CLOSE WINDOW

S130: སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

བུད་དྷ་ཨ་ནུ་སྠི་ཏི་ས་མ་དྷི་ས་མུ་དྲ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་ཕུ་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ཤིང་ནྱ་གྲོ་ཏའི་གཞལ་མེད་ཁང་ན་བཞུགས་སོ། ། དེའི་ཚེ་ཤཱཀྱ་མིང་ཆེན་ཞེས་བྱ་བས། སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ཏེ། དབྱར་ཟླ་གསུམ་མཆོད་པ་བྱས་སོ།། ཚུལ་ནས་བྱུང་ནས། དེའི་ཚེ་ཡབ་ཟས་གཙང་མ་དང་། གོའུ་ཏ་མི་འཁོར་དང་བཅོས་ཏེ། དགེ་འདུན་གྱི་གནས་ཁང་དུ་ལྷགས་ནས། སངས་རྒྱས་ཀྱི་དགེ་སློང་གི་དགེ་འདུན་རྣམས་ལ་མཆོད་ཅིང་ཕྱག་འཚལ་ཏེ། ཚེམས་ཤིང་དང་སྲན་ཆེ་ཕུལ་ནས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་བཅོམ་ལྡན་འདས་གང་ན་ཞུགས་པར་འགྲོ་ན་རུང་ངམ་ཞེས་གསོལ་པ་དང་། དེ་ནས་དགའ་བོས་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རྒྱལ་པོ་ཡབ་འདིར་ཕྱིན་ན། དམ་པའི་ཆོས་གླེང་བ་ལ་སྤོབས་པ་སྐྱེད་པར་འགྱུར་དུ་ངེས་ཀྱིས། ཁྱོད་སོང་ལ་དགེ་སློང་རྣམས་ཀྱང་སྦྲོན་ཅིག། བསྐྱེད་མོས་ཚལ་དུ་སོང་ལ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཤཱ་རིའི་བུ་དང་། མོའུ་འགལ་ཡ་ན་དང་། ཀ་ཏྱ་ཡ་ན་དང་། མ་འགགས་པ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་ཀྱང་། དུས་གཅིག་ཏུ་འདུས་ཤིག་པར་སྦྲོན་ཅིག་ཅེས་བཀའ་སྩལ་པའི་གསུང་དབྱངས་ཀྱིས་ཕྱོགས་བཅུ་ཀུན་ཏུ་གྲགས་པར་གྱུར་ཏོ། ། དེའི་ཚེ་ལྷའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། དྲི་ཟའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། ཀླུའི་དབང་པོ་ལ་སོགས་པ་ཐམས་ཅད་འཁོར་དང་བཅས་ཏེ་འདུས་པར་གྱུར་ཏོ། ། དེའི་ཚེ་རྒྱལ་པོ་ཡབ་ཀྱང་ཤཱཀྱ་མིང་ཆེན་ལ་སོགས་པ་ཤཱཀྱའི་བུ་ཁྲི་ཕྲག་སུམ་ཅུ་རྣམས་དང་འགྲོགས་ཏེ། ལྷན་ཅིག་དུ་བཅོམ་ལྡན་འདས་ཀྱི་གཞལ་མེད་ཁང་དུ་ལྷགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་གཞལ་མེད་ཁང་ལ་དེ་དག་གིས་ཤེལ་གྱིས་རི་བོ་དང་འདྲ་བར་མཐོང་སྟེ། མགྲིན་གཅིག་ཏུ་བཅོམ་ལྡན་འདས་ལ་སྤྱི་བོས་གཏུགས་ནས་ཕྱག་འཚལ་ཏོ།། མགོ་མ་གཏེག་པའི་བར་དུ་སངས་རྒྱས་ཀྱི་སྤྱན་སྔ་ན། རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་པདྨོ་ཆེན་པོ་གཅིག་ཡོད་པར་གྱུར་ཏེ། པདྨོ་དེའི་སྟེང་ནི་འོད་ཀྱི་ཁང་པ་ཆེན་པོ་བརྩེགས་པ་ཆེན་པོ་གཅིག་ཡོད་པར་མཐོང་ངོ་། ། རྒྱལ་པོ་ཡབ་ཀྱིས་དེ་ལྟ་བུ་དེ་དག་མཐོང་ནས། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ངོ་མཚར་རྨད་དོ་ཞེས་བསྔགས་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་རྒྱལ་པོ་ཡབ་འདུག་པ་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནི་བདག་གི་སྲས་ལགས་ཏེ། བདག་ནི་དེ་བཞིན་གཤེགས་པའི་ཡབ་ལགས་ན། བདག་གིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཐོང་བ་ན། ཕྱི་རོལ་འབའ་ཞིག་ནི་མཐོང་གི། ནང་གི་དོན་ནི་མ་མཐོང་ངོ་།། དོན་གྲུབ་ཁྱོད་ཁབ་ན་བཞུགས་པའི་ཚེ། བྲམ་ཟེ་མཚན་མཁན་གྱིས་བལྟས་ན། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་ངོ་།། ད་མངོན་པར་རྫོགས་པར་སངས་རྒྱས་ནས་འོད་ཟེར་མངོན་པར་སྣང་བ་ནི། སྔོན་པས་ཁྲི་ཕྲག་དུ་མས་འཕགས་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་མ་འོངས་པའི་སེམས་ཅན་དག་ཇི་ལྟ་བུར་སངས་རྒྱས་ཀྱི་སྐུའི་གཟུགས་དང་། མཚན་དང་། དེ་བཞིན་གཤེགས་པའི་འོད་ཟེར་རྟག་མའི་ཚད་བརྟག་པར་བགྱི་བ་ལྷའི་མཆོག་གིས་བདག་དང་ཕྱི་མ་མ་འོངས་པའི་སེམས་ཅན་རྣམས་ཀྱི་སླད་དུ་རྣམ་པར་ཕྱེ་སྟེ་བཤད་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ། ཏིང་ངེ་འཛིན་དེ་ལས་བཞེངས་ནས། འཛུམ་པ་མཛད་དེ། སངས་རྒྱས་དག་གིས་ཆོས་ཉིད་ཀྱིས་འཛུམ་པ་མཛད་ན། ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་ཟེར་ཞལ་གྱི་སྒོ་ནས་བྱུང་ངོ་།། ཁ་དོག་རྣམ་པ་ལྔ་པོ་དེ་དག་ལས་བོང་ཁ་དོག་ལྔ་བརྒྱར་གྱུར་ནས། ཞལ་གྱི་སྒོ་ནས་བྱུང་སྟེ། རྒྱལ་པོ་ཡབ་ཀྱི་སྤྱི་བོ་ལ་རེག་པར་བྱས་སོ། ། རྒྱལ་པོ་ཡབ་ཀྱི་སྤྱི་བོ་ནས་འོད་དེས་འོད་ཀྱི་ཁང་པ་བརྩེགས་པ་སྣང་བར་བྱས་སོ།། འོད་ཀྱི་ཁང་པ་བརྩེགས་པ་ལ་གཞལ་མེད་ཁང་སྣང་བར་གྱུར་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་གྱུར་ཏེ། ཕྱིར་བཅོམ་ལྡན་འདས་ཀྱི་གཙུག་ཏུ་ནུབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་། མ་འོངས་པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་མཐོང་བར་འགྱུར་བའི་ཆོས་དེ་བཞིན་གཤེགས་པས་བཤད་པར་བྱའོ།། བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་གསོལ་ནས། རྒྱལ་པོ་ཡབ་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཛམ་བུ་གླིང་ན་སེང་གེའི་རྒྱལ་པོ་བྱེ་མ་ལ་ཞེས་བྱ་བ་ཡོད་དེ། སེང་གེའི་ཆོས་ཀྱིས་ལོ་བཞི་བཅུར་ཚང་ན་ཕོ་མོ་གདོད་ཕྲད་དེ། ལྷན་ཅིག་འཁྲིལ་མ་ཐག་ཏུ་མཆོང་ཞིང་སྒྲ་སྒྲོགས་ཏེ། འགྲེ་ཞིང་ལུས་རྡེབས་ཀྱང་སྣང་བ་མེད་དོ། ། སེང་གེ་དེའི་ཕྲུ་གུ་མའི་མངལ་ན་འདུག་པའི་ཚེ་ན་ཡང་། རི་དགས་ཀྱི་རྒྱལ་པོ་དེ་ཉིད་དང་ཐ་དད་པ་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཤེས་པར་གྱིས་ཤིག། མངལ་ན་གནས་པའི་ཚེ་སྒྲ་སྒྲོགས་ཤིང་། འཕུར་བ་ལྟུང་བ་དང་འགྲོ་བ་བོག་པར་གྱུར་པ་ནི་མི་སྲིད་དོ།། རྒྱལ་པོ་ཡབ་ཀྱིས་གསོལ་པ། བཅོམ་ལྡན་འདས་རི་དགས་ཀྱི་རྒྱལ་པོ་དེའི་ཕྲུ་གུ་མའི་མངལ་ན་མཆིས་པའི་ཚེ་ན། མགོ་དང་། མིག་དང་། མཆེ་བ་དང་། སྡེར་མོ་དང་། རལ་པ་དང་། ལུང་ལོ་ལ་སོགས་པ་ཀུན་པ་དང་འདྲ་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཕ་དང་མི་འདྲ་བ་མེད་དེ། མཐུ་རྩལ་ནི་ཕའི་བརྒྱ་སྟོང་གི་ཆར་ཡང་མི་ཕོད་ངོ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་ཕྱི་མ་མ་འོངས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་སོགས་པ་ཐམས་ཅད་ལས་གང་ཡང་རུང་། ལུས་དྲང་པོར་བསྲང་སྟེ། སེམས་རྩེ་གཅིག་ཏུ་ནང་དུ་ཡང་དག་པར་གཞག་ནས། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རྗེས་སུ་དྲན་པར་བྱེད་ན། གང་ཟག་དེའི་སེམས་ནི་སངས་རྒྱས་ཀྱི་ཐུགས་དང་འདྲ་བས་སངས་རྒྱས་དང་ཐ་མི་དད་དེ་ཉོན་མོངས་པས་ཤིན་ཏུ་ཉོན་མོངས་ཀྱང་ཉེས་པ་ཐམས་ཅད་ཀྱི་ཟིལ་གྱིས་མི་ནོན་ཏེ། ཕྱི་མ་མ་འོངས་པའི་དུས་ན་ཆོས་ཀྱི་ཆར་ཆེན་པོ་འབེབས་པར་རིག་པར་བྱའོ། ། རྒྱལ་པོ་ཡབ་གཞན་ཡང་འདི་ལྟ་སྟེ་ཤིང་ཨེ་རན་ཌ་ཞེས་བྱ་བ་ནི་ཤིང་ཙན་དན་དང་། ལྷན་ཅིག་ཏུ་མ་རི་ཞེས་བྱ་བའི་རི་ལ་སྐྱེའོ།། གོ་ར་ཤི་ཤ་ཞེས་བྱ་བའི་ཙན་དན་ནི། ཨེ་རན་དའི་ཚལ་ན་སྐྱེ་བ་ཚད་དུ་མ་ཕྱིན་ཅིང་སའི་འོག་ན་འདུག་པའི་ཚེ་ན། མྱུ་གུ་དང་སྡོང་བུ་དང་། ཡལ་ག་དང་། ལོ་མ་ནི་འཛམ་བུ་གླིང་གི་འོད་མའི་མྱུ་གུ་དང་འདྲ་བས་འཇིག་རྟེན་པ་དག་གིས་མི་ཤེས་ཏེ། འདི་སྐད་དུ་རི་འདི་ལ་ཨེ་རན་ད་འབབ་ཤིག་སྐྱེའི། ཙན་དན་ནི་མེད་དོ་ཞེས་ཟེར་རོ།། ཨེ་རན་ད་ནི་ཤིན་ཏུ་དྲི་མི་ཞིམ་སྟེ། དྲི་མི་ཞིམ་པའི་ཚད་ནི་རོ་རུལ་པ། ཞིགས་པ་ལྟར་དཔག་ཚད་བཞི་བཅུའི་བར་དུ་བྲོའོ།། དེའི་མེ་ཏོག་ནི་ཁ་དོག་ལེབ་རྒན་དུ་འདུག་ལ་ཀུན་གྱི་ཡིད་དུ་འོང་ངོ་།། དེ་ལ་ལ་ཞིག་གིས་ཟོས་ན་སྤྲོས་ཏེ་འཆིའོ།། གོར་ཤིར་ཤ་ཞེས་བྱ་བའི་ཙན་དན་ཚལ་དེ་ན་སྐྱེ་མོད་ཀྱི། ཚད་དུ་མ་ཕྱིན་པས་དྲི་བསྲུང་ཡང་མི་བྲེའོ།། བགས་ཀྱིས་སྐྱེས་ཏེ་སྟོན་གྱི་ཟླ་བའི་གྲངས་ཚང་ནས་ས་ལས་འཕགས་ཏེ། ཙན་དན་གྱི་སྡོང་པོར་གྱུར་པ་ན། འཇིག་རྟེན་པ་བདག་གིས་གོར་ཤིར་ཤྭ་ཞེས་བྱ་བའི་ཙན་དན་འབའ་ཞིག་གིས་དྲི་ཞིམ་པོ་བྲོ་བར་ཚོར་གྱི། ཨེ་རན་དའི་དྲི་ངན་པ་ནམ་དུ་ཡང་མི་བྲོའོ།། རྒྱལ་པོ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པ་དག་ཀྱང་དེ་དང་འདྲ་སྟེ། རྗེས་སུ་དྲན་པའི་སེམས་དེས་ན་བྱང་ཆུབ་རྣམ་པ་གསུམ་ཡང་མཐོང་བར་འགྱུར་རོ།། གཞན་ཡང་རྒྱལ་པོ་ཡབ་འཛམ་བུ་གླིང་དང་གླིང་བཞིན། བྱ་ནམ་མཁའ་ལྡིང་གི་རྒྱལ་པོ་ཡང་དག་དབྱངས་ཤེས་བྱ་བ་ཡོད་དེ། བྱ་ཐམས་ཅད་ཀྱི་དབང་པོར་གྱུར་པ། བྱ་དེའི་རྣམ་པར་སྨིན་པའི་ལས་ཀྱིས་ཟས་སུ་ཀླུ་ཟ་སྟེ། ཉིན་རེ་རིམས་ཀྱིས་འཛམ་བུ་གླིང་ན་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟའོ། ། ཕྱིད་ཉིན་ཡང་ཤར་གྱི་ལུས་འཕགས་གླིང་དུ་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟའོ།། དེ་བཞིན་དུ་ནུབ་ཀྱི་བ་གླང་སྤྱོད་དུ་ཡང་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟའོ། ། དེ་བཞིན་དུ་རིམས་ཀྱིས་བྱང་གི་སྒྲ་མི་སྙན་དུ་ཡང་ཀླུའི་རྒྱལ་པོ་གཅིག་དང་ཀླུ་བྲན་ལྔ་བརྒྱ་ཟ་སྟེ། དེ་བཞིན་དུ་གླིང་བཞིར་མཐར་གྱིས་འཁོར་ཞིང་བརྒྱད་སྟོང་གི་བར་དུ་ཟའོ།། དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་དུས་ཟད་ནས་འཆི་བའི་ལྟས་མངོན་དུ་བྱུང་ནས། ཀླུ་ཐམས་ཅད་ཀྱང་ཁ་དང་ལུས་ཀུན་ནས་གདུག་པ་འབྱིན་པས། ཟས་མི་རྙེད་དེ་ལྟོགས་མ་རི་གཟར་པོ་ཀུན་ལ་རྒྱུ་ཞིང་ཤིན་ཏུ་མི་བདེ་བར་གྱུར་ཏེ། རྡོ་རྗེའི་རི་ལ་ཕྱིན་པ་དང་ཅུང་ཟད་ཅིག་བསྟིས་ནས་རྡོ་རྗེའི་རི་ལས་བབས་ཏེ། ཆུ་ཆེན་པོའི་གཏིང་དུ་ཕྱིན་པར་སོང་ངོ་།། ཆུ་ཆེན་པོའི་གཏིང་ནས་རླུང་གི་འཁོར་ལོ་ཐུག་གོ། ། རླུང་གིས་བུས་ནས་ཕྱིར་ཡང་རྡོ་རྗེའི་རི་ལ་ཕྱིན་པར་གྱུར་ཏེ། དེ་བཞིན་དུ་ཡན་མན་དུ་ལན་བདུན་སོང་ནས་གདོད་འཆི་བའི་དུས་བྱེད་དོ།། ཤི་བའི་དུས་བྱས་ནས་དེ་ཉིད་ཀྱིས་གདུགས་པས། རིན་པོ་ཆེའི་རི་བཅུ་ལ་མེ་འབར་སྟེ། དེའི་ཚེ་ཀླུའི་རྒྱལ་པོ་དགའ་བོས་དེ་ལྟར་འབར་ཞིང་མཆིག་པ་མཐོང་ནས་ཤིང་རྟའི་འཁོར་ལོ་ཙམ་གྱི་ཆར་ཆེན་པོ་བབ་སྟེ། མེ་དེ་དག་རབ་ཏུ་ཞི་བར་བྱས་སོ། ། དེ་ནས་བྱ་དེའི་ཕུང་པོ་ཞིག་སྟེ་ཤ་ཟད་ནས་སྙིང་འབབ་ཤིག་ལུས་སོ།། སྙིང་དེ་ཡང་སྔ་མ་བཞིན་དུ་ལན་བདུན་གྱི་བར་དུ་ཡན་མན་དུ་སོང་ནས། གདོད་རྡོ་རྗེའི་རིའི་རྩེ་མོར་ཆགས་སོ། ། དེ་དག་ཀླུའི་རྒྱལ་པོ་དགའ་བོས་རྙེད་ན་གཙུག་གི་ནོར་བུར་འདོགས་སོ།། འཁོར་ལོ་སྒྱུར་བའི་རྒྱལ་པོས་སྙེད་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་འགྱུར་རོ།། རྒྱལ་པོ་ཆེན་པོ་གང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སངས་རྒྱས་རྗེས་སུ་དྲན་པ་ཡང་དེ་དང་འདྲའོ།། རྒྱལ་པོ་ཆེན་པོ་གཞན་ཡང་རི་ཁ་བ་ཅན་ལ་ཤིང་ཨ་འགའ་ཏ་ཞེས་བྱ་བ་ཡོད་དེ། དེརྗེ་འབྲས་བུ་ནི་རབ་ཏུ་ཆེ་ལ། ཚིག་གུ་ནི་ཤིན་ཏུ་ཆུང་ངོ་།། ཤིང་དེའི་འབྲས་བུ་ཐོག་མ་རི་སྤོས་ཀྱི་དད་ཅན་ལས་རླུང་གིས་བུས་ནས་རི་ཁ་བ་ཅན་ལ་ཕྱིན་པར་གྱུར་ཏོ།། དགུན་གྱི་དུས་ན་སྲིན་པོ་དང་གནོད་སྦྱིན་དག་ནི་དེའི་རྐག་རྐོག་ན་གནས་ཏེ། དེ་དག་གིས་མི་གཙང་བ་དང་བྱི་སས་བཀང་བའི་སྟེང་དུ་རླུང་དྲུག་པོས་ཁུ་བ་ཕྱུགས་ཏེ་བཀབ་ནས། ཕྱིས་ཀྱིས་གཅོང་རོང་དཔག་ཚད་ལྔ་བཅུ་པ་དག་ཏུ་གྱུར་ཏོ། ། ལུད་ཀྱི་དུག་ཀྱིས་འབྲས་བུ་དེ་སྐྱེས་ནས་རྩ་བ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་ཀྱང་རྒྱས་ཏེ། དཔྱིད་ཀྱི་དུས་སུ་རླུང་གི་མཐུས་ཁ་བ་བཞུ་ནས་ཤིང་གི་སྡོང་པོ་འབའ་ཤིག་ལུས་སོ། ། ཤིང་དེའི་འབྲས་བུའི་ཁ་དོག་དང་དབྱིབས་ནི་འཛམ་བུ་གླིང་ན་དཔེར་བྱར་མེད་དེ། འབྲས་བུ་དེའི་དབྱིབས་ཟླུས་ལ་ཚེ་ཁྱད་དཔག་ཚད་ཕྱེད་ཙམ་མོ། ། དེ་དག་བྲམ་ཟེ་དག་གིས་ཟོས་ན་རིག་འཛིན་གྱི་ལམ་ཐོབ་ཅིང་མངོན་པར་ཤེས་པ་ལྔ་དང་ལྡན་ལ། ཚེ་ཡང་བསྐལ་པ་གཅིག་ཐུབ་སྟེ་དེའི་བར་དུ་མི་རྒས་མི་འཆིའོ།། འཇིག་རྟེན་པ་གཞན་དག་གིས་ཟོས་ན་རྒྱུན་ཏུ་ཞུགས་པ་ཐོབ་པར་འགྱུར་རོ། ། ལྷན་ཅིག་ཕྱིར་མི་ལྡོག་པས་ཟོས་ན་དགྲ་བཅོམ་པར་འགྱུར་ཞིང་རིགས་པ་གསུམ་དང་མངོན་པར་ཤེས་པ་དྲུག་ཐོབ་བོ།། མི་ལ་ལ་ཞིག་གིས་འབྲས་བུ་དེ་རྙེད་དེ་འཛམ་བུ་གླིང་དུ་ལུད་ཀྱིས་བཏབ་པའི་ས་ལ་རྨོས་ན་མཐོ་ཁྱད་ཤིང་ཏ་ལ་གཅིག་གི་སྲིད་དུ་སྐྱེའོ།། ཤིང་དེའི་མིང་ནི་ཨུ་རུ་ལ་ཏ་ཞེས་བྱ་སྟེ། ཤིང་ཏོག་ནི་ཏ་ལིག་ཅེས་བྱའོ། ། འབྲས་བུ་དེ་ཆེ་ཁྱད་བྲེ་ལྔ་ཤོང་བའི་བུམ་པ་ཙམ་མོ།། འཛམ་བུ་གླིང་གི་མིས་ཟོས་ན་ཚ་བའི་ནད་ལ་ཕན་པར་འགྱུར། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སངས་རྒྱས་ཀྱི་སྤྱོད་ཡུལ་ནང་དུ་ཡང་དག་པར་འཇོག་ཅིང་ཡིད་བྱས་པ་ཡང་དེ་དང་འདྲའོ། ། རྒྱལ་པོ་ཆེན་པོ་གཞན་ཡང་བརྒྱ་བྱིན་གྱི་ཀུན་དགའི་ར་བ་ན་ཤིང་པ་རིང་ཙི་ཏྲ་ཞེས་བྱ་བ་སྐྱེས་ཏེ། ལྷའི་བུ་མོ་དག་གིས་མཐོང་ན་ལུས་དང་སེམས་མི་བཟོད་པ་ཙམ་དུ་རབ་ཏུ་དགའ་བར་འགྱུར་རོ།། བརྒྱ་བྱིན་གྱིས་མཐོང་ན་འདོད་པའི་འདུ་ཤེས་སྐྱེས་ཏེ། ལྷའི་བུ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱང་བདེ་བ་ལ་རེག་པར་འགྱུར་རོ། ། ཤིང་དེ་སྐྱེ་བ་ན་ཤིང་གི་ཡལ་ག་དག་ཐུར་དུ་གུག་ནས་སའི་འོག་ཏུ་སོང་བ་ལས་ཀྱང་མེ་ཏོག་གི་ཁ་འབུས་ནས་འབྲས་བུ་སྐྱེའོ།། འབྲས་བུའི་ཁ་དོག་ནི་གསེར་གཙོ་མ་ལྟར་འདུག་ལ། འོད་ཟེར་ཤིན་ཏུ་ལྷང་ངེར་འབར་ཞིང་མེ་ཏོག་དང་ལོ་མ་མི་རྙིས་མི་ལྟུང་སྟེ། ཁ་དོག་རྣམ་པ་བཅུ་དང་ལྡན་ཞིང་འོད་ཟེར་འབར་ལ་རོལ་མོའི་སྒྲ་དག་འབྱུང་ངོ་།། སྔོན་གྱི་དུས་སུ་ས་ལས་འཕགས་ནས་མཐོ་ཁྱད་དཔག་ཚད་སྟོང་ཕྲག་སུམ་བརྒྱ་སུམ་ཅུ་རྩ་ལྔར་སྐྱེས་ཏེ། ལྷ་རྣམས་ཀྱིས་མཐོང་ན་རབ་ཏུ་དགའོ།། རྒྱལ་པོ་ཆེན་པོ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པ། ཉོན་མོངས་པའི་ས་ལ་གནས་པ་ཡང་དེ་བཞིན་ཏེ། དེ་སྐྱེ་ཞིང་འབྱུང་བ་ན་ཇི་ལྟར་རིན་པོ་ཆེའི་ཤིང་དེ་མཛེས་ཤིང་ལྟ་འདོད་པ་དང་འདྲའོ།། རྒྱལ་པོ་ཆེན་པོ་གཞན་ཡང་བསྐལ་པའི་ཐོག་མའི་ཚེ། མེའི་བསྐལ་པ་གཅིག་བྱུང་། ཆུའི་བསྐལ་པ་གཅིག་བྱུང་། སའི་བསྐལ་པ་གཅིག་བྱུང་སྟེ། སའི་བསྐལ་པ་གྲུབ་ནས་དེའི་ཚེ་འོད་གསལ་གནམ་གྱི་ལྷ་དག་འཇིག་རྟེན་འདི་ན་རྒྱུ་ཞིང་ཆུའི་ནང་ན་ཁྲུས་བྱེད་དོ། ། ཁྲུས་བྱེད་པ་ན་ཆེན་པོ་བཞིའི་དངས་མ་མོ་མཚན་གྱི་ནང་དུ་སོང་བས། ལུས་ལ་བདེ་བར་རེག་སྟེ། མོ་མཚན་ནས་བ་བྱུང་ངོ་། ། མོ་མཚན་ནས་ཁུ་བ་བྱུང་བ་རླུང་བརྒྱད་ཀྱིས་བུས་པས་འདམ་གྱི་ནང་དུ་སོང་སྟེ། རང་སྒོ་ངར་གྱུར་ཏོ།། ལོ་བརྒྱད་སྟོང་ལོན་པ་དང་སྒོ་ང་དེ་རྡོལ་ཏེ། དེ་ལ་བུ་མོ་ལུས་མདོག་སྔོ་ལ་གནག་བྱཁྱད་འང་དང་འདྲ་བ་གཅིག་བྱུང་ངོ་། ། བུ་མོ་དེ་ལ་མགོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དེ། མགོ་གཅིག་ལ་ཡང་མིག་སྟོང་ཡོད་དེ། ཁ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དེ། ཁ་རེ་རེ་ན་ཡང་མཆེ་བཞི་བཞི་ཡོད་དོ། ། མཆེ་བ་དེ་དག་ལས་ཀྱང་གནམ་ལྕགས་དང་འདྲ་བའི་མེ་འབར་རོ།། ལག་པ་ཉིས་བརྒྱ་ཉི་ཤུ་རྩ་བཞི་ཡོད་དེ། ལག་པ་དེ་དག་རེ་རེ་ན་ཡང་དགྲ་ཆ་རེ་རེ་ཐོགས་སོ།། ལུས་ཀྱང་ཁྱད་རི་རབ་ལྷུན་པོ་ཙམ་སྟེ། རྒྱ་མཚོར་ཞུགས་ནས་ཆུ་ལ་ཐལ་མོས་རྡེབས་ཤིང་རྩེའོ།། རླུང་འཁྱིལ་པ་ཞེས་བྱ་བས་རྒྱ་མཚོའི་དངས་མ་བུས་ནས། ཆུའི་དངས་མ་མོ་མཚན་དུ་སོང་སྟེ་མངལ་དུ་བུར་ཆགས་པར་གྱུར་ཏོ། ། ལོ་བརྒྱད་ལྗོན་པ་དང་བུ་པོ་གཅིག་བཙས་ཏེ་བུ་དེའི་ལུས་མ་བས་བཞིར་འགྱུར་གྱིས་རིང་ལ་ཆེའོ།། བུ་དེ་ལ་མགོ་དགུ་ཡོད་དེ། མགོ་གཅིག་ལ་ཡང་མིག་སྟོང་ཡོད་དོ།། ཁ་ནས་ཀྱང་མེ་འབྱུང་ངོ་། ། ལག་པ་ནི་དགུ་བརྒྱ་དགུ་བཅུ་རྩ་དགུ། རྐང་པ་ནི་བརྒྱད་ཡོད་དེ། རྒྱ་མཚོའི་ནང་ནས་ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་ཞེས་བྱའོ།། ཞེས་མིང་བཏགས་པའི་སྒྲ་རང་བྱུང་ངོ་།། ཟས་སུ་ནི་འདམ་དང་པདྨོའི་རྩ་བ་ཟ་སྟེ། ཆེར་སྐྱེས་ནས་ལྷའི་བུ་དག་ལ་ལྷའི་བུ་མོ་མང་པོས་བསྐོར་བ་མཐོང་ནས་མ་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་ཐམས་ཅད་ལ་འདོད་པའི་ཟླ་ཡོད་ན་བདག་འབའ་ཤིག་ལ་མེད་དོ་ཞེས་འཛེར་ཏོ། ། དེ་ནས་མས་བུ་ལ་སྨྲས་པ། རི་སྤོས་ཀྱི་ངང་ཅན་ལ་ལྷ་དྲི་ཟ་ཞེས་བྱ་བ་ཡོད་དེ། ལྷ་དེའི་བུ་མོ་ཤིན་ཏུ་ཚུལ་ཏུ་ཤིས་ཤིང་སྡུག་ལ། ལུས་མདོག་ཀྱང་ཤེལ་དཀར་པོ་ལྟར་འཇམ་ཞིང་། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་རོལ་མོའི་སྒྲ་རང་འབྱུང་བ་ཞིག་ཡོད་དེ། དེ་ཁོ་མོའི་ཡིད་ལ་བབ་ན་ཁྱོད་ཀྱི་ཡིད་དུ་འོང་ངམ། ལྷ་མ་ཡིན་གྱིས་མ་ལ་སྨྲས་པ། ལེགས་སོ་ཤིན་ཏུ་ལེགས་སོ། ། སློང་དུ་སོང་ཤིག་ཅེས་བསྒོའོ།། དེ་ནས་ལྷ་མ་ཡིན་གྱི་མ། རི་སྤོས་ཀྱི་ངད་ཅན་ལ་སོང་ནས་ཕྱིན་པ་དང་། རི་དེའི་ལྷ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་བུ་གཅིག་ཡོད་དེ། མཐུ་སྟོབས་ཀྱི་དབང་དུ་འགྱུར་བ་གླིང་བཞིའི་ཁམས་ན་དཔེ་ཟླ་མེད་ཀྱིས། ཁྱོད་ལ་བུ་མོ་ཡོད་པ་ཁོ་མོ་བུའི་མནའ་མར་བསླང་ངོ་ཞེས་སྨྲས་པ་དང་བུ་མོས་ཀྱང་ཐོས་པ་དང་ལྷ་མ་ཡིན་ལ་འགྲོ་བར་དགའ་སྟེ་དེ་ནས་ལྷ་མ་ཡིན་གྱིས་ཆུང་མར་བླངས་སོ། ། ཆུང་མར་བླངས་ནས་རབ་ཏུ་དགའ་བར་གྱུར་ཏེ། བུ་མོ་དང་ལུས་རེག་ནས་རིང་པོ་མ་ལོན་པར་མངལ་དུ་ཆགས་པར་གྱུར་ཏོ།། ལོ་བརྒྱ་སྟོང་ལོན་པ་དང་བུ་མོ་གཅིག་བཙས་སོ། ། བུ་མོ་དེའི་ལུས་བྱད་མཛེས་ལ་སྡུག་པ་ནི་འཇིག་རྟེན་ན་བསྐྲུན་དུ་མེད་དེ་ཁ་དོག་གི་ནང་ན་ཁ་དོག་དམ་པའི་མདོག་དང་ལྡན་ཏེ། ངོ་ལ་མངའ་བརྒྱད་ཁྲི་བཞི་སྟོང་གིས་བརྒྱན་པ། གཡས་ནས་ཀྱང་བརྒྱད་ཁྲི་བཞི་སྟོང་། གཡོན་ནས་ཀྱང་བརྒྱད་ཁྲི་བཞི་སྟོང་མདུན་ནས་ཀྱང་བརྒྱད་ཁྲི་བཞི་སྟོང་། རྒྱབ་ནས་ཀྱང་བརྒྱད་ཁྲི་བཞི་སྟོང་གིས་ཤིན་ཏུ་བརྒྱན་ཏེ། ལྷ་མ་ཡིན་གྱིས་ཀྱང་ངོ་མཚར་རྨད་ཀྱི་ཡ་མཚན་དུ་འཛིན་ཏོ།། ཇི་ལྟར་སྐར་མའི་ནང་ན་ཟླ་བ་ལྟར་ངོ་མཚར་རྨད་དུ་གྱུར་པས། བརྒྱ་བྱིན་ལྷའི་དབང་པོས་ཐོས་པ་དང་། ལྷ་མ་ཡིན་ལ་བུ་མོ་སློང་བའི་ཕོ་ཉ་བཏང་ངོ་། ། དེ་ལ་ལྷ་མ་ཡིན་གྱིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལྷའི་རྣམ་པར་སྨིན་པའི་བསོད་ནམས་ཀྱིས་བདག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པར་བྱས་ན། བུ་མོ་ཆུང་མར་སྦྱིན་ནོ་ཞེས་སྨྲས་སོ། ། དེ་ནས་བརྒྱ་བྱིན་གྱིས་ཚིག་དེ་ཐོས་པ་དང་། རབ་ཏུ་སྤྲོ་བའི་སེམས་སྐྱེས་ཏེ། མགོའི་ཅོད་པན་ཕུང་ནས་རྒྱ་མཚོའི་ལོགས་སུ་བསྟན་པ་དང་། དགེ་བ་བཅུའི་རྣམ་པར་སྨིན་པའི་དབང་གིས། ལྷ་མ་ཡིན་དེ་རིན་པོ་ཆེའི་གཞལ་མེད་ཁང་ན་འདུག་པར་གྱུར་ཏོ།། དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་རབ་ཏུ་དགའ་མགུ་རངས་ནས། བུ་མོ་ཆུང་མར་བྱིན་ནོ། ། དེ་ནས་བརྒྱ་བྱིན་གྱི་བུ་མོ་དེ་དག་རིན་པོ་ཆེ་རྣམ་པ་དྲུག་གི་ཁང་པ་བརྩེགས་པས་བསུས་ཏེ། ཁང་པ་བརྩེགས་པ་དེའི་ནང་ན་པདྨོ་ཆེན་པོ་དང་། ལྷའི་བུ་མོ་བརྒྱད་ཁྲི་བཞི་སྟོང་སྙེད་སྤྲུལ་ཏེ་བྱུང་བ་བཤམས་ནས། བུ་མོ་རྣམས་དཔེར་ན། མི་སྟོབས་པོ་ཆེ་ཞིག་གི་ལག་ངར་བརྐྱང་བ་ལས་བསྐུམ་པ་ཙམ་གྱི་སྲིད་དུ། བརྒྱ་བྱིན་ལྷའི་དབང་པོའི་གཞལ་མེད་ཁང་དུ་ཕྱིན་པར་གྱུར་ཏོ།། དེའི་ཚེ་ལྷའི་གཞལ་མེད་ཁང་ཡང་སྔོན་པས་བརྒྱ་སྟོང་གིས་ལྷག་པར་མཛེས་པར་གྱུར་པས། བརྒྱ་བྱིན་གྱིས་ཆུང་མའི་མིང་ཡང་ཡིད་དུ་འོང་བ་ཞེས་བཏགས་སོ།། ལྷ་ཐམས་ཅད་ཀྱང་ངོ་མཚར་རྨད་ཅེས་ཡོད་སུ་བསྔགས་པར་གྱུར་ཏོ། ། ཤར་ཕྱོགས་སུ་བལྟས་ན་ནུབ་ཕྱོགས་ཀྱང་ས་ལེར་སྣང་། ལྷོ་ཕྱོགས་སུ་བལྟས་ན་བྱང་ཕྱོགས་ཀྱང་ས་ལེ་སྣང་སྟེ། བློན་པོ་སུམ་ཅུ་རྩ་གཉིས་རྣམས་ཀྱང་ཡིད་དུ་འོང་བ་མཐོ་བན་དགའ་བས་ཡོངས་སུ་བརྒྱན་ཏེ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དགའ་ཞིང་བདེའོ།། དེ་ནས་དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་ཀུན་དགའི་ར་བ་ན་ལྷའི་བུ་མོ་རྣམས་དང་རྫིང་བུར་ཞུགས་ཏེ་རྩེ་བ་ན། ཡིད་དུ་འོང་བ། ཕྲག་དོག་སྐྱེས་ཏེ། གནོད་སྦྱིན་ལྔ་པའི་སྟེང་དུ་མངགས་ནས་ཕ་ལ་འདི་ཞེས་སྦྲན་ཏོ།། བརྒྱ་བྱིན་བདག་ལ་ནི་མི་གནང་གི། ལྷའི་བུ་མོ་རྣམས་དང་རང་དགའ་ཞིང་རྩེ་ཞེས་སྤྲིང་བས། ཕས་ཚིག་དེ་ཐོས་པ་དང་། ཞེ་སྡང་གི་སེམས་སྐྱེས་ཏེ། དམག་རྣམ་བཞི་བཤམས་ནས། བརྒྱ་བྱིན་ལ་བརྒལ་བའི་ཕྱིར། རྒྱ་མཚོ་ཆེན་པོའི་ནང་ནས་འགྲེང་སྟེ། རི་རབ་ལྷུན་པོ་ལ་སྐུར་རྟེན་བཅད་ནས། ལག་པ་དགུ་བརྒྱ་དགུ་བཅུ་རྩ་དགུ་པོ་ཀུན་གྱིས་རི་རབ་ལྷུན་པོ་དང་། རྒྱ་མཚོ་ཆེན་པོ་བཞི་བསྐུལ་ཞིང་དཀྲུགས་པས་བརྒྱ་བྱིན་རབ་ཏུ་འཇིགས་ཤིང་སྐྲག་ནས་ཉམ་ཐག་པར་གྱུར་ཏོ། ། དེའི་ཚེ་ཕོ་བྲང་གི་ལྷས་ལྷའི་དབང་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་རྒྱལ་པོ་ཆེན་པོ་མ་བསྙེངས་ཤིག། སྔ་མ་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་བ་མཆིས་ཏེ། ལྷའི་དབང་པོས་དེ་འཛིན་འཆང་ནས་འདོན་ཅིང་ཡི་དམ་ཆེན་པོར་བྱེད་ན། ལྷ་མ་ཡིན་གྱི་དམག་རང་ཞི་བར་འགྱུར་རོ་ཞེས་སྨྲས་པ་དང་། དེའི་ཚེ་བརྒྱ་བྱིན་གྱིས་ལྷའི་གཞལ་མེད་ཁང་དུ་སོང་ནས། སྤོས་རྣམ་པ་སྣ་ཚོགས་བསྲེགས་ཏེ། ཡི་དམ་ཆེན་པོར་བཟུང་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིག་པ་ཆེན་པོའི་སྔགས། ཟླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། བདེན་ཏེ་མི་བརྫུན་པ་དག་འཛིན་ཏོ།། འདི་བཟུང་བས་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་ཞེ་ན་ལྷ་མ་ཡིན་གྱི་དམག་ཀྱང་རང་ཞི་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ། ལྷའི་དབང་པོ་བརྒྱ་བྱིན་གྱི་དགེ་བའི་རྣམ་པར་སྨིན་པའི་བསོད་ནམས་ཀྱིས་སྟེང་གི་ནམ་མཁའ་ལས་རལ་གྲིའི་འཁོར་ལོ་བཞི་ལྷ་མ་ཡིན་གྱི་སྟེང་དུ་རང་ལྷུང་ངོངོ། ། དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོའི་རྣ་བ་དང་། སྣ་དང་རྐང་ལག་ཀྱང་དུ་མར་ཆོད་དེ། རྒྱ་མཚོར་ལྷུང་ནས་རྒྱ་མཚོ་ཆེན་པོ་ཡང་ཁྲག་གིས་དམར་པོར་གྱུར་ཏོ།། དེ་ནས་ལྷ་མ་ཡིན་གྱི་རྒྱལ་པོ་འཇིགས་ཤིང་སྐྲག་སྟེ། འབྲོས་པའི་གནས་མེད་ནས་པདྨོ་རྩ་བའི་བུ་གར་ཞུགས་སོ།། དེ་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཅན་གྱི་ལྷ་མ་ཡིན་གྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཀྱང་དེ་ལྟ་བུ་དག་ནུས་ན་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པ་ལྟ་ཅི་སྨོས་ཏེ། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིད་ལ་བྱེད་ན། ཏིང་ངེ་འཛིན་གྱི་རྒྱ་མཚོ་ཐམས་ཅད་ལ་མཉམ་པར་འཇོག་པར་འགྱུར་ཏེ། གང་ཟག་དེའི་བསོད་ནམས་ནི་བརྗོད་ཅིང་དཔག་ཏུ་མེད་པས། སངས་རྒྱས། རྣམས་དང་སྤྱོད་ཡུལ་གཅིག་པར་འགྱུར་རོ།། དཔེ་དྲུག་ཅེས་བྱ་བའི་ལེའུ་སྟེ་དང་པོའོ།། །། དེ་ལ་ཇི་ལྟར་ན་སངས་རྒྱས་ཀྱི་སྤྱོད་ཡུལ་རྗེས་སུ་དྲན་པ་ཞེ་ན། སངས་རྒྱས་བཅོམ།། ལྡན་འདས་འཇིག་རྟེན་དུ་བྱུང་བའི་ཆོས་ནི་རྣམ་པ་གཉིས་ཡོངས་སུ་བརྒྱན་ཏེ། གཉིས་དེ་གང་ཞེ་ན། འདི་ལྟ་སྟེ། སྔར་མདོ་སྡེ་བཅུ་གཉིས་ཡོངས་སུ་རྒྱས་པར་བསྟན་ནས། སྐྱེ་པོ་མང་པོ་དག་ཀློག་པ་དང་། འདོན་པ་དང་། ཁོང་དུ་ཆུད་པར་བྱེད་པ་རྣམ་པ་མང་པོ་འདི་དག་ནི་ཆོས་ཀྱི་སྦྱིན་པ་ཞེས་བྱའོ།། གཉིས་སུ་ནི་གཟུགས་ཀྱི་སྐུ་དམ་པ་འཛམ་བུ་གླིང་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་བསྟན་ནས། སེམས་ཅན་མང་པོ་དག་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་རྒྱད་ཅུ་ཉམས་པ་མེད་པས་ཡོངས་སུ་བརྒྱན་ནས། མཛེས་པ་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ནས་རྗེས་སུ་སྤྱོད་པའོ།། མཚན་དེ་དག་རྒྱུ་གང་ལས་བྱུང་ཞེ་ན། དེ་ཡང་སྔོན་དཀའ་བ་སྤྱོད་པ་བརྒྱ་སྟོང་མང་པོ་དང་། རོལ་ཏུ་ཕྱིན་པ་རྣམས་དང་། བྱང་ཆུབ་ཀྱི་ཚོགས་བསགས་པ་ལས་མཚན་དེ་དག་བརྙེས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱི་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། རྗེས་སུ་དྲན་པ་གང་ཞེ་ན། སེམས་ཅན་ལ་ལ་ནི་སངས་རྒྱས་རྗེས་སུ་དྲན་པར་འདོད་པ་དང་། ལ་ལ་ནི་དེ་བཞིན་གཤེགས་པ་ལ་རྟོག་པར་འདོད་པ་དང་། སངས་རྒྱས་མཐོང་བར་འདོད་པ་དང་། མཚན་བཟང་པོ་ལ་རྣམ་པར་རྟོག་པར་འདོད་པ་དང་། དེ་བཞིན་གཤེགས་པའི་འོད། ཤེས་པར་འདོད་པ་དང་། སངས་རྒྱས་ཀྱི་སྐུའི་ནང་ལོགས་རིག་པར་འདོད་པ་དང་། སངས་རྒྱས་ཀྱི་ཐུགས་རྗེས་སུ་དྲན་པ་སློབ་པར་འདོད་པ་དང་། དེ་བཞིན་གཤེགས་པའི་གཙུག་ཏོར་རྗེས་སུ་དྲན་པ་སློབ་པར་འདོད་པ་དང་། སངས་རྒྱས་ཀྱི་ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རྗེས་སུ་དྲན་པ་སློབ་པར་འདོད་པ་དང་། དེ་བཞིན་གཤེགས་པ་བལྟམས་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་ཁབ་ན་བཞུགས་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། སངས་རྒྱས་དཀའ་བ་སྤྱོད་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པས་བདུད་བཏུལ་བའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྐྱེས་བུའི་མཚན་གསང་བའི་གནས་སྦུགས་སུ་ནུབ་པའི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་ཏེ། ཡུམ་སྒྱུ་མ་ལ་ཆོས་བསྟན་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་སུམ་ཅུ་རྩ་གསུམ་གནམ་ནས་བབས་པའི་དུས་ཀྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པ་གཤེགས་པ་དང་། བཞེངས་པ་དང་། བཞུགས་པ་དང་། གཟིམས་པ་དང་། སྤྱོད་ལམ་བཞིའི་འོད་གཟེར་གྱི་མཚན་ཤེས་པར་འདོད་པ་དང་། དེ་བཞིན་གཤེགས་པས་ཀུན་ཤི་ལའི་གྲོང་ཁྱེར་དུ་གྱང་བཏུལ་བའི་དུས་ཀྱི་མཚན་ཤེས་པ་འདོད་པ་དང་། དེ་བཞིན་གཤེགས་པ་འབྲོག་དགོན་པའི་སྲིན་བཏུལ་བའི་དུས་ཀྱི་བ་སྤུའི་བུ་གའི་འོད་ཟེར་གྱི་མཚན་ཤེས་པར་འདོད་པ་ཡང་ཡོད་དོ། ། རྒྱལ་པོ་ཡབ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་འཁོར་རྣམ་བཞི་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ། སེམས་རྩེ་གཅིག་པར་འདོད་པ་དང་། ཡིད་ལ་བྱེད་པར་འདོད་པ་དང་། རྣལ་འབྱོར་པར་འདོད་པ་དང་། ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་འདོད་པ་ཡང་ཡོད་དོ། ། རྒྱལ་པོ་ཡབ་དེ་ལ་ཇི་ལྟར་ན་སེམས་རྩེ་གཅིག་ཏུ་བྱེད་པ་ཞེ་ན། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་མཚན་ཕུན་སུམ་ཚོགས་པ་དང་ལྡན་པ་རྗེས་སུ། དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མཚན་མང་པོ་ལས་མཚན་རེ་རེ་ནས་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མཚན་བཟང་པོ་ལ་ཡས་མཐར་གྱིས་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མཚན་བཟང་པོ་མས་མཐར་གྱིས་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་འོད་གཟེར་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་གཤེགས་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བཞེངས་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བཞུགས་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་གཟིམས་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བསོད་སྙོམས་བཞེས་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བལྟམས་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་བཙུན་མོ་བཞེས་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་དཀའ་བ་སྤྱོད་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་བདུད་བཏུལ་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་བྱང་ཆུབ་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་རྗེས་སུ་དྲན་པ་ལ་མོས། སེམ་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་ཏེ། ཡུམ་སྒྱུ་མ་ལ་ཆོས་བསྟན་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་འབྲོག་དགོན་པའི་སྲིན་བརྟུལ་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པས་ན་ག་ཧ་ལར་ཀླུ་རྣམས་བཏུལ་ཏེ། སྐུའི་གཟུགས་བརྙན་བཞག་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པ་ཀུ་ཤིའི་གྲོང་ཁྱེར་ན་གཉེན་གྱི་བུ་གཅེར་བུ་པ་ལ་སོགས་པ། སྟོན་པ་དྲུག་དང་། རྐུན་མ་མ་རུངས་པ་དང་། ཚུལ་ཁྲིམས་འཆལ་པ་ཅན། ངན་པར་ལྟ་བ་ལ་བཀུར་སྟི་བྱེད་པ་དག་བཏུལ་བ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད་དོ།། དེ་བཞིན་དུ་རྒྱལ་པོ་ཡབ་ང་ཡོངས་སུ་མྱ་ངན་ལས་འདས་ནས། སྐྱེ་བོ་མང་པོ་དག་གི་སྤྱོད་པ་དང་། ལས་ཇི་སྙེད་པ་དང་། སེམས་དང་འདུ་ཤེས་ཇི་སྙེད་ཡོད་པ་དག། ཅི་དང་ཅིས་འདུལ་བ་མི་མཐུན་ཏེ། སེམས་ཅན་དེ་དག་གི་སེམས་དང་འདུ་ཤེས་ཇི་ལྟར་ལྟ་བ་བཞིན་དུ། རིམས་ཀྱིས་སེམས་རྩེ་གཅིག་ཏུ་ཡིད་ལ་བྱེད་པ་དག་ང་ད་ལྟར་བཞུགས་པ་ལ་ཡིད་ལ་བྱེད་ཐ་དད་པ་མེད་པར་བསྟན་པར་བྱའོ། ། འདི་ལྟ་སྟེ། ཉི་མ་ཤར་བའི་ཚེ་མུན་པ་ཐམས་ཅད་སྣང་བར་འགྱུར་ན། དམུས་ལོང་དག་གིས་ནི་ཅི་ཡང་མ་མཐོང་ངོ་།། ཕྱི་མ་མ་འོངས་པའི་དུས་ཀྱི་ཉེ་གནས་སུ་གྱུར་པ་དག། ཆོས་རྣམ་པ་གསུམ་ལ་ནན་ཏན་དུ་བྱའོ།། གསུམ་གང་ཞེ་ན། མདོ་སྡེ་ཤིན་ཏུ་ཟབ་མོ་རྣམས་ཁ་ཏོན་དུ་བྱ་བ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུང་ཞིང་བསླབ་པ་མི་ཉམས་པར་བྱ་བ་དང་། ཤིན་ཏུ་སེམས་རྩེ་གཅིག་ཏུ་བྱ་ཞིང་སེམས་མི་གཡེང་བའོ། ། དེ་ལ་ཇི་ལྟར་ན་སེམས་རྩེ་གཅིག་ཏུ་ཡོད་ལ་བྱ་བ་ཞེ་ན། ལ་ལ་ནི་དེ་བཞིན་གཤེགས་པའི་གཙུག་ཏོར་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུའི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུ་འདབ་ཀྱི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་དཔྲལ་བ་ཡངས་ཤིང་མཉམ་པའི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་འོད་གཟེར་གྱི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་སྤྱན་ཁྱུ་མཆོག་གི་མིག་ལྟ་བུའི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་ཤངས་དྲང་ཞིང་མཐོ་བའི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། ལ་ལ་ནི་དེ་བཞིན་གཤེགས་པའི་ཤངས་ཀྱི་དབྱིབས་བྱ་རིག་པའི་རྒྱལ་པོའི་མཆུ་བུའི་མཚན་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་ཨག་ཙོམ་ལྕོང་མོའི་དབྱིབས་ལྟ་བུ་ལས་འོད་གཟེར་འབྱུང་བ་རྗེས་སུ་དྲན་ཞིང་ཡིད་ལ་བྱེད་པར་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་སྤྲོས་དང་དཀན་གྱི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྒྲོས་ཀྱི་ཁ་དོག་འབིམ་པའི་འབྲས་བུ་ལྟར་དམར་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མཆུའི་སྒྲོས་མེ་ཏོག་པདྨའི་འདབ་མ་ལྟར་ཁ་དོག་དམར་སྨག་ལ་ཤིང་ཏོག་འབིམ་པའི་མདོག་ལྟ་བུ་ལ་འོད་འབར་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཚེམས་བཞི་བཅུ་པོའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཚེམས་དཀར་ཞིང་མཉམ་ལ་ཐགས་བཟང་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཚེམས་ཀྱི་རི་མོའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཚེམས་རི་མོའི་ས་བཅད་པ་མེ་ཏོག་ཨུ་དུམ་འབར་བ་ལྟ་བུའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་དཀན་ལ་རི་མོ་བརྒྱད་ཁྲི་བཞི་སྟོང་མངོན་པར་གསལ་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞལ་གྱི་རྙིལ་གོང་འོག་གཉིས་མེ་ཏོག་ཨུ་དུམ་འབར་བའི་སྡོང་བུའི་མདོག་ལྟ་བུ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མགུར་བཻ་ཌཱུཪྻའི་སྦུབས་ལྟར་མེ་ཏོག་པདྨ་བརྩེགས་པ་དང་འདྲ་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཡངས་ཤིང་རིང་བའི་ལྗགས་ཀྱི་མཚན་པདྨོའི་ལོ་མ་ལྟ་བུ་ལ། ཁ་དོག་རྣམ་པ་ལྔ་དང་། རི་མོ་ལྔ་མངོན་པར་གསལ་བ་དང་། ལྗགས་ཀྱི་འོག་གི་རྩ་བཅུ་ལས་འོད་མང་པོ་འབྱུང་བ་དང་། ལྗགས་ཀྱི་དབང་པོས་ཞལ་ཡོགས་པའི་ཡངས་ཤིང་རིང་པའི་ལྗགས་ཀྱི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མགུར་གྱི་ཚོགས་གསུམ་མངའ་བའི་འོད་གཟེར་གྱི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མགུར་ནམ་མཁའ་ལྡིང་གི་རྒྱལ་པོའི་མིག་ལྟ་བུའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་མགུར་གྱི་གསང་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུའི་ཉག་མ་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུ་གཡས་སུ་འཁྱིལ་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་བ་སྤུའི་བུ་ག་རེ་རེ་སྤུ་ཉག་མ་རེ་རེ་འཁྱིལ་ཞིང་སྐྱེས་པ་ལས་འོད་གཟེར་འབྱུང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུའི་པགས་པའི་ཁ་དོག་རྡོ་རྗེ་དང་། ལེ་བརྒན་ལྟ་བུར་སྣང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་དབུའི་ཀླང་བཤེལ་ལྟ་བུ་ལས་འོད་གཟེར་འབྱུང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྙན་ཤལ་རིང་པོ་ལས་འོད་འབྱུང་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྙན་གྱི་མཆོག་མའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྙན་གྱི་སྤུ་ཉག་མ་བདུན་འཁྱིལ་ཞིང་སྐྱེ་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་སྒྲོག་རུས་མཉམ་པར་གང་བའི་མཚན་ལས་འོད་གཟེར་གྱི་ཁང་པ་བརྩེགས་པ་འབྱུང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་མཚན་ཁུང་མཉམ་པར་གང་བའི་མཚན་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྔ་ལྔས་སྐུའི་མཚན་ཁུང་བཏེག་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག། ངར་ཟླུམ་པ་བལ་གླང་གི་རྒྱལ་པོའི་སྣ་ལྟ་བུའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་གི་གྲུ་མོའི་ཀླུའི་རྒྱལ་པོའི་སྒྲ་བཅིངས་པ་ལྟ་བུ་རི་མོ་མ་ཉམས་པ་ལ་ཚིགས་ཚིགས་ན་ཀླུ་འཁྱིལ་བ་ལྟ་བུར་སྣང་བ་དང་། ཕྱག་མཐིལ་གྱི་རི་མོ་གོ་རིམས་མ་ནོར་བ་དང་། ཕྱག་སོར་གྱི་རྩེ་མོ་ལ་འཁོར་ལོའི་རྩིབས་བཅུ་གཉིས་དང་ལྡན་པའི་མཚན་མངོན་པར་སྣང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་གི་སེན་མོ་ཟངས་ཀྱི་ཁ་དོག་ལྟ་བུ་ལས་བོང་ཁ་དོག་རྣམ་པ་བརྒྱད་མངོན་པར་སྣང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་སོར་འབྲེལ་བའི་མཚན་བརྐྱང་ན་སྣང་བ། བསྐུམ་ན་མི་མངོན་པ་མུ་ཏིག་གི་དྲ་བ་ལྟ་བུར་མངོན་ཞིང་གསལ། འཛམ་བུའི་ཆུ་ཀླུང་གི་གསེར་བས་ལྷག་པ་ཁ་དོག་གསལ་ཞིང་མིག་གི་སྤྱོད་ཡུལ་ལས་འདས་པའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་སོར་མོ་བཅུའི་སོར་མོའི་ཐོག་མ་ལ། རི་མོ་གཡུང་དྲུང་མངའ་བའི་མདོན། འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་ལ་མེ་ཏོག་བརྒྱ་སྟོང་མང་པོ་སྣ་ཚོགས་འདྲེས་པ་ལྟ་བུ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་མཐིལ་གྱི་རི་མོ་གསལ་བ་ནི་དབང་ཕྱུག་གི་ལྷའི་གཞལ་མེད་ཁང་དང་འདྲ་ལ། ཕྱག་མཐིལ་མཉམ་པའི་ནི་ལྷ་དང་མིས་བསྐྲུན་དུ་མེད་ཅིང་ཕྱག་མཐིལ་གྱི་དབུས་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མངའ་བའི་མཚན་ལས་ཕྱོགས་བཅུའི་ངོས་སུ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་འབྱུང་ཞིང་། འཁོར་ལོའི་འོག་ན་དབང་ཕྱུག་གི་མིག་དང་འདྲ་བའི་རི་མོ་དཀར་གནག་འབྱེས་ཤིང་མངོན་པར་གསལ་བ་རྣམ་པ་བཅུ་མངའ་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་གི་བོལ་བཻ་ཌཱུཪྻ་ལྟེ་བུ་ལས་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་ཕྱག་སོར་འབྲེལ་བའི་ནང་དུ་། འཇུག་པ་ལྟ་བུ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ལྷའི་ན་བཟའ་ལྟར་འཇམ་ཞིང་མཉེན་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་ཕྱི་ནང་དུ་འཆང་དུ་རུང་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཐུགས་ཀའི་དཔལ་གྱི་བེའུ་དང་གཡུང་དྲུང་གི་མཚན་ལས་ནོར་བུ་རིན་པོ་ཆེ་གསུམ་གྱི་འོད་འབྱུང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་ལྟེ་བ་ནོར་བུ་རིན་པོ་ཆེ་ཕྱི་ལིང་ག་ལྟ་བུའི་མཚན་རྗེས་སུ་དྲན་པ་ལ་མོས་