུས་བྱས་ནི་དེ་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཤེས་པ་ཞེས་བྱའོ། ། གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་མཐོང་བས་སྐྱེ་བ་དང་། འགོག་པ་དང་། གནས་ཤིང་འཕོ་བའི་གྲངས་སུ་མི་ལྟུང་ངོ་། ། བྱང་ཆུབ་སེམས་དཔས་དེ་ལྟར་འདུས་མ་བྱས་པའི་ཆོས་ལ་འདི་སྙམ་དུ་འདུས་བྱས་ཀྱི་ཆོས་ཀྱང་འདུས་མ་བྱས་ཀྱི་ཆོས་དང་ལྷན་ཅིག་པར་མི་སྨྲ། འདུས་མ་བྱས་ཀྱི་ཆོས་ཀྱང་འདུས་བྱས་ཀྱི་ཆོས་དང་ལྷན་ཅིག་པར་མི་ལྟའོ་སྙམ་བསམས་ནས། ཡང་འདི་སྙམ་དུ་འདུས་བྱས་ཀྱི་ཆོས་ཀྱི་དེ་ཁོ་ནའི་མཚན་ཉིད་ནི་འདུས་མ་བྱས་པ་ཉིད་དོ་སྙམ་སེམས་ཤིང་རྣམ་པར་མི་རྟོག་གོ། འདུས་བྱས་དང་། འདུས་མ་བྱས་པའི་ཆོས་སུ་རྣམ་པར་མི་རྟོག་པས་དེ་ཉིད་འདུས་མ་བྱས་པའི་ཆོས་སོ།། གལ་ཏེ་འདུས་བྱས་དང་། འདུས་མ་བྱས་པར་རྣམ་པར་རྟོག་ན། དེས་འདུས་མ་བྱས་པ་ཆུད་ཅིང་རྟོགས་པར་མི་འགྱུར་རོ།། གང་གིས་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་བཅད་ན། འདུས་མ་བྱས་པ་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པ་ཞེས་བྱའོ།། དམིགས་པའི་མཚན་ཉིད་རྟོགས། དམིགས་པ་ཀུན་བཅད་པ་གྲངས་སམ། གྲངས་མ་ཡིན་པར་མི་རྟོགས་སོ།། འཇིག་རྟེན་འཛིན་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདུས་བྱས་དང་། འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་ཞེས་བྱ་སྟེ། དེའང་འདུས་བྱས་ཀྱི་ཆོས་སམ། འདུས་མ་བྱས་པའི་ཆོས་སུ་མི་དམིགས་པ་དང་། མི་ཆགས་པ་དང་མི་འཛིན་ཏོ། ། འདུས་བྱས་དང་། འདུས་མ་བྱས་པའི་ཞེས་བྱ་བའི་ལེའུ་སྟེ་བཅུའོ།། །། འཇིག་རྟེན་འཛིན་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་དེ་ལྟར་ཕུང་པོ་ལྔ་ལ་ཤིན་ཏུ་མཁས་པ་དང་། ཁམས་བཅཝོ་བརྒྱད་ལ་ཤིན་ཏུ་མཁས་པ་དང་། སྐྱེ་མཆེད་བཅུ་གཉིས་ལ་ཤིན་ཏུ་མཁས་པ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་ཤིན་ཏུ་མཁས་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་ཤིན་ཏུ་མཁས་པ་དང་། དབང་པོ་ལྔ་ལ་ཤིན་ཏུ་མཁས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཤིན་ཏུ་མཁས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་ཤིན་ཏུ་མཁས་པ་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་ཤིན་ཏུ་མཁས་པས། ཆོས་ཐམས་ཅད་ཀྱི་དེ་ཁོ་ནའི་མཚན་ཉིད་ཀྱང་ཤིན་ཏུ་མཁས་ལ། ཆོས་རྣམ་པར་འབྱེད་པ་ལའང་ཤིན་ཏུ་མཁས་ཤིང་དྲན་པའི་མཐུ་རྙེད་པ་དང་། ཆོས་ཐམས་ཅད་ཀྱི་ཚིག་རྣམ་པར་འབྱེད་པའི་བློ་དང་ལྡན་པ་དང་། ལུས་འདི་བརྗེས་མ་ཐག་ཏུ་དྲན་པ་རྒྱུན་མི་འཆད་པ་དང་ལྡན་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ། ། འཇིག་རྟེན་འཛིན་སྔོན་པ་སྐལ་པ་ཚད་མེད་གྲངས་མེད་པ་འདས་པ་དེའི་ཚེ་དེའི་འདུས་ན། འཛམ་བུ་ཆུ་ཀླུང་གྲི་ག་སཱ་ར་རི་ར་བ་རིའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདུས་འཇིག་རྟེན་དུ་མངོན་པར་བྱུང་ངོ་། ། འཇིག་རྟེན་འཛིན་བཅོམ་ལྡན་འདས་འཛམ་པ་ཆུ་ཀླུང་གི་གསེར་མི་རཱིའི་རྒྱལ་པོའི་ཆེའི་ཚད་ནི་བསལ་པཱ་ལྔ་སྙེད་དོ།། ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ཡང་ཚད་མེད་དེ། སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་དག་ལ་རབ་ཏུ་བདེ་བ་དང་ལྡན་ནོ།། དེ་ན་གནས་པའི་སེམས་ཅན་དག་ཀྱང་རབ་ཏུ་བདེ་ཞིང་སྒྱིད་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཤས་སྲབ་པ། གདུལ་སླ་བ། བཅོས་སླ་བ། རྣམ་པར་དག་པར་སླ་བ་ཤ་སྟག་གོ། འཇིག་རྟེན་འཛིན་བཅོམ་ལྡན་འདས་འཛམ་བུ་ཆུ་ཀྲུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོའང་བྱང་ཆུབ་སེམས་དཔའི་ཁོར་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་མདོ་སྟོན་ཏོ། ། འཇིག་རྟེན་འཛིན་དེའི་ཚེ་ན། འཁོར་དེ་ན་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་ཅེས་བྱ་བ་ཞིག་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་ཏེ་བྱུང་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། དབང་པོ་ལྔ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་བཤད་པ་ཐོས་ནས་དེའི་ཚེ་ཤིན་ཏུ་བརྩོན་འགྲུས་བརྩམས་ཏེ། ཚེ་ལོ་ཁྲི་ཕྲག་ཉི་ཤུའི་བར་དུ་ནམ་དུའང་ངན་སེམས་མ་བསྐྱེད་དེ། འདོད་ཆགས་ཀྱི་སེམས་དང་། ཞེ་སྡང་གི་སེམས་དང་། གཏི་མུག་གི་སེམས་དང་། ཁེ་དང་། གྲགས་པ་དང་། ཟས་དང་། སྐོམ་དང་། གོས་དང་། ལྷུང་བཟེད་ལ་བསམ་པའི་སེམས་མ་སྐྱེས་ཀྱི། ཆོས་འདི་སྦྱོར་བ་ལ་འཇུག་པའི་ཕྱིར་བརྩོན་འགྲུས་ཆེན་པོ་བསྐྱེད་དོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འོད་དེ། བཅོམ་ལྡན་འདས