CLOSE WINDOW

S150: འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

མི་རྟག་པ་ཉིད་ཀྱི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་པྲ་ཏྱུད་པན་ན་བུདྡྷ་སམ་མུ་ཁ་ཨ་བསྠི་ཏ་ས་མཱ་དྷི་ན་མ་མ་ཧཱ་རཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དག་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། བྱ་བ་བྱས་པ་བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། རྣམ་པར་ཐར་པ་བརྒྱད་ཐོབ་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི། འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ཞེས་བྱ་བ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་ཐམས་ཅད་ཀྱང་ཁྱིམ་པར་གྱུར་ཅིང་བསླབ་པའི་གཞི་ལྔ་ཡོངས་སུ་བཟུང་བ་ཤ་སྟག་དང་ལྷན་ཅིག་ཏུ་ཆོས་ཉན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞམ་རིང་བྱེད་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ཕྱེ་མ་རེད་ཀྱི་ཚེ། ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འདུག་གོ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པོ་དེ་དག་ཀྱང་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོངངོ་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ།། དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་ཀྱང་ཕྱེ་མ་རེད་ཀྱི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགྲོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ། ། ཡང་དེའི་ཚེ་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་དབྱར་གནས་ནས། དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་གཅིག་ཏུ་རིམ་གྱིས་ཡུལ་རྒྱུ་ཞིང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ། མངོན་པར་མཛད་པས། དགེ་སློང་གང་དག་ཡུལ་སོ་སོ་ན་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདུས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དོ།། ཡང་དེའི་ཚེ་སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པར། དགེ་སློང་འབུམ་ལྷན་ཅིག་འདུས་ཏེ་འཁོད་པར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་སོགས་པ། དགེ་སློང་མ་སུམ་ཁྲི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེནོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ཀ་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀོན་མཆོག་འབྱུང་གནས་ཞེས་བྱ་བ་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ལི་ཙི་བྱི་གཞོན་ནུ་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་འབྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕུག་སྦས་ཀྱང་། གྲོང་ཁྱེར་ཆེན་པོ་ཙམ་པ་ཡ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལྔ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདམ་བུས་བྱིན་ཀྱང་གྲོང་ཁྱེར་ཆེན་པོ་ཝ་ར་ཎ་སི་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚམས་བཟང་ཡང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅི་མདུན་དུ་བདར་ནས། ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེད་དཔོན་ཆེན་པོ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཀྱང་། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོས་བྱིན་ཀྱང་། ཀོའུ་ཤམ་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་གལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་པ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་ཡང་གནས་བཅས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་ཉི་ཁྲི་བརྒྱད་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། ལྷན་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྤགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། རྒྱལ་པོ་མ་སྐྱེས་དགྲ་ཡང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་སུམ་ཁྲི་ཙམ་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བད་རོ་ནས། ལྷན་ཅིག་ཏུ་སྨིག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྨན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་དཔལ་བཟངས་ཀྱང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་། ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འད་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་ཡང་གནས་གཙང་མིའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདྲ་ཀྱི་སྤྱན་སྔར་ཕྱོགས་གཅིག་ཏུ་འཁོད་པ་དང་། ལྷ་མ་ཡིན་གྱི་དབང་པོ་བཞི་ཡང་། ལྷ་མ་ཡིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག། ཀླུའི་རྒྱལ་པོ་མ་དྲོས་པ་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག། ཀླུའི་རྒྱལ་པོ་གཟི་ཅན་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ག་ལ་བ་དེར་དེང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དོ། ། ཡང་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདྲི། འདི་ནས་སྟེང་དུ་ཚངས་པའི་འཇིག་རྟེ། མན་ཆད་ཐ་ན་ཁར་བའི་རྩེ་མོ་གཟུགས་པའི་ས་ཁྱོན་ཙམ་ཡང་དབང་ཆེ་བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མ་གང་བ་གང་ཡང་མེད་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་སྟན་ལྔ་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབ་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་གང་ལ་གནས་ན། ཐོས་པ་རྒྱ་མཚོ་འདྲ་བ་དང་། ཐོས་པ་བསགས་པ་རྣམས་སུ་འགྱུར་བ་དང་། ནེམ་ནུར་མ་མཆིས་པ་དང་། ཐེ་ཙོམ་མ་མཆིས་པ་དང་། ཡིད་གཉིས་མ་མཆིས་པ་རྣམས་སུ་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མི་ཉམས་ཤིང་ཡོངས་སུ་མི་ཉམས་པ་རྣམས་སུ་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་མི་སྐྱེ་བ་དང་། སྐྱེ་བ་དྲན་པ་རྣམས་སུ་འགྱུར་བ་དང་། ཐ་ན་རྨི་ལམ་དུ་ཡང་དེ་བཞིན་གཤེགས་པ་མཐོང་བ་དང་མི་འབྲལ་བ་རྣམས་སུ་འགྱུར་བ་དང་། གཟུགས་བཟང་ཞིང་མཛེ་ལ་བལྟ་ན་སྡུག་ཅིང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་རྣམས་སུ་འགྱུར་བ་དང་། རིགས་མཐོ་བ་དང་། རིགས་ཆེ་བ་རྣམས་སུ་འགྱུར་བ་དང་། གཡོག་འཁོར་མང་ཞིང་གཡོག་འཁོར་མི་བྱེད་པ་རྣམསུ་འགྱུར་བ་དང་། རྟོགས་པ་དང་ལྡན་པ་རྣམ་སུ་འགྱུར་བ་དང་། དྲན་པ་དང་ལྡན་པ་རྣམ་སུ་འགྱུར་བ་དང་། བློ་གྲོ་དང་ལྡན་པ་རྣམསུ་འགྱུར་བ་དང་། དཔལ་དང་ལྡན་པ་རྣམ་སུ་འགྱུར་བ་དང་། བརྟན་པ་དང་ལྡན་པ་རྣམ་སུ་འགྱུར་བ་དང་། རྫུ་འཕྲུལ་དང་ལྡན་པ་རྣམསུ་འགྱུར་བ་དང་། ཤེས་རབ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བསོད་ནམས་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ང་རྒྱལ་བཅག་པ་རྣམས་སུ་འགྱུར་བ་དང་། བྱམས་པ་ལ་གནས་པ་རྣམས་སུ་འགྱུར་བ་དང་། ཡེ་ཤེས་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བློ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། བརྩོན་འགྲུས་དང་ལྡན་པ་རྣམས་སུ་འགྱུར་བ་དང་། མ་ཞུམ་པ་རྣམས་སུ་འགྱུར་བ་དང་། དོན་གྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཆོས་ཀྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཞི་གནས་ཀྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ལྷག་མཐོང་གི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། བསམ་གཏན་གྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཏིང་ངེ་འཛིན་གྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། ཤེས་རབ་ཀྱི་རྗེས་སུ་འགྲོ་བ་རྣམས་སུ་འགྱུར་བ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ཀྱིས་མི་སྐྲག་མི་དང་ང་དངང་བར་མི་འགྱུར་བ་རྣམས་སུ་འགྱུར་བ་དང་། གཡང་ས་ཆེན་པོར་མི་ལྟུང་བའི་སྟེང་དུ་ཆོས་རབ་ཏུ་འཛིན་པ་དང་ཆོས་སྨྲ་བ་ཆེན་པོ་རྣམསུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་སེམས་ཀྱིས་སྨོན་པ་དེ་དང་དེར་སྐྱེ་བ་དང་། མུ་སྟེགས་ཅན་གྱི་གནས་ཐམས་ཅད་ཀྱི་ཡོངས་སུ་མི་ཟིན་པ་རྣམས་སུ་འགྱུར་བ་དང་། རྒྱུའི་སྟོབས་ཅན་རྣམས་སུ་འགྱུར་གྱི། རྐྱེན་གྱི་སྟོབས་ཅན་རྣམས་སུ་མི་འགྱུར་བ་དང་། བསམ་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། སྦྱོར་བའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། དབང་པོའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། དམིགས་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། ངེས་པར་སེམས་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། ཞི་གནས་ཀྱི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། རྣམ་པར་ལྟ་བའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། མོས་པའི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། སྨོན་ལམ་གྱི་སྟོབས་ཅན་རྣམས་སུ་འགྱུར་བ་དང་། བསམ་པ་ཡོངས་སུ་མི་ཟད་པ་རྣམས་སུ་འགྱུར་བ་དང་། ཐོས་པ་རྒྱ་མཚོ་དང་མཚུངས་པས་རྒྱ་མཚོ་ཆུ་གཏེར་ལྟ་བུ་རྣམས་སུ་འགྱུར་བ་དང་། དཀར་པོའི་ཆོས་ཡོངས་སུ་རྫོགས་པས་ཟླ་བ་ལྟ་བུ་རྣམས་སུ་འགྱུར་བ་དང་། མི་ཤེས་པའི་མུན་པ་བསལ་བས་ཉི་མ་ལྟ་བུ་རྣམས་སུ་འགྱུར་བ་དང་། སྣང་བར་བྱེད་པས་མར་མེ་རྣམས་སུ་འགྱུར་བ་དང་ཤིན་ཏུ་མི་གོས་པས་བར་སྣང་ལྟ་བུ་རྣམས་སུ་འགྱུར་བ་དང་། སེམས་ནམ་མཁའ་དང་མཚུངས་པས་མི་གནས་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ངེས་པར་རྟོགས་པས་རྡོ་རྗེ་ཟུརྣམས་སུ་འགྱུར་བ་དང་། མཐུ་བརྟན་པས་རིཀྟ་བུ་རྣམས་སུ་འགྱུར་བ་དང་། མི་གཡོ་བས་བརྟན་པའི་ཆོས་ཅན་རྣམས་སུ་འགྱུར་བ་དང་། ལེགས་པར་གནས་པས་སྐྲ་འཐེམ་པ་ལྟ་བུ་རྣམ་སུ་འགྱུར་བ་དང་། སེམས་ལས་སུ་རུང་བས་བྱི་ལའི་པགས་པ་ལྟ་བུ་རྣམས་སུ་འགྱུར་བ་དང་། བྱ་ལྟར་གང་དང་གང་དུ་འདོད་པར་འགྲོ་བས་ཡོངས་སུ་འཛིན་པ་མ་མཆིས་པ་རྣམས་སུ་འགྱུར་བ་དང་། གདོལ་བུ་ལྟ་བུར་ང་རྒྱལ་བ་ཅག་པ་རྣམས་སུ་འགྱུར་བ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། བྲང་འཁོར་ལ་མངོན་པར་དགའ་བ་མི་སྐྱེད་པ་དང་། རི་དགས་དང་སྤྲེའུ་དང་མཚུངས་པས་དགོན་པ་ལ་མངོན་པར་དགའ་བ་རྣམས་སུ་འགྱུར་བ་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་ལྷན་ཅིག་ཏུ་མི་སྟེན་པས་མ་འདྲེས་པ་རྣམས་སུ་འགྱུར་བ་དང་། ཚོགས་ཡོངས་སུ་སྡུས་པས་ཚོགས་ཀྱི་སྟོན་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་མི་བསྐྱོད་པ་རྣམས་སུ་འགྱུར་བ་དང་། བདུད་ཐམས་ཅད་ཀྱིས་གདུལ་དཀའ་བ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ཤིན་ཏུ་ངེས་པར་ཤེས་པས། སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་སུ་འགྱུར་བ་དང་། བྱམས་པ་ཆེན་པོ་རབ་ཏུ་མི་གཡོ་བས་ཟིལ་གྱི་གནོམ་པ་དཀའ་ཞིང་། བསམ་པ་བརྟན་པོ་རྣམས་སུ་འགྱུར་བ་དང་། དམིགས་སུ་མེད་པ་ལ་སྤྱད་ཅིང་། བརྗོད་དུ་མེད་པའི་སྤྱོད་ཡུལ་དང་ལྡན་པས་ལྷག་པའི་བསམ་པ་ཟབ་པ་རྣམས་སུ་འགྱུར། བ་དང་། ཆོས་ཀྱི་ཤུགས་ཀྱི་དགའ་བས་བག་ཡོད་པ་མང་ཞིང་བསམ་པ་མཉེན་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོའི་ལས་བགྱིད་པས་ལྷག་པའི་བསམ་པ་རྒྱ་ཆེ་བ་རྣམས་སུ་འགྱུར་བ་དང་། དགེ་བའི་རྩ་བ་སྣ་ཚོགས་ཡང་དག་པར་བསྒྲུབས་པས་ལྷག་པའི་བསམ་པ་སྣ་ཚོགས་སུ་འགྱུར་བ་དང་། རྒྱན་གྱིས་བརྒྱན་པ་རྣམ་པར་དག་པས་ལྷག་པའི་བསམ་པ་དགེ་བ་རྣམསུ་འགྱུར་བ་དང་། བརྫུན་དང་། ཁོང་ཁྲོ་བའི་སྐྱོན་སྤངས་པས་ལྷག་པའི་བསམ་པ་བཟང་པོ་རྣམས་སུ་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་ཐོབ་པས་ལྷག་པའི་བསམ་པ་ཡོངས་སུ་དག་པ་རྣམས་སུ་འགྱུར་བ་དང་། སེམས་དང་ཞིང་ཐ་བ་མེད་པ་ལ་ཤེས་རབ་རྒྱས་པ་ཡོངས་སུ་བཟུང་བས་ཡང་བདེ་བའི་ལྷག་པའི་བསམ་པ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་གྱིས་བརྒྱན་པ་རྣམ་པར་དག་པས་བཀོད་པ་ཆེན་པོ་ལ་སྨད་པའི་ལྷག་པའི་བསམ་པ་རྣམས་སུ་འགྱུར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཡིད་ལ་བགྱི་བ་དང་བྲལ་བས་ཚུལ་ཁྲིམས་ཡོངས་སུ་དག་པ་རྣམས་སུ་འགྱུར་བ་དང་། བརྩམས་པ་ཐམས་ཅད་ཉམས་སུ་ལེན་པས་ཡི་དམ་ལ་བརྟན་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྗེས་སུ་སྤྱོད་པའི་སྔོན་དུ་འགྲོ་བ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡོངས་སུ་མི་འཇིགས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཕྱིར་མི་ལྡོག་པ་རྣམས་སུ་འགྱུར་བ་དང་། བདུད་དང་མུ་སྟེགས་ཅན་གཞན་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ་རྣམས་སུ་འགྱུར་བ་དང་། ཡིད་ལ་བྱེད་པ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལ་གཞོག་པས་ཆོས་ཐམས་ཅད་ལ་མོས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ལ་ཕར་འདུ་ཤེས་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ལ་སྣང་བ་སྐྱེ་པས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་བས། ཤེས་པ་སྒྲུབ་པ་མེད་པ་རྣམས་སུ་འགྱུར་བ་དང་ཆོས་ཐམས་ཅད་ལ་རློམ་སེམས་མེད་པས་སྒྱུ་མའི་སྐྱེས་བུ་རྣམས་སུ་འགྱུར་བ་དང་། མ་སྐྱེས་མ་འོངས་ཤིང་འགྲོ་བ་མེད་པའི་ཆོས་དང་ལྡན་པས་སྤྲུལ་པ་ལྟ་བུ་རྣམས་སུ་འགྱུར་བ་དང་། དུས་གསུམ་ལ་རྟོག་པས་རྨི་ལམ་ལྟ་བུ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རང་གི་ལུས་ཡང་དག་པར་སྟོན་པས་གཟུགས་བརྙན་ལྟ་བུ་རྣམས་སུ་འགྱུར་བ་དང་། འཕོ་བ་མེད་ཅིང་མི་གནས་ལ་རྟེན་པ་མེད་པའི་ཆོས་ཅན་པས་བྲག་ཆ་ལྟ་བུ་རྣམས་སུ་འགྱུར་བ་དང་། འཆི་འཕོ་དང་སྐྱེ་བ་ཐམས་ཅད་ལ་གྲིབ་མ་ལྟ་བུ་རྣམས་སུ་འགྱུར་བ་དང་། དངོས་པོའི་འདུ་ཤེས་སྤངས་པས་དངོས་པོ་མེད་པར་ཤེས་པ་ལ་གནས་པ་རྣམས་སུ་འགྱུར་བ་དང་། གཉིས་ལ་ཀུན་ཏུ་སྤྱོད་པ་མེད་པས་མཚན་ཉིད་མེད་པའི་ཆོས་ལ་གཞོལ་བ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་ཀྱི་སེམས་ཚད་མེད་པས་ཆོས་ཀྱི་དབྱིངས་ཀྱི་མཐས་གཏུགས་པ་རྣམས་སུ་འགྱུར་བ་དང་། སེམས་ཀྱི་རྒྱུད་མི་གཡོ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་གཡོ་བ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་མི་ཆགས་པའི་སྤྱོད་ཡུལ་དང་ལྡན་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་ལ་མཁས་པས། གཟུངས་ཀྱི་སྒོར་ཞུགས་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་གྱུར་པས་ཆོས་ཀྱིས་སྣོད་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་བསྟན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སུ་འགྱུར་བ་དང་། ཁྱུ་མཆོག་དང་སེང་གེ་སྒྲ་སྒྲོགས་པས་བག་ཚ་བ་མེད་པ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་པ་ཐམས་ཅད་ཡང་དག་པར་དགའ་བ་བྱེད་པས་འཇིག་པ་མེད་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་དང་མཉམ་པས་རྨོངས་པ་མེད་པ་རྣམས་སུ་འགྱུར་བ་དང་། ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་ཅིང་ཐེ་ཙོམ་དང་བྲལ་བས་དེ་བཞིན་ཉིད་རབ་ཏུ་རྟོགས་པ་རྣམས་སུ་འགྱུར་བ་དང་། དྲིས་པ་ཐམས་ཅད་ལུང་བསྟན་པ་ལ་སྲིད་པ་དང་དུས་གསུམ་སྟོན་ནུས་པ་རྣམས་སུ་འགྱུར་བ་དང་། སྙིང་རྗེ་ཆེན་པོ་ཐོབ་པས་ཕན་པ་འདོད་པ་རྣམས་སུ་འགྱུར་བ་དང་། ཆོས་སྟོན་པ་ལ་ངལ་བ་མེད་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཡོངསུ་མི་གཏོང་བ་ལ་གནས་པ་རྣམས་སུ་འགྱུར་པ་དང་། སྒྱུ་མེད་པས་གཡོ་མེད་པ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མར་གྱུར་པས། དྲང་པོ་རྣམས་སུ་འགྱུར་བ་དང་། ཁམས་གསུམ་ཐམ་ཅད་ན་ཚད་མེད་པ་རྣམས་སུ་འགྱུར་བ་དང་། ཐ་སྙད་ཙམ་དུ་རྣམ་པར་དཔྱོད་པས། ཉོན་མོངས་པ་མེད་པ་གནས་པ་རྣམས་སུ་འགྱུར་བ་དང་། གཞི་མེད་པ་ལ་དགའ་བས། མ་འདྲེས་པར་གནས་པ་རྣམས་སུ་འགྱུར་བ་དང་། རྣམ་པར་མི་རྟོག་པའི་ཆོས་ཅན་པས། ཡང་དག་པའི་མཐའ་ལ་གནས་པ་རྣམས་སུ་འགྱུར་བ་དང་། ཐེག་པ་ཆེན་པོ་ལ་སེམས་ཅན་ཐམས་ཅད་གཞོག་པས། ཐམས་ཅད་མཁྱེན་པའི་གཏམ་ཡང་དག་པར་སྟོན་པ་རྣམས་སུ་འགྱུར་བ་དང་། འཇིགས་ཤིང་སྤུ་ཟིང་ཞེས་བྱེད་པ་ཐམས་ཅད་དང་བྲལ་བས། མི་འཇིགས་པ་ཐོབ་པ་རྣམས་སུ་འགྱུར་བ་དང་། མདོ་སྡེའི་ཆོས་ཀྱི་རྣམ་གྲངས་ཐམས་ཅད་ལ་དེ་བཞིན་གཤེགས་པས་དགོངས་ཏེ། གསུངས་པ་ལ་མཁས་པ་རྣམས་སུ་འགྱུར་བ་དང་། འཁོར་ཐམས་ཅད་ཀྱི་ནང་དུ་ཉེ་བར་འགྲོ་བས། བཞིན་ཀུན་ཏུ་སྟོན་པ་རྣམས་སུ་འགྱུར་བ་དང་། ཐེག་པ་ཆེན་པོ་ལ་འཇིག་རྟེན་པ་ཐམས་ཅད་ཀྱིས་མཆོད་ཅིང་ཐམས་ཅད་མཁྱེན་པ་ལྟར་བསོད་རྣམས་ཀྱི་བདག་པོ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་པ་ཐམས་ཅད་ཀྱི་སྦྱིན་གནས་སུ་གྱུར་པས། ཡོན་ཏན་ཟད་མི་ཤེས་པ་རྣམས་སུ་གྱུར་པ་དང་། དེ་བཞིན་གཤེགས་པའི་ཞབས་ཀྱི་དྲང་དུ་དགའ་བ་དང་དད་པ་ཆེན་པོ་རབ་ཏུ་རྙེད་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་དྲི་བ་ལ་དགེ་བའི་སྤོབས་པ་ཅན་རྣམས་སུ་འགྱུར་བ་དང་། འཁོར་གྱི་ནང་དུ་འཇིགས་ཤིང་བག་ཚ་བ་སྤངས་པས་ཡིངསུ་མི་འགོང་པ་རྣམས་སུ་འགྱུར་བ། དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་སྨྲ་བའི་སྟག་ལྟ་བུ་རྣམས་སུ་འགྱུར་བ་དང་། ཕ་རོལ་གྱི་ཕྱོགས་ཐམས་ཅད་འཇོམས་པས་དམ་བཅས་པ་མ་ཉམས་པ་རྣམས་སུ་འགྱུར་བ་དང་སངས་རྒྱས་ཐམས་ཅད་ཀྱིས་གནང་བས་ཆོས་ཀྱི་འཕེལ་བའི་གཏམ་གཏན་ལ་འབེབས་པའི་ཕྱིར། སེང་གེའི་སྒྲ་སྒྲོག་ཅིང་སེང་གེའི་ཁྲི་ལ་འདུག་པ་མང་བ་རྣམས་སུ་འགྱུར་བ་དང་། ཡང་དག་པར་བརྗོད་པ་ལ་འཇུག་པ་ཐམས་ཅད་རབ་ཏུ་རྟོགས་པས་འཇིག་རྟེན་རྒྱང་འཕེན་པ་ཐམས་ཅད་མ་བསྟན་པ་རྣམས་སུ་འགྱུར་བ་དང་། སངས་རྒྱས་སུ་འགྱུར་བའི་རྒྱུ་ལ་གནས་པས་དམ་པའི་ཆོས་སྨྲ་བ་རྣམས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཁམས་འབྲིང་འགྱིད་པས་ཆོས་འདོད་པ་རྣམས་སུ་འགྱུར་བ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བགྱིད་པས་མི་སྐྱོ་བ་རྣམས་སུ་འགྱུར་བ་དང་། ཕྱོགས་བཅུར་རྣམ་པར་རྒྱུ་བས་གནས་མ་མཆིས་པ་རྣམས་སུ་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད་པས་སྨོན་ལམ་འདེབས་པ་རྣམས་སུ་འགྱུར་བ་དང་། རིན་པོ་ཆེའི་མཆོག་ལང་ལ་སོས་པར་བགྱིད་པ་ལ་མཁས་པས་ཆོས་ཀྱི་མཚོར་ཞུགས་པ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལས་མི་གཡོ་བ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་ཆོ་འཕྲུལ་གྱིས་རྣམ་པར་རོལ་པ་སྤྱོད་པས་ཆོ་འཕྲུལ་ཆེན་པོ་མྱོང་བ་རྣམས་སུ་འགྱུར་བ་དང་། སངས་རྒྱས་བལྟ་བ་སེམས་ཀྱི་སྐད་ཅིག་གཅིག་ལ་རག་ལུས་པ་རྣམས་སུ་འགྱུར་བ་དང་། ཆོས་ལ་གུས་པ་རྙེད་པས་ཡེ་ཤེས་ཀྱིས་བསྐོར་པོ་རྣམས་སུ་འགྱུར་བ་དང་། ཆོས་ཀྱི་སྐུ་དང་འདྲ་བར་རྟོགས་པས་ནམ་མཁའ་ལྟ་བུ་རྣམས་སུ་འགྱུར་བ་དང་། སངས་རྒྱས་ཀྱི་གདུང་མི་འཆད་པར་འགྱིད་པས། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་འཛིན་དུ་འཇུག་པ་རྣམས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྒྱུན་མི་གཅོད་པ་རྣམས་སུ་འགྱུར་བ་དང་། ལེགས་པར་གནས་ཤིང་མྱུར་བའི་ཅང་ཤེས་པས་གོ་ཆ་ཆེན་པོ་བགོས་པ་རྣམས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུའི་ས་ལ་ཐམས་ཅད་མཁྱེན་པ་ཉིད་དུ་དབང་བསྐུར་བ་དབང་བསྐུར་བ་རྣམསུ་འགྱུར་བ་དང་། བགྲང་བའི་ཚུལ་གྱིས་ཆོག་ཤེས་པས་འདུ་ཤེས་ཀྱི་རྣམ་པ་ཐམས་ཅད་རབ་ཏུ་རྟོག་པ་རྣམསུ་འགྱུར་བ་དང་། གྲངས་ཀྱི་རྣམ་པ་ཐམས་ཅད་ཉེ་བར་རྟོགས་པས་འཇིག་པ་དང་འཆགས་པ་ཐམས་ཅད་ལ་མཁས་པ་རྣམས་སུ་འགྱུར་བ་དང་། གཏོང་བ་ཐམས་ཅད་ལ་ནན་ཏན་བགྱིད་པས་མི་གནས་ཤིང་ལེན་པ་མ་མཆིས་པ་རྣམས་སུ་འགྱུར་བ་དང་། འགྱོད་པ་མེད་པའི་སྦྱིན་བདག་ཆེན་པོར་གྱུར་པས་གཏོང་བ་ལ་མཁས་པ་རྣམས་སུ་འགྱུར་བ་དང་། སྲིད་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱེ་བའི་གནས་རྣམས་དོན་དུ་མི་གཉེར་བ་རྣམས་སུ་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞང་དག་མཐོང་ཞིང་ཆོས་ཀྱང་ཉན་ལ་དེ་ཡང་འཛིན་ཅིང་མི་བསྐྱེད་ལ། ། ལྔ་མངོན་པར་ཤེས་པ་ཡང་མ་ལགས།། དྲག་མངོན་པར་ཤེས་པ་ཡང་མ་ལགས་ཤིང་། བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ན་གནས་པ་ཡང་མ་ལེགས་ལ། བྱང་ཆུབ་སེམས་དཔའ་དེ་རྣམས་འཇིག་རྟེན་གྱི་ཁམས་འདྲི་ཉིད་ན་གནས། བཞིན་དུ་སངས་རྒྱས་རྣམས་ཀྱང་མཐོང་ལ། ཆོས་ཀྱང་ཉན་ཅིང་དེ་ཐམས་ཅད་ཀྱང་ཀུན་ཏུ་ཤེས་ཏེ། ཇི་ལྟར་བདག་ད་ལྟར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ན་མཆིས་བཞིན་དུ་ཐེ་ཙོམ་དང་ནེམ་ནུར་མ་མཆིས་པ་དེ་བཞིན་དུ། བྱང་ཆུབ་སེམསད་པའ་དེ་རྣམས་ཀྱང་ཐ་ན་རྨི་ལམ་ན་ཡང་སངས་རྒྱས་མཐོང་ཞིང་ཚེ་ཉན་པ་དང་མི་འབྲེལ་བ་རྣམས་སུ་འགྱུར་བའི་ཏིང་ངེ་འཛིན་གང་ལགས། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དང་པོའོ།། །། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ལེགས་སོ་ལེགས་སོ།། ཡང་བཟང་སྐྱོང་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕྲན་པ་དང་བདེ་བའི་ཕྱིར་ཞུགས་ཤིང་བཟང་སྐྱོང་ཁྱོད་དེ་ལྟར་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ། ། བཟང་སྐྱོང་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་དོན་དུ་གཉེར་བ། ཆོས་འདོད་པ། མི་དམིགས་པར་ཚངས་པར་སྤྱོད་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་སློང་བར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་དགའ་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་འཛིན་དུ་འཇུག་པ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་གཟེངས་བསྟོད་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ལུང་འབོག་པ། བྱང་ཆུབ་སེམས་དཔའ་རྣམས་སྒྲུབ་པར་བྱེད་པ། བྱང་ཆུབ་སེམས་དཔའ་ལ་ཕན་པར་འདོད་པ། སྙིང་རྗེ་ཆེ་བ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། སངས་རྒྱས་མཐོང་བ། སྨོན་ལམ་རྒྱ་ཆེ་བ། སྤྱོད་ཡུལ་ཟབ་པ། ཐམས་ཅད་མཁྱེན་པ་སེམས་པ། བྱང་ཆུབ་ཡང་དག་པར་འཛིན་པ། དེ་བཞིན་གཤེགས་པ་ལུང་སྟོན་པ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལྟ་བུ་དང་མཉམ་གླིང་མཚུངས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཀུན་ཏུ་སྤྱོད་པ་ལ་མཁས་པ། སངས་རྒྱས་ཐམས་ཅད་དང་མངོན་སུམ་དུ་གནས་པ་སྟེ། བཟང་སྐྱོང་ཁྱོད་ཀྱི་ཡོན་ཏན་ཡོཛིན་ལྔ་འཐར་མི་ཕྱིན་ཏོ། ། བཟང་སྐྱོང་ད་ལྟར་གྱིས་ང་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེ་བཟུང་ཞིང་མ་བརྗེད་ལ་རྣ་བ་བླུགས་ཏེ། ཉན་ཅིང་སེམས་མི་གཡེང་བ་རྙེད་ན། ཡོན་ཏན་གྱི་ཁྱད་པར་དེ་དག་རྙེད་པ་མི་དཀའ་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་དེ་བས་ན་དེ་བཞིན་གཤེགས་པས་ཏིང་ངེ་འཛིན་དེ་བཤད་པར་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མིའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་ཞིང་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་ལ་ཡང་སྣང་བ་ཆེན་པོ་བགྱིས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཟང་སྐྱོང་དེ་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། ། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་བར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ཆོས་གཅིག་ལ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ། མང་དུ་བྱས། ལམ་དུ་བྱས། གཞིར་བྱས།། ཡང་དག་པར་བསླང་།། ལེག་པར་བྱང་བབ། ཤིན་ཏུ་ཡོངསུ་སྤངས། ཤིན་ཏུ་མཉམ་པར་གཞག། ཤིན་ཏུ་ཡང་དག་པར་བརྩམས་ན། ཡོན་ཏན་ཐམས་ཅད་ཁྱད་པར་དུ་འཕགས་པར་འགྱུར་རོ།། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ད་ལྟར་གྱི་སངས་རྒྱས་མངོན། སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། མང་དུ་ཐོས་པ་སྔོན་དུ་འགྲོ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ།། བཟང་སྐྱོང་དེ་ལ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་དམིགས་པའི་སེམས་ཡིད་ལ་བྱེད་པ། སེམས་མི་གཡེང་བ། དྲན་པ་ཉེ་བར་གནས་པ་དང་ཤེས་རབ་ཐོབ་པ། བརྩོན་འགྲུས་མི་གཏོང་བ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་བཀུར་བྱེད་པ། སྟོང་པ་ཉིད་ལ་ཀུན་ཏུ་ལྟ་བ། སྒོམ་པ་མང་དུ་བྱེད་པ། སྒྲིབ་པ་རྣམས་སྤྱོད་པ། རྨུགས་པ་དང་གཉི་རྣམ་པར་སྤོང་བ། གཏམ་ཡོངས་སུ་སྤོང་བ། སྡིག་པའི་གྲོགས་པོ་རྣམས་རྣམ་པར་སྤོང་བ། དགེ་བའི་བཤེས་གཉེན་རྣམས་ལ་ངེས་པར་བསྟེན་པ། དབང་པོ་རྣམས་མིག་ཡེང་བ། ཟས་ཀྱི་ཚོད་ཤེས་པ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བའི་བརྩོན་འགྲུས་དང་ལྡན་པ། གོས་དང་ཟས་དང་། མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ལ་མི་ཆགས་པ་དགོན་པ་ལ་གནས་པ་མི་གཏོང་བ། ལུས་ལཱ་ཆེད་ཆེར་མི་བྱེད་པ། སྲོག་ལ་མི་ལྟ་བ། ལུས་གཏོང་བ། སེམས་ཅན་ལ་ཕན་འདོག་པ། གཉེན་རྣམས་ཡོངས་སུ་སྤོང་བ། སྐྱེས་པའི་ས་རིང་དུ་བྱེད་པ། བྱམས་པ་ལ་ཀུན་ཏུ་སྟེན་པ། སྙིང་རྗེ་ཐོབ་པ། དགའ་བ་ལ་གནས་པ། བཏང་སྙོམས་སྒོམ་པ། ཉེ་བའི་ཉོན་མོངས་པ་རྣམས་ཡོངས་སུ་གཏོང་བ། བསམ་གཏན་རྣམས་གྲུབ་ཅིང་དེ་དག་གི་རོ་མྱང་བར་མི་བྱེད་པ། གཟུགས་ཀྱི་འདུ་ཤེས་རྣམ་པར་འཇིག་པ། མི་སྡུག་པའི་འདུ་ཤེས་རྙེད་པ། དྲན་པ་མི་གཡེང་བ། ཕུང་པོ་རྣམས་སུ་མི་འཛིན་པ། ཁམས་རྣམ་ལ་རློམ་སེམས་མེད་པ། སྐྱེ་མཆེད་རྣམས་ལ་མངོན་པར་མི་ཆགས་པ། རིགས་སྨྲ་བས་སྙེམས་པར་མི་བྱེད་པ། ང་རྒྱལ་ཚར་གཅོད་པ། གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ། སེམས་ཅན་ལ་ཕན་པའི་གཞིར་གྱུར་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ། སེམས་ཅན་ཐམས་ཅད་མི་གཏོང་བ།། སེམས་ཅན་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་པ། སེམས་ཅན་ཐམས་ཅད་ལ་བདག་ཏུ་འདུ་ཤེས་པ། སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ། ཕར་འདུ་ཤེས་པ། བུར་འདུ་ཤེས་པ། གཉེན་དུ་འདུ་ཤེས་པ། སེམས་ཅན་ཐམས་ཅད་ལ་ཉོན་མོངས་པ་མེད་པར་འདུ་ཤེས་པ། དངོས་པོ་ཐམས་ཅད་ཡོངས་སུ་མི་འཛིན་པ། ཚུལ་ཁྲིམས་མཆོག་ཏུ་འཛིན་པ། ཏིང་ངེ་འཛིན་ལ་ངེས་པར་བསྟེན་པ། མང་དུ་ཐོས་པ་འདོད་ཅིང་དེས་ཀྱང་རློམ་སེམས་སུ་མི་བྱེད་པ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སྐྱོན་མེད་པ། ཏིང་ངེ་འཛིན་གྱི་ཕུང་པོ་ལ་གཡོ་བ་མེད་པ། ཆོས་རྣམས་ལ་ཐེ་ཙོམ་མེད་པ། སངས་རྒྱ་དང་མཐུན་པ། ཆོས་མི་སྤོང་བ། དགེ་འདུན་མི་འབྱེད་པ། ཕྲ་མའི་ཚིག་སྤོང་བ། འཕགས་པ་རྣམས་ཀྱི་དྲུང་དུ་ཉེ་བར་འགྲོ་ཞིང་དེ་དག་ལ་བསྙེན་བཀུར་བྱེད་པ། བྱིས་པ་རྣམས་རྣམ་པར་སྤོང་བ། འཇིག་རྟེན་པའི་གཏམ་ལ་མངོན་པར་མི་དགའ་ཞིང་མི་འདོད་ལ། རིང་དུ་བྱེད་པ། འཇིག་རྟེན་ལས་འདྲས་པའི་གཏམ་ལ་མངོན་པར་དགའ་ཞིང་འདོད་ལ། འདུན་ཅིང་སྟེན་པགཏམ་རྒྱུད་མ་ཡིན་པ་རྣམ་པར་སྤོང་བ། དགའ་བར་བྱེད་པའི་ཆོས་དྲུག་ལ་སྟེན་པ། སྙན་པ་རྣམས་སྨྲ་བ། སྒྲིབ་པ་ལྔ་སྤོང་བ། རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་ལ་རྟེན་པ། ཕུང་པོ་ལྔ་ཡོངས་སུ་ཤེས་པ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་སྤོང་བ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སྒོམ་པ། སྟོབས་བཅུ་སྒྲུབ་པ། ཀུན་ནས་མཱ་ནར་སེམས་ཀྱི་དངོས་པོ་དགུ་རྣམ་པར་སྦྱོང་ལ། འདུ་ཤེས་དགུ་རྣམ་པར་འཇིག་པ། ལེ་ལོའི་དངོས་པོ་བརྒྱད་རྣམ་པར་སྤོང་བ། བརྩམ་པའི་དངོས་པོ་བརྒྱད་ལ་ངེས་པར་བསྟེན་པ་ཟིལ་གྱི་གནོན་པའི་སྐུ་མཆེད་བརྒྱད་ལ་ཀུན་ཏུ་སྟེན་པ། རྣམ་པར་གྲོལ་བ་བརྒྱད་སྒོམ་པ། སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཐོབ་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མཐུན་པ། བས་གཏན་ལ་མི་ཆགས་པ། ཐོས་པས་རློམ་སེམས་མི་བྱེད་པ། ང་རྒྱལ་བཅོམ་པ། ཆོས་ཉན་པར་འདོད་པ། ཆོས་འདོད་པ། ཆོས་དྲོན་དུ་གཉེར་བ། ཆོས་ལ་འདུན་པ། ཆོས་ལ་ཕྱོགས་པ། ཆོས་ལ་འབབ་པ། ཆོས་ལ་གཞོལ་བ། ཆོས་ལ་བརྩོན་པ། བདག་ཏུ་འདུ་ཤེས་པས་རློམ་སེམས་སུ་མི་བྱེད་པ། སེམས་ཅན་དུ་འདུ་ཤེས་པ་སྤོང་བ། སྲོག་ཏུ་འདུ་ཤེས་པ་མི་དམིགས་པ། གང་ཟག་ཏུ་འདུ་ཤེས་པ་ཡོངས་སུ་སྤོང་བ། ཕུང་པོར་འདུ་ཤེས་པ་རྣམ་པར་སེལ་བ། དངོས་པོར་འདུ་ཤེས་པ་ལ་མི་གནས་པ། མྱ་ངན་ལས་འདའ་བ་མི་འདོད་པ། ཕུང་པོ་རྣམས་མི་འདོད་པ། འཁོར་བ་ལ་མི་བཟད་པའི་འཇིག་པར་འདུ་ཤེས་པ། ཕུང་པོ་རྣམས་ལ་གཤེད་མར་འདུ་ཤེས་པ། ཁམས་ལ་སྦྲུལ་གདུག་པར་འདུ་ཤེས་པ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ། ཁམས་གསུམ་ལ་མི་བདེ་བར་འདུ་ཤེས་པ། མྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་ལྟ་བ། འདོད་པ་རྣམས་ལ་མཆིལ་མའི་ཐལ་བ་ལྟར་སྤོང་བར་འདུ་ཤེས་པ། ཟས་ལ་མི་མཐུན་པར་འདུ་ཤེས་པ། མངོན་པར་འབྱུང་བ་ལ་གཞོལ་བ། ཁྱིམ་ན་གནས་པ་ལ་མངོན་པར་མི་དགའ་བ། བུ་དང་བུ་མོ་རྣམས་ལ་དགྲར་དུ་ཤེས་པ། ཆུང་མ་ལ་སྲིན་མོར་འདུ་ཤེས་པ། སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པར་དད་པ། སེམས་ནྡན་ཐམས་ཅད་དང་མི་མཐུན་པ་མེད་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པ་མེད་པ། སངས་རྒྱས་ཐམས་ཅད་མངོན་སུམ་དུ་གྱུར་པ། ལེགས་པར་བསྙེན་པར་རྫོགས་ཤིང་ཚངས་པ་ལེགས་པར་སྤྱད་པ། ལུས་ཐམས་ཅད་རྟོགས་པ། མོས་པ་ཡོངས་སུ་དག་པ་ལྷག་པའི་བསམ་པ་དགེ་བ། སེམས་ལས་སུ་རུང་བ། མི་རིགས་པ་ལ་བརྩོན་པ་རྣམས་རྣམ་པར་སྤོང་བ། རིགས་པར་བརྩོན་པ་རྣམ་པར་སྟེན་པ། མཚན་མ་ཐམས་ཅད་རྣམ་པར་སེལ་བ། དུས་གསུམ་མཉམ་པ། སངས་རྒྱས་ཐམས་ཅད་རྗེས་སུ་དྲན་པ། དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པ། སངས་རྒྱས་ཐམས་ཅདཀྱིས་བྱིན་གྱིས་བརླབས་པ། ཏིང་ངེ་འཛིན་ཐམས་ཅད་ལ་དབང་བ། སངས་རྒྱས་ཀྱི་སྐུའི་མཚན་ལ་མངོན་པར་མི་ཆགས་པ། ཆོས་ཐམས་ཅད་ལ་མཉམ་པ། འཇིག་རྟེན་དང་མི་རྩོད་པ། བྱ་བ་རྣམས་ལ་མི་མཐུན་པ་མེད་པ། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ། ངེས་པར་འབྱུང་བའི་ལམ་དེ་བཞིན་གཤེགས་པའི་ས་ལ་བཟོད་པ་ཐོབ་པ། ཆོས་ཀྱི་དབྱིངས་ལ་འཇུག་པ། ནམ་མཁའི་ཁམས་ཡོངས་སུ་ཤེས་པ། སེམས་ཅན་གྱི་ཁམས་ལ་མངོན་པར་མི་མཆོག་པ། མི་སྐྱེ་བ། མི་འགག་པ་གནས་པ་མེད་པ། མྱ་ངན་ལས་འདས་པའི་དབྱིངས་མངོན་སུམ་དུ་གྱུར་པ། ཤེས་རབ་ཀྱི་མིག་རྣམ་པར་སྦྱོང་བ། ཆོས་ཐམས་ཅད་ལ་གཉིས་སུ་མེད་པ། བྱང་ཆུབ་ཀྱི་སེམས་ལ་མཐའ་དང་དཔུང་མེད་པ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ། སངས་རྒྱས་ཐམས་ཅད་དང་ཐོགས་པ་མེད་པའི་ཡེ་ཤེས་ལ་འཇུག་པ། ཡེ་ཤེས་ལ་སྒྲིབ་པ་མེད་པ། བྱང་ཆུབ་ཀྱི་ཕྱིར་སེམས་ཡོངས་སུ་སྨིན་པ། སངས་རྒྱས་ཀྱི་ཡེ་ཤེས་གཞན་ལ་རག་མ་ལུས་པ། དགེ་བའི་བཤེས་གཉེན་རྣམས་ལ་སྟོན་པར་འདུ་ཤེས་པ། བྱང་ཆུབ་སེམས་དཔའ་རྣམས་ལཱ་མི་འབྱེད་པ། བདུད་ཀྱི་ལས་རྣམས་རྣམ་པར་སྤོང་བ། འགྲོ་བ་ཐམས་ཅད་སྤྲུལ་པ་དང་མཚུངས་པ། དེ་བཞིན་གཤེགས་པ་བལྟ་བ་ལ་མིག་ཡོར་དང་མཚུངས་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་ཚོལ་བ། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སེམས་མཉམ་པ། དེ་བཞིན་གཤེགས་པ་རྣམས་བལྟ་བ་ལ་ཡང་དག་པའི་མཐའ་དང་མཉམ་པ། སངས་རྒྱས་ཐུམས་ཅད་ལྔ་ཡོན་ཏན་གྱི་ཆོས་ཐམས་ཅད་མཉམ་པ་འདི་ནི་བཟང་སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཅེས་བྱའོ། ། བཟུང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་གཉིས་པའོ། ། །། བཟོད་སྐྱོང་ཆོས་དེ་རྣམས་ནི་ཏིང་ངེ་འཛིན་ཡོངས་སུ་སྐྱེད་པར་འགྱུར་ཏེ། བཟང་སྐྱོང་དེ་ལ་ཏིང་ངེ་འཛིན་གང་ཆོས་དེ་རྣམས་ཀྱིས་ཡོངས་སུ་སྐྱེད་པར་འགྱུར་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། འདི་ལྟ་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བཟང་སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ཡང་གང་ཞེ་ན། བཟང་སྐྱོང་དེ་ལ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད་པར་གྱུར་ལ། དེས་གཅིག་པུ་དབེན་པར་སོང་སྟེ་འདུག་ནས་འདི་སྙམ་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་དཔག་མེད་དེ་ཕྱོགས་གང་རོལ་ན་གནས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཅིང་བཞུགས་སྙམ་དུ་སེམས་བསྐྱེད་པར་བྱའོ། ། དེས་ཇི་སྐད་དུ་ཐོས་པའི་རྣམ་པས་སངས་རྒྱས་ཀྱི་ཞིང་འདི་ནས། ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འདས་པ་ན། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དབག་མེད་དེ། ད་ལྟར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ་བཞུགས་སོ་འཚོའོ།། ཞེས་སོ།། ཆོས་ཀྱང་སྟོན་ཏོ་སྙམ་དུ་ཡིད་ལ་བྱེད་དེ། དེས་ཀྱང་སེམས་མ་གཡེང་བས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་དོ། ། བཟང་སྐྱོང་འདི་ལྟ་སྟེ། སྐྱེས་པ་འམ། བུད་མེད་གང་ལ་ལ་ཞིག་ཉལ་བའི་རྨི་ལམ་དུ་གཟུགས་ཀྱི་རྣམ་པ་དག་མཐོང་སྟེ།། དངུལ་ལམ། གསེར་རམ། མཛའ་བཤེས་སམ། ཉེ་དུའམ། སྣག་གི་གཉེན་མཚམས་སམ། མཛའ་བོ་འམ། ཡིད་དུ་འོང་བ་དང་། སྡུག་པ་དང་། མི་མཐུན་པ་མེད་པ་དག་མཐོང་ལ། དེ་རྨི་ལམ་ན་དེ་དག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་ཅིང་སྨྲ་ཀུན་ཏུ་སྨྲ་བར་རྨིས་པ་ལས། དེ་སད་ནས་ཇི་ལྟར་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་དང་། སྨྲས་པ་དང་། ཀུན་ཏུ་སྨྲས་པ་དེ་ཐམས་ཅད་གཞོན་དག་ལ་ཡང་བརྗོད་ཅིང་དེ་རྨི་ལམ་གྱི་མཚན་མ་རྗེས་སུ་དྲན་པས་མཆི་ས་ཀློག་པར་བྱེད་པ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་ཡང་རུང་། གཅིག་པུ་དབེན་པར་སོང་སྟེ་འདུག་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཇི་སྐད་དུ་ཐོས་པའི་རྣམ་པསྲ་ཡིད་ལ་བྱས་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སྐྱོན་མེད་ཅིང་། དྲན་པ་གཡེང་བ་མེད་པར་ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ་བཞི་འམ། ལྔའམ། དྲུག་གམ། ཉན་ཞག་བདུན་དུ་ཡིད་ལ་བྱའོ།། དེ་གལ་ཏེ་ཉིན་ཞག་བདུན་དུ་སེམས་མིག་ཡེང་བར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཡིད་ལ་བྱེད་ན་དེ་ཉིན་ཞག་བདུན་ཡོངས་སུ་ཚང་སྟེ་འདས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་མཐོང་ངོ་།། དེ་གལ་ཏེ་ཉིན་མོ་བཅོམ་ལྡན་འདས་དེ་མ་མཐོང་ན། དེ་ཉལ་བའི་རྨི་ལམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་ཞལ་སྟོན་ཏོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། བུད་མེད་དམ། སྐྱེས་པ་ཉལ་བའི་རྨི་ལམ་ན་བདག་ཉིད་ཁྱིམ་ན་འདུག་བར་ཡང་མི་ཤེས་ཕྱོགས་ན་འདུག་པར་ཡང་མི་ཤེས་ཤིང་དེའི་མིག་གི་དབང་པོ་ལ་རྩིག་པས་སྒྲིབ་པར་མི་བྱེད། མུན་པ་དང་རབ་རིབ་ཏུ་ཡང་མི་བྱེད་པ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཇི་ལྟར་འཇིག་རྟེན་གྱི་བར་དག་གིས་སྒྲིབ་པར་ཡང་མི་བྱེད། རིའི་རྒྱལ་པོ་རི་རབ་དང་། རིའི་རྒྱལ་པོ་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དང་། དེ་བཞིན་དུ་གཞན་ཡང་རི་ནག་པོ་རྣམས་ཀྱིས་མིག་གི་དབང་པོ་ལ་སྒྲིབ་པ་མི་བྱེད་པ་དེ་ལྟ་དེ་ལྟར་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའ་དེ་ལྷའི་མིག་ཐོབ་པས།། དེ་བཞིན་གཤེགས་པ་མཐོང་བ་ཡང་མ་ཡིན། ལྷའི་རྣ་བའི་ཁམས་ཐོབ་པས་དམ་པའི་ཆོས་ཉན་པ་ཡང་ནི་མ་ཡིན། རྫུ་འཕྲུལ་གྱི་སྟོབས་ཐོབ་པས་འཇིག་རྟེན་གྱི་ཁམས་དེར་སྐད་ཅིག་ཏུ་འགྲོ་བ་ཡང་མ་ཡིན་གྱི། བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་འདི་ཉིད་ན་གནས་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་མཐོང་ཞིང་། བདག་ཉིད་འཇིག་རྟེན་གྱི་ཁམས་དེ་ན་འདུག་པ་སྙམ་དུ་ཡང་ཤེས་ལ་ཆོས་ཀྱང་ཉན་ཏོ། ། འཆད་པ་ཐོས་ནས་ཀྱང་ཆོས་དེ་དག་ཀུན་འཛིན་ཏོ།། ཀུན་ཆུབ་པར་བྱེད་དོ།། འཛིན་པར་བྱེད་དོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ལ་བཀུར་སྟིར་བྱེད་དོ། ། བླ་མར་བྱེད་དོ།། རི་མོར་བྱེད་དོ།། མཆོད་པར་བྱེད་དོ།། བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱང་ཇི་སྐད་དུ་ཐོས་པ་དང་། ཇི་ལྟར་བཟུང་བ་དང་། ཇི་ལྟར་ཀུན་ཆུབ་པར་བྱེད་པའི་ཆོས་དེ་དག་གཞན་དག་ལ་ཡང་དེ་རྒྱ་ཆེར་ཡང་དག་པར་འཆད་དོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་འདུག་པ་ལས། ཡངས་པ་ཅན་གྱི་གྲོང་ཁྱེར་ན། སྨད་འཚོང་མ་ཡིད་བཟངས་ཞེས་བྱ་བ་ཞིག་ཡོད་པར་ཐོས་སོ།། སྐྱེས་བུ་གཉིས་པས་ནི་སྨད་འཆིང་མ་ཨ་མྲ་སྐྱོང་ཞེས་བྱ་བ་ཞིག་ཡོད་པར་ཐོས་སོ། ། སྐྱེས་བུ་གསུམ་པས་ནི་སྔོན་གྱི་སྨད་འཚོང་མ་ཨུཏྤ་ལའི་མདོག་ཅེས་བྱ་བ་ཡོད་པར་ཐོས་སོ།། དེ་རྣམས་ཀྱི་དེ་དག་ཐོས་ནས་སོ་སོར་སོ་སོ་ལ་སེམས་ཆགས་པར་གྱུར་མོད་ཀྱི་སྐྱེས་བུ་དེ་རྣམས་ཀྱིས་སྨད་འཚོང་མ་དེ་རྣམས་མཐོང་བ་ནི་མ་ཡིན་ཏེ། མིང་དང་གཟུགས་ཀྱི་ཁ་དོག་ཙམ་ཞིག་ཐོས་པས་འདོད་ཆགས་ཀྱི་སེམས་སྐྱེད་པར་གྱུར་ཏོ།། དེ་དག་ཕྱི་ཕྱིར་ཞིང་དེ་ཡིད་ལ་བྱེད་བཞིན་དུ་ཉལ་བ་དང་། རྨི་ལམ་དུ་ཡང་སྨད་འཚོང་མ་དེ་དག་གི་དྲུང་དུ་བདག་ཅག་དོང་བ་སྙམ་དུ་སེམས་ཏེ། ཇི་ལྟར་སྐྱེས་བུ་དེ་དག་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན་འཁོད་ཅིང་སྔོན་མ་ཉལ་བར་དེ་ལྟར་འདོད་ཆགས་དང་ལྡན་པའི་སེམས་སྐྱེད་པ་དེ་བཞིན་དུ། སྐྱེས་བུ་དེ་དག་ཉལ་ནས་ཀྱང་། རྨི་ལམ་ན་སྨད་འཚོང་མ་དེ་དག་མཐོང་ཞིང་ཕན་ཚུན་སྤྲད་དེ་འཁྲིག་པའི་ཆོས་ལ་བསྟེན་ནས་འཁྲིག་པ་ལ་དད་པ་དེ་དག་ཡང་བྲལ་བར་གྱུར་པར་ཡང་རྨིས་སོ། ། དེ་དག་སད་ནས་ཇི་ལྟར་མཐོང་བ་དང་། ཐོས་པ་དང་། ཤེས་པ་དང་། རྟོགས་པའི་རྨི་ལམ་ན་མྱོང་བ་རྗེས་སུ་དྲན་ནས། བཟང་སྐྱོང་ཁྱོད་གང་ན་བ་དེར་དོང་སྟེ་ཕྱིན་ནས་ཁྱོད་ལ་དོན་དེ་དག་བརྗོད་དོ།། ཁྱོད་ཀྱིས་དོན་དེ་དག་ཐོས་ནས། ལུང་འདི་ཉིད་ཀྱིས་ཅི་ནས་ཀྱང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། ། ངས་ཀྱང་སྐྱེས་བུ་དེ་དག་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལེགས་པར་སད་པ་ཞེས་བྱ་བ་རྣམས་སུ་འགྱུར་རོ་ཞེས་ལུང་སྟོན་ཏོ། ། སྐྱེས་བུ་དེ་དག་བཟོད་པ་རྙེད་ཀྱང་ད་དུང་སྔོན་གྱི་མཚན་མདེ་དག་མཐོང་ཞིང་རྗེས་སུ་དྲན་ནོ། ། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་དང་ལྡན་པ་དེ་ནི་འཇིག་རྟེན་འདྲི་ཉིད་ན་འདུག་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སྤངས་རྒྱས་ཚེ་དཔག་མེད་དེ་ཐོས་སོ།། དེས་དེ་བཞིན་གཤེགས་པ་དེའི་མཚན་དང་གཟུགས་དང་། ཡོན་ཏན་ཙམ་ཞིག་ཐོས་ནས། སེམས་མི་གཡེང་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་དེ་ཡང་དག་པར་རྗེས་སུ་དྲན་པར་བྱེད་དོ། ། དེ་ཕྱི་ཕྱིར་ཞིང་ཡིད་ལ་བྱེད་པས་དེ་བཞིན་གཤེགས་པ་དེ་མཐོང་ངོ་།། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཏེ། དེས་དེ་བཞིན་གཤེགས་པ་དེ་མཐོང་ནས། བཅོམ་ལྡན་འདས་ཆོས་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བར་འགྱུར་ཞེས་ཞུ་བ་ཞུའོ། ། དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པ་དེའི་ཚེ། དེ་བཞིན་གཤེགས་པ་ལ་ཞུའོ།། དེ་སྐད་ཞུས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེས། བྱང་ཆུབ་སེམས་དྲ་བའི་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་སངས་རྒྱས་རྗེས་སུ་དྲན་པ་ཀུན་ཏུ་བསྟེན། ངེས་པར་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ན། འཇིག་རྟེན་གྱི་ཁམས་འདིར་སྐྱེ་བར་བྱེད་དོ།། སངས་རྒྱས་རྗེས་སུ་དྲན་པ་ཀུན་ཏུ་བསྟེན་ངེས་པར་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ན། སངས་རྒྱས་ཀྱི་ཞིང་འདིར་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་དེ་ལ་སངས་རྒྱས་རྗེས་སུ་དྲན་པ་དེ་གང་ཞེ་ན། འདི་ལྟ་སྟེ། གང་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་སྟེ། འདི་ལྟར་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། གསེར་གྱི་མདོག་ལྟ་བུའི་སྐུ་དང་ལྡན་པ། གསེར་གྱི་གཟུགས་འཚེར་ཞིང་གསལ་ལ་ལེགས་པར་གནས་པ་དང་འདྲ་བ། རིན་པོ་ཆེའི་མཆོད་སྡོང་ལྟར་ཤིན་ཏུ་བརྒྱན་པ། ཉན་ཐོས་ཀྱི་དགེ་འདུན་གྱི་ནང་ན་ཆོས་ཀྱང་སྟོན་ཏོ།། ཅི་ནས་ཀྱང་ཆུད་མི་ཟ་བ་དེ་ལྟར་སྟོན་ཏོ།། ཅི་ཞིག་ཆུད་མི་ཟ་ཞེ་ན། ས་ཆུད་མི་གསོན་ཏོ།། ཆུ་དང་མི་དང་རླུང་དང་འབྱུང་པོ་དང་ལྷ་དང་། བྲམ་ཟེ་དང་། སྐྱེ་དགུའི་བདག་པོ་ཆུང་མ་གསོན་ཏོ།། གཟུགས་ཆུད་མི་གཟོན་ཏོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཆུད་མི་གཟོན་ཏོ། ། དེ་དེ་བཞིན་གཤེགས་པ་རློམ་སེམས་སུ་མི་བྱེད། མི་དམིགས། མངོན་པར་མི་ཆགས། ཡང་དག་པར་མི་ཤེས། མི་རྟོག་རྣམ་པར་མི་རྟོག། ཡང་དག་པར་རྗེས་སུ་མི་མཐོང་སྟེ། གང་དེ་ལྟར་དེ་བཞིན་གཤེགས་པ་མི་དམིགས་པར་ཡིད་ལ་བྱེད་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པ་དེ་ནི་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་དེ་བསྒོམས་ཤིང་ཏིང་ངེ་འཛིན་དེ་ལ་མཉམ་པར་གཞག་ནས། ཏིང་ངེ་འཛིན་དེ་ལས་ལངས་ཏེ། བཟང་སྐྱོང་ཁྱོད་གང་ན་བ་དེར་སོང་ནས་ཕྱིན་པ་དང་། ཏིང་ངེ་འཛིན་འདི་བརྗོད་དོ།། བཟང་སྤྱོད་དེ་ལ་ཁྱོད་ཀྱིས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། ། དེ་ལ་ངས་ཀྱང་སྐྱེས་བུ་དེ་ནི་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་རྙེད་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་སྟོན་ཏོ།། བཟང་སྐྱོང་ཁྱོད་འདྲ་དང་གནས་བརྟན་འོད་སྲུང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་མཚམས་བཟངས་དང་། གཞན་ཡང་བྱང་ཆུབ་སེམས་དཔོའི་གང་གིས་ཏིང་ངེ་འཛིན་འདི་ཐོབ་པ་རྣམས་ཏིང་ངེ་འཛིན་འདི་ལས་དབང་དུ་གྱུར་པ་ཡིན་ཏེ། བཟང་སྐྱོང་སྔོན་བྱུང་བ་འདས་པའི་དུས་ན། སྐྱེས་བུ་གཅིག་ཅིག་དགོན་པའི་མྱ་ངམ་ཞིག་ཏུ་སོང་བ་དང་། དེ་བཀྲེས་ཤིང་སྐོམ་ནས་རྨུགས་པ་དང་། གཉིད་ཀྱིས་ནོན་ཏེ། དེ་ཉལ་བ་དང་། རྨི་ལམ་ན་བཟའ་བ་དང་། བཏུང་བ་མང་པོ་ཞིག་རྙེད་དོ།། རྙེད་ནས་ཀྱང་ཇི་ཙམ་ཆོག་པར་ཟོས་ཏེ། བཀྲེས་པ་དང་། སྐོམ་པ་དེ་དག་ཀྱང་མེད་པར་གྱུར་ཏོ།། དེ་སད་པ་དང་ཡང་ལུས་དང་ལྟོ་རྒྱས་པར་གྱུར་ནས། དེ་འདི་སྙམ་དུ་འདྲི་ལྟ་སྟེ། རྨི་ལམ་དང་འདྲ་བ་དེ་ལྟ་བུའི་ཆོས་ཤིག་ཡོད་དོ་སྙམ་སྟེ། དེ་དེ་ལྟར་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་གྱུར་ཏོ།། བཟང་སྐྱོང་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཁྱིམ་པའམ། རབ་ཏུ་བྱུང་བ་ཡང་རུང་ཕྱོགས་གང་དང་གྲང་ན་དེ་བཞིན་གཤེགས་པ་བཞུགས་པར་ཐོས་པའི་ཕྱོགས་དེ་དང་དེ་ལོགས་སུ་དེ་བཞིན་གཤེགས་པ་ཡིན་ལྔ་བྱས་ན། དེ་སངས་རྒྱས་མཐོང་བ་འཐོབ་བོ།། དེས་དངོས་པོའི་འདུ་ཤེས་སུ་མི་བྱའི་ནམ་མཁའི་འདུ་ཤེས་སུ་བྱ་སྟེ། དེ་ནམ་མཁའི་འདུ་ཤེས་ལ་ཤིན་ཏུ་གནས་ཤིང་། སངས་རྒྱས་ཀྱི་འདུ་ཤེས་སུ་ཤིན་ཏུ་ཡིད་ལ་བྱས་པས། དེ་བཞིན་གཤེགས་པ་བཻ་ཌཱུཪྻའི་སྐུ་གཟུགས་ལྟ་བུ་བཟང་པོ་བྱང་ཆུབ་སེམས་དཔའ་དེས་མངོན་སུམ་དུ་མཐོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལྟ་བུ་དེ་མཐོང་བར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་རང་སྐྱེས་པའི་ཡུལ་ནས། ལྗོངས་ཀྱི་ཕྱོགས་གཞན་ཞིག་ཏུ་སོང་སྟེ་ཕྱིན་པ་དང་། རང་སྐྱེས་པའི་ཡུལ་དེ་རྗེས་སུ་དྲན་ནས། ཇི་ལྟར་མཐོང་བ་དང་ཐོས་པ་དང་། ཤེས་པ་དང་། རྟོགས་པའི་ཆོས་རྣམས་ཡིད་ལ་བྱེད་པ་ལས། རྨུགས་པ་དང་གཉིད་ཀྱིས་ནོན་ཏེ། དེ་ཉལ་བ་དང་། རྨི་ལམ་ན་རང་སྐྱེས་པའི་ཡུལ་དུ་སོང་ནས། དེ་ན་བདག་ཉིད་འདུག་པ་སྙམ་དུ་ཤེས་ཤིང་ཇི་ལྟར་སྔོན་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པ་ཤེས་པ་དེ་དག་ཀྱང་མཐོང་ངོ་།། དེ་ནི་འགྲོ་ཞིང་ལྡོག་པ་དག་ཀྱང་བྱེད་དོ།། དེ་སད་པ་དང་ཉེན་མེད་བ་དང་། མཛའ་བཤེས་དང་ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱི་ནང་དུ་ང་ནི་འདི་ལྟར་སོང་སོང་ངོ་།། ངས་ནི་འདི་དག་མཐོང་ངོ་།། དེར་ངས་ནི་འདི་དག་མྱོང་ངོ་ཞེས་དོན་དེ་དག་ཀྱང་བརྗོད་དོ།། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་འམ་རབ་ཏུ་བྱུང་བ་ཡང་རུང་། ཕྱོགས་གང་དང་གང་ན་དེ་བཞིན་གཤེགས་པ་བཞུགས་པར་ཐོས་པའི་ཕྱོགས་དེ་དང་དེ་ལོག་སུ་དྲན་པ་དང་ལྡན་ཞིང་སེམས་གཡེང་བ་མེད་པས་སངས་རྒྱས་མཐོང་བ་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་ཡིད་ལ་བྱའོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་དེས། དེ་བཞིན་གཤེགས་པའམ། བཻ་ཌཱུཪྻའི་སྐུ་གཟུགས་བཟང་པོར་གནས་པ་མཐོང་བར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། དགེ་སློང་མི་སྡུག་པ་བསྒོམ་པ་ཞིག་གིས་མདུན་ན་རྣམ་པར་བམ་པའི་གཟུགས་རྣམས་མཐོང་ཞིང་། རྣམ་པར་བསྔོས་པ་དང་། རྣམ་པར་རྣག་པ་དང་། རྣམ་པར་དམར་བ་དང་། རྣམ་པར་ཟོས་པ་དང་། ཤ་རྣམས་འཕགས་པའམ། ཤ་དང་ཁྲག་མེད་པའམ། དཀར་པོ་འམ། ཁ་དོག་དུང་དང་འདྲ་བའམ། ཀེང་རུས་ཞིག་མདུན་དུ་མཐོང་ན་རྣམ་པར་བསྔོས་པ་ནས། ཀེང་རུས་ཀྱི་བར་དུ་དེ་དག་གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་ངོ་། ། དེ་དག་སུས་ཀྱང་མ་བྱས། སུས་ཀྱང་མ་འགགས་ཏེ། བཟང་སྐྱོང་འོན་ཀྱང་དགེ་སློང་དེའི་སེམས་རྩེ་གཅིག་པའི་དབང་གིས་མདུན་ན་ཀེང་རུས་འདུག་པར་མཐོང་ངོ་།། བཟང་སྐྱོང་དེ་བཞིན་དུ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ཕྱོགས་གང་དང་གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པའི་ཕྱོགས་དེ་དང་དེ་ལོགས་སུ་སངས་རྒྱས་མཐོང་བ་འཐོབ་པར་བྱ་བའི་ཕྱིར་ཡིད་ལ་བྱེད་དོ། ། ཕྱོགས་དེ་དང་དེ་ལོགསུ་ཡི་ལ་བྱས་པས། དེས་ཕྱོགས་དེ་དང་དེ་ལོགས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ། སངས་རྒྱས་མཐོང་བ་འཐོབ་པར་འགྱུར་བ་འདི་ནི། ཏིང་ངེ་འཛིན་འདིའི་རྒྱུ་མཐུན་པ་ཡིན་ནོ།། ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་མཐུ་དང་རང་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དང་། ཏིང་ངེ་འཛིན་ཐོབ་པའི་བྱིན་དང་འདི་དག་གསུམ་ཚོགས་ཤིང་འདུས་པས། དེས་དེ་བཞིན་གཤེགས་པ་རྣམས་མཐོང་ཞིང་སྣང་བར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ་དབེ་ན། བུད་མེད་དམ་སྐྱེས་པ་གང་ལ་མགོ་འཁྲུ་ཞིང་རྒྱན་འདོགས་པའི་རང་བཞིན་ཅན་ཞིག་ཡོད་ལ། དེ་འབྲུ་མར་དང་བའི་སྣོད་དམ། ཆུ་དང་བའི་སྣོད་དམ། ཡོངས་སུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་རམ། མཐིང་བུས་བསྐུས་པའི་ས་ཕྱོགས་ལ་བདག་ཉིད་བལྟ་བར་བསམས་ནས། དེས་དེར་བདག་ཉིད་ཀྱི་གཟུགས་མཐོང་ན། བཟང་སྐྱོང་དེ་ལ་ཇི་སྙམ་དུ་སེམས། འབྲུ་མར་དང་བའི་སྣོད་དམ། ཆུ་དང་བའི་སྣོད་དམ། ཡོངས་སུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་རམ། མཐིང་བུས་བསྐུས་པའི་སའི་ཕྱོག་དེ་ལ་གང་སྐྱེས་པའམ། བུད་མེད་ཀྱི་གཟུགས་སྣང་བ་དེ་སྐྱེས་པའམ། བུད་མེད་གང་ཡང་དེའི་ནང་དུ་སོང་བའམ། དེའི་ནང་དུ་ཞུགས་པ་ཡོད་དམ། བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་མོད་ཀྱི། བཙུན་པ་བཅོམ་ལྡན་འདས་འབྲུ་མར་དང་། ཆབ་དེ་དང་ཞིང་རྙོག་པ་མ་མཆིས་པའམ། མེ་ལོང་གི་དཀྱིལ་འཁོར་དེ་ལེགས་པར་ཡོངས་སུ་ཕྱིས་པ་འམ། མཐིང་བུས་བསྐུས་པའི་ས་ཆེན་པོ་དག་པའི་སླད་དུ་གཟུགས་བརྙན་མདུན་ནམ་མཆིས་ཏེ། ཆབ་དང་། འབྲུ་མར་དང་། མེ་ལོང་དང་། ས་ཆེན་པོ་དེ་ལས་སྐྱེས་པའམ། བུད་མེད་ཀྱི་ལུས་དེ་བྱུང་བའང་མ་ལགས། གང་ནས་ཀྱང་མ་མཆིས། གང་དུའང་མ་མཆིས་གང་ནས་ཀྱང་མ་སྐྱེས། གང་དུ་ཡང་མ་འགགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ལེགས་སོ་ལེགས་སོ།། བཟང་སྐྱོང་ཁྱོད་ཡང་ལེགས་སོ།། བཟོད་སྐྱོང་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། གཟུགས་རྣམས་ཤིན་ཏུ་ཡོངས་སུ་དག་པ་ལས་གཟུགས་བརྙན་རྣམས་སྣང་བར་འགྱུར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དེ་ཡང་ཏིང་ངེ་འཛིན་འདི་ཤིན་ཏུ་བསྒོམས་པས་ཚེགས་ཆུང་དུས་དེ་བཞིན་གཤེགས་པ་དེ་རྣམས། བྱང་ཆུབ་སེམས་དཔའ་དེས་མཐོང་ངོ་།། མཐོང་ནས་ཀྱང་ཞུ་བ་ཞུ་ཞིང་ཞུས་པ་ལུང་བསྟན་པས་ཡི་རང་བར་འགྱུར་རོ།། དེ་འདི་སྙམ་དུ་དེ་བཞིན་གཤེགས་པ་འདི་གཞིག་ནས་བྱོན་ཏམ། བདག་གཞིག་ཏུ་སོན་ཏམ་སྙམ་པ་ལས། དེས་དེ་བཞིན་གཤེགས་པ་དེ་གྲང་ནས་ཀྱང་མ་བྱོན་པར་རབ་ཏུ་ཤེས་སོ།། བདག་གི་ལུས་ཀྱང་གང་དུའང་མ་སོང་བར་རབ་ཏུ་ཤེས་ནས། དེ་འདི་སྙམ་དུ་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདག་ཇི་ལྟ་ཇི་ལྟར་རྣམ་པར་རྟོག་པ་དེ་ལྟ་དེ་ལྟར་སྣང་ངོ་། ། སེམས་དེ་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་ཏེ། གཞན་དུ་ན་དམིགས་པ་ལ་བརྟེན་ནས་སྐྱེའོ།། གང་རྟེན་ཅིང་འབྲེལ་བར་བྱུང་བ་དེ་ནི་དངོས་པོ་མེད་པའོ།། གང་དངོས་པོ་མེད་པ་དེ་ནི་མ་སྐྱེས་སོ།། གང་མ་སྐྱེས་པ་དེ་ནི་དམིགས་སུ་མེད་པའོ།། གང་དམིགས་སུ་མེད་པ་དེ་ནི་རང་བཞིན་སྟོང་པའོ། ། གང་རང་བཞིན་སྟོང་པ་དེ་ནི་གདགས་སུ་མེད་པའོ།། གང་གདགས་སུ་མེད་པ་དེ་ནི་བལྟ་བ་འམ། རྣམ་པར་ཤེས་པ་འམ། ཆགས་པར་བྱ་བ་འམ་བསྟན་པའམ། ཆུད་གཟན་པར་བྱ་བའམ། རབ་ཏུ་གཞག་པར་བྱ་བ་མི་ནུས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ་འདི་དག་གསུངས་སོ་སེམས་ཀྱིས་སངས་རྒྱས་བྱེད་པ་སྟེ། སེམས་ཉིད་ཀྱིས་ཀྱང་མཐོང་བའོ།། སེམས་ཉིད་ང་ཡི་སངས་རྒྱས་ཏེ།། སེམས་ཉིད་དེ་བཞིན་གཤེགས་པའོ།། སེམས་ཉིད་ཡི་ལུས་ཡིན་ཏེ། སངས་རྒྱས་སེམས་ཀྱིས་མཐོང་བའོ།། སེམས་ཉིད་ང་ཡི་བྱང་ཆུབ་སྟེ། སེམས་ཉིད་རང་བཞིན་མེད་པའོ།། སེམས་ཀྱིས་སེམས་ནི་མི་ཤེས་ཤིང་།། སེམས་ཀྱིས་སེམས་ནི་མི་མཐོང་ངོ་། ། སེམས་སུ་འདུ་ཤེས་མི་ཤེས་ཡིན།། སེམས་སུ་མི་ཤེས་མྱ་ངན་འདའ། ཆོས་འདི་དག་ནི་སྙིང་པོ་མེད།། རློམ་སེམས་ལས་ནི་ཀུན་འབྱུང་སྟེ་སྟོང་པ་ཉིད་ལ་གང་རློམ་པའི། ། རློམ་སེམས་དེ་འདིར་སྟོང་པ་ཡིན།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་གསུམ་པའོ།། །། པི་ཟད། སྐྱོང་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དྲེའི་ཡེ་ཤེས་ནི་དེ་བསྟན་ནོ།། བཟང་སྐྱོང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་འཐོབ་བོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། མི་འཕྲོགས་པའི་དད་པ་དང་། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་། གཞན་གྱི་དྲིང་མི་འཇོག་པའི་ཤེས་རབ་དང་། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམསད་པའི་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་ཆོས་བཞི་པོ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ།། བཞི་པོ་གང་ཞེ་ན། འདི་ལྟ་སྟེ། ཟླ་བ་གསུམ་གྱི་བར་དུ་སེ་གོལ་བརྡབ་པ་ཙམ་ཡང་བདག་གི་འདུ་ཤེས་མི་སྐྱེད་པ་དང་། ཟླ་བ་གསུམ་གྱི་བར་དུ་སེ་གོལ་བརྡབ་པ་ཙམ་ཡང་རྨུགས་པ་དང་གཉིད་ཀྱིས་མི་ནོན་པར་དང་། བཤང་བ་དང་གཅི་བ་མེད་པ་མ་གཏོགས་པར་ཟླ་བ་གསུམ་གྱི་བར་དུ་བརྩོན་འགྲུས་བརྩམས་ཏེ། འཆག་པ་ལ་ཞུགས་ནས་ས་ལ་མི་འདུག་པ་དང་། གཞན་དག་ལ་ཡང་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གཏོང་བའི་སྟེང་དུ་རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་རེ་བ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ།། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ཐོབ་བོ།། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བལྟ་བར་སེམས་ཅན་རྣམས་ལ་སྐུལ་བ་དང་། ཆོས་མཉན་པར་སེམས་ཅན་རྣམས་ལ་སྐུལ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པར་སེམས་ཅན་རྣམས་ལ་སྐུལ་བ་དང་། ཕྲག་དོག་མེད་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ།། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏི་ཛི་འདི་འཐོབ་བོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་འདི་འདོད་པས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་གཞུག་སྟེ། ཐ་ན་རི་མོར་ཡང་འདྲིར་གཞུག་པ་དང་། ཏིང་ངེ་འཛིན་འདི་འདོད་པས། ཏིང་ངེ་འཛིན་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཅི་ནས་ཀྱང་ཏིང་ངེ་འཛིན་འདི་འཛིན་པར་ལེག་པར་བྲིས་ཤིང་གླེགས་པམ་སྦྱིན་པ་དང་། མངོན་པའི་ང་རྒྱལ་ཅན་གྱི་གང་ཟག་རྣམས་མངོན་པའི་ང་རྒྱལ་མེད་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པ་དང་། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བ་དང་། སྦ་བ་དང་། ཡང་དག་པར་གཟུང་བའི་ཕྱིར་གནས་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། བདེ་གཤེགས་བསྟན་པ་ལ་ནི་དད་པ་བསྐྱེད།། སྟོང་པ་ཉིད་ཀྱི་ཆོས་བཤད་མ་སྨོད་ཅིག། བརྩོན་འགྲུས་བརྩམས་ཤིང་གཉིད་ནི་སྤང་བྱས་ཏེ།། ཟླ་གསུམ་ཚང་བར་ནམ་ཡང་མ་འདུག་ཤིག། རྙེད་དང་བཀུར་སྟི་ཚིགས་བཅད་མི་རྟེན་པར།། བདེ་གཤེགས་གསུངས་པའི་ཆོས་ནི་བཤད་བྱ་ཞིང་། ། མཚུངས་པའི་མེད་པའི་བསྟན་པ་རྒྱས་པར་བྱ།། རྟེན་པ་མེད་ན་ཆོས་འདི་འཐོབ་པར་འགྱུར།། ཕྲག་དོག་མེད་ཅིང་ཁྲོ་བ་བསྐྱེད་མི་བྱ།། འདོད་ཆགས་སྤངས་ཤིང་སེམས་ནི་རྣམ་འགྲོལ་ལ། ། མཉམ་པར་གཞག་ཅིང་བསམ་གཏན་དགའ་བྱས་ཏེ།། སྦྱོར་བར་བྱེད་ན་ཆོས་འདི་འཐོབ་པར་འགྱུར།། གསེར་མདོག་བསོད་ནམས་བརྒྱ་པའི་མཚན་མངའ་ལ། མཛེས་ཤིང་ཀུན་ནས་ཡོངས་སུ་རྒྱས་གྱུར་པ།། གསེར་གྱི་གཟུགས་བཞིན་དུ་ནི་བལྟ་སྡུག་པའི།། བསོད་ནམས་མཆོག་མཚན་སངས་རྒྱས་དྲན་པར་བྱོས།། སངས་རྒྱས་འདས་པའམ་ཡང་ན་མ་བྱོན་པ། ། ཐལ་མོ་སྦྱར་ཏེ་རྗེས་སུ་དྲན་པར་བྱོས།། མི་མཆོག་གང་དག་ད་ལྟར་བཞུགས་པ་ཡང་།། དེ་དག་མཆོད་ཕྱིར་བདེ་གཤེགས་དྲན་པར་བྱོས།། དྲང་བའི་སེམས་ཀྱིས་མེ་ཏོག་འཕྲེང་བ་དང་། ། བྱུག་པ་དག་དང་བཟའ་དང་བཅའ་བ་ཡིས།། བདེ་བར་གཤེགས་པ་ལ་ནི་མཆོ་པར་བྱོས།། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར།། ཏིང་ངེ་འཛིན་གྱི་མཆོག་འདི་འདོད་པས་ན། ། སེམས་ནི་རངས་ཤིང་དགའ་བ་འདྲ་མེད་པས།། རྔ་དུང་རྫ་རྔ་དག་གི་སིལ་སྙན་དང་།། དཔེ་མེད་རིང་བསྲེལ་ལ་ནི་རོལ་མོ་བྱེད།། ཏིང་ངེ་འཛིན་གྱི་མཆོག་འདི་འདོད་པས་ན། ། རི་མོ་ལེགས་པར་བྲིས་ཤིང་མཚན་རྫོགས་ལ།། གསེར་གྱི་མདོག་འདྲ་རྒྱ་ཆེ་སྐྱོན་མེད་པའི།། མཚུངས་པ་མེད་པའི་སྐུ་གཟུགས་བྱེད་པ་དང་།། དགའ་བར་བྱེད་པའི་ཆོས་ནི་མདུན་བཞག་ནས། ། ཚུལ་ཁྲིམས་ཡོངས་དག་ཐོས་པ་ཚོལ་བྱེད་ལ།། ལེ་ལོའི་དངོས་པོ་ཡོངས་སུ་སྤང་བྱས་ན།། ཏིང་འཛིན་འདི་ནི་རིང་པོ་མི་ཐོགས་རྙེད།། ཀུན་ནས་པནར་སེམས་སུ་ལ་མ་བྱེད་ཅིང་། ། བྱམས་ལ་གནས་དང་སྙིང་རྗེ་གནས་པ་དང་།། འདོད་པའི་ཡོན་ཏན་བཏང་སྙོམས་བྱས་ན་ནི།། ཏིང་འཛིན་འདི་ནི་རིང་པོར་མི་ཐོགས་རྙེད།། ཆོས་སྨྲ་བ་ལའང་དེ་བཞིན་བྱབས་པ་སྐྱེད། ། སྟོན་པར་འདུ་ཤེས་རྟག་ཏུ་ཉེ་བར་ཞོག། ང་རྒྱལ་མ་བྱེད་ཆགས་པ་སྤོང་བར་བྱེད།། ཆོས་སྦྱིན་པ་ལ་ནམས་ཀྱང་འཇུས་མ་འགྱུར།། ཕན་ཡོན་བཟང་པོ་འདི་དག་བླང་བཔར་བྱོས། ། གདམས་ངག་གནས་ནི་བདེ་བར་གཤེགས་པས་བསྟན།། འདི་ན་སངས་རྒྱས་མང་པོའི་བསྟན་པ་སྟེ།། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཞི་པའོ། ། །། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པས་ཆོས་སྨྲ་བའི་དགེ་སློང་ལ་གུས་པ་དང་བཅས་ཤིང་། ། ཞེ་ས་དང་བཅས་པར་བྱ་སྟེ། ཀླན་ཀ་བཙལ་བ་མེད་པའི་སེམས་ཀྱིས་སྟོན་པར་འདུ་ཤེས་བསྐྱེད་ལ་ཏིང་ངེ་འཛིན་འདི་ལ་སྦྱོར་བར་བྱའོ།། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམས་དཔའ་དེས་ཆོས་སྨྲ་བའི་དགེ་སློང་དེ་ལ་ཀུན་ནས་མནར་སེམས་ཀྱི་གནས་སམ། ཐ་བའི་སེམས་ཀྱིས་གནས་སམ། སེམས་མ་དོང་བས་གནས་ན། བབང་སྐྱོང་བྱ་ཆུབ་སེམས་དཔའ་དེས་ཏིང་འཛིན་འདི་ཐོབ་པ་ནི་གནས་པ་ནི་གནས་མ་ཡིན་ཏེ་སྐྱབས་མེད་དོ། ། གལ་ཏེ་ཆོས་སྨྲ་བའི་དགེ་སློང་དེ་ལ་སྟོན་པའི་འདུ་ཤེས་མི་སྐྱེད་ན་ཡང་གནས་དེ་མེད་དོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་མ་གུས་པས་ནི་དམ་པའི་ཆོས་ནུབ་པར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། མིག་དང་ལྡན་པའི་སྐྱེས་བུ་ཞིག་གིས་ནམ་ཞིག་སྤྲིན་མེད་པའི་མཚན་མོ་ནམ་གྱི་གུང་ཐུན་ལ་གདོང་གྱེན་དུ་བར་སྣང་ལ་བལྟས་ན་དེས་དེར་སྐར་མའི་གཟུགས་མང་པོ་རྣམས་མཐོང་ངོ་། ། བཟང་སྐྱོང་དེ་བཞིན་དུ་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་ལ་གནས་པ་ནི། ནམ་མཁའི་འདུ་ཤེས་ཤིན་ཏུ་ཉེ་བར་གནས་ཤིང་། སངས་རྒྱས་ཀྱི་འདུ་ཤེས་ཤིན་ཏུ་བྱིན་གྱིས་བརླབས་པའི་ཕྱིར། སངས་རྒྱས་ཀྱི་མཐུ་དང་ཏིང་ངེ་འཛིན་འདི་བསྒོམས་པས་འཇིག་རྟེན་གྱི་ཁམས་གཞན་ཤར་ཕྱོགས་སུ་བལྟས་ན་ཚེགས་ཆུང་ངུས་སངས་རྒྱ་མང་པོ་རྣམས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ། ། ཚེགས་ཆུང་ངུ་ས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ཚེགས་ཆུང་ངུས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ།། དེ་བཞིན་དུ་ལྡེ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོབ་དང་། ཕྱོགས་མཚམས་བཞི་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་རྒྱས་པར་བྱས་ཏེ། དེ་ལྟར་ཕྱོགས་བཅུར་བལྟས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཚེགས་ཆུང་ངུས་སངས་རྒྱས་མང་པོ་རྣམས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ། ། ཚེགས་ཆུང་ངུས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ཚེགས་ཆུང་ངུས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ།། བཟང་སྐྱོང་དེ་ལྟར་སངས་ར་གྱས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ནི་ཚེགས་ཆུང་ངུས་སངས་རྒྱས་མང་པོ་རྣམས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ། ། ཚེགས་ཆུང་ངུས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཕྲག་བང་པོ་དང་། སངས་རྒྱས་བྱེ་བ་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་སྟོང་ཕྲག་མང་པོ་དང་སངས་རྒྱས་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་རྣམས་ཚེགས་ཆུང་ངུས་མིག་གི་དབང་པོ་ལ་སྣང་བར་འགྱུར་རོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སངས་རྒྱས་ཀྱི་སྨན་གང་དང་ལྡན་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐམས་ཅད་ཐུགས་སུ་ཆུད་པ་དང་ཐམས་ཅད་གཟིགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་རྒྱས་ཀྱི་སྤྱན་ཡོད་དོ། ། བཟང་སྐྱོང་དེ་བཞིན་དུ་སངས་རྒྱས་ཀྱིས་ཡོངས་ས་ཨུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་ནི་ཚེགས་ཆུང་ངུས་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ།། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། བླ་ན་མེད་པའི་ཤེས་རབ་ཀྱི་དབང་པོ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དཔེར་ན་མིག་ལྡམ་པ་འིས་མཚན་མོ་བེན་པའི་དུས།། ནམ་སང་བླན་ཐ~ཾད་བྱས་རྣམམཁའ་ནམ་དག་ལ།། དེས་ནི་སྨྲ་མ་མང་པོ་བཅུ་སྟོད་མཐོང་འགྱུར་ཏེ། དྲན་ལྡན་བསམ་ན་ཉིན་པར་དུའང་དྲན་པར་འགྱུར།། དེ་ལྟར་བྱང་ཆུབ་སེམས་དཔའ་ཏིང་འཛིན་འདི་ཐོབ་ནས།། སངས་རྒྱས་དཔའ་བོ་མང་པོ་བརྒྱ་སྟོང་མཐོང་བར་འགྱུར།། དེ་ལས་ལངས་པའི་དུས་དེ་ན་ཡང་དྲན་འགྱུར་ཞིང་།། འཁོར་ལ་འཇིག་རྟེན་མགོན་པོ་འདི་འདྲའོ་ཞེས་ཀྱང་སྨྲ།། ཇི་ལྟར་ངའི་མིག་སངས་རྒྱས་སྤུན་དེ་རྣམ་དག་ལ།། རབ་རི་བི་མེད་ཅིང་ཡོངས་དག་དེས་ནི་འཇིག་རྟེན་ལྟ་བ་ལྟར། ། དེ་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན།། རྡུལ་མེད་ཏིང་འཛིན་འདི་ཡིན་དེས་ནི་མི་དབང་མཐོང་།། སྟོབས་བཅུ་རྐང་གཉིས་དབང་པོ་འཇིག་རྟེན་གཙོ་ལྟའི་ཚེ། ། ཐུབ་རྣམས་དངོས་པོའི་འདུ་ཤེས་ནམ་ཡང་མི་སྐྱེད་དོ།། དུག་བཅོམ་ཡོངས་དག་དངོས་པོའི་འདུ་ཤེས་མེད་པ་ཡི།། བྱང་ཆུབ་སེམས་དཔའ་གཙོ་བོའི་ཡོན་ཏན་ཁྱད་པར་ཉོན། ། ཆོས་མཆོག་བསིལ་བ་དེ་དག་ཀྱང་ནི་མཉན་པར་བྱོས།། སྟོང་པ་ཉིད་ཆོས་བདེ་བ་མྱུར་དུ་དྲན་པར་བྱོས།། ངས་ཀྱང་རྒྱལ་བའི། བྱང་ཆུབ་རྙེད་ནས་སྐྱེ་དགུ་ལ།། སྐྱེ་བོ་མངལ་བདེ་བའི་ཆོས་འདི་བཤེག་པར་བྱ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ཚེ་དཔག་མེད་ཀྱིས་ནས།། འཇིག་རྟེན་མགོན་པོ་བརྒྱ་སྟོང་མང་པོ་མཐོང་གྱུར་པ། ། དེ་ལྟར་བྱང་ཆུབ་སེམས་དཔའ་ཏིང་འཛིན་འདི་ཐོབ་ན།། སངས་རྒྱས་དཔའ་བོ་མདྲ་པེ་བརྒྱ་སྟོང་མཐོང་བར་འགྱུར།། ཇི་ལྟར་དྲན་ལྡན་དགེ་སློང་བཟང་པོ་ཀུན་དགའ་བོས། ང་ལས་ཐོས་པ་རབ་ཏུ་བཟུང་ཞིང་དེ་ཡང་ཀུན་འཛིན་པ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཏིང་འཛིན་འདི་ཐོབ་ན།། ཆོས་མང་ཐོས་ཤིང་དེ་ཡང་ཐམས་ཅད་འཛིན་པར་འགྱུར།། ཏིང་ངེ་འཛིན་འདི་ཐོས་ནས་ཡང་དག་དགའ་བསྐྱེད་ལ། ། འཇིག་རྟེན་གསང་ཚིགས་སྣ་ཚོགས་ཐམས་ཅད་སྤང་བྱོས་ཏེ།། མྱུར་དུ་དད་པར་བྱོས་ལ་ཆོས་ཀྱི་སྦྱིན་པའང་བྱིན།། དེ་ལྟར་ཡོངས་དག་ཞི་བའི་ས་འདི་ཐོབ་པར་འགྱུར། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ།། །། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ཐོབ་པར་བྱ་བ་དང་། འདི་ལྟ་སྟེ། ཡོངས་སུ་བསྒྲུབ་པར་བྱ་བའི་ཕྱིར་སྤྲོ་བ་དང་བརྩོན་འགྲུས་ཆེན་པོ་སྐྱེད་པར་བྱའོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་གྲུ་རིན་པོ་ཆེས་ཡོངས་སུ་ག་བཞིག་རྒྱ་མཚོ་ཆེན་པོ་རྒལ་ཏེ། འཇིགས་པ་ཐམས་ཅད་སྤངས་ལས་ཚུ་རོལ་གྱི་འབྲམ་དུ་ཆག་ན། དེ་ལ་འཛམ་བུ་གླིང་པའི་མི་རྣམས་ཀྱིས་སྒྲ་ཆེན་པོ་དང་། སྐད་ཆེན་པོ་དང་། འོ་དོད་བོད་པར་བྱའོ། ། བདག་ཅག་ནི་རིན་པོ་ཆེ་འདི་དག་ལས་ཉམསསོ་ཞེས་མྱ་ངན་ཆེན་པོ་སྨེ་སྔགས་ཀྱང་འདོན་པར་བྱའོ།། བཟང་སྐྱོང་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོའམ། དགེ་སློང་འཕ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཏིང་ངེ་འཛིན་རིན་པོ་ཆེ་འདི་ལྟ་བུ་འདི་རྣ་ལམ་དུ་གྲག་པར་གྱུར་ལ། ཐོས་ནས་ཀྱང་གླེགས་བམ་དུ་འདྲི་བར་མི་བྱེད། སྟོན་པར་མི་བྱེད། འདོན་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མ་བྱེད། འཆད་པར་མི་བྱེད། སྒོམ་པར་མི་བྱེད། ནན་ཏན་གྱིས་སྒྲུབ་པར་མི་བྱེད་ན། བཟང་སྐྱོང་དེ་ལ་ལྷ་དང་བཅས་པའི་འཇིག་གྱིས་སྒྲ་ཆེན་པོ་དང་། སྐད་ཆེན་པོ་དང་། འོ་དོད་བོད་པར་བྱའོ།། འདི་ལྟར་ཏིང་ངེ་འཛིན་ཟབ་མོ་རིན་པོ་ཆེ་འདི་ལྟ་བུ་སངས་རྒྱས་ཀྱི་བསྔགས་པ། སངས་རྒྱས་ཀྱིས་བསྟོད་པ། སངས་རྒྱས་ཀྱི་བསྟོད་དུ་བཅུག་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འཐོབ་པར་འགྱུར་བ་གང་ཡིན་པ་དེ་ཐོས་ནས་ཡི་གེར་འདྲི་བར་མི་བྱེད་སྟོན་པར་མི་བྱེད། འདོན་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མི་བྱེད། འཆད་པར་མི་བྱེད། སྒོམ་པར་མི་བྱེད། ནན་ཏན་གྱིས་སྒྲུབ་པར་མི་བྱེད་ཅིང་། ང་རྒྱལ་གྱིས་ནོན་ལ་མི་ཤེས་ཏེ། མང་དུ་ཐོས་པ་ཡོངས་སུ་རྫོགས་པ་མི་འཛིན་པའི་སེམས་ཅན་དེ་དག་ནི་ཏིང་ངེ་འཛིན་རིན་པོ་ཆེ་འདི་ལྟ་བུ་འདི་ལས་ཡོངས་སུ་ཉམས་སོ་ཞེས་མྱ་ངན་ཆེན་པོས་སྨྲེ་སྔགས་ཀྱང་འདོན་པར་བྱའོ། ། བདང་སྐྱོང་ཏིང་ངེ་འཛིན་འདི་ཉན་མི་འདོད་པར་འགྱུར་བ་དང་། དིང་ངེ་འཛིན་འདི་འཛིན་པར་མི་འགྱུར་བའི་སེམས་ཅན་འདི་དག་ནི་བཟང་སྐྱོང་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་པར་ངསྲོ་བཤད་དོ། ། བཟང་སྐྱོང་གང་ཏིང་ངེ་འཛིན་རིན་བློ་ཆེ་འདི་ལྟ་བུ་འདི་ཐོས་ནས་ཡི་གེར་འདྲི་བར་མི་བྱེད། སྟོན་པར་མི་བྱེད་འདོན་པར་མི་བྱེད། འཛིན་པར་མི་བྱེད། ཀློག་པར་མི་བྱེད། འཆད་པར་མི་བྱེད། སྡོམ་པར་མི་བྱེད། ནན་ཏན་གྱིས་སྒྲུབ་པར་མི་བྱེད་པའི་སེམས་ཅན་དེ་དག་ནི་ཡོངས་སུ་ཉམས་པ་ཇི་ཙམ་དུ་འགྱུར་བ་ལྟོས་ཤིང་། བཟང་སྐྱོང་སེམས་ཅན་དེ་ལྟ་བུ་དེ་རྣམས་ལ་ནི་ཆོས་དེ་ལྟ་བུ་དག་ཆེད་མི་ཆེ་བར་ངས་བཤད་དོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན།། སྐྱེས་བུ་གང་ལ་ལ་བྱིས་པའི་རང་བཞིན་ཅན་ཤེས་རབ་འཆལ་པའི་རང་བཞིན་ཅན་ཞིག་ལ། ཙན་དན་དམར་པོ་གསར་པ་ཞིག་བྱིན་པ་དང་། དེ་དེ་ལ་མི་གཙང་བའི་འདུཐེ་སྐྱེད་དོ།། བཙོག་པའི་འདུ་ཤེས་སྐྱེད་དོ།། དེ་ལ་སྐྱེས་བུ་མཁས་པའི་རང་བཞིན་ཅན་ཙན་དན་གྱི་ཚོང་པ་ཞིག་གིས་འདི་སྐད་དུ། ཀྱེ་སྐྱེས་བུ་ཁྱེད་ཙན་དན་གསར་པ་འདི་མི་གཙང་བའི་འདུ་ཤེས་མ་སྐྱེད་ཅིག། བཙོག་པའི་འདུ་ཤེས་མ་སྐྱེད་ཅིག། ཀྱེ་སྐྱེས་བུ་འདི་འདི་ཙམ་དུ་དགའ་བར་བྱེད་པར་ཤིག་སྣོམས་ཤིག། ཀྱེ་སྐྱེས་བུ་འདི་ཁ་དོག་ཇི་ཙམ་དུ་བལྟ་ན་སྡུག་པ་ཡང་ལྟོས་ཤིག་ཅེས་སྨྲས་པ་དང་། བྱིས་པའི་རང་བཞིན་ཅན་ཤེས་རབ་འཆལ་པའི་རང་བཞིན་ཅན་གྱི་སྐྱེས་བུ་དེས་ཙན་དན་མར་པོ་དེ་མཐོང་ནས། སྣོམ་མི་འདོད་པའི་ཕྱིར། རང་གིས་ཀྱང་མ་བླངས་བལྟ་མ་འདོད་པའི་ཕྱིར་མིག་ཀྱང་འཛུམས་པར་བྱེད་པ་དེ་བཞིན་དུ། བཟང་སྐྱོང་མ་འོངས་པའི་དུས་ན་དགེ་སློང་བྱང་ཆུབ་སེམས་དཔའ་རློམ་སེམས་ཅན། ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ། ཚུལ་ཁྲིམས་འཆལ་པ། དམ་པའི་ཆོས་ངེས་པའི་དོན་རིན་པོ་ཆེ་མི་ལེན་པ། དམ་པའི་ཆོས་ངེས་པའི་དོན་རིན་པོ་ཆེ་ཡོངས་སུ་སྤོང་བར་བྱེད་པ། ཤེས་རབ་འཆལ་པདྨ། ཤེས་རབ་ལས་ཡོངས་སུ་ཉམས་པ། བསམ་གཏན་རྙེད་པས་ལྷག་པའི་ང་རྒྱལ་ངན་གང་ཟག་ལ་རྟེན་པ་གང་ཟག་ཏུ་ལྟ་བ། གང་ཟག་ལ་གནས་པ། ཆོས་སུ་དམིགས་པ་ལ་མངོན་པར་ཞེན་པ་སྟོང་པ་ཉིད་བཤད་པས་སྐྲག་པ་དེ་དག་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་བཤད་པ་ཐོས་ན། རྣ་བ་བླགས་ཏེ་ཉན་པར་མི་བྱེད། མངོན་པར་དད་པར་མི་བྱེད་འཛིན་པར་མི་བྱེད། ཀུན་ཆུབ་པར་མི་བྱེདའ་བར་མི་བྱེད། ཀློག་པར་ཡང་མི་བྱེད་ནུ་གཞན་དག་ལ་རྒྱ་ཆེན་འཆད་པ་ལྟ་ཅི་སྨོས། དེ་དག་དེའི་ཕྱིར་བྱམས་པ་དང་། དགའ་བ་རྒྱ་ཆེན་པོ་ཡང་མི་འཐོབ་ན། དེ་བཞིན་ཉིད་དུ་སྒྲུབ་པ་ལྟ་ཅི་སྨོས་པའི་སྟེང་དུ། ཐོས་ནས་ཀྱང་འདི་སྤོང་བར་བྱེད་དོ།། མངོན་པར་མ་དད་དོ།། མི་ལེན་ཏོ།། མོས་པར་མི་བྱེད་དོ།། དཔྱ་བའི་བསམ་པ་དང་། ། བསྟིང་བའི་བསམ་པ་དང་། སྨད་པའི་བསམ་པས་ཚིག་ཀྱང་འདི་སྐད་དུ་གསུང་རབ་འདི་དག་འབར་བ་དང་། འདི་ལྟར་དགེ་སློང་ཀུན་དགའ་བོ་འདྲ་བ་འཇིག་རྟེན་དུའབྱུང་བ་དང་། འདི་ལྟ་བུའི་མདོ་སྡེ་འབྱུང་བ་ནི་ངོ་མཚར་ཏོ་ཞེས་ཟེར་ཞིང་། ལྐོག་ཏུ་དོང་ནས་ཀྱང་ཕྲན་ཚུན་དུ་མདོ་སྡེ་འདི་ལྟ་བུ་འདི་དག་ནི་རང་གིས་བྱས་པ། རང་བཟོ་བྱས་པ་སྟེ། འདི་ནི་སངས་རྒྱས་གསུངས་པ་མ་ཡིན། སངས་རྒྱས་ཀྱིས་གནང་བ་མ་ཡིན་ནོ་ཞེས་དེ་སྐད་ཀྱང་བརྗོད་ཅིང་སྨོད་པར་བྱེད་དེ། སྐྱེས་བུ་བླུན་པོ་དེ་ལྟ་བུ་དག་ནི། དམ་པའི་ཆོས་རིན་པོ་ཆེཚེཆེ་ལས་ཡོངས་སུ་ཉམས་པ་དང་། དམ་པའི་ཆོས་རིན་པོ་ཆེ་ཡོངས་སུ་སྤངས་པར་རིག་པར་བྱའོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་བྱིས་པའི་རང་བཞིན་ཅན་དེ་ཙན་དན་དམར་པོ་དེ་མཐོང་ནས། མི་བསྣམ་པའི་ཕྱིར་སྣ་ཡང་འགོག་པ་དང་། མི་མཐོང་བར་བྱ་བའི་ཕྱིར་མིག་ཀྱང་འཛུམསོ་པ་དེ་བཞིན་དུ། བཟང་སྐྱོང་སྐྱེས་བུ་བླུན་པོ་དེ་དག་ཀྱང་ཏིང་ངེ་འཛིན་རིན་པོ་ཆེ་འདི་ལྟ་བུ་འདི་ཐོས་ནས། ཕྱི་ཕྱིར་ཞིང་མཉན་པར་མི་སེམས་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། བཀླགས་པར་མི་སེམས་པའ་སྟེང་དུ། ཐོས་ནས་ཀྱང་འདི་ལྟ་སྟེ། ཉན་མི་འདོད་པའི་ཕྱིར་གནས་དེ་ནས་འགྲོ་བར་འགྱུར་རོ།། བཟང་སྐོང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་རིན་པོ་ཆེ་འཚོང་པ་ལ་ལ་ཞག་གིས། སྐྱེས་བུ་བླུན་པའི་རང་བཞིན་ཅན་དེ་རྣམས་ལ། ནོར་བུ་རིན་པོ་ཆེ་བ་ཌཱུཪྵ་རིན་ཐང་མེད་པ་ཞིག་བསྟན་པར་བསྡམས་པ་དང་། དེ་ལ་སྐྱེས་བུ་བླུན་པོའི་རང་བཞིན་ཅན་དེ་དག་གིས་ནོར་བུ་རིན་པོ་ཚོ་མཐོང་ནས། དེ་ལ་འདི་སྐད་ཅེས་སྨྲས་སོ།། སྐྱེས་བུ་ནོར་བུ་རིན་པོ་ཆེ་འདི་རནི་ཇི་ཙམ། རིན་པོ་ཆེ་འཚོང་པ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ནོར་བུ་རིན་པོ་ཆེ་འདིའི་འོད་ཀྱིས་ས་ཕྱོགས་ཇི་ཙམ་ཁྱབ་པ་དེ་ཙམ་གྱི་ཕྱོགས་བཞིར་རིན་པོ་ཆེ་སྣ་བདུན་གྱི་ཡོངས་སུ་གང་བར་བྱས་པ་བྱིན་ཅིག། དེ་ཅིའི་ཕྱིར་ཞེ་ན། ནོར་བུ་རིན་པོ་ཆེ་འདིའི་རིན་ཚང་བ་ནི་དེ་ཡིན་ནོ།། སེམས་ཅན་བླུན་པོའི་རང་བཞིན་ཅན་དེ་དག་གིས་དེ་ལས་ནོར་བུ་རིན་པོ་ཆེ་དེའི་རིན་ཐང་ཐོས་པ་དང་། གད་མོས་འདེབས་ཤིང་འཕྱ་བར་བྱེད།། བསྟིང་བར་བྱེད་ལ། ནོར་བུ་རིན་པོ་ཆེ་དེ་ཡང་ལག་པ་གཉིས་ཀྱིས་དཔོག་པར་བྱེད་དོ། ། བཟང་སྐྱོང་དེ་བཞིན་དུ་མ་འོངས་པའི་དུས་ན། དགེ་སློང་རྟོག་པ་མང་བ། བསོད་ནམས་ཆུང་བ། དགེ་བའི་རྩ་བ་མ་བསྐྱེད་པ། སྔོན་གྱི་རྒྱལ་བ་ས་བྱུང་མ་བྱས་པ། ང་རྒྱལ་གྱིས་གཟིར་བ། ཕྲག་དོག་གིས་གཟིར་བ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པས་གཟིར་བ། ཚུལ་ཁྲིམས་རྣམས་ཡོངས་སུ་མ་དག་པ། ཏིང་ངེ་འཛིན་རྣམས་མ་ཐོབ་པ། ཤེས་རབ་རྣམས་མ་ཐོབ་པ། ཐོབ་པ་ཉུང་བ། སློབ་དཔོན་དང་མ་འགྲོགས་པ། གང་ཟག་ཏུ་ལྟ་བ། གང་ཟག་ལ་རྟེན་པ། གང་ཟག་ལ་གནས་པ། ཆོས་སུ་དམིགས་པ་ལ་མངོན་པར་ཞེན་པ་རྣམས་ནི་སྟོང་པ་ཉིད་བཤད་པས་སྐྲག་པར་འགྱུར་ཏེ། དེ་དག་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུག་པའི་ཏིང་ངེ་འཛིན་འདི་ཐོས་ནས་རྟོག་པར་མི་འགྱུར། མངོན་པར་དད་པར་མི་འགྱུར། ཡིད་ཆེས་པར་མི་འགྱུར། མོས་པར་མི་འགྱུར་བའི་སྟེང་དུ། ཐོས་ཀྱང་གད་མོས་འདེབས་པར་འགྱུར་འཕྱ་བར་འགྱུར། བསྟིང་བར་འགྱུར་རོ།། ལྐོག་ཏུ་དོང་ནས་ཀྱང་ཕན་ཚུན་ནས་སྨོད་པར་བྱེད། སྤོང་བར་བྱེད་ཅིང་ཚིག་ཀྱང་འདི་སྐད་དུ། དགེ་སློང་འདི་དག་ནི་སྤྱི་བརྟོལ་ཅན་ནོ། དགེ་སློང་འདི་དག་ནི་མུར་ཅོར་སྨྲ་བ་སྟེ། འདི་ལྟ་འདི་དག་ནི་སངས་རྒྱས་ཀྱིས་མ་གསུངས་པ་རང་གིས་བྱས་ཤིང་རང་བཟོ་བྱས་པ། ཚིག་དང་ཡི་གེ་སྣ་ཚོགས་པ་གཏམ་ཙམ་དུ་བཤད་པ་མདོ་སྡེ་མིང་གིས་འཆད་པ་ངོ་མཚར་ཏོ་ཞེས་ཟེར་ཞིང་མདོ་སྡེ་འདི་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་དེ་དག་སྐྱེ་བོ་རྣམས་ལ་ཡང་དེ་ལྟར་ཤེས་པར་བྱེད་དོ། ། དེ་ལྟར་སྐྱེས་བུ་བླུན་པོ་བསོད་ནམས་ཆུང་བ། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ། སྔོན་རྒྱལ་བ་ལ་བྱ་བ་མ་བྱས་པ། བླ་ན་མེད་པའི་ཆོས་རིན་པོ་ཆེ་ཡོངས་སུ་སྤངས་པ། ཆོས་རིན་པོ་ཆེ་ལས་ཕྱི་རོལ་ཏུ་གྱུར་པ་དེ་དག་བསོད་ནམས་ཆུང་བ་ཉིད་ལ་རྟེན་པར་འགྱུར། སྒོམ་པར་འགྱུར། མང་དུ་བྱེད་པར་འགྱུར་རོ།། བཟང་སྐྱོང་དེ་ན་ཡང་སེམས་ཅན་གཞན་ཁ་ཅིག་སྔོན་གྱི་རྒྱལ་བ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ་དེ་དག་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐོས་ནས། འདི་ལྟ་སྟེ། རྒྱས་པར་བྱ་བའི་ཕྱིར་འཛིན་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཡི་གེར་འདྲི་བར་འགྱུར། ཡི་གེར་འདྲིར་འཇུག་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་འཆད་པར་འགྱུར། ལྷག་པར་དད་པར་འགྱུར། རྟོག་པ་མང་བར་འགྱུར། མོས་པ་མང་བར་འགྱུར། སྤྱོད་ལམ་དང་བར་འགྱུར། ངོ་ཚ་ཤེས་པ་དང་། འགྱོད་པ་དང་ལྡན་པར་འགྱུར།། བསླབ་པ་འདོད་པར་འགྱུར། ཟབ་མོ་ལ་མོས་པར་འགྱུར། ཤེས་རབ་དང་ལྡན་པར་འགྱུར། མང་དུ་ཐོས་པར་འགྱུར། བྱམས་པ་ལ་གནས་པ་དང་། སྙིང་རྗེ་འཐོབ་པར་འགྱུར། དེ་དག་ཏིང་ངེ་འཛིན་འདི་མཉན་པའི་ཕྱིར། གང་ལ་ལར་སོང་བ་དེར་སྟོན་པར་འགྱུར། ཡང་དག་པར་སྟོན་པར་འགྱུར་རོ།། དེ་འདི་སྙམ་དུ་སེམས་པའི་ཏིང་ངེ་འཛིན་སངས་རྒྱས་ཀྱིས། གསུངས་པ་འདི་འདྲ་བ་པ། འདི་ཅི་ནས་ཀྱང་ཡུན་རིང་དུ་གནས་པར་གྱུར་ཅིག། རྒྱས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་པར་འགྱུར་རོ།། བཟང་སྐྱོང་དང་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཁོར་འདི་རྣམས་ཀྱི་མདུན་དུ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུལ་བ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཉན་ཅིང་ཐོས་ནས་ཀྱང་རྟོག་བཔར་བྱེད་མངོན་པར་དད་པར་བྱེད། ཡིད་ཆེས་པར་བྱེད་ལ། འདི་ནི་བདེན་པ་ཉིད་དོ་ཞེས་མོས་པར་བྱེད་ཅིང་། སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ་ཞེས་ཚིག་ཏུ་ཡང་བརྗོད་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དེའི་བསོད་ནམས་ཆེ་མང་དུ་འཕེལ་བར་འགྱུར་རོ། ། དེ་ནས་དེའི་ཚེ་དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་གིས་སྟོང་གསུམ་ཐམས་ཅད་དུ།། རིན་པོ་ཆེས་ནི་བཀང་བྱས་ཏེ།། བླ་མེད་བྱང་ཆུབ་བཙལ་བའི་ཕྱིར། འཇིག་རྟེན་མགོན་ལ་ཕུལ་བ་བས་གང་གིས་སངས་རྒྱས་ཀྱིས་བསྔགས་པའི། ། མདོ་སྡེ་ཏིང་འཛིན་འདི་ལྟ་བུ།། ཐོས་ནས་མོས་པར་བྱེད་ན་ནི།། དེ་ཡི་བསོད་ནམས་ཁྱད་པར་འཕགས།། སྐྱ་དང་གྱ་གྱུག་ཡོ་དང་ལྡན། ། རྒོད་ཅིང་དབང་པོ་མ་བསྡུས་ལ།། སྡིག་པའི་གྲོགས་པོས་ཟིན་གྱུར་པ།། བློ་ངན་རྣམས་ནི་དད་མི་འགྱུར།། ཚུལ་ཁྲིམས་འཆལ་ཅིང་སྡིག་ཆོས་ཅན། ང་ཞེས་ང་རྒྱལ་དམ་དུ་གནས། ། ཕན་ཚུན་དག་ནས་འདུས་ནས་ཀྱང་།། རྒྱལ་བའི་བསྟན་ལ་གད་མྱོས་འདེབས།། མདོ་སྡེ་འདི་དག་ཆོས་ཀྱི་རྒྱལ།། སངས་རྒྱས་ཀྱིས་ནི་མ་གསུངས་ཞེས།། མ་བསྡམས་དེ་དག་དེ་འདྲ་བའི།། ཚིག་དག་ཀྱང་ནི་བརྗོད་པར་འགྱུར།། གང་ཞིག་ཏིང་འཛིན་མདོ་འདི་ལ།། ཐོས་ནས་རྟོགས་པར་མི་འགྱུར་བ།། མ་རུང་ཆུད་ཟོས་མི་ཤེས་ཤིང་།། ལྟ་དྲ་ན་ལ་དམིག་ཅན་ནོ།། སངས་རྒྱས་ཀྱིས་ནི་གསུངས་པ་ཡི།། མདོ་སྡེ་འདི་འདྲ་འདི་དག་ལ།། བསོད་ནམས་ཆུང་ཞིང་དམིགས་གནས་པས།། དད་པར་བྱ་བ་མི་ནུས་སོ།། གང་ཞིག་མདོ་སྡེ་འདི་འདྲ་བ།། ཐོས་ནས་དགའ་བར་འགྱུར་བ་ནི།། མི་མཆོག་ཏུ་ནི་མི་འགྱུར་སྙམ།། དེ་ལ་ཐེ་ཙོམ་མ་བྱེད་ཅིག། གང་ཞིག་ཚུལ་ཁྲིམས་ཡོངས་དག་ཅིང་།། ལྟ་འང་རྟག་ཏུ་དྲང་བ་དང་། ། ཆོས་འདི་ལ་ནི་གུས་བཅས་པ།། ས་ནི་དེ་བཞིན་ཆོས་བཤད་དོ།། གང་གིས་དཔའ་ཆེན་འཇིག་རྟེན་མགོན།། འོད་བྱེད་པ་ནི་མཐོང་གྱུར་པ།། དེ་དག་དོན་དུ་བཤད་པར་བྱས། ། དེ་དག་ཀྱང་ནི་ཆོས་འཛིན་ཤོག། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་ལྷག་པའི་ང་རྒྱལ་ཅན་གྱི་ལེའུ་སྟེ་དྲུག་གོ།། ། བཟང་སྐྱོང་ད་ལྟར་ང་ཏིང་ངེ་འཛིན་འདི་འཆད་པའི་ཚེ། གང་གིས་ང་ལ་མཉེས་པར་བྱ་བ་དེ་དག་ནི་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བའམ་དགེ་བའི་བཤེས་གཉེན་དང་བྲལ་བ་མ་གཏོགས་པར། ཏིང་ངེ་འཛིན་འདི་ཐོས་ནས་སྤོང་བའམ། སྨོད་པར་འགྱུར་བ་དེ་ནི་གནས་མ་ཡིན་ཏེ་སྐབས་མེད་དོ།། བཟང་སྐྱོང་འདི་ནི་དྲག་པའི་བཤེས་གཉེན་གྱི་ལག་ཏུ་སོང་བ་ལས་ཀྱང་། སྐྱེས་བུ་བླུན་པོ་ཁ་ཅིག་ཏིང་ངེ་འཛིན་འདི་ཐོས་ནས་མངོན་པར་དད་པར་མི་བྱེད། ཡིད་ཆེས་པར་མི་བྱེད། མོས་པར་མི་བྱེད་ན། གང་དག་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། མང་དུ་ཐོས་པ་དེ་ནི་དེ་ལྟར་བསྒྲུབ་པར་དཀའོ། ། སངས་རྒྱས་བལྟ་བ་དེ་ནི་དེ་ལྟར་རྙེད་པར་དཀའོ།། བཟང་སྐྱོང་སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་པར་བྱ་བ་ནི་དེ་ལྟར་དཀའོ།། བཟང་སྐྱོང་གང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཡང་འདི་ལྟར་བསྒྲུབ་པར་དཀའོ།། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་པ་འམ། རབ་ཏུ་བྱུང་བ་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་ལྟ་བུ་འདི་ཐོས་ནས། མི་སྐྲག། མི་དངང་། དངང་བར་མི་འགྱུར། གད་མོས་མི་འདེབས།། འཕྱ་བར་མི་བྱེད། སྙིང་པར་མི་བྱེད། སྤོང་བར་མི་བྱེད་པའི་སྟེང་དུ་ཐོས་ནས་ཀྱང་རྗེས་སུ་ཡི་རང་བར་བྱེད། མངོན་པར་དད་པར་བྱེད། ཡིད་ཆེས་པར་བྱེད། འདུན་པར་བྱེད་ཅིང་། ཏིང་ངེ་འཛིན་འདི་བསྟན་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བ་དང་། བཀླག་པ་དང་། ཡི་གེར་བྲི་བ་དང་། བཤད་པ་དང་། སྒོམ་པའི་ཕྱིར་འདོད་པ་སྐྱེད་པ་ནི། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་གཟིགས་སོ།། དེ་དག་ནི་དེ་བཞིན་གཤེག་པས་། བཟང་སྐྱོང་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ཇི་ལྟར་དེ་བཞིན་གཤེགས་པས་གཟིགས་ཤིང་། ཇི་ལྟར་དེ་བཞིན་གཤེགས་པས་མཁྱེན་ཅེ་ན། གང་དག་ཏིང་ངེ་འཛིན་འདི་འཛིན་པར་འགྱུར་བ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། འཆད་པར་བྱེད་པར་འགྱུར་བ་དང་། ཀློག་པར་འགྱུར་བ་དང་། ཡི་གེར་འདྲི་བར་འགྱུར་བ་དང་། སྟོན་པར་འགྱུར་བ་དང་། སྒོམ་པར་འགྱུར་བའི་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ནི། བཟང་སྐྱོང་ཚུལ་ཁྲིམས་འཆལ་བར་མི་འགྱུར། དད་པ་མེད་པར་མི་འགྱུར། ཆོས་མི་འདོད་པར་མི་འགྱུར། ལོག་པར་ལྟ་བར་མི་འགྱུར། དམིགས་པ་ལ་མངོན་པར་ཞེན་པར་མི་འགྱུར་གྱི། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་དད་པ་ཅན་དུ་འགྱུར་རོ།། འདི་ལྟ་སྟེ་ཆོས་འདི་ལྟ་བུ་འདི་དག་ལེན་པར་བྱེད་པའི་རིགས་ཀྱི་བུ་དང་།། རིག་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་རྟོག་པ་མང་བ་དང་། མོས་པ་མང་བ་དང་། ཡིད་ཆེས་པ་དང་། ཆོས་འདོད་པ་དང་། ཟབ་མོ་ལ་མོས་པ་རྣམས་སུ་འགྱུར་རོ།། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་བསོད་ནམས་ཆུང་བ་དང་། དགེ་བའི་རྩ་བ་ཆུང་བར་མི་འགྱུར་གྱི། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་ཤིང་། དགེ་བའི་རྩ་བ་རྣམས་འབར་བ་ཡིན་ནོ།། བཟང་སྐྱོང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་ལྟ་བུ་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་དང་གཉིས་དང་། གསུམ་ལ་དགེ་བའི་རྩ་བ་རྣམས་བསྐྱེད་པ་མ་ཡིན་གྱི། བཟང་སྐྱོང་རིགས་ཀྱི་བུ་དེ་ལྟ་བུ་དེ་དག་ནི་སངས་རྒྱས་བརྒྱ་ལ་བསྙེན་བཀུར་བྱས་པར་འགྱུར་རོ།། རིགས་ཀྱི་བུ་དེ་ལྟ་བུ་དེ་དག་ནི་སངས་རྒྱས་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དེ་དག་ལས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གི་ཏིང་ངེ་འཛིན་འདི་ཐོས་ཤིང་རྗེས་སུ་ཡི་རང་བ་དང་མོས་པར་འགྱུར་རོ། ། དེ་དག་ཕྱི་མའི་དུས་ཕྱི་མའིཚེ་ལྔ་བརྒྱ་པ་ཐ་མ་ལ་ཡང་ཏིང་ངེ་འཛིན་འདི་ཐོས་ནས་མི་སྤོང་བར་འགྱུར་བའི་སྟེང་དུ། ཐོས་ནས་ཀྱང་རྗེས་སུ་ཡི་རང་བར་འགྱུར། ལེགས་སོ་ཞེས་བྱ་བ་འབུལ་བར་འགྱུར་འཆང་བར་འགྱུར་ཀློག་པར་འགྱུར། ལུང་ནོད་པར་འགྱུར། འཆད་པར་འགྱུར་བ་བསྒོམ་པའི་སྦྱོར་བ་ལ་བརྩོན་པར་འགྱུར་རོ།། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོས་ནས་མི་སྐྲག་མི་དང་ང་། ད་དང་བར་མི་འགྱུར་ཞིང་མི་སྤོང་བའི་སྟེང་དུ། ཐོས་ནས་ཀྱང་རྗེས་སུ་ཡི་རང་བར་བྱེད། མངོན་པར་དད་པར་བྱེད། མངོན་པར་ཡིད་ཆེས་པར་བྱེད། མོས་པར་བྱེད། ལེགས་སོ་ཞེས་བྱེད་ཅིང་། ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཡི་གེར་འདྲི་བར་བྱེད། ཡི་གེར་འདྲིར་འཇུག་པར་བྱེད། སྟོན་པར་བྱེད་ཅིང་། ཐ་ན་ཉིན་ཞག་འགའ་ཡང་ཏིང་ངེ་འཛིན་བསྒོམ་པའི་ཕྱིར། བསྒོམ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་བྱེད་ན། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་དེའི་གཞི་ལས་བསོད་ནམས་མང་པོ་བསྐྱེད་པར་འགྱུར་རོ། ། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་། གྲངས་མེད་པ་བསྐྱེད་པར་འགྱུར་རོ།། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་བའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། བསམ་པ་བཞིན་དུ་ཡོངས་སུ་རྫོགས་པོ་ཡང་ཐོབ་པར་འགྱུར་རོ།། བཟང་སྐྱོང་འོན་ཀྱང་ཡང་དོན་དེ་ཉིད་ལྷག་པར་ཡོངས་སུ་རྫོགས་པར་བྱ། བའི་ཕྱིར་ཁྱོད་ལ་དཔེ་བསྟན་ཏོ།། བཟང་སྐྱོང་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་བྱུང་བས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྡུལ་རབ་ཏུ་རླགས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྩཝ་དང་། ཡལ་ག་དང་། ལོ་མི་དང་། འདབ་མ་དང་། ཐ་ན་སོར་བཞི་ཙམ་པར་དེ་དག་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཀྱི་རྡུལ་དུ་རླགས་ལ། དེ་ནས་མི་དེས་དེ་ལས་རྡུལ་ཕྲ་རབ་ཀྱི་རྡུལ་གཅིག་བླངས་ཏེ། རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཐམས་ཅད་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ཚར་བཅད་དེ། ཚུལ་དེ་ལྟ་བུར་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་ཐམས་ཅད་ཇི་སྙེད་དུ་བཅད་ནས། བཟང་སྐྱོང་ཁྱོད་ཇི་སྙམ་དུ་སེམས། རྡུལ་ཕྲ་རབ་ཀྱི་རྡུལ་དེ་མང་བ་ཡིན་ནམ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་མང་ལགས་སོ།། བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་གི་ཆ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་ན། དེ་བཞིན་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། ། བཙུན་པ་བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟུང་སྐྱོང་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ། ། བཟང་སྐྱོང་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རིན་པོ་ཆེ་སྣ་བདུན་གྱི་ཡོངས་སུ་བཀང་སྟེ། དེ་བཞིན་གཤེ་བ་ལ་དབུལ་བ་ཕུལ་བ་པས། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོས་ནས་རྟོག་པར་བྱེད། མངོན་པར་དད་པར་བྱེད། ཡིད་ཆེས་པར་བྱེད། མོས་པར་བྱེད་ལ། བརྟགས་ཤིང་མངོན་པར་དད་དེ། ཡིད་ཆེས་ཤིང་མོས་པར་བྱས་ནས་ཀྱང་། འཛིན་པར་བྱེད། ཀུན་ཆུབ་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཡི་གེར་འདྲི་བར་བྱེད་ཅིང་།། གཞན་དག་ལ་ཡང་རྒྱ་ཆེར་འཆད་པར་བྱེད། སྟོན་པར་བྱེད། ཡང་དག་པར་འཆད་པར་བྱེད་ན། དགེ་བའི་རྩ་བ་སྔ་མ་པས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འདིའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་སྐྱེད་ན། གང་ཞིག་ཐ་ན་པ་འཇོས་ཙམ་ཞིག་བསྒོམ་པའི་སྦྱོར་ལ་བརྩོན་པར་གནས་པ་ལྟ་ཅི་སྨོས། བཟང་སྐྱོང་གང་ཞིག་ཏིང་ངེ་འཛིན་འདི་ཐོས་ནས་འཛིན་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། འཆང་བར་འགྱུར། ཀློག་པར་འགྱུར། ཡི་གེར་འདྲི་བར་འགྱུར་ཞིང་། གཞན་དག་ལ་ཡང་རྒྱ་ཆེར་གོ་བཱར་བྱེད། སྟོན་པར་བྱེད། ཡང་དག་པར་འཆད་པར་བྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་གི་བསོད་ནམས་ཀྱི་ཕུང་པོ་དེའི་ཚད་ཀྱང་ང་མི་སྨྲ་ན། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཏིང་ངེ་འཛིན་འདི་བསྒྲུབས་ཏེ། དེ་བཞིན་ཉིད་དུ་སློབ་ཅིང་། དེ་བཞིན་ཉིད་ནན་ཏན་བྱེད་པ་ལྟ་ཅི་སྨོས། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུང་སོ།། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་དག། རིན་ཆེན་བཀ་སྟེ་སྦྱིན་པ་བྱིན་པ་ནི། ། དེ་ཡི་འབྲས་བུ་ཆུང་བར་ང་སྨྲའོ།། གང་གིས་ཆོས་འདི་འདྲ་བ་ཐོབ་པ་དང་། བསོད་ནམས་མང་འདོད་བྱང་ཆུབ་སེམས་དཔའ་གང་།། ཏིང་འཛིན་འདི་ནི་འཚོང་ཞིང་ཀློག་བྱེད་ལ། ། ཐོས་ནས་སྙོམ་པ་མེད་པར་སྟོན་པ་ནི།། བསོད་ནམས་ཕུང་པོ་མཐའ་མེད་ལྡན་པར་འགྱུར།། གང་གིས་འཇིག་རྟེན་ཁམས་ན་རྡུལ་ཕྲན་ལྟར། ། བཅད་ཅིང་གཤེགས་ཏེ་རྡུལ་དུ་བྱས་གྱུར་པ།། དེ་སྙེད་ཀྱི་ནི་འཇིག་རྟེན་ཁམས་ཀྱི་རྣམས།། རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས།། གང་གིས་ཏིང།། འཛིན་སངས་རྒྱས་རྣམས་ཀྱིས་གནང་།། བདེ་གཤེགས་བསྔགས་པ་འདི་ལ་ཚིག་བཞི་པའི།། ཚིགས་བཅད་འགའ་ཞིག་ཀུན་ཏུ་ཆུབ་བྱེད་ན།། དེ་ཡི་བསོད་ནམས་དཔེ་ཡོད་མི་འགྱུར་ན། ། གང་ཞིག་སྐད་ཅིག་ཙམ་འམ་པ་འཇོས་ཙམ།། ཀུན་ཆུབ་བྱེད་དང་འཛིན་དང་ཀློག་པ་ལ།། སྨོས་ཀྱང་མི་དགོས་དེ་ཡི་སྟེང་དུ་ཡང་།། དེ་ཡི་བསོན་མས་ལ་ནི་ཚད་མི་རྙེད། ། སེམས་ཅན་ཐམས་ཅད་བདེ་བར་གཤེགས་གྱུར་ཏེ།། ཡེ་ཤེས་རྣམ་དག་དོན་དམ་ཐུགས་སུ་ཆུད།། དེ་དག་བསྐུལ་པ་བྱེ་བ་རབ་མང་ངམ།། དེ་བས་ཚིག་བཅད་གཅིག་བཤར་བསོད་ནམས་འཕགས། ། དེ་སྲིད་བར་དུ་ཆོས་མང་བྱེ་བའི་རྣམས།། བསྟན་ནས་དེ་དག་མྱ་ངན་འདས་པ་བས།། ཏིང་འཛིན་འདི་ལས་ཚིགས་བཅད་གང་འཛིན་པ།། དེ་ཡི་བསོད་ནམས་ཚད་བཟུང་སླ་བ་མིན།། ཇི་ཙམ་རྒྱ་ཆེ་འཇིག་རྟེན་ཁམས་ཡོད་པ།། ཕྱོགས་བཞི་དང་ནི་འོག་དང་དེ་བཞིན་སྟེང་།། རིན་ཆེན་བཀང་སྟེ་བསོད་ནམས་འདོད་པའི་ཕྱིར།། འཇིག་རྟེན་མཁྱེན་ལ་དབུལ་བར་ཕུལ་བས་ནི།། གང་ཞིག་ཏིང་འཛིན་ཞི་བ་རྡུལ་མེད་འདི།། རབ་ཏུ་བསྒོམས་ཤིང་གཞན་ལ་སྟོན་བྱེད་པའི།། བསོད་ནམས་དེ་ལ་འཇིག་རྟེན་ཁམས་ཡངས་པས། ། དེ་ཡི་ཆ་དང་དཔེར་ཡང་མི་འགྱུར་རོ།། གང་ཞིག་ཏིང་འཛིན་ཞི་བ་འདི་བསྒོམ་པ།། དེ་ནི་ནམས་ཀྱང་ཡིད་གཉིས་ཐེ་ཙོམ་མེད།། དེ་ལ་ནམས་ཀྱང་ལོག་ལྟུང་འཇིག་པ་མེད། ། དེ་ནི་ཆོས་ལའང་ནེམ་ནུར་མི་འབྱུང་ངོ་།། སངས་རྒྱས་བཤད་པའི་ཏིང་འཛིན་འདི་བསྒོམས་པས།། དེས་ནི་ང་ལའང་བསྙེན་བཀུར་བྱས་པར་འགྱུར།། བསོད་ནམས་ཆེ་བསམ་མི་ཁྱབ་པའང་གཟུང་། ། བྱང་ཆུབ་སེམས་དཔའ་ཐོས་པས་འཕགས་པར་འགྱུར།། གང་ཞིག་ཕྱི་དུས་འཇིགས་བྱེད་ཆེན་པོའི་ཚེ།། ཏིང་འཛིན་འདི་ནི་བློ་ནས་འཛིན་བྱེད་པ། ། དེས་ནི་ང་དང་འདས་པའི་སངས་རྒྱས་སམ།། མ་བྱོན་དག་ལ་འདྲ་བསྙེན་བཀུར་བྱས་པར་འགྱུར།། མོས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱ།། བག་ཡོད་པར་ནི་བརྩོན་འགྲུས་བརྩམ་པར་བྱོས། ། དགའ་བའི་སེམས་ཀྱི་བརྟན་པར་སྦྱོར་བར་བྱོས།། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར།། ཏིང་འཛིན་འདི་ནི་ཡོངས་སུ་འདྲི་བར་བྱེད།། དེས་ནི་རྒྱལ་བ་བརྒྱ་ཡང་མཉེས་པར་བྱས། ། གང་ཞིག་ཕྱི་རུས་འཇིགས་བྱེད་ཆེན་པོའི་ཚེ།། ཏིང་འཛིན་ཐོས་ནས་མངོན་པར་དད་བྱེད་པ།། དེས་ནི་ང་དང་དགེ་སློང་འདི་དག་དང་། ཁྱིམ་བདག་བཟང་སྐྱོང་ཁྱོད་ཀྱང་མཐོང་བ་ཡིན། ། གང་ཞིག་ཏིང་འཛིན་ཞི་བ་འཕགས་པ་འདི།། དང་བའི་སེམས་ཀྱིས་གཞན་ལ་རྗོད་བྱེད་ཅིང་།། ཏིང་འཛིན་ཆེན་པོ་འདི་ནི་ཐོབ་གྱུར་ན།། བྱང་ཆུབ་སེམས་དཔའ་མང་དུ་ཐོས་ཞེས་བྱ།། འདི་ནི་སངས་རྒྱས་ཀུན་གྱི་མཐུན་པར་བསྔགས།། ཐོས་ཀུན་སངས་རྒྱས་བྱང་ཆུབ་ཏུའང་སྐྱེད།། སངས་རྒྱས་ཀྱིས་གནང་མཁས་པས་བསྔགས་པ་ཡི། ། ཏིང་འཛིན་འདི་ནི་ཤིན་ཏུ་གོམས་བྱས་ན།། ཇི་ལྟར་གནང་ཞིང་འདི་གཤེགས་ཀྱི་བསྔགས་པའི།། ཐོས་པའི་རིགས་ནི་རབ་ཏུ་ཐོབ་པར་འགྱུར།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བདུན་པའོ། ། །། བཟང་སྐྱོད་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན་ང་ད་ལྟར་ཁྱོད་ཀྱི་མདུན་ན་འདུག་ཅིང་སྟོན་པ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སངས་རྒྱས་ཀྱི་གདན་ལ་བཞུགས་ཤིང་ཆོས་སྟོན་པར་ཡིད་ལ་བྱའོ། ། དེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། སྐུ་ཡོངས་སུ་གྲུབ་པ་དང་ལྡན་པར་དེ་བཞིན་གཤེགས་པ་རྣམས་ཡིད་ལ་བྱའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་རེ་རེ་ཡང་བསོད་ནམས་བརྒྱས་བསྐྱེད་པར་བལྟའོ། ། མཚན་མ་རྣམས་ཀྱང་གཟུང་བར་བྱའོ།། སྤྱི་གཙུག་བལྟར་མི་མཐོང་བ་ཡང་ཡོངས་སུ་ཞུ་བར་བྱའོ།། ཞུས་ནས་ཀྱང་ཡང་སྐྱེས་བུ་ཆེན་པོའི་མཚན་རྣམས་ཀྱི་མཚན་མ་རྣམས་ཀྱང་གཟུང་བར་བྱའོ། ། གཟུང་ནས་ཀྱང་འདི་ལྟར་བསླབ་པར་བྱ་སྟེ། ཨ་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱ་དེ་དག་མཛེས་པ་ནི་ངོ་མཚར་ཏོ། ། བདག་ཀྱང་མ་འོངས་པའི་དུས་ན་ལུས་ཡོངས་སུ་གྲུབ་པ་འདི་ལྟ་བུ་དང་ལྡན་པར་འགྱུར་རོ།། མཚན་འདི་ལྟ་བུ་དག་ཡོངས་སུ་རྫོགས་པར་འགྱུར་རོ།། བདག་ཀྱང་ཚུལ་ཁྲིམས་དེ་ལྟ་བུ་དང་ལྡན་པར་འགྱུར་རོ། ། དེ་བཞིན་དུ་ཏིང་ངེ་འཛིན་དང་། དེ་བཞིན་དུ་ཤེས་རབ་དང་། དེ་བཞིན་དུ་རྣམ་པར་གྲོལ་བ་དང་། དེ་བཞིན་དུ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ལྡན་པར་འགྱུར་རོ། ། བདག་ཀྱང་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་འཁོར་བཞི་དང་བཅས་པའི་འཇིག་རྟེན་ལ་ཆོས་འཆད་པར་འགྱུར་རོ་སྙམ་དུ་བསླབ་པར་བྱའོ། ། དེས་དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་ཡིད་ལ་བྱས་ནས་ཡང་འདི་ལྟར་བསླབ་པར་བྱ་སྟེ། ང་ཞེས་བྱ་བའི་ཆོས་དེ་ནི་གང་ཡིན། ངའི་ཞེས་བྱ་བའི་ཆོས་དེ་ཡང་གང་ཡིན། བྱང་ཆུབ་སེམས་དཔའ་ཡང་གང་ཡིན། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ཡང་གང་ཡིན། ཅི་ལུས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་སེམས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ། གལ་ཏེ་ལུས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་མན། ལུས་ནི་བེམ་པོ། གཡོ་བ་མེད་པ། བྱེད་པ་མེད་པ། སེམས་པ་མེད་པ། རྩ་དང་ཤིང་དང་། རྡོ་དང་། རྩིག་པ་དང་། མིག་ཡོར་དང་འདྲ་བ་ཡིན་ལ། བྱང་ཆུབ་ནི་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ་རྣམ་པར་རིག་པར་བྱེད་པ་མ་ཡིན་ནམ། བེམས་པོ། གཡོ་བ་མེད་པ། བྱེདཔ་མེད་པ་སེམས་པ་མེད་པའི་ལུས་ཀྱི་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་མི་བྱེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར། ཇི་སྟེ་སེམས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་བྱ་བ་ནི། སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་པ། སྒྱུ་མ་ལྟ་བུ་ཡིན་ལ། བྱང་ཆུབ་ནི་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་ན། གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་པ། སྒྱུ་མ་ལྟ་བུའི་སེམས་ཀྱི་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་ཇི་ལྟར་འགྱུར་སྙམ་དུ་བསླབ་པར་བྱའོ། ། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་པར་བྱ་སྟེ། ལུས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ།། སེམས་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། སེམས་ཀྱི་སེམས་མེད་པ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ།། གཟུགས་ཀྱིས་གཟུགས་མེད་པ་ཡང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། སེམས་ཀྱིས་སེམས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ།། གཟུགས་ཀྱི་གཟུགས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། སྙམ་དུ་བསླབ་པར་བྱའོ་བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ནི་མཐར་འཛིན་པ་ཐམས་ཅད་རྣམ་པར་སྤངས་པ་སྟེ། དེས་ན་དེ་བཞིན་གཤེགས་པ་ལུས་ལ་ལུས་ཀྱི་རྗེས་སུ་གཟིགས་ཤིང་སྤྱོད་དོ། ། སེམས་ལ་སེམས་ཀྱི་རྗེས་སུ་གཟིགས་ཤིང་སྤྱོད་དོ།། བཟང་སྐྱོང་ཤེས་རབ་གང་ཆོས་ཐམས་ཅད་རབ་ཏུ་ཤེས་པར་བྱེད་པའི་ཤེ་རབ་གཟུགས་མེད་པ། བསྟན་དུ་མེད་པ། མི་སྣང་བ། རྣམ་པར་རིག་པར་བྱེད་པ་མ་ཡིན་པ། ཟག་པ་མེད་པ་དེ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར། མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཟག་པ་མེད་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཟག་པ་མེད་པདེ་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་རྣམས་ཀྱི་གཟུག་ཀྱང་ཟག་པ་མེད་པ། དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྦྦ་རྣམ་ཀྱི་ཚོར་བ་དང་། འདུ་ཤེས། དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་ཀྱང་ཟག་པ་མེད་པ་ཡིན་ན། དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་སམ་ཏིང་ངེ་འཛིན་ཏམ། ཤེས་རབ་འམ། རྣམ་པར་གྲོལ་བ་འམ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཟག་པ་མེད་པ་ཡིན་པ་ལྟ་སྤོས་ཀྱང་ཅི་དགོས། བཟང་སྐྱོང་དེ་བཞིན་གཙེ་བདགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་ཀྱང་ཟག་པ་མེད་པའོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱུ། རྣམས་ཀྱི་དམ་པའི་ཆོས་གང་བཤད་པ་འམ། འཆད་པ་འམ། འཆད་པར་འགྱུར་བའི་ཆོས་དེ་ཡང་ཟག་པ་མེད་པ་སྟེ། བྱིས་པ་མི་མཁས་པ་རྣམས་ཀྱིས་མི་ཤེས་ཀྱི། མཁས་པ་ཤེས་པ་རྣམས་ཀྱིས་ཡང་དག་པར་རྟོགས་སོ། ། བཟང་སྐྱོང་དེའི་ཚེ་བྱང་ཆུབ་སེམས་དཔས་འདི་ལྟར་བསླབ་པར་བྱ་སྟེ། ཅི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོག་པར་འཚང་རྒྱ་འམ། འོན་ཏེ་ཤེས་རབ་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་པར་འགྱུར་སྙམ་དུ་བསླབ་པར་བྱའོ།། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ལུས་ཀྱིས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ། ཤེས་རབ་ཀྱིས་ཀྱང་མ་ཡིན་ནོ་སྙམ་དུ་བསླབ་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་དེ་ནི་ཟག་པ་མེད་ཅིང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་ཏེ། དེ་དེའི་རྒྱུས་བྱང་ཆུབ་བཙལ་བ་ལ་བཏང་སྙོམས་སུ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་དེ་ཡང་ཟག་པ་མེད་ཅིང་རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་སོ། ། དེས་རང་གིས་ལུས་དང་རང་གི་སེམས་ཡོངས་སུ་བཙལ་ཀྱང་མི་དམིགས་སོ།། དེས་དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་བཙལ་ཀྱང་མི་དམིགས་སོ། ། སུ་ཞིག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་ཀྱང་མི་དམིགས་སོ།། གང་གིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞེས་ཀྱང་མི་དམིག་སོ། ། ཅི་ཞིག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་ཞེ་ཀྱང་མི་དམིག་ཤིང་མི་མཐོང་ངོ་།། དེ་ཆོས་ཐམས་ཅད་ལ་དེ་ལྟར་རྣམ་པར་ལྟ་བ་ན་ཡང་དག་པར་མི་མཐོང་ངོ་།། དེ་ཆོས་ཐམ་ཅད་རང་བཞིན་གྱིས་ཞི་བར་ཡང་དག་པར་རྗེ་སུ་མཐོང་ཡང་དེ་དག་རང་བཞིན་གྱི་ཞི་བ་ནི་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པ་དེ་ནི་མ་ཞི་བའི་ཕྱིར་རོ།། དེ་མ་སྐྱེས་པ་ཞི་བའི་ཆོས་ཐམས་ཅ་ལ་ཞི་བའི་ཆོས་རྣམས་སུ་རྟོག་གོ། ། ཞི་བའི་ཆོས་ཐམས་ཅད་ལ་ཞི་བ་དང་བྲལ་བར་རྟོག་གོ།། དེས་དེ་ལྟར་བརྟགས་ནས་ཆོས་རྣམས་ཞི་ཞེས་ཀྱང་བརྟག་པར་མི་བྱའོ།། མ་ཞི་བར་ཡང་བརྟག་པར་མི་བྱའོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མ་སྐྱེས་པ་དང་། ཡོངས་སུ་མི་གྲུབ་པའི་ཕྱིར་རོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་མེ་མུ་བུས་མ་སྦར་བར་འདི་སྐད་དུ། བདག་གིས་མེ་འདི་ཞི་བར་བྱའོ་ཞེས་ཟེར་ན། བཟང་སྐྱོང་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ། བཟང་སྐྱོང་དེ་བཞིན་དུ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རོ། ། གང་ཞིག་འདི་སྐད་དུ་འཇིག་རྟེན་གྱི་ཀུན་རྫོབ་མ་གཏོགས་པར་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ།། ང་ནི་ཆོས་ཐམས་ཅད་སྤོང་བར་འགྱུར་རོ། ། ང་ནི་ཆོས་ཐམས་ཅད་མངོན་སུམ་དུ་བྱེད་པར་འགྱུར་རོ།། ང་ནི་ཆོས་ཐམས་ཅད་སྒོམ་པར་འགྱུར་རོ།། ང་ནི་ཆོས་ཐམས་ཅད་ཞི་བར་བྱེད་པར་འགྱུར་རོ།། ང་ནི་རྨི།། ཐམས་ཅད་ཐོབ་པར་འགྱུར་རོ།། ང་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ།། ང་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་རོ།། ང་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་རོ། ། ང་ནི་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ།། ང་ནི་རང་བྱང་ཆུབ་ཐོབ་པར་འགྱུར་རོ།། ང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་རོ།། ང་ནི་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་པར་འགྱུར་རོ་ཞེས་ཟེར་ན། དེ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནམ། བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་དང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རང་བྱང་ཆུབ་འདོད་པ་དང་། དགྲ་བཅོམ་པ་ཉིད་འདོད་པས་ཆོས་དེ་དག་ལ་དེ་ལྟར་བརྟག་པར་བྱའོ།། ཆོས་དེ་དག་ལ་དེ་ལྟར་བརྟགས་ནས་ཆོས་རྣམས་ཞི་བ་ཞེས་བརྟག་པར་མི་བྱའོ། ། ཆོས་རྣམས་མ་ཞི་བ་ཞེས་ཀྱང་བརྟག་པར་མི་བྱའོ།། བཟང་སྤྱོད་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ཞིག་ཅི་ཡང་མ་སྐྱེས་ཏེ་ཡོངས་སུ་མ་གྲུབ་པའི་ཆོས་ཐམས་ཅད་ལ། ཆོས་ཐམས་ཅད་ཞི་བའོ་ཞེ་རྟོག་ན་འདི་ནི་མཐའ་གཅིག་གོ།། ཆོས་ཐམས་ཅད་མ་ཞི་བ་ཞེས་རྟོག་ན་འདི་མཐའ་གཉིས་པའོ།། བཟང་སྐྱོང་གང་ཞི་བ་དང་། མ་ཞི་བའི་མཐའ་འདི་གཉིས་མི་དམིགས་པ་དང་། མི་རྟོག་པ་དང་། རྣམ་པར་མི་སྒྲུབ་པ་དང་། ཡིད་ལ་མི་བྱེད་པ་དང་། ཀུན་ཏུ་མི་སྤྱོད་པ་འདི་ནི་བགྲང་བའི་ཚུལ་དུ་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་བརྟན་པས་དབུ་མའི་ལམ་ཞེས་བྱ་སྟེ། དོན་དམ་པར་ནི་འདི་ལ་མཐའ་དང་དབུས་སུ་དམིགས་སུ་མེད་དོ།། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་འདྲ་བ། མྱ་ངན་ལས་འདས་པ་དང་མཉམ་པ་སྟེ། དེ་དག་ནི་ཆད་པ་མེད་པ། མ་ཞིག་པ། མི་རྟག་པ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ། ཡུལ་ན་མི་གན་པ་ཕྱོགས་ན་མི་གནས་པ། མཚན་མ་མེད་པ། གྲངས་མེད་པ་སྟེ། མཁས་པ་རྣམས་ཀྱིས་ཀྱང་དེ་ལ་གྲངས་ཀྱིས་ཉེ་བར་མི་འགྲོ་ཞིང་། མི་དམིགས་པས་ན། ཆོས་ཐམས་ཅད་ནི་གྲངས་མེད་པ་ཞེས་བྱའོ། ། བཟང་སྐྱོང་དེ་ལྟར་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་མངོན་པར་ཞེན་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་ཐམས་ཅད་མངོན་པར་ཞེན་པར་བྱ་བ་མ་ཡིན་ཞིང་། དེ་དག་ལ་ནི་མངོན་པར་ཞེན་པ་མེད་སྟེ། རྩ་བ་ཆད་པ།། རྩ་བ་བྲལ་བ། རྟེན་པ་མེད་པ་ཞེས་བྱའོ།། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདྲི་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས། མཆོག་ཏུ་འཛིན་པ་མེད་ཅིང་མི་དམིགས་པ་དང་། ལོག་པར་འཛིན་པ་མེད་པ་དེ་ལྟར་བསྒོམ་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་ཐམས་ཅད་ནི་བཟུང་བ་མེད་པ་སྟེ། ཤིན་ཏུ་ཞི་བ་ནམ་མཁའ་དང་འདྲ་བ། མྱ་ངན་ལས་འདས་པ་དང་མཉམ་པའོ་ཞེས་དེ་བཞིན་གཤེགས་པས་བཀའ་སྤྲུལ་པའི་ཕྱིར་རོ། ། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། གསེར་གྱི་གར་བུ་ཤིན་ཏུ་བསྲེགས་པ། ཤིན་ཏུ་བཅོས་པ། ལྕགས་ཀྱི་ཐུ་ལུམ་དང་འདྲ་བ་ནི་མཁས་པ་རྣམ་ཀྱིས་འཛིན་པར་མི་བྱེད་དོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཚ་བའི་བདག་ཉིད་དེ། བཟང་སྐྱོང་དེ་ནི་རིན་པོ་ཆེའི་མཆོག་གསེར་ཡིན་མོད་ཀྱི། འོན་ཀྱང་བཟང་སྐྱོང་འདི་ལྟ་སྟེ། ཤིན་ཏུ་ཚ་བའི་ཕྱིར་འཛིན་པར་མི་བྱེད་དོ།། བཟང་སྐྱོང་དེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དག། བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ནས་མངོན་པར་ཞེན་པར་མི་བྱའོ།། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེ་པཱ་རྣམས་སུ་ཡང་མངོན་པར་ཞེན་པར་མི་བྱའོ། ། ཚུལ་ཁྲིམ་དང་། ཏིངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་ཡང་མངོན་པར་ཞེན་པར་མི་བྱའོ། ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དུ་ཡང་མངོན་པར་ཞེན་པར་མི་བྱའོ།། རྣམ་པ་ཐམས་ཅད་དུ་ཡང་མངོན་པར་ཞེན་པར་མི་བྱའོ།། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་ཞེན་པ་ནི་འཁོར་བའི་བདག་ཉིད་ཅན། སྡུག་བསྔལ་གྱི་ཆོས་ཐམས་ཅད་སྐྱེས་པའོ།། བཟང་སྐྱོང་འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་ན། འདི་ལྟར་ཡོན་ཏན་གྱི་ཆོས་རྨད་དུ་བྱུང་བ་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་རྣམས་ཀྱི་འདི་ལྟ་སྟེ། ཡེ་ཤེས་ཆེན་པོ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། མི་མཉམ་པ་དང་། མཉམ་པའི་ཡེ་ཤེས་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ནི་ངོ་མཚར་ཆེའོ་ཞེས་དེ་ལྟར་ཡོན་ཏན་གྱི་ཆོས་ཁྱད་པར་འཕགས་པ་ལ་འདོད་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་འདོད་པར་བའིཡེ་ཤེས་འདི་ལ་མངོན་བཞེན་པར་མི་བྱའོ།། བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཏིང་ངེ་འཛིན་འདི་ལ་ཡང་མངོན་པར་ཞེན་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་འདི་དག་ནི་མངོན་པར་ཞེན་པ་མེད་པའི་མངོན་སུམ་དུ་འགྱུར་བའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། མེ་ལོང་ཕྱིས་པ་འམ་འབྲུ་མར་སྣོད་དག་ལ།། བུད་མེད་བརྒྱན་པས་བཞིན་ནི་བལྟས་བྱས་ཏེ། ། དེ་ལ་དེ་དག་འདོད་ཆགས་བསྐྱེད་གྱུར་ནས།། འདོད་པ་ཚོལ་ཞིང་ཀུན་ཏུ་རྒྱུག་པར་བྱེད།། མེད་པའི་ཆོས་ལ་བུད་མེད་ཕྱིན་ཅི་ལོག། མི་བཟད་གདུངས་ཤིང་འདོད་པས་གཟིར་བར་གྱུར།། ། བུད་མེད་རང་གི་ལུས་ཀྱིས་བསླུས་གྱུར་པ།། ཆོས་འདི་རྣམས་ནི་གསོག་ཏུ་མི་ཤེས་ལྟར།། བྱང་ཆུབ་འཚང་རྒྱ་བདུད་རྩི་རེག་འགྱུར་ཞིང་།། སྡུག་བསྔལ་གཟིར་བའི་སེམས་ཅན་དགྲོལ་འགྱུར་སྙམ།། བྱང་ཆུབ་སེམས་དཔའ་གང་སེམས་དེ་བཞིན་ཏེ།། མི་ཤེས་པས་ནི་སེམས་ཅན་ཞེས་ཀྱང་བྱ།། དོན་དམ་ལ་ནི་གང་ཞིག་སྐྱེ་འཆི་དང་།། མྱ་ངན་འདའ་བའི་སེམས་ཅན་འགའ་མི་དམིགས།། ཆོས་རྣམས་གཟུང་མེད་ནམ་མཁའི་ཟླ་བ་འདྲ། ། བྱང་ཆུབ་བཙལ་ཀྱང་རྙེད་པར་མི་འགྱུར་ཏེ།། གཟུགས་བརྙད་ལྟ་བུ་ན་མཁའི་ཟླ་བ་འདྲ།། སྒྱུ་མ་ལྟ་བུ་སྟོང་པ་སྨིག་རྒྱུ་འདྲ།། ཆོས་རྣམས་དངོས་པོ་མེད་ཅིང་རང་བཞིན་སྟོང་། ། དེ་ལ་བྱིས་པ་རྟག་ཏུ་ཡོད་འདུ་ཤེས།། འདི་དག་ལ་ནི་ཉོན་མོངས་འགའ་མེད་པར།། བྱང་ཆུབ་མཁས་པ་གང་གིས་ཤེས་གྱུར་ཅིང་།། འཇིག་རྟེན་འཁྲུལ་པར་དོན་དམ་ཤེས་གྱུར་ན། ། དེ་ནི་འཇིག་རྟེན་གཙོ་བོ་སངས་རྒྱས་འགྱུར།། སངས་རྒྱས་བྱང་ཆུབ་སེམས་ཀྱིས་བརྟགས་པ་ཡན།། སེམས་ཀྱང་རྣམ་དག་རང་བཞིན་འོད་གསལ་ཞིང་། རྙོག་མེད་འགྲོ་བ་ཀུན་ཏུ་མ་འདྲེས་པར། ། གང་གིས་ཤེས་པ་བྱང་ཆུབ་མཆོག་འཚང་རྒྱ།། ཆོས་ཀུན་ཟག་པ་མེད་ཅིང་གཟུགས་མེད་ལ།། དབེན་ཞིང་སྟོང་པར་རྣམ་པར་མི་རྟོག་པར།། འདོད་ཆགས་བྲལ་ཞིང་སེམས་ནི་རྣམ་གྲོལ་ཏེ། ། གང་གིས་ཤེས་པས་ཏིང་འཛིན་འདི་འཐོབ་བོ།། རྒྱལ་བའི་སྐུ་ལ་དམིགས་པར་བྱས་ནས་སུ།། རང་བཞིན་རྣམ་དག་ཆོས་ནི་མཉན་པར་བྱོས།། བསྒོམ་དང་རྣམ་བསྒོམ་ཅུང་ཟད་འདིར་མ་བྱེད། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར།། ནམ་མཁའི་འདུ་ཤེས་ལ་ནི་གནས་བྱས་ནས།། ཕྲ་རབ་རྡུལ་གྱི་འདུ་ཤེས་འགག་པ་འགྱུར།། རྟོག་པ་མེད་ཅིང་མ་བྱས་ཞིག་མེད་པར།། གང་གིས་ཤེས་པས་ཏིང་འཛིན་འདི་འཐོབ་བོ།། གཟུགས་ཀུན་རྟོག་པ་མེད་པར་ཤེས་བྱས་ནས།། མིག་གིས་གང་དུ་བལྟས་ཀྱང་མ་ཆགས་ཤིང་། འཇིག་རྟེན་འདིར་ནི་ཉི་མ་བདུན་ཤྭརཱ་བ།། དེ་ལྟར་དེས་ནི་སངས་རྒྱས་མཐོང་བར་འགྱུར།། མིག་ཀྱང་རྣམ་དག་རྣ་བའང་ཡོངས་དག་ཅིང་།། བརྩོན་འགྲུས་བརྩམས་ལ་དྲན་ལྡན་ཤེས་བཞིན་གྱིས། ། ཏིང་འཛིན་འདི་ནི་ལེགས་པར་བསྒོམ་བྱས་ཏེ།། མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་འཛིན།། མི་མཐོང་ཏིང་འཛིན་འདི་ནི་གང་ཡིན་དང་།། སེམས་ཅན་ཀུན་གྱི་ཏིང་འཛིན་གང་ཡིན་ཏེ། ། གང་གིས་མི་མཐོང་གང་གིས་རྣམ་མི་མཐོང་།། འདིར་ནི་མུ་སྟེགས་མང་པོ་གཞན་བརླག་འགྱུར།། མཚན་མའི་འདུ་ཤེས་དག་ནི་བསལ་བྱས་ན།། དེ་ནི་སེམས་ཀྱང་རྣམ་དག་སངས་རྒྱས་མཐོང་། ། མཐོང་བར་འགྱུར་ནས་ཕྱིར་ཡང་མི་མཐོང་བ།། དེ་ནི་འཇིག་རྟེན་གཙོ་བོ་སངས་རྒྱས་འགྱུར།། དེ་ཡི་མདུན་ནས་མེད་ཆུ་ཡང་མེད།། མེ་ཡང་མེད་ཅིང་རླུང་མེད་ནམ་མཁའ་མེད། ། དེས་ནི་སངས་རྒྱས་རྣམས་ནི་བཞུགས་གྱུར་ཅིང་།། དམ་པའི་ཆོས་འཆད་པ་ནི་དམིགས་པར་འགྱུར།། ཇི་ལྟར་ང་ནི་ཆོས་འཆད་འདུག་པ་ལ།། གང་དག་ཆོས་འདོད་པ་རྣམས་ལྟ་བ་བཞིན། ། སངས་རྒྱས་དེ་བཞིན་ཆོས་མཆོག་མ་གཏོགས་པར།། དེ་ལ་དམིགས་པ་གཞན་ནི་མི་འབྱུང་ངོ་།། དེ་ལྟ་བུ་དང་ལྡན་པ་དག་ལ་ནི།། ཏིང་འཛིན་རྡུལ་བྲལ་འདི་ནི་ལེགས་བཟུང་བའི། ། སངས་རྒྱས་མང་པོ་འཆང་པ་མ་གཏོགས་པར།། ཉན་ཐོས་གཞན་ནི་གང་ཡང་མི་དམིགསོ།། གང་ཞིག་ཏིང་འཛིན་ཞི་བ་འཕགས་པ་འདི།། མ་བཤད་པ་དང་འཆད་པར་མི་འགྱུར་བའི། ། སངས་རྒྱས་སྔ་འདས་གང་ཡདུ་མ་བྱུང་ཞིང་།། མ་བྱོན་པ་དང་གང་ཡང་མི་བཞུགས་སོ།། སྲོག་ཆགས་དག་ལ་ཕན་ཕྱིར་འཇིག་རྟེན་དུ། ། ད་ལྟར་མི་ཡི་མཆོག་ཏུ་བྱུང་བའང་།། སངས་རྒྱས་འདིས་གང་འདྲེན་འདི་རྗེས་སུ་དྲན་གྱུར་ཏེ།། ཏིང་འཛིན་ཞི་བ་བལྟ་དཀའ་འདི་འཆད་དོ།། ལུས་དང་དེ་བཞིན་སྲོག་ལའང། མི་བལྟ་ཞིང་།། སངས་རྒྱས་ཡོན་ཏན་རྣམས་ནི་ཆོལ་འདོད་པས།། ཏིང་འཛིན་འདི་ལ་གནས་པར་བྱས་ནས་ནི།། སངས་རྒྱས་བྱང་ཆུབ་རྙེད་པར་མཱི་དཀའོ།། རང་བཞིན་གཅིག་པའི་མི་མཆོག་མང་པོ་དག། མཁས་པ་གང་གིས་མཐོང་ནས་ཞུ་འདོད་པ།། དེས་ནི་རིངས་ཤིང་རིངསྲ་པར་མྱུར་ཚུལ་དུ།། རྡུལ་མེད་དག་པའི་ཏིང་འཛིན་བསྒོམ་པར་བྱ།། གང་ཞིག་སེམས་ཅན་དག་ལ་ཕན་ཕྱིར་ཞུགས།། ཐོས་མང་རྒྱ་ཆེ་བསྡམ་གྱིས་མི་ཁྱབ་ཚོལ།། དེས་ནི་རིངས་ཤིང་རིངས་པར་མྱུར་ཚུལ་དུ།། རྡུལ་མེད་དག་པའི་ཏིང་འཛིན་བསྒོམ་པར་བྱ། ། འདི་ལ་འདོད་ཆགས་མེད་ཅིང་ཞེ་སྡང་མེད།། འདི་ལ་གཏི་མུག་མེད་ཅིང་ཕྲག་དོག་མེད།། འདི་ལ་ཤེས་དང་མི་ཤེས་པ་ཡང་མེད།། དེ་བས་ཏིང་འཛིན་ཞི་བ་འང་ཤེས་བརྗོད། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བརྒྱད་པའོ།། །། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་འདི་ལྟར་ཏིང་ངེ་འཛིན་ཟབ་མོ་འདི་བཅོམ་ལྡན་འདས་ཀྱི་བཤད་པ་ངོ་མཚར་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཏིང་ངེ་འཛིན་འདི་ཐོས་ནས་ལུང་ནོད་པའམ་བསྒོམ་པར་འཚལ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དེས་ཆོས་གང་དག་ལ་གནས་ཏེ་ཏིང་ངེ་འཛིན་འདི་ལུང་མ་ནོད་པར་བགྱི། བསྒོམ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་པ་དེ། ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ།། ཚུལ་ཁྲིམས་ལ་སྐྱོན་མེད་པར་བྱའོ། ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ལ་སྐྱོན་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་པའི་བྱང་ཆུབ་སེམས་དཔའ་དེས་སོ་སོར་ཐར་པའི་སྡོམམས་བསྡམ་པར་བྱའོ།། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཆུང་བ་ལ་ཡང་འཇིགས་པར་ལྟ་བ་དང་། སྤྱོད་ལམ་ཡོངས་སུ་དག་པར་བྱའོ།། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་བསླབ་པར་བྱའོ། ། ཟབ་མོ་ལ་མོས་པ་དང་། དམིག་སུ་མེད་པ་ལ་བཟོད་པར་བྱའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཐོས་ནས་མི་སྐྲག་པར་བྱའོ།། མི་དང་བར་བྱའོ། ། དངང་བར་མི་འགྱུར་བར་བྱའོ།། བཟང་སྐྱོང་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཚུལ་ཁྲིམས་ལ་སྐྱོན་མེད་པ་ཡིན་ནོ། ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཚུལ་ཁྲིམས་ཡོངས་སུ་མ་དག་པ་དང་། ཚུལ་ཁྲིམས་ལ་སྐྱོན་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་།། ། བ་གང་ལ་ལ། གཟུགས་ལ་གནས་ཏེ་ཚངས་པར་སྤྱད་པ་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་ཏེ་ཚངས་པར་སྤྱད་པ་སྤྱོད་ཅིང་།། བདག་གི་ཚུལ་ཁྲིམས་དང་། དཀའ་ཐུབ་དང་། ཚངས་པར་སྤྱོད་པ་འདིས་ལྷ་འམ།། སཱལ་ལ་ཞིག་ཏུ་གྱུར་ཅིག་ཅེས་ཟེར་བ་འདི་ནི་བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བའི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན། ཚུལ་ཁྲིམས་ལ་སྐྱོན་ཡོད་པ་ཡིན་ནོ།། འདི་ལྟ་སྟེ། སྲིད་པའི་འདུ་ཤེས་མཆོག་ཏུ་བཟུང་ནས། དེ་འདོད་པ་ལ་སྟེན་པར་འདོད། ཅིང་། སྲིད་པར་སྐྱེ་བའི་གནས་བཟུང་བར་འདོད་པས་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན་ནོ།། བཟང་སྐྱོང་དེ་བས་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་གང་ཏིང་ངེ་འཛིན་འདི་ཐོས་ནས་འཆད་པའམ། བསྒོམ་པར་འདོད་པ་དེས་ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ།། ཚུལ་ཁྲིམས་ལ་སྐྱོན་མེད་པར་བྱའོ།། ཚུལ་ཁྲིམས་འདྲེན་པ་མ་ཡིན་པར་བྱའོ། ། ཚུལ་ཁྲིམས་མ་ཉམས་པར་བྱའོ།། ཚུལ་ཁྲིམས་སྲ་སྲེར་མ་གྱུར་པར་བྱའོ།། རྟེན་པ་མེད་པའི་ཚུལ་ཁྲིམས་དང་། མཆོག་ཏུ་འཛིན་པ་མེད་པའི་ཚུལ་ཁྲིམས་དང་། དམིགས་བ་མེད་པའི་ཚུལ་ཁྲིམས་དང་། མ་ཞིག་པའི་ཚུལ་ཁྲིམས་དང་། མཁས་པས་བསྔགས་པའི་ཚུལ་ཁྲིམས་རྣམས་སུ་བྱའོ།། དེས་སྦྱིན་པ་འགྱེད་པ་ལ་དགའ་བར་བྱའོ།། འདི་ལྟ་སྟེ། སྦྱིན་པའི་མཆོག། སྦྱིན་པ་བླ་ན་མེད་པ། ཆོས་ཀྱི་སྦྱིན་པ་ལ་བརྩོན་འགྲུས་བརྩམ་པར་བྱའོ།། དྲན་པ་ཉེ་བར་གནས་པར་བྱའོ།། དད་པ་དང་ལྡན་པར་བྱའོ།། ངེས་པ་དང་། ངོ་ཚ་ཤེས་པ་དང་ལྡན་པ་དང་ཁྲེལ་ཡོད་པ་ཕུན་སུམ་ཚོགས་པར་བྱའོ། ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ལྷག་པར་མ་ཞེན་པར་བྱའོ།། སེར་སྣ་མེད། ཅིང་ཕྲག་དོག་མེད་པ་དང་། སྦྱངས་པའི་ཡོན་ཏན་ལ་ཡོ་བྱད་བསྲུངས་པར་སྤྱོད་པར་བྱའོ།། འཇིག་རྟེན་པའི་གཏམ་ངོན་དུ་མི་གཉེར་གྱི། གཏམ་ཡོངས་སུ་སྤང་ཞིང་འཇིག་རྟེན་ལས་འདས་པའི་གཏམ་དོན་དུ་གཉེར་བར་བྱའོ། ། བྱས་པ་གཟོ་བར་བྱའོ།། སྒྲ་ཆུང་བ་དང་།། སྨྲ་བ་བྱུང་བར་བྱའོ།། གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པར་བྱའོ།། འདི་ལྟ་སྟེ་དགེ་བའི་བཤེས་གཉེན་ནི་རྙེད་པར་དཀའ་བས། སློབ་དཔོན་དང་། མཁན་པོ་ལ་བསྙེན་བཀུར་བྱ་བར་སྤྲོ་བར་བྱའོ།། དེས་སུ་ལས་ཆོས་འདི་ལྟ་བུ་འདི་རྣམས་ཐོས་པར་འགྱུར་བ་དང་། བླངས་པ་དང་གླེགས་བམ་དུ་བྲིས་པར་འགྱུར་བ་དང་། ཚིག་གིས་སྟོན་པའི་རག་ལུས་པར་འགྱུར་བ་དེ་དང་གང་ལས་མདོ་སྡེ་འདི་ལྟ་བུ་འདི་ཀུན་ཆུབ་པར་བྱེད་པའམ། ཀུན་ཆུབ་པར་བྱེད་པ། འགྱུར་བ་འམ།། གླེགས་པམ་དུ་འདྲི་བ་འམ། བྲིས་པར་འགྱུར་བ་དེ་ལ་དེས་པར་འདུ་ཤེས་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་དུ་འདུ་ཤེས་བསྐྱེད་པར་བྱའོ།། སྟོན་པར་འདུ་ཤེ་བསྐྱེད་པར་བྱའོ། ། དེ་ཆོས་དེ་ལྟ་བུ་འདི་རྣམས་ཀྱི་དོན་དང་བྱང་ཆུབ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེས་དེ་ལྷག་པར་ཡང་དགའ་བ་དང་། དང་བ་དང་། གུས་པ་བསྐྱེད་པར་བྱའོ།། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམསད་པའི་ཐེག་པའམ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཆོས་འདི་ལྟ་བུ་འདི་རྣམས་ཀྱི་ཆོས་འཚོད་པའི་དགེ་སློང་ལ་དགའ་བ་དང་། དང་བ་དང་། གུས་པ་མི་སྐྱེད་ཅིང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། སྟོན་པའི་འདུ་ཤེས་ཀྱང་མི་སྐྱེད་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའི་ཐེག་པ་འམ། ཉན་ཐོས་ཀྱི་ཐེག་པའམ། རང་སང་སོ་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཆོས་འདི་ལྟ་བུ་ཀུན་ཆུབ་པར་མ་བྱས་པའི་ཆོས་རྣམས་ཀུན་ཆུབ་པར་འགྱུར་བ་དང་། ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གནས་པ་དང་། ཆུད་མི་ཟ་བ་དང་། མེད་པར་མི་འགྱུར་བའི་གནས་མ་ཡིན་ཏེ་སྐབས་མེད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེས་ཏིང་ངེ་འཛིན་ཐོབ་པ་དེ་ཡང་གནས་མེད་དོ། ། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མ་གུས་པས་ནི་དམ་པཱའི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ། ། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འམ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཆོས་འདི་ལྟ་བུ་འདི་དག་སྟོན་པར་བྱེད་པའི་དགེ་སློང་དང་། གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ཀུན་ཆུབ་པར་འགྱུར་བ་དང་། ཀུན་ཆུབ་པར་བྱས་པ་དང་། གླེགས་བམ་དུ་བྲིས་པར་གྱུར་པ་དེ་དག་ལ་དགའ་བ་དང་། དང་བ་དང་གུས་པའང་སྐྱེད་ཅིང་། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། སྟོན་པར་འདུ་ཤེས་ཀྱང་ཉེ་བར་གཞོག་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའི་ཐེག་པ་པ་འམ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཀུན་ཆུབ་པར་མ་བྱས་པའི་ཆོས་རྣམས་ཀུན་ཆུབ་པར་འགྱུར་བ་དང་། ཀུན་ཆུབ་པར་བྱས་པའི་ཆོས་རྣམས་གནས་པ་དང་། ཆུད་མི་ཟ་བ་དང་། མེད་པར་མི་འགྱུར་བའི་གནས་ཡིན་ཏེ། དེ་ནི་གནས་ཡོད་དོ། ། བཟང་སྐྱོང་དེ་བས་ན་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། འདི་ལྟར་ཆོས་འདི་ལྟ་བུ་སྟོན་པའི་དགེ་སློང་རྣམས་ལ་དགའ་བ་དང་། དང་བ་དང་། གུས་པ་བསྐྱེད་པར་བྱའོ། ། དགེ་བའི་བཤེས་གཉེན་དུ་འདུ་ཤེས་པ་དང་། སྟོན་པར་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ནི་ངའི་རྗེས་སུ་བསྟན་པ་ཡིན་ནོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའི་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ། ཏིང་ངེ་འཛིན་འདི་ལུང་ནོད་པར་འདོད་པ་དང་། བསྒོམ་པར་འདོད་པ་དེས་འགྱོད་པ་དང་བྲལ་བར་བྱའོ།། དགོན་པ་ལ་དགའ་བ་དང་དགོན་པ་ལ་གཞོལ་བ་དང་། དགོན་པ་ལ་འབབ་པ་དང་། དགོན་པ་ལ་བབ་པར་བྱའོ།། གཞོངས་ཀྱི་ཕྱོགས་ལ་མངོན་པར་མི་དགའ་བར་བྱའོ།། མཛའ་བོའི་ཁྱིམ་དང་ཟས་སྦྱིན་པའི་ཁྱིམ་མི་འདོད་པས་སྲོག་ལ་མི་བལྟ་བར་བྱའོ། ། ལུས་གཏོང་བས་ལུས་ལ་མི་ཆགས་པ་དང་། དགོན་པའི་འདུ་ཤེས་ཐོབ་པར་བྱའོ།། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་རྟེན་པ་དང་། དམ་པའི་ཆོས་རབ་ཏུ་གཟུང་བར་བྱའོ།། ལྷུང་བཟེད་དང་ཆོས་གོས་ལ་མ་ཆགས་པ་དང་། མི་སོགས་པར་བྱའོ།། མགྲོན་དུ་གཉེར་མི་དགོས་པར་བསོད་སྙོམས་སྤྱད་པར་བྱའོ།། འཛེམ་ཞིང་འགྱོད་པ་དང་ལྡན་པར་བྱའོ།། གསེར་བདག་གིར་མི་བྱེད་པར་བྱའོ།། ཀུན་ནས་ལྡང་བ་མེད་པས་འགྱོད་པ་དང་བྲལ་བར་བྱའོ།། ཁོང་ཁྲོ་བ་སྤངས་པས་བྱམས་པ་ལ་གནས་བར་བྱའོ། ། འཚེ་བ་སྤངས་པས་སྙིང་རྗེ་ལ་གནས་པར་བྱའོ།། མངོན་པར་མི་དགའ་བ་སྤངས་པས་དགའ་བ་ལ་གནས་པར་བྱའོ།། མཚན་མ་ཐམས་ཅད་སྤངས་པས་བཏང་སྙོམས་ལ་གནས་པར་བྱའོ། ། བརྩོན་འགྲུས་བརྩམས་པས་བསླབ་པ་འདོད་པར་བྱའོ།། རྨུགས་པ་དང་གཉིད་ཀྱི་མི་ནོན་པར་འཆག་པ་ལ་ཞུགས་པར་བྱའོ།། བཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའི་ཁྱིམ་གྱི་གནས་ནས་བྱུང་བ་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པ་དང་། བསྒོམ་པར་འདོད་པས་དེས་ཆོས་དེ་དག་ལ་གནས་ཏེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ།། བསྒོམ་བར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་འདི་ལྟར་རྒྱ་ཆེ་ཞིང་བཟང་བའི་ཆོས་འདི་དག་དེ་བཞིན་གཤེགས་པས་བསྟན་ཅིང་གསུངས་པ་ནི་ངོ་མཚར་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་གང་དག་འབྱུང་བ་དེ་དག་ནི། ཏིང་ངེ་འཛིན་འདི་ཐོས་ནས་སྐྲག་པར་འགྱུར། དང་ང་བར་འགྱུར། དངང་བར་བགྱིད་པར་འགྱུར་རོ།། ཆོས་དེ་ལྟ་བུ་བཟང་བ་དེ་དག་འཆད་པ་ལ་ཡང་དགའ་བ་དང་། མགུ་བ་དང་། དང་བ་རྒྱ་ཆེན་པོ་མི་འཐོབ་ཅིང་། དེ་དག་འདི་སྙམ་དུ་བདག་ཅག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་ལས་ཏིང་ངེ་འཛིན་འདི་བསྒྲུབ་པར་བྱའོ། ། ད་ལྟར་ནི་བདག་ཅག་ལུས་རྐེ་ཞིང་ནད་མང་ངོ་སྙམ་དུ་སེམས་པར་འགྱུར་ཏེ། དེ་དག་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐོས་ནས་ཞུམ་པར་འགྱུར། ཀུན་ཏུ་ཞུམ་པར་འགྱུར་ཞིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་ཞུགས་པའི་ཏིང་ངེ་འཛིན་འདི་བསྒྲུབ་པར་བརྩོན་འགྲུས་ཀྱང་མི་རྩོམ་པར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་བརྩམས་པའི་དྲན་པ་ལ་གནས་པ། ཆོས་འཚལ་བ། ཆོས་ལ་གུས་པ། ཆོས་འཛིན་པ། ཆོས་སྟོན་པ། ཆོས་སྨྲ་བ།། ཆོས་ཡོངས་སུ་ལེན་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་སྤྱོད་པ། ལུས་དང་སྲོག་ཡོངས་སུ་གཏོང་བ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་རྟེན་པ། ཡོན་ཏན་གྲགས་པ་མི་འཚལ་བ། ལྷུང་བཟེད་དང་། ཆོས་གོས་ལ་མ་ཆགས་པ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། རྒྱལ་སྲིད་དང་། ཡུལ་འཁོར་དང་། ཕོ་བྲང་འགྲོ་ལ་མངོན་པར་མི་དགའ་བ། དབེན་པ་ལ་གཞོལ་བ། དབེན་པ་ལ་འབབ་པ། དབེན་པ་ལ་བབ་པ་གང་དག་འབྱུང་བ་དེ་དག་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་ཐོས་ནས་ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར། སྐྲག་པར་མི་འགྱུར། དངང་བར་མི་འགྱུར། དངང་བར་བགྱིད་པར་མི་འགྱུར་བའི་སྟེང་དུ་དགའ་བ་དང་། མགུ་བ་དང་།། དང་བ་རྒྱ་ཆེན་པོ་ཡང་འཐོབ་བོ།། དེ་དག་ཏིང་ངེ་འཛིན་འདི་བཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བ་དང་། བཀླག་པ་དང་། ཡི་གེར་བྲི་བ་དང་། བསྟན་པ་དང་། བསྒོམ་པའི་སླད་དུ་བརྩོན་འགྲུས་རྒྱ་ཆེན་པོ་ཡང་རྩོམ་མོ། ། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུ་དེ་དག་ནི་མ་བྱོན་པའི་སངས་རྒྱས་ལས་མང་དུ་ཐོས་པ་བཙལ་བར་མི་འགྱུར་རོ།། སྔགས་དང་། ཡོན་ཏན་དང་། ཆོས་ཀྱི་ཁྱད་པར་བསྒྲུབ་པའི་སླད་དུ་སྦྱོང་བར་ཡང་མི་འགྱུར་རོ།། དེ་ལྟ་ལགས་ཀྱིས་ཀྱང་བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སྔོན་གྱི་རྒྱལ་བ་ལ་བགྱི་བ་བགྱིས་པ། བརྩོན་འགྲུས་བརྩམས་པ་གང་དག་འབྱུང་བ་དེ་དག་ནི་དེ་བཞིན་གཤེགས་པས་གསུངས་པའི་ཏིང་ངེ་འཛིན་འདི་ལྟ་བུ་འདི་ཐོས་ནས་འདི་སྙམ་དུ་བདག་ཅག་འདི་ཉིད་དུ་ལུས་དང་ལྤགས་པ་དང་། ཤ་དང་ཁྲག་དང་རུས་པ་དང་། ཆུ་བ་དང་། རྐང་རྣམས་སྐམས་ཤིང་ཡོངས་སུ་སྐམས་ཀྱང་བླའི། འདི་ལྟར་བདག་ཅག་ལེ་ལོ་ཅན་དུ་འགྱུར་ཏེ། འཆི་བའི་དུས་བྱེད་པར་ནི་མི་བྱའོ།། བདག་ཅག་གིས་ཆོས་རྒྱ་ཆེ་ཞིང་བཟང་བ་འདི་ལྟ་བུ་འདི་དག་ཀུན་ཆུབ་པ་དང་། བཤད་པ་དང་། བསྒོམ་པ་མ་བྱས་པར་བརྩོན་འགྲུས་གཏང་བར་ནི་མི་བྱའོ་སྙམ་སྟེ། དེ་ལྟར་བརྩོན་འགྲུས་རྩོམ་པར་འགྱུར་རོ།། སྐྱེས་བུ་དམ་པ། བརྩོན་འགྲུས་རྟག་ཏུ་བརྩམས་པ། དེ་ལྟ་བུ་དེ་དག་དེ་བཞིན་གཤེགས་པས་གསུངས་པའི་མང་སྡེ་འདི་ལྟ་བུ་འདི་ཐོས་ནས་ཐོས་མ་ཐག་ཏུ་དགའ་བ་དང་། མགུ་བ་དང་། དངོ་བ་ཤིན་ཏུ་རྒྱ་ཆེ་བ་ཡང་ཐོབ་བོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ལེགས་སོ་ལེགས་སོ།། ཡང་བཟང་སྐྱོང་ཁྱོད་ཀྱིས་རྗེས་སུ་མཐུན་པའི་ཆོས་བཤད་པ་ནི་ཕྱིན་ཅི་མ་ལོག་ཅིང་དེ་ལྟར་དེ་བཞིན་ཡིན་ཏེ་ལེགས་སོ། ། ང་ཡང་དེ་ལ་རྗེས་སུ་ཡི་རང་སྟེ། ངས་གང་ལ་རྗེས་སུ་ཡི་རང་བ་དེ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྗེས་སུ་ཡི་རང་བར་མཛད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སོ་སོར་ཐར་པ་བསླབ་པ་ངས་བཤད་གང་། དེ་ཀུན་སློབ་པར་བྱེད་ཅིང་དགོན་པར་སྟེན། སྦྱངས་པའི་ཡོན་ཏན་དག་ལ་རྟག་སྤྱོད་ན། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར།། མགྲོན་དུ་གཉེར་བ་ཐམས་ཅད་སྤངས་བྱས་ཤིང་། ། རོ་ལ་ཆགས་པའང་ཡོངས་སུ་སྤང་བྱས་ཏེ། གང་ལས་ཉན་ལ་སྟོན་པར་འདུ་ཤེས་ཤིང་།། མཉམ་ཞིང་མཚུངས་པའི་འདུ་ཤེས་ཉེ་བར་གཞོག། ཕྲག་དོག་འདོད།། པ་ང་རྒྱལ་སྤངས་བྱས་ཏེ།། འདོད་ཆགས་ཞེ་སྡང་གཏི་མུག་སྤང་བྱས་ལ།། བསམ་གཏན་སྦྱོར་སེམས་ཡང་དག་བསྐྱེད་བྱས་ཏེ།། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ།། ཕྲག་དོག་མེད་ཅིང་འདོད་ཆགས་སྤངས་བྱས་ལ། ། རབ་ཏུ་བསྡམས་ཤིང་ཁྲོ་བ་སྤང་བྱས་ཏེ།། རྒྱལ་བའི་སྒོ་ལ་དམིགས་པ་དག་བྱས་ནས།། ཏིང་ངེ་འཛིན་འདི་ལྔ་ནི་འཇུག་པར་བྱ།། བརྩོན་འགྲུས་མི་གཏོང་གཉིད་ཀྱི་མི་ནོན་ཅིང་། ། གཉེན་དང་མཛའ་དང་ལྷན་ཅིག་མི་འགྲོགས་ལ།། འཆག་དང་ལྡན་ཞིང་མང་དང་འགྲོགས་སྤངས་ཏེ།། ཏིང་འཛིན་རྡུལ་མེད་འདི་ནི་བསྒོམ་པར་བྱོས།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དགུ་པའོ།། །། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅཝོ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་སློང་མ་གང་ལ་ལ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་ཞུགས་པའི་ཏིང་དེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འཚལ་ན། བཙུན་པ་བཅོམ་ལྡན་འདས་ཆོས་གང་ལ་གནས་ཏེ་ཏིང་ངེ་འཛིཞི་འདི་ཝང་མནོད་པར་བགྱི། བསྒོམ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བཟང་སྐྱོང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་སློང་མ་གང་ལ་ལས་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པ་འམ། བསྒོམ་པར་འདོད་པ་དེས། རྟག་ཏུ་གུས་པ་དང་བཅས་པར་བྱའོ། ། རྟག་ཏུ་ཕྲག་དོག་མེད་པ་དང་། མི་ཁྲོ་བར་བྱའོ།། ང་རྒྱལ་བཅོམ་པ་དང་། ཁེངསྲ་པ་མེད་པ་དང་། བརྩོན་འགྲུས་བརྩམ་པར་བྱའོ།། ལེ་ལོ་མེད་པ་དང་རྨུགས་པ་དང་། གཉིད་སྤང་བར་བྱའོ།། མི་ཉལ་བར་སྦྱོར་བ་ལ་བརྩོན་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། ཆོས་གོས་དང་། ཟས་དང་མལ་སྟན་དང་། ན་བའི་གསོས་སྨན་དང་། ཡོ་བྱད་འཚལ་བ་ཐམས་ཅད་སྤང་བར་བྱའོ།། འཚོ་བ་ཡོངས་སུ་དག་པ་དང་། ལུས་དང་སྲོག་ལ་ཡང་མི་རྟེན་པར་བྱའོ།། རྟག་ཏུ་ཆོས་འདོད་པ་དང་། མང་དུ་ཐོས་པ་ཚོལ་བ་ལ་བརྩོན་པར་བྱའོ།། མ་ཆགས་པ་དང་། ཞེ་མི་སྡང་བ་དང་། རྨུགས་པ་མེད་པའི་སེམས་སུ་བྱའོ།། བདུན་གྱི་ཕྱོགས་སྤང་བར་བྱའོ།། མ་པ་དང་། བརྒྱན་པ་དང་། ལུས་ལ་གྲུབ་པ་རྣམས་སྤང་བར་བྱའོ།། ལྷུང་བཟེད་དང་། ཆོས་གོས་ལྔ་མ་ཆགས་པར་བྱའོ།། གླགས་པ་ལ་མི་ཆགས་པ་དང་། ཕྲ་མ་མེད་པ་དང་ངོ་མི་རྟག་པར་རྣམས་སྤང་བར་བྱའོ། ། བཟང་སྐྱོང་དེ་བས་ན་ཐེག་པ་ཆེན་པོ་ལྔ་ཡང་དག་པར་ཞུགས་པའི་དགེ་སློང་མ་གང་ཏིང་ངེ་འཛིན་འདི་ཐོས་ནསསཱ་ལུང་མནོད་པ་འམ། བསྒོམ་པར་འདོད་པ་དེས། སློབ་དཔོན་ལ་སྟོན་པའི་འདུ་ཤེས་བཞག་སྟེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ།། ཆོས་དེ་དག་ལ་གནས་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུང་སྭ་སོ།། དགེ་སློང་མ་གང་ཏིང་འཛིན་འདི་འདོད་པས།། རྟག་ཏུ་གུས་བྱས་ཕྲག་དོག་ཁྲོ་བ་དང་།། ང་རྒྱལ་དེ་བཞིན་ཁེངས་པ་སྤང་བྱས་ན། ། ཏིང་འཛིན་འདི་ནི་རྙེད་པར་དཀའ་མི་འགྱུར།། ཏིང་ངེ་འཛིན་འདི་ཚོལ་བར་གྱུར་ན་ནི།། བརྩོན་འགྲུས་བརྩམས་ཤིང་གཉིད་ནི་སྤང་བྱས་ལ།། ཚོལ་བ་ཐམས་ཅད་རྣམ་པར་སྤང་བྱས་ཏེ། ། སྲོག་ལའང་མི་རྟེན་པར་ནཱི་ནྡོ་འདོད་བྱོས།། གང་ཞིག་ཏིང་འཛིན་འདི་ནི་གཟུང་འདོད་པས།། ཉོན་མོངས་གཟིར་བས་འདོད་ཆགས་ཞེ་སྡང་དང་།། ལྡན་པའི་སེམས་ཀྱང་གནས་པར་མི་བྱ་ཞིང་། ། ནམ་ཡང་བདུད་ཀྱི་ཞགས་པས་མི་ཟིན་བྱོས།། གང་ཞིག་ཏིང་འཛིན་འདི་ནི་གཟུང་འདོད་པས།། སྒྱུ་དང་ལྡན་པར་སྤྱད་པར་མི་བྱ་ཞིང་།། མཉེ་བ་དང་ནི་རྒྱུན་དང་ཕྲ་མ་དང་། ། ངོ་མི་རྟག་པ་ཐམས་ཅད་སྤང་བར་བྱ།། ལྷུང་བཟེད་ཕྱིར་དང་བསྔགས་པ་དག་གི་ཕྱིར།། སྐད་ཅིག་ཙམ་ཡང་རྣམ་པར་མི་རྟག་གོ།། གང་ལས་ཉན་ལ་སྟོན་པར་འདུ་ཤེས་ཤིང་། ། མཉམ་ཞིང་མཚུངས་པའི་འདུ་ཤེས་ཉེ་བར་ཞོག། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་པའོ།། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ། གོས་དཀར་པོ་འཚལ་ཅིང་ཁྱིམ་ན་གནས་པ་གང་ཏིང་ངེ་འཛིན་འདི་ཐོས་ནས་ཐ་ན་ཞག་གཅིག་གམ། ཞག་གཉིས་སུ་ལུང་མནོད་པ་འམ། བསྒོམ་པར་འཚལ་ན། བཙུན་པ་བཅོམ་ལྡན་འདས་དེས་ཆོས་གང་ལ་གནས་ཏེ་ཏིང་ངེ་འཛིན་འདི་ལུང་མནོད་པར་བགྱི། བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ། གོས་དཀར་པོ་གྱོན་ཅིང་ཁྱིམ་ན་གནས་པ་གང་ཏིང་ངེ་འཛིན་འདི་ཐོས་ནས་ཐ་ན་ཞག་གཅིག་གམ། ཞག་གཉིས་སམ་ཐན་པ་འཇོས་ཙམ་ཡང་ལུང་མནོད་པའམ། བསྒོམ་པར་འདོད་ན། བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ། གོས་དཀར་པོ་གྱོན་ཅིང་ཁྱིམ་ན་གནས་པ་དེས་དད་པ་དང་ལྡན་པར་བྱའོ།། འཇུངས་པ་མེད་པ་དང་། ལྷུག་པར་གཏོང་བར་བྱའོ།། སྦྱིན་པ་ལ་འགྱེད་པ་ལ་དགའ་བ་དང་། རྣམ་པར་སྨིན་པ་ལ་རེ་བ་མེད་པར་འདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ།། དེས་སངས་རྒྱས་ལ་སྐྱབས་སུ་འགྲོ་བར་བྱའོ།། ཆོས་ལ་སྐྱབས་སུ་འགྲོ་བར་བྱའོ། ། དགེ་འདུན་ལ་སྐྱབས་སུ་འགྲོ་བར་བྱའོ།། ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ།། བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བར་བྱའོ།། ལྷག་ཞན་མེད་པར་བྱ་ཞིང་བསམ་པ་སངས་རྒྱས་ཀྱི་རྗེས་སུ་སོང་བར་བྱའོ། ། ཚུལ་ཁྲིམས་ལ་སྐྱོན་མེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ཞིང་སྒྲུབ་ལ། གཞན་ཡང་དེ་ཡང་དག་པར་འཛིན་དུ་འཇུག་པ་དང་། ཆང་འཐུང་བ་ལས་ཕྱིར་ལྡོག་པར་བྱའོ།། མ་འཕྱར་བར་བྱའོ།། གཞན་དག་ལ་ཆང་གི་མི་སྙན་པ་བརྗོད་ཅིང་། གཞན་ལ་ཆང་མི་སྦྱིན་པ་དང་། གཞན་དག་ལ་ཡང་འདོད་པ་སྨད་ཅིང་ཚངས་པར་སྤྱོད་པར་བྱའོ། ། ཕྲག་དོག་མེད་པར་བྱའོ།། འཚོ་བ་ཡོངས་སུ་དག་པར་བྱའོ།། བུ་ལ་སྲེད་པར་མི་བྱའོ།། བུ་མོ་ལ་སྲེད་པ་མི་སྐྱེད་དོ།། ཆུང་མ་ལ་སྲེད་པ་མ་སྐྱེད་ཅིག། ནོར་ལ་སྲེད་པར་མི་བྱའོ།། ཁྱིམ་ལ་སྲེད་པར་མི་བྱའོ།། དེས་བྱུང་བ་ལ་མངོན་པར་དགའ་བ་དང་། རབ་ཏུ་འབྱུང་བ་ལ་སེམས་གཞོལ་བར་བྱའོ།། ཡན་ལག་བརྒྱད་དང་ལྡན་པའི་ཉེ་བར་གནས་པའི་ཏིང་ངེ་འཛིན་དིལ་གཞོལ་བ་དང་། གཙུག་ལག་ཁང་ལ་གནས་པར་བྱའོ།། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་དང་ལྡན་པ་དང་། སེམས་བྱང་ཆུབ་ལ་གཞོལ་ཞིང་ཐེག་པ་གཞན་མི་འདོད་པར་བྱའོ། ། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་རྣམས་ལ་འཕྱར་བར་མི་བྱའོ།། ཚངས་པར་སྤྱོད་པ་རྣམས་ལགུས་པ་དང་བཅས་པ་དང་། ཞེས་དང་བཅས་པར་བྱའོ།། སློབ་དཔོན་གང་ལས་ཏིང་ངེ་འཛིན་འདི་ལུང་ནོས་པ་དེ་ལ་ཤིན་ཏུ་འཕངས་པར་བསམ་པ་དང་། དང་བ་དང་གུས་པར་བྱའོ།། དགེ་བའི་བཤེས་གཉེན་དུ་འདུ་ཤེས་ཉེ་བར་བཞག་པར་བྱའོ།། སྟོན་པར་ཡང་འདུ་ཤེས་ཉེ་བར་བཞག་པར་བྱའོ། ། དེ་ལ་བདེ་བའི་ཡོ་བྱད་ཐམས་ཅད་དབུལ་བར་བྱའོ།། བྱས་པ་ཤེས་པ་དང་བྱས་པ་གཟོ་བ་དང་། གུས་པ་དང་བཅས་པས་གནས་པར་བྱ་སྟེ། བཟང་སྐྱོང་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པར་གྱུར་པ། ཁྱིམ་ན་གནས་པས་ཏིང་ངེ་འཛིན་འདི་ལ་སྦྱོར་བར་བྱའོ།། ཆོས་དེ་དག་ལ་ཡང་གནས་ཏེ་ཏིང་ངེ་འཛིན་འདི་བསྒོམ་པར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་གང་། ཏིང་འཛིན་འདི་ཡིས་ཟུང་བར་འདོད་གྱུར་པས། རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཅིང་།། མངོན་འབྱུང་སེམས་བརྟན་ཡང་དག་བསྐྱེད་བྱས་ཏེ།། བསླབ་གཞི་ལྔ་ནི་ཡོངས་སུ་གཟུང་བྱས་ལ།། ཡན་ལག་བརྒྱད་པའི་གསོ་སྦྱོང་བསྙེན་གནས་ཤིང་། ཁྱིམ་མ་སྤངས་པར་གཙུག་ལག་ཁང་གནས་ཏེ།། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ།། སུ་ལའང་ཆང་ནི་གླུད་པར་མི་བྱ་ཞིང་།། སངས་རྒྱས་མ་བསྔགས་བཏུང་བ་རྣམས་སྤངས་ལ།། བསླབ་པ་འདི་དག་ལ་ནི་གནས་བྱས་ཏེ། ཏིང་ངེ་འཛིན་འདི་ལུང་ནི་མནོད་པར་བྱ།། བུ་ལ་མི་སྲེད་བུ་མོ་མི་སྲེད་ལ།། ཆུབ་པ་མི་སྲེད་ཁྱིམ་ལ་མི་སྲེད་ཅིང་།། དགེ་བསྙེན་ངོ་ཚ་ཤེས་དང་ལྡན་བྱས་ཏེ།། དེས་ནི་ཏིང་འཛིན་འདི་ལ་འཇུག་པར་བྱ།། ནད་མེད་བྱ་ཞིང་སུ་དག་ལ་ཡང་ནི།། མི་སྙན་མི་བརྗོད་མང་པོ་ཐམས་ཅད་སྤང་།། སྐྱོན་མེད་བཟོད་པ་དག་ལ་གནས་ནས་སུ།། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ། ། ཏིང་འཛིན་འཕགས་པ་འདི་ལ་འཇུག་པ་ན།། སངས་རྒྱས་ཆོས་ལ་རྟག་ཏུ་གུས་བཅས་ཤིང་།། སེམས་ནི་དང་ལ་གཡོ་མེད་ཕྲག་དོག་མེད།། དགེ་འདུན་བསྙེན་བཀུར་བྱ་བར་སྤྲོ་བར་བྱོས། ། བཟང་སྐྱོབ་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་གཅིག་གོ།། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་དི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་མ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པ་འམ། སྒོམ་པར་འཚལ་ན། བཙུན་པ་བཅོམ་ལྡན་འདས་དེས་ཆོས་གང་ལ་གནས་ཏིང་ངེ་འཛིན་འདི་ལུང་མནོད་པར་བགྱི། བསྒོམ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་མ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་པ་དེས་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང་བར་བྱའོ།། བཟང་སྐྱོང་དགེ་བསྙེན་མས་གསུམ་ལ་སྐྱབ་སུ་སོང་ཞིང་ལྷ་གཞན་མེད་པར་བྱའོ། ། བཟང་སྐྱོང་དགེ་བསྙེན་མས་དགེ་མཚན་དང་ལྟས་ཡོངས་སུ་སྤང་བ་དང་།། སྒྲ་མེད་པར་བྱའོ།། བཟང་སྐྱོང་དགེ་བསྙེན་མས་སྤོད་ལམ་མི་བཅོས་པ་དང་འཇུངས་པ་མེད་པར་བྱའོ། ། བཟང་སྐྱོང་དགེ་བསྙེན་མས་སྦྱིན་པ་འགྱེད་པ་ལ་དགའ་བ་དང་། ཆོས་འདོད་པར་བྱའོ།། བཟང་སྐྱོང་དགེ་བསྙེན་མས་ཡོངས་སུ་འདྲི་བའི་རང་བཞིན་ཅན་དང་གུས་དང་བཅས་པ་དང་། ཞེས་དང་བཅས་པར་བྱའོ།། དགེ་སློང་ངམ་དགེ་སློང་མ་དག་མཐོང་ན་སྟན་ལ་འདར་བར་བྱའོ།། བཟང་སྐྱོང་དེ་བས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་དགེ་བསྙེན་མ་གང་ཏིང་ངེ་འཛིན་འདི་ཐོས་ནས་ལུང་མནོད་པའམ། བསྒོམ་པར་འདོད་ན། དགེ་བསྙེན་མ་དེས་ཆོས་དེ་ལྟ་བུ་དེ་དག་ལ་གནས་ཏེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ། ། བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སངས་རྒྱས་གནས་ཤིང་བདེ་གཤེགས་བསྔགས་པ་ཡི།། དགེ་བསྙེན་མ་གང་ཏིང་འཛིན་འདི་ཚོལ་བ།། བསླབ་གཞི་ལྔ་པོ་དག་ནི་ཡོངས་གཟུང་སྟེ།། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ།། སངས་རྒྱས་ཆོས་དང་དེ་བཞིན་དགེ་འདུན་ལ།། ལྷ་གཞན་མེད་ཅིང་གུས་དྲང་བཅས་བྱས་ཏེ། ། ལོག་པའི་ལམ་ནི་ཐམས་ཅད་སྤངས་བྱས་ལ།། ཏིང་ངེ་འཛིན་འདི་ལ་ནི་འཇུག་པར་བྱ།། སྲོག་ཆགས་མི་གསོད་མ་བྱིན་མི་ལེན་ཅིང་།། བརྫུན་དུ་སྒྲ་བ་རྣམས་ཀྱང་མི་ཟེར་ལ། ། ནམ་ཡང་འདོད་ལ་ལོག་པར་མི་གཡེམ་པར།། དེས་ནི་ཏིང་ངེ་འཛིན་འདི་ལུང་མནོད་བྱ།། འཇུངས་པ་མེད་ལ་རྣམ་སྨིན་མི་རེ་ཞིང་།། སྤྱོད་ལམ་འཆལ་པ་དག་ཀྱང་མེད་བྱས་ལ། ། ཕྲག་དོག་དང་ནི་ང་རྒྱལ་ཁྲོ་སྤངས་ཏེ།། དེས་ནི་ཏིང་ངེ་འཛིན་འདི་ལུང་ནོད་བྱ།། དགེ་སློང་དེ་བཞིན་དགེ་སློང་མ་མཐོང་ན།། གུས་དང་བཅས་པས་ལངས་ཤིང་སྟན་འབུལ་ལ། ཆོས་འདོད་དགེ་བ་གང་ཞེས་ཚོལ་བྱེད་ཅིང་།། དེས་ནི་ཏིང་ངེ་འཛིན་འདི་ལུང་མནོད་བྱ།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་དགེ་བསྙེན་མའི་ལེའུ་སྟེ་བཅུ་གཉིས་སོ།། ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་རྣམས་ཀྱི་ཆེད་དང་། བྱང་ཆུབ་སེམས་དཔའ་འདོད་ཆེན་པོ་རྣམས་དང་། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་རྣམས་དང་། བརྩོན་འགྲུས་བརྩམས་པ་རྣམས་དང་། བརྩོན་པ་མི་འདོར་བ་རྣམས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆེད་དུ། ཆོས་གང་ལ་གནས་ན་ཏིང་ངེ་འཛིན་འདི་ལུང་མནོད་པར་བགྱི་བའམ། བསྒོམ་པར་བགྱི་བའི་ཆོས་རྒྱ་ཆེ་ཞིང་བཟང་བ་གསུངས་པ་ངོ་མཚར་ཏོ།། བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཚེ། ཅི་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་འདིར་སྤྱོད་པར་འགྱུར་ལྗགས་སྔ་མ། རྒྱས་པར་བགྱིད་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་རོ།། རྒྱས་པར་བྱེད་པར་འགྱུར་རོ།། དེའི་འོག་ཏུ་སའི་ཁོང་དུ་སོང་བར་འགྱུར་རོ། ། ཡང་དེ་ལོ་བརྒྱ་པ་ཐ་མ་ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་འཇིག་པར་གྱུར་པ་དགེ་སྦྱོང་འཇིག་པར་གྱུར་པ། དམ་བའི་ཆོས་སྤོང་བར་གྱུར་པ། སེམས་ཅན་འཇིག་པར་གྱུར་པ། རྒྱལ་སྲིད་འཁྲུག་པར་གྱུར་པ། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་དམ་པའི་དུས་ལ་འབ་པ། ཚུལ་ཁྲིམས་འཆལ་པའི་ཕྱོགས་འཕེལ་བའི་དུས་ལ་བབ་པ། དམ་པའི་ཆོས་ཀྱི་ཕྱོགས་དམས་པའི་དུས་ལ་བབ་པ། དམ་པ་མ་ཡིན་པའི་ཆོས་ཀྱི་ཕྱོགས་འཕེལ་བའི་དུས་ལ་བབ་པ། ཟད་པའི་དུས་ལ་བབ་པ་ན་སེམས་ཅན་གང་མདོ་སྡེ་འདི་ལྟ་བུ་འཐོབ་པར་འགྱུར་བའི་ཕྱིར། དགེ་བའི་རྩ་བ་འབར་བ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་རྩུ་བ་སྨན་པ། ས་འོན་བཏབ་པའི་སེམས་ཅན་རྣམས་ནི་ཉུང་ཟད་ཅིག་འབྱུང་སྟེ། སེམས་ཅན་དེ་ལྟ་བུ་དེ་དག་གི་དོན་དུ་འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་ཏིང་ངེ་འཛིན་འདི་ཡང་འཛམ་བུའི་གླིང་དུ་སྤྱོང་པབར་འགྱུར་རོ། ། རྒྱས་པར་བྱེད་པར་འགྱུར་རོ།། དེ་དག་གིས་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས་དགའ་བ་དང་། མགུ་བ་དང་། དང་བ་རྒྱ་ཆེན་པོ་འཐོབ་བོ།། ཐོབ་ནས་འཛིན་པར་འགྱུར་འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར། ཡི་གེར་འདྲི་བར་འགྱུར། འཆད་པར་འགྱུར། རྒྱས་པར་བྱེད་པར་འགྱུར། བསྒོམ་པའི་སྦྱོར་བ་ལ་བརྩོན་པར་འགྱུར། ཐ་ན་གླེགས་བམ་དུ་ཡང་བྲིས་ཤིང་འཆང་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དྲཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། ལི་ཙ་བྱི་གཞོན་ནུ་བཅོམ་ལྡན་འདས་ལས་ཕྱི་མའི་དུས་ན་དམ་པའི་ཆོས་འདི་འགྱུར་བ་དང་། རྣམ་པར་འཇིག་པ་ཐོས་ནས་ཆེས་ཀྱི་ཤུགས་ཀྱིས་ངུ་ཞིང་མཆི་མ་ཀློག་པར་བྱེད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། ལི་ཙ་བྱི་གཞོན་ནུ་མཆི་མ་ཕྱིས་ཏེ་སྟན་ལས་ལངས་ནས་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་པའི་ཐ་མར་གྱུར་པ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་སྤོང་བར་གྱུར་པ་ན་ཡང་། མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་བགྱིའོ།། ཀུན་ཆུབ་པར་བགྱིའོ། ། ཡི་གེར་བྲི་བར་བགྱིའོ།། བཅང་བར་བགྱིའོ།། བཀླག་པར་བགྱིའོ།། རྒྱས་པར་བགྱིའོ།། བསྒོམ་པའི་སྦྱོར་བ་ལ་བརྩོན་པར་བགྱིའོ།། དེ་ཅིའི་སླདུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་ཉན་པ་དང་། འདྲི་བ་དང་། འཛིན་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འཆང་བ་དང་། ཀློག་པ་དང་། འཆད་བ་དང་། རྒྱས་པར་བགྱིད་པ་དང་། བསྒོམ་པས་ཆོག་མ་འཚལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱེའུ་འདམ་བུས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚམ་བཟངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་རྣམས། བཅོམ་ལྡན་འདས་ལས་ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འདི་འགྱུར་བ་དང་། རྣམ་པར་འཇིག་པ་ཐོས་པ་ནས་ཆོས་ཀྱི་ཤུགས་ཀྱིས་ངུ་ཞིང་མཆི་མ་ཀློག་པར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། ཚོང་དཔོན་གྱི་བུ་ཕུག་སྦས་དང་། ཁྱེའུ་འདམ་བུས་བྱིན་དང་། རིགས་ཀྱི་བུ་མཚམས་བཟང་དང་། དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་རྣམས་མཆི་མ་ཕྱིས་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་པ་ཐ་མར་གྱུར་པ་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ། དམ་པའི་ཆོས་སྤོང་བར་གྱུར་པ་ན་ཡང་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་བགྱིའོ། ། ཀུན་ཆུབ་པར་འགྱིའོ།། ཡི་གེར་བྲི་བར་འགྱིའོ།། བཅང་བར་འགྱིའོ།། ཀླག་པར་འགྱིའོ།། གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ།། བསྒོམ་པར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབ་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་རིང་དུ་གནས་པར་བགྱིའོ། ། རྒྱ་ཆེ་བ་དང་རྒྱས་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་སྔོན་མ་ཐོས་པའི་ཆོས་རྣམས་ཡང་དག་པར་ལེན་པ་དང་། ཡང་དག་པར་སྒྲོགས་པར་བགྱིད་དོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཟབ་མོ་འཇིག་རྟེན་པ་ཐམས་ཅད་ཡིད་ཆེས་པར་མི་འགྱུར་བ་སྒོམ་པར་བགྱི། བསྟན་པར་བགྱིའོ།། དེ་ནས་འཁོར་དེ་དག་ནས་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་སྲོག་ཆགས་ལྔ་བརྒྱ་ཙམ་སྟན་ལས་ལངས་ཏེ། གུས་པ་དང་བཅས་ཞེས་དང་བཅས་པས། བཅོམ་ལྡན་འདས་ལས་ལོ་བརྒྱ་པ་ཐ་མར་གྱུར་པ། ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མར་གྱུར་པ་ན། དམ་པའི་ཆོས་རྣམ་པར་འཇིག་པ་དང་། དམ་པའི་ཆོས་མི་ལེན་པའི་དུས་ན། དམ་པའི་ཆོས་འགྱུར་བའི་ཤུགས་ཀྱིས་ངུ་ཞིང་མཆི་མ་ཀློག་པར་གྱུར་ཏོ། ། དེ་ནས་སྲོག་ཆགས་ལྔ་བརྒྱ་ཙམ་པོ་དག་གིས་མཆི་མ་བྱིས་ནས། གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་པ་ཐ་མར་གྱུར་པ། ཕྱི་མའི་དུས་ཕྱི་མའི་ཚེ། ལྔ་བརྒྱ་པ་ཐ་མར་གྱུར་པ་ན། མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་བགྱིའོ།། བསྒོམ་པར་བགྱིའོ།། གཞན་དག་ལ་ཡང་རྒྱ་ཆེར་བསྒྲག་པར་འབགྱིའོ། ། སྐྱེས་བུ་དམ་པ་འདི་དག་ལ་ཡང་ལུས་ཀྱི་ཞལ་ཏར་བགྱི་བ་བགྱིའོ།། དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་ཡང་དེའི་ཚེ་མཉན་པར་བགྱིའོ། ། དེར་ཡང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པ་གཞན་དག་ཀྱང་དམ་པའི་ཆོས་དཀོན་མཆོག་འདིས་ཕན་གདགས་པར་བགྱིའོ།། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་སྐྱེས་བུ་དམ་པ་འདི་དག་ལ་གཏད་པར་གསོལ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་སྐྱེས་བུ་དམ་པ་འདི་དག་ལ་གདམས་པར་གསོལ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསེར་གྱི་ཁ་དོག་ལྟ་བུའི་འཛུམ་པ་མཛད་དེ། དེས་འཇིག་རྟེན་གྱི་ཁམས་མཐའ་ཐུག་པ་མེད་པ་རྣ་བས་འོད་ཀྱིས་ཁྱབ་པར་བྱས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་ནས། ཉི་མ་དང་། ཟླ་བའི་འོད་ཀྱང་ཟིལ་གྱིས་མནན་ཏེ་སླར་ལྤགས་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་མཚམས་སུ་ནུབ་པར་གྱུར་ཏོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གྲོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བཏུད་ནས། བཅོམ་ལྡན་འདས་ལ་མཐུན་པའི་ཚིགས་སུ་བཅད་པ་འདི་ལྟ་བུ་དག་གིས་མངོན་པར་བསྟོད་དོ། ། ཚུལ་ཁྲིམས་རྣམ་དག་སྤྱོད་ཡུལ་ཡོངས་སུ་དག། མཐུ་ཆེ་བའི་ནང་ནའང་རྫུ་འཕྲུལ་ཆེ།། སྐྱེ་དགུ་ཀུན་ལས་མཆོག་ཏུ་འཕགས་གྱུར་པ།། དྲི་མ་བྲལ་བའི་ཉི་མ་བཞིན་དུ་མཛེས། ། མ་ཆགས་མཁྱེན་ལྡན་ཤིན་ཏུ་རྣམ་གྲོལ་ཐུགས།། ཀ་ལ་འངྐའི་གསུང་ལྡན་ལྷ་ཡི་ལྷ།། ཕས་ཀྱི་རྒོལ་བ་ཀུན་གྱིས་མི་བསྐྱོད་པ།། འཛུམ་པ་འདི་མཛད་རྒྱུ་རྐྱེན་ཅི་ཞིག་ལ་ཕན་ཕྱིར་ཐུགས་བརྩེ་རྐང་གཉིས་ནང་ན་གཙོ། ། དོན་དམ་གསལ་བས་ལུང་ནི་བསྟན་པར་གསོལ།། ཁྱོད་ཀྱི་གསུང་སྒྲ་ཡིད་དུ་འོང་ཐོས་ནས།། འཕགས་པའི་དགའ་བ་ཟང་ཟིང་མེད་པར་འཐོབ། ། རྒྱལ་མཆོག་རྣམ་པར་འདྲེན་པ་རྒྱུ་མེད་པར།། གང་ཟག་མཆོག་ནི་འཛུམ་པ་མི་མཛད་ན།། འཛུམ་པ་འདི་མཛད་རྒྱུ་རྐྱེན་ཅི་ཞིག་ལགས།། འཇིག་རྟེན་ཕན་ཕྱིར་ཐུགས་བརྩེ་ཁྱོད་ལ་ཞུའོ། ། འཇིག་རྟེན་མགོན་པོ་འཛུམ་པ་མཛད་པ་ལགས།། དེ་རིང་སུ་ཡི་དགོས་པ་རྒྱ་ཆེར་ཀ་བྱུང་།། སུ་ཞིག་སངས་རྒྱས་ཡེ་ཤེས་བརྟན་པར་གནས།། ། སུ་ཞིག་དེ་རིང་རྒྱལ་སྲིད་མཆོག་འཐོབ་འགྱུར།། སུ་ཞིག་དེ་རིང་བསོད་ནམས་བརྟན་པར་གནས།། སུ་ཞིག་ཆོས་མཛོད་འདི་ནི་འཛིན་པར་འགྱུར།། སུ་ཞིག་དེ་རིང་ཅོད་པན་ཆེ་ཐོག་ཏེ། ། རང་གི་ལག་གིས་རང་གི་མགོ་ལ་འདྲོགས།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སླར་ཚིགས་སུ་བཅད་དེ་གསུངས་པ།། ཀུན་དགྲའི།། གྲོགས་པོ་ལྔ་བརྒྱ་ཚོགས་པ་དག། དགའ་བའི་སེམས་ཀྱིས་མདུན་དུ་འཁོད་གྱུར་ཅིང་།། བདག་ཅག་ཚིག་འདི་ཐོབ་པར་ཤོག་ཅིག་ཅེས།། ཚིག་ཏུ་བརྗོད་པ་བྱེད་པ་འདི་དག་ལྟོས།། ནམ་ཞིག་བདག་ཅག་འདི་འདྲར་འགྱུར་ཞེས་ཏེ། ། དེ་དག་ལ་ཡང་ང་ནི་ལྟ་བར་བྱེད།། བདག་ཅག་བྱང་ཆུབ་མཆོག་འདི་འཛིན་ཏོ་ཞེས།། ང་ཡི་མདུན་དུ་འདུག་ནས་ཚིག་ཏུ་བརྗོད།། མ་འོངས་ཕྱི་དུས་དེ་། འདྲར་གྱུར་པའི་ཚེ།། མདོ་སྡེ་འདི་དག་བསྒྲགས་པར་བྱ་བའི་ཕྱིར།། མཁས་པ་བརྒྱད་པོ་འདི་དག་ལ་སོགས་པ།། ལྔ་བརྒྱ་འདི་དག་རྣམས་ཀྱང་ལངས་པར་གྱུར།། མོས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱ། ། འདིར་ནི་ང་ཡི་ཡེ་ཤེས་ཆགས་པ་མེད།། འདི་དག་གིས་ནི་རྒྱལ་བ་གཅིག་པུ་ལ།། ཐལ་མོ་སྦྱར་བ་བྱས་ནས་ལངས་པ་མིན།། སྔོན་དག་དྲན་ཏེ་སྐྱེ་བ་སྔ་པ་ལ།། སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་ཚང་བར་བྱུང་། ། ཆོས་འདི་དག་ནི་བསྒྲགས་པར་བྱ་བའི་ཕྱིར།། དེ་ལའང་འདི་དག་བརྒྱད་ལ་སོགས་པ་ལངས།། དེ་བས་ཀྱང་ནི་ཤིན་ཏུ་སྔ་བ་ནི།། ཚུལ་ཁྲིམས་རྣམ་དག་གྲགས་པ་ཆེན་པོ་པ། ། བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་ཅུ་བྱུང་།། དེ་དག་ལས་ཀྱང་རྒྱ་ཆེ་ཆོས་འདི་བླངས།། ང་ཡི་གསུང་རབ་རྒྱ་ཆེ་བ་དག་ཀྱང་།། དོན་དུ་གཉེར་ཅིང་ཡོངས་སུ་འཛིན་པར་བྱེད། ། སེམས་ནི་དགའ་ཞིང་མགུ་བ་དཔེ་མེད་པས། མང་པོ་བྱང་ཆུབ་སེམས་དཔའ་ལ་སྐུལ་བར་བྱེད།། དེ་ནི་ཕྱི་དུས་མྱ་ངན་དེ་འདས་ཚེ།། སྐུ་གདུང་ཐམས་ཅད་རྒྱས་པར་བྱས་གྱུར་ནས། ། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ།། ཡི་གེ་བྲིས་ནས་སྒོམ་དུ་བཅུག་ནས་ཀྱང་།། མཆོད་རྟེན་ས་དང་བྲག་དང་རི་དག་དང་།། ལྷ་དང་དེ་བཞིན་ཀླུ་ཡི་ལག་དག་ཏུ།། མདོ་སྡེ་བཞག་པ་བྱས་ནས་དེ་དག་རྣམས། ། ལྷ་ཡི་བརྟུལ་ཞུགས་འདྲ་བར་བྱ་ཕྱིར་འགྲོ།། དེ་དག་ཕྱི་མའི་དུས་ཚེ་སོ་སོའི་རིགས།། ཐམས་ཅད་བོར་ཏེ་སླད་དུ་བབས་གྱུར་ནས།། སངས་རྒྱས་བྱང་ཆུབ་འདི་དག་ལེགས་བཟུང་སྟེ། ། བསམ་པ་ཇི་བཞིན་དུ་ནི་བྱེད་པར་འགྱུར།། དེ་དག་ཆོས་འདི་འདོད་པས་ཡུལ་ཡུལ་དུ།། དོང་ཞིང་མདོ་སྡེ་བཟང་པོ་འདི་རྙེད་འགྱུར།། རྙེད་ནས་ཡིད་ནི་མཆོག་ཏུ་དགའ་གྱུར་པས། ། རྟེན་པ་མེད་པར་སྐྱེབོ་མང་ལ་གཏོང་།། ལུས་དང་དེ་བཞིན་སྲོག་ཀྱང་སྤང་བྱས་ཏེ།། མཁས་པ་དེ་དག་ཆོས་འདིད་མཆོག་མི་ཤེས།། པས་ཀྱི་རྒོལ་བ་ཀུན་དང་མི་མཐུན་ཞིང་།། གྱ་ནོམ་རྒྱ་ཆེ་ཆོས་ནི་སྦྱིན་པར་བྱེད།། གང་དགང་ཡི་མདུན་ན་ལངས་གྱུར་པ།། ལྔ་བརྒྱ་འདི་དག་ཐམས་ཅད་མ་གཏོགས་པར།། དེ་བཞིན་མདོ་སྡེ་འདི་ལ་འཛིན་བྱེད་དང་།། འཆང་དང་ཀློག་པར་བྱེད་པ་སུ་ཡང་མེད། ། དགེ་སློང་བརྒྱད་དང་དེ་བཞིན་བྱང་ཕྱོགས་སུ།། ཡོངས་སུ་ལེན་ཅིང་ཆོས་འཛིན་དགའ་བ་དག། ཆོས་འདོད་འཇིག་རྟེན་ཕན་ཕྱིར་བརྩེ་བ་དག། ལེན་པའི་ཕྱིར་ནི་མང་པོ་འབྱུང་བར་འགྱུར། ། གང་དག་དེར་ནི་ཤིན་ཏུ་རྒྱས་འཛིན་ཅིང་།། སྙན་ཚིག་རྙེད་ལ་མི་རྟེན་འབྱུང་བ་ནི།། བརྒྱད་ལ་སོགས་པ་དགེ་སློང་ལྔ་བརྒྱ་པོ།། འདི་དག་ཐམས་ཅད་རྣམས་ནི་ཚང་བའོ། ། དགེ་སློང་དགེ་སློང་མ་དང་དགེ་བསྙེན་དང་།། དགེ་བསྙེན་མ་ནི་མཁས་ཤིང་འཇུངས་བྲལ་འདི།། གང་དག་ལངས་ཤིང་ཕྱི་དུས་ཆོས་འཛིན་པ།། དེ་དག་ཐམས་ཅད་མི་མཆོག་རྒྱལ་བར་འགྱུར། ། ཡོན་ཏན་བསམ་གྱིས་མི་ཁྱབ་ཀུན་དང་ལྡན།། གསེར་གྱི་ཁ་དོག་བསོད་ནམས་བརྒྱ་ཡི་མཚན།། ཕན་ཕྱིར་ཐུགས་བརྩེ་སེམས་ཅན་མང་པོ་འགྲོལ།། བདེ་བ་སྦྱིན་ཞིང་ཉོན་མོངས་ཐམས་ཅད་སེལ། ། དེ་དག་འདི་ནས་ཤི་འཕོས་ཕྱི་ནས་ཀྱང་།། ལོག་སྒྲུང་སར་ནི་ནམས་ཀྱང་འགྲོ་མི་འགྱུར།། སྐྱེ་བ་ཐམས་ཅད་དུ་ནི་འདུས་གྱུར་ཅིང་།། མི་མཆོག་རྣམས་ནི་མཉེས་པ་བྱེད་པར་འགྱུར། ། དེ་དག་གིས་ནི་མི་ཁོམ་བརྒྱད་ཀྱང་སྤངས།། ངན་སོང་ས་ཡང་ཐམས་ཅད་སྤངས་པའི།། དེས་ནི་བསོད་ནམས་ཚད་མེད་ཇི་སྙེད་བཟུང་།། ཡོན་ཏན་མཐའ་ནི་བཤད་པར་མི་ནུས་སོ། ། སངས་རྒྱས་ཞིང་འདིར་མཉེས་པར་བྱེད་པར་འགྱུར།། འདུས་པར་གྱུར་ནས་སངས་རྒྱས་གང་འགྱུར་བ།། དེ་དག་ཕན་པའི་ཕྱིར་ནི་སྙིང་བརྩེལ།། བླ་མིང་ཞི་ཚོལ་ཞིང་གུས་པར་བྱེད། ། དེ་དག་བསྐལ་པ་གཅིག་ལ་འདུས་གྱུར་ཏེ།། རྐང་གཉིས་གཙོ་ལ་མཆོད་པ་དག་བྱས་ནས།། བླ་ན་མེད་པའི་རྡུལ་མེད་བྱང་ཆུབ་ཕྱིར།། འཕགས་པ་ཟང་ཟིང་མེད་པའི་བཟོད་ཐོབ་འགྱུར།། དེ་དག་ན་ཡང་དེ་རྣམས་ཆོས་འཛིན་པ།། ཕྱི་མའི་དུས་དང་དེ་བཞིན་བར་མའི་དུས།། དེ་ན་ཚངས་པར་སྤྱོད་པ་འདི་སྤྱད་ནས།། ཚེ། དཔག་མེད་པའི་སངས་རྒྱས་མཉེས་པར་བྱེད།། བསྐལ་པ་བཟང་པོ་འདི་ལ་ཇི་སྙེད་ཀྱི།། འཇིག་རྟེན་དོན་མཛད་འོད་མཛད་འབྱུང་བ་དག། དེ་དག་གི་ཡང་ཆོས་ཀྱི་ཚུལ་འཛིན་པོ།། དུས་གསུམ་ལ་ནི་འདས་པའི་དཔའ་བའོ། ། མ་འོངས་སངས་རྒྱས་བྱེ་བ་ཕྲག་མང་པོ།། བསམ་གྱིས་མི་ཁྱབ་གང་དག་ཚད་མེད་པ།། དེ་ལ་དེས་ནི་རྒྱ་ཆེས་མཆོད་བྱས་ནས།། སངས་རྒྱས་བྱང་ཆུབ་ལ་ནི་མཉེས་བྱེད་འགྱུར། ། བྱང་ཆུབ་ཞི་ལ་དེ་དག་རེག་པར་འགྱུར།། དེ་ལ་འདུག་ནས་གུས་པ་བྱེད་པར་འགྱུར།། བསྐལ་པ་ཁྲག་ཁྲིག་མང་པོ་འདས་གྱུར་པ།། དེ་སྲིད་ན་ནི་ས་བོན་དངོས་པོར་འགྱུར། ། ཁྱིམ་གྱི་བདག་པོ་བཟང་སྐྱོང་འདི་དང་ནི།། རིན་ཆེན་འབྱུང་བའི་རིན་ཆེན་འབྱུང་གནས་དང་།། དེད་དཔོན་བཟང་དང་ཕུག་སྤྲས་བྲམ་ཟེའི་ཁྱེའུ།། སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་བར་འགྱུར། ། དེ་དག་དེ་རྣམས་དེང་ནི་དེ་བས་ཀྱང་།། སངས་རྒྱས་བྱེ་བ་མང་པོའི་ཆོས་འཛིན་པ།། བསྐལ་པ་བྱེ་བ་མང་པོ་དེ་ཡི་ཚད།། བརྗོད་པར་བྱ་ཞིང་མཐའ་རྟོགས་མི་ནུས་སོ།། སེམས་ཅན་ཆེན་པོ་གང་གིས་རྨི་ལམ་ནའང་།། དཔའ་བོ་འདི་དག་གི་ནི་མིང་དང་ཐབས།། ཐོས་པ་དེ་ཀུན་རྒྱལ་བ་ཆེན་པོར་འགྱུར།། གང་དག་མཐོང་ངམ་ཡང་ན་ཐོས་ནས་ཀྱང་།། འདོད་པར་བྱེད་དམ་ཡང་ན་དང་བྱེད་ན།། ཐམས་ཅད་བྱང་ཆུབ་ཐོབ་པར་ཐེ་ཙོམ་མེད།། དེ་ལ་བསྙེན་བཀུར་བྱེད་པ་སྨོས་ཅི་དགོས།། བསམ་གྱིས་མི་ཁྱབ་ཆོས་འདི་ཡོངས་སུ་འཛིན།། མིང་དྲང་དེ་བཞིན་ཚེ་ཡང་བསམ་མི་ཁྱབ།། སྣང་བ་བསམ་མེད་ཡོན་ཏན་བསམ་མི་ཁྱབ།། ཤེས་རབ་ཡེ་ཤེས་དེ་བཞིན་བསམ་མི་ཁྱབ།། བླ་ན་མེད་པའི་བྱང་ཆུབ་ཚོལ་བྱེད་ཅིང་།། སྔོན་གྱི་སངས་རྒྱས་ཚུལ་ཁྲིམས་རྣམ་དག་པ།། གངྒཱའི་བྱེ་སྙེད་བསམ་མི་ཁྱབ་འབྱུང་བ།། དེ་ལའང་སྦྱིན་པ་རྒྱ་ཆེན་དག་ནི་ཕུལ།། སངས་རྒྱས་བྱེ་བ་མང་པོས་བཤད་གྱུར་ཀྱང་།། དེ་ཡི་བསོད་ནམས་ཚད་ནི་ཅུང་ཟད་མེད། ། འདྲ་བའི་སྲས་དང་གྲོགས་པོ་དེ་དག་ཀྱང་།། བྱང་ཆུབ་འགྱུར་བར་ཐེ་ཙོམ་འགའ་ཡང་མེད།། ཀུན་དགའ་ལ་ལ་གང་ཞིག་མདོ་སྡེ་འདི།། ལེན་ཏམ་འཛིན་ཏམ་ཀློག་པར་བྱེད་པ་དང་། ། ལྔ་བརྒྱ་ཚང་བ་པོ་ནི་དེ་དག་ལ།། ཐེ་ཙོམ་མེད་པར་དེ་ལ་དགའ་བ་བསྐྱེད།། ཀུན་དགའ་ལ་ལ་གང་ཞིག་མདོ་སྡེ་འདི།། བཙལ་བའི་ཕྱིར་ནི་འདུན་པར་བརྟན་བྱེད་ཅིག། གཉིས་ནི་སྤངས་ལ་བརྩོན་འགྲུས་རྩོམ་བྱེད་ན།། དེ་དག་ཏིང་འཛིན་འདི་ནི་རྙེད་མི་དཀའ།། མདོ་སྡེ་འདི་འདྲ་འདི་དག་གཟུང་བྱས་ནི།། རྙེད་པར་བརྙེད་ངན་འགྲོ་དག་ཀྱང་སྤང།། བདེ་གཤེགས་བསྟན་པ་ལ་ནི་དོན་ཡོད་དང་།། མི་ཁོམ་ཐམས་ཅད་རྣམ་པར་སྤངས་པར་འགྱུར།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས་སྤྲོ་བ་བསྐྱེད་པའི་ལེའུ་སྟེ་བཅུ་གསུམ་མོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལི་ཙ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་ཁྱེའུ་འདམ་བུས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་བུ་མཚམས་བཟངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་བདག་དེད་དཔོན་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོས་བྱིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པོ་དེ་དག་དང་ལྷན་ཅིག་ཏུ་ལེགས་པར་གསུངས་པའི་ཕྱིར། རས་བཅོས་བུ་ཟུང་ལྔ་བརྒྱ་བཅོམ་ལྡན་འདས་ཀྱི་སྐུ་ལ་གསོལ་ཏོ།། བཅོམ་ལྡན་འདས་ལ་རིན་པོ་ཆེ་འགྲེམ་པར་ཡང་བྱེད་དོ།། བཅོམ་ལྡན་འདས་ལ་བསྙེན་བཀུར་ཡོངས་སུ་སྤྱད་པར་བྱེད་པར་གསོལ་བའང་འདེབས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཟང་སྐྱོང་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྔ་བརྒྱ་ཙམ་པོ་དེ་དག་ལ་ཆོས་ཀྱིས་གཏམ་གྱིས་ཡང་དག་པར་དགའ་བར་མཛད། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་མགུ་བར་མཛད་དོ།། དེ་དག་དགའ་བའི་སེམས་དང་། སྐྱོན་མེད་པའི་སེམས་དང་། འཇམ་པའི་སེམས་དང་། འདོད་པར་བྱ་བའི་སེམས་དང་། དང་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཐལ་མོ་སྦྱར་ཏེ་འཁོད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། གཞན་མུ་སྟེགས་ཅན་གྱི་གསང་ཚིག་ལ་མི་བརྟེན་པ་དང་། འདོད་པའི་ཡོན་ཏན་ལ་མི་ཆགས་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་རྣམས་ཀྱིས་མ་ཕམ་པ་དང་། སྲིད་པའི་འགྲོ་བ་སྐྱེ་བའི་གནས་རྣམས་ལ་སྨོད་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་འཆང་བར་བྱེད། ཀློག་པར་བྱེད། ཡི་གེར་དྲི་བར་བྱེད། འཛིན་པར་བྱེད། ཀུན་ཆུབ་པར་བྱེད། གཞན་དག་ལ་ཡོང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་གང་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་བའི་ལྔ་བརྒྱ་ཡོད་པར་རིག་པར་བྱའོ། ། ལྔ་བརྒྱ་གང་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། བྱམས་པ་ལ་གནས་པའི་ལུས་ལ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། ཆུར་མི་འཆི། མེས་མི་མཆིག། རྒྱལ་པོ་གླགས་ལྟ་བ་དག་གིས་གླགས་མི་རྙེད་པ་དེ་བཞིན་དུ། བཟང་སྐྱོང་ཏིང་ངེ་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ཡང་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས།། ཆུས་འཆི་བར་མི་བྱེད། མེས་མི་འཚིག། རྒྱལ་པོ་གླགས་ལྟ་བ་དག་གིས་གླགས་མི་རྙེད་དོ།། བཟང་སྐྱོང་གཞན་ཡང་གལ་ཏེ་བསྐལ་པ་སྲེག་པ་བྱུང་བར་འགྱུར་ཏེ། ཏྲིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དྲི་ཡང་མེའི་ཕུང་པོ་དེའི་ནང་དུ་འཚོངས་ན། མེའི་ཕུང་པོ་དེ་ཞི་བར་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། ཆུའི་བུམ་པ་ཆེན་པོས་ནི་མེའི་ཕུང་པོ་ཞི་བར་བྱེད་དོ།། བཟང་སྐྱོང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོག་པར་རྒྱལ་པོ་འམ། ཆོམ་རྐུན་ནམཱ། མེ་འམ། ཆུ་འམ། སྐྱེ་བོ་འམ། ཀླུ་འམ། རོ་ལངས་སམ། གནོད་སྦྱིན་ནམ། སྲིན་པོ་འམ། སེང་གེ་འམ། སྟག་གམ། ཁྱིའམ། སྤྱང་ཀི་འམ། མི་འམ། མི་མ་ཡིན་པའམ། ཡི་དགས་སམ། གྲུལ་བུམ་གྱི་བར་ཆད་བྱེད་ན། ལུས་སམ་སྲོག་གམ། ལྷུང་བཟེད་དམ། གོས་སམ། ཚངས་པར་སྤྱོད་པ་འམ། འཆད་པ་འམ། ཁ་ཏོན་བྱེད་པ་འམ། བསམ་གཏན་ན་མ། ཚུལ་བཞིན་ཡིད་ལ་བྱེད་པའི་བར་ཆད་བྱེད་པ་དེ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ། དེ་ནི་གནས་མེད་དོ།། བཟང་སྐྱོང་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་དེ་སྔོན་གྱི་ལས་ཀྱིས་རྣམ་པར་སྨིན་པ་མ་གཏོགས་པར། མིག་ནད་ཀྱིས་འདེབས་པའམ། རྣ་བ་ནད་ཀྱིས་འདེབས་པའམ། སྣ་ནད་ཀྱིས་འདེདྲེབས་བའམ། ལྕེ་ནད་ཀྱིས་འདེབས་པ་འམ། ལུས་ནད་ཀྱིས་འདྲེབས་པ་འམ། སེམས་ནད་ཀྱིས་འདེབས་པ་འམ། དེ་དག་ལས་གཞན་པའི་ནད་ཀྱི་རྣམ་པས་བྱང་ཆུབ་སེམས་དཔའི་དེའི་འཚོ་བ་འགོག་པར་བྱེད་པ་ན་གནས་མ་ཡིན། སྐབས་མ་ཡིན་ཏེ་དེ་ནི་གནས་མེད་དོ།། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ལྷ་རྣམས་ཀྱང་སྲུང་ངོ་། ། ཀླུ་རྣམས་སྲུང་ངོ་།། གནོད་སྦྱིན་རྣམས་སྲུང་ངོ་།། དྲི་ཟ་རྣམས་སྲུང་ངོ་།། མི་རྣམས་སྲུང་ངོ་།། མི་མ་ཡིན་རྣམས་སྲུང་ངོ་།། ལྷ་མ་ཡིན་རྣམས་སྲུང་ངོ་།། ནམ་མཁ་ལྡིང་རྣམས་སྲུང་ངོ་། ། མི་འམ་ཅི་རྣམས་སྲུང་ངོ་།། ལྟོ་འཕྱེ་ཆེན་པོ་རྣམས་སྲུང་ངོ་།། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་མཚམས་བཟངས་རྣམས་ཀྱང་སྲུང་ངོ་།། དེ་དག་ལྔ་གཞན་པའི་ལྷའི་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དག་ཀྱང་སྲུང་ངོ་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་སྲུང་ངོ་། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་སྲུང་ངོ་།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡང་རྣམས་དང་། མི་འམ་ཅི་རྣམས་དང་།། ལྟོ་འཕྱེ་ཆེན་པོ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་རྣམས་དང་། རྒྱལ་པོ་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྡུག་པར་འགྱུར་རོ། ། བཟང་སྐྱེང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ལྷ་རྣམས་ཀྱང་སྙན་པར་སྒྲོགས་སོ།། ཀླུ་རྣམས་ཀྱང་སྙན་པར་སྒྲོགས་སོ།། གནོད་སྦྱིན་རྣམས་ཀྱང་སྙན་པར་སྒྲོགས་སོ། ། མི་རྣམས་ཀྱང་སྙན་པར་སྒྲོགས་སོ།། མི་མ་ཡིན་པ་རྣམས་ཀྱང་སྙན་པར་སྒྲོགས་སོ།། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་སྙན་པར་སྒྲོགས་སོ། ། བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་རྣམས་ཀྱང་སྙན་པར་སྒྲོགས་སོ།། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སྙན་པར་སྒྲོགས་སོ།། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ལྷ་རྣམས་ཀྱང་ལྟ་བར་འདོད་དོ། ། ཀླུ་རྣམས་ཀྱང་ལྟ་བར་འདོད་དོ།། གནོད་སྦྱིན་རྣམས་ཀྱང་ལྟ་བར་འདོད་དོ།། དྲི་ཟ་རྣམས་ཀྱང་ལྟ་བར་འདོད་དོ།། མི་འམ་ནི་རྣམས་ཀྱང་ལྟ་བར་འདོད་དོ། ། མི་རྣམས་ཀྱང་ལྟ་བར་འདོད་དོ།། མི་མ་ཡིན་པ་རྣམས་ཀྱང་ལྟ་བར་འདོད་དོ།། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་ལྟ་བར་འདོད་དོ། ། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་དག་ཀྱང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཐ་ན་རྨི་ལམ་དུ་ཡང་ཞལ་སྟོན་པར་མཛད་དོ། ། མིང་ནས་ཀྱང་བརྗོད་པར་ཡང་མཛད་དོ།། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ལྟ་བར་འདོད་དོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་གཟིགས་པར་བཞེད་དོ།། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་ལྷ་རྣམས་ཀྱང་ལྟར་འོང་ངོ་། ། ཀླུ་རྣམས་ཀྱང་ལྟར་འོང་ངོ་།། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་རྣམས་ཀྱང་ལྟར་འོང་ངོ་།། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངསྭ་པ་དང་། ལྷའི་བུ་མཚམས་བཟངས་ཀྱང་ལྟར་འོང་ངོ་།། བཟང་སྐྱོང་གཞན་ཡང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམས་དཔའ་དེ་ལ་མཱ་བཤད་ཅིང་མ་ཐོས་པའི་མདོ་སྡེ་དག་ཀྱང་ཐ་ན་རྨི་ལམ་དུ་ཡང་སྒྲ་གྲག་ཅིང་དུ་བྱུངས་ཐོས་པར་འགྱུར་རོ། ། བཟང་སྐྱོང་ཏིང་ངེ་འཛིན་འདི་འཛིན་པའི་བྱང་ཆུབ་སེམསད་པའ་གང་ཏིང་ངེ་འཛིན་འདི་འཛིན་ཏམ། ཀུན་ཆུབ་པར་བྱེད་དམ་འཆང་ངམ། ཀློག་གེ་མ། ཡི་གེར་འདྲི་འམ། འཆད་པར་བྱེད་པ་དེ་ལ། བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་སྙན་པར་བརྗོད་ཅིང་ཡོན་ཏན་སྒྲོགས་པར་བྱེད་ན། གང་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བྱང་ཆུབ་སེམས་དཔའ་གང་ཞིག་ཏིང་ངེ་འཛིན། བདེ་བར་གཤེགས་པས་གསུངས་པ་འདི་འཆད་པའི།། ཡོན་ཏན་ཡོངས་སུ་བཤད་པར་བྱ་བ་ནི། ། གངྒཱའི་བྱེ་མ་སྙེད་ལས་གཅིག་བླངས་བཞིན།། གང་ཞིག་ཏིང་འཛིན་འདི་ནི་འཆད་བྱེད་པ།། དེ་ལ་མེ་དང་མཚོན་གྱིས་མི་ཚུགས་ཤིང་།། དེ་ལ་རྐུན་པོས་གནོད་པ་བྱེད་མི་འགྱུར། དེ་ལ་རྒྱལ་པོ་མི་བྷྲ་མཱ་མི་བྱེད།། གདུག་པའི་སྦྲུལ་དག་འཁྲུག་ཤིང་འཇིག་བྱེད་པས། གདུག་པའི་ཡིད་ཀྱིས་མི་ལ་འཚེ་བྱེད་ན།། གང་ཞིག་ཏིང་འཛིན་འདི་ལ་འཇུག་བྱེད་པ།། དེ་ཡི་བྱིན་གྱིས་དེ་དག་དུག་མེད་འགྱུར། ། མི་དང་ཀླུ་དང་གནོད་སྦྱིན་སྲིན་པོ་དང་།། ཕས་ཀྱི་རྒོལ་བ་འཁྲུགས་ཤིང་འཇིགས་བྱེད་པས།། གང་དག་ཏིང་ངེ་འཛིན་འདི་ལ་འཇུག་བྱེད་པ།། དེ་ཡི་བྱིན་ལ་ནམཱ། ཀྱང་མི་བཟོད་དོ།། དགོན་པའི་གཅན་གཟོན་མི་སྲུན་གང་འཁོད་པ།། སྤུང་ཀི་ཝ་དང་དེ་བཞིན་སེང་གེ་སྟག། དེ་དག་དགོན་པའི་གནས་སུ་གནས་པ་དེའི།། གྲོགས་བྱེད་པ་དང་གཡོག། བྱེད་པར་ཡང་འགྱུར།། གནོད་སྦྲན་ཤ་ཟ་མ་དང་ས་འཕྲོག་འཇིགས་བྱེད་པ།། གདུག་པའི་ཡིད་ཀྱིས་མི་ལ་འཚེ་བྱེད་ན། གང་ཞིག་ཏིང་འཛིན་འདི་ལ་འཇུག་བྱེད་པ།། དེ་ཡི་བྱིན་གྱིས་དེ་དག་སྤ་ཡང་འགོང་། ། གང་ཞིག་ཏིང་འཛིན་འདི་ནི་འཆད་བྱེད་པ།། དེ་ནི་རྣ་ནད་མེད་ཅིང་ལུས་ནད་མེད།། མིག་གི་དབང་པོ་ནམས་ཀྱང་ཉམས་མི་འགྱུར།། ཚིག་ཀྱང་གསལ་ཞིང་སྤོབས་པས།། སྨྲ་བར་འགྱུར།། གང་ཞིག་ཏིང་འཛིན་འདི་ལ་འཇུག་བྱེད་པ།། དེ་ལ་ནམས་ཀྱང་སེམས་དམྱལ་ངན་འགྲོ་མེད།། དེ་ཡི་ལུས་ལ་ནད་ཀྱིས་མི་འདེབས་ཤིང་།། དེ་ལ་ནམས་ཀྱང་ལོག་ལྟུང་འཇིགས་པ་མེད། ། ཁ་ཏོན་བྱས་ཏེ་གཞན་ལ་སྟོན་བྱེད་ན།། དེ་ལ་ལྷ་དང་ཀླུ་དང་གྲུལ་བུམ་དང་།། ལྷ་མ་ཡིན་དང་ལྟོ་འཕྱེ་ཆེ་རྣམས་སྲུང་།། དེ་ལ་གདུག་པར་སེམས་དཔའང་དང་བར་འགྱུར། ། ཁ་ཏོན་བྱས་ཏེ་གཞན་ལ་སྟོན་བྱེད་ན།། དེ་ལ་ལྷ་མི་ཀླུ་དང་ལྷ་མ་ཡིན།། གནོད་སྦྱིན་མི་འམ་ཅི་དག་ཆེར་སྙན་སྒྲོགས།། སངས་རྒྱས་རྣམས་ཀྱང་བུ་གཅིག། བཞིན་དུ་བསྟོད།། ཁ་ཏོན་བྱས་ཏེ་གཞན་ལ་སྟོན་བྱེད་ན།། དེ་ནི་ཆོས་ལ་ཐེ་ཙམ་འབྱུང་མི་འགྱུར།། དེ་ནི་བྱང་ཆུབ་ཐེ་ཙོམ་ཡོངས་མི་འབྱུང་།། དེ་ཡི་གཟུགས་དང་མཉམ་པའང་མི་འགྱུ་ངོ་། ། ཏིང་འཛིན་འདི་ནི་ཁ་ཏོན་བྱེད་པ་དེ།། རྒྱལ་པོ་འཁྲུགས་དང་དེ་བཞིན་སེམས་ཅན་འཁྲུགས།། མུ་གེའི་དགོན་པ་བྱུང་བར་གྱུར་པ་ནའང་།། དེ་ལ་གནོད་དང་བཀྲེས་པར་མི་འགྱུར་རོ། ། ཏིང་འཛིན་འདི་ནི་ཁ་ཏོན་བྱེད་པ་དེ།། སེམས་ཅན་དག་ལ་བདུད་ནི་ཉེར་གནས་ཀྱང་།། དེ་ནི་མི་སྐྲག་པ་སྤུ་མི་གཡོས་ཏེ།། དེ་ཡི་ཡོན་ཏན་བསམ་གྱིས་མི་ཁྱབ་འགྱུར།། འཚེ་བ་དང་ནི་ཉེས་དང་ཉོན་མོངས་པ།། ཇི་སྙེད་གང་དག་ངས་ནི་བཤད་གྱུར་པ།། སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པར།། དེ་དག་དེ་ཡི་ལུས་ལ་མི་ཚུགས་སོ།། ཟད་པ་ཕྱི་མའི་དུས་ན་གང་ལག་ཏུ། ། མདོ་སྡེ་རྒྱ་ཆེ་འདི་དག་འོངས་པ་ནི།། སྲས་ཀྱི་ཐུ་བོ་བཞིན་དུ་མདུན་བཞག་སྟེ།། སྟོན་ཅིང་བསླང་ལ་སྙན་པ་དག་ཀྱང་གསུང་།། བག་ཡོད་པར་ཡང་བརྩོན་འགྲུས་བརྩམ་པར་བྱོས། ། མཐུན་པར་བྱོས་ཏེ་ཆོས་ཀྱང་སྤྱད་པར་བྱོས།། གང་ཞིག་འཛིན་ཅིང་ཀློག་ལ་སྟོན་བྱེད་པ།། ཁྱོད་ཀྱི་དོན་དུ་འདི་དག་འཆད་པར་བྱེད།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་ལས། ཆོས་སྨྲ་བ་བསྔགས་པའི་ལེའུ་སྟེ་བཅུ་བཞི་པའོ།། ། ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་བཀའ་སྩལ་པ། བཟང་སྐྱོང་ངས་མངོན་པར་ཤེས་ཏེ་འདས་པའི་དུས་བསྐལ་པ་གྲངས་མེད་པ། རྒྱས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། གཞལ་དུ་མེད་པར་འགྱུར་བ་དེའི། ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། བཟང་སྐྱོང་དེའི་ཚེ་ཚོང་དཔོན་གྱི་བུ་བཟང་སྦྱིན་ཞེས་བྱ་བ་ཞིག་ཡོད་པར་གྱུར་ཏེ། དེ་སྲོག་ཆགས་ཉི་ཁྲས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས།། ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་། ཚོང་དཔོན་གྱི་བུ་བཟང་སྦྱིན་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ལ་ཏིང་ངེ་འཛིན་འདི་ཡོངས་སུ་ཞུས་སོ། ། བཟང་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱུ་བདེ་བའི་རྒྱལ་པོ་དེས་ཀྱང་། ཚོང་དཔོན་གྱི་བྱ་བཟང་སྦྱིན་དེའི་ལྷག་པའི་བསམ་པ་མཁྱེན་ནས། ཏིང་འཛིན་འདི་རྒྱ་ཆེར་བསྟན་ཏོ།། ཡང་དག་པར་བཤད་དོ།། བཟང་སྐྱོང་དེ་ནས་ཚོང་དཔོན་གྱི་བུ་བཟང་སྤྱན་དེས་ཏིང་ངེ་འཛིན་འདི་ཐོས་ནས་འཛིན་པར་བྱེད་དོ།། གཟུང་ནས་སྒོམ་པར་བྱེད་དོ།། བསྒོམས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ཚོན་ཅན་གྱོན་ནསྲ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། ཚངས་པར་སྤྱད་དོ།། ལོ་བརྒྱད་ཏིང་ངེ་འཛིན་འདི་སྒོམ་ཞིང་གནས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བའི་རྒྱལ་པོ་དེ་ལས་ཐོས་པ་ཐམས་ཅད་བཟུང་ཞིང་། འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཀྱང་ཐོས་པ་ཐམས་ཅད་བཟུང་སྟེ། དེ་མང་དུ་ཐོས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ།། དེ་དུས་གཞན་ཞིག་གི་ཚེ། དེ་ནས་ལུས་ཞིག་སྟེ་ཤི་བ་དང་། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ།། སྐྱེས་ནས་ཀྱང་དེས་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་དེ་བཞིན་གཤེགས་པ་གཉིས་པ་གློག་གི་ལྷ་ཞེས་བྱ་བ་མཉེས་པར་བྱས་སོ། ། བསྐལ་པ་དེ་ཉིད་ལ་རྒྱལ་རིགས་ཤིང་སཱ་ལཱ་ཆེན་པོ་ལྟོ་བུར་སྐྱེས་ཏེ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལས་མངོན་པར་བྱུང་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀློག་གི་ལྷ་དེ་ལས་རབ་ཏུ་བྱུང་སྟེ། ལོ་བརྒྱད་ཁྲི་ཏིང་ངེ་འཛིན་འདི་སྒོམ་ཞིང་ཚངས་པར་སྤྱོད་པ་སྨད་དོ། ། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་པ་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་མཉེས་པར་བྱས་སོ། ། བསྐལ་པོ་དེ་ཉིད་ལ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ཏེ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་ལས་མངོན་པར་བྱུང་ནས། དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་དེ་ལས་རབ་ཏུ་བྱུང་སྟེ། ལོ་བརྒྱད་ཁྲི་བཞི་སྟོང་དུ་ཏིང་ངེ་འཛིན་འདི་སྒོམ་ཞིང་ཚངས་པར་སྤྱོད་པ་སྤྱད་དོ། ། ཚོང་དཔོན་གྱི་བུ་བཟང་སྦྱིན་དེ་ཡང་དེ་ནས་ཕྱིས་བསྐལ་པ་བརྒྱད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུ་མངོན་པར་རྫོགས་པར་སངས་རྒྱསོ།། བཟང་སྐྱོང་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་བཟང་སྤྲིན་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་དེ་ལྟར་ཐེ་ཙོམ་མམ། ཡིད་གཉིས་སུ་མ། སོམ་ཉི་ཟ་བར་གྱུར་ན། བཟང་སྐྱོང་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་བཟང་སྦྱིན་ཞེས་བྱ་བར་གྱུར་ཏོ། ། བཟང་སྐྱོང་ཚོང་དཔོན་གྱི་བུ་བཟང་སྦྱིན་དེ་ཆོས་དོན་དུ་གཉེར་ཞིང་། ཆོས་འདོད་ལ། ཆོས་ལ་འདུན་པ་དང་ལྡན་ཏེ། དེའི་ཕྱིར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལྟོས། བཟང་སྐྱོང་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིངངེ་འཛིན་འདི་བྱང་ཆུབ་སེམ་དཔའ་སེམཱ་དཔའ་ཆེན་པོ་རྣམ་སངས་རྒྱ་ཀྱི་ཡེ་ཤེས་བསྐྱེད་པ་དང་། ཐོས་པ་རྒྱ་མཚོ་ལྟ་བུར་འགྱུར་ལ། ཇི་ཙམ་དུ་ཕན་པ་མང་པོར་འགྱུར་བ་ལ་ལྟོས། བཟང་སྐྱོང་དེ་བས་ན་ཁྱེད་ཀྱིས་ཏིང་ངེ་འཛིན་འདི་གཟུང་བར་བྱའོ། ། ཀུན་ཆུབ་པར་བྱའོ།། ཡི་གེར་བྲི་བར་བྱའོ།། བཅང་བར་བྱའོ།། བཀླག་པར་བྱའོ།། བཟུང་ཞིང་ཀུན་ཆུབ་པར་བྱས་ནས། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། ། བསྟན་པར་བྱའོ།། བརྗོད་པར་བྱའོ།། བསྒོམ་པའི་སྦྱོར་བ་ལ་ཡང་བརྩོན་པར་བྱའོ་དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་དེ་ནི་འདི་ལྟར་ཏིང་ངེ་འཛིན་འདི་ཕྱི་ཕྱིར་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་ན་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་དང་། རང་བྱུང་གི་ཡེ་ཤེས་དང་། ཐམ་ལེན་པའི་ཡེ་ཤེས་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེ་དང་། མི་མཉམ་པ་དང་མཉམ་པའི་ཡེ་ཤེས་དང་། བླ་ན་མེད་པའི་ཡེ་ཤེས་དང་། ལྟག་ན་མེད་པའི་ཡེ་ཤེས་ཐོབ་པར་གྱུར་པ་མ་གཏགས་པར་ཆོས་གཞན་ཐོབ་པར་མི་འགྱུར་རོ།། ཡང་བཟང་སྐྱོང་ཡང་དག་སྨྲ་བས་གང་ལ་མིག་ཏུ་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་བསྐྱེད་པ། སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བར་བྱེད་པ་ཞེས་སྨྲ་བ་དེ་དག་ནི། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། ། ཡང་བཟང་སྐྱོང་ཡང་དག་པར་སྨྲ་བས་གང་ལ་སངས་རྒྱས་ཀྱི་རིགས་སོ།། ཆོས་ཀྱི་རགས་སོ།། དགེ་འདུན་གྱི་རིགས་སོ།། སངས་རྒྱས་ཀྱི་སའོ།། ཐོས་པའི་རིགས་སོ།། ཐོས་པ་རྒྱ་མཚོ་ལྟ་བུའོ།། ཐོས་པ་བརྩམས་པའོ།། ཐོས་པའི་གཞིའོ།། ཡོན་ཏན་བསགས་པའོ།། བཟོད་པ་སྐྱེད་པའོ།། བྱམས་པ་བསྐྱེད་པའོ།། སྙིང་རྗེ་ཐོབ་པའོ། ། བྱང་ཆུབ་བསྐྱེད་པའི་ཆོས་སོ་ཞེས་སྨྲ་བ་དེ་དག་ནི། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ།། བཟོང་སྐྱོང་ཡང་དག་པར་སྨྲ་བས་གང་ལ་ལྷ་དང་མ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མུན་བསལ་བར་བྱེད་པའི་ཆོས་སོ། ། སྣང་བ་ཆེན་པོ་བྱེད་པའི་ཆོས་སོ་ཞེས་སྨྲ་བ་དེ་དག་ནི། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དཔ་སྨྲ་བས་སྨྲ་བ་ཡིན་ནོ། ། ཡང་བཟང་སྐྱོང་ཡང་དག་པར་སྨྲ་བས་གང་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྐྱེད་པར་བྱེད་པའི་ཆོས་སོ་ཞེས་སྨྲ་བ་དེ་དག་ནི། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ། ། བཟང་སྐྱོང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་འདི་ཉིད་ན་འདུག་བཞིན་དུ། འཇིག་རྟེན་གྱི་ཁམས་གཞན་དག་གི་སངས་རྒྱས་ཀྱང་ལྟ། ཆོས་ཀྱང་ཉན། དགེ་འདུན་ཡང་ལྟ་བར་བྱེད་པའི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམ་པའི་ཏིང་ངེ་འཛིན་འདི་ཇི་ཙམ་དུ་རྒྱ་ཆེ་བ་ལ་ལྟོས། བཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་རིན་པོ་ཆེ་འདི་སྒྲུབ་པར་འདོད་པས། དྲན་པ་ཉེ་བར་གཞག་པ་བཞི་ལ་རྟུལ་བར་བརྟན་པར་བྱའོ།། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ཏང་ངེ་འཛིན་ཆེན་པོ་ཇི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་ལ་རྟུལ་བ་བརྟེན་པར་བྱ་ཞེ་ན། བཟང་སྐྱོང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བར་བྱ་སྟེ། ལུས་དང་། ལྡན་པའི་རྣམ་པར་བརྟག་པར་ནི་མི་བྱའོ།། ཚོར་བ་ལ་ཚོར་བའི་རྗེས་སུ་བལྟ་བར་བྱ་སྟེ། ཚོར་བ་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་བརྟག་པར་ནི་མི་བྱའོ།། སེམས་ལ་སེམས་ཀྱི་རྗེས་སུ་བལྟ་བར་བྱ་སྟེ། སེམས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་བརྟག་པར་ནི་མི་བྱའོ།། ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་བར་བྱ་སྟེ། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་རྣམ་པར་བརྟག་པར་ནི་མི་བྱའོ། ། བཟང་སྐྱོང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡེག་པ་རྣམ་དང་ཉན་ཐོས་ལུས་མངོན་སུམ་དུ་བྱེད་པ་རྣམས་མ་གཏོགས་པར་ཏིང་ངེ་འཛིན་འདི་ལ་སུ་ཞིག་མངོན་པར་དད་པར་འགྱུར། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ། བྱས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་འཁྲུལ་ཏོ།། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཉིད་ཡང་ལ་བྱ། ཆོས་དེ་དག་ཉིད་ལ་བལྟ་བར་བྱ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡིད་ལ་བྱ། དེ་བཞིན་གཤེགས་པ་རྣམས་ཀྱང་བལྟ་བར་བྱ་སྟེ། མངོན་པར་ཞེན་པར་ནི་མི་བྱའོ།། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ། རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། ཐོག་མ་ཉིད་ནས་ཉེ་བར་ཞི་བའོ།། བཟང་སྐྱོང་ཆོས་འདི་དག་ཐམ་ཅད་ནི་དམིགས་པབའི་དབང་དུ་གྱུར་པས་དམིགས་སུ་མེད་པའོ། ། ཆོས་འདི་དག་ཐམས་ཅད་ནི་ཡིད་ལ་བྱ་བ་དེ་ཉིད་ཀྱིས་དབེན་པའོ།། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱི་དམིགས་སུ་མེད་པས་གཟུང་དུ་མེད་པའོ། ། ཆོས་འདི་དག་ཐམས་ཅད་ནི་ནམ་མཁའ་དང་འདྲ་བས་མི་ཆགས་པའོ།། ཆོས་འདི་དག་ཐམས་ཅད་ནི་བདག་དང་སེམས་ཅན་གྱི་འདུ་ཤེས་དང་བྲལ་བའི་ཕྱིར་ཤིན་ཏུ་རྣམ་པར་དག་པའོ། ། ཆོས་འདི་དག་ཐམས་ཅད་ནི་རྒྱུའི་དབང་ལས་གྱུར་པས་ཉོན་མོངས་པ་མེད་པའོ།། ཆོས་འདི་དག་ཐམས་ཅད་ནི་སྲོག་དང་། གང་ཟག་མི་དམིགས། པའི་ཕྱིར་བགྲང་དུ་མེད་པའོ།། ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བས་མྱ་ངན་ལས་འདས་པ་དང་མཉམ་པའོ།། ཆོས་འདི་དག་ཐམས་ཅད་ནི་དངོས་པོ་མི་དམིགས་བའི་ཕྱིར་ཉེ་བར་གྱུར་པའོ། ། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་གང་ལ་ལ་ཏིང་ངེ་འཛིན་འདི་བསྒོམ་པར་འདོད་པར་གྱུར། དེས་ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཐོང་ཞིང་། སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་སྒོམ་པར་བྱེད། ཆོས་ཀྱང་ཉན་ཅིང་ཆོས་ལ་ཆོས་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་སྒོམ་པར་བྱེད་ལ། བདག་ཀྱང་མི་དམིགས་ཤིང་། ཆོས་ཀྱང་མི་སྙེམས་པ་དེ་ལྟར་མཚན་མའི་རྣམ་པའི་འཇུག་པས་མཚན་མ་མེད་པའི་འཇུག་པ་ལ་འཇུག་པར་བྱའོ།། བཟང་སྐྱོང་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་པོའི་འདུ་ཤེས་ཅན་གྱིས་ནི་སངས་རྒྱས་མཐོང་བར་མི་འགྱུར་རོ།། ཆོས་ཀྱི་འདུ་ཤེས་ཅན་གྱིས་ཆོས་མཐོང་བར་མི་འགྱུར་རོ།། རྣམ་པར་སྨིན་པ་ལ་རེ་བས་ནི་གཏོང་བ་ཕུན་སུམ་ཚོགས་པར་མི་འགྱུར་རོ། ། བསྒོམ་པ་ལ་མངོན་པར་དགའ་བས་ནི། ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར་རོ།། ཆོས་ལ་སྲེར་སྣ་བྱེད་པས་ནི་ཡང་དུ་ཐོས་པར་མི་འགྱུར་རོ། ། གང་ཟག་ལ་རྟེན་པས་ནི་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ།། བྲེ་མོའི་གཏམ་ལ་མངོན་པར་དགའ་བས་ནི་དབེན་པ་མཐོང་བར་མི་འགྱུར་རོ།། གནས་ལ་དགའ་བས་ནི་འབྲས་བུ་ཐོབ་པར་མི་འགྱུར་རོ།། རྗེས་སུ་ཆགས་པས་ནི་སྐྱོན་མཐོང་བར་མི་འགྱུར་རོ།། གནོད་སེམས་ལ་མངོན་པར་དགའ་བས་ནི་བཟོད་པ་དང་ངེས་པར་མི་འགྱུརརོ།། སྡང་ཞིང་ཞེ་འགྲས་པས་ནི་ཕན་ཡོན་མཐོང་བར་མི་འགྱུར་རོ།། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་གང་གི་ཕྱིར་བཟོད་པ་ཐོབ་པར་འགྱུར་བའི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་མངོན་སུམ་དུ་མི་འགྱུར་རོ། ། བྱང་ཆུབ་སེམས་དཔའ་ལ་ནི་སེར་སྣ་མི་འབྱུང་། དམིགས་པ་ཅན་གྱི་སྟོང་པ་ཉིད། སྒོམ་པར་མི་འགྱུར་རོ།། ལེ་ལོ་ཅན་ནི་མངོན་པར་རྟོགས་པ་ཐོབ་པར་མི་འགྱུར། འདོད་པ་ལ་རྟེན་པ་ནི་ཞི་གནས་སུ་མི་འགྱུར་རོ།། རྟེན་པ་ནི་སྒོམ་གྲུབ་པར་མི་འགྱུར་རོ།། བཟང་སྐྱོང་དེ་བས་ན་ཏིང་ངེ་འཛིན་འདི་ཅི་ནས་ཀྱང་ནུབ་པར་མི་འགྱུར་བར་ལྷ་དང་བཅས་པའི་འཇིག་རྟེན་ལ་གཏད་དོ། ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། འདོད་པ་ན་སྤྱོད་པ་དང་། ། གཟུགས་ན་སྤྱོད་པའི་ལྷ་ཁྲག་ཁྲིག་ཕྲག་བཅོ་བརྒྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། སྲོག་ཆགས་ལྷ་དང་མ་དང་ལྡུམ་ཡིན་དུ་བཅས་པའི་སྐྱེང་གུ་བརྒྱད་སྟོང་ཡང་བླ་ནོ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། ། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་སེམས་རྣམ་པར་གྲོལ་བར་གྱུར་ནས། གང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་དེ་དག་མིང་ཐ་དད་ཀྱིས་ཀྱང་ཚེའི་ཚད་གཅིག་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། བཟང་སྐྱོང་ཡང་གང་གིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ང་ལ་མཉམ་པར་བྱས་པ་ལྟ་ཅི་སྨོས།། གང་གིསང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གྲོགས་པོར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། བཟང་སྐྱོང་ཆོས་འདི་བཤད་པའི་ཚེ། སེམས་ཅན་ཚད་མེད་པ་རྣམས་ཀྱང་ཡེ་ཤེས་མཐོང་བ་སྐྱེས་སོ།། དགེ་སློང་བརྒྱད་བརྒྱ་ཡང་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། གང་དག་ཏིང་འཛིན་འདི་ནི་འཛིན་འགྱུར་བ།། དེ་དག་ཤེས་རབ་ཚད་ནི་ཅུང་ཟད་མེད། ། དེ་དག་ཚུལ་ཁྲིམས་རྡུལ་དང་དྲི་མ་མེད། ཚུལ་ཁྲིམས་རྣམ་དག་སེམས་ཀྱང་ཡོངས་སུ་དག། གང་དག་ཏིང་འཛིན་འདི་ནི་འཛིན་འགྱུར་བ།། དེ་དག་ཤེས་རབ་རྣམས་ཀྱང་ཉམས་པ་མེད། ། ཏིང་འཛིན་ཐོས་ལས་ནམས་ཀྱང་ཉམས་པ་མེད།། ཟླ་བ་བཞིན་དུ་ཡོན་ཏན་ཐམས་ཅད་སྟོན།། གང་དག་ཏིང་འཛིན་འདི་ནི་འཛིན་འགྱུར་བ།། དེས་ནི་སངས་རྒྱས་བསམ་གྱིས་མི་ཁྱབ་བསྟོད། ། དེས་ནི་ཆོས་ཀྱང་བསམ་གྱིས་མི་ཁྱབ་མཐོང་།། དེ་ལ་བསམ་གྱིས་མི་ཁྱབ་ལྷ་རྣམས་སྲང་།། སྔོན་གྱི་སངས་རྒྱས་བསམ་གྱིས་མི་ཁྱབ་བྱུང་།། དེས་ནི་བསམ་མི་ཁྱབ་པའི་ཆོས་བཤད་པ།། གང་ཞིག་ཏིང་འཛིན་འདི་ནི་འཛིན་འགྱུར་བ།། དེས་ན་ཐམས་ཅད་མཐོང་ཞིང་བསྙེན་ཀུར་བྱས།། གང་ཞིག་ཏིང་འཛིན་འདི་ནི་འཛིན་འགྱུར་པ། རྒྱལ།། བདག་སྡུག་བསྔལ་ཀུན་སྒྲོལ་བ།། འཇིག་རྟེན་དོན་དུ་བྱུང་སྟེ་བཞུགས་པ་ཡི།། རྒྱལ་བ་དེ་དག་དེ་ཡིས་གུས་བྱས་འགྱུར།། མ་བྱོན་སངས་རྒྱས་མང་པོ་བསམ་མི་ཁྱབ།། དང་བའི་སེམས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར། ། བྱང་ཆུབ་སེམས་དཔའ་གང་ཞིག་ལྟ་འདོད་པས།། ཏིང་ངེ་འཛིན་མཆོག་འདི་ནི་གཟུང་བར་བྱོས།། གང་ཞིག་ཏིང་འཛིན་འདི་ནི་འཛིན་འགྱུར་བ། མི་དེ་དག་ནི་རྙེད་པ་བསམ་མི་ཁྱབ།། དེ་དག་མི་ཡི་འཇིག་རྟེན་ལེགས་པར་འོངས།། རང་བྱུང་ལེགས་སྤྱད་བསོད་སྙོམས་ལེགས་པར་ཟོས།། ཕྱི་མའི་དུས་ན་ཏིང་འཛིན་མཆོག་འདི་ནི།། གང་གི། ལག་ཏུ་གནས་པར་གྱུར་པ་དེ།། རྙེད་པ་དམ་པ་ཤིན་ཏུ་ལེགས་པར་རྙེད།། དེས་ནི་བསམ་གྱིས་མི་ཁྱབ་ཆོས་ཀྱང་གཟུང་།། བབང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅོ་ལྔའོ། ། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྡང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ། སང་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་བདག་གི་བཤོས་གསོལ་བར་དྲི་གནང་། བཅོམ་ལྡན་འདས་ཐུགས་བརྩེ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་བཟང་སྐྱོང་ལ་ཅང་མི་གསུང་བས་གནང་ངོ་། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་ཤེས་ན། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་སྟེ། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིའི་རྐང་པ་ལ་མགོ་བོ་ཕྱག་འཚལ་ནས་ཕྱོག་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཐུགས་བརྩེ་བའི་སླད་དུ་སང་དགེ་སློང་མའི་དགེ་འདུན་དང་ཐབས་གཅིག་བདག་གི་བཤོས་གསོལ་བར་ཅི་གནང་། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས་སྙིང་བརྩེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་ཅང་མི་སྨྲ་བས་གནང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས་ཅང་མི་སྨྲ་བས་གནང་བར་རིག་ནས་དགེ་སློང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་སོང་ངོ་།། སོང་ནས་ཀྱང་ལི་ཙ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ལི་ཙ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་ལ་འདི་སྐད་ཅེས་སྨྲས་སོ།། ཉེ་དུ་བོ་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་འདིར་རྒྱལ་པོའི་ཁབ་འདིའམ། གཞོངས་ཀྱི་ཕྱོག་གཞན་ནས་དགེ་བསྙེན་ཇི་སྙེད་ཅིག་འདུས་པ་ཐམས་ཅད་འཁོར་དང་བཅས་པ་སྟེ་ཁོ་བོའི་ཚིག་གིས་སང་གི་གདུགས་ཚོད་ལ་མགྲོན་དུ་བོས་ཤིག། དེ་ནས་ལི་ཙ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་ཀྱིས་འཁོར་དེར་དགེ་བསྙེན་ཇི་སྙེད་ཅིག་འདུས་པ་དེ་དག་ཐམས་ཅད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། ཁྱེད་ཅག་འཁོར་དང་བཅས་པར་སང་མགྲོན་དུ་བོས་སོ་ཞེས་བསྒོའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལི་ཙ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་དང་། ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྲམ་ཟེ་འདམ་བུས་བྱིན་དང་། ཁྱིམ་བདག་ཆུ་ལྷ་དང་། ཁྱིམ་བདག་དབང་པོས་བྱིན་དང་། ཁྱིམ་བདག་གཞན་དག་ཀྱང་རང་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ཡང་ལན་གསམ་བསྐོར་བ་བྱས་ནས། དགེ་སློང་གི་དགེ་འདུན་གྱི་ཞབས་ལ་ཡང་མགོ་བོས་ཕྱག་འཚལ་ཏེ། འོད་མའི་ཚལ་ནས་བྱུང་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། བཟང་སྐྱོང་གི་ཁྱིམ་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། དེ་ཉིན་གྱི་ནུབ་མོ་དེ་དག་ཐམས་ཅད་དང་ཐ་ན་སློང་བ་རྣམས་ཀྱི་ཕྱིར་ཡང་བཅའ་བར་བྱ་བ་དང་། བཟའ་བར་བྱ་བ་དང་། མྱང་བར་བྱ་བ་དང་། བསྟབ་པར་བྱ་བ་བསོད་པ་མང་དུ་སྦྱར་ཏོ།། ཟས་རོ་བརྒྱ་པ་ཡང་བཤམས་ཤིང་གཡོས་སོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་པ་བརླབས་པོ་ཆེ་དང་། བརྙས་པ་མེད་པ་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་ཞུགས་བ་ཡིན་ནོ། ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་མཚམས་བཟངས་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་མི་མང་པོ་ཡང་སྤྲུལ་ཏེ། སྐྱོ་བ་སྐྱེ་བའི་ཚུལ་དུ་ཁྱིམ་བདག་དེ་རྣམས་ལ་བྱང་ཆུབ་ཀྱི་ཕན་གདགས་པ་དང་། ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་པར་བྱེད་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་། པི་ཙ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་དེ་དག་དང་། ཁྱིམ་བདག་གཞན་དག་ཀྱང་རང་རང་གི་གཉེན་རྣམས་དང་ལྷན་ཅིག་ཏུ་རྒྱལ་པོའི་ཁབ་གྲོང་ཁྱེར་ཆེན་པོ་ཐམས་ཅད་དང་ལྡན་པར་ཕྱག་དར་བྱས་པ་རྣམས་ཀྱང་ཕྱག་དར་ལེགས་པར་བྱས། དྲར་གྱི་ལྡ་ལྡི་བྲེས། སྤོས་ཀྱི་སྣོད་ཀྱིས་ནི་བདུགས། མེ་ཏོག་སིལ་མས་ནི་གཏོར་དུ་བཙུད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་རང་གི་གཉེན་དང་བཅས་པས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའང་བརྒྱན། རོ་བརྒྱ་དང་ལྡན་པའི་བཅཝོ་ཀྱང་སྦྱར་ཏེ། དེའི་མཚན་མོ་འདས་ནས་གཉེན་རྣམས་ཀྱིས་བསྐོར་ཅིང་། མདུན་དུ་བདར་ཏེ། ལྷན་ཅིག་ཏུ་བཅོམ་ལྡན་འདས་གྲ་ལ་བ་དེར་དོ་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཙུན་པ་བཅོམ་ལྡན་འདས་བཤོས་ཀྱི་དུས་ལ་བབ་བོ།། བཙུན་པ་བཅོམ་ལྡན་འདས་བཤོས་ཀྱི་ཚོང་ལ་བབ་བོ། ། བཤོས་ནི་ལགས་ཏེ། དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་གདུགས་ཚོད་ལ་བབ་པར་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཆོས་གོས་དང་ཤམ་ཐབས་བསྣབས། ལྷུང་བཟེད་བསྣམས་ནས། དགེ་སློང་གི་དགེ་འདུན་དང་ཐབས་གཅིག། དགེ་སློང་མའི་དགེ་འདུན་དང་ཐབས་གཅིག། དགེ་བསྙེན་དང་དགེ་བསྙེན་མའི་འཁོར་རྣམས་དང་ཡང་ཐབས་གཅིག་བསྐོར་ཅིང་མདུན་དུ་བ་དར་ཏེ། བྱང་ཆུབ་སེམས་དཔའ་སེམས་དྲཔའ་ཆེན་པོ་བཟང་སྐྱོང་གི་ཁྱིམ་ག་ལ་བ་དེར་གཤེགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་པས། བདག་གི་ཁྱིམ་འདི་ཡངས་ཤིང་རྒྱ་ཆེ་བ། བཻ་ཌཱུཪྻ་སྔོན་པོ་ལྟ་བུར་གྱུར་ཏེ། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་མཐོང་ཞིང་། འཁོར་མ། པོ་འདི་དག་ཀྱང་བག་ཡངས་སུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་ན་ལེགས་སོ་སྙམ་སེམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་སེམས་ཀྱི་རྟོག་པ་མཁྱེན་ནས། ཇི་ལྟ་བུའི་རྫུ་ཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གི་ཁྱིམ་དེ་ཡངས་ཤིང་རྒྱ་ཆེ་ལ་བཻ་ཌཱུཪྻ་སྔོན་པོ་ལྟ་བུར་གྱུར་ཏེ། གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་ཅི་ནས་ཀྱང་མཐོང་ཞིང་འཁོད་དེ། དེ་དག་ཐམས་ཅད་ཀྱང་བག་ཡངས་སུ་འཁོད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ། ། དེ་ཅོམ་ལྡན་དས་བྱ་ཏུ་སེམས་ད་ཆེན་པོ་བཟང་སྐྱོང་གི་ཁྱིམ་དུ་གཤེགས་སོ། ། གཤེགས་ནས་ཀྱང་དགེ་སློང་དང་དགེ་སློང་མ་དང་དགེ་འདུན་དང་། དགེ་བསྙེན་དདགེ་བསྙེན་མའི་འཁོར་རྣམས་དང་ཐབས་གཅི་གདན་བཤམས་པ་ལ་བཞུགས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྟོང་ལི་ཙཱ་བི་གཞོན་ནུ་རིན་ཆེན་འབྱུང་གནས་དང་དེད་དཔོན་ཆེ་བཟང་དང་། ཚོང་དཔོན་གྱི་བུ་ཕུག་སྦས་དང་། བྲམ་ཟེ་འདམ་བུས་བྱིན་དང་། ཁྱིམ་བདག་དབང་པོས་བྱན། ཁྱིམ་བདག་ཆུ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཞུགས་པར་རིག། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མ་འཁོར་རྣམས་ཀྱང་འཁོད་པར་རིག་ནས་སངས་རྒྱས་ལ་སོག་པ་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བ་སེལ་བའི་འཁོར་རྣམ་ལ་ལག་གིས་བཅའ་བར་བྱ་བ་དང་། བཟའ་བར་བྱ་བ་མྱང་བར་བྱ་བ་དང་། རོལ་སྣ་བརྒྱ་དང་ལྡན་པའི་ཟས་བསོད་པ་མ་པོས་ཚིམ་པར་བྱས་སོ།། བསྟབས་སོ།། རང་གིས་བཟའ་བར་བྱ་བ་དང་། བཅའ་བར་བྱ་བ་དང་། མང་བར་བྱ་བ་དང་། རོ་སྣ་བརྒྱ་དང་ལྡན་པའི་ཟས་བསོད་པ་མང་པོས་ཚིམ་པར་བྱས་ཤིང་སྟབས་ནས། བཅོམ་ལྡན་འདས་བཤོས་གསོལ། ཕྱག་བཅབས། ལྷུང་བཟེད་གྱུར་པར་རིག་པ་དང་། ཅི་རིགས་པའི་སྟན་ཞིག་བླངས་ནས། བཅོམ་ལྡན་འདས་ལ་མདུན་གྱིས་བལྟས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལི་རྩ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་དང་། ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། ཚོང་དཔོན་གྱི་བུ་ཕུག་སྦས་དང་བྲམ་ཟེ་འདམ་བུས་བྱིན་དང་། ཁྱིམ་བདག་དབང་པོས་བྱིན་དང་། ཁྱིམ་བདག་ཆུ་ལྷ་རྣམས་དང་། འཁོར་བཞི་པོ་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད་དོ།། ཡང་དག་པར་འཛིན་དུ་བཅུག་གོ། ། ཡང་དག་པར་གཟེངས་བསྟོད་དོ།། ཡང་དག་པར་མགུ་བར་མཛད་དོ།། ཆོས་ཀྱི་གཏམ་གྱིས་ཡང་དག་པར་དགའ་བར་མཛད། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད་དོ།། ཡང་དག་པར་མགུ་བར་མཛད་ནས་བཞེངས་ཏེ། དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་སླར་གཤེགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལས་ཀྱི་བྱ་བ་བྱས་ནས། རང་གི་མཛའ་བོ་དང་། གཉེན་དང་། སྣག་གི་གཉེན་འཚམས་རྣམས་དང་ལྷན་ཅིག་ཏུ་སྲོག་ཆགས་འབུམ་དུ་ཚང་བས་བསྐོར་ཅིང་མདུན་བདྲར་ཏེ། ལྷན་ཅིག་བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་དོང་སྟེ་ལྤགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། དེད་དཔོན་ཆེ་བཟང་དང་། ཕུག་སྦས་དང་། འདམ་བུས་བྱིན་དང་། མཚམས་བཟངས་དང་། དབང་པོས་བྱིན་དང་། བྱང་ཆུབ་སེམ་དཔའ་སེམ་དཔའ་ཆེན་པོ་ཆུ་ལྷ་རྣམས་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ་ཕྱོག་གཅིག་ཏུ་འཁོད་དོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས་འཁོར་ཐམས་ཅད་འཁོད་པར་རིག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་ཆོས་དུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར། རྣ་བླགས་ཏེ་ཉན་པ་དང་། སེམས་མི་གཡེང་བའི་སླད་དུ་ཀུན་ཏུ་འཛིན་པ་དང་། མི་བསྐྲད་པར་འགྱུར། ཀུན་ཏུ་བཟུང་ནས་ཀྱང་འཐོབ་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བཟང་སྐྱོང་ཆོས་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་རོ། ། རྣ་བླགས་ཏེ་ཉན་པ་དང་། སེམས་མི་གཡེང་བའི་ཕྱིར་ཀུན་ཏུ་འཛིན་པ་དང་། མི་བརྗེད་པར་འགྱུར་བ་དང་། ཀུན་ཏུ་བཟུང་ནས་ཀྱང་འཐོབ་པར་འགྱུར་རོ།། བཟང་སྐྱོང་ལྔ་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམསད་དཔའ་ཆེན་པོ་ཆོས་ཟབ་མོ་ལ་བཟོད་པ་དང་ལྡན་པ་ཡིན་ཏེ། ཟད་མི་ཤེས་པ་ཟད་པ་དང་བྲལ་བ་མི་ཟད་པ། རྣམ་པར་མི་ཟད་པ། རྙོག་པ་མེད་པ། རྙོག་པ་ལས་ཡང་དག་པར་འདས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ། རྡུལ་མེད་པ། རྡུལ་དང་བྲལ་བ། རྡུལ་ལས་འདས་པ། རྡུལ་ཐམས་ཅད་དང་བྲལ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་སྟེ། བཟང་སྐྱོང་ཆོས་དང་པོ་འདི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་བྱེད་ཐམས་ཅད་ལ་སྨོད་ཅིང་། བྱང་ཆུབ་ལ་རྟེན་པ་མ་གཏོགས་པར། སྐྱེ་བའི་གནས་ཐམས་ཅད་མི་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་བལྟ་བར་འདོད་ཅིང་མུ་སྟེགས་ཀྱི་སྐྱེ་མཆེད་ཐམས་ཅད་དང་། མུ་སྟེགས་ཀྱི་སྔགས་ཐམས་ཅད་ལ་མི་རྟེན་པ་དང་། འདོད་པའི་ལོངས་སྤྱོད་མི་འདོད་པ་དང་། ཚངས་པར་སྤྱོད་པ་ལ་མངོན་པར་དགའ་བ་སྟེ། འཁྲིག་པའི་ཆོས་སྤངས་ནས། དེ་རྟོག་པ་ཙམ་གྱིས་ཀྱང་འདོད་པ་ལ་མི་རྟེན་ན། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས་ཏེ། བཟང་སྐྱོང་ཆོས་གཉིས་པ་འདི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཚད་མེད་པ་རྣམས་བསྒོམས་ཤང།། སེམས་ཤིན་ཏུ་ལེགས་པར་བསྡུས་ལ། གནོད་པ་མེད་པའི་སེམས་སུ་གྱུར་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་གྱུར་ཅིང་། སེམས་ཅན་ཐམས་ཅད་ལ་བསྡུ་བའི་དངོས་པོ་བཞིས་སྡུད་པ་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་སྟེ་དེ་བཞིའོ།། བཟང་སྐྱོང་ཆོས་གསུམ་པོ་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཆེན་པོ་དང་ལྡན་པར་གྱུར་བ་དང་། སྙིང་རྗེ་ཆེན་པོ་དང་དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ལ་སྤྱོད་པ་ཡིན་ཏེ། དེ་དགེ་སློང་ངམ། དགེ་སློང་མ་ལྟུང་འབྱུང་བ་མི་གླེང་ཞིང་དང་དུ་ལེན་པའི་རང་བ་ནི་ཅན་ཡིན་པས་འཟོད་པ་ཡིན། དེ་མཁན་པོ་དང་སློབ་དཔོན་ལ་གུས་པ་དང་བཅས། ཞེས་དང་བཅས་ཤིང་སྟོན་པར་འདུ་ཤེས་པ་ཡིན། བདག་ཀྱང་བདག་ཏུ་སྨྲ་བ་མ་ཡིན། སེམས་ཅན་དུ་སྨྲ་བ་མ་ཡིན། སྲོག་ཏུ་སྨྲ་བ་མ་ཡིན། གང་ཟག་ཏུ་སྨྲ་བ་མ་ཡིན། གསོ་བར་སྨྲ་བ་མ་ཡིན། སྐྱེས་བུར་སྨྲ་བ་མ་ཡིན། ཤེད་ལས་སྐྱེས་སུ་སྨྲ་བ་མ་ཡིན། ཤེད་བུར་སྨྲ་བ་མ་ཡིན་ཞིང་གཞན་དག་ཀྱང་ཆོས་འདི་ལ་བསྐུལ་བ་སྟེ། བཟང་སྐྱོང་ཆོས་བཞི་པོ་འདི་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པ་ཡིན་ལུས་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་ངག་གི་སྤྱོད་པ་ཡོངས་སུ་དག་པ་དང་། ཡིད་ཀྱི་སྤྱོད་པ་ཡོངས་སུ་དག་པ་དང་། ལྟ་བ་ཡོངས་སུ་དག་པ་ཡིན། འཚོ་བ་ཡོངས་སུ་དག་ཅིང་མང་དུ་ཐོས་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཐབས་གཅིག་ཏུ་དགོངས་པའི་ཚིག་ལ་མཁས་པ་ཡིན་ཏེ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཏིང་ངེ་འཛིན་འདི་འཐོབ་བོ།། བཟང་སྐྱོང་ཆོས་ལྔ་པོ་དེ་དང་ལྡན་པ་ན། བྱང་ཆུབ་སེམས་པའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདྲི་འཐོབ་བོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ཆེན་པོ་ཆོས་གཞན་ལྔ་དང་ལྡན་ན། ཏིང་ངེ་འཛིན་འདི་འཐོབ་སྟེ། ལྔ་གང་ཞེ་ན། བཟང་སྐྱོང་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་སྦྱིན་པ་བྱེད་པ་ཡིན་ཏེ། སེམས་ལ་བསྲི་བ་མེད་པ། འཇུངས་པ་མེད་པ། ལྐུག་པར་གཏོང་བ། ལག་པ་བརྐྱང་བ། སྦྱིན་པ་འགྱེད་པར་དགའ་བ་རྣམ་པར་སྨིན་པ་ལ་རེ་བ་མེད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ། སེམས་ཅན་རྣམས་ལ་སྙིང་བརྩེ་བ། འགྱོད་པ་དང་བྲལ་བ། སྦྱིན་པ་བྱིན་ནས་འགྱེད་པར་མི་བྱེད་པ་ཡིན་ཏེ། བཟང་སྐྱོང་ཆོས་དང་པོ་འདི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་ཐ་ན་ཐོས་པ་ཙམ་ཡང་འཐོབ་བོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་ས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་སྦྱིན་པ་བྱེད་པ་ཡིན་ཏེ། འདི་ལྟར་བླ་ན་མེད་པའི་ཆོས་སྦྱིན་པར་བྱེད་པ། ཤིན་ཏུ་ངེས་པར་གསུངས་པའི་ཚིག་དང་ཡི་གེ་དང་། ཐོགས་པ་མེད་པའི་ཚིག་དང་ཡི་གེ་དང་། འཆབ་པ་མེད་པའི་ངེས་པའི་ཚིག་དང་། ཟབ་མོ་དོན་དམ་པའི་ཚུལ་བསྟན་པ། དེ་བཞིན་གཤེགས་པས་གསུངས་པའི་བླ་ན་མེད་པའི་ཆོས་ཀྱི་སྦྱིན་པ་གཏོང་ཞིང་། དེ་ལ་གནས་པར་གྱུར་པ། བཟོད་པ་ཕུན་སུམ་ཚོགས་པ་དང་། དེས་པ་ཕུན་སུམ་ཚོགས་པར་འགྱུར་བ་དང་། དེ་གཞན་གྱིས་ཁ་བྱས་ཤིང་སྤྲོས་ཀྱང་། མི་ཁྲོ་མི་གཤེ་གནོད་པར་མི་བྱེད། རྨོངས་པར་མི་འགྱུར། ཡི་ཆད་པར་མི་འགྱུར། ཁྲོ་བ་མང་བར་མི་འགྱུར་ཞིང་། འཇིགས་པ་མེད་པ་ཡིན་ཏེ། བཟང་སྐྱོང་ཆོས་གཉིས་པ་འདི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔ་ཆེན་པོ་ཏིང་ངེ་འཛིན་འདི་ཐོས་ནས། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་དང་། རྒྱས་པར་བྱེད་པར་བྱ་བའི་ཕྱིར་དང་། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ།། བཀླག་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱ། གླེགས་བམ་ལ་བྲིས་ཏེ་བཅང་བར་བྱ་ཞིང་། ཆོས་ལ་འཇུངས་པ་མེད་པར་བྱ་སྟེ། བཟང་སྐྱོང་ཆོས་གསུམ་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྲག་དོག་མེད་པ། གདུང་བ་མེད་པ། རྨུགས་པ་དང་གཉིད་དང་བྲལ་བ། སྒྲིབ་པ་རྣམས་དང་བྲལ་བ། བདག་ལ་མི་བསྟོད་པ། གཞན་ལ་མི་སྨོད་པ་ཡིན་ཏེ། བཟང་སྐྱོང་ཆོས་བཞི་པོ། དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམ་དཔའ་སེམས་དཔའ་ཆེན་པོ་དད་པ་དང་ལྡན་པ་དང་དང་བ་མང་བ་ཡིན། རྒན་པ་དང་། བར་མ་དང་། གཞོན་པའི་རྣམས་ལ་གུས་པ་དང་བཅས། རྗེས་དང་བཅས་པ་ཡིན། བྱས་པ་ཤེས་པ་དང་། བྱས་པ་གཟོ་བ་ཡིན། དེ་བྱས་བཅུང་ཟད་ལ་ཡང་དྲིན་དུ་གཞོན། མང་པོ་ལྟ་ལ་ཅི་སྨོས། བདེན་པའི་ཚིག་ལ་གནས་ཤིང་གཞན་དུ་མི་སྒྲུ་བ་ཡིན་ཏེ། བཟང་སྐྱོང་ཆོས་དེ་ལྔ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འཐོབ་བོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། ཟབ་མོའི་ཆོས་ལ་བཟོད་པ་སྐྱེད་བྱེད་ཅིང་། འགྲོ་བ་ཐམས་ཅད་ལ་ནི་སྨོད་བྱེད་པ།། འགྲོ་བ་དྲུག་པོ་ཀུན་ཀྱང་མི་འདོད་པ།། དེ་འདྲ་དེ་སྲ་ན་ཏིང་འཛིན་མྱུར་དུ་འཐོབ།། ཕས་ཀྱི་རྒོལ་བ་ཀུན་ལ་མི་རྟེན་ཅིང་།། གསང་ཚིག་ཉན་པར་མམི་བྱེད་ག་ལ་འཛིན། ། འདོད་པའི་ཡོན་ཏན་ལྔས་ནི་སྐྱེ་བར་འགྱུར།། དེ་འདྲ་དེས་ནི་ཏིང་འཛིན་མྱུར་དུ་འཐོབ།། ཚུལ་ཁྲིམས་རྣམ་དག་ཚངས་པར་སྤྱོད་གནས་ཏེ།། བུད་མེད་ལ་ནི་ནམས་ཀྱང་རྟོག་མི་སྐྱེད། ། འདོད་ཆགས་སྤངས་ཤིང་བདེ་གཤེགས་སྲས་གྱུར་པ།། དེ་འདྲ་དེས་ནི་ཏིང་འཛིན་མྱུར་དུ་འཐོབ།། རྣམ་སྨིན་མི་རེ་བར་ནི་སྦྱིན་པ་སྦྱིན།། རྟེན་པ་མེད་པར་བྱིན་ནས་མི་གདུང་ཞིང་། ། སངས་རྒྱས་ཡེ་ཤེས་རེག་བྱ་མ་གཏོགས་པར།། སྦྱིན་པ་བྱིན་ནས་སྨོན་པ་ཅུང་ཟད་མེད།། སེམས་ཅན་སྙིང་བརྩེའི་ཕྱིར་ནི་སྦྱིན་བྱིན་ནས།། མྱ་ངན་བྱེད་པ་མེད་ཅིང་འགྱོད་པ་མེད།། ། སྦྱིན་དང་དུལ་དང་བསྡམས་ལ་རྟག་ཏུ་གནས།། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར།། གང་ཞིག་འཇུངས་མེད་སྦྱིན་བདག་སྦྱིན་བྱེད་པ།། གྱ་ནོམ་པ་དང་ཡིད་འོང་སྦྱིན་པ་བྱིན།། བྱིན་ནས་དེ་ནི་ཡིད་ཀྱང་དགའ་བར་འགྱུར། ། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར།། བདེ་གཤེགས་གསུངས་པ་ཟབ་ཅིང་ཞི་པ་ཡི།། གྱ་ནོམ་མདོ་སྡེ་དག་ནི་འཆད་བྱེད་ཅིང་།། གང་དག་ཆོས་ཀྱི་སྦྱིན་བདག་གྱུར་པ་ནི།། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར།། ཆོས་ལ་རྟག་ཏུ་གནས་པར་གྱུར་བྱས་ནས།། བཟོད་དང་དེས་ལ་གནས་ཤིང་ཕྲག་དོག་མེད།། གཞན་དག་ཁྲོ།། ། ན་ཁྲོ་བར་མི་བྱེད་པ།། དེ་འདྲ་དེས་ནི་ཏིང་འཛིན་འདི་སྙེད་འགྱུར།། གང་དག་ལ་ལ་ཏིང་འཛིན་འདི་འདོད་ཅིང་། ཆོས་འདི་རིང་དུ་གནས་པར་བྱ་བའི་ཕྱིར།། གཞན་ལའང་སྟོན་ཅིང་བྲིས་ནས་འཇོག་བྱེད་པ། ། དེ་འདྲ་དེས་ནི་ཏིང་འཛིན་འདི་རྙེད་འགྱུར།། ནམས་ཀྱང་ཆོས་ལ་འཇུངས་པར་མི་འགྱུར་ཞིང་།། བདེ་གཤེགས་སྲས་འགྱུར་ཕྱིར་ནི་མ་གཏོགས་པར།། རྙེད་དང་བཀུར་སྟིའི་ཕྱིར་ནི་མི་འཆད་པ། ། དེ་འདྲ་དེས་ནི་ཆོས་འདི་རྙེད་པར་གྱུར།། ཕྲག་དོག་མེད་ཅིང་སྒྲིབ་པ་རྣམ་པར་སྤངས།། གཉིད་དང་བྲལ་ལ་ཀུན་ཏུ་གདུང་བ་མེད།། བདག་ལ་མི་བསྟོད་གཞན་ལ་མི་སྨོད་པ། དེས་ནི་བདག་མེད་འདུ་ཤེས་རྙེད་མི་དཀའ།། དད་དང་ལྡན་ལ་སྒྱུ་མེད་གཡོ་མེད་ཅིང་།། སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་དང་།། དེ་ནི་བྱས་པ་ཤེས་ཤིང་བྱས་པ་སྲུང་།། དེས་ནི་ཅུང་ཟད་ཙམ་ཡང་རྙེད་མི་དཀའ།། རྟག་ཏུ་བདེན་པའི་ཚིག་ནི་སྨྲ་བྱེད་ཅིང་།། ཆུང་ངམ་ཉུང་ངམ་མང་ངམ་བཟང་ཡང་རུང་།། ནམས་ཀྱང་ལེགས་སྤྱད་ཆུང་མི་གཟོན་པ་ཡི།། ཆོས་འང་། དེ་ནི་རྙེད་པར་དཀའ་མི་འགྱུར།། ཚུལ་ཁྲིམས་རྣམ་དག་བྱས་པ་བསྲུང་བ་ཡི།། མི་གང་ལ་ལ་ཆོས་འདི་འཆད་བྱེད་པ།། དེས་ནི་བྱང་ཆུབ་རྙེད་པར་མི་དཀའ་ན།། ཏིང་འཛིན་ཞི་བ་འདི་སྨོས་ཅི་དགོས། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་དྲུག་གོ།། ། བཟང་སྐྱོང་ངས་མངོན་པར་ཤེས་ཏེ། འདས་པའི་དུས་ན་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་མ་ཐག་ཏུ་དེ་ལ་ངས་ཏིང་ངེ་འཛིན་འདི་འཐོབ་བོ། ། ངས་ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་དེའི་མོད་ལ་ངས་ཚད་མེད་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ངའི་མིག་ལ་དུ་སྣང་བར་གྱུར། ། དམ་པའི་ཆོས་འཆད་པ་ཡང་ཐོས་ཤིང་། དེ་ཐམས་ཅད་ཀྱང་ཇི་སྐད་དུ་ཐོས་པ་བཞིན་དུ་འཛིན་པར་གྱུར་ཏོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། ང་ལ་བྲམ་ཟེའི་ཁྱེ་ཁྱོད་མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ།། བཟང་སྐྱོང་དེ་བས་ན་ཁྱོད་ཀྱིས་འཕགས་པ་བྱིས་པ་རྣམས་སྤངས་པ། མཚན་མ་ཐམས་ཅད་དང་བྲལ་བའི་ཆོས་འདི་ལ་བསླབ་པར་བྱའོ།། དེ་ནས་ཁྱེད་ཏིང་ངེ་འཛིན་འདི་ལ་གནས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་དཀའ་བར་རྙེད་པར་འགྱུར་རོ། ། དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུང་སོ།། སངས་རྒྱས་མར་མེ་མཛད་མཐོང་ནས།། ངས་ནི་ཏིང་ངེ་འཛིན་ཀྱང་བསྒོམས།། སངས་རྒྱས་མང་པོ་མཐོང་ནས་ཀྱང་།། མཆོག་གི་ཆོས་ཀྱང་ཐོས་པར་གྱུར།། ཇི་ལྟར་བསོད་ནམས་བྱས་པ་དག། བསམ་པ་བཟང་པོ་འགྲུབ་པ་བཞིན།། ཁྱེད་ཀྱང་ཆོས་ལ་སྤྱོད་ཅིག་དང་།། བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར།། སངས་རྒྱས་བྱེ་བ་བསམ་མི་ཁྱབ།། མཐའ་མེད་ཅིང་ནི་མུ་མེད་པ། ། བྱང་ཆུབ་ཞི་ཁ་ཚོལ་བྱེད་ཅིང་།། གང་དག་ངས་ནི་སྔོན་བཀུར་པ།། བྱང་ཆུབ་དེ་ནི་ངས་རྙེད་དེ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། གང་དག་བྱང་ཆུབ་གཞག་པ་ནི།། སེམས་ཅན་བྱེ་བ་དུ་མའོ། ། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་མི་འམ་ཅི་ཡི་རྣམས།། ཨེ་མའོ་སངས་རྒྱས་བསམ་ཡས་ཤེས།། མཆོད་པས་ང་ལ་མཆོད་པ་བྱེད།། མཁས་པའི་མི་ནི་གང་དག་ཀྱང་། ། སངས་རྒྱས་ཆོས་ལ་སྟེན་འདོད་པས།། མང་དུ་ཐོས་པ་བྱ་བའི་ཕྱིར།། འདུན་པ་ཉིད་ནི་བརྟན་པར་བྱ།། སངས་རྒྱས་བྱེ་བ་ཕྲག་སུམ་ཅུ།། ཤཱཀྱ་སེང་གེ་མི་ཡི་མཆོག། བྱང་ཆུབ་ཞི་བ་ཚོལ་བྱེད་ཅིང་།། གང་དག་ངས་ནི་སྔོན་བཀུར་བ།། སངས་རྒྱས་བསམ་ཡས་དེ་དག་གིས།། དེར་ནི་ང་ལ་ལུང་མ་བསྟན།། དམིགས་སུ་མེད་པའི་ཡེ་ཤེས་ལ།། ། ང་ནི་གནས་པར་མ་གྱུར་ཏོ།། སངས་རྒྱས་གཙོ་བོ་སྐྱོབ་པའི་རྣམས།། དེ་བཞིན་བསྡུས་པར་ཤེས་པར་བྱ།། བྱེ་བ་ཁྲག་ཁྲིག་དུ་མའི་རྣམས།། གང་དགངས་ནི་སྔོན་བཀུར་བ། དེས་ནི་ང་ཡི་བསམ་མཁྱེན་ནས།། དེ་བཞིན་གཤེགས་པས་ལུང་བསྟན་ཀྱང་།། སངས་རྒྱས་ཡེ་ཤེས་བསམ་ཡས་ལ།། ང་ནི་གནས་པར་མ་གྱུར་ཏོ།། དེ་ཡི་ཕྱིར་ནི་དོན་དམ་ལ། ། བརྩོན་པ་བཟང་པོ་དག་ཀྱང་བྱོས།། སངས་རྒྱས་བསམ་གྱིས་མི་ཁྱབ་པའི།། ཡེ་ཤེས་མཆོག་ལའང་བསླབ་པར་བྱོས།། མདོ་སྡེ་འདི་ལ་བསླབ་བྱས་ནས།། འཇིག་རྟེན། མགོན་པོའི་སྤྱོད་ཡུལ་ལ།། བླ་ན་མེད་པའི་ཡེ་ཤེས་མཆོག། བསམ་གྱིས་མི་ཁྱབ་རྟོགས་པར་འགྱུར།། ཨེ་མའོ་བླ་མེད་ཡེ་ཤེས་དང་།། སངས་རྒྱས་ཡེ་ཤེས་བསམ་ཡས་ཤེས།། བཟང་སྐྱོང་སེམས་ནི་དགའ་མགུ་ཞིང་།། གུས་པ་དང་ཡང་བཅས་པར་གྱུར།། མ་འོང་དུ་ས་ན་བདག་ཅག་ཀྱང་།། ཆོས་འཛིན་ཕྱི་མར་འགྱུར་ཞེས་ཏེ།། ལྔ་བརྒྱར་ཚང་བ་དེ་དག་ཀྱང་། སེམས་དགའ་གུས་དང་བཅས་པར་གྱུར།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་བདུན་ནོ།། །། དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ཇི་ལྟར་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཏིང་ངེ་འཛིན་འདི་སྒོམ་འདོད་པར་གྱུར་ན། དེས་གཟུགས་ལ་གནས་པར་མི་བྱའོ།། ཚོར་བ་དང་། སེམས་དང་། ཆོས་ལྔ་གནས་པར་མི་བྱའོ།། སྐྱེ་བ་ལ་གནས་པར་མི་བྱའོ།། ཆོས་ཐམས་ཅད་ལ་གནས་པར་མི་བྱའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་པར་མི་བྱའོ།། བྱམས་པ་ལ་གནས་པར་མི་བྱའོ།། བཟང་སྐྱོང་དེ་ལ་ཏིང་འཛིན་གང་ཞེ་ན། གང་ཆོ་སཱ་དེ་དག་ལ་ནན་ཏན་དུ་བྱེད་ཀྱི། ལོག་པའི་ནན་ཏན་དུ་བྱེད་པ་མ་ཡིན་པའོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམསྲད་པག་གོང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱི། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག་པ་དང་། ཚོར་བ་དང་། སེམས་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱི། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཏིང་ངེ་འཛིན་འདི་འཐོབ་བོ།། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ལུས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག། ཚོར་བ་དང་། སེམས་དང་། ཆོས་ལ་ཚེ་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། ཆོས་དང་ལྡན་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག་ན། ཆོས་ཐམས་ཅད་མི་དམིགས་པར་འགྱུར་རོ།། ཆོས་ཐམས་ཅད་མི་དམིགས་པས། དེ་མི་རྟོག་རྣམ་པར་མི་རྟོག་གོ། ། བཟང་སྐྱོང་གང་མི་རྟོག་རྣམ་པར་མི་རྟོག་པ་དེ་ནི་ཆོས་གང་ཡང་མི་མཐོང་ངོ་།། བཟང་སྐྱོང་གང་ལ་ཆོས་གང་ཡང་མི་མཐོང་བ་དེ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱའོ། ། བཟང་སྐྱོང་གང་སྒྲིབ་པ་མེད་པའི་ཡེ་ཤེས་དེ་ནི། བཟང་སྐྱོང་ཏིང་ངེ་འཛིན་ཅེས་བྱའོ།། བཟང་སྐྱོང་བྱང་ཆུབ་སེམ་དཔའ་གང་ཏིང་ངེ་འཛིན་འདི་དང་ལྡན་པ་དེ་ནི་སངས་རྒྱས་ཚད་མེད་གྲངས་མེད་པ་རྣམས་མཐོང་ངོ་། ། དམ་པའི་ཆོས་ཀྱང་ཐོས་སོ།། ཐོས་ནས་ཀྱང་ཀུན་ཆུབ་པར་བྱེད་དོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་གང་སྒྲིབ་པ་མེད་པའི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཀྱང་འཐོབ་བོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གནས་ནས་ཀྱང་ཆོས་གང་ཡང་མི་མཐོང་ངོ་།། མ་མཐོང་ནས་མི་རྟོག་རྣམ་པར་མི་རྟོག་ཅིང་།། མུས་ལོང་ཡང་མ་ཡིན། འོན་པ་ཡང་མ་ཡིན། དེ་བཞིན་དུ་ཚོར་བ་དང་། སེམས་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། གནས་ནས་ཀྱང་ཆོས་གང་ཡང་མི་མཐོང་། མ་མཐོང་ནས་ཀྱང་མི་རྟེན་པར་འགྱུར། མི་རྟེན་ནས་ཀྱང་ལམ་སྒོམ་པར་བྱེད། ལམ་རྣམ་པར་བསྒོམས་པའི་ཕྱིར། དེ་ཆོས་རྣམས་ལ་ཐེ་ཙཱམཱ་དུ་མི་འགྱུར། ཐེ་ཙོམ་མེད་པས་སངས་རྒྱས་མཐོང་བ་འགྱུར་རོ། ། སངས་རྒྱས་མཐོང་ནས། ཆོས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་རྣམ་པར་གྲོལ་བ་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་གལ་ཏེ་བྱང་ཆུབ་སེམས་དཔའ་ཚེ།། ཀྱི་འདུ་ཤེས་འཇུག་ན། དེ་ཉིད་དེའི་དམིགས་པར་ལྟ་བར་འགྱུར་རོ།། དེ་ཉིད་ཡོད་པར་ལྟ་བ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་།། གང་ཟག་ཏུ་ལྟ་བར་འགྱུར་རོ། ། དེ་ཉིད་ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། མཚན་མར་ལྟ་བ་དང་། དངོས་པོར་ལྟ་བ་དང་། རྒྱུར་ལྟ་བ་དང་། རྐྱེན་དུ་ལྟ་བ་དང་། དམིགས་པར་འཛིན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ། ཆོས་ཐམས་ཅད་མཚན་མ་མེད་པ། མི་གཟུང་གཟུང་བ་མེད་པར་བྱང་ཆུབ་སེམས་དཔས་མཐོང་སྟེ། དེ་དག་ཆོས་ཐམས་ཅད་མི་དམིགས་སོ།། རློམ་སེམས་སུ་མི་བྱེད་དོ།། མི་མཐོང་ངོ་།། ཇི་ལྟར་མི་དམིགས་ཤིང་རློམ་སེམས་སུ་མི་བྱེད་ལ་མི་མཐོང་ཞེ་ན། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། གཞན་མུ་སྟེགས་ཅན་ནམ། གཞན་མུ་སྟེགས་ཅན་གྱི་ཉན་ཐོས་བདག་ཏུ་འདུ་ཤེས་པ་ལ་གནས་པ། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་འདུ་ཤེས་པ་ལ་གནས་པ། ཆོས་ཐམས་ཅད་དུ་འདུ་ཤེས་པ་ལ་གནས་པ། ཆོས་རྣམས་ལ་དམིགས་ཤིང་རློམ་སེམས་སུ་བྱེད་པ་མཐོང་བར་བྱེད་པ་དེ་ལྟར། བཟང་སྐྱོང་བྱང་ཆུབ་སེམས་དཔས་མི་མཐོང་ངོ་།། བཟང་སྐྱོང་ཡང་བྱང་ཆུབ་སེམས་དཔས་ཇི་ལྟར་མཐོང་ཞིན་བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་ཆོས་ཐམས་ཅད་ལ་མཐོང་བ་དེ་བཞིན་དུ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་བལྟ་བར་བྱའོ།། དེ་མཐོང་ནས་མངོན་པར་དགའ་བར་མི་བྱའོ།། མངོན་པར་དགའ་བ་མེད་པས་དགའ་བ་ཅན་དུ་འགྱུར་ཞིང་དགའ་བ་དང་བྲལ་ཏེ། དགའ་བ་ཡང་དག་པར་བཅོམ་པའི་བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་འདི་སྒོམ་མོ།། བཟང་སྐྱོང་འདི་ལྟ་སྟེ་དཔེར་ན། ནམ་མཁའ་གཟུགས་མེད་པ། བསྟན་དུ་མེད་པ། གནས་པ་མེད་པ། ཤིན་ཏུ་རྣམ་པར་དག་པ་ཉོན་མོངས་པ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་བལྟ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་དེའི་མིག་ཐོགས་པ་མེད་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་མིག་ལ་ཐོགས་པ་མེད་པ་དེ་ལ་ཆོས་རྣམས་མངོན་སུམ་དུ་འགྱུར་ཏེ། དེས་ཡིད་ལ་བྱས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་ཀ་བ་བརྒྱན་པ་ལྟ་བུ། འོད་ཟེར་གྱི་རྒྱལ་པོ་མངོན་པར་འཕགས་པ་ལྟ་བུ། ཟླ་བ་ཉ་བ་སྐར་མས་བསྐོར་བ་ལྟ་བུ། འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོབས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ། ཚངས་པ། ཚངས་པའི་འཇིག་རྟེན་ན། ཚངས་པའི་སྟན་ལ་འདུག་པ་ལྟ་བུ། ལྷའི་རྒྱལ་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷས་བསྐོར་བ་ལྟ་བུ། རིའི་རྩེ་མོ་ལ་མེ་འབར་བ་ལྟ་བུ། སྨན་པའི་རྒྱལ་པོ་སྨན་གཏོང་བ་ལྟ་བུ། རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་འཇིགས་པ་མེད་པར། ཝ་ཐམས་ཅད་སྐྲག་པར་བྱེད་པ་ལྟ་བུ། ངང་པའི་མཆོག་པར་སྣང་ལ་འཕུར་བ་ལྟ་བུ། རིའི་རྒྱལ་པོ་རི་རབ་མཚོར་ནང་ནས་མངོན་པར་འཕགས་པ་ལྟ་བུ། རིའི་རྒྱལ་པོ་གང་ས་རི། མེ་ཏོག་དང་། སྨན་ཐམས་ཅད་ཡོངས་སུ་རྒྱས་པ་ལྟ་བུ། རི་ཁོར་ཡུག་རླུང་གི་བུ་ལས་སྐྱེས་པས་འཛིན་ཅིང་འགྲེང་བ་ལྟ་བུ། རླུང་གི་ཕུང་པོ་ཆུའི་ཕུང་པོ་འཛིན་པ་ལྟ་བུ། ཆུའི་ཕུང་པོ་སའི་ཕུང་པོ་འཛིན་པ་ལྟ་བུར་མཐོང་ངོ་།། དེ་ནས་དེའི་ཚེ་བཅོམ་ལྡན་འད་ཀྱིས་ཚིག་སུ་བཅད་པ་འདི་གསུངས་སོ། ། རི་རབ་ཀྱི་ནི་རྩེ་མཛེས་པ།། དྲི་མེད་དྲི་མ་བྲལ་ཞིང་དག། ནམ་མཁའ་དང་ནི་མཉམ་ཞིང་འདྲ།། ལྷ་རྣམས་ཀྱི་ནི་རབ་ཏུ་བརྒྱན།། བཟང་སྐྱོང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གཟི་བརྗིད་དང་དཔལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། ལྷམ་མེ། ལྷུན་ནེ་ལྷང་ངེར་དམིགས་པར་བྱས་ཏེ་མཐོང་ཞིང་ཆོས་འཆད་པ་ཡང་ཐོས་པར་འགྱུར་རོ།། ཐོས་ནས་ཀྱང་འཛིན་པར་བྱེད་ཀུན་ཆུབ་པར་བྱེད། འཆང་བར་བྱེད་དེ། བྱང་ཆུབ་སེམས་དཔའ་དེ་ཏིང་འཛིན་འདི་ལས་ལངས་ནས་ཀྱང་ཆོས་འདི་ཇི་སྐད་དུ་ཐོས་པ་དང་། ཇི་ལྟར་བཟུང་བ་དང་། ཇི་ལྟར་ཀུན། ཆུབ་པར་བྱས་པ་བཞིན་དུ་གཞན་དག་ལ་ཡང་རྒྱ་ཆེར་སྟོན་པར་འགྱུར། འཆད་པར་འགྱུར་རོ།། བཟང་སྐྱོང་དེ་ལྟར་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོག་པ་མང་དུ་བྱེད་པའོ། ། འདི་ལྟ་སྟེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་ཡོན་ཏན་མང་པོ་སྐྱེད་པར་བྱེད་པའོ།། བཟང་སྐྱོང་དེ་བས་ན་བྱང་ཆུབ་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཏིང་ངེ་འཛིན་འདི་གཟུང་བར་བྱའོ།། ཀུན་ཆུབ་པར་བྱའོ།། བཅང་བར་བྱའོ།། བཀླག་པར་བྱའོ།། བྲི་བར་བྱའོ།། གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ། ། བསྟན་པར་བྱའོ།། བསྒྲགས་པར་བྱའོ།། བསྒོམ་པའི་སྦྱོར་བ་ལ་ཡང་བརྩོན་པར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། དྲི་བྲལ་རྡུལ་བྲལ་དྲི་མེད་སངས་རྒྱས་ཏེ།། ཆགས་པ་མེད་ཅིང་སྐྱེ་བོ་མང་པོས་མཆོད།། རྔ་དུང་ཁར་རྔ་ལྷའི་རོལ་མོའི་སྒྲ། རོལ་མོ་ཕྲག་བརྒྱས་ཕན་མཛད་ཕྱག་བྱ་བ། མེ་ཏོག་སིལ་མ་དག་གི་གཏོར་བྱས་ཤིང་།། སྐྱེ་བོ་མང་པོས་རིང་བསྲེལ་མཆོད་རྟེན་མཆོད།། ལྷ་ཡི་ཕྲེང་བ་དྲི་དང་གདུགས་སྣ་ཚོགས།། ཏིང་འཛིན་འདི་ནི་ཚོལ་ཞིང་འདོགས་པར་བྱེད།། གྲང་ཞིག་ཀུན་རྫོབ་ལྔ་ནི་གནས་བྱས་ནས།། ཤིན་ཏུ་རྒྱས་ཆོས་བལྟ་དཀའ་གྱ་ནོམ་འབྱེད།། མ་ཆགས་ཡེ་ཤེས་རྒྱལ་བ་དྲན་བྱེད་ཅིང་། ། སྟོང་པ་ཉིད་ལས་རྣམས་ཀྱང་ཉམས་མི་འགྱུར།། ཟླ་བ་དྲི་མེད་ཉི་མ་ཤར་བ་འམ།། ཚངས་པ་འཇིག་རྟེན་ཚངས་པ་འདུག་པ་བཞིན།། རྣམ་དག་སེམས་ཀྱིས་རྒྱལ་བ་དྲན་བྱེད་ཅིང་། ། སྟོང་པ་ཉིད་ནི་ནམས་ཀྱང་མི་འདོར་རོ།། ཇི་ལྟར་སུམ་ཅུ་རྩ་གསུམ་ལྷ་ཡི་རྒྱལ།། སུམ་ཅུ་རྩ་གསུམ་ལྟ་བས་ཟིལ་གྱིས་གནོན།། དེ་ལྟར་རྒྱལ་བས་འཇིག་རྟེན་ཟིལ་མནན་ཏེ། ། དཔལ་གྱིས་ལྷམ་མེ་ལྷུན་ནེ་ལྷང་ངེའོ།། ཚལ་གྱི་མཆོག་ལ་མེ་དག་མཆེད་གྱུར་ཏེ།། མར་གྱི་མི་བསྲེགས་མཾ་ལྕེ་རབ་འབར་བ།། འོད་ཟེར་བརྒྱ་སྟོང་དག་ནི་འབྱུང་བ་ལྟར། ། དེ་བཞིན་རྒྱལ་བ་མཚན་གྱིས་རྒྱས་པར་ལྟོས།། ཇི་ལྟར་སྨན་པ་ཟུག་རྔུ་འབྱིན་བྱེད་པ།། ནད་པ་རྣམས་ལ་ནད་དཔྱད་བྱེད་པ་ལྟར།། རྒྱལ་བ་མི་ཡི་སེང་གེ་སྨན་པ་མཆོག། ཇི་ལྟར་མཐུན་པར་བཱ་དེ་གཤེགས་གཏམ་ཡང་གསུང་།། འཁོར་ལ་སེང་གེའི་སྒྲ་ནི་སྒྲོགས་མཛད་ཅིང་།། ཁྱུ་མཆོག་སངས་རྒྱས་འཇིག་རྟེན་ཀུན་མི་བསྙེམས།། ནག་སྲ་གནས་སེང་གེ་ཝ་ལ་ཇི་བཞིན་དུ།། ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན།། ཇི་ལྟར་ངང་པའི་རྒྱལ་པོ་མཆོག་དག་ནི།། མཁའ་ལ་འཕུར་ན་དཀར་ཞིང་རྣམ་དག་མཛེས། ། དེ་ལྟར་བདེ་བར་གཤེགས་པ་ག་སེར་གྱི་མདོག། བདེ་གཤེགས་སྲས་ཀྱི་ཐུ་བོ་རྣམས་ཀྱང་དྲན།། ཇི་ལྟར་རི་རྒྱལ་གྲངས་ཅན་ལྷམ་མེ་ཞིང་།། ལྷག་གེ་བ་དང་རྒྱལ་རིགས་རྒྱལ་པོ་འམ། ། ཇི་ལྟར་ཀ་བ་རིན་ཆེན་སྣ་ཚོགས་བརྒྱན།། དེ་ལྟར་རྒྱལ་བ་མཚན་གྱིས་བརྒྱན་པར་བལྟ།། མི་གཡོ་མ་རལ་ཇི་ལྟར་རྡོ་རྗེ་འདྲ།། ཁོར་ཡུག་རི་ནི་རླུང་གི་བུ་སྐྱེས་འཛིན།། དེ་ལྟར་བདེ་གཤེགས་བསྐལ་པ་ཕྱོགས་འཛིན་ཅིང་། ། ཕན་དང་ལྡན་ཞིང་བྱམས་ལྡན་ཆོས་ཀྱང་ཆེ།། ཇི་ལྟར་ཆུ་ལ་ས་དགྲ་རྟེན་པ་དང་།། ལྷན་ནེ་ལྷག་གེ་ཐམས་ཅད་ཡོངས་སུ་རྒྱས།། ཇི་ལྟར་རླུང་ལ་ཆུ་ཡང་རྟེན་པ་དང་། ། ཇི་ལྟར་ནམ་མཁའ་ལ་ནི་རླུང་རྟེན་པ།། དེ་ལྟར་རྒྱལ་བ་ཡོན་ཏན་ཀུན་ལ་བཞུགས།། ཇི་ལྟར་སུམ་ཅུ་རྩ་གསུམ་རི་རབ་རྒྱལ།། ལྷན་ནེ་ལྷག་གེ་ཐམས་ཅད་ཡོངས་སུ་རྒྱས། ། དེ་ལྟར་བདེ་གཤེགས་རི་རབ་ལྟ་བུ་ཡང་།། རིན་ཆེན་ཚོགས་ཀྱི་ནང་ན་བཞུགས་པ་མཛེས།། མ་ཆགས་སེམས་ལྡན་རྒྱལ་བ་དྲན་བྱེད་ན།། མུན་དང་བྲལ་ཞིང་མི་སྣང་མེད་པ་ཡི། ། ཏིང་འཛིན་རྡུལ་བྲལ་རྣམ་དག་དེ་མིག་འགྱུར།། དེ་ནི་དངོས་པོའི་འདུ་ཤེས་ཀུན་དང་བྲལ།། རྒྱལ་བ་རྣམ་དག་སེམས་ནི་དྲན་བྱེད་ན།། རྡུལ་དྲང་དྲི་མ་བྲལ་ཞིང་ཁྲོ་བ་སྤངས། ། མ་རིག་བྲལ་ཞིང་དེ་ཡི་ཡེ་ཤེས་དག། དེ་ཡི་ཡེ་ཤེས་རྡུལ་བྲལ་འབྱུང་བར་འགྱུར།། རྒྱལ་བ་ཚུལ་ཁྲིམས་རྣམ་དག་དྲན་བྱེད་ན།། དེ་ཡི་ཡེ་ཤེས་རབ་རིབ་བྲལ་ཞིང་དག། ང་དང་བདག་ལྟ་དེ་ལ་ཕྱིས་ཀྱང་མེད།། དངོས་པོའི་འདུ་ཤེས་ན་མས་ཀྱང་འབྱུང་མི་འགྱུར།། དེ་ནི་སྲིད་པའི་རྒྱུད་ལ་ལྟ་དང་བྲལ།། ཐེ་ཙོམ་ལམ་བྲལ་ཡེ་ཤེས་རྣམ་དག་པར།། ནམས། ཀྱང་གཟུགས་ཀྱི་འདུ་ཤེས་མི་འགྱུར་ཞིང་།། ཞི་ལམ་བསིལ་བའི་དངོས་པོའི་ཆོས་ཀྱང་ཉན།། ས་དང་ཆུ་དང་མེ་དང་རླུང་དག་ནི།། རང་གི་དངོས་པོ་མེད་ཅིང་ཐམས་ཅད་སྟོང་།། རྒྱལ་མཆོག་རི་རབ་རྙན་པ་ཐོས་ནས་ཀྱང་། ། དེ་ནི་དངོས་པོའི་འདུ་ཤེས་མི་འབྱུང་ངོ་།། མཚན་དངོས་འདུ་ཤེས་ཐམས་ཅད་ཚོར་བཅད་ཅིང་།། འགྲོ་བ་ཐམས་ཅད་སྟོང་པར་རིག་ནས་ཀྱང་།། ཇི་ལྟར་འདབ་ཆགས་ནམ་མཁར་མི་ཆགས་བཞིན།། ནམས་ཀྱང་ཡིད་ནི་ཆགས་པར་མི་འགྱུར་རོ།། མཆོག་རབ་རྒྱལ་བ་རི་མོ་བྱས་པས་ནི།། རྫུ་འཕྲུལ་སྟོབས་ལ་གནས་ཤིང་ཡིད་རྣོ་བས། ། འཇིག་རྟེན་ཀུན་ན་ཕྱོགས་བཅུར་རྣམ་པར་སྣང་།། ཡོན་ཏན་ཚད་མེད་པ་ནི་ཀུན་དང་ལྡན།། ལག་པ་རྐང་པ་མགོ་བོ་དེ་བཞིན་མིག། རྒྱལ་སྲིད་རྟ་དང་བ་གླང་ཐམས་ཅད་དང་།། འཇིག་རྟེན་པ་ཡི་རིན་ཆེན་ཀུན་གཏོང་ཡང་།། ཚུལ་ཁྲིམས་ཕུང་པོ་ཡོངས་སུ་གཏོང་མི་བྱེད།། སྙིང་རྗེ་བསྐྱེད་ནས་འཇིག་རྟེན་ཀུན་ཕན་ཕྱིར།། ཆོས་ཀྱི་གཙོ་བོ་རིན་ཆེན་སྟོན་པར་བྱེད།། འདུས་བྱས་མ་ལུས་ཐམས་ཅད་སྤོང་བྱེད་ཀྱང་།། བྱང་ཆུབ་སེམས་ནི་ཡོངས་སུ་གཏོང་མི་བྱེད།། དགེ་སློང་དང་ནི་རྒྱལ་སྲས་ལེགས་ཞུགས་དང་།། དེ་བཞིན་དགེ་སློང་མ་དང་དགེ་བསྟེ་དང་། དད་ལྡན་ཆགས་དང་བྲལ་བའི་དགེ་བསྙེན་མས།། རྗེས་སུ་དྲན་པར་བྱས་ན་གནས་འདི་འཐོབ།། ཏིང་འཛིན་ཞི་བ་འདི་ནི་སུ་འཆང་བའི།། བདེ་གཤེགས་སྲས་པོ་ཏིང་ངེ་འཛིན། མཁས་པ།། དེ་ལ་ཡོན་ཏན་མང་པོ་དེ་དག་འབྱུང་།། བླ་མེད་རྣམ་པ་མང་པོའི་གནས་འབྱུང་ངོ་།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅོ་བརྒྱད་དོ།། ། ། བཟང་སྐྱོང་དེ་བས་ན་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་འཆད་པའམ།། འཐོབ་པར་འདོད་པ་དེས། དང་པོ་ཉིད་ནས་མཚན་མའི་འདུ་ཤེས་རྣམས་བསལ་བར་བྱའོ།། མཚན་མའི་འདུ་ཤེས་རྣམས་བསལ་ནས་ལྷག་པའི་ང་རྒྱལ་དུ་མི་བྱ་སྟེ། བྱང་ཆུབ་སེམས་དཔའ་ལྷག་པའི་ང་རྒྱལ་སྤངས་ཤིང་ཡིད་ལྔ་མཚན་མ་དང་བྲལ་བས་ཏིང་ངེ་འཛིན་འདི་ལུང་མནོད་པར་བྱ་སྟེ། རྩོད་པར་མི་བྱའོ།། དེ་ལ་ཇི་ལྟར་ན་རྩོད་པ་མེད་པར་འགྱུར་ཞེ་ན། གང་སྟོང་པ་ཉིད་མི་སྤོང་བ་སྟེ། འདི་ནི་རྩོད་པ་མེད་པའོ།། བཟང་སྐྱོང་རྩོད་པ་མེད་པ་གཙོ་བོར་བྱེད་པའི་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ། ། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་ལུང་མནོད་འདོད་པར་གྱུར་ན། དེས་ཆོས་བཅུ་དང་ལྡན་པར་བྱས་ཏེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། བཟང་སྐྱོང་ང་རྒྱལ་བཅོམ་པའི་རིགས་ཀྱི་བུ་དང་། གཞན་གྱི་རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ཕྲག་དོག་མེད་པ་དང་། གུས་པ་དང་བཅས་ཤིང་རྗེས་དང་བཅས་པ་དང་། བྱིས་པ་ཤེས་ཤིང་བྱས་པ་གཟོ་བ་དང་འཇུངས་པ་མེད་ཅིང་འགྱོད་པ་དང་བྲལ་བ་དང་། དད་པ་དང་ལྡན་ཞིང་བརྟག་པ་མང་བ་དང་། བརྩོན་འགྲུས་བརྩམས་ཤིང་འཆགས་པར་ཞུགས་པ་དང་།། མགྲོན་དུ་གཉེར་བ་ལ་མི་ལྟོས་པར་བསོད་སྙོམས་བྱེད་པ་དང་། ཟབ་མོ་ལ་མོས་པས་ཏིང་ངེ་འཛིན་འདི་ལུང་མནོད་པར་བྱའོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཏིང་ངེ་འཛིན་འདི་ལུང་མནོད་པར་འདོད་པ་དེ་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ། ཏིང་ངེ་འཛིན་འདི་ལུང་མནོད་པར་བྱ། གདོན་པར་བྱ། བཅང་བར་བྱ་སྟེ། བཟང་སྐྱོང་ཆོས་བཅུ་པོ་དེ་དག་དང་ལྡན་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་ཏིང་ངེ་འཛིན་འདི་འདོན་པར་བྱའོ།། དེ་ལྟར་བཞུགས་པ་དེ་ནི་ཆོས་བརྒྱད་འཛིན་ཏོ།། བརྒྱད་གང་ཞོ་ན། འདི་ལྟ་སྟེ། ཤིན་ཏུ་བྱུང་བའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཤེས་རབ་དང་ལྡན་པས་ལྟ་བ་རྣམ་པར་དག་པ་དང་། ཡང་འབྱུང་བ་མེད་པས་ཤེས་རབ་རྣམ་པར་དག་པ་དང་། འཁོར་ཐམས་ཅད་ལ་དོན་དུ་མི་གཉེར་བས་གཏོང་བ་ཡོངས་སུ་དག་པ་དང་། ཤིན་ཏུ་བརྗེད་པ་མེད་པས་ཐོས་པ་རྣམ་པར་དག་པ་དང་། བྱང་ཆུབ་ཐོབ་པས་བརྩོན་འགྲུས་རྣམ་པར་དག་པ་དང་། རྟེན་མེད་པས་བཀུར་སྟི་ཐོབ་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་ཅན་ཐམས་ཅད་ཀྱིས་མི་བསྐྱོད་པ་སྟེ། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ནི་ཆོས་བརྒྱད་པོ་འདི་དག་རབ་ཏུ་འཛིན་ཏོ། ། དེ་ན་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། མཁསོ་པ་མཚན་མའི་འདུ་ཤེས་མི་བསྐྱེད་ཅིང་། ། ང་རྒྱལ་ངའོ་སྙམ་པའི་ང་རྒྱལ་སྤང་།། བཟོད་པ་རྡུལ་བྲལ་འདུས་མ་བྱས་བསྐྱེད་ནས།། དེས་ནི་ཏིང་འཛིན་འདི་ཡང་ལུང་མནོད་བྱ།། མཁས་པས་སྟོང་པ་ཉིད་དྲང་མཚན་མེད་དང་།། ཞི་བ་མྱ་ངན་འདས་ལ་བརྩད་མི་བྱ།། མི་བསྐྱོད་ཆོས་ཅན་སྟོན་པ་དང་ཡང་མཐུན།། དེ་འདྲ་དེསྲ་ནི་ཏིང་འཛིན་འདི་ལུང་ནོས།། མཁས་པ་ང་རྒྱལ་ཕྲག་དོག་མི་བྱེད་ཅིང་།། བྱས་གཟོ་སངས་རྒྱས་ཆོས་དང་དགེ་འདུན་ལ།། དང་བ་སྐྱེས་པར་གྱུར་ཅིང་མི་བསྐྱོད་པ།། དེས་ནི་ཏིང་འཛིན་འདི་ཡང་མྱུར་ལུང་ནོས།། འཇུངས་པ་མེད་ཅིང་མུན་བྲལ་མི་རྩུ་བ་ལ།། བརྟག་དང་ལྡན་ལ་ཤིན་ཏུ་དད་པ་ཅན།། འཆགས་སར་ཞུགས་ཤིང་བརྩོན་བྱེད་པས།། ཏིང་འཛིན་འདྲི་ནི་རབ་ཏུ་འདོད་པར་བྱ། ། དགེ་སློང་རྟག་ཏུ་བསོད་སྙོམས་སྤྱོད་བྱ་སྟེ།། མགྲོན་བུ་བོད་པའང་སྤང་ན་སོགས་ཅི་སྨོས།། དོན་དམ་དམིགས་སུ་མེད་ལ་རབ་ཏུ་མཁས།། དེ་འདྲ་དེས་ནི་ཏིང་འཛིན། འདི་ཟུང་ཤིག། གང་ལས་ཏིང་འཛིན་འཕགས་པ་འདི་བྲིས་སམ།། བཅངས་སུམ་གཞན་དག་ལ་ཡང་བཤད་གྱུར་ན།། དེ་ལ་དེས་ནི་དྲང་པོར་འདི་ཐོབ་ནས།། མཁས་པས་དེ་ལ་སྟོན། པར་འདུ་ཤེས་སྐྱེད།། ཡོན་ཏན་ཕུན་སུམ་ཚོགས་པ་འདིར་གནས་ཏེ།། གང་ཞིག་ཏིང་འཛིན་འདི་ལུང་ནོད་བྱེད་པ།། དེས་ནི་རྒྱལ་བས་གནང་ཞིང་རྡུལ་བྲལ་ལ།། རྣམ་པར་དག་པའི་ཆོས་བརྒྱད་མྱུར་དུ་འཛིན། ། མཁས་པ་གང་ལ་ཡོན་ཏན་འདི་སྣང་བ།། ཤིན་ཏུ་ཚུལ་ཁྲིམས་ཀྱང་ནི་དག་པར་འགྱུར།། ཏིང་འཛིན་དག་ཅིང་དེ་བཞིན་ལྟ་བ་དག། དེས་ནི་སྲིད་པར་སྲེད་པ་དག་ཀྱང་སྦྱངས། ། མཁས་པ་གང་ལ་ཡོན་ཏན་འདི་སྣང་བ།། ཡང་སྲིད་མེད་པས་ཤེས་རབ་རྣམ་པར་དག། རྟེན་པ་དག་ཀྱང་མེད་ཅིང་གཏོང་བ་དག། མང་དུ་ཐོས་ཤིང་ཉམས་པར་མི་འགྱུརརོ།། ། མཁས་པ་གང་ལ་ཡོན་ཏན་འདི་སྣང་བ།། བརྩོམ་འགྲུས་བརྩམས་ཤིང་བྱང་ཆུབ་ལས་མི་སྙམས།། རྙེད་དང་བཀུར་སྟི་ཅུང་ཟད་མི་རྟེན་ཏེ།། དེ་ནི་བླ་ན་མེད་པའི་བྱང་ཆུབ་འགྱུར།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་དགུའོ།། །། བཟང་སྐྱོང་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་སྟོབས་བཅུ་འཐོབ་བོ། ། བཅུ་གང་ཞེ་ན། བཟང་སྐྱོང་འདི་ལ་དེ་བཞིན་གཤེགས་པ་གནས་ལ་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན། གནས་མ་ཡིན་པ་ལག་ན་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་གནས་ལ་གནས་དང་གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དང་པོ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེག་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ། འཁོར་གྱི་ནང་དུ་གཤེགས་ཏེ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། འཇིག་རྟེན་འདི་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ?། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ།། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ཡང་དག་པར་འཛིན་པ་རྣམས་ཀྱི་གནས་དང་རྒྱུ་དང་རྣམ་པར་སྨིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་དེ་བཞིན་གཤེགས་པའི་སྟོབས་གཉིས་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ། ལྷ་འམ། བདུད་དམ།། ཚངས་པ་འམ།། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ།། བཟོང་སྟོང་གཞན་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམཱ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་དེ་བཞིན་གཤེགས་པས་ཐམས་ཅད་འགྲོ་བའི་ལམ་མཁྱེན་པ་ཡང་དྲག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི། བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་གསུམ་པ་སྟེ། སྟོབས་དེ་ལ་རྟེན་ནས་དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ།། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་དེ་བཞིན་གཤེགས་པས་ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདྲི་ནི་བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བཞི་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོརོ།། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་། གང་ཟག་གཞན་མོ་པ་དུ་མ་དང་མོ་བ་སྣ་ཚོགས་པ་རྣམས་ཀྱི་མོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་ལྔ་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་ཆོས་དང་འཐུན་པར་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་ཡོད་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཱ་ཡིན་པར་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདི་ནི། བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དྲུག་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པ་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན། དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ།། བཟང་སྐྱོང་གཞོན་ཡང་དེ་བཞིན་གཤེགས་པས། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་།། རྣམ་པར་བྱུང་བ་དང་། རྣམ་པར་གཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བདུན་པ་སྟེ། སྟོབས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན། དགེ་སྦྱོང་ངམ?། བྲམ་ཟེའམ། ལྷ་འམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བ་མི་ནུས་པའི་འཁོར་ལོ་བསྐོརོ།། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པ་སྔོན་གྱི་གོནས་རྗེས་སུ་དྲན་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི། བཟང་སྐྱོང་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་བརྒྱད་པ་སྟེ། སྟོབས་དེ་ལ་བརྟེན་ནས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དུམ། ཚངས་པ་འམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་གཞན་སྲང་དེ་བཞིན་གཤེགས་པས་ལྷའི་མིགྲ་གི་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པཱ་ལྷའི་མི་གི་མཁྱེན་པ་ཡང་དག་པོ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྟོབས་དགུ་པ་སྟེ། སྟོབས་དེ་ལ་རྟེན་ནས་དེ་བཞིན་གཤེགས་བཾས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ་འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ་བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ།། བཟང་སྐྱོང་གཞན་ཡང་དེ་བཞིན་གཤེགས་པས་ཟུགས་པ་ཟད་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། བཟང་སྐྱོང་གང་ཡང་དེ་བཞིན་གཤེགས་པས་ཟག་པ་ཟད་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་འདྲི་ནི་དེ་བཞིན། གཤེགས་པའི་སྟོབས་བཅུ་པ་སྟེ། སྟོབས་དེ་ལ་བརྟེན་ནོས། དེ་བཞིན་གཤེགས་པས་ཁྱུ་མཆོག་གི་གནས་རབ་ཏུ་མཁྱེན་ལ། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་སྒྲོགས་ཤིང་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་ཆོས་དང་མཐུན་པས་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། ། བཟང་སྐྱོང་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་བྱང་ཆུབ་སེམསད་པས་ཡོངས་སུ་འཛིན་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས།། སྟོབས་རྣམས་ཀྱི་ནི་ས་བཤད་པ།། ཏིང་འཛིན་འདི་ལ་གནས་ན་ནི།། བྱང་ཆུབ་སེམས་དཔས་ཐོབ་པར་འགྱུར།། གནས་དང་དེ་བཞིན་གནས་མ་ཡིན།། ཡང་དག་ཇི་བཞིན་མཁྱེན་པ་ནི།། འཇིག་རྟེན་མགོན་པོ་སྐྱོབ་མཛད་པ།། སངས་རྒྱས་རྣམ་ཀྱི་སྟོང་དང་པོའོ།། ། འཇིག་རྟེན་མགོན་པོ་སློབ་མཛད་པ།། རང་བྱུང་རྣམ་ཀྱི་སྟོང་དང་པོའོ།། དེ་ལ་གནས་ནས་རྫོག་སངས་རྒྱས།། སྲོག་ཆག་རྣམཱ་ལ་ཆོས་སྟོན་ཏོ།། འདས་དང་མ་འོངས་ད་ལྟར་གྱི།། ལས་རྣམས་རཔ་ཏུ་མཁྱེན་པ་ནི། ། འཇིག་རྟེན་མགོན་པོ་སྐྱོབ་མཛད་པ།། སངས་རྒྱས་རྣམས་ཀྱི་སྟོབ་གཉིས་པའོ།། མོས་པ་རླུང་དང་མཆོག་རྣམ་དང་།། འབྲིང་དག་རབ་ཏུ་མཁྱེན་པ་ནི།། དཔལ་ལྡན་རྫོགས་པར་སངས་རྒྱས་པའི། ། སྟོབས་གསུམ་པ་ནི་དེ་ཡིན་ནོ།། དབང་པོ་རྣོ་དང་བར་མ་དང་།། ཐ་མའི་ཁྱད་པར་མཁས་པ་ནི།། དྲང་སྲོང་ཆེན་པོ་རྫོགས་སངས་རྒྱས།། སངས་རྒྱས་རྣམས་ཀྱི་སྟོབས་བཞི་པའོ། ། ཁམས་རྣམས་སྣ་ཚོགས་རབ་མཁྱེན་ཅིང་།། ཁམས་རྣམས་ཀྱི་ནི་ཕ་རོལ་ཕྱིན།། གནས་འདི་དག་ནི་རང་བྱུང་གི་སྟོབས་ནི་ལྔ་པ་ཉིད་ཡིན་ནོ། ། ཐམས་ཅད་དུ་ནི་འགྲོ་བའི་ལམ།། དེ་དང་དེར་ནི་བགྲོད་པ་སྟེ།། དེ་དག་ཐམས་ཅད་རབ་མཁྱེན་པ།། བསམ་གྱིས་མི་ཁྱབ་སྟོབས་དྲུག་པའོ།། བསམ་གཏན་རྣམ་ཐར་སྙོམས་པར་འཇུག། ཀུན་ནས་ཉོན་མོངས་རབ་མཁྱེན་ཅིང་།། གྲནས་དང་གནས་མིན་མཁྱེན་པ་ནི།། སྟོབས་བདུན་པ་ཞེས་བྱའོ།། སྔོན་ནི་བྱེ་བ་ཚུན་ཆད་ཀྱི། ། བདག་ནི་སྔོན་ན་གར་གནས་པའི།། སྔོན་གྱི་གནས་རྣམས་རབ་མཁྱེན་པ།། དེ་ནི་སྟོབས་ཀྱང་བརྒྱད་པའོ།། འཆི་འཕོད་དང་ནི་སྐྱེ་བ་མཁྱེན།། མཐོ་རི་སེ་དང་ནི་ངན་སྲོང་གཟིགསྲ། ། མིག་གི་ཕ་རོལ་ཕྱིན་ཐོབ་པ།། འདི་ནི་སྟོབས་ཀྱང་དགུ་པའོ།། གང་དག་ལྷ་འམ་གང་དག་མི།། ཟག་པ་ཐམས་ཅད་ང་ལ་ཟད།། ང་ལ་ཡང་ནི་སྲིད་མེད་ནི།། བསམ་གྱིས་མི་ཁྱབ་སྟོབས་བཅུ་པའོ།། འཇིག་རྟེན་མགོན་པོ་སྐྱོབ་མཛད་པ།། རང་འབྱུང་རྣམས་ཀྱི་སྟོབས་འདི་དག། ཏིང་འཛིན་འདི་ལྔ་གནས་ན་ནི།། དེ་དག་ཐམས་ཅད་རྙེད་མི་དཀའ། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་པའོ།། །། བཟང་སྐྱོང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན།། དེ་བཞིན་གཤེགས་པའི་མི་འཇིགས་པ་གང་དག་འཐོབ་པར་འགྱུར་བ་གང་ཞེ་ན། བཟང་སྐྱོང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པའི་མི་འཇིགས་པ་ནི་འདི་བཞིའོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། ང་ཡང་དག་པར་རྫོགས་སྤངས་རྒྱས་པ་ལ། འདི་ལ་ཆོས་འདི་མངོན་པར་རྫོགས་པཱར་སངས་རྒྱས་སོ་ཞེས་ང་ལ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བས་དབུགས་འབྱིན་པ་ཐོབ་པར་གནས་སོ།། བྲག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ།། མི་འཇིགས་པ་ཐོབ་པར་གན་སོ།། འཁོར་གྱི་ནང་དུ་གཤེགས་ཏེ་སེང་གེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ།། འཇིག་རྟེན་ན། དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བ་འདི་ནི། བཟང་སྐྱོང་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་དང་པོའོ། ། བཟང་སྐྱོང་གཞན་ཡང་ཟག་བཟད་པ་ལ། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། འདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བས་དབུགས་འབྱིན་པ་ཐོབ་པར་གནས་སོ།། བག་ཚ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ།། མི་འཇིགས་པ་ཐོབ་པར་གནས་སོ།། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་བསྒྲག་པར་བྱའོ།། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བ་འདི་ནི། བཟོང་སྐྱོང་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་གཉིས་པའོ།། བཟང་སྐྱོང་གཞན་ཡང་གང་ངས་བར་དུ་གཅོད་པའི་ཆོས་སུ་བསྟན་པ་དེ་དག་ལ་བརྟེན་ན། བར་དུ་གཅོད་པའི་ཆོས་སུ་མི་འགྱུར་རོ་ཞེས་ང་ལ་འཇིག་རྟེན་ན།། དགེ་སྦྱོང་ངམ། བྲམ་ཟེ་འམ།། ལྷ་འགྲོ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། རྒྱུ་ཡང་དག་པར་རྗེས་སུ་མི་མཐོ་བས། ། དབུགས་འབྱིན་པ་ཐོབ་པར་གནས་སོ།། བག་ཚ་བ་མེད་པ་ཐོབ་པར་གནས་སོ།། བདེ་བ་ཐོབ་པར་གནས་སོ།། མི་འཇིགས་པར་ཐོབ་པར་གནས་སོ།། འཁོར་གྱི་ནང་དུ་གཤེགས་ཏེ། སེང་གེའི་སྒྲ་ཡང་དག་པར་བསྒྲགས་པར་བྱའོ།། འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བ་འདི་ནི། བཟང་སྐྱོང་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་གསུམ་པའོ། ། བཟང་སྐྱོང་གཞན་ཡང་གང་ངས་འཕགས་པའི་ངེས་པར་འབྱུང་བར་འགྱུར་བ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ཆོས་བཤད་པ་དེ་ལ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་ཆོས་དང་མཐུན་པར་ཚིག་ཏུ་བརྗོད་ཅིང་རྒོལ་བར་འགྱུར་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་བས། དབུགས་འབྱིན་པ་ཐོབ་པར་གནས་སོ།། བག་ཚྭ་བ་མེད་པ་ཐོབ་པར་གནས་སོ། ། བདེ་བ་ཐོབ་པར་གནས་སོ།། མི་འཇིགས་པ་ཐོབ་པར་གནས་སོ།། འཁོར་གྱི་ནང་དུ་གཤེགས་ཏེ་སེང་གེའི་སྒྲ་ཡང་དག་པར་བསྒྲགས་པར་བྱའོ།། འཇིག་རྟེན་ན་དགེ་སྦྱོང་དམ་བྲམ་ཟེ་འམ། ལྷ་འམ། བདུད་དམ། ཚངས་པ་འམ། སུས་ཀྱང་ཆོས་དྲང་མཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བ་འདི་ནི། བཟང་སྐྱོང་བྱང་ཆུབ་སེམསད་པས་ཏིང་ངེ་འཛིན་འདི་ལ་ཞུགས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་པའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། སངས་རྒྱས་མི་འཇིགས་གང་ཡིན་པ།། མི་འཇིགས་རྣམས་ནི་བཤད་པར་བྱ། སེང་གེའི་སྒྲ་ནི་བསྒྲགས་བྱས་ཏེ།། འཁོར་རྣམས་ལ་ནི་ཆོས་ཀྱང་སྟོན།། ཡང་དག་རྫོགས་སངས་རྒྱས་སྨྲས་ལ།། ཆོས་འདི་སངས་རྒྱས་མ་གྱུར་ཅེས། རྒོལ་བ་དེ་ནི་མ་མཐོང་སྟེ། དེ་ཕྱིར་སངས་རྒྱས་མི་འཇིགས་པའོ།། ཟག་པ་ཟད་པར་སྨྲས་པ་ལ།། ཟག་པ་འདི་དག་མ་ཟད་ཅེས།། ལྷ་དང་བཅས་པའི་འཇིག་རྟེན་ན།། རྒོལ་བ་དེ་ནི་མ་མཐོང་ངོ་།། གང་དག་བར་དུ་གཅོད་པའི་ཆོས། ། དེ་དག་གང་གིས་བསྟེན་བྱས་ཀྱང་།། བར་དུ་གཅོད་པར་མི་འགྱུར་ཞེས།། ང་ལ་རྒོལ་བ་དེ་མ་མཐོང་།། མྱ་ངན་འདས་པ་འཐོབ་པའི་ཕྱིར།། ང་སན། ཆོས་མཆོག་གང་བཤད་པ།། མྱ་ངན་འདའ་བའི་ཚིག་གི་མཆོག། དེ་ནི་ང་ལ་རྒོལ་བ་མེད།། འཇིག་རྟེན་མགོན་པོ་སྐྱོབ་མཛད་པ།། མི་འཇིགས་གསུངས་པ་འདི་དག་ནི། ཏིང་འཛིན་འདི་ལ་གནས་པ་ཡི། ། བྱང་ཆུབ་སེམས་དཔས་འཐོབ་པར་འགྱུར།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་གཅིག་གོ།། ། བཟང་སྐྱོང་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་ཞུགས་ན་ཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་གང་ཞེ་ན། བཟེང་སྐྱོང་འདི་ལྟ་སྟེ། ནམ་གྱི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངསྲ་རྒྱས་པ་ནས། ནམ་གྱི་ནུཔ་མོ་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། ། ཅཅོ་མི་མངའོ།། བསྙེལ་བ་མ་མངའོ།། སེམས་ཉམ་པར་མི་མངའོ།། ཐ་དད་པའི་འདུ་ཤེས་མཱི་མངའོ།། སོ་སོར་མ་བརྟགས་པའི་བཏང་སྙོམས་མཱི་མངའོ།། འདུན་པ་ཉམས་པ་མི་མངའོ།། བརྩོན་འགྲུས་ཉམས་པ་མི་མངའོ། ། དྲན་པ་ཉམས་པ་མི་མངའོ།། ཏིང་ངེ་འཛིན་ཉམས་པ་མི་མངའོ།། ཤེས་རབ་ཉམས་པ་མི་མངའོ།། རྣམ་པར་གྲོལ་བ་ཉམས་པ་མི་མངའོ།། རྣམ་པར་གྲོ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའོ། ། འདས་པའི་དུས་ལ་མཆགྲ་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ།། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་གོ། ། ད་ལྟར་གྱི་དུས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་མཐོང་བ་འཇུག་གོ།། དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། དེ་བཞིན་གཤེགས་པའི་གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེ་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་།། དེ་བཞིན་གཤེ་པའི་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། ། བཟང་སྐྱོང་འདི་དག་ནི་གང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་གནས་ན་འཐོབ་པར་འགྱུར་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་འདྲེས་པ་བཅོ་བརྒྱད་ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུང་སོ། ། གང་ལ་གནས་ནས་དེ་བཞིན་གཤེགས།། ཆོས་ཀྱི་འཁོར་ལོ་བསྐོར་མཛད་པའི།། སངས་རྒྱས་ཀྱི་ནི་མ་འདྲེས་ཆོས།། བཤད་ཀྱིས་ང་ལ་མཉན་པར་བྱོས།། ནམ་གྱི་ནུབ་མོ་རྫོགས་སངས་རྒྱས། ། དེ་བཞིན་གཤེགས་པས་བྱང་ཆུབ་བརྙེས།། ནམ་གྱི་ནུབ་མོ་ལེན་མེད་པར།། མྱ་ངན་ལ་ནི་འདས་གྱུར་པ།། དེ་ཡི་བར་དུ་གང་གསུངས་དང་།། གསུང་དང་གསུང་བར་འགྱུར་བའི་རྣམས།། དེ་ཀུན་ཡང་དག་ཇི་བཞིན་ཏེ།། དེ་ནི་མ་འདྲེས་དང་པོའོ།། ང་ལ་འཁྲུལ་པ་ཅུང་ཟད་མེད།། ཅ་ཅོ་ང་ལ་མི་མངའོ།། གསུང་ལ་ཉམས་པ་མི་མངའ་སྟེ། ། ང་ལ་ཞུམ་པ་མི་མངའོ།། ང་ལ་བསྙེལ་བ་ཡོད་མ་ཡིན།། ང་ལ་མ་བརྟགས་བཏང་སྙོམས་མེད།། ཆོས་ལ་སྣ་ཚོགས་བྱེད་པ་མེད།། རྟག་ཏུ་མཉམ་པར་གཞག་ཉིད་དོ། ། ང་ཡི་འདུན་པ་མི་ཉམས་ཤིང་།། བརྩོན་འགྲུས་ཀྱང་ནི་མ་ཉམས་སོ།། ཏིང་འཛིན་ལས་ནི་མཱ་ག་ཡང་ཞིང་།། ངི་ལ་ཉམས་པ་མི་མངའོ།། ང་ཡེ་ཤེས་རབ་ཉམས་པ་མེད། ། རྣམ་པར་གློལ་ཡང་ཉམས་པ་མེད།། ང་ཡིས་རྣམ་གྲོལ་ཡེ་ཤེས་མཐོང་།། དེ་ལའང་ཉམས་པ་མི་མངའོ།། ང་ནི་འདས་པའི་དུས་ལ་ཡང་།། ཡེ་ཤེས་ཐོབ། པ་མི་མངའོ།། མ་འོངས་པ་ཡཱ་དུས་ལྔ་ཡང་།། ང་ལ་སྒྲུབ་པ་མི་མངའོ།། ད་ལྟར་བྱུང་བའི་དུས་ལ་ཡང་།། ང་ལ་ཆགས་པ་མི་མངའོ།། སྐྱོབ་པ་ང་ནི་ཆོས་ཀུན་ལ།། ཡེ་ཤེས་བསྒྲུབས་པ་མེད་པའོ། ། ང་ཡི་སྐུ་ཡི་འཕྲིན་ལས་ཀུན།། ཡེ་ཤེས་ཀྱི་ནི་རྗེས་སུ་འབྲེང་།། ང་ཡི་གསུང་ཐུགས་འཕྲིན་ལས་ཀུན།། ཡེ་ཤེས་སྔོན་དུ་འགྲོ་བ་ཡིན།། གང་ལག་ན་ནས་དེ་བཞིན་གཤེགས། ། ཆོས་ཀྱི་འཁོར་ལོ་སྐོར་མཛད་པའི།། རྫོགས་སངས་རྒྱས་ཀྱི་མ་འདྲེས་ཆོས།། བཅོ་བརྒྱད་པོ་ནི་དེ་དག་གོ།། ཏིང་འཛིན་འདི་ལ་བསྒོམས་བྱས་ན།། སངས་རྒྱས་ཆོས་ནི་བཅོ་བརྒྱད་དང་།། སྟོན་པ་ཡི་ནི་སྟོབས་བཅུ་དང་།། མི་འཇིགས་རྣམས་ནི་རྙེད་མི་དཀའ།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་གཉིས་སོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བར་བྱའོ།། བཞི་གང་ཞེ་ན། འདི་ལྟ་སྟེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཏིང་ངེ་འཛིན་འདི་གསན་ནས་ལུང་མནོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རིང་བ་དེ་བཞིན་དུ་བདག་ཀྱང་ཏིང་ངེ་འཛིན་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་ངོ་། ། བཟང་སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་པོའོ།། བཟང་སྐྱོང་གཞན་ཡང་ཇི་ལྟར་མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་བྱང་ཆུབ་སེམས་དཔའི་སྤྲད་པ་སྤོད་པར་འགྱུར་བ་ན། ཏིང་ངེ་འཛིན་འདི་གས་ན་ནས་ལུང་མནོ་སཱ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཐོབ་པར་བྱ་བ་དང་། མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་བར་འགྱུར་བ་དེ་བཞིན་དུ་བདག་ཀྱང་རྗེས་སུ་ཡི་རང་ངོ་། ། བཟང་སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་གཉིས་པའོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔ་འདི་སྐད་དུ་ཇི་ལྟར་ད་ལྟར་བྱུང་བའི་དུས་ན་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཏིང་ངེ་འཛིན་འདི་གསན་ནས་ལུང་མནོས་ཏེ། རྗེས་སུ་ཡི་རང་ནས་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ད་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་ལ་ཇི་ལྟར་རྗེས་སུ་ཡི་རུང་བ་དེ་བཞིན་དུ། བདག་ཀྱང་ད་ལྟར་ཏིང་ངེ་འཛིན་འདི་ཐོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བྱ་སྟེ། བཟང་སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་གསུམ་པའོ། ། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔས་འདི་སྐད་དུ་བདག་གིས་རྗེས་སུ་ཡི་རང་འ་དང་ལྡན་པའི་བསོད་ནམས་འདི་ཐམས་ཅད་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཏུ་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གྱུར་ཅིག། ཏིང་ངེ་འཛིན་འདི་ཡང་ཐོབ་པར་གྱུར་ཅིག། མང་དུ་ཐོས་པ་ཡོངས་སུ་རྫོག་པར་གྱུར་ཅིག་ཅེས་བརྗོད་པར་བྱ་སྟེ། བཟང་སྐྱོང་འདི་ནི་བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བཞི་པའོ།། བཟང་སྐྱོང་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་འདི་དང་ཏིང་ངེ་འཛིན་འདི་ཐོབ་པའི་བྱང་ཆུབ་སེམས་དཔའ་དུག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། བཟང་སྐྱོང་བྱང་ཆུབ་སེམས་དཔས་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡ་རང་བ་དེ་དག་གི་རྗེས་སུ་ཡི་རང་ཞིང་བསྒོ་ན། བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་འཛིན་པར་འགྱུར་བའི་དཔེ་ཙམ་ཞིག་བསྟན་ཏོ།། བཟང་སྐྱོང་འདི་ལྟ་སྟེ་དཔེརས་སྐྱེས་བུ་ལ་ལ་ཞིག་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ་ལ་ལ་ཞིག་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ། ལོ་བརྒྱ་ཕྲག་དུ་མར་འཚོ་བ། མགྱོགས་པའི་མཐུ་རླུང་དང་འདྲ་བ་ཞིག་ཡོད་ལ། དེ་མི་འདུག་པར་ལོ་བརྒྱ་ཚང་བར་ཤར་ཕྱོགས་སུ་ཡང་སོང་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་དང་། འོག་དང་། སྟེང་གི་ཕྱོགསུ་ཡང་སོང་ན། བཟང་སྐྱོང་དེ་ཇི་སྙམ་དུ་སེམས། ཚེ་ལྡེ་བརྒྱ་ཐུབ་ཅིང་ལོ་བརྒྱར་འཚེ་བ་མགྲོགས་པའི་མཐུ་དང་རླུང་དང་འདྲ་བའི་སྐྱེས་བུ་དེས། མི་འདུག་པར་ཕྱོགས་གཅིག་ཅིང་ཡང་ལོ་བརྒྱ་བརྒྱར་སོང་བའི་སྐྱེས་བུ་དེ་ས་དཔག་ཚད་དུ་ཞིག་ཏུ་སོང་བར་འགྱུར་བ། བགྲང་བའམ། གཞལ་བ་འམ། བསམ་པ་འམ། དཔག་པར་སྐྱེས་བུ་ལ་ལ་སྤྲོ་འམ། བྱང་ཆུབ་སེམས་དཔའ་བཟང་སྐྱོང་གིས་གསོལ་པ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། གནས་བརྟན་ཤཱ་ར་དྭ་ཏིའི་བུ་དང་། ཕྱིར་མ་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པ་དེ་ནི་མི་ནུས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་སྐྱོང་བུད་མེད་དང་སྐྱེས་པ་ལ་ལ་ཞིག་གིས། སྐྱེས་བུ་ལོ་བརྒྱར་གནས་པ། རླུང་གི་མགྱོགས་པ་བཞིན་དུ་མགྱོགས་པར་འགྲོ་བ་དེའི་སྤྱོད་ཡུལ་རྣམས་གསེར་དང་དངུལ་གྱིས་གང་བར་བྱོས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕུལ་ལ་ཏིང་ངེ་འཛིན་འདི་ཉན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡང་ཏིང་ངེ་འཛིན་འདི་ཐོས་ནས་རྗེ་སུ་ཡི་རང་བ་བཞི་པོ་དེ་དག་གི་རྗེས་སུ་ཡི་རང་ཞིང་། རྗེས་སུ་ཡི་རང་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་མང་དུ་ཐོས་པ་འདོད་པས་སྔོ་བར་ཡང་བྱེད་ན། བཟང་སྐྱོང་བསོད་ནམས་ཀྱི་ཕུང་པོ་འདི་ལ། བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། ། སྟོང་དང་། སྟོང་ཕྲག་བརྒྱ་དང་། བྱེ་བ་ཕྲག་བརྒྱ་དང་། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ། ། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་ཇི་ཙམ་དུ་དོན་ཆེ་བ་ལྟོས་བ་ཟང་སྐྱོང་དེ་བས་ན་རྣམ་གྲངས་འདིས་ཀྱང་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཕུང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ཆེན་པོ་ཡིན་པར་རིག་པར་བྱའོ། ། བཟང་སྐྱོང་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ་ཤིན་ཏུ་རྒྱས་པ། ཚད་མེད་པ། བསམ་གྱིས་མ་ཁྱབ་པ་བྱུང་བ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་བློ་གྲོས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། ། བཟང་སྐྱོང་དེའི་ཚེ་འཛམ་བུའི་གླིང་འདི་ཡང་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་མང་པོ་དང་མིས་གང་བར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་འཛམ་བུའི་གླིང་འདི་ན་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཀྱང་རིན་པོ་རྗེ་སྣ་བདུན་ལས་གྲུབ་པ། ཁྱིབ་བྱེ་བ་ཕྲག་དགུ་ཡོད་པ། དཔགྲ་ཚད་བཅུག་པ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་པར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་འཛམ་བུའི་གླིང་འདི་ཡང་འདི་ལྟ་སྟེ། དཔག་ཚད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་དེ། ཡངས་ཤིང་རྒྱ་ཆེ་བར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་འཛམ་བུའི་གླིང་འདི་ན་གང་དུ་དེ་བཞིན་གཤེགས་པ་དེ་སྐྱེ་བའི་སར་གྱུར་པ། འདི་ལྟ་སྟེ། བཟང་པོ་འབྱུང་བ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་གཅིག་ཅིག་ཡོད་དེ། གྲོང་ཁྱེར་ཆེན་པོ་དེ་ན་སྲོག་ཆགས་བྱེ་བ་ཕྲག་དྲུག་ཅུ་གནས་སོ།། བཟང་སྐྱོང་ཡང་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་བློ་གྲོས་དེའི་ཉན་ཐོས་འདུས་པ་དང་པོ་ནི་དགྲ་བཅོམ་པ་བྱེ་བ་ཕྲག་དགུ་བཅུ་འདུས་པར་གྱུར་ཏོ། ། ཞག་བདུན་འདས་ནས་ཉན་ཐོས་འདུས་པ་གཉིས་པ་ན་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་འདུས་པར་གྱུར་ཏོ། ། ཞག་བདུན་པ་གཉིས་འདས་ནས། ཉན་ཐོས་འདུས་པ་གསུམ་པ་ནི་བྱེ་བ་ཕྲག་དགུ་བཅུ་འདུས་པར་འགྱུར་རོ།། དག་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཟག་དགུ་བཅུ་ཡང་འདུས་པར་གྱུར་ཏོ། ། དེ་ནས་ཕྱིས་ནི་བཅོམ་ལྡན་འདས་དེའི་ཉན་ཐོས་གྲངས་ཀྱིས་མི་ཆོད་པ་ཞིག་བྱུང་ངོ་།། བཟང་སྐྱོ་དེའི་ཚེ་ན་མི་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ལེན་པར་གྱུར་ཏེ། ། འདི་ལྟ་སྟེ། དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དགྲ་པར་རྫོགས་པའི་སངས་རྒྱས་བྱ་མོ། པའི་གསུང་རབ་ལ་སེམས་ཅན་རྣམས་དགེ་བ་ཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་བ་བཞིན་ནོ།། བཟང་སྐྱོང་དེའི་ཚེ་སེམས་ཅན་རྣམས་ཀྱི་ཚེའི་ཚད་ན་ལོ་བརྒྱད་ཁྲི་བཞི་སྟོང་ཐུབ་པར་གྱུར་ཏོ། ། བཟང་སྐྱོང་དེའི་ཚེ་གྲོང་ཁྱེར་ཆེན་པོ་དེ་ན། འཁོར་ལོས་སྦྱར་བའི་རྒྱལ་པོ་ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བུ་སྟོང་དུ་ཚང་བ་ཞིག་ཡོད་དེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སེང་གེའི་བློ་གྲོས་དེའི་དྲུང་དུ་སོང་ཞིང་བསྙེན་བཀུར་བྱེད་དེ། བཟང་སྐྱོང་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་བློ་གྲོས་དེས་རྒྱལ་པོ་ཁྱད་པར་དུ་འགྲོ་བ་དེའི་བསམ་པ་ཐུགས་སུ་ཆུད་ནས་ཏིང་ངེ་འཛིན་འདི་བསྟན་ཏེ་ཡང་དག་པར་བཤད་དོ། བཟང་སྐྱོང་དེ་ནས་རྒྱལ་པོ་ཁྱད་པར་དུ་འགྲོ་བ་དེས་ཏིང་ངེ་འཛིན་འདི་ཐོས་ནས་རྗེས་སུ་ཡི་རང་ངོ་།། རྗེས་སུ་ཡི་རང་ནས་ཀྱང་བཅོམ་ལྡན་འདས་དེ་ལ་རིན་པོ་ཆེ་སྤར་གང་གིས་གཏོར་ཏོ།། དེ་དེ་ནས་ཤི་འཕོས་པ་དང་། དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་འཛམ་བུའི་གླིང་འདིར་རྒྱལ་པོའི་ཁྱིམ་དེ་ཉིད་དུ་སྐྱེས་སོ།། བཟང་སྐྱོང་དེའི་ཚེ་དེ་བཞིན་གཤེགས་པ་དེའི་གསུང་རབ་ལ། དགེ་སློང་ཆོས་སྨྲ་བ་རིན་ཆེན་མཆོག་ཅེས་བྱ་བ་ཞིག་བྱུང་སྟེ། དེ་འཁོར་བཞི་ལ་ཏིང་ངེ་འཛིན་འདི་རྒྱ་ཆེར་སྟོན་ཏོ།། ཡང་དག་པར་སྒྲོགས་སོ།། བཟང་སྐྱོང་དེའི་ཚེ་རྒྱལ་པོ་ཁྱད་པར་དུ་འགྲོ་བ་ཞེས་བྱ་བ་དེ། རྒྱལ་པོའི་བུ་ཚངས་པས་བྱིན་ཞེས་བྱ་བར་གྱུར་ཏེ། དེས་དགེ་སློང་དེས་ཏིང་ངེ་འཛིན་འདི་འཆད་པ་ཐོས་སོ།། ཐོས་ནས་ཀྱང་ཐོས་མ་ཐག་ཏུ་དང་བ་བརྙེད་པར་གྱུར་ཏེ། དང་བའི་སེམས་ཀྱིས་གསེར་སྲུང་སྟོང་ཕྲག་བརྒྱ་དང་། རས་བཅོས་བུ་ཟུང་གཅིག་གིས་དགེ་སློང་དེ་ལ་གཡོགས་སོ།། བཟང་སྐྱོང་དེ་ནས་རྒྱལ་བོའི་བུ་ཚངས་པས་བྱིན་དེས། དགེ་སློང་དེ་ལས་ཏིང་ངེ་འཛིན་འདི་ཐོས་ནས། དགེ་སློང་དེས་ལེགས་པར་བཤད་པའི་ཕྱིར་དགའ་བ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཏིང་ངེ་འཛིན་འདི་འདོད་པའི་ཕྱིར་ཆོས་སྨྲ་བའི་དགེ་སློང་དེ་ལས་སྲོག་ཆགས་སྟོང་དུ་ཚང་བ་དང་ལྷན་ཅིག་ཆོས་འདོད་པས། སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་།། དེ་རབ་ཏུ་བྱུང་ནས་ལོ་བརྒྱ་སྟོང་དུ་རང་གི་འཁོར་སྲོག་ཆགས་སྟོང་པོ་དེ་དག་དང་ལྷན་ཅིག་ཏུ་དགེ་སློང་དེ་ལ་བསྙེན་བཀུར་བྱེད་ཅིང་རྗེས་སུ་འབྲངས་ཀྱང་། མཉན་པ་ཙམ་ཞིག་ཐོབ་པ་མ་གཏོགས་པར་དགེ་སློང་དེ་ལས་ཏིང་ངེ་འཛིན་འདི་མ་ཐོབ་བོ། ། དེ་ཡང་ལན་གཉིས་མ་ཡིན་གྱི་ལན་ཅིག་ཁོ་ན་ཞིག་ཐོས་ནས་རྗེས་སུ་ཡི་རང་བ་བཞི་པོ་དེ་དག་གི་རྗེས་སུ་ཡི་རང་ངོ་།། དེས་སྲོག་ཆགས་སྟོང་དུ་ཚང་པ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་དེས་སངས་རྒྱས་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་མཉེས་པར་བྱས་སོ། ། སྐྱེ་བ་ཐམས་ཅད་དུ་ཡང་ཏིང་ངེ་འཛིན་འདདི་བཤད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྒྲགས་ཏེ། དེས་རིམ་གྱིས་སངས་རྒྱས་གཞན་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱང་མཉེས་པར་བྱས་སོ།། དེ་རྗེས་སུ་ཡི་རང་བ་དང་ལྡན་པའི་དགེ་བའི་རྩ་བ་དེ་ཉིད་དང་། ཏིང་ངེ་འཛིན་འདི་ཐོབ་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་བརྟན་པ་ཞེས་བྱ་བར་འགྱུར། ཏེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞག་གོ།། སྲོག་ཆགས་སྟོང་པོ་དེ་དག་ཀྱང་ཏིང་ངེ་འཛིན་གྱིས་ཡོངས་སུ་སྨིན་པར་བྱ་བའི་དགེ་བའི་རྩ་བ་འདི་ཉིད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ཏེ། བླ་ན་མེད་པ་ཡང་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བར་བརྟན་པ་ཞེས་བྱ་བར་གྱུར་ཏེ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་གོ། བཟང་སྐྱོང་ཏིང་ངེ་འཛིན་འདི་ལ་རྗེས་སུ་ཡི་རང་པ་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་དོན་ཆེ་བ་ལྟོས་འདི་ལྟར་རྗེས་སུ་ཡི་རང་བ་དང་ལྡན་པའི་ཚིག་ཏུ་བརྗོད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་བྱེད་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གླང་ཏིང་ངེ་འཛིན་འདི་ཐོས་ནས་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྒྲོགས་པ་དང་། བསྒོམ་པའི་སྦྱོར་བལ་བརྩོན་པར་གནས་པ་ལྟ་ཅི་སྨོས་ཏེ། བཟང་སྐྱོང་ཏིང་ངེ་འཛིན་འདི་ཐོས་ནས་རྗེས་སུ་ཡི་རང་བར་མི་བྱེད། ཀུན་ཆུབ་པར་མི་བྱེད། འཆང་བར་མི་བྱེད། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྒྲོགས་པར་མི་བྱེད། སྒོམས་པའི་སྦྱོར་བ་ལ་བརྩོན་པར་མི་གནས་པ་ལྟ་སུ་ཞིག་ཡོད། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་འདི་ལྟར་ཏིང་ངེ་འཛིན་འདི་ཐོས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཚེ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། ། བཟང་སྐྱོང་དེ་བས་ན་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། བྱང་ཆུབ་སེམས་དཔའ་ལྷག་པའི་བས་པ་ཕུན་སུམ་ཚོགས་པ་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་གལ་ཏེ་ཏིང་ངེ་འཛིན་འདི་དཔག་ཚད་ཙམ་ན་ཡོད་པར་ཐོས་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། བྱང་ཆུབ་དོན་དུ་གཉེར་བ་དེས་ཏིང་ངེ་འཛིན་འདི་མཉན་པའི་ཕྱིར་དཔག་ཚད་ཙམ་གྱི་བར་དེར་འགྲོ་བར་བྱའོ།། ཐོས་ནས་ཀྱང་གཟུང་བར་བྱའོ།། ཀུན་ཆུབ་པར་བྱ།། བཅང་བར་བྱ། བཀླག་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་བསྟན་པར་བྱ། བཤད་པར་བྱ། བསྒྲགས་པར་བྱའོ།། བསྒོམ་པ་ལ་ཡང་མངོན་པར་དགའ་བར་བྱའོ། ། བཟང་སྐྱོང་དཔག་ཚད་ཙམ་ལྟ་ཞོག་གི། དཔག་ཚད་གཉིས་ཙམ་མམ། དཔག་ཚད་གསུམ་ཙམ་མམ། དཔག་ཚད་བཞི་ཙམ་མམ་དཔག་ཚད་ལྔ་ཙམ་མམ། དཔག་ཚད་བཅུའི་བར་ཙམ་མམ། བཟང་སྐྱོང་དཔག་ཚད་བཅུ་ཙམ་ལྟའང་ཞོག་གི། གལ་ཏེ་བྱང་ཆུབ་སེམས་དཔའ་དཔག་ཚད་བརྒྱན། ད་ལྟར་གྱི་ས་རྒྱས་མངོན་སུམ་དུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལྗོངས་ཀྱི་ཕྱོགས་ཆེ་གེ་མོ་ཞིག་ན་སྤྱོད་དོ་ཞེས་ཏིང་ངེ་འཛིན་འདི་དཔག་ཚད་བརྒྱའི་བར་ཙམ་ན་ཡོད་པར་ཐོས་ན་ཡང་། བཟང་སྐྱོང་བྱང་ཆུབ་སེམས་ད་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། བྱང་ཆུབ་དོན་དུ་གཉེར་བ་དེས་ཞུམ་པ་མེད་པ་དང་། སྙོམས་ལས་མེད་པ་དང་། འཇིགས་པ་མེད་པ་དང་། སྒྱིད་ལུག་པ་མེད་པ་དང་། གདུང་བ་མེད་པའི་སེམས་དང་། བརྩོན་འགྲས་བརྩམས་པ་མི་ལྡོག་ལྷོད་པས་ཏིང་ངེ་འཛིན་འདི་བླ་ན་མཉན་པ་འཚེ་ཙམ་གྱི་ཕྱིར་ཡང་དཔག་ཚད་བརྒྱ་པོ་དེར་འགྲོ་བར་བྱ་ན། ལུང་ནོད་པ་དང་ཀུན་ཆུབ་པར་བྱ་བ་དང་། བསྒྲགས་པར་བྱ་བ་དང་། བསྒོམ་པར་བྱ་བའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ནི་ཏིང་ངེ་འཛིན་འདི་ལ་རག་ལས་པའི་ཕྱིར་རོ། ། བཟང་སྐྱོང་དེ་ལ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ། བྱང་ཆུབ་དོན་དུ་གཉེར་བ་དེ་དག་གིས་དཔག་ཚད་བརྒྱ་པོ་དེར་སོང་ནས། གང་ལས་ཏིང་ངེ་འཛིན་འདི་ཐོས་པར་གྱུར་པའི་སློབ་དཔོན་དེ་ལ་དེས་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ།། ཆོས་སྨྲ་བའི་རིགས་ཀྱི་བུ་དེ་ལ་བསྙེན་བཀུར་ཐམས་ཅད་ཀྱི་བསྙེན་བཀུར་བྱེད་ཅིང་ཕྱི་བཞིན་འབྲང་བར་བྱའོ། ། ཐ་ན་ཏིང་ངེ་འཛིན་འདི་མཉན་པ་ཙམ་གྱི་ཕྱིར་ཡང་ལོ་གཅིག་གམ། གཉིས་སམ་གསུམ་མམ། བཞིའམ། ལྔ་འམ། ལོ་བཅུའམ། ཇི་སྲིད་དུ་འཚོའི་བར་དུ་ཕྱི་བཞིན་འབྲང་བར་བྱ་ན། ལུང་མནོད་པ་འམ། ཀུན་ཆུབ་པར་བྱ་བ་འམ། བྲི་བའམ་བཅང་བ་འམ། བསྒྲགས་པ་འམ། བསྒོམ་པའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་རང་ཉམ་བཏང་བར་བྱ་སྟེ། བཏང་ནས་ཀྱང་སློབ་དཔོན་དེའི་བློ་བཞིན་དུ་འཇུག་པར་བྱའོ། ། གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པའི་སློབ་དཔོན་གྱི་ཕྱིར་འབྲང་བར་བྱའོ།། བཀའ་བཞིན་དུ་བྱེད་པས་ཕྱི་བཞིན་འབྲང་བར་བྱའོ། ། བཀའ་མི་གཅོག་པ་དང་། མཛའ་བ་རྟག་པ་དང་། ངོ་མི་རྟོག་པ་སྤངས་པ་དང་། ཉེས་པར་ལྟ་བ་མེད་པས་ཕྱི་བཞིན་འབྲང་བར་བྱའོ།། དགེ་བའི་བཤེས་གཉེན་གྱི་འདུ་ཤེས་ཀྱང་བསྐྱེད་པར་བྱའོ། ། དེ་ལ་སྟོན་པའི་འདུ་ཤེས་ཀྱང་ཉེ་བར་གཞག་པར་བྱའོ།། བཟང་སྐྱོང་བྱང་ཆུབ་སེམས་དཔས་དྲིས་སློབ་དྲདཔོན་དེ་ལ་དེ་ལྟར་ནན་ཏན་བྱེད་ན། སྔོན་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་ཤིང་སོགས་པ་མ་གཏོགས་པར་ཐ་ན་ཏིང་ངེ་འཛིན་འདི་ཉན་པ་ཙམ་ཡང་མ་འཐོབ་པ་ནི་གནས་མ་ཡིན་སྐབས་མ་ཡིན་ཏེ་གནས་མེད་དོ། ། བྱང་ཆུབ་སེམས་དཔའ་དེས་སློབ་དཔོན་དེ་ལ་ཁྲེལ་ཡོད་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཤེས་པར་བྱའོ།། དེ་ལྟར་དེའི་ཏིག་ངེ་འཛིན་དེའི་ཚིག་དང་། ཡི་གེ་དེ་ཡུན་རིང་དུ་གནས་པ་དང་། རྨོངས་པ་མེད་པར་འགྱུར་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་གྲོང་གཞན་ཡོད་པར་ཐོས་སམ་གྲོང་གི་ཞིང་གཞན་ན་ཡོད་པར་ཐོས་ལ། ཐོས་ནས་ཀྱང་ཐ་ན་མཉན་པ་ཙམ་གྱི་ཕྱིར་ཡང་འགྲོ་བར་བྱ་བ་ལྟ་ཅི་སྨོས། ལུང་མནོད་པར་བྱ་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། བཀླག་པར་བྱ་བ་དང་། བྲི་བར་བྱ་བ་དང་། བསྒོམས་པར་བྱ་བ་དང་། གཞན་དག་ལ་ཡང་ཡང་དག་པར་བསྒྲགས་པར་བྱ་བའི་ཕྱིར་ལྟའང་སྨོས་ཀྱང་ཅི་དགོས། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་ཚོལ་བ། ཐ་ན་ཏིང་ངེ་འཛིན་འདི་ཐོས་པ་ཙམ་ཡང་ཐོབ་པ་ནི། བཟང་སྐྱོང་ཁྱོད་མོས་པར་བྱ། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་སེམ་དཔའ་དེ་ནི་ཏིང་ངེ་འཛིན་འདི་ཉིད་ཚོལ་བའི་དགེ་བའི་རྩ་བ་དང་། ཆོས་དོན་དུ་གཉེར་བའི་དགེ་བའི་རྩ་བ་དང་། ཆོས་འདོད་པའི་དགེ་བའི་རྩ་བ་དང་། བརྩོན་འགྲུས་བརྩམས་པའི་དགེ་བའི་རྩ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱ་ན། བཟང་སྐྱོང་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་འདི་ལུང་མནོད་པར་བྱེད།། ཀུན་ཆུབ་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད་ལ། ལུང་འདོན་པ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བ་དང་བཀླག་པ་བྱས་ནས་ཀྱང་། གཞན་དག་ལ་སྟོན་པར་བྱེད་སྒྲོགས་པར་བྱེད། ཡང་དག་པར་སྒྲོགས་པར་བྱེད་ཅིང་སྒོམ་པའི་སྤོར་བ་ལ་བརྩོན་པར་གནས་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། སྔོན་གྱི་དེ་བཞིན་གཤེགས་པ་མི་ཡི་མཆོག། སེང་གེའི་བློ་གྲོས་ཞེས་བྱ་རྗེས་དྲན་ཏེ།། དེར་ནི་མི་ཡི་དབང་པོ་རྒྱལ་པོ་དེས་ཏིང་འཛིན་འདི་ནི་དེའི་ཚེ་ཐོས་པར་གྱུར། རྒྱལ་པོས་ཏིང་འཛིན་འདི་ནི་ཐོས་ནས་ཀྱང་།། སེམས་མགུ་དགའ་བ་དཔེ་མེད་པས་བཟུང་སྟེ།། མི་མཆོག་སངས་རྒྱས་སེང་གེའི་བློ་གྲོས་ལ།། སྤར་བ་གང་གི་རིན་པོ་ཆེས་ཀྱང་གཏོར།། བཅོམ་ལྡན་འདས་ཀྱིས་ལེགས་གསུངས་ཏིང་འཛིན་འདི།། སེམས་ཅན་ཐམས་ཅད་ལ་ནི་ཕན་པར་ཤོག། ཁྱོད་ལ་སྐྱབས་སུ་དེ་རིང་མཆིའོ་ཞེས།། དེ་སྙམ་བསམ་ནས་ཚིག་ཏུའང་བརྗོད་པར་འགྱུར། ། རྒྱལ་པོ་དེ་ནི་དེ་ཡི་ལས་ཀྱིས་ནི།། ཤི་ནས་དེ་ཉིད་དུ་ནི་ཡང་སྐྱེས་ཏེ།། དེ་ནས་ནི་དགེ་སློང་རིན་ཆེན་ཞེས་བྱ་བར།། ཕྱོགས་སུ་གྲགས་པ་མཐུ་ཆེན་མཐོང་བར་འགྱུར། ། དེ་ལས་དེ་ཉིད་ཀྱང་ནི་ཐོས་གྱུར་ཏེ།། ཐོས་ནས་དགའ་བ་ཤིན་ཏུ་རྒྱས་པ་བསྐྱེད།། བསྐྱེད་ནས་བྱང་ཆུབ་ཞུགས་པ་དཔའ་འགྱུར་ཏེ།། གསེར་དང་གོས་ཀྱིས་དགེ་སློང་དགའ་བྱས་ནས། ། དེ་ནི་ཏིང་འཛིན་འདི་ཡང་འདོད་པའི་ཕྱིར།། སྲོག་ཆགས་སྟོང་ཕྲག་ལྷན་ཅིག་རབ་ཏུ་འབྱུང་།། ལོ་ནི་སྟོང་ཕྲག་བརྒྱ་སྙེད་ཚང་བར་ཡང་།། དེ་དག་ཀུན་གྱིས་དགེ་སློང་དེ་ཕྱིར་འབྲངས། ། ཐོས་པ་རྒྱ་མཚོ་ལྟ་བུའི་ཏིང་འཛིན་འདི།། ལན་གཉིས་མ་ཡིན་ལན་ཅིག་ཁོ་ན་ཐོས།། དེ་ཡི་དྲན་པ་སྐྱོབ་མ་སྐྱེས་ཤིང་།། ཏིང་འཛིན་ཞི་བ་འདི་ནི་ཡོངས་སུ་ཚོལ།། དེ་དག་ཀུན་གྱིས་ལས་འདི་བྱས་པའི་ཕྱིར། ། སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཚང་བ་ཡི།། སངས་རྒྱས་མཐུ་ཆེན་རྣམས་ནི་མཉེས་པར་བྱས།། དེ་ལས་ཏིང་འཛིན་འདི་ནི་ཡང་ཐོས་གྱུར།། དེ་བས་བདེ་བར་གཤེགས་པ་གཞན་དག་ཀྱང་། ། སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཚང་བ་མཆོད།། བདེ་བར་གཤེགས་པ་སེང་གེའི་བློ་གྲོས་ལ།། བདག་ནི་རྗེས་སུ་ཡི་རང་བགྱིད་ཅེས་བརྗོད།། བསོད་ནམས་བྱས་པ་དེ་ཡིས་རྒྱལ་པོ་དེ། ། བརྩོན་འགྲུས་བརྟན་པ་ཞེས་བྱ་སངས་རྒྱས་གྱུར།། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བསམ་མི་ཁྱབ།། ཐམས་ཅད་དེ་ཡིས་སྐྱེ་དང་འཆི་ལས་བཀྲོལ།། སྡོང་དུ་ཚ་པའང་རྗེས་སུ་སློབ་སློབ་ན་སྲ།། སངས་རྒྱས་གྱུར་ཏེ་དཔལ་བརྟན་ཞེས་བྱ་བར།། ལྷར་བཅས་འཇིག་རྟེན་ལ་ནི་གྲགས་པར་གྱུར།། ཏིང་ངེ་འཛིན་སྒྲས་ཀྱང་བྱང་ཆུབ་རེག་གྱུར་ན། ། སྲིད་པ་ཐམས་ཅད་ལ་ནི་མིས་རྟེན་པར།། གང་ཞིག་ཏིང་ངེ་འཛིན་འདི་ནི་རྒྱ་ཆེ་བར།། སྟོན་པ་དེ་དག་བྱང་ཆུབ་འགྱུར་བར་ནི།། སྨོས་ཅིང་དགོས་ཏེ་ནམ་ཡང་ཐེ་ཙོམ་མེད། ། སངས་རྒྱས་ཀྱིས་གསུངས་ཏིང་ངེ་འཛིན་ཞི་བ་འདི།། དཔག་ཚད་བརྒྱན་གལ་ཏེ་ཡོད་གྱུར་ཀྱང་།། བྱང་ཆུབ་དོན་དུ་གཉེར་བ་ཉིན་མཚན་དུ།། ནམ་ཡང་མི་འདུག་སོང་སྟེ་མཉན་པར་བྱ། ། གལ་ཏེ་སོང་ན་འདི་ནི་མ་རྙེད་ན།། འོན་ཀྱང་དེ་ཡི་བསོད་ནམས་ཚད་མེད་དེ།། དེ་ནི་དེ་ཡི་བྱང་ཆུབ་སྐྱེད་ཡིན་ན།། གང་གིས་སྤོང་སྟེ་འདི་ཐོས་སྨོས་ཅི་དགོས།། དེ་ཕྱིར་གང་ཞིག་ཏིང་ངེ་འཛིན་འདི་འདོད་པས། ། དང་པོར་ཚངས་པས་བྱིན་ཏེ་དྲན་པར་བྱས།། དགེ་སློང་གང་ལ་ཏིང་ངེ་འཛིནི་འདི་ཡོད་ལ།། སྐྱོ་བའི་སེམས་ནི་མེད་པར་བསྟེན་པར་བྱ།། རྗེས་སུ་དྲན་ཏེ་སྐྱེ་བ་སྔ་མ་ལ། ། སྟོང་ཕྲག་ལྔ་སུམ་ཅུ་རྩ་དྲུག་ལོ་ཚང་བར།། ངས་ནི་ཆོས་སྨྲ་བ་ལ་རྟག་རྟེན་ཀྱང་།། ཏིང་ངེ་འཛིན་འདི་ནི་ནམ་ཡང་ཐོས་མ་གྱུར།། སྔོན་གྱི་སངས་རྒྱས་བདེན་པ་ཞེས་བྱ་བྱུང་། ། དེ་ནི་དགེ་སློང་གཞོན་ནུས་ཐོས་མང་ཞིག། བདེ་བར་གཤེགས་པའི་བསྟན་པ་ནུབ་འོག་ཏུ།། དེ་ཚེ་དེས་ནི་ཏིང་ངེ་འཛིན་འདི་ཉིད་གཟུང་།། ང་ནི་དེ་ནི་རྒྱལ་རིགས་རྒྱལ་པོ་སྟེ། ། དགེ་སློང་ཆེ་གེ་མོ་ཞིག་ཏིང་ངེ་འཛིན་འདི།། འཛིན་གྱིས་དེ་ཡི་དྲུང་དུ་ཉོན་ཅིག་ཅེས།། རྨི་ལམ་དུ་ནི་ཏིང་འཛིན་འདི་ཐོས་ནས།། མྱུར་དུ་ལངས་ཏེ་རིངས་པའི་ཚུལ་གྱིས་ནི། ། འདི་འཛིན་པ་ཡི་དགེ་སློང་དེ་བཙལ་ཏེ།། མཐོང་ནས་རབ་ཏུ་བྱུང་བ་དེ་ལས་ནི།། འདྲི་ཉིད་ལན་འགའ་ཐོས་དགའ་སྲིད་དམ་ཞེས།། སྟོང་ཕྲག་དྲུག་ཅུ་རྩ་དྲུག་ལོ་ཚང་བར། ། ངས་ནི་དགེ་སློང་དེ་ལ་དགའ་བས་བཀུར།། བདུད་ཀྱིས་བྱིན་གྱིས་བརླབས་པར་གྱུར་པའི་ཕྱིར།། ལན་འགའ་ཙམ་ཡང་ཐོས་པར་མ་གྱུར་ཏེ།། དེ་ཕྱིར་དགེ་སློང་རྣམས་དང་དགེ་སློང་མ།། དགེ་བསྙེན་དག་དྲང་དགེ་བསྙེན་མ་རྣམས་ལ།། ཏིང་འཛིན་ཐོས་ནས་མྱུར་དུ་ཟུང་ཤིག་ཅེས།། མོས་པར་བྱེད་ཅིང་ཁོང་དུ་ཆུད་པར་བྱེད།། དེར་ནི་བསྐལ་པ་ཚང་བར་འདུག་ནས་ཀྱང་།། ཏིང་ངེ་འཛིན་འཛིན་པ་འདི་ནི་བསྙེན་ཅིང་བསྟེན།། བསྐལ་པ་སྟོང་དུ་ལེགས་པར་བསྙེན་བཀུར་བྱས།། དེས་ནི་ཏིང་འཛིན་འདི་ཡང་བཤད་པར་གྱུར། ། ཏིང་འཛིན་རྡུལ་མེད་འདི་ལ་རབ་སྤྱོད་པའི།། དགེ་སློང་གྲོང་དུ་སློང་བ་དེ་ཉིད་ལ།། བཟའ་བ་དང་ནི་བཅའ་དང་མལ་ཚ་དང་།། དེ་བཞིན་གོས་ཀྱང་བྱེ་བ་བྱིན་པར་གྱུར།། བཅའ་དང་བཟའ་དང་མལ་སྟན་དེ་བཞིན་གོས།། མང་པོ་བྱེ་བ་ཐམས་ཅད་ལྟའང་ཞོག། གལ་ཏེ་རང་གི་ཤ་བྱིན་ཐོབ་ན་ནི།། ལེགས་སྤྱོད་ཡིན་ནི་ཟས་སྐོམ་སྨོས་ཅི་དགོས།། རྟག་ཏུ་བྲན་གྱུར་བསྙེན་བཀུར་བྱེད་ཅིང་ནི།། ཏིང་འཛིན་ཞི་བ་འདི་ཡང་ཚོལ་བྱེད་ལ།། མཁས་པས་རྙེད་ནས་དེ་ཡང་མྱུར་བྱེད་ཀྱང་།། དེ་ལ་བྱས་པ་གཟོ་བ་མ་ཡིན་ནོ།། བསྐལ་པ་མང་པོ་བྱི་བར་བཙལ་ཀྱང་ནི། ། ཏིང་འཛིན་འདི་ནི་ཤིན་ཏུ་རྙེད་པར་དཀའ།། དེ་ཡི་སྒྲ་ཡང་བརྒྱ་ལམ་ཐོས་འགྱུར་ན།། ཁ་ཐོན་བྱས་ནས་སྟོན་པ་སྨོས་ཅི་དགོས།། གང་གི་གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། ། རིན་པོ་ཆེས་ནི་བཀང་སྟེ་བྱིན་པ་བས།། གང་ཞིག་འདི་ལས་ཚིག་བཅད་འགའ་ལུང་མནོས།། དེ་ཡི་བསོད་ནམས་ཚད་བཟུང་མི་སླའོ།། ། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ།། གང་རྟག་བརྩོན་འགྲུས་བརྩམས་ཏེ་གནས་པ་བས།། གང་ཞིག་འདི་ལས་ཚིགས་བཅད་འགྲའ་ལུང་མནོས།། དེ་ཡི་བསོད་ནམས་ཚད་བཟུང་མི་སླའོ། ། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ།། གང་དག་མི་རྟེན་བསམ་གཏན་བསྒོམ་པ་བས།། གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོད།། དེ་ཡི་བསོད་ནམས་ཚད་བཟུང་མི་སླའོ། ། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ།། གང་རྟག་ཤེས་རབ་གནས་པར་འགྱུར་བ་བས།། གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས་དེ་ཡི་བསོད་ནམས་ཚད་བཟུང་མི་སླའོ། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་གསུམ་མོ།། །། བཟང་སྐྱོང་དེ་བས་ན། དད་པཱི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཏིང་ངེ་འཛིན་འདི་གུས་པར་བྱས་ཏེ་མཉན་པར་བྱའོ།། ཐོས་ནས་ཀྱང་གཟུང་བར་བྱ། ཀུན་ཆུབ་པར་བྱ། ཡི་གེར་བྲི་བར་བྱ། བཅང་བར་བྱ། བཀླག་པར་བྱའོ།། བཟུང་ཞིང་ཀུན་ཆུབ་པར་བྱས་ནས་ཀྱང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྒྲགས་པར་བྱའོ།། ལེགས་པར་བྲིས་ཏེ་བཞག་པར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བཟང་སྐྱོང་ང་འདས་པའི་འོག་ཏུ། མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའ་དད་པ་ཅན། དང་བ་བརྟག་པ་མང་བ་མང་པོ་འབྱུང་བར་འགྱུར་ཏེ། དེ་དག་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་མང་དུ་ཐོས་པ་ཚོལ་བར་འགྱུར་རོ།། དེ་དག་མང་དུ་ཐོས་པ་ཚོལ་བས། དམ་པའི་ཆོས་ཚོལ་བའི་ཕྱིར་ཕྱོགས་དང་ཕྱོགས་མཚམས་དག་ཏུ་རྒྱུ་བར་འགྱུར་ཏེ། བཟང་སྐྱོང་སེམས་ཅན་དེ་ལྟ་བུ་ཆོས་དོན་དུ་གཉེར་བ། ཆོས་ལ་མོས་པ། ཆོས་འདོད་པ། ཆོས་ཡོངསུ་འཛིན་པ། ཤིན་ཏུ་རྒྱས་པ་འཛིན་པའི་སེམས་ཅན་རྣམས་ཀྱི་དོན་དང་ཆེད་དུ་ཏིང་ངེ་འཛིན་འདི་ལུང་མནོས་ཤིང་བསྟན་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱི་བརླབས་ཀྱིས་བྱིན་གྱིས་བརླབས་ཏེ། གླེགས་བམ་ཆེན་པོར་ལེགས་པར་བྲིས་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་རྒྱས་བཏབ་ལ་བཞག་པར་བྱའོ།། བཟང་སྐྱོང་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱས་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་བྱེད་པ་མེད་པ། བྱ་བ་མེད་པ། མངོན་པར་འདུས་མ་བྱས་པ། ཆགས་པ་མེད་པ། དམིགས་སུ་མེད་པ། སྟོང་པ་ཉིད། མཚན་མ་མེད་པ། སྨོན་པ་མེད་པ་མཚན་ཉིད་མེད་པ། གཉིས་སུ་མེད་པ། འཇུག་པ་མེད་པ། རྟེན་པ་མེད་པ། བགྲང་དུ་མེད་པ། རྣམ་པར་བཞག་ཏུ་མེད་པ། གཟུང་བ་མེད་པ། དོར་བ་མེད་པ། གནས་པ་མེད་པ། ཆོས་ཐམས་ཅད་རྟག་ཏུ་མེད་པ་དང་། འཆད་པ་མེད་པ་དང་། རྒྱུ་ཟད་པ། སྡུག་བསྔལ་ཟད་པ་དང་། དངོས་པོ་ཟད་པ། མི་སྐྱེ་བ། མི་འགག་པ། མི་གནས་པ་མི་འཇིག་པ། ལམ་མེད་པ། ལམ་གྱི་འབྲས་བུ་མེད་པ། འཕགས་པ་ཐམས་ཅད་ཀྱི་མ་ཀྲུགས་པ། བྱས་པ་ཐམས་ཅད་ཀྱིས་སྤངས་པ། མ་ཤེས་པ་རྣམས་ཀྱིས་བོར་པ། མཁས་པ་རྣམས་ཀྱིས་ཡོངས་སུ་བཟུང་བ་སྟེ། བཟང་སྐྱོང་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་རྒྱ་གང་གིས་དེ་བཞིན་གཤེགས་པས་གསུངས་པ་རྣམས་ལ་བཏབ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་རྒྱའོ། ། བཟང་སྐྱོང་དེ་ལྟ་བས་ན་བྱང་ཆུབ་དོན་དུ་གཉེར་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཕྱི་མའི་ཚེ་ཕྱི་མའི་དུས་དེར་ཏིང་ངེ་འཛིན་འདི་ལུང་མནོད་བར་འདོད་པས་ལུང་མནོད་ཤིང་ཁ་དོན་དུ་བྱས་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྒྲགས་པར་བྱའོ། ། བཟང་སྐྱོང་དེ་ལ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཐ་ན་ཏི་ངེ་འཛིན་འདི་མཉན་པའི་ཕྱིར་ཡང་བརྩོན་པར་འགྱུར་ན། ལུང་མནོད་པ་དང་ཁ་དོན་བྱ་བའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། བཞི་གང་ཞེ་ན། སྔོན་ལྷག་པའི་བསམ་པ་ཡོངས་སུ་སྤངས་པ་དང་། སྔོན་སྨོན་ལམ་བཏབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མོས་པ་དང་། ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྗེགས་པའི་སངས་རྒྱས་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་རྒྱ་སྟོང་ཕྲག་དུ་མར་ཡང་དག་པར་བསྒྲུབས་པའི་ཆོས་དཀོན་མཆོག་གི་མཛོད་འདི་འཆང་བར་འགྱུར། སྟོན་པར་འགྱུར་སྙམ་ནས། ཆོས་ཀྱི་ཚུལ་ཐམས་ཅད་ལེན་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་མཉན་པ་དང་། གཟུང་བ་དང་། བཅང་བའི་ཕྱིར་བརྩོན་པར་འགྱུར་རོ། ། བཟང་སྐྱོང་གཞན་ཡང་ཆོས་བཞི་དང་ལྡན་ན།། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་བཙལ་བ་ལ་ཐ་ན་ཡི་གེར་བྲི་བ་ཙམ་གྱི་ཕྱིར་ཡང་བརྩོན་པར་འགྱུར་རོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཡིད་ལ་བྱེད་པ་དང་། ཕྱི་ཕྱིར་ཞིང་ཆོས་རྗེས་སུ་དྲན་པ་ལ་མཁས་པ་དང་། ཆོས་ཐམས་ཅད་དམིགས་པ་ཡོངས་སུ་གཅོད་བ་ཡིད་ལ་བྱེད་པ་དང་། མཚན་མ་ཐམས་ཅད་རྣམ་པར་འཇིགས་པ་ལ་མཁས་པ་སྟེ། བཟང་སྐྱོང་ཆོས་དེ་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་བཙལ་བ་ལ་ཐ་ན་བྲི་བ་ཙམ་གྱི་ཕྱིར་ཡང་བརྩོན་པར་འགྱུར་རོ། ། བཟང་སྐྱོང་དེ་ལ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བཙལ་བ་ལ་བརྩོན་པར་རིག་པར་བྱའོ།། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་གཟུང་དུ་མེད་པའི་དངོས་པོར་ཡོངས་སུ་གཅོད་པར་ཡངས་པའི་ཤེས་པས། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱའོ། ། སངས་རྒྱས་ཀྱི་སྐུ་དམིགས་པ་རྣམ་པར་བསྒོམས་པ་ལ་མཁས་པས། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱའོ།། དམིགས་པ་ཐམས་ཅད་དུ་སངས་རྒྱས་དམིགས་པ་ཡིད་ལ་བྱེད་པས། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱའོ།། ཆོས་ཐམས་ཅད་དངོས་པོ་དང་བྲལ་བར་མས་པ་ལ་མཁས་པས། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་ལ་བརྩོན་པར་རིག་པར་བྱ་སྟེ། བཟང་སྐྱོང་ཆོས་དེ་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་འདི་བཙལ་བ་ལ་མངོན་པར་བརྩོན་པར་རིག་པར་བྱའོ། ། བཟང་སྐྱོང་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ། དམ་པའི་ཆོས་ཀུན་ཏུ་འཁྲུག་པའི་ཚེ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་བཙལ་བ་ལ་བརྩོན་པར་གྱུར་ཅིང་། དེ་འདི་སྙམ་དུ་ཏིང་ངེ་འཛིན་འདི་ཇི་ལྟར་ན་ཤིན་ཏུ་རྒྱས་པ་དང་། རྒྱ་ཆེ་བ་དང་། ཡུན་རིང་དུ་གནས་པར་འགྱུར་སྙམ་དུ་སེམས་བསྐྱེད་པར་འགྱུར་ན། རིགས་ཀྱི་བུ་དེའི་བསོད་ནམས་མང་དུ་སྐྱེད་དེ། བསོད་ནམས་ཀྱི་ཕུང་པོ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ་བར་རིག་པར་བྱ་བ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་རྟོགས་པར་མི་ནུས་སོ། ། དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དེ། སྨོན་ལམ་གྱི་དབ་གིས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ་བར་འགྱུར་ཏེ། དགེ་བའི་རྩ་བའི་ཚོགས་ཆེན་པོ་དང་ལྡན་པ། བདག་མེད་པར་གནས་པ་ལས་ངེས་པར་འབྱུང་བ། གང་དག་གི་བསྐུལ་པ་ཚད་མེད་གྲངས་མེད་གཞལ་དུ་མེད། བསམ་གྱིས་མི་ཁྱབ་པའམ། དེ་བས་ཀྱང་ལྷག་པར་གོ་ཆ་ཆེན་པོ་བགོས་པ་རྣམས་ནི་མ་གཏོགས་ཏེ། དེ་དག་ཐམས་ཅད་ནི་བསམ་པ་ཇི་ལྟ། བ་བཞིན་དུ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་དེ་དག་ཐམས་ཅད་ནི་སྤྱོད་པའི་ཁྱད་པར་ཇི་ལྟ་བ་དང་། ཚོགས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་ངོ་།། བཟང་སྐྱོང་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འདོད་པ་དང་དགེ་བའི་རྩ་བ་རྣམ་པར་དག་པ་འཐོབ་པར་འདོད་པས། ཕྱི་མའི་དུས་ཕྱི་མའི་ཚེ། འཇིགས་པ་ཆེན་པོ་འབྱུང་བ། དམ་པའི་ཆོས་རྣམ་པར་འཇིག་པའི་དུས་དེར་ཏིང་ངེ་འཛིན་འདི་ཡི་གེར་བྲི་བ་དང་། ལུང་མནོད་པ་དང་། ཁ་ཏོན་བྱ་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྒྲག་པར་བྱ་བའི་ཕྱིར་སྦྱོར་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམ་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི། བཟང་སྐྱོང་ཏིང་ངེ་འཛིན་འདིའི་ནང་དུ་འདུས་སོ།། སངས་རྒྱས་རྗེས་སུ་དྲན་པ་ལ་མཁས་པ་བསྒྲུབ་པས་ཆོས་ཐམས་ཅད་དང་པོ་མེད་པའི་རང་བཞིན་དུ་རྟོགས་པ་འདི་ནི་སངས་རྒྱས་རྗེས་སུ་དྲན་པ་སྟེ། དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དམིགས་པ་ཐམས་ཅད་སངས་རྒྱས་ལ་དམིགས་པར་མོས་སོ། དམིགས་པ་ཐམས་ཅད་དེ་བཞིན་གཤེགས་པའི་མཐར་འཇུག་པར་བྱེད་དོ།། དམིགས་པ་འདིས་དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡ་མ་བརླར་ཤེས་སོ།། དེ་དག་ཇི་ལྟ་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་དམིགས་པར་བྱེད་པ་དང་། ཡིད་ལ་བྱེད་པ་དེ་ལྟ་དེ་ལྟར་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་པ་སྟེ། དེ་ལྟ་བུ་ལ་གནས་པ་དེ་དག་ནི་ཕྱོགས་གང་དུ་ཡང་དེ་བཞིན་གཤེགས་པ་མངོན་སུམ་དུ་མི་འགྱུར་བ་མེད་དེ། དེ་དག་ནི་ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་སྦྱོང་ངོ་།། དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་ནས་ཚོགས་ཆུང་ངུ་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དམིགས་པ་བྱས་ན། འདི་ཉིད་དུ་དེ་བཞིན་གཤེགས་པ་དེ་དག་མངོན་སུམ་དུ་མཐོང་བར་འགྱུར་རོ།། ཚད་མེད་པས་དེ་དག་གིས་དེ་བཞིན་གཤེགས་པས་མངོན་སུམ་དུ་མཐོང་བ་ཡོངས་སུ་དག་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཚད་མེད་པ་རྣམས་དེའི་མིག་ལམ་དུ་སྣང་བར་འགྱུར་རོ།། དམིགས་པ་ཐམས་ཅད་ཀྱི་རང་བཞིན་ནི་གཟུང་བ་མེད་པའི་ཕྱིར། ། དམིགས་པ་གཅིག་གིས་དམིགས་པ་ཐམས་ཅད་འཛིན་པ་ཡང་མ་ཡིན། དམིགས་པ་ཐམས་ཅད་ཀྱིས་དམིགས་པ་གཅིག། འཛིན་པ་ཡང་མ་ཡིན་ནོ།། ཆོས་ཐམས་ཅད་ཀྱི་རང་བཞིན་ཉེ་བར་བརྟགས་ན། ཤིན་ཏུ་ཉེ་བར་ཞི་བའི་ཕྱིར་དངོས་པོ་མེད་པ་ཉིད་དུ་སྒྲུབ་བོ།། བཟང་སྐྱོང་དེ་ལྟ་བུ་ལ་གནས་པ་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བ་རྣམ་པར་དག་པར་འགྱུར་ལ། རྣམ་པར་དག་ནས་ཀྱང་རློམ་སེམས་སུ་མི་བྱེད། སྤྲོས་པར་མི་བྱེད་དེ། དེ་དག་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་འདི་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པ་ལ་གནས་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། དེ་བཞིན་གཤེགས་པ་གང་དག་གསུངས་པ་ནི།། ཇི་ལྟ་བཞིན་དུ་ཡེ་ཤེས་འཇུག་པ་ཡིན། ། དེ་ནི་འཇིག་རྟེན་གཙོ་བོ་སྟོན་པའི་སྲས།། ཏིང་ངེ་འཛིན་འདི་ལ་ནི་ཡིད་ཀྱང་བརྩོན།། གང་ཞིག་སངས་རྒྱས་དམིགས་པ་རྗེས་དྲན་པ།། དམིགས་པའི་དོན་ནི་དུ་མ་མཐོང་བར་འགྱུར། ། དེ་ལ་ཏིང་འཛིན་ཞི་བ་བལྟ་དཀའ་འདི།། ཕྱི་མའི་དུས་ན་མངོན་སུམ་དུ་ཡང་འགྱུར།། མཁས་པ་གང་ཞིག་ཆོས་ཀུན་མི་རྟེན་ཅིང་།། སེམས་ཅན་དྲག་ལ་ཕན་ཕྱིར་ཡིད་བརྩོན་པ། ། དེ་དག་ཕྱི་དུས་འཇིག་པ་ཆེན་པོའི་ཚེ།། ཏིང་ངེ་འཛིན་འདི་ལ་ནི་སྦྱོར་བ་འགྱུར།། སེམས་ཅན་རྣམས་ལ་ཕན་ཞིང་གཟུང་བའི་ཕྱིར། ། གང་ཞིག་རྟེན་དུ་བལྟ་དཀའ་ཆོས་འདི་ལ།། དྲན་པ་བརྟན་པ་འཇོག་ཅིང་བརྩོན་བྱེད་པ།། དེ་ཡི་ལག་ཏུ་ཏིང་འཛིན་འདི་འགྲོ་འགྱུར།། གང་ཞིག་དྲན་དང་བློ་གྲོས་རྟོགས་པ་དག། སངས་རྒྱས་དམིགས་པར་རྟག་ཏུ་འཇོག་བྱེད་ཅིང་།། གཞན་དྲིང་མི་འཇོག་རྣལ་འབྱོར་བརྩོན་པ་དེ།། ཏིང་ངེ་འཛིན་ཆེན་པོ་འདི་ལ་གནས་པར་འགྱུར།། རྗེས་སུ་གཟུང་ཕྱིར་བལྟ་དཀའི་ཚིག་ལ་གནས།། འཇིག་རྟེན་ཐམས་ཅད་ལ་ནི་ཡིད་སྐྱོ་ཞིང་།། མཁས་པ་སྲིད་པ་ཐམས་ཅད་མི་འདོད་པ།། དེ་དག་ཏིང་ངེ་འཛིན་ཆེན་པོ་འདི་ལ་བརྩོན།། བྱང་ཆུབ་འདོད་ཅིང་ཕན་ཕྱིར་སྙིང་བརྩེ་གང་།། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་རྟོག། ཞི་བའི་ཆོས་ལ་སྨོན་ལམ་འདེབས་བྱེད་པ།། དེ་དག་ཏིང་ངེ་འཛིན་འདི་ལ་བརྟན་པར་བརྩོན།། ཐབ་པ་མེད་ཅིང་རྩོད་པ་མེད་ལ་ཞི།། བདེ་བར་གཤེགས་པས་བསྟོད་པའི་ཆོས་ཚོལ་ཞིང་།། སངས་རྒྱས་དམག་པ་ལ་ནི་རྟག་གནས་པ།། དེ་དག་ཏིང་ངེ་འཛིན་འདི་ལ་རྟག་བརྩོན་ཡིན།། གང་ངག་ཕྱི་མའི་སྡིག་པའི་དུས་དེ་ན། ། ཏིང་ངེ་འཛིན་འདི་ལ་ནི་བརྩོན་བྱེད་པ།། སྤྱོད་པའི་ཡོན་ཏན་མཐའ་ཡས་ལ་གནས་པ།། དེ་ཡི་ཡོན་ཏན་འཇིག་རྟེན་མགོན་པོས་མཁྱེན། ། གང་དག་ཟག་པ་མེད་པའི་ཆོས་ཤེས་ཤིང་།། ཤིན་ཏུ་ཚུལ་བཞིན་ཟག་པ་རྣམས་ཀྱང་ཤེས།། རྟོགས་པ་མེད་སྤྱོད་མཉམ་པ་ཉིད་གནས་པ།། དེ་དག་ཏིང་ངེ་འཛིན་འདི་ལ་རྟགས་བརྩོན་ཡིན། ། གང་དག་བདེ་གཤེགས་ཆོས་ནི་ཚད་མེད་ལ།། ཤེས་བཞིན་དུ་ཡང་ཀུན་ཏུ་སྨོན་འདེབས་ཤིང་།། ཀུན་མཁྱོན་ཡེ་ཤེས་ལ་ནི་བརྟན་གནས་པ།། དེ་ལ་ཏིང་འཛིན་ཞི་བ་འདི་སྟོན་ཏོ། ། མཚན་ཉིད་མེད་ཅིང་མཚན་ཉིད་ལས་ཀྱང་འདས།། ཉོན་མོངས་པ་དང་རྣམ་དག་གང་ཡང་མེད།། རང་བཞིན་སྟོང་པའི་ཆོས་རྣམས་གང་ཤེས་པ།། དེ་དག་བདེ་བར་གཤེགས་པ་ཚད་མེད་མཐོང་། ། གང་ཞིག་དམིགས་པ་མཐའ་མེད་བརྩོན་བྱེད་ཀྱང་།། དམིགས་པ་ཐམས་ཅད་སྟོང་པ་ཉིད་དུ་ཤེས།། བལྟ་བར་དཀའ་དག་མཐོང་ནས་རློམ་སེམས་མེད།། དེས་ནི། བདེ་བར་གཤེགས་པ་ཚད་མེད་མཐོང་།། གང་ཞིག་དོན་མཐོང་ཡིད་ཀྱང་རྣམ་པར་དག། ཉོན་མོངས་མེད་ཅིང་ཞི་བའི་གོ་འཕང་གནས།། རྡུལ་དང་དྲལ་ཞིང་མཉན་དོན་ཆོས་སྟོན་པ།། དེ་ལ་ཏིང་ངེ་འཛིན་ཞི་བ་འདི་བཤད་དོ།། བདེ། གཤེགས་སྲས་པོ་ཟུག་རྔུ་ཕྱུང་བ་གང་།། བདེན་པ་མ་ཉམས་ཐེ་ཙོམ་རྣམས་དང་བྲལ།། སྲོག་ཆགས་ཕན་ཕྱིར་བྱམས་པ་སྒོམ་བྱེད་པ་དེ་དག་ལ་ནི་དོན་མཆོག་འདི་བཤད་དོ། ། གང་ཞིག་རང་བཞིན་གྱིས་ནི་མ་རིག་བྲལ།། རེག་པས་མ་རིག་གནས་ནི་སེལ་བྱེད་ཅིང་།། དོན་མཆོག་འདི་ལ་བརྩོན་པར་སྦྱོར་བྱེད་པ།། དེ་ལ་ཏིང་འཛིན་ཞི་བ་འདི་བཤད་དོ། ། རྣམ་དག་གནས་ཤིང་ཀུན་ནས་ཉོན་མོངས་མེད།། ཡེ་ཤེས་མཐའ་ཡས་མངོན་པར་འདོད་བྱེད་ཅིང་།། ངེས་དོན་འདི་ལ་མཆོག་ཏུ་དགོ་འཐོབ་པ།། དེ་ལ་རྣམ་ཐར་ཞི་བ་འདི་བཤད་དོ། ། གང་ཞིག་ཀུན་ཏུ་སྦྱོར་བ་ཀུན་ལས་གྲོལ།། བརྟན་ཞིང་སྲོག་ཆགས་ཀུན་ལ་སྣང་བརྩེ་ཞིང་།། གནོད་སེམས་མེད་ཅིང་ཞི་ལམ་དགའ་བརྟན་པ།། དེ་ལ་ཏིང་ངེ་འཛིན་འདི་ནི་ཡང་དག་བསྒྲགས། ། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། བཟང་སྐྱོང་ཆོས་འདི་བཞིས་ནི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་བའོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ལ་གུས་པ་དང་། མི་ཕྱེད་པའི་དང་བ་ཡིད་ལ་བྱེད་པ་དང་། ཆོས་ལ་གུས་ཤིང་ཉན་འདོད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་སྟེ། བཟང་སྐྱོང་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འཐོབ་པར་འགྱུར་བའོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་བའི་ཆོས་བཞིའོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། ཡིད་ལ་ཕྱིན་ཅི་ལོག་མེད་པར་སངས་རྒྱས་ལ་དམིགས་པའི་སེམས་དང་། ཆོས་ལ་ཐེ་ཙོམ་མེད་པས་དམིགས་པའི་ངོ་བོ་ཉིད་རང་བཞིན་གྱིས་དགེ་བ་ལ་རྟོགས་པ་དང་། དངོས་པོ་ལ་མཁས་པ་ལ་རྟོག་པས། ངོ་བོ་ཉིད་ཀྱིས་སྟོང་པ་རང་བཞིན་གྱིས་སྟོང་པར་ཤིན་ཏུ་སྟོང་པའི་ཆོས་ཐམས་ཅད་ལ་ཡང་དག་པར་གཞོལ་བ་དང་། འདུ་ཤེས་རྣམས་པར་འཇིག་པ་ལ་མཁས་པ་ཡོངས་སུ་གཅོད་པ་ཤེས་པ་ལ་རྟག་པས་དངོས་པོ་ཡ་མ་བརླ་རྣམ་པར་འཇིག་པ་སྟེ། བཟང་སྐྱོང་ཆོས་དེ་བཞིས་ནི་བྱང་ཆུབ་སེམསད་དཔའ་རྣམས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་བའོ།། བཟང་སྐྱོང་གཞན་ཡང་བྱང་ཆུབ། སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་བའི་ཆོས་འདི་བཞིའོ།། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་རྗེས་སུ་གཟུང་བ་དང་། དམ་པའི་ཆོས་འཛིན་པ་ལ་མཁས་པ་དམ་པའི་ཆོས་སྲུང་ཞིང་སྦེད་པ་དང་། སེམས་ཅན་ཐམས་ཅད་ལ་བདེ་བར་སྦྱོར་ཞིང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་དང་། སེམས་ཅན་གྱི་འདུ་ཤེས་རྣམ་པར་འཇིག་པ་ལ་མཁས་པ་སྟེ། བཟང་སྐྱོང་ཆོས་དེ་བཞི་ནི་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་འདི་འཐོབ་པར་འགྱུར་བའོ།། བཟང་སྐྱོང་དེ་ལྟ་བས་ན་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ཆེར་ཁྲུག་པའི་ཚེ། དེར་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ཀྱང་ཡོངས་སུ་བཏང་བ་ལ་གནས་ཏེ་ཏིང་ངེ་འཛིན་འདི་གཟུང་བར་བྱའོ།། ཀུན་ཆུབ་པར་བྱའོ།། བཅང་བར་བྱའོ།། བཟང་སྐྱོང་ཆོས་ཐམས་ཅད་གཟུང་བ་ལ་མཁས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་བྱེ་བ་མཐའ་ཡས་པ་ཡང་དག་པར་བསྒྲུབས་པའི་ཆོས་རིན་པོ་ཆེའི་མཛོད་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་འཇོག་པར་འགྱུར། ། ཆོས་འདི་ལྟ་བུ་འདི་དག་ཡང་དག་པར་བསྟན་པ་དང་རྣམ་པར་འབྱེད་པ་དང་། ཡང་དག་པར་བསྒྲགས་པར་བྱ་བ་ཡང་ནུས་པར་འགྱུར་རོ།། བཟང་སྐྱོང་བྱང་ཆུབ་སེམས་དཔའ་རྣམས་ལ་བརྩོན་འགྲུས་ཀྱི་གནས་འདི་དག་ནི་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་ཀྱི་བྱིན་གྱི་རློབས་ཀྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་ལྔ་འཇུག་པར་འགྱུར་རོ།། བཟང་སྐྱོང་གང་ཞིག་ཕྱི་མའི་ཚེ་ཕྱི་མའི་དུས་དེར་ཆོས་འདི་དག་འཇོག་པར་བྱེད། ཡང་དག་པར་འཛིམ་པར་འགྱུར་བའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བ་དང་། སེམས་ཅན་ཐམས་ཅད་ཡང་དག་པར་གཟུང་བའི་ཕྱིར་ཞུགས་པ་ཡིན་ཏེ། དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེ་འཇིག་རྟེན་གྱི་ཁམས་གཞན་དག་ན་འདུག་ཀྱང་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་འགྱུར་རོ། ། དེ་ནི་ཆོས་འདོད་པ་དང་ཆོས་དོན་དུ་གཉེར་བ་དང་། ཆོས་སྒྲུབ་པའི་ཕྱི་མའི་ཚེ་ཕྱི་མའི་དུས་ན། ཏིང་ངེ་འཛིན་འདིའི་ཕྱིར་བརྩོན་པར་འགྱུར་རོ།། གང་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན། ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་འཛིན་པར་འགྱུར་པ་དེ་དག་ནི། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ནོར་རྣམས་ཀྱིས་ཡང་དག་པར་གཟུང་བར་འགྱུར་རོ།། གང་དག་ཕྱི་མའི་ཚེ་ཕྱི་མའི་དུས་ན། ཆོས་འདི་ལྟ་བུ་འདི་དག་ཡོངས་སུ་བཟུང་བའི་ཕྱིར་གནས་པར་འགྱུར་བ་དེ་དག་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་འཛིན་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་ཞིག་བརྟན་པ་ཆོས་སེམས་པ།། ཕྱི་མའི་དུས་སུ་གྱུར་པ་ན།། དམ་ཆོས་གཟུང་ཕྱིར་གནས་གྱུར་པ།། དེ་དག་ལ་ནི་གཟུངས་འདི་བཤད།། གང་དག་དམ་ཆོས་རིན་ཆེན་ཕྱིར།། འཇིགས་པ་མེད་པ་བརྩོན་བྱེད་ཅིང་།། སྙིང་ཡང་བརྩེ་ལ་སྙིང་རྗེ་ཅན།། དེ་དག་ཆོས་ཀྱང་འཛིན་པར་གནས།། བརྟན་ཞིང་བག་ཡོད་དགའ། བ་དང་།། ཐུབ་པའི་ཆོས་ཀྱི་མཛོད་འཛིན་པ།། དེ་དག་དོན་དུ་ཏིང་ངེ་འཛིན།། སྲུངས་རྒྱས་སྔགས་པ་བསྟན་པ་ཡིན།། སངས་རྒྱས་ཆོས་རྒྱལ་སྐྱོབ་པ་ཡིས།། གང་དག་བྱིན་གྱིས་བརློབས་གྱུར་པ། ། དེ་དག་ཕྱི་དུས་འཇིགས་བཅས་ཚེ།། ཆོས་ཉིད་འདི་ནི་འཛིན་པར་འགྱུར།། ཤིན་ཏུ་ངོ་བོ་ཉིད་ཀྱིས་ནི།། ཆོས་རྣམས་སྟོང་ཞིང་སྤྲོས་མེད་པ། དྲན་དང་ལྡན་པ་གང་གིས་ཤེས།། དེ་དག་ཆོས་ཀྱང་འཛིན་པར་འགྱུར།། ཐམས་ཅད་ཆོས་ཀྱི་ངོ་བོ་ཉིད།། འདི་ལས་བསམ་ཡས་ཚིགས་སུ་བཅད།། ངེས་པ་ཉིད་དུ་ཤེས་གྱུར་པ། ། དེ་དག་ཆོས་ཀྱང་འཛིན་པར་འགྱུར།། ཟད་པ་ཤེས་ལ་གནས་གྱུར་ཅིང་།། མི་སྐྱེ་བ་ལའང་རབ་གནས་ལ།། སེམས་ནི་དུལ་ཞིང་ངོ་ཚ་ལྡན།། དེ་དག་ཆོས་ཀྱང་འཛིན་པར་འགྱུར། ། བདེ་བའི་ལས་ནི་བླ་ན་མེད།། ཅུང་ཤེས་ལམ་ལ་ཞུགས་པར་འགྱུར་རོ།། བརྩོན་འགྲུས་བྱིན་གྱིས་བརློབས་དང་ལྡན།། དེ་དག་ཆོས་འཛིན་གན་པ་ཡིན། ། དེ་བཞིན་ཉིད་དང་མི་རྟོག་དོན།། གང་གིས་ཆོས་ཉིད་རབ་ཏུ་ཤེས།། དེ་ལ་སྤྲོས་པ་ཅི་ཡང་མེད།། དེ་དག་ཆོས་ཀྱང་འཛིན་པར་འགྱུར།། ཐམས་ཅད་ཆོས་ནི་བྱེད་མེད་པར། ། ངེས་པ་གང་གིས་ཤེས་པ་དེ།། ཅི་ཡང་མེད་ཅིང་ལེན་མེད་པའི།། ཆོས་ཉིད་དེ་ནི་སྒྲོགས་པར་འགྱུར།། འཛིན་པ་མེད་ཅིང་འཛིན་དང་བྲལ། ཆོས་ཀུན་སྔོན་ནུས་ཡོངས་དག་པར། ། གང་གིས་ཤེས་པ་དེ་དག་ནི།། ཆོས་ཀྱི་སྤྱོད་ཡུལ་གནས་པ་ཡིན།། ཆོས་ཀུན་ངོ་བོ་མེད་པར་ནི།། དེ་ལྟར་ཆོས་ལ་གང་གིས་ཤེས། ། དེ་དག་ཆོས་ཉིད་འདི་སྟོན་འགྱུར།། དེ་ནི་འཇུག་པ་ཡིན་པར་བཤད།། མིང་མེད་མིང་དང་བྲལ་གྱུར་ཅིང་།། སྤྲོས་པ་མེད་ཅིང་མི་སྐྱེ་བར།། གང་གིས་ཆོས་ཉིད་རབ་ཤེས་པ། ། དེ་དག་སྟོང་པ་ཉིད་ཀྱང་སྒྲོགས།། གནས་པ་མེད་ཅིང་འགྲོ་བ་མེད།། ནམ་མཁའི་རང་བཞིན་དག་པར་ནི།། གང་གིས་ཆོས་འདི་ཤེས་གྱུར་པ།། དེ་ལ་ཏིང་འཛིན་སྐྱེ་བར་གྱུར།། གང་དགྲ་འདུ་ཤེས་དོན་རྟག་བྲལ།། ངོ་བོ་ཉིད་དུ་མ་སྐྱེས་ཤིང་། དངོས་པོའི་འདུ་ཤེས་བྲལ་གྱུར་པ།། དེ་དག་ཆོས་ཉིད་སྟོན་པར་འགྱུར།། རྒྱས་གང་བ་དེ་ནི་རྒྱུ་མེད་དེ། ། དགོངས་པའི་ཚིག་ཏུ་གསུངས་པ་ཡིན།། གང་གིས་དེ་ལྟར་ཤེས་གྱུར་པ།། དེ་དག་ཆོས་ཉིད་འདི་འཛིན་གྱུར།། བཟང་སྐྱོང་གིས་ཞུས་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ཉི་ཤུ་ལྔ་པའོ། ། །། བཟང་སྐྱོང་དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་གིས་བག་ཡོད་པ་ལྷུར་བླངས་ཏེ། ཆོས་འདི་དག་ཡང་དག་པར་བསྡུ་བར་བྱའོ། ། འདིའི་ཕན་ཡོན་ལ་ཡང་སྦྱར་བར་བྱའོ།། ཚུལ་བཞིན་དང་ཡང་ལྡན་པར་བྱའོ།། ཚུལ་བཞིན་མ་ཡིན་པ་ཡང་ཡོངས་སུ་སྤང་བར་བྱ་སྟེ། དེ་ལྟར་ན་ཆོས་ཟབ་མོ་བལྟ་བར་དཀའ་བ། རྟོགས་པར་དཀའ་བ། གང་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་པར་བྱེད་པ། རང་བྱུང་རྣམས་ཀྱི་ཡེ་ཤེས་དང་། ཐོག་པ་མེད་པའི་ཡེ་ཤེས་འཐོབ་པར་བྱེད་པ་འདི་སྙེད་པར་མི་དཀའ་བར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། ལི་ཙ་བྱི་གཞོན་ནུ་རིན་ཆེན་འབྱུང་གནས་དང་། ཁྱིམ་བདག་དེད་དཔོན་ཆེ་བཟང་དང་། ཚོང་དབེན་གྱི་བུ་ཕུག་སྦས་དང་། བྲམ་ཟེ་འདམ་བུས་བྱིན་དང་། བྱང་ཆུབ་སེམས་དཔའ་དབང་པོས་བྱིན་དང་། ཁྱིམ་བདག་ཆུ་ལྷ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་པོ་དེ་དག་དང་། འཁོར་བཞི་པོ་ལས་ཇི་སྐད་ཅིག་འདུས་པ་དེ་དག་ཐམས་ཅད་དང་། ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ངས་བསྐལ་པ་བྱེ་བ་ཁྲག་ཁྲག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབས་པ། བླ་ན་མེད་པའི་ཆོས་རིན་པོ་ཆེའི་མཛོད་འདི་དང་།། འཇིག་རྟེན་ཐམས་ཅད་ཡང་ཆེས་པར་མི་འགྱུར་བ། ཟབ་མོ་དོན་ཟབ་མོ། ། རྣམ་པར་ཐར་པ་གསུམ་གྱི་སྒོའི་ཚུལ་བཤད་པ། བབ་མོ་བྱང་བ། མཐོང་བར་དཀའ་བ། རྟོགས་པར་དཀའ་བ། མཁས་ཤིང་ཤེས་པས་རིག་པ། རྒྱ་ཆེ་བ། གྱ་ནོམ་པ། དོན་ཕུན་སུམ་ཚོགས་པའི་མདོ་སྡེ་འདི་ལྟ་བུ་འདི་ཡང་ཁྱེད་ལ་གཏད་དོ།། རྗེས་སུ་གཏད་དོ།། གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྟེན་དུ་འགྱུར་བ་དེ་དག་ཀྱང་ཁྱེད་ལ་ཉིས་འགྱུར་དུ་རྗེས་སུ་གཏད་ཀྱིས། ཁྱེད་ཀྱིས་ཅི་ནས་ཀྱང་བྲི་བར་བྱའོ།། མཉན་པར་བྱའོ།། གཟུང་བར་བྱའོ།། ཀུན་ཆུབ་པར་བྱའོ།། བཅང་བར་བྱེན་བཀླག་པར་བྱའོ། ། ཤིན་ཏུ་རྒྱས་པ་དང་། རྒྱ་ཆེར་བྱ་བའི་ཕྱིར་གཞན་དག་ལ་ཡང་རྒྱ་ཆེར་བཤད་པར་བྱའོ།། བསྟན་པར་བྱའོ།། ཡང་དག་པར་བསྒྲགས་པར་བྱའོ།། སེམས་ཅན་ཐམ་ཅད་རྗེས་སུ་གཟུང་བའི་ཕྱིར་བསྒོམ་པའི་སྦྱོར་བ་ལ་བརྩོན་པར་བྱའོ། ། ཇི་སྐད་བསྟན་པ་བཞིན་དུ་ཆོས་ཀྱིས་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱ་སྟེ། དེ་ཅི་ནས་ཀྱང་སྐྱེས་བུ་ཐ་མ་པར་མ་གྱུར་པར་བྱའོ། ། བཟང་སྐྱོང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཏིང་ངེ་འཛིན་འདི་ཐོས་ལ། ཐོས་ནས་ཀྱང་ལུང་མ་ནོད་པར་བྱེད། ཁ་ཏོན་དུ་བྱེད། ཀུན་ཆུབ་པར་བྱེད་པ་ན། དེས་ལྷག་པའི་བསམ་པས་གུས་པར་བྱས་ཏེ། མཉན་པར་བྱའོ།། ལུང་མནོད་པར་བྱའོ།། བཤད་པར་བྱའོ།། གང་དག་གཞན་དག་ལ་སྟོན་ཏམ་ཀློག་ཏུ་འཇུག་ན། དེས་ཀྱང་ལྷག་པའི་བསམ་པས་རྒྱ་ཆེ་བར་བྱ་བའི་ཕྱིར། ཅི་ནས་ཀྱང་ཏིང་ངེ་འཛིན་འང་ཡུན་རིང་དུ་གནས་པ་དང་། ཤིན་ཏུ་རྒྱས་པ་དང་། ཤིན་ཏུ་རྒྱ་ཆེར་གཞན་དག་ལ་བསྟན་པར་བྱ། ཀློག་ཏུ་གཞུག་པར་བྱ་སྟེ། འདི་ནི་ཁྱེད་ལ་རྗེས་སུ་བསྟན་པར་བྱ་བ་ཡིན་ནོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། སེམས་ཅན་གྲངས་མེད་ཚད་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་དོ། ། བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ནས་འདུས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཏིང་ངེ་འཛིན་འདི་ཉིད་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ།། ལྷ་རྣམས་ཀྱིས་ཀྱང་བར་སྣང་ལས་མེ་ཏོག་གིས་ཆར་ཕབ་པོ། ། རྔ་བོ་ཆེ་དག་ཀྱང་མ་བརྡུངས་པར་སྒྲ་བྱུང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང་། དགེ་སློང་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་གང་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།

CLOSE WINDOW