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་རྩིབ་མ་ཆེ་ཆུང་མཉམ་ཞིང་མཚམས་འབྲེལ་བའི་མཚན་ལས་འོད་གཟེར་བྱུང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་རུས་པའི་ཚིགས་ཀླུ་འཁྱིལ་བ་ལྟར་འབྲེལ་ཞིང་ཐགས་བཟང་བའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་གཤེགས་པའི་སྐུའི་རུས་པ་ལུ་གུ་རྒྱུད་བརྐྱང་བ་དང་། བསྐུམ་པ་ལ་མི་གནོད་པའི་མཚན་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་རུས་པ་ཤེལ་དང་ཁ་བས་ཀྱང་དཔེར་མི་བཟོད་པར་དཀར་ལ་འོད་ལེ་བརྒན་ལྟ་བུ་རྣམ་པར་བཞག་པར་འབར་ཞིང་རི་མོར་སྣང་ལ་དྲིལ་བུ་ལྟ་བུ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའི་གནས་སྦུབས་སུ་ནུབ་པའི་མཚན་ལས་འོད་གཟེར་གྱི་རྒྱལ་མཚན་སྣང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་བྱིན་པ་རི་དགས་ཨེ་ནེ་ཡའི་རྒྱལ་པོའི་བྱིན་པ་ལྟ་བུའི་རྗེས་སུ་དྲན་པ་ལ་མོས་སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་ངར་གདོང་དྲང་བའི་མཚན་ལས་འོད་གཟེར་འབྱུང་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་བོལ་འཛམ་བུ་ཆུ་ཀླུང་གི་གསེར་གྱི་མདོག་ལྟ་བུར་གསལ་ལ་སྤུ་སྐྱེས་པ་མཛེས་ཤིང་། ཞབས་ཀྱི་སོར་མོ་འབྲེལ་བའི་བར་ན་དར་ལའི་རི་མོ་ལྟར་རི་མོ་སྣང་ལ་བོད་ཀྱི་ཁ་དོག་དང་ལྡན་པ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་སེན་མོའི་མཚན་ཟངས་ཀྱི་ཁ་དོག་ལྟ་བུ་ལ་སེན་མོའི་ཐོག་མ་ལ་སེང་གེ་ལྔའི་ཁ་མངའ་བ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་སོར་མོའི་ཐོག་མ་དུང་གི་རི་མོ་ལྟ་བུའི་མཚན་དང་འཇུག་སེལ་གྱི་ཕྱག་རྒྱའི་རི་མོ་ལྟ་བུ་རྗེས་སུ་དྲན་པ་ལ་མོས། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་མཉམ་པར་གང་བ། སྥུ་ཉ་ག་མ་ཙམ་ཡང་མི་ཆུད་པར་འཁོར་ལོ་རྩིབས་སྟོང་དང་ལྡན་པ། ཉེའུ་ཤིབས་སུ་གཤེགས་པ། རྡོ་རྗེའི་རྩེ་མོ་ལྟ་བུའི་མཚན་དང་ཞབས་ཀྱི་རྟིང་པ་ཚངས་པའི་རྒྱལ་པོའི་གཙུག་ལྟ་བུ་དུང་གི་རི་མོ་དང་འདྲ་བ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད་དེ། དེ་དག་ལ་སོགས་པ་ནི་ཡས་མཐར་གྱིས་རྗེས་སུ་དྲན་པ་ལ་མོས་པ་ཞེས་བྱའོ།། དེ་ལ་སེམས་ཅན་ལ་ལ་ནི་བཟློག་སྟེ་མས་མཐར་གྱིས་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད་དེ། དེ་ནི་ཞབས་མཐིལ་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་ནས་མཐར་གྱིས་ཞབས་ཀྱི་སོར་མོ་ལ་རྗེས་སུ་དྲན་པ་དང་། དེ་བཞིན་དུ་མཐར་གྱིས་དབུའི་གཙུག་ཏོར་གྱི་བར་དུ་མཚན་རེ་རེ་དང་། དཔེ་བྱད་རེ་རེ་དང་། གཟུགས་རེ་རེ་ནས་མཐར་གྱིས་རྗེས་སུ་དྲན་པ་ནི་བཟློག་སྟེ་མས་མཐར་གྱིས་རྗེས་སུ་དྲན་པ་ཞེས་བྱའོ།། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་གསེར་བཙོ་མའི་མདོག་ལྟ་བུ་འཛམ་བུ་གླིང་ན་ཁ་དོག་མཆོག་དམ་པར་འཛིན་པ། ཉི་མ་བརྒྱ་སྟོང་འཚར་བའི་གསེར་གྱི་རི་ལྟ་བུ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་མཐོ་བཅུ་དྲུག་པ་མཚན་གྱིས་བརྒྱན་པ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་འོད་ཟླུམ་པོ་ལ་འདོམ་གང་བ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་ཀུན་ནས་འོད་འཚེར་བ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་ཆོས་སྟོན་པའི་བལྟས་མཛད་པ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད་དེ། སེམས་ཅན་ལ་ལ་ནི་དེ་བཞིན་གཤེགས་པའི་སྐུ་ལྟེ་བའི་དཔལ་བེའུ་མཚན་ལྷག་གི་མཚན་དང་འོག་གི་མཚན་ལས་ཉི་མའི་དཀྱིལ་འཁོར་འཆར་བ་རྗེས་སུ་དྲན་པ་ལ་མོས་པ་ཡང་ཡོད་དོ། ། མཚན་བཟང་པོ་རྗེས་སུ་དྲན་པ་གླེང་བ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ་དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་གཙུག་ཏོར་རྗེས་སུ་དྲན་པ་ཞེ་ན་དེ་བཞིན་གཤེགས་པའི་གཙུག་ཏོར་རུས་པ་ཟླུམ་ཞིང་གདུགས་ཁ་སྦུབ་པ་ལྟར་འདུག་ལ་ཤིན་ཏུ་དཀར་བའོ། ། དབུའི་པགས་པ་སྲབ་མོ་ནི། ལེ་བརྒན་དུ་སྣང་ལ། དབུའི་པགས་པ་སྟུག་པོ་ནི་ཁ་དོག་རྡོ་རྗེ་ལྟ་བུར་སྣང་ངོ་།། དབུའི་འདབ་ནི་ཁ་དོག་གསེར་བཙ་མ་ལྟ་བུར་སྣང་། དབུའི་ཀླད་པ་ནི་ཤེལ་གྱི་ཁ་དོག་ཏུ་སྣང་ངོ་།། དེ་ལ་རྩ་བཅུ་བཞི་རི་མོར་བྲིས་པ་བཞིན་དུ་འདུག་ལ་འོད་རྣམ་པ་བཅུ་བཞི་དང་ལྡན་ནོ།། འོད་དེ་ཡང་རྩ་ལྟར་མངོན་པར་སྣང་ཞིང་། ཀླད་པ་དང་། རྩ་ཀུན་ནས་འོད་འཁྱིལ་བ་དག་འབྱུང་སྟེ། སྤྱི་གཙུག་གི་རུས་པ་ལ་རེག་གོ། སྤྱི་གཙུག་གི་རུས་པ་ལས་ཀྱང་ཐལ་ནས་དབུའི་རྩེ་མོར་འཁྱིལ་ཅིང་ཐུག་གོ། འོད་ཁ་དོག་རྣམ་པ་བཅུ་བཞི་དང་ལྡན་པས་དབུ་འཁོར་བར་བསྐོར་ཏོ། ། དབུ་འདབ་ཀྱི་མཚན་གསེར་གྱི་མདོག་ལྟ་བུ་ལས་ཀྱང་འོད་བྱུང་ནས། འོད་ཀྱི་ཁ་དོག་རྣམ་པ་བཅུ་བཞིའི་ནང་དུ་འཇུག་གོ། འདི་དག་ནི་དེ་བཞིན་གཤེགས་པའི་རྒྱལ་པོའི་ཕོ་བྲང་དུ་བལྟམས་པའི་གཙུག་ཏོར་དང་། ཤའི་དོ་ཀེར་ཞེས་བྱའོ།། སྤྱི་བོའི་གཙུག་ན་ཚངས་པ་ཆེན་པོའི་མཚན་ལྔ་པོ་དག་ནི། བལྟམ་པའི་ཚེ་ན་ཡང་ཡུམ་སྒྱུ་མ་དང་། གོའུ་ཏ་མི་དག་གིས་ཀྱང་བལྟར་མི་མཐོང་ངོ་།། ཚངས་པའི་མཚན་ལྔ་པོ་ལས་འོད་བྱུང་པོས་ཚངས་པའི་འཇིག་རྟེན་ལ་ཐུག་ནས། དེ་ལས་ཀྱང་འདས་ཏེ། བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་འདས་ནས། སྤྲིན་གྱི་ཁང་པ་རྩེགས་པར་སྣང་བར་གྱུར་ཏོ།། དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་གྱི། ས་བཅུ་པའི་བྱང་ཆུབ་སེམས་དཔས་ཀྱང་མཐོང་བའི་ཡུལ་མ་ཡིན་ནོ། ། དིང་འདིར་ཡབ་ལ་གཙུག་ཏོར་གྱི་མཚན་བཤད་པ་འདི་གང་གིས་ཐོས་པར་གྱུར་པ་དེ་དག་སངས་རྒྱས་ཀྱི་འཕགས་པའི་གཙུག་གི་མཚན་ལ་ཤིན་ཏུ་བརྟག་ཅིང་ཡིད་ལ་བྱའོ།། མཚན་དེའི་འོད་ཟེར་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དེ་རྫོགས་པར་ནི་བཤད་པར་མི་ནུས་སོ།། མ་འོངས་པའི་དུས་ཀྱི་སྐྱེ་བོ་དག་གིས་འདི་དག་ཐོས་ནས་ཐེ་ཙོམ་མེད་པའི་སེམས་ཀྱིས་བཅོམ་ལྡན་འདས་མངོན་དུ་བཞུགས་པ་མཐོང་བ་དང་འདྲ་བར། མཚན་འདི་ཡིད་ལ་བྱས་ན། འཕགས་པའི་སྤྱི་གཙུག་གི་འོད་མིག་བཙུམས་ན་ཡང་མཐོང་བར་འགྱུར་ཏེ། སེམས་ལ་འདྲིས་པའི་མཐུས། སངས་རྒྱས་འཇིག་རྟེན་ན་བཞུགས་པ་བཞིན་དུ་མངོན་སུམ་དུ་གསལ་བར་འགྱུར་རོ།། མཚན་རྗེས་སུ་དྲན་པར་བྱེད་པ་ན་མང་པོར་མི་བརྟག་སྟེ། གཅིག་རྟོགས་ནས་ཡང་གཅིག་ལ་བརྟག་གོ།། གཉིས་ལ་འདྲིས་ནས་ཡང་གསུམ་ལ་བརྟག་པར་བྱའོ།། དེ་བཞིན་དུ་ཡན་མན་དུ་ལན་བཅུ་དྲུག་སེམས་ལ་འདུ་ཤེས་འདྲིས་པར་རབ་ཏུ་གསལ་བར་བྱ་སྟེ། དེ་ནས་གདོད་སེམས་གནས་པར་བྱ་བའི་ཕྱིར་དམིགས་པ་གཅིག་ལ་ཡང་སེམས་ཉེ་བར་གཞག་གོ།། དེ་ནས་ལྕེ་དཀན་ལ་སྦྱར་ཏེ་ལུས་དྲང་པོར་བསྲང་ནས་ཞག་བཅུ་བཞི་ལོན་པ་དང་། གདོང་ལུས་དང་སེམས་ཤིན་ཏུ་སྦྱང་བར་འགྱུར་རོ།། དེ་ནས་དམིགས་པ་ལ་སེམས་གཞག་སྟེ། ཕྱིར་ཡང་སངས་རྒྱས་ཀྱི་སྤྱི་གཙུག་ལ་བརྟག་གོ།། སངས་རྒྱས་ཀྱི་སྤྱི་གཙུག་མཚན་བརྟག་པའི་ཐབས་ནི་སྔར་བ་སྤུའི་ཁུང་བུ་ནས་འཇུག་གོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་དང་དགའ་བོ་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དེ་བཞིན་གཤེགས་པ་ངའི་དབུ་ལ་དབུའི་སྒྲ་ཉག་མ་བརྒྱད་ཁྲི་བཞི་སྟོང་མངའ་བ་ནི། གཡས་གཡོན་བྱེ་ཅིང་གཡས་སུ་འཁྱིལ་ལ་བར་མཚམས་གསལ་བ་ལ་ཟུར་བཞི་དོད་ཅིང་། དབུའི་ཉག་མ་རེ་རེའི་བུ་ག་ནས་བོད་རྣམ་པ་ལྔ་འཁྱིལ་ཅིང་འབྱུང་བ་ཡང་ཁ་དོག་རྣམ་པ་བཅུ་བཞི་དང་ལྡན་པའི་འོད་ཀྱི་ནང་དུ་འཇུག་གོ།། བསྔོན་རྒྱལ་པོའི་ཕོ་བྲང་ན། མ་མས་ངའི་དབུ་གསིལ་ཏེ། དེའི་ཚེ་གོའུ་ཏ་མི་བདག་གི་དྲུང་དུ་འོངས་ནས། བདག་ལ་ཁྱོད་བལྟམ་པའི་ཚེའང་ངོ་མཚར་རྨད་དུ་བགྱི་བའི་བལྟས་མང་པོ་བྱུང་ན། ལ་ལ་ཞིག་བདག་ལ་ཁྱོད་ཀྱི་སྲས་ཀྱི་དབུ་རིང་ངམ་ཐུང་ཅི་ཙམ་ཞེས་འདྲི་བ་མཆིས་ན། བདག་ལན་མི་ལྗོན་གྱིས། དབུ་རིང་ཐུང་ཅི་ཙམ་མཆིས། གཅལ་འཚལ་ལོ་ཞེས་ཟེར་ནས་ངའི་དབུའི་ཉག་མ་དྲངས་ཏེ་མཐོས་གཅལ་ནས། མཐོ་ཕྱེད་དང་བཅུ་གསུམ་བྱུང་ངོངོ། ། ཕྱིར་བཏང་མ་ཐག་གཡས་སུ་འཁྱིལ་ཅིང་དུང་གི་རི་མོ་འདྲ་བར་གྱུར་ཏོ།། བཙུན་མོ་བླངས་པའི་ཚེ་ཡང་། དབུ་བསིལ་ནས་སྔར་དབུ་སྐྲ་རིང་ཐུང་གཅལ་བའི་ཚེ་ཡང་མཐོ་ཕྱེང་དང་བཅུ་གསུམ་དུ་ལས་མེད་ན། ད་ཅི་ཙམ་སྐྱེས་སྙམ་ནས་དྲངས་ཏེ་གཅལ་ན། མཐོ་ཕྱེད་དང་བཅུ་བཞི་བྱུང་ངོ་།། ང་རབ་ཏུ་བྱུང་ནས་ལྷ་རྣམས་ཀྱིས་དབུ་སྐྲ་ཁྱེར་བ་ན་ཡང་མཐོ་ཕྱེད་དང་བཅུ་བཞི་ལས་མེད་དོ།། རྒྱལ་པོ་ཡབ་སངས་རྒྱས་ཀྱི་དབུའི་མཚན་ལྟ་བར་འདོད་དམ། རྒྱལ་པོ་ཡབ་ཀྱིས་གསོལ་པ་དེ་བཞིན་ནོ།། བཅོམ་ལྡན་འདས་བདག་མཐོང་བར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གིས་དབུ་ནས་དྲངས་པ་ལས། ཤིང་ནྱ་གྲོ་ཏའི་གཞལ་མེད་ཁང་ནས་རྒྱལ་པོའི་ཕོ་བྲང་ལ་ཐུག། དེ་ནས་གྲོང་ཁྱེར་ལན་བདུན་འཁོར་བར་གྱུར་ཏེ། ཁ་དོག་ནི་མཐིང་ཀ་བཻ་ཌཱུཪྻ་ལྟ་བུའོ།། སངས་རྒྱས་དབུལ་འཁོར་མང་པོ་ཀུན་གྱིས་ཁ་དོག་རྣམ་པ་དུ་མ་དང་ལྡན་པའི་འོད་བྱུང་བར་མཐོང་སྟེ། རྫོགས་པར་ནི་བདེ་བར་བཤད་མི་ནུས་སོ།། འོད་དེ་དག་རེ་རེ་ཀྱང་ཐམས་ཅད་དུ་སྤོང་བར་གྱུར་པ་ནི། བཻ་ཌཱུརྨ་མཐོན་མཐིང་གི་ཁ་དོག་ལྟ་བུའོ། ། བཻ་ཌཱུཪྻའི་ཁ་དོག་ལྟ་བུའི་འོད་ལ་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་ཞུགས་སོ།། དེ་ལྟ་བུའི་མཚན་བསྟན་ནས་དབུ་དང་འོང་ཕྱིར་ཡང་གཡས་སུ་འཁྱིལ་ཞིང་། སངས་རྒྱས་ཀྱི་དབུ་ལ་དུང་གི་རི་མོ་ལྟ་བུར་གྱུར་ཏོ། ། དེ་ནི་དེ་བཞིན་གཤེགས་པའི་དབུའི་མཚན་ཡང་དག་པ་ཞེས་བྱ་སྟེ། གང་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་སོགས་པ་སངས་རྒྱས་ཀྱི་དབུའི་མཚན་རྟོག་པར་འདོད་ན། དེ་ལྟ་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི། ལོག་པར་མཐོང་བ། མྱོས་ཤིང་འཁྲུལ་པའོ།། སེམས་སྦྱོར་བ་ཞེས་བྱའོ།། ངན་པར་ལྟ་བ་ཞེས་བྱའོ།། ཕྱིན་ཅི་ལོག་གི་སེམས་ཤེས་བྱ་སྟེ། ཏིང་ངེ་འཛིན་ཐོབ་ཅེས་བྱ་བའི་གནས་མེད་དོ།། རྒྱལ་པོ་ཡབ་སངས་རྒྱས་ཀྱི་དབུའི་མཚན་ཡང་དག་པ་ནི་འདི་དག་ཡིན་ཏེ། དབུའི་མཚན་རྟོགས་ནས་དབུ་འདབ་ཀྱི་མཚན་ལ་བརྟག་པར་བྱའོ།། སངས་རྒྱས་ཀྱི་དབུ་འདབ་ནི་གསེར་བཙོ་མའི་ཁ་དོག་ལྟ་བ་ལས་མུ་ཏིག་དམར་པོའི་ཁ་དོག་ལྟ་བུའི་འོད་འཁྱིལ་ཅིང་འཕྱང་བ་ལྔ་སྟོང་སྙེད་ཀྱིས་གསལ་ཞིང་མཛེས་པས་རྣམ་པར་སྤྲས་ཤིང་དགོད་པ་དེའང་གྱེན་ཏུ་འཁྱིལ་ཞིང་དབུ་ལ་རྣམ་པར་བསྐོར་བ། སྤྱི་བོའི་གཙུག་ལའང་ལན་ལྔ་བསྐོར་བ་ནི། ཇི་ལྟར་ལྷའི་རི་མོ་མཁན་གྱིས་རི་མོར་བྲིས་པ་ལྟར་ཟླུམ་ལ་བར་ཐགས་མཉམ་པར་ཕྲ་ཁྱང་ཁ་ཆེ་དར་གྱི་ཉག་མ་ཙམ་ལ། ཁ་ཆེ་དར་གྱི་ཉག་མ་ཙམ་དེ་དག་གི་བར་བར་ཙམ་ནི་སྤྲུལ་པའི་སངས་རྒྱས་བཞུགས་ལ། སྤྲུལ་པའི་བྱང་ཆུབ་སེམས་དཔའ་འཁོར་དང་། ལྷ་དང་། ཀླུ་ལ་སོགས་པའི་གཟུགས་བརྙན་ཐམས་ཅད་སྣང་ངོ་།། དེ་དག་ཀུན་གྱི་ཁ་དོག་དང་དབྱིབས་ཀྱང་ཉི་མའི་དཀྱིལ་འཁོར་ལྟ་བུ་སྟེ། སངས་རྒྱས་ཀྱི་དབུ་འདབ་ཀྱི་མཚན་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། རྒྱལ་པོ་ཡབ་འདི་དག་ནི་དེ་བཞིན་གཤེགས་པའི་དབུའདབ་ཀྱི་མཚན་ཡང་དག་པ་རྗེས་སུ་དྲན་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་དཔྲལ་བ་ཡངས་ཤིང་མཉམ་པའི་མཚན་རྗེས་སུ་དྲན་ཞེ་ན། སངས་རྒྱས་ཀྱི་ཞལ་དཔྲལ་བ་ཡངས་ཤིང་མཉམ་པའི་མཚན་ལ། མཚན་རྣམ་པ་གསུམ་མངའོ།། དེ་ནི་མཛོད་སྤུ་དཀར་པོའི་མཚན་ལ་སོགས་པ་ཡིན་ཏེ། སངས་རྒྱས་ཐོག་མ་བལྟམས་པའི་ཚེ་ན། རྒྱལ་པོ་ཡབ་དང་། བཙུན་མོས་རྒྱལ་བུ་བླངས་ཏེ། དྲང་སྲོང་མི་དཀར་བའི་དྲུང་དུ་རྒྱལ་བུའི་མཚན་བསྟན་པ་ན། དྲང་སྲོང་ཆེན་པོ་ཚལ་བུ་ཅན་དེས་རྒྱལ་བུའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་གཡས་སུ་འཁྱིལ་ཅིང་སྐྱེ་བ་དང་། མཛོད་སྤུ་དཀར་པོའི་དྲུང་ན་བར་རིམ་དུ་མ་མངའ་བ་མཛོད་སྤུ་དཀར་པོ་དང་འདྲ་བར་འཁྱིལ་བ་ལྟས་མཁན་གྱིས་མཐོང་ནས། ལྟས་མཁན་གྱིས་མཛོད་སྤུ་དེ་བརྐྱང་སྟེ་མཐོས་གཅལ་ན་མཐོང་ལྔ་བྱུང་ངོ་།། དེ་ཡང་བཻ་ཌཱུཪྵའི་སྦུ་བུ་ལྟར་འདུག་ལ་བཏང་མ་ཐག་ཏུ་གཡས་སུ་འཁྱིལ་ནས། ཤེལ་སྒོང་ལྟར་ཁ་དོག་རྣམ་པ་བརྒྱ་སྟོང་སྙེད་ཀྱི་འོད་ཟེར་ཚད་མེད་པ་སྣང་བར་གྱུར་ཏོ། ། དེ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་བལྟམས་པའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེས་བྱའོ།། ལོ་བརྒྱད་ལོན་ནས་གོའུ་ཏ་མས་ཡང་རྒྱལ་བུའི་སྨིན་མཚམས་ཀྱི་མཛོད་སྤུ་ཇི་ཙམ་ཞིག་སྐྱེས་སྙམ་ནས། ལག་པས་དྲངས་ནས་བལྟས་ན་སྨིན་མཚམས་ཀྱི་མཛོད་སྤུ་བཻ་ཌཱུཪྻ་དཀར་པོའི་སྦུ་གུ་ལྟར་དཀར་ལ་དྲང་ཞིང་སྤུའི་ཐོག་མ་ལ་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་འོད་བྱུང་སྟེ། ཕྱིར་ཡང་སྤུའི་རྩེ་མོའི་བུ་གར་ཞུགས་པར་མཐོང་ནས་གོའུ་ཏ་མི་ཡང་ལྷག་པར་སྡུག་ཅིང་ཡིད་དུ་འོང་བར་གྱུར་ཏེ། ཀུན་ལ་བདག་གི་སྲས་ཀྱི་མཛོད་སྤུ་དཀར་པོའི་མཚན་འདི་ལྟ་བུ་ཞིག་མངའོ་ཞེས་བརྗོད་དོ། ། ཀུན་གྱིས་མཐོང་ནས་བཏང་མ་ཐག་ཏུ་ཕྱིར་ཡང་གཡས་སུ་འཁྱིལ་ཏོ།། དེ་ནི་བྱང་ཆུབ་སེམས་དཔའི་གཞོན་ནུའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེས་བྱའོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བཙུན་མོ་བླངས་པའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ན། གྲགས་འཛིན་གྱི་ཕས་མཚན་བལྟ་བའི་ལྟས་མཁན་བཏང་ནས། རྒྱལ་བུའི་མཚན་བལྟས་པ་ན། མཚན་སུམ་ཅུ་རྩ་གཉིས་རི་མོ་བྲིས་པ་དང་འདྲ་བའི་ནི་བདག་གིས་མཐོང་གི། མཛོད་སྤུ་དཀར་པོའི་མཚན་འབའ་ཤིག་ནི་མ་རྟོགས་ན། མཚན་མཁན་དེས་འདི་ཞེས་སྨྲས་སོ།། སའི་ལྷ་རྒྱལ་བུ་མཚན་ཀུན་ཀྱང་གསེར་གྱི་འཁོར་ལོ་སྒྱུར་བའི་རྒྱལ་པོའི་མཚན་དང་འཐུན་ན། མཛོད་སྤུ་དཀར་པོ་ལས་བོང་རྣམ་པ་མང་པོ་བྱུང་བ་ནི་བདག་གིས་མི་རིག་ན། བརྐྱང་སྟེ་བལྟ་ན་རུང་ངམ་ཞེས་གསོལ་པ་དང་། རྒྱལ་པོས་དེ་ལ་འདི་སྐད་དུ་ཇི་ལྟར་བདེ་བར་ལྟོས་ཤིག་ཅེས་གསུངས་པ་དང་། དེའི་ཚེ་ལྟས་མཁན་གྱིས་ལག་པས་མཛོད་སྤུ་ནས་དྲངས་པ་ལས་མཛོད་སྤུ་དེ་ལས་བལ་གླང་གི་རྒྱལ་པོའི་ནུ་མ་ལས་འོ་མ་བྱུང་བ་ལྟ་བུ་ཞིག། ལྟས་མཁན་གྱི་མིག་དུ་ཕོག་ནས་ལྷས་མཁན་དེའི་མིག་ཡོངས་སུ་དག་པར་གྱུར་ཏེ། མཛོད་སྤུ་དེ་ལས་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྟོང་སྙེད། རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དུ་ལྡན་པ་དག་མཐོང་བར་གྱུར་ཏེ། ལྷས་མཁན་དེ་སྔངས་ཤིང་ངོ་མཚར་དུ་གྱུར་ནས། རྒྱལ་བུ་ལ་འདི་ཞེས་གསོལ་ཏོ།། སའི་ལྷ་བདག་གིས་མཛོད་སྤུ་དཀར་པོ་དྲངས་ཏེ་རིང་ངམ་ཐུང་ཇི་ཙམ་པ་བལྟ་སྙམ་ན། ཅིའི་སླད་དུ་བ་གླང་གི་རྒྱལ་པོའི་ནུ་མ་ལས་འོ་མ་བྱུང་བ་ལྟར་བདག་གི་མིག་ཏུ་ཕོག་པ་སྙམ་ན། ཡང་དག་པར་མཐོང་ངམ། འོན་ཏེ་རྨི་ལམ་མམ། འོན་ཏེ་སྤྱོས་སམ། ཅི་ལགས་རྒྱལ་བུའི་མཚན་བཟང་པོ་ཐམས་ཅད་ཀྱང་བརྗོད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བརྒྱ་སྟོང་སྙེང་ལ། རིན་པོ་ཆེ་སྣ་བདུན་དང་། བུ་སྟོང་དང་། དམག་རྣམ་བཞིར་ལྡན་པ་དག་ཕྱོགས་བཞི་ནས་བྱུང་བ་མཐོང་སྟེ། བདག་གི་སེམས་ཀྱང་རབ་ཏུ་དགའ་བར་གྱུར་པ་ནི། ཇི་ལྟར་བྲམ་ཟེ་དག་ཚངས་པའི་འཇིག་རྟེན་གྱི་བདེ་བ་ཐོབ་པ་བཞིན་ནོ།། དེ་སྐད་གསོལ་ནས་མཛོད་སྤུ་དེ་དག་བཏང་མ་ཐག་ཏུ་ཕྱིར་ཡང་གཡས་སུ་འཁྱིལ་ཏོ། ། དེའི་ཚེ་ན་ལྟས་མཁན་ལོ་ཏོག་པར་ཏ་དེས་དེ་ལྟ་བུའི་དངོས་པོ་མཐོང་ནས། ཡན་ལག་ལྔ་ས་ལ་གཏུགས་ཏེ་རྒྱལ་བུ་ལ་ཕྱག་འཚལ་ནས། རྒྱལ་བུའི་མཚན་བཟང་པོ་བདག་གིས་མི་རིག་གོ།། བདག་གིས་མཚན་མཐོང་བ་ལྟར་ན་མཚན་གཅིག་གིས་ཀྱང་གླིང་བཞི་ལ་དབང་མཛད་ཅིང་དེའི་དབང་པོར་འགྱུར་ཏེ། རྒྱལ་བུའི་མཚན་ནི་དབང་པོ་ཆེན་པོ་ལྟར་དབང་དང་རྫུ་འཕྲུལ་དང་མཐུ་སྟོབས་ནི་བསྙད་དུ་མ་མཆིས་ཤིང་དཔག་ཏུ་མ་མཆིས་པས། བདག་གིས་འཚལ་བའི་ཡུལ་མ་ལགས་སོ།། རྒྱལ་བུས་གསུངས་པ། འོ་བོའི་མཚན་ཁྱོད་ཀྱིས་མི་རིག་ན། ཕྱིར་ཡུལ་དུ་སོང་ལ་རང་གི་རྒྱལ་པོ་ལ་དེ་བཞིན་དུ་སྨྲོས་ཤིག་ཅེས་གསུངས་པ་དང་། དེ་ནས་མཚན་ལྟ་བའི་མཚན་མཁན་དེའི་ཕྱིར་ཡུལ་དུ་སོང་ནས། བདག་གི་རྒྱལ་པོ་ལ་དེ་བཞིན་དུ་གསོལ་ཏོ།། དེ་ནས་རྒྱལ་པོ་དེས་དེ་སྐད་ཀྱི་ཚིག་ཐོས་ནས། བ་གླང་ཞོན་ཏེ་འཁོར་བརྒྱ་སྟོང་མང་པོ་དང་ཆས་ཏེ། གྲོང་ཁྱེར་སེར་སྐྱའི་གནས་རྒྱལ་པོ་ཟས་གཙང་མའི་ཕོ་བྲང་གང་ན་བར་འོངས་ནས། རྒྱལ་བུའི་ལག་པ་ཆུས་བཀྲུས་ཏེ། བདག་གི་བུ་མོ་བཞེས་སུ་གསོལ་ཞེས་སྨྲས་ནས་ཕྱག་འཚལ་ཏེ། སའི་ལྷ་རྒྱལ་བུ་བདག་གི་བུ་མོ་འདི་བཞེས་ཏེ། ཕྱག་དར་དང་ཆག་ཆག་བགྱིད་དུ་སྩལ་བར་གསོལ་ལོ།། མཚན་མཁན་གྱིས་མཐོང་བའི་མཛོད་སྤུའི་མཚན་བཟང་པོ་ཡང་བདག་ལྟ་འཚལ་ན་རུང་ངམ་ཞེས་གསོལ་བ་དང་། རྒྱལ་བུས་དེ་ལ་ཇི་ལྟར་བདེ་བར་ལྟོས་ཤིག་ཅེས་གསུངས་སོ།། དེ་ནས་གྲགས་འཛིན་གྱི་ཕས་རྒྱལ་བུའི་མཛོད་སྤུ་དཀར་པོ་ལག་པས་བཟུང་སྟེ་དྲངས་པ་དང་། མཛོད་སྤུ་དཀར་པོ་དེ་ཤེལ་གྱི་རྒྱལ་མཚན་ལྟར་ཁྲེམ་གཉེར་གྱི་ཚིགས་ཐད་ཀར་འབབ་པར་མཐོང་ཞིང་། དེའི་བར་རིམ་དག་ན་ཚངས་པ་ཆེན་པོའི་རྒྱལ་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་བའི་ལྷའི་སྲས་པོ་ཚད་མེད་པ་བརྒྱ་སྟོང་གི་རྣམས་ལྡིང་བའི་ཁང་བུ་དང་བཅས་ཏེ། འདུག་པར་མངོན་སུམ་དུ་མཐོང་བ་ནི། ཇི་ལྟར་མེ་ལོང་ཡོངས་སུ་དག་པ་ལ་བདག་གི་བཞིན་མཐོང་བ་བཞིན་ནོ། ། དེ་ལྟར་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ། ཕྱིར་བཏང་མ་ཐག་ཏུ་སྔོན་བཞིན་དུ་གཡས་སུ་འཁྱིལ་ནས། སྨིན་མཚམས་ན་བོད་གཟེར་འཚེར་ཞིང་ཕྱོགས་བཞིར་བང་རིམ་དུ་སོང་ངོ་། ། དེ་ནི་བྱང་ཆུབ་སེམས་དཔབ་བཙུན་མོ་བཞེས་པའི་ཚེ་མཛོད་སྤུ་དཀར་པོའི་མཚན་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། འཁོར་རྣམས་བཞི་དག་ལས་གང་ཞིག་བྱང་ཆུབ་སེམས་དཔའི་གཞོན་ནུའི་ཚེའི་མཛོད་སྤུ་དཀར་པོའི་མཚན་རྟོགས་པར་འདོད་པ་འམ། བཙུན་མོ་བླངས་པའི་ཚེའི་མཚན་རྟོག་པར་འདོད་པ་དག། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས། ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ན། ང་རབ་ཏུ་བྱུང་བ་ན། རྒྱལ་པོ་ཡབ་དང་ཡུམ་གྱི་ཕོ་བྲང་སླས་སུ་མང་པོས་བཙལ་ཞིང་བསྲུངས་ཏེ་སྒོ་གཏན་འཛུད་པ་དང་། སྒོ་འབྱེད་པའི་ཚེའང་སེང་གེའི་སྒྲ་རང་འབྱུང་བར་བྱས་ནས། སྐར་ཁུང་གི་མཚམས་ན་ཡང་དྲིལ་དབྱངས་ཏེ། གསེར་གྱི་ལུ་གུ་རྒྱུད་སྦྲེངས་པས། ཀླུ་དང་། ཡི་དགས་དང་། གནོད་སྦྱིན་ཡང་ནང་དུ་མི་ཆུད་དོ།། དེའི་ཚེ་འཇིག་རྟེན་སྐྱོང་བ་བཞིས་སྟེང་གི་ནམ་མཁའ་ལས་རྒྱང་མ་ནས་འདི་སྐད་ཅེས་སྨྲས་ཏེ། སའི་ལྷ་རྒྱལ་བུ་དུས་ལ་བབ་བོ་དཀའ་བ་སྤྱོད་པའི་དུས་ལ་བབ་སྟེ། བདག་ཅག་རྒྱལ་བུ་ལ་མཆོད་ཅིང་མཆིར་ནི་སྒྲ་གྲགས་ཀྱིས་དོགས་ཏེ་ནང་དུ་མི་ཆུད་དོ་ཞེས་སྨྲས་སོ།། དེའི་ཚེ་རྒྱལ་བུས་ཕྱག་གིས་མཛོད་སྤུ་དཀར་པོ་བརྐྱང་སྟེ། འཇིག་རྟེན་སྐྱོང་བ་བཞི་ལ་རེག་པར་མཛད་ནས། དེ་ལས་འོད་ཁ་དོག་སྣ་ཚོགས་པ་ལ་ལྷའི་ན་བཟའ་ལྟ་བུ་རབ་ཏུ་མཉེན་ཞིང་འཇམ་པ་ཡིད་དུ་བོང་བ། འཇིག་རྟེན་སྐྱོང་བ་བཞིས་མཐོང་བ་དང་། སེམས་རབ་ཏུ་དགའ་ཞིང་མོས་པར་གྱུར་ཏོ།། དགའ་ཞིང་མོས་པས་མཛོད་སྤུ་དེའི་ནང་ན། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྒྱལ་བུ་དང་འདྲ་བ་དག་སྐྱིལ་མོ་ཀྲུང་བཅས་ནས་འདུག་པར་མཐོང་ངོ་། ། བྱང་ཆུབ་སེམས་དཔའ་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ཀྱིས་བསྐོར་བར་མཐོང་ངོ་།། མཚན་འདི་བསྟན་པའི་ཚེ།། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཚད་མེད་པའི་རྣམས་ནང་དུ་ཆུད་པར་གྱུར་ཏོ།། དེ་ནས་རྒྱལ་བུས་འདོད་ལྡན་ལ་བཀའ་སྩལ་པ། ཁྱོད་སོང་སྟེ་ངའི་རྟ་སྟོད་ལ་ཁྲིད་དེ། ཤོག་ཤིག་ཅེས་གསུངས་པ་དང་། དེ་ནས་འདོད་ལྡན་གྱིས་གསོལ་བ། ས་གཞི་འདི་དག་ན་གོམ་པ་བདེགས་པའི་ཚེ། ས་འདི་བགུལ་ཞིང་བ་གླང་ཆེན་པོ་འམ། སེང་གེའི་སྒྲ་ལྟ་བུ་རང་བྱུང་ན། བདག་གིས་ཇི་ལྟར་རྟའི་དྲུང་དུ་མཆི་བར་བགྱི་ཞེས་གསོལ་པ་དང་། དེའི་ཚེ་རྒྱལ་བུས་མཛོད་སྤུ་དཀར་པོ་བརྐྱང་སྟེ། པདྨོ་དཀར་པོའི་འདབ་མ་ལྟ་བུ་མཚམས་འབྲེལ་བ། དཀར་ཁྱད་ཀྱང་གྲངས་དང་འདྲ་བ། འདོད་ལྡན་གྱིས་མཐོང་བར་བྱས་ནས་དེ་ཉིད་ཀྱི་སེམས་ཀྱིས་ཆུད་ཅིང་རྟོགས་པར་གྱུར་ཏེ། པདྨོའི་འདབ་མ་དེ་དག་གི་བར་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་སྐྱིལ་མོ་ཀྲུང་བཅས་ཏེ་འདུན་། པོ་རྟོག་པའི་ཚེ། ཐམས་ཅད་སོ་སོ་ནས་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་བདག་འབབ་ཤིག་གི་རྩཝ་ནི་བཞེས་ཀྱི། གཞན་གྱི་ནི་མ་ཡིན་ནོ།། སྙམ་སེམས་སོ།། དེའི་ཚེ་མཛོད་སྤུ་དཀར་པོའི་ནང་ན། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་སྟོང་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་དག། སོ་སོ་ནས་དེ་དག་གི་ཆུ་བླང་ནས་ཤིང་དེའི་དྲུང་ན་བཞུགས་པར་ལྷའི་སྲས་པོ་ཐམས་ཅད་ཀྱིས་མཛོད་སྤུ་དཀར་པོའི་ནང་ན་མཚན་དེ་ལྟ་བུ་མཐོང་ངོ་། ། དེའི་ཚེ་ལྷའི་བུ་བཀྲ་ཤིས་དཔལ་གྱིས། འདི་སྐད་ཅེས་བསྟོད་དོ་བསྔགས་སོ།། ཤིན་ཏུ་ལེགས་སོ།། མཆོག་ཏུ་རྒྱལ་བའི་བླ་མར་གྱུར་པ་བྱམས་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པ་དང་། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས། སྐྱེས་བུ་ཆེན་པོའི་མཚན་དམ་པ་ཐོབ་པར་གྱུར་ཏེ། དམ་པ་དེ་ལས་སྤྲུལ་པ་ཚད་མེད་པ་རྣམས་ཀྱིས་ལྷའི་བུ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ཤིང་། རྩོད་པ་མེད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། དེའི་ཚེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་ཤིང་དྲུང་ན་བཞུགས་པར་མཐོང་ནས། སོ་སོ་ནས་མཆོད་པ་བྱ་བའི་ཕྱིར། ཟིལ་དངར་གྱི་མཆོད་པ་འབུལ་ལོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་པོ་དག་གདུལ་བའི་ཕྱིར་ལྷ་རྣམས་ཀྱི་མཆོད་པ་ཡང་མ་བཞེས་སོ། ། ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔ་བཞུགས་པའི་ཤིང་དྲུང་ན། གསོ་མ་དང་ཁྲེ་རང་སྐྱེས་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་མི་གསོལ་ཏེ། ལྷའི་བུ་ཐམས་ཅད་ཀྱིས་འདི་སྐད་དུ།། མཚན་གྱི་ལྟས་མང་པོ་ཞེས་བྱ་སྟེ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་ལ་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་ཚེ་མཛོད་སྤུ་དཀར་པོའི་མཚན་བཟང་པོ་རྣམས་ལ་རྟོག་པར་འདོད་པ་དག། དེ་ལ་དེ་ལྟར་ལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལྟར་ན་བཀའ་བ་སྤྱོད་པའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ན། དེའི་ཚེ་ཕོ་བྲང་ནས་བྱུང་སྟེ། ག་ཡའི་གྲོང་ཁྱེར་ནས་ཧ་ཅང་མི་རིང་བ་ན། བྱང་ཆུབ་ཀྱི་ཤིང་ཨ་ཤོ་དའི་དྲུང་དུ་བཞུགས་པར་དགོངས་པ་ལས། ལྷའི་བུ་བཀྲ་ཤིས་དཔལ་ལ་སོགས་པ། ལྷའི་བུ་བརྒྱ་སྟོང་གི་རྣམས་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ངེས་པར་འདིར་བཞུགས་པར་དགོངས་ཏེ། གལ་ཏེ་བཞུགས་པར་གྱུར་ན། གདོན་མི་ཟ་བར་བཞུགས་པའི་གདན་དགོས་སྣུམ་བསྡམ་ནས། བདག་ཅག་གིས་ལྷའི་རྩཝ་བརྔས་ཏེ། གདིང་བའི་ཕྱིར་ལྷའི་རྩ་ཡོངས་སུ་དག་པ་མཉེན་ཞིང་འཇམ་པ། བཀྲ་ཤིས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས་བཏིང་སྟེ་ཞུགས་སོ།། དེའི་ཚེ་ལྷའི་བུ་རྣམས་ཀྱིས། བྱང་ཆུབ་སེམས་དཔའི་སྐུའི་མཚན་ཀུན་བརྟགས་ནས་ཡིད་དུ་འོང་སྟེ། གཞན་ཡང་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ཟླུ་མ་ལ་གཡས་སུ་འཁྱིལ་བ་དེ་ལས་ཀྱང་ཁ་དོག་རྣམ་པ་མང་པོ་དང་ལྡན་པའི་འོད་རྣམས་མཚན་ཀུན་ཏུ་ཞུགས་པར་མཐོང་ངོ་།། ལྷའི་བུ་དག་མཛོད་སྤུ་དཀར་པོ་རྟོག་པའི་ཚེ། ཐམས་ཅད་སོ་སོ་ནས་འདི་སྙམ་དུ། བྱང་ཆུབ་སེམས་དཔའ་བདག་འདའ་ཤིག་གི་རྩཝ་ནི་བཞེས་ཀྱི། གཞན་གྱི་ནི་མ་ཡིན་ནོ།། སྙམ་སེམས་སོ།། དེའི་ཚེ་མཛོད་སྤུ་དཀར་པོའི་ནང་ན། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་སྟོང་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་དག། སོ་སོ་ནས་དེ་དག་གི་རྩཝ་བླང་ནས་ཤིང་དེའི་དྲུང་ན་བཞུགས་པར་ལྷའི་སྲས་པོ་ཐམས་ཅད་ཀྱིས་མཛོད་སྤུ་དཀར་པོའི་ནང་ན་མཚན་དེ་ལྟ་བུ་མཐོང་ངོ་། ། དེའི་ཚེ་ལྷའི་བུ་བཀྲ་ཤིས་དཔལ་གྱིས། འདི་སྐད་ཅེས་བསྟོད་དོ་བསྔགས་སོ།། ཤིན་ཏུ་ལེགས་སོ།། མཆོག་ཏུ་རྒྱལ་བའི་བླ་མར་གྱུར་པ་བྱམས་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པ་དང་། བྱམས་པ་དང་སྙིང་རྗེ་ཆེན་པོའི་ཤུགས་ཀྱིས། སྐྱེས་བུ་ཆེན་པོའི་མཚན་དམ་པ་ཐོབ་པར་གྱུར་ཏེ། དམ་པ་དེ་ལས་སྤྲུལ་པ་ཚད་མེད་པ་རྣམས་ཀྱིས་ལྷའི་བུ་ཐམས་ཅད་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ཤིང་། རྩོད་པ་མེད་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། དེའི་ཚེ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་ཤིང་དྲུང་ན་བཞུགས་པར་མཐོང་ནས། སོ་སོ་ནས་མཆོད་པ་བྱ་བའི་ཕྱིར། ཟིལ་དངར་གྱི་མཆོད་པ་འབུལ་ལོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་མུ་སྟེགས་ཅན་གྱི་སྟོན་པ་དྲུག་པོ་དག་གདུལ་བའི་ཕྱིར་ལྷ་རྣམས་ཀྱི་མཆོད་པ་ཡང་མ་བཞེས་སོ། ། ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔ་བཞུགས་པའི་ཤིང་དྲུང་ན། གསོ་མ་དང་ཁྲེ་རང་སྐྱེས་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་མི་གསོལ་ཏེ། ལྷའི་བུ་ཐམས་ཅད་ཀྱིས་འདི་སྐད་དུ།། རིགས་ཀྱི་བུ་འདི་ཞག་གྲངས་མང་དུ་ཟས་མ་ཟོས་ན། ཉམ་དུང་སྟོབས་ཀྱང་འབྲི་སྟེ། ཚེའི་བར་ཆུང་དུ་འགྱུར་ན། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་འགྱུར་ཞེས། གཅིག་ལ་གཅིག་གཏམ་འཛིརན་ཏོ།། བྱང་ཆུབ་སེམས་དཔའ་དེའི་ཚེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དབང་པོ་ཐམས་ཅད་ཞི་བཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནོ།། ཞྭའི་བུ་རྣམས་ཀྱིས་མཆི་མཆར་བཞིན་དུ་གླགས་རས། བྱང་ཆུབ་སེམས་དཔའ་ལ་གཤོས་གསོལ་ཅིག་ཅེས་གསོལ་བ་བཏབ་པའི་ཚིག་གི་སྒྲས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཞུགས་པ་གྱུར་ཀྱང་། བྱང་ཆུབ་སེམས་དཔས་མཚེར་རོ།། དེའི་ཚེ་ལྷའི་བུ་ཡིད་དུ་འོང་བ་ཞེས་བྱ་བ་ཞིག་གིས། བྱང་ཆུབ་སེམས་དཔའི་འོག་ནས་དྲ་སྐྱེས་པ་དག་གིས་ཐལ་བྱུང་དུ་ཕུག་ནས། གྲུ་མོ་ལ་ཐུག་པར་སྐྱེས་པ་མཐོང་སྟེ། ལྷའི་བུ་རྣམས་ལ་སྨྲས་པ། རིགས་ཀྱི་བུ་འདི་ནི་ངོ་མཚར་རྨད་དུ་རུང་སྟེ། འདི་ལྟ་བུའི་དཀའ་བ་སྤྱོད་ཅིང་ཞག་གྲངས་མང་དུ་ཤོས་མ་གསོལ་ཏེ། བོས་པའི་སྒྲ་ཡང་མ་ཐོས་ལ། སྲུལ་དུ་སྐྱེས་པ་ཡང་མེ་ཚོར་རོ་ཞེས་སྤྲས་ནས། ལག་པ་གཡས་པས་མཛོད་སྤུ་དཀར་པོ་བཟུང་སྟེ་དྲངས་ནས། མཛོད་སྤུ་དཀར་པོ་དེ་ཤིན་ཏུ་མཛེས་ཤིང་དྲང་ལ་རིང་ཁྱུང་མཐོ་ཕྱུང་དང་@་ལྔ་བྱུང་སྟེ། ལྷའི་རིན་པོ་མེ་དཀར་པོ་ལྟར་ཡོངས་སུ་དག་པ་ལ་ཕྱི་ནང་དུ་ཐལ་བྱུང་བར་སྡང་ཞིང་། མཛོད་སྤུའི་ནང་ན་འོང་འབུམ་ཕྲག་བརྒྱ་སྙེད་རབ་ཏུ་མཛེས་པ་བརྗོད་པར་དཀའོ།། འོང་དེ་དག་གི་ནང་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱོད་པ་གྲངས་མེད་པ་བཞུགས་པ་འདི་དང་ཐ་མི་དད་པ་མཐོང་ཡང་། བྱང་ཆུབ་སེམས་དཔའ་ཆུང་ངུར་མ་གྱུར་ལ། མཛོད་སྤུ་དཀར་པོ་ཡང་ཆེན་པོར་མ་གྱུར་པར་མཐོང་སྟེ། ལྷའི་བུ་དེ་དག་གིས་དེ་ལྟ་བུ་དག་མཐོང་ནས། ངོ་མཚར་རྨད་དོ་ཞེས་བསྟོད་དོ།། མཛོད་སྤུ་དཀར་པོ་ཡང་བཏང་མ་ཐག་ཏུ་ཕྱིར་ཡང་གཡས་སུ་འཁྱིལ་ནས་འོད་ཟེར་དང་བཅས་ཏེ་མི་སྣང་བར་གྱུར་ཏེ། དེའི་ཚེ་ལྷ་རྣམས་ཀྱིས་མཛོད་སྤུ་དཀར་པོ་ལ་མིག་མི་འཛུམ་པ་བརྟགས་ན། མཛོད་སྤུ་དཀར་པོ་ལས་སྦུབས་ལྔ་ཞལ་གྱི་སྒོར་ཞུགས་ཏེ། དེའི་ནང་ནས་ཟིལ་དངར་རྒྱུན་མི་འཆད་པར་ཞལ་གྱི་ནང་དུ་འབབ་ཅིང་འབོ་སྟེ། སྐུ་ཀུན་ཏུ་རྒྱུ་བ་ནི། བཻ་ཌཱུཪྻའི་རི་བོ་ལྟར་ཕྱི་ནང་གསལ་བར་མཐོང་ངོ་།། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྟོང་སྐད་ཀྱང་། སྐུའི་ནང་ནས་མངོན་པར་སྣང་ངོ་།། ལྷ་རྣམས་ཀྱིས་དེ་ལྟ་བུ་དག་མཐོང་ནས། རབ་ཏུ་དགའ་བ་སྐྱེས་ཏེ་ཐལ་མོ་སྦྱར་ནས་བདག་ཅག་སྔར་ནི་གཏི་མུག་གིས་མདོངས་པས། སྐྱེས་བུ་འདིའི་ཚེ་རིང་པོ་མི་ཐོགས་སོ་ཞེས་སྨྲས་པ་ལས་མཚན་བཟང་པོ་འདི་ལས་བལྟས་ན་གདོན་མི་ཟ་བར་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཐེ་ཙོམ་མ་མཆིས་སོ།། བླ་ན་མེད་པའི་ཤེས་རབ་ཀྱི་ཉི་མ་རིང་པོ་མི་ཐོགས་པར་འཇིག་རྟེན་དུ་ཤར་བར་འགྱུར་རོ་ཞེས་སྨྲས་ནས། ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ཏེ། སོ་སོའི་གནས་གནས་སུ་ཕྱིར་སོང་ངོ་།། དེ་སྐད་ཅེས་སྨྲས་པའི་སྒྲ་དབྱངས་ཀྱིས་འདོད་པའི་ཁམས་སུ་གྲགས་པར་གྱུར་ཏོ།། རྒྱལ་པོ་ཡབ་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་ལས་དེ་བཞིན་གཤེགས་པའི་དཀའ་བ་སྤྱོད་པའི་ཚེའི་མཛོད་སྤུ་དཀར་པོའི་མཚན་རྟག་པར་འདོད། པ་དག་དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི། ཡང་དག་པར་མཐོང་བའོ།། གང་གིས་ཏེ་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི། ལོག་པར་མཐོང་བའོ།། མཚན་རྗེས་སུ་དྲན་པ་ཞེས་བྱ། བབའི་ལེའུ་སྟེ་གསུམ་མོ།། ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ་དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། ། དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་བཏུལ་བའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ན། དེའི་ཚེ་བདུད་སྡིག་པ་ཅན་གྱིས་ལྷའི་མིག་གིས་རྒྱང་མ་ནས་བལྟས་ན། འཛམ་བུའི་གླིང་ན་ཤཱཀྱའི་བུས་རྒྱལ་སྲིད་མཆིལ་མ་བཞིན་དུ་བོར་ནས། བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཏེ། སྐུ་སྐམས་ཤིང་རྒྱུན་རིངས་ཀྱི་ནང་པ་ལྟར་ཉམ་ཆུང་ལ་རིད་དེ། གསེར་བཙོ་མའི་ཁ་དོག་ལྟ་བུའི་འོད་ཟེར་འབའ་ཤིག་ནི་འཕགས་པར་གསལ་བ་ལ། སྤྱན་གྱི་འབྲས་བུ་ནི་ཁྲོན་པའི་གཏིང་གི་སྐར་མ་བཞིན་ཏེ། རྒོང་ཞིང་གནག་པ། རུས་པའི་ཚིགས་གཅིག་ལ་ཅིག་རྟེན་ཅིང་། ཀླུ་འཁྱིལ་བའི་རི་མོ་ཡང་ཉམས་པར་མཐོང་ནས། བདུད་སྡིག་པ་ཅན་རབ་ཏུ་དགའ་བར་གྱུར་ཏེ། འདི་སྐད་ཅེས་སྨྲས་སོ།། དགེ་སྐྱོང་གོའུ་ཏ་མཉམ་ཆུང་ལ་རིད་དེ། རུས་པ་ཡང་རྩཝ་རུལ་པ་དང་དྲ་སྟེ། བོད་གསལ་བ་ལྟར་བྱེད་ཀྱང་འཚོ་བའི་དབང་པོས་རིང་པོ་མི་ཐུབ་ལ། བྱང་ཆུབ་ཆེན་པོ་ཡང་མི་འགྲུབ་པས། དེ་མ་རུང་བར་བྱ་བའི་ཕྱིར་གང་ན་བར་འགྲོའོ་ཞེས་སྨྲས་ནས། མིག་བསྐྲད་དེ་རབ་ཏུ་ཁྲོས་ནས་གནོད་སྦྱིན་གྱི་རྣམས་ལ་དམག་དཔུང་རྣམས་རིངས་པར་སྡུས་ཤིག། བདག་ཅག་འཛམ་བུ་གླིང་དུ་གོའུ་ཏ་མ་ལ་རྒོལ་དུ་འདོང་ངོ་ཞེས་བསྒོའོ། ། དེའི་ཚེ་བདུད་ཀྱི་རྒྱལ་པོའི་བུ་པ་ཏ་ལ་ཞེས་བྱ་བས་པུས་མོའི་ལྷ་ང་ས་ལ་བཙུགས་ནས། ཕ་ལ་འདི་སྐད་སྨྲས་སོ།། རྒྱལ་པོ་ཟས་གཙང་མའི་སྲས་དེ་ཐོག་མ་བཙས་པའི་ཚེ་ནས། ལྷ་ཐམས་ཅད་ཀྱིས་ཡོངས་སུ་བསྲུངས་ཏེ། འོད་ཟེར་ཡང་ལྷའི་གནས་ཀུན་ཏུ་ཁྱབ་བོ།། སྐྱེས་བུ་དེ་ནི་བྱམས་པ་དང་། སྙིང་རྗེར་ལྡན་པ་ལགས་པས། ཐམས་ཅད་ཀྱི། སྐྱབས་སུ་གྱུར་ཏེ། ད་ལྟར་སྐྱེ་བོ་མང་པོའི་ཕྱིར་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ན། ཡབ་རྒྱལ་པོ་ཅི་སླད་དུ་དེ་ལ་ངན་སེམས་དང་འཁུ་བའི་སེམས་བསྐྱེད་ཅེས་སྨྲས་པ་དང་། བདུད་ཀྱི་རྒྱལ་པོ་ཁྲོས་ནས་བུ་ལ་འདི་སྐད་དུ། བུ་གླེན་པ་ཤེས་པ་མེད་པ་ཁྱོད། དགེ་སྦྱོང་གོའུ་ཏ་མ་བྱང་ཆུབ་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་ཞེས་མ་ཟེར་ཅིག། དགེ་སྦྱོང་གོའུ་ཏ་མཉམ་ཆུང་ལ་རབ་ཏུ་རིད་ཏེ། རུས་པ་ཡང་སྐམས་ནས་ད་ཅི་ཡང་མི་ནུས་པ་ལ། བྱམས་པ་དང་སྙིང་རྗེར་ལྡན་ནོ་ཞེས་ཅིའི་ཕྱིར་སྨྲ། པ་ཏ་ལས་ཡང་སྨྲས་པ། དགེ་སྦྱོང་གོའུ་ཏ་མ་རིད་པ་ནི་ཁ་ཟས་མ་ཟོས་པའི་ཕྱིར་ཏེ། ཁ་དོག་དང་འོད་ཟེར་ལ་བརྟགས་ན་རྡོ་རྗེའི་རི་བོ་ལྟར་འོད་རབ་ཏུ་འབར་ཏེ། ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་ཀྱང་ཐུགས་མ་གསོས་སོ།། ཞལ་མདངས་ལ་བལྟས་ན་འཇིགས་ཤིང་སྔ་གོང་བའི་མདངས་སུ་གྱུར་པ་མེད་ཀྱིས། རྒྱལ་པོ་ཆེན་པོ་ལྷའི་ཕོ་བྲང་ན་བཞུགས་པའི་རིགས་ཀྱི། རྒོལ་ཞིང་གཤེགས་པའི་མི་རིགས་སོ།། དེ་ནས་བདུད་སྡིག་པ་ཅན་གྱིས་སྨྲས་པ། ཁྱོད་ཁ་རོག་ཤིག་མང་དུ་སྨྲ་མི་དགོས་སོ་ཞེས་བསྒོའོ།། དེའི་ཚེ་གནོན་སྦྱིན་གྱི་བདག་པོ་ཤི་ད་ཞེས་བྱ་བ་བདུད་ཀྱི་རྒྱལ་པོ་གང་ན་བར་འོངས་ནས། བདུད་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ནས། འདི་སྐད་ཅེས་སྨྲས་སོ།། ལྷའི་རྒྱལ་པོ་དམག་གི་དཔུང་རྣམས་ཇི་སྐད་དུ་བསྒོ་ཞིང་བསྡུ་བར་བགྱི། བདུད་སྡིག་པ་ཅན་གྱིས་སྨྲས་པ། ཁྱོད་ཀྱིས་ངའི་ཚིག་འདིས་གནམ་རིམ་པ་དྲུག་དང་། ཡི་དགྲ་ཀྱི་རྒྱལ་པོ་དང་། གཞན་ཡང་སྡེ་བརྒྱད་དང་། འབྲོག་དགོན་པའི་ཡི་དགས་དང་། དམྱལ་བ་བཅཝ་བརྒྱད་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པའི་འཁོར་ཀུན་ཏུ་སྐད་ཀྱིས་སྒྲོགས་ཏེ། ཐམས་ཅད་ཀུན་ནས་དགེ་སྦྱོང་གོའུ་ཏ་མ་ག་ན་བསྡུས་ཤིག་ཅེས་བསྒོའོ།། དེའི་ཚེ་དེ་བཞིན་དུ་བསྒོ་བ་དང་། ཡི་དགས་ཀུན་ཕྱོགས་བཞི་ནས་སྤྲིན་ལྟར་ལངས་ཏེ་འདུས་སོ།། ཡི་དགས་ལ་ལ་ནི་བ་གླང་གི་མགོ་ཅན་ལ། རྣ་བ་བཞི་བཅུ་ཡོད་པ། རྣ་བ་དེ་དག་གི་ནང་ན་ལྕགས་ཀྱི་མདའ་སྐྱེས་ལ། མེ་རབ་ཏུ་འབར་ཏེ་མཐོ་ཁྱད་དཔག་ཚད་གཅིག་ཏུ་ཕྱིན་པ། རཱ་བཅོ་བརྒྱད་ཡོད་པ་ལ་རཱའི་རྩེ་མོ་ལ་རི་བཏེག་སྟེ། རིའི་སྟེང་ན་ཀླུ་ཡོད་པ། ཀླུའི་ཁ་ན་ལྕགས་ཀྱི་ཐུ་ལུམ་ཁྱེར་བ་ཡང་ཡོད་དོ།། ཡི་དགས་ལ་ལ་ནི་ཝ་མགོ་ཅན་ལ་མིག་སྟོང་ཕྲག་བཅུ་ཡོད་པ། མིག་གི་རྫི་སྤ་ར་ཞིང་རིང་ལ་གནམ་ལྕགས་ལྟར་འབར་བ། སྤྱི་བོ་ན་ཁ་ཡོད་པ། ཁ་ནས་མེ་རབ་ཏུ་འབར་བ། ལུས་ཀྱི་སྤུ་ཐམས་ཅད་རལ་གྲིའི་ཚལ་ལྟར་འདུག་པ་ཡང་ཡོད་དོ།། ཡི་དགས་ལ་ལ་ནི་ནམ་མ་ལ་སྤྱི་ཚུགས་འགྲོ་ལ་རྐང་པ་བཅུ་གཉིས་ཡོད་དེ། ། རྐང་པའི་རྟིང་པ་ལ་རལ་གྲི་འཁོར་ལོ་སྟོང་ཐོགས་པ། མགོ་རི་རབ་ལྟར་ཆེ་བ་མགོའི་སྟེང་ན་རལ་གྲི་ཡལ་ག་ཅན་ལྔ་བརྒྱ་ཐོགས་ཏེ། མེ་རབ་ཏུ་འབར་བ་ཡང་ཡོད་དོ། ། ཡི་དགས་ལ་ལ་ནི་ལྟོ་བས་འཕྱེ་སྟེ་འགྲོ་བ་ཡང་ཡོད་དེ། ཁོར་ཡུག་གི་རི་ཁུར་དུ་ཐོགས་ཤིང་དགུ་སྟེ་འོང་བ་ཡང་ཡོད། ཡི་དགས་ལ་ལ་ནི་མགྲིན་པ་གཅིག་ལ་ཁམ་པོ་ཡོད་དེ། ཁ་གཅིག་གི་ནང་ན་ལྕེ་སྟོང་ཡོད་ལ། ལྷོའི་ཐོག་ན་ཚེར་མ་མ་རུངས་པ་སྐྱེས་ཤིང་སྤུའི་རྩེ་མོ་ཡར་འགྲེང་ལ་སྤུའི་ཐོག་མ་ལས་ཁྲག་འབབ་ཅིང་། ཁ་ནས་ཚེར་མ་དག་འབྱིན་པ་མགྱོགས་པར་ནམ་མཁའ་ལས་འོང་བ་ཡང་ཡོད་དོ། ། འབྱི་ཤ་ཙའི་གདོན་སྐད་ངན་ཆེན་པོ་འབྱིན་ཅིང་། ཁའི་དབུགས་སྤྲིན་ལྟར་འབྱུང་ལ་ལྕགས་ཀྱི་ཐུ་ལུམ་ཆར་བཞིན་དུ་འབེབས་ཤིང་ཡུང་ཙམ་ཐང་ཅིག་གིས་ཕྱིན་པ་ཡང་ཡོད་དོ། ། གྲུལ་བུམ་གྱི་གདོན་ས་ཕུང་ལ་སྒྱུར་རྟེན་བཅས་ནས། མི་སྡུག་པའི་བཞིན་ངན་པ་འབྱིན་པ་ཡང་ཡོད་དོ།། འབྱུང་པོའི་གདོན་རབ་ཏུ་གནག་ལ་རིང་དེ། མགོ་ལ་ཟངས་ཆེན་པོ་ཁྱེར་ནས་ནང་ན་ལྕགས་ཀྱི་ཐུ་ལུམ་འབར་ལ། ལག་པ་ན་རལ་གྲིའི་འཁོར་ལོ་ཐོགས་ཏེ། རྐང་པ་གཡོན་པས་ནི་ཁྱི་མནན། རྐང་པ་གཡས་པས་ནི་སྤྱང་ཀུ་མནན་ཏེ་བརྒྱགས་ཏེ་འོང་བ་ཡང་ཡོད་དོ། ། འབར་བའི་བདག་པོ་རྣམས་རྒྱུ་བ་ནི་བསེ་རྩི་ལྟར་གནག་ལ། མདུན་ནི་ཟླ་ལྟར་དཀར་ཞིང་མིག་མེའི་ཕུང་པོ་ལྟར་འབར་བ། སྒྲ་རབ་ཏུ་འཛིངས་པར་འདུག་ལ་ཚིར་མའི་ཕུང་པོ་ལྟར་གཟིངས་པ། མཆེ་བ་འགྲེང་ལ་རལ་གྲིའི་སོ་ལྟར་རྣོ་བ། སོར་བཅུ་སྡེར་མོ་མདུང་རྩེ་ལྟར་རབ་ཏུ་རྣོ་བ། རྐང་པའི་སྔར་མོ་བཅུ་རལ་གྲི་སྣོ་བ་ལྟ་བུར་བདུག་ལ། ལྕགས་ཀྱི་སྤྲུལ་གྱིས་མགོ་དཀྲིས་པ། རབ་ཏུ་མྱུར་བར་བརྒྱུགས་ཏེ་འོང་བ་ཡང་ཡོད་དོ།། འབྲོག་དགོན་པའི་གདོན་གྱི་བདག་པོ་ཆེན་པོ་གས་པ། འགྲིན་པ་གཅིག་ལ་མགོ་དྲུག་ཡོད་པ། བྲང་ལ་དྲུག་ཡོད་པ། པུས་མོ་ན་ངོ་གཉིས་ཡོད་པ། ལུས་ལ་སྤུ་ཁྱབ་པར་སྐྱེས་ཏེ། མདེའུ་ལྟར་རྣོ་བ། ལུས་སྤྲུགས་པ་ན་མི་ལ་འཕེན་ཅིང་འཛུགས་པ། མག་བགྲང་ན་རབ་ཏུ་མེ་འབར་ཞིང་དམར་ལ་ཁྲག་འཛག་པ་ལྟས་ངན་གྱི་གྲངས་སུ་གཏོགས་པ་དག་མགྱོགས་པར་བརྒྱགས་ཏེ་བོང་བ་ཡང་ཡོད་དོ། ། ཡི་དགས་ལ་ལ་ནི་སྟག་གི་མགོ་ཅན་ལ། མིག་