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོའི་བསྟན་པ་ལ་ནམ་འཚོའི་བར་དུ་ཚངས་པར་སྤྱད་པ་སྤྱོད་དེ། དེར་ཚེ་འཕོས་ནས་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ནས་གཞོན་ནུ་ལས་ཚེ་འཕོས་ནས་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེས་ཏེ། ཚངས་པར་སྤྱད་པ་སྤྱོད་དོ། ། བསྐལ་པ་དེ་རེ་ར་ན་ཡང་སྐྱེ་བ་ལྔ་བརྒྱ་ལེན་ཏེ། ཐ་མར་བཅོམ་ལྡན་འདས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོ་ཡོངས་ས་མྱ་ངན་ལས་འདས་སུ་ཉེ་བ་ན་བསྐལ་པ་ལྔ་པོའི་ཐ་མར་ཤིན་ཏུ་མང་དུ་ཐོས་པ་དང་། འདི་ལྟ་བུའི་ཡང་དག་པའི་མཚན་ཉིད་ཀྱི་ཆོས་ལ་སྦྱོར་བའང་ཐོབ་ཅིང་། སངས་རྒྱས་དེ་ལས་ཆོས་ཐོས་པ་དག་ཐམས་ཅད་ཡོངས་སུ་དྲན་པར་གྱུར་ཏེ། དེ་ལྟར་དྲན་པའི་མཐུ་དུདང་ལྡན་པས་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་དག་བདག་གིས་རྒྱས་པར་བསྟན་པར་འཚལ་ན། གནང་བ་མཛད་དུ་གསོལ་ལོ།། དེ་ཉིད་དུ་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཙུད་པར་གྱུར་ཏོ།། བཅོམ་ལྡན་འདས་འཛམ་བུ་ཆུ་ཀླུང་གི་གསེར་གྱི་རི་རབ་རིའི་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ། བྱང་ཆུབ་སེམ་དཔའ་རིན་ཆེན་འོད་ཀྱིས་ཆོས་བསྲུང་བར་བྱ་བའི་ཕྱིར་རྗེས་སུ་བཟུང་ནས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས། འདས་པའི་འོག་ཏུ་དམ་པའི་ཆོས་བསྐལ་པ་གཅིག་གི་བར་དུ་གནས་པར་གྱུར་ཏོ།། བསྐལ་པ་གཅིག་ལ་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་མིའི་ནང་དུ་སྐྱེ་ཞིང་རབ་ཏུ་བྱུང་ནས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་བསྐྱེད་ཅིང་འཕེལ་བར་བྱེད་དོ། ། གཞན་ཡང་སེམས་ཅན་ཚད་དཔག་ཏུ་མེད་པའི་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་བྱས་སོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་དེ་བཞིན་དུ་མཐར་གྱིས་སངས་རྒྱས་ཁྲི་ཕྲག་དུ་མ་དང་ཕྲད་ནས། ཐ་མ་སངས་རྒྱས་ཚད་མེད་འོད་ཀྱིས་ལུང་བསྟན་པ། བསྐལ་པ་གྲངས་མེད་པ་འདས་ནུས། གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ། ། བསྐལ་པ་བགྲངས་མེད་པ་དེ་ཉིད་ཀྱི་ཚེ་ན་ཡང་སངས་རྒྱས་ཁྲི་ཕྲག་ཁྲག་ཁྲིག་བརྒྱ་སྟོང་དང་ཕྲད་དེ། དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་སྟེ། དོན་ཐམས་ཅད་གདོན་མི་ཟ་བའི་རྒྱན་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་འཁོར་ཚད་མེད། དཔག་ཏུ་མེད་དོ།། ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ཡང་གྲངས་མེད་དེ། སངས་རྒྱས་དེའི་ཚེའི་ཚད་ཀྱང་བསྐལ་བ་གཉིས་ཏེ། སངས་རྒྱས་དེའི་ཞིང་རབ་ཏུ་བདེ་བ་དང་ལྡན་ཞིང་རྒྱན་དམ་པས་ཤིན་ཏུ་བརྒྱན་ཏོ། ། འཇིག་རྟེན་འཛིན་དེ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་དེ་དག་གི་སྦྱོར་བ་ལ་ཤིན་ཏུ་མཁས་པར་འདོད་པ་དག་ཤིན་ཏུ་བརྩོན་འགྲུས་སུ་ཆོས་འདི་དག་ལ་བསླབ་པ་དང་། འདོན་པ་དང་། ནན་ཏན་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དེ་དག་ལ་སྦྱོར་བ་ཐོབ་པར་འདོད་པ་དག་ཆོས་རྣམ་པ་བཞི་ལ་ཤིན་ཏུ་བརྩོན་པར་བྱའོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་འབྱུང་བ་དང་། གཅིག་པུ་གནས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་ཨུ0f7f། ལ་ལོའི་སེམས་ཡོངས་སུ་བསལ་བའོ།། བྱང་ཆུབ་སེམས་དཔའ་ཆོས་རྣམ་པ་དེ་བཞི་དང་ལྡན་པས། མང་དུ་ཐོས་པ་ལ་བརྩོན་ཞིང་བཟོད་པ་ལ་བདེ་བར་གནས་པས་མྱུར་དུ་ཆོས་རྣམ་པ་བཞི་དང་ཕྲད་པར་འགྱུར་རོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། འཛམ་བུའི་གླིང་གི་དབུས་སུ་སྐྱེ་བ་དང་། སངས་རྒྱས་དང་ཕྲད་པ་དང་། ཆོས་ཀྱི་རྗེས་སུ་སྤྱོད་པ་དང་། སྡིག་པའི་ལས་ཀྱི་སྒྲིབ་པ་སེལ་བར་འགྱུར་རོ།། གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་ལ་ཤིན་ཏུ་བརྩོན་པ་དག་ནི་སྦྱིན་པའི་སྟོབས་རྣམ་པར་དག་པར་འགྱུར་བ་དང་། ཚུལ་ཁྲིམས་རྣམ་པ་དག་པ་དང་། བཟོད་པ་རྣམ་པར་དག་པ་དང་། བརྩོན་འགྲུས་རྣམ་པར་དག་པ་དང་། བསམ་གཏན་རྣམ་པར་དག་པ་དང་། ཤེས་རབ་ཀྱི་སྟོབས་རྣམ་པར་དག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་ལ་གནས་ན། དེ་ལ་སྦྱོར་བའི་སྟོབས་མྱུར་དུ་ཐོབ་པར་འགྱུར་རོ། ། གཞན་ཡང་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྤུངས་པའི་ཡོན་ཏན་གྱི་ཆོས་ཕྲ་མོ་སྤྱད་ཀྱང་སེམས་ཅན་དག་ལ་སྙིང་རྗེ་ཆེན་པོའི་སེམས་དང་ལྡན་ནོ། ། དེ་ལྟར་སྙིང་རྗེ་ཆེན་པོའི་སེམས་ལ་ཞུགས་པས་དེ་དག་གི་སྦྱོར་བ་ལ་ཤིན་ཏུ་བརྩོན་པར་འགྱུར་རོ།། འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་ལྟ་བུ་དག་ཐོབ་པར་འདོད་པ་དག་གཟུངས་ཀྱི་སྒོར་འཇུག་པ་ལ་ཤིན་ཏུ་བརྩོན་པར་བྱའོ། ། དེ་ལ་གཟུངས་ཀྱི་སྒོར་འཇུག་པ་ལ་བརྩོན་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་རྐྱེན་ཚད་མེད་པ་ལ་རྟོག་པ་དང་། ཚད་མེད་པ་ཐམས་ཅད་ཀྱི་རྟོག་པ་ལ་སྦྱོར་བ་དང་ལྡན་པའི་སྦྱོར་བ་ཚད་མེད་པ་ལ་རྟོག་པའོ།། དེ་ལྟར་རྟོག་པའི་ཚེ་ཏིང་ངེ་འཛིན་གྱི་སྒོར་སྦྱོར་བས་ཆོས་ཐམས་ཅད་ཀྱི་སྒོ་ཚད་མེད་པའི་རྐྱེན་ལ་འཇུག་པ་དང་། ཚད་མེད་པའི་སྦྱོར་བ་ལས་ལྡང་བའི་འཇུག་པ་དེ་ལྟ་བུའི་མཐུ་དང་ལྡན་པས། ཆོས་ཐམས་ཅད་ཀྱི་ཡང་དགྲ་པ་ཉིད་ལ་ཤིན་ཏུ་མཁས་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་། དྲན་པའི་མཐུ་དང་ལྡན་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པའི་ཤེས་རབ་དང་ལྡན་པ་དང་། ལུས་འཕོས་ནས་ཀྱང་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པ་དང་། ཆོས་ལ་ཕྱིར་མི་ལྡོག་པ་ནས། ནམ་བླ་ན་མེདཔ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ། འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་རྣམས་གཟུངས་ཀྱི་སྒོར་ཞུགས་པས་ན། དང་ཅིར་ལྡན་པ་དེའི་རྒྱུ་དང་རྐྱེན་གྱིས་ཆོས་ཐམས་ཅད་རྟོགས་ཏེ། རྒྱུ་དང་རྐྱེན་གཅིག་གིས་རྒྱུ་དང་རྐྱེན་སྟོང་ལ་འཇུག་ཅིང་། ཤེས་རབ་ཀྱི་རྗེས་སུ་ཆོས་ཐམས་ཅད་ལ་སྦྱོར་བའང་ཐོབ་བོ། ། འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཆོས་ལ་བརྩོན་འགྲུས་བསྐྱེད་པས་མཚན་ཉིད་གཅིག་པའི་སྒོའི་ཏིང་ངེ་འཛིན་ལ་འཇུག་པར་འགྱུར་རོ། ། མཚན་ཉིད་གཅིག་པའི་སྒོའི་ཏིང་ངེ་འཛིན་ཐོབ་ནས་མཚན་ཞིང་ཚད་མེད་པའི་ཏིང་ངེ་འཛིན་ལ་འཇུག་གོ།། དེ་ལྟར་ཞུགས་ནས་རྣམ་པ་སྣ་ཚོགས་ཀྱི་རྒྱུ་དང་། རྐྱེན་དང་། ཐབས་ཀྱིས་ཆོས་ཐམས་ཅད་ཀྱི་སྒོར་འཇུག་གོ། ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཀྱི་སྒོར་ཞུགས་པས་ཆོས་ཐམས་ཅད་ལ་སྦྱོར་བ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་པཔན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་མང་དུ་བསྒོམས་པས། བསམ་གཏན་གྱི་མཚན་ཉིད་ལ་ཤིན་ཏུ་མཁས་པས། དམིགས་པ་མེད་པའི་ཏིང་ངེ་འཛིན་ལ་ཤིན་ཏུ་མཁས་པར་འགྱུར་རོ། ། དེ་ལྟར་ཏིང་ངེ་འཛིན་དེའི་ཤུགས་ཀྱིས་དམིགས་པ་ཚད་མེད་པ་དང་། ཏིང་ངེ་འཛིན་ལས་ལྡང་བ་ཚད་མེད་པ་ལ་མཁས་པར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེམས་དཔས་འདི་ལ་གནས་ན་ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་ལ་སྦྱོར་བ་ཐོབ་པར་འགྱུར་རོ། ། འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟག་ཏུ་འཇིག་རྟེན་ལ་དམིགས་པའི་ཐབས་ལ་རྟོག་པ་དང་། འདུས་བྱས་ཀྱི་ཆོས་ལ་དམིགས་པ་ལ་རྟོག་པ་དང་། གཞན་ཡང་ཆོས་ཐམས་ཅད་ལ་དམིགས་པའི་ཐབས་རྣམ་པར་འཇིག་པ་ལ་བརྩོན་པའི་ནན་ཏན་བྱེད་དེ། དེ་ལ་ཆགས་པའི་གནས་ཀྱང་མེད་དོ།། བྱང་ཆུབ་སེམས་དཔའ་དེ་ལྟར་ཆོས་དེ་ལ་བསྒོམས་པས། ཆོས་ཐམས་ཅད་ཀྱི་ཡང་དག་པར་སྦྱོར་བ་མྱུར་དུ་ཐོབ་པར་འགྱུར་རོ། ། འཇིག་རྟེན་འཛིན་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་བརྩོན་འགྲུས་བསྐྱེད་དེ། སྦྱོར་བའི་སྟོབས་བསྐྱེད་ཀྱང་ཆོས་ཐམས་ཅད་ཀྱི་ཡང་དག་པའི་མཚན་ཉིད་རྟོག་ཅིང་འཇིག་རྟེན་གྱི་བདེ་བ་ལ་མི་གནས། འཇིག་རྟེན་གྱི་ཚེ་དང་འདྲེས་པར་མི་སྤྱོད་དོ།། དེ་ལྟ་བུའི་ཆོས་དང་ལྡན་པས་ན། མྱུར་དུ་ཆོས་རྣམས་ཀྱི་ཡང་དག་པའི་ཚན་ཉིད་ལ་མཁས་པར་འགྱུར་ཞིང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་། དྲན་པའི་མཐུ་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་གྲངས་འབྱེད་པ་ལ་མཁས་པའི་ཤེས་རབ་ཐོབ་པ་དང་། ལུས་འདི་འཕོས་ནས་ཀྱང་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འདི་དག་གི་ཕ་རོལ་ཏུ་ཕྱིན་པར་འདོད་པ་དག་ཆོས་འདི་ཇི་ལྟར་བསྟན་པ་བཞིན་དུ་ཡོངས་སུ་བསྒོམ་པར་བྱའོ། ། འཇིག་རྔར་འཛིན་ཁོར་ཀྱིས་ཆོས་འདི་ལ་ཤིན་ཏུ་བརྩོན་པར་བསྒོམས་ན་རིང་པོར་མི་ཐོགས་པར་ཆོས་འདི་ལ་ཐོགས་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། ། འཇིག་རྟེན་འཛིན་སྔོན་འདས་པའི་བསལ་བ་ཚད་མང་བསམ་གྱིས་མི་ཁྱབ་གྲངས་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་ཚད་མེད་ཡོན་ཏན་འོད་ཀྱི་རྒྱལ་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མངོན་དུ་མངོན་པར་བྱུང་ངོ་།། བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་དེའི་ཚེའི་ཚད་ནི་བསྐལ་པ་གཅིག་གོ། ། སངས་རྒྱས་དེའི་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱི་དྲ་བས་བླ་རེ་ར་བྲེས་སོ།། རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏ་ལ་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་བརྒྱན་ཏོ། ། ཤཱིང་ཏ་ལ་དེ་དག་ལའང་རིན་པོ་ཆེ་སྣ་བདུན་གྱི་དྲ་བས་སྟེང་ཐ་རེར་བྲེས་ཏེ། ཤིང་དེ་དག་རེ་རེའི་འོག་ནའང་སེང་གེའི་ཁྲི་རེ་རེས་ཤིང་ཏ་ལ་དེ་དག་ཀུན་ལས་ལྷའི་ན་བཟའ་རང་སྐྱེའོ། ། སེང་གེའི་ཁྲི་དེ་དག་ཀྱང་རིན་པོ་ཆེ་བཻ་ཌཱུཪྻ་དང་། འཛམ་བུ་ཆུ་ཀླུང་གི་གསེར་དང་། མུ་ཏིག་དམར་པོ་ལས་བྱས་པའོ།། ཤིང་ཏ་ལ་དེ་དག་གི་ཕྱོགས་བཞིན་བསུང་གི་ཤིང་དང་། མེ་ཏོག་གི་ཤིང་གིས་བསྐོར་ཅིང་བརྒྱན་ཏོ།། ཤིང་དེ་དག་རེ་རེའི་འོག་ནའང་རྫིང་བུ་རེ་རེ་སྟེ། ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ངོ་།། རྫིང་བུད་དག་ཤེལ་དང་། ཨ་སྨ་ག་ར་བ་དང་། མུ་ཏིག་དམར་པོ་ལས་བྱས་པ། ཆུ་དེ་དག་གི་སྟེང་པདྨ་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་གྱིས་སྟེང་ཡོངས་སུ་ཁེབས་རྫིང་དེ་རྣམས་ཀྱི་འགྲམ་ཡང་རིན་པོ་ཆེ་རྩཝ་བདུན་ལས་བྱས་སོ། ། འཇིག་རྟེན་འཛིན་སངས་རྒྱས་ཀྱི་ཞིང་དེ་ནི་རིན་པོ་ཆེ་མང་པོས་ཡོངས་སུ་བརྒྱན་ཏེ། འཇིག་རྟེན་གྱི་ཁམས་དེའི་ཕྱོགས་བཞི་གཞན་ཡང་སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྫས་ཀྱི་ཤིང་བ་རི་ཚིདྡྷ་དང་། ཀོ་བྱི་དར་སྟོང་ཕྲག་དུ་མས་འཇིག་རྟེན་གྱི་ཁམས་དེའི་མཐའ་ཡོངས་སུ་བསྐོར་ཏོ།། རིན་པོ་ཆེའི་ཤིང་དེ་དག་གི་འོད་ཟེར་གྱིས་ཉི་མ་དང་། ཟླ་བ་དང་། སྐར་མའི་འོད་ཐམས་ཅད་མི་སྣང་བར་ཟིལ་གྱིས་མནན་ཏོ།། འཇིག་རྟེན་འཛིན་འཇིག་རྟེན་གྱི་ཁམས་དེའི་ཤིང་ཏ་ལ་དང་། རིན་པོ་ཆེའི་དྲ་བ་ཀུན་ནས་རྣམ་པ་སྣ་ཚོགས་ཀྱི་སྒྲ་དབྱངས་དས་པ་ཇི་ལྟར་ལྷ་རྣམས་ཀྱིས་ཀླུ་དང་བསྐྱེད་པའི་དབྱངས་ལྟ་བུ་རང་བྱུང་སྟེ། རྟག་ཏུ་འདི་ལྟ་བུའི་དབྱངས་ཤིན་ཏུ་སྙན་པ་གྲག་གི། ངན་སོང་གསུམ་མེད་དེ། ངན་སོང་གི་མིང་ཙམ་ཡང་མ་གྲག་གོ། ། འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོས་སེམས་ཅན་རྣམས་ལ་ཆོས་འདི་དག་རྒྱས་པར་གསུངས་སོ།། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་ཅིང་། སེམས་ཅན་ཐམས་ཅད་ཤིན་ཏུ་དགའ་བར་བྱེད་པ་ཞེས་བྱ་བ་སྟོན་ཏོ།། འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་ཆོས་སྟོན་པའི་ཚེ། ཉིན་ཞག་གཅིག་ལའང་སེམས་ཅན་ཚད་མེད་པ་ཁྲི་ཕྲག་བརྒྱ་སྟོང་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སེམས་བསྐྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་གྱུར་ཏོ།། འཇིག་རྟེན་འཛིན་བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོས་དེ་ལྟར་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། ། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་ཤིན་ཏུ་མང་ངོ་།། འཇིག་རྟེན་འཛིན་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པ་ཕྱེད་ཀྱི་བར་དུ་གནས་པར་གྱུར་ཏོ། ། བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན་འོག་མའི་ཕྱོགས་སངས་རྒྱས་ཀྱི་ཞིང་བཅུ་འདས་པའི་ཕ་རོལ་ནས། བྱང་ཆུབ་སེམས་དཔའ་ཚད་མེད་བློ་གྲོས་ཞེས་བྱ་བ་ཞིག་དེ་ནས་ཚེ་འཕོས་ནས་ཞིང་འདིར་སྐྱེས་ནས་ལོ་བཅུ་དྲུག་ལོན་པ་དང་རབ་ཏུ་བྱུང་སྟེ། བཅོམ་ལྡན་འདས་ཚད་མེད་འོད་ཀྱི་ཡོན་ཏན་རྒྱལ་པོའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་གྲོལ་བར་འགྱུར་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སྦྱོར་བའི་མདོ་ཐོས་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཚད་མེད་བློ། གྲོས་ཀྱི་མདོ་སྡེ་འདི་ཐོས་ནས་བརྩོན་འགྲུས་ཆེན་པོ་བསྐྱེད་དོ།། ཆོས་འདི་དག་གི་མཐར་ཡང་བྱིན་ཅིང་སྦྱོར་བའི་མཐུ་ཤིན་ཏུ་ཟབ་མོ་དང་ལྡན་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་དེ་དགེ་བའི་རྩ་བ་དེ་ཉིད་ཀྱི་རྒྱུ་དང་རྐྱེན་གྱིས་དེ་ནས་ཚེ་འཕོས་ནས་སངས་རྒྱས་ཁྲི་ཕྲག་ཉི་ཤུ་དང་ཕྲད་དེ། ཆོས་འདི་དག་དང་ལྡན་པར་གྱུར་ཏོ།། སྔོན་གྱི་གནས་ཀྱང་རྟག་ཏུ་དྲན་པས་གཞོན་ནུ་ནས་རབ་ཏུ་བྱུང་སྟེ། ཚངས་པར་སྤྱད་པ་སྤྱོད་ཀྱི། རྟག་ཏུ་དྲན་པའི་མཐུ་དང་ལྡན་པར་གྱུར་ཏོ།། གང་ནས་གང་དུ་སྐྱེས་པའི་གནས་ཀུན་ཏུ་ཆོས་འདི་ལྟ་བུ་དང་མ་བྲལ་ཏེ། སྐྱེ་བའི་གནས་ཐམས་ཅད་དུ་དྲན་པ་རྒྱུན་མི་འཆད་པ་དང་ལྡན་ཏེ། དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། མཚན་ཡང་ཚན་མེད་འོད་ཀྱི་བཀོད་པའི་རྒྱལ་པོ་ཞེས་བྱའོ།། འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འདོད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོང་སུ་རྫོགས་པར་འདོད་པ་དང་། གང་ཡོངས་སུ་མྱ་ངན་ལས་འདས་ནས་ལྔ་བརྒྱའི་ཐ་མ་ལ་ཤིན་ཏུ་བརྩོན་འགྲུས་རྩོམ་ཞིང་ཡི་དམ་ཆེན་པོ་བསྐྱེད་ནས་མོས་པ་ཆེན་པོ་དང་། བརྩོན་འགྲུས་ཆེན་པོ་དང་། བག་བྱེད་པ་ཆེན་པོ་བསྐྱེད་དེ། ཕྱི་མའི་དུས་ངན་པར་གྱུར་པའི་ཚེ་མདོ་སྡེ་འདི་དག་ལ་སོགས་པ་ཤིན་ཏུ་བསྲུང་ཞིང་བསྐྱབ་པར་བྱའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པ་འདུག་པ་ལས་ལངས་ན། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཀྱང་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན། བདག་ཅག་གིས་མདོ་སྡེ་འདི་དག་ལ་སོགས་པ་བསྲུང་ཞིང་བསྐྱབ་པའི་ཕྱིར་བརྩོན་འགྲུས་ཤིན་ཏུ་བསྐྱེད་དེ། ཀློག་པ་དང་། འདོན་པ་དང་། ཉན་པ་དང་། འཛིན་པ་དང་། གཞན་དག་ལའང་རྒྱ་ཆེར་ཡོངས་སུ་བསྟན་པར་འཚལ་ལོ།། གཞན་ཡང་བྱང་ཆུབ་སེམས་དཔའ་སྟོང་དུ་མ་སྙེད་འདུག་པ་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་ནས་མིག་མི་འཛུམས་པར་ལྟ་ཞིང་འདི་སྐད་དུ་ཡི་དམ་དུ་བཅས་སོ། ། བཅོམ་ལྡ་འདས་བདག་ཅག་གིས་བྲི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་འདི་ལྟ་བུ་ཤིན་ཏུ་ཟབ་མོའི་ཆགས་པ་མེད་པའི་མདོ་སྡེ་སངས་རྒྱས་ཐམས་ཅད་ཀྱིས་གནང་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་ཡོན་ཏན་སྐྱེ་བར་འགྱུར་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི།། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་བ་བདག་ཅག་གིས་ཤིན་ཏུ་བསྲུང་ཞིང་འཛིན་པར་འཚལ་ལོ།། ཆོས་འདི་ཐོས་ནས་རྣམ་པར་དག་ཅིང་སེམས་རབ་ཏུ་དག་པར་གྱུར་ཏྲེ། ཚོལ་བ་དང་། འཆང་བ་དང་། འཛིན་པ་དང་། འདོན་པ་དང་། ཀློག་པ་ལ་ཤིན་ཏུ་བརྩོན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་བཞད་མོ་འཛུམ་པ་མཛད་པ་དང་། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་ཀུན་ཏུ་སྣང་བར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་རྣམ་པ་དྲུག་ཏུ་གཡོས་སོ།། དེའི་ཚེ་དགའ་བོ་འདུག་པ་ལས་ལངས་ནས། བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་གང་ན་བའི་ལོགས་སུ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། དེང་འདིར་བཞད་མོ་འཛུམ་པ་མཛད་དེ། ས་ཆེན་པོའང་རབ་ཏུ་གཡོས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་འདི་རྣམས་ཡི་དམ་ཆེན་པོ་བཅས་ནས། ཕྱི་མ་མ་འོངས་པའི་དུས་སུ་ཤིན་ཏུ་ཟབ་མོའི་མདོ་སྡེ་ཆགས་པ་མེད་པའི་ཆོས་འདི་ལྟ་བུ་ཤིན་ཏུ་སྲུང་ཞིང་འཛིན་པར་ཡི་དམ་བཅས་པར་མཐོང་ངམ། དགའ་བོ་བྱང་ཆུབ་སེམས་དཔའ་འདི་དག་ནི་སྐྱེ་བ་འདི་གཅིག་པུར་ཡི་དམ་འདི་ལྟ་བུར་བཅའ་བར་མ་ཡིན་གྱི། དགའ་བོ་ང་མངོན་པར་དྲན་ཏེ། བྱང་ཆུབ་སེམས་དཔའ་འདི་དག་གིས་སངས་རྒྱས་ཚད་མེད་དཔག་ཏུ་མེད་པ་རྣམས་ལའང་ཡི་དམ་འདི་ལྟ་བུ་བཅས་ཏེ། དུས་གསུམ་དུ་སངས་རྒྱས་དེ་དག་གི་ཆོས་ཀྱང་ཤིན་ཏུ་བསྲུངས་ཏེ། སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱས་སོ།། དའང་དུས་གསུམ་དུ་ངའི་ཆོས་ཀྱང་བསྐྱབ་ཅིང་སྲུང་བར་འགྱུར་ཏེ། ད་ལྟར་གྱི་དུས་དང་ང་མྱ་ངན་ལས་འདས། པའི་འོག་ཏུ་ཆོས་རྣམ་པར་འཇིག་ཏུ་ཉེ་བ་ན། སེམས་ཅམ་ཚད་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱེད་པར་འགྱུར་རོ།། འཇིག་རྟེན་འཛིན་བཟང་སྐྱོང་ལ་སོགས་པ་དུས་གསུམ་དུ་ངའི་ཆོས་བསྲུང་བར་མ་ཟད་ཀྱི། བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱང་དུས་གསུམ་དུ་བསྲུང་ཞིང་འཛིན་པར་འགྱུར་རོ།། དེ་བཞིན་དུ་མ་འོངས་པའི་དུས་ཀྱི་སངས་རྒྱས་ཀྱི་ཆོས་འདི་ལྟ་བུ་དག་ཀྱང་སྲུང་ཞིང་འཛིན་པར་འགྱུར་རོ། ། དགའ་བོ་ངས་སྐྱེས་བུ་དེ་དག་གི་ཡོན་ཏན་ཚད་མེད་པ་ལྷུན་གྱིས་གྲུབ་པ་དང་། སེམས་ཅན་ཚད་མེད་པ་རྣམས་ལ་ཕན་པ་དང་བདེ་བའི་དོན་བྱས་པ་བཤད་ན་བརྗོད་ཀྱིས་མི་རྫོགས་སོ། ། དགའ་བོ་ངས་སྐྱེས་བུ་དེ་དག་གི་ཡོན་ཏན་ཀུན་བཤད་པ་ལ་སྐྱེས་བུ་དག་ཡིད་ཆེས་པར་མི་འགྱུར་རོ།། གལ་ཏེ་སྐྱེ་བོ་དག་སངས་རྒྱས་ཀྱི་གསུང་ལ་ཡིད་ཅེས་བར་མ་གྱུར་ན། ཡུན་རིང་པོར་བདེ་བ་སྟོར་ནས། སྡུག་བསྔལ་མང་པོ་མྱོང་ཞིང་ངན་སོང་དུ་ལྟུང་བར་འགྱུར་རོ།། དགའ་བོ་བྱང་ཆུབ་སེམས་དཔའ་ཁྱེད་ལ་སོགས་པ་ངས་སྐྱེས་བུ་དེ་དག་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་འགྱུར་བར་ལུང་བསྟན་ཏོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་ཞིག་མདོ་སྡེ་ཆོས་ཀྱི་ཕྱག་རྒྱས་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཡིད་ལ་བྱེད་དམ། གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆད་ན་སྐྱེས་བུ་དེ་རིང་པོ་མི་ཐོགས་པར་མྱུར་དུ་ཕུང་པོ་ལྔ་ལ་སྦྱོར་བ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། དབང་པོ་ལྔ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་དང་། འདུས་བྱས་དང་འདུས་མ་བྱས་པའི་ཆོས་ལ་སྦྱོར་བ་ཐོབ། པར་འགྱུར་རོ།། གཞན་ཡང་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་མྱུར་དུ་ཐོབ་པ་དང་། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པ་མྱུར་དུ་ཐོབ་པ་དང་། དྲན་པའི་སྟོབས་མྱུར་དུ་ཐོབ་པ་དང་། ཆོས་ཐམས་ཅད་རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་མྱུར་དུ་ཐོབ་པ་དང་། གཞན་ཡང་ལུས་འདི་བརྗེས་ཀྱང་དྲན་པ་རྒྱུན་མི་འཆད་པ་དང་ལྡན་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མྱུར་དུ་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་མདོ་སྡེ་འདི་ཕྱི་མ་མ་འོངས་པའི་དུས་སུ་སྐྱེ་བོ་མང་པོ་ལ་ཆོས་ཆེན་པོའི་སྣང་བ་བྱེད་ཅིང་ཡེ་ཤེས་འོད་ཀྱི་བསོད་ནམས་ཀྱི་རྒྱུ་དང་རྐྱེན་དུ་འགྱུར་རོ། ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ་ན་མེད་པ་ཡང་དག་རྫོགས། པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་གང་ཞིག་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་འདིའམ། མདོ་སྡེ་ཟབ་མོ་གཞན་བྱང་ཆུབ་ཀྱི་སྡེ་སྣོད་དུ་གཏོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་ལྡན་པ་དང་ཕྲད་ན། སྐྱེས་བུ་དེ་ལ་བདུད་ཀྱིས་བར་དུ་མི་གཅོད་ཅིང་། ལས་ཀྱི་སྒྲིབ་པས་ཀྱང་བར་དུ་གཅོད་པར་མི་འགྱུར་རོ། ། འཇིག་རྟེན་འཛིན་སྐྱེས་བུ་དེ་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་མ་ཐོབ་པ་ཞིག་ནའང་སངས་རྒྱས་གཉིས་སམ། སངས་རྒྱས་གསུམ་པོ་ལས་མ་སྐྱེས་པའི་ཆོས་ཀྱི་བཟོད་པར་འགྱུར་བར་ངས་ལུང་བསྟན་ཏོ། ། གལ་ཏེ་མ་སྐྱེས་པའི་ཆོས་ཀྱི་བཟོད་པ་ཞིག་ན་ཡང་ཆོས་ཐམས་ཅད་ལ་མྱུར་དུ་དབང་ཐོབ་པར་འགྱུར་བ་དང་། མྱུར་དུ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ཐོབ་པ་དང་། མྱུར་དུ་ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་ཚད་མེད་པ་ཐོབ་པ་དང་། མྱུར་དུ་བྱང་ཆུབ་སེམས་དཔའི་འཁོར་ཐོབ་པར་འགྱུར་རོ།། འཇིག་རྟེན་འཛིན་ངས་མདོ་སྡེ་ཆོས་ཀྱི་ཕྱག་རྒྱ་འདི་གསུངས་པ་ནི། སེམས་ཅན་ཐམས་ཅད་ཕྱི་མ་མ་འོངས་པའི་སྐྱེ་བོ་མང་པོའི་ཐེ་ཙོམ་གཅོད་པའི་ཕྱིར་རོ།། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕན་པའི་དངོས་པོ་བཞི་མཐོང་བས་མ་འོངས་པའི་དུས་སུ་མདོ་སྡེ་འདི་ལ་སོགས་པ་སྲུང་བ་དང་འཛིན་པར་ཡིད་མ་ལེན་ཏོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རྣམས་འདི་སྙམ་དུ་བདག་གིས་མྱུར་དུ་ཡོན་ཏན་ཚད་མེད་དཔག་ཏུ་མེད་པ་ཐོབ་པར་འགྱུར་སྙམ་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་ཆེན་པོ་སྐྱེ་ཞིང་སངས་རྒྱས་ཀྱི་ཡང་དག་པའི་ཆོས་འཛིན་ཅིང་སྲུང་བ་ཡིན་ནོ་སྙམ་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྡེ་སྣོད་འཛིན་པ་ཡིན་ནོ་སྙམ་པ་དང་། སངས་རྒྱས་ཚད་མེད་པ་རྣམས་ཀྱིས་སྡོད་ཅིང་བསྔགས་པར་འགྱུར་རོ་སྙམ་སེམས་པ་དང་བཞིའོ། ། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བོས་གསོལ་པ། སྐྱེས་བུ་དེས་ཕན་པ་བགྱིས་པ་ནི་ཚིག་གིས་བརྗོད་པར་བླ་བ་མ་ལགས་སོ། ། དགའ་བོ་ངས་དང་བདེན་པར་གསུང་སྟེ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པས་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་བྱས་པའི་གན་ན། སྐྱེས་བུ་དེས་ཕན་པ་དང་བདེ་བའི་དོན་བྱས་པ་ནི་རྩིས་སམ། བགྲང་བའི་དཔེའི་བར་དུའང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་སྐྱེས་བུ་དེས་བདེ་བའི་ཡོ་བྱད་ཀྱིས་ཕན་པ་བྱས་པ་ནི་ཐམས་ཅད་། ཀྱང་འདུས་བྱས་ཀྱི་ཆོས་དང་འབྲེལ་པ་ཡིན་པས་སྐྱོ་ཞིང་ཆོག་ཤེས་པའི་ཕྱིར་མ་ཡིན། འདོད་པ་སྤང་བའི་ཕྱིར་མ་ཡིན། ཤེས་རབ་ཀྱི་ཕྱིར་མ་ཡིན། དགེ་སྦྱོང་གི་འབྲས་བུའི་ཕྱིར་མ་ཡིན།། མྱ་ངན་ལས་འདའ་བའི་ཕྱིར་མ་ཡིན་ནོ།། དགའ་བོ་བྱང་ཆུབ་སེམས་དཔའ་དེ་དག་གིས་སེམས་ཅན་དག་ལ་ཕན་པ་དང་། བདེ་བའི་དོན་བྱས་པའི་བླ་ན་མེད་པའི་བདེ་བ་དང་མཁས་པ་དག་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་ལ་མོས་པ་བྱིན་པ། སངས་རྒྱས་ཀྱི་མཛད་པ་བྱེད་པ། ཡང་དག་པའི་གནས་སུ་མ་ཆུད་པ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐོབ་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་ཅིང་གསུངས་པས་ཕན་པ་དང་དགའ་བར་འགྱུར་རོ། ། དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་བསྟན་ཅིང་བརྗོད་དེ་ཕན་པ་དགའ་བར་བྱས་པས། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གདུང་བསྐྱབ་ཅིང་བསྲུང་བའི་ཕྱིར་འཇིག་རྟེན་ན་གནས་སོ།། དགའ་བོཔོ་སྐྱེས་