བཅུ་གཉིས་ཡོད་པ། རྣ་བ་གླང་གི་སྣ་ལྟར་འདུག་ལ། སྣ་བཅུ་གསུམ་ཡོད་པ། འཕྲག་པ་གཡོན་པ་ལ་ནི་རི་ཁྱེར། འཕྲག་པ་གཡས་པ་པ་ནི་མེ་ཁྱེར་བ། ལག་པ་ན་རལ་གྲི་རྣོན་པོ་ཐོགས་པ། རྐང་པས་སེང་གེ་གནོན་ཅིང་སྐད་ངན་ཆེན་པོ་འབྱིན་པ་དག་བརྒྱུགས་ཏེ་འོང་བ་ཡང་ཡོད་དོ། ། ཡི་དགས་ལ་ལ་ནི་གཟུགས་སྤྲིན་ལྟར་འདུག་ལ་གནམ་ལྕགས་ལྟར་འབར་ཞིང་སྤྲིན་འཕུངས་པ་ལྟ་བུའི་མགོ་ཅན་ལ། སྤྲིན་འཕུངས་པའི་ཁ་ན་ཀླུ་བརྒྱ་སྟོང་སྙེད་ཡོད་དེ། ལུས་མི་སྡང་བར་འདུག་པ་འབའ་ཤིག་བྱིན་པར་སྣང་ཞིང་། ཕྱོགས་བཅུ་ནས་གདོན་ཐམས་ཅད་སྤྲིན་ལྟ་འདུག་པ་ཡང་ཡོད་དོ།། བུ་མངས་ཀྱི་བདག་མོ་ཡང་བུ་རྣམས་དང་ཆས་ནས་སོ་སོ་ནས་ཕ་བོང་དཔག་ཚད་བཅུ་པ་ཟུར་མངས་ཅན། འཇིགས་སུ་རུང་བ་རེ་རེ་ཐོགས་ཏེ་འོང་བ་ཡང་ཡོད་དོ།། ཡི་དགས་ལ་ལ་ནི་དགུས་ཏེ་འཇུག་མ་འགྲེང་དུ་བཅུག་ནས། སྣ་ས་ལ་སྣོམ་ཞིང་སྣའི་ནང་ནས་མེ་རབ་ཏུ་འབར་ལ། མེའི་ནང་ནས་ཀྱང་གདོན་མང་པོ་རྫུས་ཏེ་འབྱུང་ཞིང་ངོ་བཀབ་ནས་བརྒྱུགས་ཏེ་འོང་བ་ཡང་ཡོད་དོ།། དེའི་ཚེ་བདུད་ཀྱི་རྒྱལ་པོས་གནོད་སྦྱིན་དང་། ཡི་དགས་ཀྱི་ཚོགས་ཐམས་ཅད་ལ་ལྟས་ནས་སྨྲས་པ། གནོད་སྦྱིན་དང་། ཡི་དགས་ཀྱི་དཔུང་ཐམས་ཅད་ཀྱང་སྤྲིན་ལྟར་འདུས་ཤིང་ཚོགས་ན། དགེ་སྦྱོང་གོའུ་ཏ་མ་དགེ་བ་དེས། གལ་ཏེ་ན་སྔགས་ཤེས་ཀྱང་སྲིད་ཀྱིས་དམག་རྣམ་བཞི་ཡང་མྱུར་དུ་བཤམ་མོ་ཞེས་སྨྲས་ནས། བདུད་ཀྱི་རྒྱལ་པོའི་ནོར་བུ་ལས་དམག་རྣམ་བཞིར་སྤྲུལ་ཏོ།། འདི་ལྟ་སྟེ། བ་གླང་གི་ཚོགས་དང་རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། རྐང་ཏང་གི་ཚོགས་རྣམས་ཏེ་དགྲ་ཆ་རྣམས་ནགས་ཚལ་ལྟར་བཤམས་ནས། རབ་ཏུ་འཇིགས་སུ་རུང་བ་སྟེང་གི་ནམ་མཁའ་ལས་བབས་ཏེ། བྱང་ཆུབ་ཀྱི་ཤིང་གི་མཐའ་དང་ཉེ་བར་ལྗགས་སོ། ། བདུད་ཀྱིས་ཡང་འདི་སྙམ་དུ་བསམས་ཏེ། གལ་ཏེ་དམག་འདི་རྣམས་ཀྱིས་ཀྱང་དགེ་སྦྱོང་གོའུ་ཏ་མ་འདི་མི་ཐུབ་ཀྱང་སྲིད་ཀྱིས་སྙམ་བསམ་ནས་རིན་པོ་ཆེའི་ཅོད་པན་ཕུད་དེ་སའི་འོག་ལོགས་སུ་གཟས་པ་དང་། ཅོད་པན་གྱི་འོད་ཟེར་གྱིས་ཐལ་བྱུང་དུ་གཤིན་རྗེའི་འཇིག་རྟེན་གྱི་སྤྲུལ་པ་སྲུང་མའི་སྟེང་དུ། སྐད་ཆེན་པོས་འབོད་ཅིང་ཡི་དགས་ཀྱི་རྣམས་ལ་སྨྲས་པ། ཁྱེད་དམྱལ་བའི་སྲུངས་མ་དང་། གཤིན་རྗེའི་རྒྱལ་པོ་དང་། མཚམས་མེད་པའི་དམྱལ་བའི་མཚོན་གྱི་འཁོར་ལོ་དང་། མེའི་ཤིང་རྟ་དང་། མེ་མུར་ལ་སོགས་པ་ཐམས་ཅད་ཀྱང་འཛམ་བུ་གླིང་དུ་དགེ་སྦྱོང་གོའུ་ཏ་མ་དེ་མ་རུང་བར་བྱ་བའི་ཕྱིར། ཀུན་སྟེང་དུ་ཐོན་ཅིག་ཅེས་སྒྲོགས་སོ།། མཚམས་མེད་པའི་སེམས་ཅན་དམྱལ་བ་ནི་ཆུ་ཞེང་གབ་པར་དཔག་ཚད་བརྒྱ་སྟོང་སྙེད་དེ། མཐའ་མ་ལྕགས་ཀྱི་མཁར་རིམ་པ་བདུན་གྱིས་བསྐོར་ཏོ། ། དེ་ལ་བར་ཆད་བཅོ་བརྒྱད་ཡོད་དོ།། མཐའ་མ་རལ་གྲིའི་ཚལ་རིམ་པ་བཅོ་བརྒྱད་ཀྱིས་བསྐོར་ཏོ།། དེའི་འཁོར་དུ་གཏོགས་པ་ཤར་ཕྱོགས་ཀྱི་ངོས་ན་ཡང་དམྱལ་བ་ཆེན་པོ་བཅོ་བརྒྱད་ཡོད་དོ། ། དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ངོས་ན་ཡང་འཁོར་དུ་གཏོགས་པ་བཅོ་བརྒྱད་ཡོད་དོ།། ནུབ་ཕྱོགས་ཀྱི་ངོས་ན་ཡང་འཁོར་དུ་གཏོགས་པ་བཅོ་བརྒྱད་ཡོད་དོ།། བྱང་ཕྱོགས་ཀྱི་ངོས་ན་ཡང་འཁོར་ཏུ་གཏོགས་པ་བཅོ་བརྒྱད་ཡོད་དེ།། དེའི་འོག་ནས་མེ་ཚ་བ་རང་འབར་བས། ལྕགས་ཀྱི་མཁར་དང་ལྕགས་ཀྱི་དྲ་བ་ཀུན་བསྲེགས་ཏེ། འབར་བར་བྱས་ནས།། དེའི་འཁོར་དུ་གཏོགས་པ་ཀུན་ཀྱང་འབར་ཏེ། དེའི་འོག་ན་བར་ཆང་བཅོ་བརྒྱད་ཡོད་པ་ལས་ཀྱང་ཐལ་བར་བྱེད་དོ།། སྐྱེ་བོ་གང་ཞིག་མཚམས་མེད་པ་ལྔ་བྱས་པ་དག། ལུས་ཀྱིས་དེའི་ནང་ཡོད་སུ་གང་སྟེ། སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ཉིན་མཚན་དུ་བར་ཆད་མེད་པར་མྱོང་སྟེ། དེའི་ནང་ན་གནས་སྟོང་པ་ཅུང་ཟད་ཙམ་ཡང་མེད་དོ།། བསྐལ་པས་འཁྲུ་བར་བྱེད་པའི་ཚེ། སྒོ་བཞི་རང་བྱེ་ནས་དམྱལ་བ་པ་དེ་དག་སོ་སོའི་མིག་ལམ་ན་སྒོའི་ཕྱི་རོལ་ན། རལ་གྲིའི་ནགས་ཚལ་སྣང་བ་ལ་ཤིན་ཏུ་བསིལ་བའི་ནགས་ཚལ་དུ་མཐོང་ནས། བར་ཆད་གཅིག་ནས་གཉིས་སུ་འཕགས། གཉིས་ནས་གསུམ་དུ་འཕགས་ཏེ། བར་ཆད་ཀུན་ནས་འཕགས་ནས། ཤར་སྒོ་ལོགས་སུ་བརྒྱུགས་པ་དང་། སྲུངས་མ་སྲིན་པོས་མདུང་རྩེ་ཁ་ཕྲག་པ་ཐོགས་ཏེ། མིག་ཏུ་བཙུགས་པས་མིག་གི་འབྲས་བུ་ཆུ་བཞིན་དུ་ས་ལ་བོའོ། ། དེའི་ཚེ་དེ་ཉིད་དུ་འགྱེལ་ནས་ཕྱིར་ཡང་བར་ཆད་བཅོ་བརྒྱད་ཡོད་པ་ཀུན་ཏུ་ལུས་ཀྱིས་གང་སྟེ། བསྐལ་པ་ཆུང་ངུ་གཅིག་གི་བར་དུ་རྒྱལ་བར་གྱུར་ནས་དེ་ནས་གདོད་ལྡང་ངོ་། ། དེ་ནས་ཡང་ལྷོ་ཕྱོགས་ཀྱི་སྒོ་དང་། སྒོ་བཞི་ཅར་དུ་ཡང་སྔ་མ་བཞིན་ནོ།། དེ་ལྟར་ཉིན་མཚན་དུ་ཡང་སྡུག་བསྔལ་ཆེན་པོ་བསྐལ་པ་གཅིག་གི་བར་དུ་མྱོང་ནས། བསྐལ་པ་དེ་ཟད་ནས་དེ་ནས་ཕྱིར་ཡང་དམྱལ་བ་ཆུ་ངུར་སྐྱེའོ།། དམྱལ་བ་ཆུ་ངུ་དང་། དེ་མ་ཡིན་པའི་དམྱལ་བ་གཞན་གྱི་གཟུགས་དང་། ཆེ་ཆུང་གི་ཚད་དང་། རྣམ་པར་སྨིན་པའི་འབྲས་ཁུའི་ཁྱད་པར་དང་། གཟུགས་བྱེ་བྲག་དང་། རྣམ་པར་སྨིན་པ་སྣ་ཚོགས་པ་ནི། བྱམས་པའི་ཏིང་ངེ་འཛིན་ཅེས་བྱ་བའི་ནང་ནས། རྒྱས་པར་འཆད་དོ།། དམྱལ་བའི་སྲུང་མ་ཤར་ཕྱོགས་ཀྱི་ངོས་ན་བརྒྱ་སྟོང་ཡོད་དོ། ། ཕྱོགས་གསུམ་གྱི་ངོས་ཀྱང་གྲངས་དེ་བཞིན་ནོ།། སྲུངས་མ་དེ་རེ་རེའི་མགོ་ཡང་རི་ལྟར་འདུག་ལ། དེ་ལ་རལ་གྲིའི་འཁོར་ལོ་དང་མདུང་རྩེ་ཁ་བྲག་པ་ཤ་སྟག་སྐྱེས་སོ། ། དེ་དག་གི་རྣ་བ་བོང་བུའི་རྣ་བ་ལྟ་བུ་རྣམ་པ་བརྒྱ་སྟོང་སྙེད་ཡོད་དེ། རྣ་བ་དེ་དག་ཀུན་གྱི་ནང་ནས་དུད་པ་དང་། མེ་ལྕེ་འབྱུང་ངོ་།། དེ་དག་གི་ཁ་དང་མཆེ་བ་ཡང་སྲིན་པོ་བས་བརྒྱ་སྟོང་གིས་ལྷག་པར་མི་སྡུག་ལ་ར་ནི་གླང་གི་རྭ་འདྲ་སྟེ། རྭའི་ཐོག་མ་ལ་རལ་གྲི་སྐྱེས་སོ།། དེ་ཡང་ཕྱོགས་ལྔ་ནས་མཐོང་བ་ཡང་མི་མཐུན་ཏེ། དེ་དག་གི་ལུས་དམར་བ་དང་གནག་པ་ལ་སོགས་པ་ཤ་སྟག་གོ། ། དེའི་ལུས་ཀྱི་གཟུགས་ཁྱི་རྔོན་ཅན་ལྟ་བུ་ལ། འཇུག་མ་བཞི་བརྒྱ་ཡོད་དེ། འཇུག་མའི་ཐོག་མ་ལ་རྣག་ཁྲག་དང་ངར་སྐྱུགས་ཟག་གོ།། སྦྲུལ་ལྕགས་ཀྱི་མཆུ་ཅན་གྱིས་ལུས་ལ་དཀྲིས་ཏེ། ལག་ན་མདུང་རྩེ་ཁ་བྲག་པ་ཐོགས་ཤིང་། རྐང་པའི་མཐིལ་གྱིས་མཚོན་གྱི་འཁོར་ལོ་གནོན་ཏེ། མཚོན་དེའི་རྩེ་མོས་ཟུག་ཅིང་ཟུག་པ་ཡང་སྙིང་དང་རྐན་ལ་ཐུག་གོ།། དེ་དག་རླུང་ལྟར་མགྱོགས་པས། སོ་སོའི་ལག་ན་མདུང་རྩེ་ཁ་བྲག་པ་ཐོགས་པ་དེས། དམྱལ་བའི་རྐེང་དུ་གཟེར་ཏེ། མདུང་གི་ཁ་ལ་ཁྱེར་ནས་བརྒྱུགས་ཏེ་འོང་ངོ་།། མཚམས་མེད་པའི་དམྱལ་བའི་ཡང་ཇི་ལྟར་ལུས་ཀྱི་ཕྱིན་གྲིབ་མ་འབྲང་བ་བཞིན་དུ། དམྱལ་བའི་ཕྱི་བཞིན་འབྲང་སྟེ། ཐང་ཅིག་ཡུད་ཙམ་གྱིས་བྱང་ཆུབ་ཀྱི་ཤིང་དྲུང་དུ་དུས་གཅིག་ཏུ་འདུས་ཤིང་ལྷགས་ནས་གནོད་པའི་སེམས་བསྐྱེད་དོ། ། དེའི་ཚེ་བྱང་ཆུབ་སེམས་དཔའ་ལྷག་པར་བྱམས་པའི་ཐུགས་ལ་མཉམ་པར་གཞག་ཏེ་མི་གཡོ་བར་གྱུར་ཏོ།། དེ་ནས་བདུད་ཀྱི་རྒྱལ་པོས་ཁྲོས་པའི་ཚུལ་གྱིས་ཆོས་དགྲ་ཆ་ཕྱར་ཏེ། སྒྲ་སྐད་ཆེན་པོ་ཕྱུང་ནས། དམག་གི་དཔུང་རྣམས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་མྱུར་དུ་དགེ་སྦྱོང་གོའུ་ཏ་མ་སྐྲོད་ཅིག། སྟེང་ནས་འབྲུག་གི་སྒྲ་སྒྲོགས་ལ། ལྕགས་ཀྱི་ཐུ་ལུམ་གྱི་སེར་བ་པོབ་ཤིག། མཚོན་གྱི་འཁོར་ལོ་དང་མཚོན་ཆས་ཆལ་བར་གཏོགས་ཤིག་ཅེས་སྨྲས་སོ།། དེའི་ཚེ་ནམ་མཁའ་སྟོང་པ་དང་། ངོས་བཞི་ནས་བདུད་ཀྱི་དམག་རྣམ་བཞིས་དུས་གཅིག་ཏུ་མཚོན་གྱིས་བཏབ་སྟེ། མེའི་མངས་འཕངས་ཀྱང་བྱང་ཆུབ་སེམས་དཔའ་ལ་ཉེ་བར་ཡང་མ་གྱུར་ཏོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་དལ་གྱིས་ཕྱག་གཡས་བཏེག་ནས། སྨིན་མཚམས་ཀྱི་མཛོད་སྤུ་བརྐྱང་སྟེ། བོག་མའི་ཕྱོགས་སུ་གཟས་པ་དང་། མཚམས་མེད་པའི་དམྱལ་བ་པ་རྣམས་ལ་མཛོད་སྤུ་དཀར་པོའི་ནང་ནས་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆུ་བྱུང་ནས་མེའི་སྟེང་དུ་བོ་སྟེ། དམྱལ་བའི་མེ་ཆེན་པོ་བགས་ཀྱིས་ཞི་ནས་དུད་པ་ཙམ་དུ་གྱུར་པ་མཐོང་བ་དང་། དམྱལ་བ་པ་དེ་དག་གི་སེམས་ཀྱང་ཅུང་ཟད་ཅིག་རྟས་པར་གྱུར་ཏེ། དེ་དག་སོ་སོ་ནས་སྐྱེ་བ་བརྒྱ་དང་། སྐྱེ་བ་སྟོང་དང་། སྐྱེ་བ་བརྒྱ་ཕྲག་སྟོང་གི་དུས་ན་སྡིག་པ་ཅི་བྱས་པ་ཐམས་ཅད་དྲན་པར་གྱུར་ཏོ།། དེའི་ཚེ་དམྱལ་བའི་སྲུངས་མ་རྣམས་ཀྱིས་མདུང་རྩེ་ཁ་བྲག་པ་གདེག་པར་གཟས་ནས། སྟོབས་དང་མཐུ་ཅི་གཡོས་པས་བརྩལ་ཀྱང་འགུལ་མ་ནུས་ཏེ། དེ་མ་ཐག་ཏུ་མདུང་རྩེ་ཁ་བྲག་པའི་རྩེ་མོ་ལ། དངུལ་གྱི་རི་ལྟ་བུའི་ཁང་བུ་བརྒྱ་སྟོང་སྙེད་ཡོད་ཅིང་སེང་གེ་དཀར་པོ་འཁྱིལ་ཅིང་ཉལ་བ་དང་། སེང་གེའི་སྟེང་ན་པདྨོ་དཀར་པོ་ལ་བྱང་ཆུབ་སེམས་དཔའ་དམ་པ་མང་པོ་དག། ལྷག་པར་བྱམས་པའི་ཐུགས་ལ་མཉམ་པར་གཞག་ནས། རི་རབ་ལྷུན་པོ་ལྟར་ཡོངས་སུ་བརྒྱན་པ་མཐོང་སྟེ། དམྱལ་བའི་སྲུངས་མ་དེ་དག་གིས་མདུངས་ལ་བོར་བ་དང་། མདུང་གི་མ་རྩེ་ལས་རིན་པོ་ཆེ་སྣ་བདུན་གྱི་པདྨོ་སྐྱེས་སོ།། ཡང་དེ་ལས་ཀྱང་འོད་ཟེར་དཀར་པོ་བྱུང་སྟེ། དམྱལ་བ་པ་རྣམས་དང་། དམྱལ་བའི་སྲུངས་མ་གླང་གིས་མགོ་ཅན་དང་། གཤིན་རྗེ་དང་། དམྱལ་བའི་སྲུངས་མ་གཞན་ཐམས་ཅད་ཀྱང་དངུལ་གྱི་རི་ལྟར་སྣང་ཞིང་དཀར་པོར་གྱུར་ཏོ།། དེ་ཡང་གློག་གི་འོད་ལྟར་ཡུད་ཙམ་སྐད་ཅིག་མཐོང་བར་ཟད་དོ།། དམྱལ་བ་པ་རྣམས་ཀྱི་དབང་པོ་དྲུག་ལས་མེ་རབ་ཏུ་འབར་བ་དང་། ཚིགས་དང་། རུས་པ་དང་། རྩཝ་ཀུན་མེ་འབར་ཞིང་ལྕགས་གཟེར་ཟུག་པ་དང་། འདྲལ་ཞིང་གཤེགས་པ་དང་། རབ་ཏུ་སྡུག་བསྔལ་བ་མང་པོ་ཀུན་དུས་གཅིག་ཏུ། མཛོད་སྤུ་དཀར་པོའི་མཚན་ལ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བས། དེ་དག་ཐམས་ཅད་ཀྱི་སེམས་གསལ་བར་གྱུར་ཏེ། མཛོད་སྤུ་དཀར་པོའི་ནང་ན་བདག་། དང་འདྲ་བ་ཡང་ཡོད་ལ། པདྨོའི་གདན་ལ་བཞུགས་ཤིང་དམྱལ་བའི་སྤྱི་བོ་ནས་ཆུ་བླུག་སྟེ། དེ་དག་གི་ཚ་བའི་ཉོན་མོངས་པ་ལ་སོགས་པ་ཀུན་ཞི་བར་མཐོང་ནས། ཐམས་ཅད་ཀྱིས་འཐུན་པར་དུས་གཅིག་ཏུ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པར་གྱུར་ཏོ། ། དེའི་རྒྱུ་དེའི་རྐྱེན་གྱིས་དམྱལ་བའི་ཁ་ན་མ་ཐོ་བ་ཟང་དེ་ཐལ་བྱུང་མིར་སྐྱེས་སོ།། དེ་དག་ཀྱང་དབང་པོ་དང་ལྡན་ཞིང་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་བས་ཉོན་མོངས་པ་འབུམ་ཕྲག་ཉི་ཤུ་སྙེད་བཅོམ་པར་གྱུར་ཏེ། རྒྱུན་ཏུ་ཞུགས་པ་ཐོབ་བོ།། དེ་ནས་བདུད་ཀྱིས་དེ་ལྟར་གྱུར་པ་མཐོང་བ་དང་། མྱ་ངན་གྱིས་ཡིད་བློང་ཞིང་འཁྲུགས་ནས་ཕྱིར་སོང་སྟེ་ཁྲི་ལ་ཉལ་ཏོ། ། དེའི་ཚེ་བདུད་དེ་ལ་བུ་མོ་གསུམ་ཡོད་དེ། ཆེན་མོ་ནི་དགའ་བྱེད་ཅེས་བྱའོ།། བར་མ་ནི་དགའ་སེམས་ཅེས་བྱའོ།། ཐ་ཆུང་ནི་ཀུན་མཛེས་ཤེས་བྱའོ།། བུ་མོ་གསུམ་གྱིས། པ་དེ་ལྟར་གྱུར་པ་མཐོང་བ་དང་། པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ། ཕ་ལ་འདི་སྐད་ཅེས་སྨྲས་སོ།། ཕ་རྒྱལ་པོ་ཅིའི་ཕྱིར་འདི་ལྟ་བུར་ཐུགས་ངན་ཆེར་མཛད་ཅིང་མི་དགྱེས་ཞེས་སྨྲས་པ་དང་། ཕས་བུ་མོ་རྣམས་ལ་སྤྲས་པ། དགེ་སྦྱོང་གོའུ་ཏ་མ་དེས་ཤིན་ཏུ་དམ་བཅས་ནས། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་སྟེ། ངའི་འཁོར་ཀུན་བཤིག་པས་དེའི་ཕྱིར་ང་ནི་མྱ་ངན་བྱེད་དོ། ། བུ་མོས་གསོལ་པ། རྒྱལ་པོ་བདག་ཅག་གིས་དེ་བསླུ་ཞིང་གཞིག་ནུས་ཀྱིས་རྒྱལ་པོ་མི་དགྱེས་སུ་མ་མཛད་ཅིག་ཅེས་སྤྲས་ནས་རབ་ཏུ་ཆས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་ཐོགས་ཤིང་ཚུལ་དུ་ཤིས་ལ་མཛེས་པ་ནི། བདུད་ཀྱི་འཁོར་ལས་བརྒྱ་སྟོང་གིས་ཤིན་ཏུ་འཕགས་ཏེ། མིག་ཟུར་གྱིས་ལྟ་བ་དང་། བསླུ་ཞིང་འབྲིད་པའི་ཚུལ་སྟོན་པ་དང་། ས་མོ་དོའི་བོད་ནི་གནམ་རིམ་པ་དྲུག་ཀུན་ཟིལ་གྱིས་ནོན་པ་རིན་པོ་ཆེའི་ཤིང་རྟ་བཅས་ཏེ་རིན་པོ་ཆེ་བླ་རེ་བྲེས་ནས། ལྷའི་མེ་ཏོག་སྣ་ཚོགས་སྦྱངས་ཏེ། མེ་ཏོག་གི་ནང་ཀུན་ན་སྤྲུལ་པའི་ཤེལ་གྱི་བུ་མོ་རོལ་མོའི་ཆ་བྱད་ཐོགས་ཤིང་སིལ་སྙན་དཀྲོལ་ནས་གླུ་དབྱངས་ཀྱི་སྒྲ་སྒྲོགས་སོ། ། འཇིག་རྟེན་ན་དེ་ལྟ་བུའི་དགའ་བ་དང་། བདེ་བ་གཞན་མེད་དེ། བུ་མོ་དེ་དག་གཅིག་ལ་ཡང་འཁོར་བུ་མོ་ལྔ་བརྒྱ་སྙེད་དོ།། རྒྱལ་མཚན་དང་། བ་དན་བསྒྲེང་ནས་བླ་རེར་བྲེས་ཏེ། སྤྲིན་ལྟར་ལྡིང་ཞིང་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་སྤོས་ཀྱི་དྲི་བསུང་འཐུལ་ཞིང་། ཁ་དོག་རྣམ་པ་བརྒྱ་སྟོང་སྙེད་རབ་ཏུ་འཚེར་ཞིང་འབར་བས་འགྲོ་བ་མང་པོའི་མིག་རབ་ཏུ་གང་བར་བྱེད་དོ། ། བུ་མོ་དེ་དག་ཀུན་ཚུལ་དུ་ཤིས་ཤིང་གོམ་པ་དལ་གྱིས་བྱང་ཆུབ་སེམས་དཔའི་དྲུང་དུ་འོངས་ནས། ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ནས་ཡན་བདུན་བསྐོར་ཏེ། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བུ་ཐོག་མ་བལྟམས་པའི་ཚེ་ན། ལྷ་མང་པོས་བསྲུངས་ནས་རིན་པོ་ཆེ་བདུན་ཡང་འདུས་ན་ཅིའི་སླད་དུ་ལྷའི་ཐབས་བཏང་སྟེ། ཤིང་གི་དྲུང་འདིར་བཞུགས། བདག་ཅག་ནི་ལྷའི་བུ་མོ་ལགས་ཏེ། ཕྱུག་ཅིང་ཡིད་དུ་འོང་བ་ནི་དཔེ་དང་ཟླ་མེད་དེ། ལུས་མདོག་གི་ཁ་དོག་བཟང་པོ་ནི་གནམ་གྱི་རིམ་པ་དྲུག་དག་ན་ཡང་ཟླ་མ་མཆིས་སོ། ། བདག་ཅག་གི་ལུས་ངན་པ་འདི་རྒྱལ་བུ་ཁྱོད་ལ་དབུལ་གྱིས་བཞེས་ཤིག། བདག་ཅག་གིས་ཆག་ཆག་དང་ཕྱག་དར་དང་། གོ་རེ་ལོང་ཀུན་བགྱིའོ།། བདག་ཅག་ནི་སྐུ་མཉེལ་བའི་ཐབས་དང་། ཆོ་ག་ཡང་འཚལ་ཏེ། ཁྱོད་ལ་བསྙེན་ཅིང་གཡོག་བགྱི་བར་གསོལ་གྱིས། བདག་ཅག་གིས་གསོལ་བ་བཞིན་དུ་བཞེས་སུ་གསོལ་ལོ། ། རྒྱལ་བུ་ཡུན་རིང་མོར་ཤིང་དྲུང་ན་བཞུགས་པས་སྐུ་མཉེལ་བར་གྱུར་གྱིས། གཟིམས་ཤིང་མཉེལ་བ་ཤོ་བའི་རིགས་སོ།། ཟིལ་དངར་གྱི་ཞལ་ཟས་ཀྱང་གསོལ་ཅིག་ཅེས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་ལྷའི་ཟས་རོ་བརྒྱ་སྟོང་དང་ལྡན་པ་ཕུལ་ནས། དེའི་ཚེ་རྒྱལ་བུ་རབ་ཏུ་ཞི་བས་སྐུ་དང་ཐུགས་མ་གཡོས་ཏེ། མཛོད་སྤུ་དཀར་པོ་བསྟན་པ་དང་། བུ་མོ་དེ་གསུམ་གྱིས་བདག་བདག་གི་ལུས་ཀྱི་ནང་ན་རྣག་ཁྲག་དང་། ངར་སྣབས་བུ་ག་དགུ་ནས་ཟག་པ་དང་། རྩ་དང་། རུས་པ་དང་། ལུས་ཀྱི་གཞི་ཐམས་ཅད་དང་། རྒྱུ་མ་དང་། ལོང་ཀ་དང་། ཚོས་པ་དང་མ་ཚོས་པའི་གནས་ཀུན་ཀྱང་མཐོང་བར་གྱུར་ཏོ། ། དེ་མ་ཐག་ཏུ་སྲིན་བུ་རྣམ་པ་མང་པོ་རྒྱུ་ཞིང་བརྒྱུག་པ་མཐོང་སྟེ། གྲངས་ནི་བརྒྱ་སྟོང་སྙེད་དོ།། སྲིན་བུ་ཕྲ་མོ་ནི་དགུ་ཁྲི་སྙེད་དེ། སྲིན་བུ་དེ་དག་རྒྱུ་ཞིང་བརྒྱུག་པ་ནི་རྒྱུ་མ་ལ་ཐོགས་པ་མེད་པར་འགྲོ་སྟེ། ཀུན་ལ་ཁ་བཞི་བཞི་ཡོད་པས་ཁ་གདངས་ཏེ་འགྲོའོ།། སྲིན་བུ་ཆེན་པོ་ཡང་ལོང་ཀའི་ནང་དུ་བརྒྱུག་ཅིང་འགྲོ་སྟེ། དེ་ནས་བྱུང་ནས་ཕོ་བའི་ནང་དུ་འཇུག་གོ། གྲང་པའི་ནད་སྐྱེས་པ་ནི་ཕོ་བའི་ཁ་ལོག་ཅིང་འགགས་པས། སྲིན་བུ་ནང་དུ་མི་ཆུད་དོ།། དེ་བས་ན་ཟས་ཀྱང་མི་འཇུའོ།། མཆེར་པ་དང་། མཁལ་མ་དང་། མཆིན་པ་དང་། གློ་བ་དང་། སྙིང་དང་། མཁྲིས་པ་དང་། མིད་པ་དང་། ལྐོག་མ་དང་། དེ་དག་ཀུན་གྱི་བར་བར་ནས་ཀྱང་སྲིན་བུ་བཞི་བཞི་སྐྱེས་ཏེ། སྤྲུལ་བཞི་འདུས་པ་ལྟར་འདུག་ལ། ཀུན་ནས་འཇིབ་ཅིང་ཟའོ། ། ཚིགས་རྣམས་མ་ཟད་ནས་ཁུ་བ་ཟག་སྟེ། མིག་ནས་འོང་བ་ནི་མཆི་མའོ།། སྣ་ནས་ཟག་པ་ནི་སྣབས་སོ།། ཁ་ནས་ཟག་པ་ནི་མཆིལ་མ་སྟེ། པགས་པ་སྟུག་པོ་དང་པགས་པ་སྲབ་མོ་དང་། རྒྱུས་པ་དང་། རྐང་དང་། རྩ་ཀུན་ནས་སྲིན་བུ་ཕྲ་མོ་གྲངས་མེད་པ་སྐྱེས་ཤིང་ཟ་སྟེ། བཤད་ཀྱིས་མི་རྫོགས་སོ།། བུ་མོ་དེ་དག་དེ་ཉིད་དུ་སྐྱུགས་ནས་ཁ་ནས་སྐྱུགས་པ་ཟད་མི་ཤེས་པ་བྱུང་བ་དང་། བུ་མོ་བདག་གི་ལུས་ཉིད་ལ་གཡས་སུ་ནི་སྦྲུལ་གྱི་མགོ་སྐྱེས། གཡོན་དུ་ལྔའི་སྐྱེས། དབུས་སུ་ནི་ཁྱིའི་མགོ་སྐྱེས་ཏེ། མགོའི་སྟེང་ན་སྤྲུལ་རུལ་པའི་རོ་རྣམ་པ་དགུ་བྱུང་སྟེ། ཇི་ལྟར་འདུ་ཤེས་དགུ་བརྟགས་པ་བཞིན་ནོ།། འདུ་ཤེས་དགུ་གང་ཞེ་ན་གཅིག་ཏུ་ནི་ཤི་བར་འདུ་ཤེས་པ་སྟེ། དེ་ཡང་མཽ་ཤི་བའི་རོ་རེངས་ཏེ་ཅི་ཡང་ཤེས་པ་མེད་པ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འགྱུར་ཏེ། དེ་དང་ཐ་མི་དད་པར་འདུ་ཤེས་པ་ནི་ཤི་བར་འདུ་ཤེས་པ་ཞེས་བྱའོ།། གཉིས་སུ་ནི་བསྔོས་པར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་ཞག་ཅིག་གམ། ཞག་བདུན་ལོན་ནས། བམ་ཞིང་སྔོ་ལ་གནག་པར་གྱུར་པ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་གྱུར་ཏེ། དེ་དང་ཐ་མི་དད་པར་འདུ་ཤེགས་པ་ནི་བསྔོས་པར་འདུ་ཤེས་པ་ཞེས་བྱའོ། ། གསུམ་དུ་ནི་རྣགས་པར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་རུལ་ཅིང་ཞིག་པར་གྱུར་ནས། རྣག་ཁྲག་རབ་ཏུ་ཟག་ལ་ཡིད་དུ་མི་འོང་ཞིང་བལྟར་མི་བཟོད་པ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། རྣགས་པར་འདུ་ཤེས་པ་ཞེས་བྱའོ།། བཞིར་ནི་དམར་བར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ།། ལུས་ཀུན་ཆུབ་པར་མྱགས་པ་ཤིན་ཏུ་ཟག་པར་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། དམར་བར་འདུ་ཤེས་པ་ཞེས་བྱའོ།། ལྔར་ནི་ཟོས་པར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་ལ་ཁྭ་དང་། སྟག་དང་། སྤྱང་ཀི་ལ་སོགས་པ་ཟ་ཞིང་སྦྲང་མས་གང་ནས་འབུར་གྱུར་ཏེ། ཤ་ཕྱེང་ཟད་ཟད་པའམ། ལུས་ཕྱེད་ཙམ་ལུས་པ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། ཟོས་པར་འདུ་ཤེས་པ་ཞེས་བྱའོ།། དྲུག་ཏུ་ནི་རུས་པ་འབྲེལ་བར་འདུ་ཤེས་པ་སྟེ། དེ་མི་ཤི་བའི་རོ་ཤ་དང་པགས་པ་ནི་ཟད་ནས་རྒྱུས་པ་དང་། རུས་པར་འབྲེལ་བ་འབའ་ཤིག་ལུས་ཏེ། ཤིང་སྤུང་པ་བཞིན་དུ་འདུག་ལ་རྒྱུས་པའི་དབང་གིས་སོ་སོར་མ་གྱེས་པ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། རུས་པ་འབྲེལ་བར་འདུ་ཤེས་པ་ཞེས་བྱའོ།། བདུན་དུ་ནི་བྲལ་བར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་རྒྱས་པ་ཡང་རུལ་ཞིང་མྱགས་ལ་རུས་པ་འབའ་ཤིག་སིལ་མར་གྱུར་ནས་འཐོར་བ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། བྲལ་བར་འདུ་ཤེས་པ་ཞེས་བྱའོ།། བརྒྱད་དུ་ནི་ཚིག་པར་འདུ་ཤེས་པ་སྟེ། དེ་ཡང་མི་ཤི་བའི་རོ་ཆེད་དུ་སྲེགས་པ་འམ། མེ་ཤོར་ཏེ་ཚིག་པ་ཡང་རུང་སྟེ། འཁུམས་ནས་ཤིན་ཏུ་ཡིད་དུ་མི་བོང་བ་ལྟར་མི་བཟོད་པ་ལྟར། བདག་གི་ལུས་ཕངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི། ཚིག་པར་འདུ་ཤེས་པ་ཞེས་བྱའོ།། དགུར་ནི་ཀེ་རུས་སུ་ཤེས་པ་སྟེ། རུས་པ་ཡུན་རིང་དུ་ལོན་པ་རྙིངས་ཤིང་སྐམས་པ། ལོ་ལྔ་བཅུ་ལོན་པ་འམ། ལོ་བརྒྱ་ལོན་པ་འམ། ལོ་ཉིས་བརྒྱ་འམ་ལོ་སུམ་བརྒྱ་ལོན་པ་ཤིན་ཏུ་དཀར་པོར་གྱུར་པ་དེ། ཉི་མས་གདུངས་པས་རུས་པ་དེ་ལས་མེ་འབར་ཏེ་ཚིག་པར་གྱུར་པ། རླུང་གིས་བུས་ནས་སའི་ཁམས་ལ་ཞ་བར་གྱུར་པ་ལྟར། བདག་གི་ལུས་པངས་པ་འདི་ཡང་དེ་དང་འདྲ་བར་འདུ་ཤེས་པ་ནི།། ཀེང་རུས་སུ་འདུ་ཤེས་པ་སྟེ། འདི་ནི་འདུ་ཤེས་དགུའི་ཕྱོགས་ཙམ་ཞིག་བཤད་པ་ཞེས་བྱའོ།། དེ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་ཤིང་དྲུང་ན་བཞུགས་པའི་ཚེ། མི་སྡུག་པར་རྟོག་པའི་སྒོ་ཐོག་མར་བསྟན་པ་ཡིན་ནོ། ། དེའི་ཚེ་བདུད་ཀྱི་བུ་མོ་དེ་གསུམ་སོ་སོ་ནས་བདག་ཅག་གི་ཁུར་དུ་རྒན་མོ་ཤིན་ཏུ་རྒན་པ་སྒྲ་སྐྱ་ལ་ངོ་ལ་གཉེར་མ་བརྩེགས་པ་ལ། ཁ་ཡོ་བ་སོ་རྡོ་བ་མདོག་སྣུམ་ཞིང་གནག་པ། འཁམས་པ། ཤི་བའི་རོ་ཁྱེར་བ་དང་། པད་ན་བྱིས་པ་ཆུང་ངུའི་རོ་བུ་ག་དགུ་ནས་རྣག་ཁྲག་ཟག་ལ་རྣག་ཁྲག་དེའི་ནང་ནས་སྲིན་བུ་རྩངས་པ་འདྲ་བ་རྒྱུ་བ་ཁྱེར་བ་མཐོང་པོ།། བུ་མོ་དེ་དག་གིས་དེ་ལྟ་བུར་གྱུར་པ་མཐོང་ནས། ཤིན་ཏུ་ངོ་མཚར་རྨད་དུ་སྐྲག་པར་གྱུར་ཏེ། ཕྱིར་ལོག་ནས་མགོ་སྨད་དེ། ལྟེ་བ་ལ་བལྟས་ན་ལྟེ་བའི་ནང་ན་ཀླུ་དྲུག་ཡོད་པར་མཐོང་སྟེ། ཀླུ་དེའི་ཁ་ནས་ནི་མེ་ཡང་འབར་ལ་ཆུ་ཡང་འཛག་གོ། ། རྣ་བ་ནས་རླུང་འབྱུང་ལ་ལུས་ལྕགས་སམ། རྡོ་འདྲ་བར་སྲ་བར་མཐོང་ངོ་།། བདག་གི་མོ་མཚན་ཡང་རབ་ཏུ་རྩོག་ཅིང་དམན་ལ་མི་སྡུག་པ་དང་། བརྩོག་ཅིང་དམན་པ་དེའི་ནང་ན་ཡང་སྲིན་བུ་ཕྲ་མོ་མང་པོ་གནས་ཤིང་སྲིན་བུ་དེ་དག་ཀྱང་མགོ་བཞི་པ་ལ། མགོ་གཉིས་ནི་གྱེན་དུ་བལྟས་ཏེ་ཟ་ཞིང་འཇིབ་བོ།། སྲིན་བུ་དེ་དག་གི་ཁ་ནས་གདུག་པ་ལྔ་འབྱུང་སྟེ། གདུག་པ་དེ་ལྔའི་རྩ་ཡང་སྙིང་རྩ་དང་། ལྐོག་མ་ལ་ཟུག་གོ།། དབང་པོ་དྲུག་ནས་རྩ་བྲན་དགུ་བཅུ་རྩ་དགུ་ཡོད་པ་ལ་ཁུ་བ་བྱུང་སྟེ། ཁུ་བ་དེ་སྲིན་བུ་དེ་དག་གི་མགོ་ལ་ཟག་པས། སྲིན་བུ་རྣམས་ཀྱིས་ཟ་བར་ཐོང་ངོ་།། བུ་མོ་དེ་དག་སྐྱེ་བ་གྲངས་མེད་པ་ནས་ལོག་པར་གཡེམ་པའི་ཁ་ན་མ་ཐོ་བ་མང་པོ་བྱས་པའི་ལས་དེའི་རྒྱུ་དེའི་རྐྱེན་གྱིས་དེ་ལྟ་བུའི་མི་གཙང་ཞིང་མི་སྡུག་པའི་ལུས་ཐོབ་པར་གྱུར་ཏོ། ། སྲིན་བུ་གཞན་ཡང་ལག་པའི་གདུ་བུ་ལྟར་གཅིག་འབྲེལ་ཅིང་ཀོར་ཀོར་བར་འདུག་པ་ལ་ཁ་མང་པོ་ཡོད་དེ། དེ་དག་གི་ཁ་ནས་གདུག་པ་ལྔ་འབྱིན་ཏེ་མོ་མཚན་ལ་ཟ་ཞིང་འཇིབ་བོ།། བུ་མོ་དེ་དག་འདས་པའི་དུས་ན་ལོག་པར་གཡེམ་པ་དང་། དེ་བཞིན་གཤེགས་པ་ལ་ཡང་སླུ་བས་དེ་ལྟ་བུའི་ལུས་བཙོག་པ་ལ་དེ་འདྲ་བའི་མི་སྡུག་པས་བརྒྱན་པར་གྱུར་ཏེ། བུ་མོ་དེ་དག་གིས་དེ་ལྟ་བུ་དག་མཐོང་། ནས། སེམས་ལ་སྡུག་བསྔལ་གྱིས་རབ་ཏུ་གདུངས་པ་ནི་ཇི་ལྟར་སྙིང་ལ་མངས་ཕོག་པ་དང་འདྲ་བར་གྱུར་ཏེ། ཕྱིར་འགྲོ་བ་ན་ཡང་ས་ལ་གོག་ཅིང་རྔ་རིད་ཀྱི་སྟབས་བཞིན་དུ་སོང་ངོ་།། ཐོག་མ་གོམ་པ་བོར་ན་ལྷ་ཚིགས་ཀུན་ནས་མེ་འབར་རོ། ། དེ་དག་གི་སྒྲ་ཡང་སེར་པོར་གྱུར་ཏེ། ཚེར་མའི་ཚལ་ལྟར་འདུག་པས་རང་གི་ལུས་ལ་རབ་ཏུ་དཀྲིས་སོ།། དེའི་ཚེ་དེ་དག་སྐད་ཆེན་པོས་འབོད་དེ། ཤུགས་འབྱིན་ཅིང་བདུད་ཀྱི་རྒྱལ་པོའི་དྲུང་དུ་ཕྱིན་ཏོ། ། བདུད་ཀྱི་རྒྱལ་པོས་དེ་ལྟར་གྱུར་པ་མཐོང་བ་དང་། རབ་ཏུ་ཁྲོས་ནས་རལ་གྲི་ཕྱར་ཏེ། གདོད་ནས་མཆོང་ཞིང་རྒལ་བ་ལས། བདུད་ཀྱི་བུ་གཅིག་གི་བཤུགས་ཏེ་སྨྲས་པ། རྒྱལ་པོ་ཆེན་པོ་རྨ་མེད་པར་བདག་ལ་རྨ་མ་འབྱིན་ཅིག། བྱང་ཆུབ་སེམས་དཔའ་ནི་སྤྱོད་པ་ཡོངས་སུ་དག་པས་ས་གཞི་ལྟར་བསྐུལ་དཀའ་ན། ག་ལ་ཤིག་ཤེས་སྨྲས་ཀྱི།། དེའི་ཚེ་བྱང་ཆུབ་སེམས་དཔས་མཛོད་སྤུ་དཀར་པོའི་འོད་ཟེར་བསྟན་པ་དང་། བདུད་ཀྱི་འཁོར་ཐམས་ཅད་ལུས་དང་སེམས་རབ་ཏུ་དགའ་ཞིང་བདེ་བར་གྱུར་ཏེ། ཇི་ལྟར་དགེ་སློང་དག་གིས་བསམ་གཏན་གསུམ་པ་ཐོབ་པ་བཞིན་ནོ། ། ཡི་དགས་རྣམས་ཀྱིས་ནི་མཛོད་སྤུ་དཀར་པོའི་རྩེ་མོ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱ་སྟོང་སྙེད་ཡོད་པར་མཐོང་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ལྷག་པར་བྱམས་པའི་ཐུགས་ལ་མཉམ་པར་གཞག་ལ་སོ་སོ་ནས་ཕྱག་གཡས་པ་གཏེག་སྟེ། ཕྱག་གཡོན་པའི་ཕྱག་སོར་གྱི་རྩེ་མོ་ནས་འོ་མ་བཅུས་ནས་རབ་ཏུ་འབར་བའི་མེ་ལ་བཏང་བར་མཐོང་ངོ་། ། དེ་ནས་མེ་དག་ཞི་བར་གྱུར་ཏེ། རབ་ཏུ་བསིལ་བ་དང་རང་འགྲངས་ཤིང་ངོམས་པ་དང་། སེམས་རབ་ཏུ་དགའ་ཞིང་རངས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ལྟ། སེམས་བསྐྱེད་པའི་མཐུས་ཡི་དགས་ཀྱི་སྡུག་བསྔལ་དང་བྲལ་ནས། ཡི་དགས་དེ་དག་སོ་སོ་ནས་བདག་བདག་གི་ལུས་ཤེལ་དཀར་པོ་དང་འདྲ་བ་དང་། བཻ་ཌཱུཪྻའི་རི་དང་འདྲ་བ་དང་། ཤེལ་གྱི་རི་དང་འདྲ་བ་དང་གསེར་གྱི་རི་དང་འདྲ་བ་དང་། སྤུག་གི་རི་དང་འདྲ་བ་དང་། ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ཀྱང་མུ་ཏིག་གི་ཕྲེང་བ་ལྟ་བུར་གྱུར་པ་དང་། མིག་རབ་ཏུ་གསལ་ལ་དག་པ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བ་དང་ལུས་ལ་འབར་བའི་མེ་དང་། དུད་པ་ཐམས་ཅད་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་ལྟ་བུར་གྱུར་ལ། ལག་ན་ཐོགས་པའི་མཚོན་ཆ་ནི་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པར་འགྱུར་གརིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་དེའི་ནང་ན་ལྷའི་སྟན་རབ་ཏུ་འཇམ་པ་བཏིང་སྟེ། སྔས་དང་བཅས་པ་དང་། གཡས་གཡོན་ན་སྤྲུལ་པའི་ཚངས་པའི་རྒྱལ་པོ་འཁོར་དུ་གྱུར་པ་དང་། སྤྲུལ་པའི་བྱང་ཆུབ་སེམས་དཔའི་སྤྲུལ་པའི་ཁང་པ་བརྩེགས་པ་ལ་བཞུགས་ཤིང་སོ་སོ་ནས་སྡིག་པ་ཅན་དག་གི་རྣམ་པར་སྨིན་པ་འཆད་དེ། ཁྱེད་ལ་སོགས་པ་སྔོན་འདས་པའི་དུས་ན། ཁ་ན་མ་ཐོ་བའི་ལས་བྱས་པས། འདི་ལྟ་བུའི་ལུས་གཟུགས་མི་སྡུག་པ་ཐོབ་པར་གྱུར་ཏོ་ཞེས་དེ་སྐད་ཅེས་འཆད་པར་ཐོས་སོ། ། དེའི་ཚེ་ཡི་དགས་དེ་དག་ཐམས་ཅད་ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་འབྲས་བུ་སྲུང་ལ་ལ་ནི་མཱ་འོངས་པའི་དུས་ན་ལྷ་དང་མིའི་བདེ་བའི་མཆོག་ཐོབ་པར་མཐོང་ངོ་།། དེའི་ཚེ་བདུད་ཀྱི་རྒྱལ་པོ་དེ་མ་ཐག་ཏུ་ཕྱིར་ཡང་གནས་སུ་སོང་བ་དང་། མཛོད་སྤུ་དཀར་པོ་ཡང་ཕྱི་བཞིན་དུ་བྱུང་ནས་གནམ་རིམ་པ་དྲུག་པོ་ཀུན་ཏུ་ཕྱིན་ཏེ། ལྷའི་བུ་དང་ལྷའི་བུ་མོ་མང་པོ་ཀུན་གྱིས་མཛོད་སྤུ་དཀར་པོ་ཁོང་སྟོང་དུ་གྱུར་པ་ལ་རབ་ཏུ་ཟླུམ་པ་བསྟན་པ་ནི་ཡིད་དུ་འོང་བ་ཚངས་པའི་རྒྱལ་པོའི་མཚན་ལྷ་ངུ་ལ་མཛོད་སྤུ་ཁོང་སྟོང་གི་སྦུབས་ན་གངྒཱའི་ཀླུང་གི་བྱེ་མ་བརྒྱ་སྟོང་སྙེད་རིན་པོ་ཆེའི་པདྨོར་གྱུར་ལ། པདྨོ་དེ་རེ་རེ་ལ་ཡང་མཛོད་སྤུ་དཀར་པོའི་ཁབ་པ་བརྩེགས་པ་ཚད་མེད་གྲངས་མེད་པ་ཡོད་དེ་ཁང་པ་བརྩེགས་པ་དེ་དག་ལ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དག་བཞུགས་ཤིང་། མཛོད་སྤུ་དཀར་པོའི་སྐྱེས་བུ་ཆེན་པོའི་མཚན་གྱི་འོད་ཟེར་གཏོང་བ་ཡང་དེ་བཞིན་ནོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་སྤྱི་བོ་ལ་པདྨོ་ཡོད་དེ། པདྨོ་དེ་ཡང་གསེར་བཙོ་མའི་ཁ་དོག་ལྟ་བུ་སྟེ། པདྨོ་དེ་ལ་སྔ་མ་འདས་པའི་སངས་རྒྱས་བདུན་པོ་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་བདག་བདག་གི་མཚན་འཆད་དེ། མདོ་སྡེ་དག་ལས་འབྱུང་བ་དང་། ཁྱད་པར་མེད་པར་མཐོང་ངོ་།། ལྷའི་བུ་ལ་ལ་སྔོན་དགེ་བའི་རྩ་བ་ཆེར་བ་སྐྱེས་པ་དག་གིས་ནི། སྤྲུལ་པའི་བྱང་ཆུབ་སེམས་དཔའི་བ་སྤུའི་ཁུང་བུ་གཅིག་ནས་ཀྱང་བྱང་ཆུབ་སེམས་དཔའ་རེ་རེ་བྱུང་སྟེ། དེ་དག་གི་སྤྱི་བོ་ལ་སྤྲུལ་པའི་སངས་རྒྱས་བཞུགས་པ་ཡང་སྔ་མ་བཞིན་ནོ། ། སྤྲུལ་པའི་སངས་རྒྱས་དེ་དག་དེའི་ཚེ་སྨིན་མཚམས་ནས། རིན་པོ་ཆེ་རྣམ་པ་བརྒྱས་ཡོངས་སུ་བརྒྱན་པའི་འོད་ཟེར་གྱི་ཁང་པ་བརྩེགས་པ་ལྷ་དང་མིའི་འཇིག་རྟེན་གྱི་ཁམས་ན་དོག་དཔེ་ཟླ་མེད་པ་སྤྲུལ་ཏེ་བྱུང་ངོ་། ། སྤྲུལ་པའི་ཁང་པ་བརྩེགས་པ་དེ་དག་ལས་སྤྲུལ་པའི་སངས་རྒྱས་བཞུགས་པ་ཡང་སྔ་མ་བཞིན་ནོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའི་དེ་དག་གི་ལུས་ཀྱི་སྤུའི་བུ་ག་ནས་ཀྱང་ལྷ་དང་མིའི་འཇིག་རྟེན་ཐམས་ཅད་ཀྱི་ངོ་མཚར་རྨད་ཀྱི་ཡ་མཚན་ཐམས་ཅད་ཀྱང་སྤྲུལ་ཏེ་བྱུང་ངོ་། ། སྤྲུལ་པ་དེ་དག་གི་རྐང་པའི་དྲུང་ནས་སྤྲུལ་པའི་འོད་ཟེར་གྱི་ཁང་པ་བརྩེགས་པ་བྱུང་ནས་དེ་དག་ལས་ལྷའི་གཞལ་མེད་ཁང་འདོད་པའི་ཁམས་ཀྱི་གནམ་རིམ་པ་དྲུག་ལྔ་ཤིན་ཏུ་འཕགས་པ། བདུད་ཀྱི་རྒྱལ་པོའི་གནས་པས་མཆོག་ཏུ་འཕགས་པར་གྱུར་པ། ཚངས་པ་ཆེན་པོའི་ལུས་ཀྱི་རྒྱན་དང་། གནས་ལས་ཀྱང་ལྷག་པ་སྤྲུལ་ཏེ་བྱུང་ངོ་།། ཚངས་པ་རྣམས་ཀྱི་སྤྱི་གཙུག་གི་མཚན་ཡང་སྤྲུལ་པའི་བྱང་ཆུབ་སེམས་དཔའི་རྐང་པའི་འཁོར་ལོའི་མིག་ན། ཡོད་པར་གྱུར་ཏོ།། དེ་ལྟར་མཛོད་སྤུ་དཀར་པོའི་མཚན་བསྟན་པོ་དེས། གཟུགས་མེད་པའི་ཁམས་དང་ལྷའི་གནས་ཐམས་ཅད་ཀྱང་སྣང་བར་བྱས་པ་ནི། རིན་པོ་ཆེ་དཀར་པོ་འམ། ཤེལ་ལམ་མེ་ལོང་ཡོངས་སུ་དག་པ་དང་འདྲ་བར་གྱུར་ཏེ། ལྷའི་བུ་ཐམས་ཅད་ཀྱིས་ངོ་མཚར་དུ་གྱུར་པའི་མཚན་དེ་ལྟ་བུ་མཐོང་ནས། ལྷའི་བདེ་བ་ལ་མ་ཆགས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། བདུད་ཀྱི་རྒྱལ་པོའི་སླས་སྟོང་ཕྲག་བཅུ་གཉིས་སྙེད་ཀུན་གྱིས་བདུད་ཀྱི་རྒྱལ་པོ་སྡིག་པ་ཅན་གྱི་ལུས་མི་རོ་འམ་འགལ་དུ་མ་ལྟ་བུར་གྱུར་པ་མཐོང་ནས། བྱང་ཆུབ་སེམས་དཔའ་མཛོད་སྤུ་དཀར་པོའི་མཚན་ལ་བལྟས་པ་ཙམ་གྱིས་དཔེ་མེད་པར་རབ་ཏུ་དགའ་ཞིང་ཚིམ་པར་གྱུར་ནས། བདུད་སྡིག་པ་ཅན་ལ་འདི་སྐད་དུ་ཁྱོད་ཀྱིས་སྔོན་བསྟན་ཅིང་བྱས་པ་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། བདག་ཉིད་ཀྱང་མ་རུང་བར་བྱས་ལ། ཕ་རོལ་གཞན་ཡང་ཡོངས་སུ་མ་རུང་བར་བྱས་སོ་ཞེས་སྤྲོས་ཞིང་བརྒྱད་པའི་ཆོ་ག་སྨྲས་སོ།། དེ་སྐད་ཅེས་སྨྲས་པའི་ཚེ་ལྷའི་བུ་དང་ལྷའི་བུ་མོ་གྲངས་མེད་པ་བརྒྱ་ཕྲག་སྟོང་སྙེད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པ། ངོ་མཚར་རྨང་དུ་གྱུར་པའི་མཚན་རྣམ་པ་མང་པོ་སྣ་ཚོགས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་འབའ་ཤིག་ལས་བྱུང་གི། སྐུའི་ཡན་ལག་གི་ཡོན་ཏན་གཞན་ལས་ནི་མ་ཡིན་ནོ། ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་དག་ལས་གང་ལ་ལ་ཞིག་གིས་སྐད་ཅིག་ཡུད་ཙམ་གཅིག་ཏུ་འདུ་འཛི་སྤངས་ཏེ། སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་བདུད་བཏུལ་བའི་མཛོད་སྤུ་དཀར་པོའི་མཚན་རྗེས་སུ་དྲན་པར་བྱེད་ན། དེ་བསྐལ་པ་གྲངས་མེད་པའི་ལས་ཀྱི་སྒྲིབ་པ་བསལ་ཅིང་བྱང་ནས། མི་དགེ་བ་བཅུའི་ཉོན་མོངས་པའི་སྒྲུབ་པ་ཡང་མེད་པར་འགྱུར་ལ། ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་སྐུའི་གཟུགས་བསྟན་ས་ལེར་མངོན་སུམ་པར་མཐོང་བར་གྱུར་ཏོ།། དེ་ལྟར་རྗེས་སུ་དྲན་པར་བྱ་བའི་སྤྱོད་ཡུལ་རྣམ་པ་སྣ་ཚོགས་པ་ནི་བདེ་བར་བཤད་པར་མི་ནུས་སོ།། ང་ཡོངས་སུ་མྱ་ངན་ལས་འདས་ནས། དེ་བཞིན་གཤེགས་པས་བདུད་བཏུལ་བའི་ཚེ། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་རྟོག་པར་འདོད་པ་དག་གིས་དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་མངོན་པར་འཚང་རྒྱ་བའི་དུས་ཀྱི་སྐྱེས་བུ་ཆེན་པོའི་མཚན་དང་། སངས་རྒྱས་པའི་སྐྱེས་བུའི་མཚན། མི་ཡོ་བའི་སྐྱེས་བུའི་མཚན་དང་། རྣམ་པར་གྲོལ་བའི་སྐྱེས་བུའི་མཚན་དང་། འོད་ཟེར་གྱི་སྐྱེས་བུའི་མཚན་དང་། ཡེ་ཤེས་ཡོངས་སུ་རྫོགས་པའི་སྐྱེས་བུའི་མཚན་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པའི་མཚན་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྒྱ་མཚོ་སྙེད་ཀྱི་མཚན་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལྷག་པར་བྱམས་པའི་ཐུགས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། རབ་ཏུ་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་སོ།། རབ་ཏུ་ཞི་བའི་ཏིང་ངེ་འཛིན་ལས་བཞེངས་ནས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཞུགས་སོ།། དཔའ་བར་འགྲོ་བའི་ཏིང་ངེ་བཛིན་ལས་བཞེངས་ནས། ཤེས་རབ་སྒྲོན་མའི་ཏིང་འཛིན་ལ་ཞུགས་སོ། ། ཤེས་རབ་སྒྲོན་མའི་ཏིང་ངེ་འཛིན་ལས་བཞེངས་ནས། ཆོས་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ།། ཆོས་ཀྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། འོད་ཟེར་གྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ།། འོད་ཟེར་གྱི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས།། སེང་གེའི་ང་རོའི་ཏིང་ངེ་འཛིན་ལ་ཞུགས་སོ།། སེང་གེའི་ང་རོའི་ཏིང་ངེ་འཛིན་ལས་བཞེངས་ནས། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་ཞུགས་སོ།། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལས་བཞེངས་ནས། རྒྱ་མཚོའི་བློ་གྲོས་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ། ། རྒྱ་མཚོའི་བློ་གྲོས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། ཀུན་ཏུ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ།། ཀུན་ཏུ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། གཟུངས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ།། གཟུངས་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། སྐུ་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་ལ་ཞུགས་སོ། ། སྐུ་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་ལས་བཞེངས་ནས། ཆོས་ཀྱི་དབྱིངས་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ།། ཆོས་ཀྱི་དབྱིངས་ཉིད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས་སེང་གེའི་ང་རོའི་སྟོབས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ལ་ཞུགས་སོ། ། སེང་གེའི་ང་རོའི་སྟོབས་ཀྱི་རྒྱལ་པོའི་ཏིང་ངེ་འཛིན་ལས་བཞེངས་ནས། བདུད་བཅོམ་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ། ། བདུད་བཅོམ་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ།། སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། སྟོང་པ་ཉིད་ལ་མཁས་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ།། སྟོང་པ་ཉིད་ལ་མཁས་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། སྟོང་པ་ཉིད་ཆེན་པོའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ། ། སྟོང་པ་ཉིད་ཆེན་པོའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། གནས་ཐམས་ཅད་དུ་གཟུགས་ཀྱི་སྐུས་ཁྱབ་པའི་ཏིང་ངེ་འཛིན་ལ་ཞུགས་སོ།། གནས་ཐམས་ཅད་དུ་གཟུགས་ཀྱི་སྐུས་ཁྱབ་པའི་ཏིང་ངེ་འཛིན་ལས་བཞེངས་ནས། སེམས་ཀྱི་མཚན་མ་ཞི་བའི་ཏིང་ངེ་འཛིན་ལ་བཞུགས་སོ།། སེམས་ཀྱི་མཚན་མ་ཞི་བའི་ཏིང་ངེ་འཛིན་ལ་བ་བཞེངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྡོ་རྗེའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཞུགས་སོ། ། རྡོ་རྗེའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས། རྡོ་རྗེའི་སྤྱི་གཙུག་གི་ཏིང་ངེ་འཛིན་ལ་ཞུགས་སོ།། རྡོ་རྗེའི་སྡེ་གཙུག་གི་ཏིང་ངེ་འཛིན་ལས་བཞེངས་ནས། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱ་མཚོ་ལ་ཞུགས་སོ།། ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱ་མཚོ་ལས་བཞེངས་ནས། གཟུངས་ཐམས་ཅད་ཀྱི་རྒྱ་མཚོའི་ཏིང་ངེ་འཛིན་ལ་ཞུགས་སོ། ། གཟུངས་ཐམས་ཅད་ཀྱི་རྒྱ་མཚོའི་ཏིང་ངེ་འཛིན་ལས་བཞེངས་ནས། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་རྒྱ་མཚོའི་ཏིང་ངེ། འཛིན་ལ་ཞུགས་སོ།། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་རྒྱ་མཚོའི་ཏིང་ངེ་འཛིན་ལས་བཞེངས་ནས། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་རྒྱ་མཚོའི་ཏིང་ངེ་འཛིན་ལ་ཞུགས་སོ། ། རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་སྟོན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོའི་ལས་བཞེབས་ནས། དེ་ནས་གདོད་རྡུལ་ཕྲ་རབ་གྲངས་མེད་པའི་ཏིང་ངེ་འཛིན་རྒྱ་མཚོ་སྙེད་ཀྱི་སྒོར་ཞུགས་སོ། ། ཏིང་ངེ་འཛིན་མང་པོ་གྲངས་མེད་པ་རྒྱ་མཚོ་སྙེད་ཀྱི་སྒོ་ནས་བཞེངས་ནས། ཞི་བ་འགོག་པའི་ཏིང་ངེ་འཛིན་ལ་ཞུགས་སོ།། ཞི་བ་འགོག་པའི་ཏིང་ངེ་འཛིན་ལས་བཞེངས་ནས། དེ་ནས་རྡོ་རྗེ་ལྟ་བུའི་རྣམ་པར་གྲོལ་བ་ཆེན་པོའི་ཏིང་འཛིན་གྱི་མཚན་ཉིད་ཀྱི་སྒོར་སྙོམས་པར་ཞུགས་སོ།། དེའི་ཚེ་སྙིང་པོར་བྱང་ཆུབ་པའི་གནས་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱད་ཅུ་ཚུན་ཆད་རྡོ་རྗེ་ལྟ་བུར་གྱུར་ཏེ། ཁ་དོག་ཤིན་ཏུ་དཀར་བ་ནི་མཐོང་བའི་ཡུལ་དུ་མ་གྱུར་པའོ།། མཚན་འདི་བསྟན་པའི་ཚེ་ན། བྱང་ཆུབ་སེམས་དཔའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་ཡང་ཤིན་ཏུ་གསལ་ཞིང་དྲང་ལ། ཤར་ཕྱོགས་ལོགས་སུ་སྲིད་དུ་མཐོ་བཅོ་ལྔར་གྱུར་ཏེ། ཟུར་བཅུ་དོད་པ། བུ་མོ་བྱི་ཀ་དང་འདྲ་བའི་བུ་མོ་ལྔ་བསྟན་ཏོ།། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་གྲངས་མེད་པ་བརྒྱ་སྟོང་དང་། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་དང་། བཟང་སྐྱོང་ལ་སོགས་པ་ཚད་མེད་པ་གྲངས་མེད་པ་དཔག་ཏུ་མེད་པ་རྡུལ་ཕྲ་མོ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་མཚན་དེ་དག་ལས་སྣང་བར་གྱུར་ཏོ། ། མཚན་དེ་མངོན་པར་བསྟན་པ་ན། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཤིང་སཱ་ལ་ཟུང་ཡང་མཛོད་སྤུ་དཀར་པོའི་བྱིན་གྱིས་རླབས་ཀྱིས། ཤིང་དེ་ཡི་རྩ་བ་ལས་རིན་པོ་ཆེའི་པདྨོ་རང་སྐྱེས་ཏེ། པདྨོ་དེ་ཡང་ཆུ་ཞེང་དུ་དཔག་ཚད་བཞི་བཅུ་ཡོད་དེ། པདྨོ་དེ་ཡི་ཁ་དོག་གསེར་བཙོམ་ལྟ་བུ་ལ་སྙིང་པོ་གེ་སར་ནི་རྡོ་རྗེའོ།། དེ་ལ་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་འོད་ཟེར་གྱིས་པདྨོའི་ཁང་པ་བརྩེགས་པར་སྣང་བར་བྱས་ནས། འོག་གི་ཕྱོགས་སུ་རྡོ་རྗེའི་ས་གཞི་ལ་ཐུག་གི་བར་དུ་སྣང་བར་བྱས་སོ།། རྡོ་རྗེའི་ས་གཞི་དེ་ལས་རྡོ་རྗེའི་གདན་གཉིས་རབ་སྐྱེས་ཏེ། རྡོ་རྗེའི་གདན་གཉིས་གཅིག་ལ་གཅིག་རེག་ཅིང་འཁྲོལ་བ་ན། དེའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་། ཆེར་གཡོས་སོ།། རྡོ་རྗེའི་གདན་དེས་མས་གྱེན་ཏུ་པདྨོའི་རྩ་བ་བརྟན་དེ་པདྨོའི་རྩ་བ་ལ་ཐུག་གོ།། པདྨོའི་རྩ་བ་དེ་ཡང་རྡོ་རྗེའི་རྣམ་པ་གསུམ་ལས་གྱུར་པ་ཡིན་ཏེ། གཅིག་ལ་གཅིག་རེག་ན་འཁྲོལ་ལོ། ། རྩ་བ་དེ་ཡང་འོག་ཏུ་རྡོ་རྗེའི་གཞི་ལ་ཟུག་སྟེ་ཡན་མན་དུ་ལན་དུ་མར་ཐུག་གོ།། མཛོད་སྤུ་དཀར་པོའི་འོད་ཟེར་གྱིས་ལན་བཅུར་བསྐོར་ནས། རྡོ་རྗེའི་གདན་ཡང་མི་འཁྲོལ་མི་གཡོའོ།། བཅོམ་ལྡན་འདས་གདན་དེ་ལ་བཞུགས་ནས། སྒྲིབ་པ་གསུམ་ཡོངས་སུ་བསལ་ཏེ། བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ།། སངས་རྒྱས་ཀྱི་དགོངས་པ་དང་སྤྱོད་ཡུལ་ནི་རྒྱས་པར་བཤད་དུ་བདེ་བར་མི་ནུས་སོ། ། གལ་ཏེ་རྒྱས་པར་བཤད་ན་ཡང་སྐྱེས་བུ་ཐམས་ཅད་དང་ས་བཅུ་པའི་བྱང་ཆུབ་སེམས་དཔའི་བར་གྱིས་ཀྱང་ཤེས་པར་མི་ནུས་ཏེ། ཤེས་པའི་ཡུལ་མ་ཡིན་ནོ།། དེ་བས་ན་མཛོད་སྤུ་དཀར་པོའི་མཚན་ལས། མཚན་བཟང་པོ་གྲངས་མེད་པ་ཞིག་མངའ་ཡང་གསངས་ཏེ་མ་བཤད་དོ།། དེ་ལྟར་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཐུ་ལས་བྱང་ཆུབ་ཀྱི་ཤིང་དེའི་ཡལ་ག་ནི་རྡོ་རྗེའོ།། རྩ་བ་ཡང་རྡོ་རྗེ་སྟེ། ཟེ་བ་ནི་རིན་པོ་ཆེ་སྣ་བདུན་ནོ།། ཟེ་བ་དེ་ལས་འོད་ཟེར་འབྱུང་དེ་དག་གི་སོ་སོ་ནས་སངས་རྒྱས་བདུན་པོ་ལ་སྐོར་རོ།། སངས་རྒྱས་ཀྱི་སྐུ་ལས་ཀྱང་རིན་པོ་ཆེའི་བླ་རེ་དག་སྤྲུལ་ཏེ་བྱུང་ངོ་། ། ཤིང་དེའི་ལོ་མ་དང་འདབ་མ་ནི་གསེར་བཙོ་མའི་ཁ་དོག་ལྟ་བུའོ།། མེ་ཏོག་ནི་རིན་པོ་ཆེའི་ཁ་དོག་རྣམ་པ་བརྒྱ་དང་ལྡན་པ་སྟེ། མེ་ཏོག་དེ་ལས་འོད་ཟེར་བརྒྱ་སྟོང་སྙེད་འབར་བ་ནི། ལྷའི་རན་པོ་ཆེའི་འོད་ལས་ཀྱང་འདས་སོ། ། དེའི་འབྲས་བུ་ནི་རིན་པོ་ཆེ་དཀར་པོ་སྟེ། མཚེ་མ་གནམ་གྱི་རིན་པོ་ཆེ་དཀར་པོ་ལས་ཀྱང་འདས་སོ།། འབྲས་བུའི་འོད་ཟེར་ལས་ནོར་བུ་རིན་པོ་ཆེའི་དྲ་བར་གྱུར་ཏེ། ཤིང་དེའི་སྟེང་ནས་གཡོགས་ཤིང་བརྒྱན་ཏོ། ། དྲ་བ་དེའི་མིག་ན་ཡང་རིན་པོ་ཆེའི་འཇའ་ལྟ་བུ་འཕྱང་ཞིང་དེ་ལ་རིན་པོ་ཆེའི་དྲིལ་བུ་འཁྲོལ་ལོ།། གྲཝ་བཞིན་རིན་པོ་ཆེའི་ཁང་པ་བརྩེགས་པ་ཆེན་པོ་རེ་རེ་ཡོད་དེ་ཁང་པ་བརྩེགས་པ་དེ་ཡང་མཐོ་ཁྱད་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་ཤིན་ཏུ་འདས་སོ། ། འཇིག་རྟེན་གྱི་ཁམས་ལས་འདས་ནས་ཀྱང་། རིན་པོ་ཆེའི་ཁང་པ་བརྩེགས་པ་ཆེན་པོར་གྱུར་ཏེ། རིན་པོ་ཆེའི་ཁང་པ་བརྩེགས་པ་དེ་ཡང་ཕྱོགས་བཅུར་རྒྱ་ཡོངས་སུ་མ་ཆད་པ་སྟེ། དེ་དག་རྒྱས་པར་བཤད་དུ་བདེ་བར་མི་ནུས་སོ།། དེ་དག་མཐོལ་མཛེས་པ་ནི་དཔེར་ན། རི་རབ་ལྷུན་པོ་བརྒྱ་སྟོང་ལྡན་ཅིག་ཏུ་བཅེར་བ་ཙམ་མོ། ། ཁང་པ་བརྩེགས་པ་དེའི་ནང་ན་ཡང་རིན་པོ་ཆེའི་གདུགས་ཆེན་པོ་རྡོ་རྗེ་ལས་གྲུབ་པ་ཁ་དོག་རྣམ་པ་སྣ་ཚོགས་ཀྱིས་རྣམ་པར་བཀོད་པ། འོད་ཟེར་མཆོག་དམ་པ་དང་ལྡན་པ་ཡོད་དེ། འོད་ཟེར་དེ་ལས་ཀྱང་བ་དན་དང་བླ་རེ་གྲངས་མེད་པ་བརྒྱ་སྟོང་མང་པོ་བྱུང་སྟེ། བ་དན་དང་བླ་རེ་ལས་རིན་པོ་ཆེའི་གདུགས་ཀྱི་སྤྲིན་གྱི་ཆར་འབབ་བོ།། རིན་པོ་ཆེའི་གདུགས་ཀྱི་སྤྲིན་ལས་རྒྱལ་མཚན་དང་། བ་དན་གྱི་སྤྲིན་གྱི་ཆར་འབབ་བོ།། རྒྱལ་མཚན་དང་བ་དན་གྱི་སྤྲིན་ལས་རོལ་མོའི་རྣམ་པའི་སྤྲིན་གྱི་ཆར་འབབ་བོ།། རོལ་མོའི་སྤྲིན་ལས་རིན་པོ་ཆེའི་འོད་ཀྱི་སྤྲིན་གྱི་ཆར་འབབ་བོ།། རིན་པོ་ཆེའི་འོད་ཀྱི་སྤྲིན་ལས་སྤྲོས་ཀྱི་སྤྲིན་གྱི་ཆར་འབབ་བོ། ། སྤོས་ཀྱི་སྤྲིན་ལས་སེང་གེའི་བུ་དྲན་གྱི་ཆར་འབབ་བོ།། སེང་གེའི་བ་དན་གྱི་སྤྲིན་ལས་མེ་ཏོག་གི་ཟེ་བའི་སྤྲིན་གྱི་ཆར་འབབ་བོ།། མེ་ཏོག་གིརྗེ་བའི་སྤྲིན་ལས་མེ་ཏོག་གི་འཕྲེང་བའི་སྤྲིན་གྱི་ཆར་འབབ་བོ། ། མེ་ཏོག་གི་འཕྲེང་བའི་སྤྲིན་ལས་དབྱངས་དམ་པའི་སྤྲིན་གྱི་ཆར་འབབ་བོ།། དབྱངས་དམ་པའི་སྤྲིན་ལས་ཚིགས་སུ་བཅད་པའི་སྤྲིན་གྱི་ཆར་འབབ་བོ། ། ཚིགས་སུ་བཅད་པའི་སྤྲིན་ལས་རིན་པོ་ཆེའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པའི་སྤྲིན་གྱི་ཆར་འབབ་པར་གྱུར་ཏོ།། མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པ་དེ་དག་བྱུང་བ་ཡང་བྱང་ཆུབ་ཀྱི་ཤིང་དང་མཛོད་སྤུ་དཀར་པོའི་མཚན་གྱི་འོད་ཟེར་ལས་བྱུང་ངོ་། ། དེ་ལས་འོད་ཟེར་དཀར་པོས་ལ་རེག་པ་ན། དཀྱིལ་འཁོར་གྱི་འགྲམ་རྡོ་རྗེའི་ས་གཞི་ལས་རྫིང་བུ་བདུན་ཡོད་པར་གྱུར་ཏེ། རྫིང་པུ་དེའི་ནང་ན་ཡོན་ཏན་མཆོག་དང་ལྡན་པའི་ཆུས་གང་ངོ་།། ཆུ་དེ་ཡང་ཁ་དོག་རྣམ་པ་བདུན་དང་ལྡན་ཏེ། ཁ་དོ་གསོ་སོ་ནས་མཐོང་བར་གསལ་ལོ།། ཁ་དོག་དེ་ཡང་འོད་རྣམ་པ་བཅུ་དང་ལྡན་ཏེ། འོད་དེས་བྱང་ཆུབ་ཀྱི་ཤིང་ཡོངས་སུ་སྣང་བར་བྱེད་དོ།། རྫིང་དེའི་འགྲམ་ཡང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་བྱས་པ། མུ་གཅིག་ཅིང་ཡང་རིན་པོ་ཆེ་སྣ་བརྒྱ་ལས་ཏེ། རིན་པོ་ཆེ་དེ་གཅིག་ལ་ཡང་འོད་ཟེར་རྣམ་པ་བརྒྱ་སྟོང་སྙེད་བྱུང་ངོ་།། རྫིང་དེའི་གཏིང་ཡང་རྡོ་རྗེ་དང་། ནོར་བུ་རིན་པོ་ཆེའི་བྱེ་མོས་ཡོངས་སུ་བཀྲམ་སྟེ། ཆུ་དེ་ལས་མེ་ཏོག་སྐྱེས་པ་ནི་གསེར་བཙོ་མའི་ཁ་དོག་ལྟ་བུའོ། ། མེ་ཏོག་གི་འདབ་མ་ལ་འོད་བརྒྱ་སྟོང་དུ་འབར་ཏེ། འོད་ཀྱི་དཀྱིལ་འཁོར་དུ་གྱུར་ཏོ།། རྫིང་དེ་ལ་ཡུར་བ་བདུན་བདུན་ཡོད། དེ་ལས་ཀྱང་ཟིལ་དང་རོ་གྱི་ཆུ་རང་འབབ་པོ། ། ཆུ་ཀ་ཀུན་ན་གསེར་གྱི་མེ་ཏོག་སྐྱེས་ཏེ། མེ་ཏོག་དེའི་འདབ་མ་མཐར་ཆགས་སུ་འབྲེལ་ལ། མེ་ཏོག་གི་ཟེ་བ་ལས་ཀྱང་ཆུ་རྣམ་པ་མང་པོ་འབབ་སྟེ། རིན་པོ་ཆེ་རྣམ་པ་མང་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱིས་ཡོངས་སུ་བརྒྱན་ཏོ། ། ཡུར་བ་དེ་དག་ཀྱང་གཅིག་ནས་གཅིག་དུ་འབབ་སྟེ། ཆུ་དེ་འབབ་པ་ན་འོད་ཀྱང་རྗེས་བཞིན་དུ་འབར་ཞིང་བྱང་ཆུབ་ཀྱི་ཤིང་སྣང་བར་བྱེད་དོ། ། བྱང་ཆུབ་ཀྱི་ཤིང་གི་འདབ་མ་རེ་རེ་ལ་ཡང་རིན་པོ་ཆེའི་མེ་ཏོག་ཡོད་དོ།། མེ་ཏོག་དེས་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པོ།། མེ་ཏོག་དེ་དག་ལ་ཡང་རིན་པོ་ཆེ་བརྒྱ་སྟོང་མང་པོའི་ཁང་པ་བརྩེགས་པ་སྤྲུལ་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པར་ཁྱབ་པོ།། སངས་རྒྱས་ཀྱི་སྨན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ལས་རིན་པོ་ཆེའི་པདྨོ་ཟླུམ་པོ་དཔག་ཚད་གཅིག་པ་གཅིག་བྱུང་ངོ་། ། དེ་ལྟ་བུ་འདབ་ཆགས་སུ་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་གྲངས་མེད་པ་བརྩི་ཞིང་བགྲང་དུ་མེད་པ་རྡུལ་ཕྲ་རབ་སྙེད་ལས་འདས་སོ། ། མེ་ཏོག་གི་རིམ་པ་དེ་དག་གི་བར་ཀུན་ནས་སངས་རྒྱས་ཀྱི་སྐུ་གསེར་བཙོ་མའི་མདོག་ལྟ་བུ་ལ་སྐུ་ཚད་མཐོ་བཅུ་དྲུག་པ་དཀྱིལ་མོ་ཀྲུང་བཅས་ཏེ། པདྨོའི་ཁལ་བརྩེགས་པའི་ནང་ནབཞུགས་པར་མཐོང་ཞིང་རྡོ་རྗེའི་གདན་དང་། བྱང་ཆུབ་ཀྱི་ཤིང་ཡང་སྔ་མ་བཞིན་ཏེ། ཐ་དད་པ་མེད་དོ།། དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གཞན་ཡང་ཤེས་པར་བྱའོ།། ཡང་མཛོད་སྤུ་དཀར་པོ་ལས་རིན་པོ་ཆེའི་པདྨོ་བྱུང་སྟེ། པདྨོ་སྔ་མ་བས་བརྒྱ་སྟོང་གིས་ལྷག་པ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ཐ་མི་དད་པ་བཞུགས་ཤིང་། པདྨོའི་འདབ་མ་རེ་རེ་ལ་ཡང་སངས་རྒྱས་ཀྱི་སྐུ་ཚད་མཐོ་བཅུ་དྲུག་པ་ཞི་བ་ལ་མཉམ་པར་གཞག་སྟེ། ཐུགས་མི་གཡོ་བར་བཞུགས་སོ།། དེ་དག་གིས་ཀྱང་འོད་ཟེར་བཀྱེ་སྟེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་བརྒྱ་སྟོང་སྣང་བར་བྱས་ནས། འཇིག་རྟེན་གྱི་ཁམས་ཀུན་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། སེམས་ཅན་འགྲོ་བ་མང་པོ་ཀུན་གྱིས་ཀྱང་སྤྲུལ་པའི་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་འོད་ལས་གཞན་ཡང་རིན་པོ་ཆེའི་འོད་ཟེར་ཚད་མེད་པ་བརྒྱ་སྟོང་མཐོང་སྟེ། འོད་དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བརྒྱ་སྟོང་སྙེད་བཞུགས་པར་མཐོང་ངོ་། ། དེའི་ཚེ། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་ལ་སོགས་པས་འོད་ཟེར་དེ་དག་མཐོང་ནས། སངས་རྒྱས་ལ་ལན་སྟོང་དུ་སྐོར་བ་བྱེད་དོ། ། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་མཐོ་བ་དང་། དམའ་བ་དང་། ཆེན་པོ་དང་། ཆུང་དུ་ཐམས་ཅད་མངོན་སུམ་དུ་སྣང་བ་ནི། ཇི་ལྟར་མེ་ལོང་ཡོངས་སུ་དག་པ་ལ་བདག་གི་བཞིན་མངོན་དུ་སྣང་བ་བཞིན་ནོ།། དེའི་ཚེ་བདུད་བསྡིག་པ་ཅན་འཁོར་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་ཁྲི་ཕྲག་བརྒྱད་ཅུ་སྙེད་ཀྱིས་མཛོད་སྤུ་དཀར་པོ་དྲང་ལ་རབ་ཏུ་འབར་བ་མཐོ་བཅོ་ལྔར་གྱུར་པ་མཐོང་ངོ་།། ཕྱོགས་བཅུར་འོད་སྣང་བར་གྱུར་པ་དག་གིས་འཁོར་མང་པོ་དག་གི་མིག་ཟིལ་གྱིས་ནོན་པ་ནི། ཉི་མ་ཁྲི་ཕྲག་དུ་མར་ཤྭར་བ་དང་འདྲ་སྟེ། བདེ་བར་བཤད་དུ་མི་ནུས་སོ།། འོད་དེ་ལས་ཚད་མེད་གྲངས་མེད་པ་བརྒྱ་སྟོང་སྙེད་ཀྱི་སྒྲུབ་པའི་ཤཱཀྱ་ཐུབ་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་མཐོ་བཅོ་ལྔ་ལས་མི་རིང་བར་མཐོང་ངོ་། ། མཛོད་སྤུ་རེ་རེ་ལ་ཡང་གྲངས་མེད་པའི་འོད་ཟེར་འབྱུང་ཞིང་། འོད་དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་ཡོད་པར་མཐོང་སྟེ། སྤྲུལ་པའི་སངས་རྒྱས་ཀྱི་སྨིན་མཚམས་ན་ཡང་དེ་བཞིན་ནོ།། མཛོད་སྤུ་དཀར་པོའི་འོད་ཀྱི་ཁྲེམ་ཉེར་གྱི་བར་ནས་འོད་མང་པོ་བྱུང་སྟེ། འོད་དེས་དེ་བཞིན་གཤེགས་པའི་ཞལ་དཔྲལ་བ་མཉམ་ཞིང་ཡངས་པའི་མཚན་སྣང་བར་བྱེད་དོ། ། དཔྲལ་བའི་དབུའི་སྒྲ་ཡང་ཤིན་ཏུ་མཛེས་ཤིང་འཇམ་ལ་གྱེན་དུ་འགྲེང་སྟེ། དབུའི་སྐྲའི་རྩ་བ་ཡང་ཚངས་པའི་གཙུག་གི་ནོར་བུའི་མདོག་ལྟ་བུ་སྟེ། སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཡོངས་སུ་ཚིམ་པར་བྱེད་དོ།། སྤུའི་ཐོག་མ་ལས་འོད་ཟེར་གསེར་བཙོ་མའི་ཁ་དོག་ལྟ་བུ་རབ་ཏུ་མཛེས་པ་བྱུང་སྟེ། དབུའི་སྒྲ་འདབ་ཀྱི་མཚན་སྣང་བར་བྱེད་དོ། ། དེའི་འོད་རྣམས་ཀྱང་འཁྱིལ་ཅིང་འཕྱང་ལ་སྙུན་ལྔ་ཐུག་ནས། སོ་སོར་གྱེས་ཏེ་དབུའི་གསེབ་ཀྱི་མཚན་ཀུན་སྣང་བར་བྱས་ནས། དབུ་དུང་གོ་རི་མོ་ལྟ་བུ་ལ་ལན་བརྒྱ་སྟོང་དུ་མར་བསྐོར་རོ། ། དབུའི་ལྷག་རུས་ལས་གསེར་བཙོ་མའི་ཁ་དོག་ལྟ་བུའི་པདྨོ་སྐྱེས་ཏེ། ཉི་མའི་འོད་ཟེར་གྱིས་ཕོག་ནལ་འབྱེའོ།། པདྨོའི་འདབ་མའི་བར་ན་བརྒྱ་བྱིན་གྱི་གཞལ་མེད་ཁང་དང་འདྲ་བ་མངོན་སུམ་དུ་སྣང་ངོ་། ། ཁ་དོག་ཀྱང་རྣམ་པ་ཐ་དད་པ་སྟེ། དེ་དག་གི་བར་ན་སྤྲུལ་པའི་སངས་རྒྱས་ཚད་མེད་པ་བཞུགས་སོ།། སངས་རྒྱས་གཅིག་ཅིག་ཡང་བྱང་ཆུབ་སེམས་དཔའ་དང་ལྷའི་འཁོར་བདུན་བདུན་གྱིས་བསྙེན་བཀུར་བྱེད་ལ། དེ་དག་ཀུན་གྱི་ལག་ན་རིན་པོ་ཆེའི་པད་མོ་དཀར་པོའི་ནང་ན་ཡང་དཀར་བ་ཐོགས་སོ།། པདྨོ་དེ་འོད་ཁ་དོག་རྣམ་པ་ལྔ་དང་ལྡན་ཏེ། འོད་ཀྱི་ཁ་དོག་ལྔ་ཆར་ཡང་མངོན་པར་གསལ་ལ། སྤྲུལ་པའི་སངས་རྒྱས་ཀྱི་རྗེས་སུ་གནས་མི་ནོར་བར་འབྱུང་ངོ་།། དེ་དག་ནི་དེ་བཞིན་གཤེགས་པ་ཐོག་མ་མངོན་པར་སངས་རྒྱས་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་ཞེས་བྱའོ། ། མཛོད་སྤུ་དཀར་པོའི་འོད་ལས་གཙུག་ཏོར་གྱི་འོད་འབྱུང་ངོ་།། ཐོག་མ་རྒྱལ་པོའི་ཁབ་ཏུ་བལྟམས་པ་ན་ཡང་འོད་དེ་ཉི་མ་ལྟར་མངོན་པར་གསལ་ཡང་མངོན་པར་མཐོང་བ་ནི་མ་ཡིན་ནོ། ། འོད་ཟླུམ་པོ་འདོམ་གང་བའི་མཚན་ནི་མདོ་གཞན་ལས་བཤད་པ་བཞིན་ནོ།། དེའི་ཚེ་སྡེ་བརྒྱད་རྣམས་ཀྱིས་མཛོད། སྤུ་དཀར་པོའི་འོད་མཐོང་བ་ཡང་སོ་སོར་མི་མཐུན་ཏེ། ལ་ལས་ནི་མཛོད་སྤུ་དཀར་པོ་སངས་རྒྱས་དང་འདྲ་བ་མཐོང་། ལ་ལས་ནི་བྱང་ཆུབ་སེམས་དཔའ་དང་འདྲ་བར་མཐོང་། ལ་ལས་ནི་མཛོད་སྤུ་དཀར་པོ་བདག་ཉིད་ཀྱི་ཕ་མ་དང་འདྲ་བར་མཐོང་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་བླ་མར་བྱ་བའི་གནས་དེ་དག་ཐམས་ཅད་མཛོད་སྤུའི་ཐོག་མ་ལ་མངོན་སུམ་དུ་མཐོང་ངོ་།། མཐོང་ནས་རྗེས་སུ་ཡི་རང་ཏེ། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ལ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་སུ་སེམས་སྐྱེད་དོ།། དེ་ལྟར་གནོད་སྦྱིན་དེ་དག་གིས་མཛོད་སྤུ་དཀར་པོའི་མཚན་མཐོང་ནས། ངན་སེམས་མེད་ཅིང་བྱམས་པའི་སེམས་དང་ལྡན་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རྒྱལ་པོ་ཡབ་དེ་བཞིན་གཤེགས་པའི་མཛོད་སྤུ་དཀར་པོ་ནི་ཐོག་མ་བལྟམས་པ་ནས་མངོན་པར་སངས་རྒྱས་ཀྱི་བར་དུ་དངོས་པོ་ཕྲ་མོ་རྣམས་ནི་མཐོང་ཞིང་བལྟར་སྣང་ངོ་། ། མངོན་པར་སངས་རྒྱས་ནས་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཚན་ཕུན་སུམ་ཚོགས་པ་ནི། མདོ་སྡེ་དག་ལས་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དོ།། མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཐའ་ནིས་བཅུ་པའི་བྱང་ཆུབ་སེམས་དཔས་གདོད་མཐོང་ངོ་།། སྔར་འཇིག་རྟེན་པ་དང་སྦྱོར་བའི་ཕྱིར་དངོས་པོ་ཅུང་ཟད་བསྟན་པ་མཐོང་བར་ནི་དཀའ་བ་མ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་དང་དགའ་བོ་ལ་བཀའ་སྩལ་པ། ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག། མ་འོངས་པའི་དུས་ན་ཉེ་གནས་སུ་གྱུར་པ་རྣམས་ཤེས་པར་གྱིས་ཤིག། ང་ཡོངས་སུ་མྱ་ངན་ལས་འདས་ནས་དགེ་སློང་གང་ཞིག་འདི་སྐད་དུ། དེ་བཞིན་གཤེགས་པའི་མཛོད་སྤུ་དཀར་པོའི་མཚན་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྤྱོད་པ་གང་སྤྱད་པས་ཐོབ་པར་གྱུར་ཅེས་འདྲི་བ་ཡོད་ན། ཁྱོད་དེ་ལ་འདི་སྐད་དུ་བཅོམ་ལྡན་འདས་ཀྱི་མཛོད་སྤུ་དཀར་པོའི་མཚན་ན། བསྐལ་པ་ཆེན་པོ་ཚད་མེད་པ་གྲངས་མེད་པའི་བར་དུ་སེར་སྣ་མེད་པའི་སེམས་ཀྱིས་གཏོང་ཞིང་ཕ་རོལ་ཏུ་མི་དམིགས་ནོར་ཟས་ཀྱི་དངོས་པོར་མི་གྱུ་སྟེ། སེམས་ཅི་ལ་ཡང་མ་ཆགས་པས་སྦྱིན་པ་བྱིན་པ་དང་། ལུས་དང་། སེམས་ཀྱིས་ལུས་ཀྱི་སྤྱོད་ལམ་བསྡམས་ཏེ། མིག་དང་འདྲ་བར་ཚུལ་ཁྲིམས་ཡོངས་སུ་བསྲུངས་ནས་ནང་གི་སེམས་རབ་ཏུ་ཞི་བས་འཁྲུལ་པར་ནས་ལྷུང་བར་མི་མཐོང་བཔ་དང་། སེམས་ཆེན་པོ་དང་འདྲ་བར་རྟེན་ཏེ་མི་གཡོ་བས་གལ་ཏེ་གང་ཟག་གཅིག་གིས། མཚོན་ཆ་བརྒྱ་སྟོང་མང་པོ་ཐོགས་ནས་ལུས་དམྱལ་གཏུབས་སམ། གང་ཟག་ལ་ལས་ཚེར་ལྷུག་གིས་ཞུས་ཤིང་བཙོགས་ཀྱང་བྱང་ཆུབ་སེམས་དཔའ་ལ། ཐོག་མ་ནས་ཞེ་སྡང་གི་སེམས་མི་འབྱུང་བ་དང་། གང་ཟག་ལ་ལ་མགོ་གཅིག་ལ་ལྕེ་སྟོང་ཡོད་པར་གྱུར་ཏེ། ལྕེ་དེ་གཅིག་ཀྱང་སྐད་སྟོང་སྨྲ་ཞིང་ཚིག་རྣམ་པ་སྣ་ཚོགས་ཀྱིས་སྨྲོས་ཤིང་སྨ་ཕབ་ཀྱང་། བྱང་ཆུབ་སེམས་དཔའི་མདངས་ཀྱང་མི་འགྱུར་ཏེ། ཇི་ལྟར་པདྨོ་ཡོངས་སུ་དག་པ་དང་འདྲ་བ། ཅི་ལ་ཡང་ཆགས་པ་མེད་པ་དང་། ལུས་དང་སེམས་ལ་ཉམས་བག་མེད་པས། ངལ་བ་དང་སྐྱོ་བ་མེད་པའི་ཡིད་ཀྱིས་མགོའི་ཐོད་ལ་མེ་འབར་བ་བཞིན་དུ་བརྩོན་པ་ནི། ཇི་ལྟར་ལུས་ཀྱི་བ་སྤུའི་ཁུང་བུ་ནས་ཤུ་བ་མ་རུངས་པ་བྱུང་ནས། སྨན་པ་མཁས་པ་ཚོལ་བ་དང་འདྲ་བ། ཉིན་མཚན་ཕྱེད་པར་བརྩོན་པ་དང་། སེམས་ཅི་ལ་ཡང་མ་ཆགས་པ་ནི་བཻ་ཌཱུཪྻ་ལྟར་ཕྱི་ནང་ཡོངས་སུ་དག་ཅིང་ལུས་བསྡམས་ནས། སེམས་བསྡུས་ཏེ་མིག་བཙུམས་ཤིང་། ཐལ་མོ་སྦྱར་ནས་དྲང་པོར་བསྲང་སྟེ། མཉམ་པར་འཇོག་པ་དང་། སེམས་རྒྱ་མཚོ་དང་འདྲ་བར་མི་འཁྲུག་མི་གཡོ་བ་དང་། རྡོ་རྗེའི་རི་ལྟར་མི་ཤིགས་མི་ཚེམས་པ་དང་། དེ་ལྟ་བུར་ཡིད་ལ་བྱེད་ཀྱང་སེམས་མེ་ཤི་བ་བཞིན་དུ་རབ་ཏུ་ཞི་བ་དང་། ཅི་ཡང་ཤེས་པར་མི་བྱེད་པའི་བསམ་གཏན་རྗེས་སུ་མི་འབྲང་བ་དང་། རྣམ་པར་རྟོག་པ་མེད་ཀྱང་ཆོས་ལ་མི་རྟོག་པ་མ་ཡིན་པ་དང་། སེམས་ཀྱི་ཤེས་རབ་རྣོ་ཞིང་བརྟུལ་ཞུགས་ཕོད་པ་ཐབས་མཁས་པས་ཡོངས་སུ་སྡུད་ཀྱང་ཆོས་ཆེན་པོ་དང་། ཆུང་ངུ་ན་གང་ལ་ཡང་རབ་ཏུ་ཕྲ་བའི་མཚན་མ་ཡོད་པར་མི་ལྟ་བའི་སེམས་ཅན་དེ་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། ། གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དྲན་པའི་གནས་གསུམ་དང་། ཡོན་གཏན་གྱི་མཆོག་མང་པོ་ལས་མཛོད་སྤུ་དཀར་པོའི་མཚན་ཐོབ་པར་གྱུར་ཏོ་ཞེས་གྱིས་ཤིག་ང་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པའི་རྣམས།། ཉེས་པ་ཐམས་ཅད་སྤངས་ཏེ་འདུ་འཛི་མང་པོ་ཡོངས་སུ་བཏང་ཉུང་ངུ་སྨྲ་བའི་ཆོས་ལ་མོས་པར་བྱས་ཏེ། བྱ་བའི་དངོས་པོ་མང་པོ་ཡོངས་སུ་བཏང་ནས། ཉིན་ཞག་གཅིག་ལ་དུས་དྲུག་སྟེ། དུས་གཅིག་གི་ཡང་ཅུང་ཟད་དམ། ཅུང་ཟད་ཀྱི་ཡང་སྐད་ཅིག་ཙམ། སངས་རྒྱས་ཀྱི་མཛོད་སྤུ་དཀར་པོའི་མཚན་དྲན་པར་བྱས་ཏེ། སེམས་ལ་མངོན་སུམ་དུ་འཁྲུལ་ཅིང་ནོར་པ་མེད་པར་གསལ་བར་བྱས་ལ་དྲང་པོར་འདུག་སྟེ། རྒྱུན་མི་འཆད་པར་མཛོད་སྤུ་དཀར་པོའི་མཚན་དྲན་པར་བྱས་ན། མཚན་བཟང་པོ་མཐོང་ཡང་རུང་། མ་མཐོང་ཡང་རུང་སྟེ། གང་ཟག་དེ་དག་ནི་འཁོར་བའི་ཉེས་པ་གངྒཱའི་ཀླུང་གི་བྱེ་མའི་རྡུལ་ཕྲ་མོ་བྱེ་བ་ཁྲི་ཕྲག་དགུ་བཅུ་རྩ་དྲུག་སྙེད་སྤངས་པར་འགྱུར་རོ། ། གཞན་ཡང་གང་ཟག་ལ་ལས་མཛོད་སྤུ་དཀར་པོའི་མཚན་ཐོས་ནས། སེམས་མི་སྐྲག་ཅིང་ཐེ་ཙོམ་མི་ཟ་བར་དགའ་བར་དགའ་བའི་སེམས་ཀྱིས་དད་པར་བྱེད་ན། གང་ཟག་དེ་ཡང་བསྐལ་པ་སྟོང་ཕྲག་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་སྤངས་པར་གྱུར་རོ།། དགེ་སློང་ངམ་དགེ་བསྙེན་མ་འམ། དགེ་བསྙེན་མ་འགའ་ཞིག་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཉམས་སམ། ཁ་ན་མ་ཐོ་བའི་སྡིག་བྱས་སམ། མཚམས་མེད་པ་ལྔའི་སྡིག་བྱས་ན། ཤིན་ཏུ་རྒྱས་པའི་མདོ་སྡེ་ལ་བསྐུར་པ་མ་གཏོགས་ཏེ། གང་ཟག། དེས་འགྱོད་ཚངས་བྱས་ལ་ཉིན་མཚན་དུས་དྲུག་དུ་ལུས་དང་། སེམས་ཀྱིས་བརྩོན་པ་ནི། དཔེར་ན་མི་ཞིག་ཚལ་སྟུག་པོའི་དབུས་ན་འདུག་ལཱ། ཕྱོགས་བཞི་ནས་མེ་བྱུང་སྟེ། རླུང་དྲག་པོས་བུས་ནས། འཚིག་ལ་ཐུག་པ་ལས་གང་ཟག་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་མེ་འདིས་འཚིག་པར་འགྱུར་ན། མི་དེས་མ་ཚིག་པར་ལུས་ཀྱི་ཡན་ལག་ཀུན་བཤིག་པར་འགྱུར་གྱིས། བདག་གིས་ཇི་ལྟར་མེ་འདི་ཞི་བར་བྱ་སྙམ་ནས་བློས་དཔྱོད་དོ།། གལ་ཏེ་བློས་མ་དཔྱད་ན་ནི་གདོན་མི་ཟ་བར་དེ་ཉིད་དུ་དུས་བྱེད་པར་འགྱུར་ན། མཁས་པ་གང་ཞིག་བློ་དང་ལྡན་པས་