བུ་དེ་དག་སྔོན་འདས་པའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་སངས་རྒྱས་རྒྱུན་མི་འཆད་པར་བྱེད་པ་དང་། མ་འོངས་པའི་དུས་སུའང་བསྐལ་པ་ཚད་མེད་པ་ཁྲག་ཁྲིག་བརྒྱ་སྲོང་གི་བར་དུ་སངས་རྒྱས་རྒྱན་མི་འཆང་པར་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། དགའ་བོ་བྱང་ཆུབ་སེམས་དཔའ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སངས་རྒྱས་ཚད་མེད་པ་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ལ་བཙུད་དེ། བྱང་ཆུབ་སེམས་དཔའ་དེ་རྣམས་སྐྱེ་བ་ཐམས་ཅད་དུ་ཆོས་ཡོངས་སུ་བསྐྱབས་ནས། སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷུན་གྱིས་གྲུབ་པར་བྱས་སོ། ། དེ་ནས་ཡང་སེམས་ཅན་གྲངས་མེད་པ་བརྒྱ་སྟོང་རྣམས་སངས་རྒྱས་ཀྱི་བྱང་ཆུབ་ལ་བཙུད་དེ་བསྟན་ཅིང་བསླབས་པའི་མཐུས། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་ན། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ།། དགའ་བོ་བཟང་སྐྱོང་ལ་སོགས་པས་སྐྱེ་བོ་མང་པོ་ལས་སངས་རྒྱས་ཀྱི་བདེ་བ་དང་ཐམས་ཅད་མཁྱེན་པའི་བདེ་བ་སྟོབས་པའི་ཕྱིར་ཤིན་ཏུ་བརྩོན་འགྲུས་རྩོམ་མོ། ། དགའ་བོ་དེ་ལ་བྱང་ཆུབ་སེམས་དཔའི་ཕ་མ་ལྟ་བུ་དང་གནས་དང་། སྐྱབས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱུང་གནས་གང་ཡིན་པ་བཤད་པར་འདོད་ན། བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱ་པ་ཡིན་པར་རིག་པར་བྱའོ།། དགའ་བོ་དེ་ལ་གང་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སུ་སྐྱེ་བར་འགྱུར་ཞེས་འདྲི་ན། དེ་ལ་འདི་སྐད་དུ་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱ་པོ་ཡིན་ནོ་ཞེས་བཤད་པར་བྱའོ།། ། དེ་ལྟར་རིགས་ཀྱི་བུ་དེ་དག་ནི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གདུང་རྒྱུན་མི་འཆད་པར་བྱེད་པའི་ཕྱིར་འཇིག་རྟེན་ན་གནས་སོ།། རིགས་ཀྱི་བུ་དེ་དག་ལ་སོགས་པས་ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མར་ཡང་བསྟན་ཅིང་བསླབ་པ་ལ་སྦྱོར་བའི་མཐུ་དང་། བདེ་བའི་རྒྱུ་དང་རྐྱེན་གྱིས་སྐྱེ་བོ་མང་པོ་ངན་སོང་གསུམ་དུ་མི་ལྟུང་ཞིང་། དེ་མ་ཡིན་བ་སེམས་ཅན་ཚད་མེད་པ་བརྒྱ་སྟོང་རྣམས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་བཀོད་དོ། ། དགའ་བོ་སངས་རྒྱས་བརྒྱ་སྟོང་དུ་མ་རྣམས་ཀྱིས་རིགས་ཀྱི་བུ་དེ་དག་གི་ཡོན་ཏན་བརྗོད་ཀྱང་རྫོགས་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་དག་ལ་སོགས་པས་དེ་ལྟ་བུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་རོ།། དགའ་བོ་ངས་བསྐལ་པ་གྲངས་མེད་ཚད་མེད་བབརྒྱ་སྟོང་གི་བར་དུ་ཆོས་ཡོངས་སུ་བསྒྲུབས་པའི་རྣམས་རིགས་ཀྱི་བུ་འདི་དག་གིས་བསྲུང་ཞིང་འཛིན་པར་གྱུར་ཏོ། ། དགའ་བོ་ངས་བསྐལ་པ་ཁྲི་ཕྲག་ཚད་མེད་པའི་བར་དུ་ཆོས་དཀོན་མཆོག་བསྒྲུབས་པའི་རྣམས་འདི་དག་ལ་གཏད་ཅིང་གདམས་སོ། ། རིགས་ཀྱི་བུ་འདི་དག་ནི་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པ་ན། ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པའི་ཕྱིར་རོ། ། དགའ་བོ་རིགས་ཀྱི་བུ་དེ་དག་ལ་རྟག་ཏུ་ལྷ་དང་། མི་དང་། འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་ཕྱག་བྱ་བའི་གནས་ཡིན་ནོ།། དགའ་བོ་སྐྱེས་བུ་དེ་དག་ལ་ནི་ཕྱོགས་བཅུའི་སངས་རྒྱས་སྟོང་སྙེད་ཀྱང་ཆོས་གསུང་བའི་ཚེ་རྟག་པར་བསྔགས་ཤིང་གསུངས་སོ། ། དགའ་བོ་ངས་ངེས་པར་ལུང་བསྟན་ཏེ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་གང་ཞིག་གིས་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་འདི་འཆང་བ་དང་། འཛིན་པ་དུང་། ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆང་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཤིན་ཏུ་ཉེ་བར་བསྙེན་པ་ཡིན་པར་རིག་པར་བྱའོ།། སྐྱེ་བུ་གང་ཞིག་ཕྱི་མ་མ་འོངས་པའི་དུས་སུ་མདོ་སྡེ་འདི་ཐོས་ནས། ཤིན་ཏུ་ཟབ་མོའི་ཆོས་འདི་ལ་དད་ཅིང་མོས་ཏེ། ཡི་དམ་བཅས་ན། ངས་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ།། ཕྱི་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མར་དད་ཅིང་མོས་པའི་སེམས་བསྐྱེད་དེ། བརྩོན་འགྲུས་ཤིན་ཏུ་བརྩམས་ནས་མདོ་རྗེའི་སུ་ཞིང་འཛིན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའང་ངས་བླ་ན་མེད། པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་ཀྱིས་གཏད་ཅིང་གདོམས་སོ།། གལ་ཏེ་ཉན་ཐོས་པ་ཞིག་གིས་ཆོས་ཟབ་མོ་འདི་དག་ལ་དད་ཅིང་ལོག་པའི་སེམས་མེད་ན། དེའང་ཕྱི་མ་མ་འོངས་པའི་དུས་སུ་སངས་རྒྱས་བྱམས་པ་དང་ཕྲད་པར་འགྱུར་རོ་ཞེས་ངས་ལུང་བསྟན་ཏོ། ། སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བ་གང་ཞིག་ཆོས་འདི་འཛིན་ཅིང་དད་ན། སངས་རྒྱས་བྱམས་པས་ལུང་བསྟན་བར་འགྱུ་ཏེ། སྔོན་གྱི་སྨོན་ལམ་གྱིས་རབ་ཏུ་འབྱུང་ཞིང་བྱང་ཆུབ་ཀྱི་རྒྱུད་སློབ་པར་འགྱུར་རོ།། དགའ་བོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱ་མ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་ཆོས་འདིའི་ཕྱིར་ཤིན་ཏུ་བརྩོན་འགྲུས་བསྐྱེད་ན་སྐྱེས་བུ་དེ་དག་གི་དགེ་བའི་རྩ་བ་ཤིན་ཏུ་རྣོ་ཞིང་རྟག་པར་རིག་པར་བྱའོ། ། སྔོན་བྱུང་བའི་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་གོ།། ། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་འཛིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕྲན་པ་དང་། བདེ་བའི་དོན་གྱི་སླད་དུ་མདོ་སྡེ་འདི་བསྐྱབས་པའི་སླད་དུ་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་མ་མ་མཆིས་པའི་དུས་སུ་མདོ་སྡེ་འདི་ཐོས་ན། སེམས་ཡོངས་སུ་དག་པ་དང་། དགའ་བ་དང་བདེ་བར་ལྡན་ཞིང་ཆོས་འདི་དག་བསྒྲུབ་པའི་སླད་དུ་ཤིན་ཏུ་བརྩོན་འགྲུས་རྩོམ་པར་འགྱུར་རོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་བྱིན་གྱིས་བརླབ་པའི་ཕྱིར་རྫུ་འཕྲུལ་གྱི་མཐུས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དྲི་དང་བསྲུང་ངོ་།། ངོ་མཚར་རྨད་དང་ལྡན་པས་ཡོངས་སུ་ཁྱབ་པར་གྱུར་ཏེ། སེམས་ཅན་རྣམས་གཅིག་ལ་གཅིག་བྱམས་པའི་སེམས་ཀྱིས་བལྟ་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ལྟར་བྱིན་གྱིས་བརླབས་ནས། འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇིག་རྟེན་འཛིན་ང་ཆོས་ཀྱི་ཕྱག་རྒྱའི་མདོ་སྡེ་འདི་བྱིན་གྱིས་བརླབས་པ་ནི་ཐམས་ཅད་ཀྱི་ཐེ་ཙོམ་གཅད་པའི་ཕྱིར་རོ། ། འཇིག་རྟེན་འཛིན་གང་ཞིག་གིས་མདོ་སྡེ་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ན་རིང་པོ་མི་ཐོགས་པར་ཐམས་ཅད་མཁྱེན་པའི་ཡ་ཤེས་སུ་འགྱུར་རོ། ། སྔོན་གྱི་སྨོན་ལམ་ལ་གནས་པ་ནི་མ་གཏོགས་ཏེ། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་བྱས་པ་ཕྱོགས་ཅིག་གཅིག་བཤད་པར་བྱའོ།། གལ་ཏེ་སྟོང་གསུམ་གྱི་སྟོང་རིན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་ཡོངས་སུ་གང་བ་ཐམས་ཅད་དམྱལ་བ་ཆེན་པོར་ལྷུང་ལ། དེ་ལ་སྐྱེས་བུ་གཅིག་གིས་འདི་སྐད་དུ་དེ་དག་ལ་ཁྱེད་རྣམས་མ་འཇིགས་ཤིག། ཁྱེད་རྣམས་ཀྱི་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་ཀུན་སོ་སོ་ནས་ངས་བླང་ངོ་ཞེས་སྨྲས་ཏེ། སེམས་ཅན་དེ་དག་ནི་དམྱལ་བ་ཆེན་པོ་ལས་ཐར་ལ། དེ་དག་གི་དམྱལ་བའི་སྡུག་བསྔལ་ཀུན་སོ་སོར་རེ་རེ་ནས་ལོ་བརྒྱ་སྟོང་གི་བར་དུ་ལུས་ཀྱིས་བླངས་ན། དགའ་བོ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ། སྐྱེས་བུ་དེས་བདེ་བ་ཆེན་པོ་དང་ཕན་པ་ཆེན་པོ་བྱས་པ་ཡིན་ནམ། དགའ་བོས་གསོལ་བ། བཅོམ་ལྡན་འདས་དེ་ནི་ཤིན་ཏུ་ཕན་པ་ཆེན་པོ་དང་། བདེ་བ་ཆེན་པོ་བགྱིད་པ་ལགས་སོ།། དགའ་བོ་སྐྱེས་བུ་དེས་སེམས་ཅན་དེ་དག་དམྱལ་བ་ལས་བྱུང་ནས་ཀྱང་བདག་གིས་མཐུ་རྩལ་གྱིས་ཐམ་ཅད་ཀྱི་འཇིག་རྟེན་གྱི་བདེ་བ་མཆོག་དམ་པ་དང་ལྡན་པར་བྱས་ན། དགའ་བོ་སྐྱེས་བུ་དེས་ཤིན་ཏུ་དྲིན་གྱིས་ཕན་གདགས་ཤིང་སེམས་ཅན་དག་ལ་ཤིན་ཏུ་བདེ་བ་བྱིན་ནམ། མེད་པར་བརྒྱ་སྟོང་གི་བར་དུ་བསྒྲུབས་པའི་ཆོས་ཀྱི་དཀོན་མཆོག་གི་སྡེ་སྣོད་འདི་ལྷ་དང་མི་རྣམས་ལ་རྒྱས་པར་ཤོད་ཅིག། དེའི་ཚེ་བཟང་སྐྱོང་ལ་སོགས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། ། བདག་ཅག་གིས་རྔོ་ཅི་ཐོགས་པ་དང་། བཅོམ་ལྡན་འདས་ཀྱི་བྱིན་གྱིས་ཕྱི་མ་མ་མཆིས་པའི་དུས་སུ་ཆོས་ཀྱི་དཀོན་མ་ཆོག་འདི་རྒྱས་པར་སྟོན་ཅིང་བཤད་པར་འཚལ་ལོ་ཞེས་གསོལ་ཏོ། ། ཆོས་ཀྱི་ཕྱག་རྒྱའི་མདོ་སྡེ་འདི་གསུང་བའི་ཚེ། དཔག་ཏུ་མེད། ཚད་མེད། གྲངས་མེད་པ་སྙེད་ཀྱི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་རྩ་བ་ལྷུན་གྱིས་གྲུབ་བོ། ། སེམས་ཅན་ཚད་མེད་པ་བརྒྱ་སྟོང་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་ལུང་བསྟན་ཏོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ནས། བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་དང་། བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་དྲག་དང་། འཁོར་རྣམ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་འོ། ། གདམས་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཉིས་སོ།། །། འཕགས་པ་འཇིག་རྟེན་འཛིན་ཅེས་བྱ་བའི་མདོ་རྫོགས་སོ།།

CLOSE WINDOW