ཐབས་སྣ་ཚོགས་ཀྱིས་བདག་གི་ཚེའི་སྐྱབས་ནུས་ཏེ། གལ་ཏེ་ཚེའི་བར་ཆད་དུ་མ་བྱུང་ན། གང་ཟག་དེ་ལ་ཅི་ལ་ཡང་མི་ཕངས་པར་བྱའོ་སྙམ་དུ་སེམས་པ་བཞིན་དུ། རི་ཆེན་པོ་བསྙིལ་བ་ལྟར་ཡན་ལག་ལྔ་ས་ལ་གཏུགས་ཏེ། མཆི་མ་བླགས་ནས། བཅོམ་ལྡན་འདས་གང་ན་བའི་ལོགས་སུ་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་དང་མཛད་པ་རྣམ་པ་མང་པོ་ལ་བསྟོད་ཅིང་བསྔགས་ཏེ་མཆོད་པ་བྱས་ནས། འགྱོད་ཚངས་ཀྱི་ཆོས་འདོན་ཅིང་དྲན་པ་མངོན་སུམ་པར་དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་ཡིད་ལ་བྱས་ཏེ། ཞག་གཅིག་ནས་ཞག་བདུན་གྱི་བར་དུ་ཡིད་ལ་བྱས་ན་སྡིག་ལྕི་བ་རྣམ་པ་བཞི་པོ་དག་འབྲི་ཞིང་སྲབས་པར་འགྱུར་རོ།། བདུན་གསུམ་བྱས་ན་སྡིག་བྱས་པ་ཡང་དང་ཡང་འབྱང་བར་འགྱུར་རོ།། ཞག་བདུན་བདུན་གྱི་བར་དུ་བྱས་ནས་གདོད་ལས་སུ་བྱ་བའི་རྣམས་བྱས་ཏེ། མདོ་སྡེ་གཞན་དག་ལས་ཀྱང་འབྱུང་ངོ་།། དགེ་སློང་གང་ཞིག་ཁ་ན་མ་ཐོ་བའི་སྡིག་བྱས་ནས། མཛོད་སྤུ་དཀར་པོའི་མཚན་ལ་བརྟགས་ཀྱང་གནག་ཅིང་མི་གསལ་ན། མཆོད་རྟེན་དུ་ཞུགས་ཏེ་སྐུ་གཟུགས་ཀྱི་སྨན་མཚམས་ལ་ཞག་གཅིག་ནས་ཞག་གསུམ་གྱི་བར་དུ་རྟོགས་ལ། ཐལ་མོ་སྦྱར་ཏེ་མཆི་མ་བླགས་ནས།། སེམས་རྩེ་གཅིག་ཏུ་ཤིན་ཏུ་རྟོགས་པར་བརྟགས་ནས། གདོད་དགེ་འདུན་གྱི་ནང་དུ་སོང་ལ་ཉེས་པ་ཅི་བྱས་པ་འཐོལ་ཅིག་དེ་ལྟར་བྱས་ན་འདི་ནི་སྡིག་པ་བྱང་བ་ཞེས་བྱའོ།། སྡིག་པ་སྔ་མ་སྔ་པོ་བྱས་པ་ནི་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཚན་ཞག་བརྒྱད་བརྒྱ་ཡིད་ལ་བྱས་ནས། གདོད་ལས་སུ་བྱ་བའི་ཆོས་གཞན་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཡབ་དེ་བཞིན་གཤེགས་པ་ལ་མཚན་བཟང་པོ་གྲངས་མེད་པ་ཞིག་མངའ་སྟེ། མཚན་དེ་རེ་རེའི་ནང་ན་ཡང་མཚན་ཕྲ་མོ་བརྒྱད་ཁྲི་བཞི་སྟོང་སྙེད་མངའོ།། དེ་སྙེད་ཀྱི་མཚན་དང་དཔེ་བྱད་མངའ་བ་ཡང་མཛོད་སྤུ་དཀར་པོའི་ཡོན་ཏན་གྱི་ཕྱོགས་ཅུང་ཟད་ཙམ་ཡང་མེད་དོ། ། དེ་བས་ན་མ་འོངས་པའི་སྐྱེ་བོ་ངན་པ་རྣམས་ཀྱི་ཕྱིར། མཛོད་སྤུ་དཀར་པོའི་མཚན་ཤེས་རབ་ཆེན་པོའི་འོད་ཟེར་གྱིས་ཉེས་པབཞི་བར་བྱེད་པ་རྗེས་སུ་དྲན་པའི་ཆོས་བཤད་དེ། གང་ངན་པར་ལྟ་བ་རབ་ཏུ་སྡིག་ཆེ་བའི་དག་ཀྱང་ཉེས་པ་རྗེས་སུ་དྲན་པའི་ཆོས། མཚན་ཕུན་སུམ་ཚོགས་པ་འདི་ཐོས་ན་ཞེ་སྡང་གི་སེམས་སྐྱེ་བའི་གནས་མེད་དོ། ། ཅི་སྟེ་སྐྱེས་ན་ཡང་མཛོད་སྤུ་དཀར་པོའི་མཚན་གྱི་འོད་ཟེར་གྱི་ཟིལ་གྱིས་ནོན་ཏེ། ཚིག་འདི་ཐོས་པ་ཙམ་གྱིས་བསྐལ་པ་གསུམ་གྱི་སྡིག་པ་འབྱང་ཞིང་།། སྐྱེ་བ་ཐ་མར་སངས་རྒྱས་རྣམས་ཀྱི་སྤྱན་དང་ར་སྐྱེ་བར་འགྱུར་རོ། ། དེ་ལྟ་བུ་ལ་སོགས་པ་འོད་ཟེར་རྗེས་སུ་དྲན་པ་འོད་ཟེར་བརྒྱ་སྟོང་སྙེད་ཀྱི་སྤྱོད་ཡུལ་དམ་པ་ནི་རྒྱས་པར་བཤད་དུ་མེད་དེ། མཛོད་སྤུ་དཀར་པོ་རྗེས་སུ་དྲན་པ་ན་མཚན་བཟང་པོ་རྣམས་ཀྱང་མཐོང་བར་འགྱུར་རོ། ། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་བུ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། དེ་ཇི་ལྟར་ན་དབུ་དཔྲལ་བ་ཡང་ས་ཤིང་མཉམ་པ་རྗེས་སུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པའི་དབུ་དཔྲལ་བ་མཉམ་ཞིང་ཡངས་པའི་མཚན་འོད་ཟེར་གྱི་དཀྱིལ་འཁོར་གཉིས་དང་ལྡན་པ། འོད་ཟེར་གྱི་དཀྱིལ་འཁོར་གྱི་ཁྲེམ་ཉེར་གྱི་བར་ན། ནོར་བུ་རིན་པོ་ཆེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལྷ་འཇུག་སེལ་གྱི་རི་མོ་ལྟ་བུ་ཡོད་ལ། རི་མོ་དེ་དག་གི་ནང་ན་ཡང་གསེར་བཙོ་མའི་ཁ་དོག་དང་ལྡན་པའི་འོད་རང་བྱུང་ནས་སྨིན་མཚམས་ཀྱི་མཛོད་སྤུར་ཞུགས་ཏེ། མཛོད་སྤུ་ལ་ལན་བདུན་བསྐོར་ནས་ཕྱིར་དབུའི་དཔྲལ་བའི་བ་སྤུའི་ཁུང་བུ་ཀུན་ཏུ་ཞུགས་ཏེ། དབུའདབ་ལ་ཐུག་ནས་མཚན་ཀུན་ནས་ཁྱིལ་ཞིང་འཕྱང་བ་སྙན་ལ་ཐུག་གོ། དེ་ནས་དབུའི་ཉག་མ་ཀུན་ཏུ་ཞུགས་ཏེ། དབུ་ཉག་མ་གཅིག་ལ་ཡང་ལན་བདུན་བདུན་བསྐོར་ནས། ལྷག་པའི་རུས་པ་ནས་བྱུང་སྟེ་མདུན་གྱི་པདྨོའི་མཚན་ལའང་ལན་བདུན་བསྐོར་རོ།། ལན་བདུན་བསྐོར་བ་ཡང་རི་མོར་བྲིས་པ་ལྟར་མངོན་པར་གསལ་ལ་ཁ་དོག་རྣམ་པ་བདུན་དང་ལྡན་ཏེ་ཁ་དོག་གཅིག་ལ་ཡང་མེ་ཏོག་བདུན་བདུན་སྐྱེས་སོ། ། མེ་ཏོག་གཅིག་ལ་ཡང་སངས་རྒྱས་བདུན་བདུན་བཞུགས་སོ།། སངས་རྒྱས་གཅིག་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་བདུན་གྱིས་བསྐོར་ཏེ། བསྙེན་བཀུར་དང་། མཆོད་པ་དང་། བསྐོར་བ་བྱེད་དོ།། དེ་ལྟར་དབུའི་དཔྲལ་བ་ཡང་ས་ལ་མཉམ་ཞིང་། ཚེའི་མཚན་གསུམ་དང་། དབུའི་འདབ་ཀྱི་མཚན་དང་། དབུའི་བ་སྤུའི་ཁུང་བུའི་མཚན་དང་། དབུའི་ཀླད་པའི་མཚན་རྣམས་སོ།། དབུའི་ཀླད་པའི་ནང་ནས་ཀྱང་འོད་ཟེར་བཅུ་བཞི་རྩ་ལས་མངོན་པར་སྣང་སྟེ། ཕྱི་ནང་མངོན་ཞིང་གསལ་ལ་བལྟ་ན་ཡིད་དུ་འོང་བ་ཉི་མའི་འོད་ལྟ་བུ་ལས་ལེ་བརྒན་དང་། རྨ་སྤེལ་བསྐོད་པ། ཁ་དོག་ཤིན་ཏུ་མཛེས་ཤིང་ཕྲ་བ་དེ་ཡང་ལྷག་པའི་རུས་པ་ནས་བྱུང་སྟེ་སྔ་མ་བཞིན་དུ། ལན་གསུམ་གསུམ་བསྐོར་རོ། ། རི་མོ་དེ་དག་གི་བར་བར་ན་སངས་རྒྱས་གཅིག་དང་། བྱང་ཆུབ་སེམས་དཔའ་གཉིས་ཀྱང་གཡས་གཡོན་ན་བཞུགས་ཏེ་སྔ་མ་བས་ལྷག་པར་མཐོང་ཞིང་མངོན་པར་གསལ་ལོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྤྱན་གཡས་གཡོན་གྱི་མཚན་གཉིས་ཞེ་ན། འདི་ལྷ་སྟེ། ཟླ་བ་ཚེས་པ་ལྟ་བུ་ལ་སྤུ་མཐར་ཆགས་སུ་སྐྱེས་ཤིང་སྡུག་སྲབ་རན་པ་དང་། ཟླ་བ་འཁྱིམས་པ་ལྷུར་འཁོར་བ་ཁ་དོག་སྨུག་པོ་ལ་སྤུའི་ཐོག་མ་བཻ་ཌཱུཪྻ་མཐོན་མཐིང་གི་འོད་ལྷ་བུ་སྟེ། འཇིག་རྟེན་གྱིས་དཔེར་བྱ་བ་ལས་འདས་སོ།། སྤྱན་གྱི་སྨིན་མའི་འོད་འབར་བ་ཡང་དབུའི་ཉམ་ཀུན་ཏུ་ཞུགས་ཏེ། དབུའི་སྒྲའི་རྩེ་མོར་ཐུག་ནས། དུང་གི་རི་མོ་ལྷར་འཁྱིལ་ཞིང་། དེ་དག་བུང་བའི་འདབ་མ་འམ། རྨ་བྱའི་མདོངས་ཀྱིས་ཀྱང་བསྐྲུན་དུ་མིད་དོ།། དཔེར་ན་སོལ་བའི་ཕུང་པོ་དང་། བཻ་ཌཱུཪྻའི་འོད་དུ་བསྐྲུན་པ་བཞིན་ཏེ། དེ་ཡང་ཕྱིར་ཡས་ཐུར་དུ་གུག་ཅིང་འཕྱངས་ཏེ། ལྷག་པའི་རུས་པའི་གནས་ཀུན་ཏུ་ཞུགས་སོ།། དེ་ནས་ཕྱིར་བྱུང་ཞིང་འཁྱིལ་ནས་འོད་ཀྱིས་དབུལ་ལན་བདུན་དུ་བསྐོར་རོ།། རི་མོ་དེ་དག་རེ་རེའི་བར་ན་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ། འཁོར་བྱང་ཆུབ་སེམས་དཔའ་གཉིས་གཉིས་དང་། དགེ་སློང་གཉིས་གཉིས་ཀྱི་བསྙེན་བཀུར་བྱེད་དོ།། དེ་དག་ཀྱང་སོ་སོ་ན་པདྨོ། གེ་སར་ལ་བཞུགས་ཤིང་། སྔ་མ་བས་ལྷག་པར་ཡིད་དུ་འོང་ལ་མངོན་པར་གསལ་ལོ།། སྤྱན་གྱི་སྨིན་མའི་འོག་གི་རི་མོ་གསུམ་དང་། སྤུན་གྱི་གྲ་ནས་ཀྱང་འོད་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་བཞི་འཁྱིལ་ཅིང་འབྱུང་སྟེ། སྤྱན་གྱི་རུས་པར་ཞུགས་ནས། སྤྱན་གྱི་སྨིན་མའི་ཐོག་མ་ནས་བྱུང་སྟེ། སྔ་མ་བཞིན་ལྷག་ཁུང་ནས་བྱུང་ནས་འོད་ལ་ལན་བཞི་བསྐོར་ཏེ། འོད་ཟེར་དེ་ཡང་ཤིན་ཏུ་མངོན་ཞིང་གསལ་ལོ། ། འོད་ཁ་དོག་སེར་པོ་ལ་ནི། སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་གསེར་བཙོ་མའི་ཁ་དོག་ལྟ་བུར་སེར་རོ།། འོད་ཁ་དོག་དཀར་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་དངུལ་གྱི་མདོག་ལྷར་དཀར་རོ། ། འོད་ཁ་དོག་སྔོ་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་རྡོ་རྗེའི་མདོག་ལྟར་སྔོའོ།། འོད་ཁ་དོག་དམར་པོ་ལ་ནི་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་བྱི་རུ་འམ། པདྨ་རཱ་གའི་མདོག་ལྷར་དམར་པོ། ། དེ་དག་ཀྱང་འོད་ཟེར་འཁྱིལ་ལ་སྔ་མ་བས་ལྷག་པར་ཤིན་ཏུ་གསལ་ལོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྤྱན་གྱི་རྫི་མའི་མཚན་ཞེན། དེ་བཞིན་གཤེགས་པའི་སྤྱན་གྱི་རྫི་མ་ནི། ལྕུག་འོག་གཉི་ག་ནས་སྐྱེས་ཏེ། དེ་དག་སོ་སོ་ནས་ཉག་མ་ལྔ་བརྒྱ་སྙེད་དོ།། དེ་ཤིན་ཏུ་འཇམ་ལ་ཡིད་དུ་འོང་བ་ནི། མེ་ཏོག་ཨུ་དུས་འབར་བའི་ཟེ་བ་བུ་སྟེ། སྤུ་ཉག་མ་རེ་རེའི་རྩེ་མོ་ལ་ཡང་ཤེལ་གྱི་ཁ་དོག་ལྟ་བུའི་འོད་རེ་རེ་བྱུང་ནས་མཚན་བཟང་པོ་ཀུན་གྱི་ནང་དུ་ཞུགས་ནས་དབུལ་ལན་ཅིག་སྐོར་ཏེ། ལྷག་ཁུང་ནས་བྱུང་ནས་འོད་སྔ་མ་རྣམས་ལ་བསྐོར་ཏོ། ། དེ་དག་གི་ནང་ན་པདྨ་སྔོན་པོ་བཻ་ཌཱུཪྻའི་མདོག་ལྟ་བུ་ཡོད་དེ། པདྨོ་དེའི་སྟེང་ན་ཚངས་པའི་རྒྱལ་པོ་ལག་ན་གདུགས་སྔོན་པོ་ཐོགས་པ་ཡོད་དོ།། མཚན་འདི་བྱུང་བ་ན་སངས་རྒྱས་ཀྱིས་སྤྱན་ཡང་ལྷག་པར་དཀར་ནག་བྱེ་སྟེ། དཀར་བ་ཡང་རིན་པོ་ཆེ་དཀར་པོ་བས་བརྒྱ་སྟོང་གིས་ལྷག་པར་དཀར་རོ།། སྔོབ་ཡང་པདྨོ་སྔོན་པོ་དང་། བཻ་ཌཱུརྱ་མཐོན་མཐིང་བས་བརྒྱ་སྟོང་གིས་ལྷག་པར་སྔོའོ།། སྤྱན་ལྷག་འོག་གཉིས་ག་འཛུམ་པ་ནི། ཁྱུ་མཆོག་རྒྱལ་པོའི་མིག་ལྟ་བུའི་སྤྱན་གཉིས་ཀྱི་ཐོག་མ་ལ་འོད་པདྨོ་སྔོན་པོའི་ཁ་དོག་འདྲ་བ་རབ་ཕྲ་བ་གཉིས་བྱུང་སྟེ། དབུའི་ཉག་མ་ལ་ལན་རེ་བསྐོར་ནས་ལྷག་ནས་ཕྱིར་བྱུང་སྟེ། ། འོད་ཀྱི་པདྨོ་གྲངས་མེད་པ་ཀུན་སྣང་བར་བྱས་ནས། པདྨོའི་ཁ་འབུ་བར་བྱེད་ཅིང་འོད་ཀྱང་ལྷག་པར་གསལ་བར་བྱེད་དོ།། དེ་ལྟར་མཚན་དམ་པ་ཡོན་ཏན་ཚད་མེད་པ་དང་ལྡན་པ་ནི་དེ་བཞིན་གཤེགས་པའི་སྤྱན་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་སྤྱན་གྱི་མཚན་ལ་རྟོག་པར་འདོད་པ་དག་དེ་ལྟར་རྗེས་སུ་དྲན་པར་བྱའོ་དེ་ལྟར་རྗེས་སུ་དྲན་པར་བྱེད་ན་ཉེས་པ་ཀུན་ཞི་ཞིང་བྱང་བར་འགྱུར་རོ།། མིག་བཙུམས་ཏེ་ལུས་དྲང་བར་འདུག་ལ་དེ་བཞིན་གཤེགས་པའི་སྤྱན་ལ་ཞག་གཅིག་ནས་ཞག་བདུན་གྱི་བར་དུ་བརྟགས་ན། ཕྱི་མ་མ་འོངས་པའི་དུས་ན་རྟག་ཏུ་སངས་རྒྱས་མཐོང་བ་དང་། ནམ་དུ་ཡང་ལོང་བ་འམ། ཞར་བར་མི་འགྱུར་པ་དང་། ཡུལ་མཐའ་འཁོབ་དང་། ངན་པར་ལྟ་བའི་ཡུལ་སངས་རྒྱས་ཀྱི་ཆོས་མེད་པའི་གནས་སུ་མི་སྐྱེ་བ་དང་། རྟག་ཏུ་ཤེས་རབ་དང་ལྡན་ཞིང་གཏི་མུག་ཅན་དུ་མི་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་བས་ན་མཁས་པ་ཤེས་རབ་ཅན་དག་འདོམས་ཤིང་འཐོམ་པ་སྤོང་བར་འདོད་ན། སངས་རྒྱས་ཀྱི་སྤྱན་རྗེས་སུ་དྲན་པར་བྱའོ།། སངས་རྒྱས་ལ་སྤྱན་ལྔ་ཞིག་མངའ་སྟེ། རྗེས་སུ་དྲན་པར་བྱ་བ་འདིར་ཆོས་ཀྱི་ནང་ནས་སྔར་ཤའི་སྤྱན་ཡོངས་སུ་དག་ཅིང་འོད་རབ་ཏུ་གསལ་བ་བཤད་དོ།། སྨྲ་ན་རྗེས་སུ་དྲན་པར་བྱས་ཏེ། སེམས་ལ་གསལ་བར་གྱུར་བ་ན། དེ་ལས་བྱུང་བའི་ཁྱད་པར་གྱི་སྤྱོད་ཡུལ་ནི་རྒྱས་པར་བཤད་དུ་སླ་བ་མ་ཡིན་ནོ།། སངས་རྒྱས་ཀྱི་སྤྱན་གྱི་སྤྱོད་ཡུལ་བཞིན་དུ་ཐང་གཅིག་ཡུད་ཙམ་གཅིག་རྗེས་སུ་དྲན་པར་བྱེད་དམ། སྐུ་གཟུགས་ཀྱི་སྤྱན་ལ་རྟོགས་པར་བརྟགས་ན། མ་འོངས་པའི་དུས་ན་སྐྱེ་བ་ལྔ་བརྒྱའི་བར་དུ་དབང་པོ་གསལ་ཞིང་དག་པ་དང་། མིག་གི་དབང་པོ་ལ་ནད་མེད་པ་དང་། གཞན་ཡང་བསྐལ་པ་ཆེན་པོ་བདུན་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤངས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་དང་འཁོར་རྣམ་བཞི་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་སྤྱན་རྗེས་སུ་དྲན་པ་ནམ་དུ་ཡང་མ་གཏང་ཤིག། སངས་རྒྱས་ཀྱི་སྤྱན་རྗེས་སུ་དྲན་པར་བྱས་ན། གདོན་མི་ཟ་བར་ཚད་མེད་པའི་ཡོན་ཏན་དམ་པ་ཐོབ་པར་འགྱུར་རོ།། དབུའདབ་དང་ཞལ་དཔྲལ་བ་ཡངས་པ་དང་། དབུ་དུང་གི་རི་མོ་ལྟ་བུ་དང་། སྤྱན་གྱི་གྲུ་དང་། སྤྱན་གྱི་སྨིན་མ་དང་། སྤྱན་གྱི་རྫི་མ་དང་། སྤྱན་གྱི་རི་མོ་ལ་སོགས་པའི་མཚན་མང་པོ་འདི་དག་གི་འོད་ཟེར་སྐད་ཅིག་ཙམ་མཐོང་བར་གྱུར་ན། བསྐལ་པ་དྲུག་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཐམས་ཅད་སྤོང་བར་འགྱུར་ཞིང་། སྐྱེ་བ་ཕྱི་མ་ལ་སངས་རྒྱས་བྱམས་པ་མཐོང་སྟེ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དག་གིས་ཀྱང་བྱིན་གྱིས་བརློབ་ཅིང་སྐྱོབ་པར་འགྱུར་ཞིང་།། སེམས་ཀྱང་པདྨོ་ལྷར་ཅིས་ཀྱང་མི་འགོག་པ་དང་། ནམ་དུ་ཡང་ངན་སོང་གསུམ་དང་། མི་ཁོམ་པ་བརྒྱད་ཀྱི་གནས་སུ་མི་སྐྱེའོ།། གལ་ཏེ་མཚན་རྣམ་ལ་བརྟག་ཀྱང་མི་མཐོང་ན། མཆོད་རྟེན་གྱི་ནང་དུ་ཞུག་ཏེ་བརྟག་གོ།། མཆོད་རྟེན་གྱི་ནང་དུ་ཞུགས་ནས། འདི་ལྟར་འོད་ཟེར་རྣམས་ཀྱང་སེམས་ལ་འདུ་ཤེས་པར་བྱས་ཏེ། ཐལ་མོ་སྦྱར་ན་པུས་མོ་བཙུགས་ལ་ཤིན་ཏུ་རྟོགས་པར་ཞག་གཅིག་ནས་ཞག་གསུམ་གྱི་བར་དུ་འཁྲུལ་པ་མེད་པར་བརྟགས་ན། ཚེའི་དུས་བྱས་མ་ཐག་ཏུ་དགའ་ལྡན་གནམ་དུ་སྐྱེས་ཏེ། སངས་རྒྱས་བྱམས་པ་མཚན་གྱིས་མཛེས་པར་བརྒྱན་པའི་སྐུས་ཅི་དང་ཅིས་འདུལ་བ་བཞིན་དུ། དེ་དང་དེས་ཆོས་སྟོན་པ་མཐོང་བར་འགྱུར་རོ། ། དེ་དག་མཐོང་ནས་ལུས་དང་སེམས་རབ་ཏུ་དགའ་རངས་ཤིང་ཡང་དག་པའི་ཆོས་རྣམས་ཆུད་ཅིང་རྟོགས་པར་འགྱུར་རོ།། རྒྱལ་པོ་ཡབ་དེ་ལ་དེ་ལྟར་བལྟའོ།། གང་གི་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ། བམཐོ་གསུམ་པ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་ལ་ཇི་ལྟར་ན་སངས་རྒྱས་ཀྱི་སྙན་རྗེས་སུ་དྲན་པ་ཞེ་ན། སངས་རྒྱས་ཀྱི་སྙན་ནི་རབ་ཏུ་འཕྱང་ལ་སྙན་གྱི་ནང་ནས་སྤུ་ཉག་མ་བདུན་འཁྱིལ་ཅིང་སྐྱེ་བ་ལས་ཁྲེམཉེར་གྱི་མཚན་དང་ལྡན་པ་སྟེ། རྒྱལ་པོའི་ཁབ་ཏུ་བལྟམ་ནས། ཐོག་མ་སྙན་འབུགས་པའི་ཚེ་ན། སྙན་གཉིས་ཀྱི་བུ་གནས་ཕྱི་ནང་དུ་མེ་ཏོག་སྐྱེས་ཤིག་མེ་ཏོག་དང་སྤུ་ཉག་མ་བདུན་ལས་འོད་རྣམ་པ་ལྔ་བརྒྱ་བྱུང་ངོ་། ། འོད་ལྔ་བརྒྱ་དེ་དག་ལས་ཁ་དོག་རྣམ་པ་ལྔ་བརྒྱ་སྟེ། ཁ་དོག་དེ་གཅིག་ལ་ཡང་སངས་རྒྱས་ལྔ་བརྒྱ་སྙེད་དོ།། སངས་རྒྱས་དེ་གཅིག་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ལྔ་ལྔ་དང་། དགེ་སློང་ལྔ་ལྔའོ།། དེ་ཡང་འོད་དེ་དག་གིས་གཡས་ནས་རིམ་པ་ལྔར་བསྐོར་ཏེ། བླ་འོག་མཚམས་མཉམ་ཞིང་སངས་རྒྱས་ཀྱི་སྙན་འཚེར་བ་ཡིད་དུ་འོང་བ་ནི། རིན་པོ་ཆེའི་པདྨོ་ཉི་ཟེར་ལ་དཔྱངས་པ་ལྟ་བུར་ཤིན་ཏུ་འཚེར་བའོ།། སངས་རྒྱས་འཇིག་རྟེན་ན་བཞུགས་པའི་ཚེ། འཁོར་མང་པོ་ཐམས་ཅད་ཀྱིས་མཚན་དེ་དག་མཐོང་བར་གྱུར་ཏེ། དེ་དག་ན་སངས་རྒྱས་ཀྱི་སྙན་གྱི་འོད་ཟེར་ཅེས་བྱའོ། ། རྒྱལ་པོ་ཡབ་འཁོར་རྣམ་བཞི་ལས་གང་ཞིག་འདུ་འཛི་ཡོངས་སུ་སྤངས་ཏེ། སངས་རྒྱས་ཀྱི་སྙན་གྱི་མཚན་ཡང་དག་པར་རྗེས་སུ་དྲན་པར་ཡིད་ལ་བྱས་ན། གང་དག་དེ་སྐྱེ་བའི་གནས་ཀུན་ན་རྣ་བའི་དབང་པོ་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར་བླ་ན་མེད་པའི་གསུང་རབ་དམ་པ་བཅུ་གཉིས་ཀྱང་རྟག་ཏུ་རྣ་ལམ་ན་ཐོས་པར་འགྱུར་རོ། ། ཐོས་ནས་ཀྱང་། དད་ཅིང་ཡིད་ཆེས་པ་དང་། ཇི་ལྟ་བ་བཞིན་དུ་ནན་ཏན་དུ་སྤྱོད་པར་འགྱུར་རོ།། དེ་བསྐལ་པ་བརྒྱད་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡང་ཡོངས་སུ་སྤོང་བར་འགྱུར་རོ།། གལ་ཏེ་མི་མཐོང་ན་སྔ་མ་བཞིན་དུ་མཆོད་རྟེན་གྱི་ནང་དུ་ཞུགས་ཏེ། གཟུགས་བརྙན་གྱི་སྙན་ལ་ཞག་གཅིག་ནས་ཞག་བཅུ་བཞིའི་བར་དུ་བརྟགས་ན། སྔར་བཤད་པའི་ཡོན་ཏན་མང་པོ་ཀུན་ཐོབ་པར་འགྱུར་རོ།། དེ་བས་ན་མཁས་པ་དག་རབ་ཏུ་བརྩོན་པའི་སྦྱོར་བས་སངས་རྒྱས་ཀྱི་སྙན་རྗེས་སུ་དྲན་པ་ནམ་དུ་ཡང་མི་གཏང་བར་བྱའོ། ། གལ་ཏེ་ནད་ཀྱིས་ཟིན་ན་ཡང་སྐྱེས་ཏེ་འདུག་གམ། ཡང་ན་ཉལ་ན་ཡང་སངས་རྒྱས་ཀྱི་སྙན་ཡོངས་སུ་དག་པའི་མཚན་རྗེས་སུ་དྲན་པར་བྱའོ། ། དེ་ལྟར་གཟུགས་བརྙན་གྱི་སྙན་ལ་སྔ་མ་བཞིན་དུ་འདུ་ཤེས་ཤིང་ཡིད་ལ་བྱེད་པ་ལ། སེམས་མི་ནུར་བར་རྩེ་གཅིག་ན་སྐྱེ་བའི་གནས་ཕྱི་མར་རྟག་ཏུ་གཟུགས་ཐོབ་པའི་སྐྱེས་བུ་དག། བདག་གི་འཁོར་དུ་འགྱུར་ཞིང་ནོར་བུ་བརྒྱུས་པ་ལྟར་ཆོས་ཐོས་པར་ཀུན་དྲན་ཞིང་འཛིན་པར་འགྱུར་རོ།། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་འགྲམ་པ་ཟུར་ཕྱིན་པའི་མཚན་རྗེས་སུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པའི་ཞལ་འགྲམ་པ་ལ་རི་མོ་དྲུག་ཡོད་དོ། ། གཡས་གཡོན་འདྲ་ལ་ལྷུན་མཉམ་པ་སྟེ། དེ་ལས་འོད་ཟེར་དམ་པ་འཚེར་བ་ནི་འཛམ་བུའི་ཆུ་ཀླུང་གཱི་གསེར་གྱི་འོང་བས་ཀྱང་ཤིན་ཏུ་ལྷག་པས། སངས་རྒྱས་ཀྱི་ཞལ་གྱི་མཚན་ཤིན་ཏུ་སྣང་བར་བྱེད་དེ། དཔེར་ན།། ཉི་ཟླ་བརྒྱ་སྟོང་བསྡུས་པ་ལྟ་བུ་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཞལ་འགྲམ་པ་ཟུར་ཕྱིན་པའི་མཚན་ཞེས་བྱའོ།། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་སེམས་རྩེ་གཅིག་ཏུ་ཡིད་ལ་བྱེད་ན། བསྐལ་པ་བརྒྱ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་སྟེ། སངས་རྒྱས་མངོན་སུམ་དུ་མཐོང་བར་འགྱུར་གྱིས་ཐེ་ཙོམ་མི་བྱའོ།། དེ་ལ་དེ་ལྟར་བལྟའོ།། གང་དེ་ལྟ་བུར་མཐོང་བ་དེ་ནི། ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་སེང་གེ་ལྷར་གླལ་བའི་མཚན་ཞེ་ན། སངས་རྒྱས་ཀྱི་ཞལ་གདངས་པ་ན་སེང་གེའི་རྒྱལ་པོའི་ཁ་ལྷར་གྲུ་བཞི་ལ་མཉམ་ཞིང་ཟུར་ཕྱིན་ཏེ། ཞལ་གྱི་གྲཝ་གཉིས་ནས། འོད་རྣམ་པ་གཉིས་གསེར་བཙོ་མའི་མདོག་ལྟ་བུ། སྔ་མ་བས་བརྒྱ་སྟོང་གིས་ལྷག་པ་འབྱུང་ཞིང་། སྙན་གྱི་ཁུང་བུར་ཞུགས་ནས་ཕྱིར་ཡང་དབུའི་ཉག་མ་རེ་རེ་ནས་བསྐོར་ཏེ། སླར་ལྷག་ཁུང་ནས་བྱུང་ནས། འོད་སྔ་མ་འཁྱིལ་ཅིང་ཟླུམ་པ་ལ་བསྐོར་ཏེ། རི་མོ་དེའི་བར་ན་སྤྲུལ་པའི་སངས་རྒྱས་གསུམ་གསུམ་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་འཁོར་ཚངས་པའི་རྒྱལ་པོ་གཉིས་ཀྱིས་བསྙེན་བཀུར་བྱེད་དོ།། དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་སེང་གེ་ལྷུར་གླལ་བའི་མཚན་ཞེས་བྱ་སྟེ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། འཁོར་རྣམ་བཞི་ལས་གང་ཞིག་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་ཏེ། སྐྱེ་བ་ཕྱི་མའི་གནས་སུ་དེའི་ཁ་ན་མེ་ཏོག་ཨུ་དུམ་ལ་རའི་བསུང་བྲོ་ཞིང་། སྨྲ་བའི་ཚིག་ཀུན་གྱིས་ཡིད་ཆེས་པར་གྱུར་ཏེ། ཇི་ལྟར་སུམ་ཅུ་རྩ་གསུམ་གྱི་ལྷ་ཐམས་ཅད་བརྒྱ་བྱིན་གྱི་ཚིག་ཉན་པ་བཞིན་ནོ།། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཤངས་ཀྱི་མཚན་རྗེས་སུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པའི་ཤངས་ནི་མཐོ་ལ་ཤིན་ཏུ་དྲང་བ། ཞལ་གྱི་ཐད་ཀར་བར་པ་བྱ་རིག་པའི་རྒྱལ་པོའི་མཆུ་ལྷ་བུ་སྟེ། ཤངས་ཀྱི་བུ་གུ་ནས་འོད་ཟེར་འབྱུང་ཞིང་ཡང་རྒྱུ་བ་ནི། སྤྱན་དང་། སྤྱན་གྱི་སྨིན་མ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་དང་། དབུ་འདབ་ཀྱི་མཛོད་སྤུའི་མཚན་ཀུན་སྣང་བར་བྱས་ནས། སྤྱི་གཙུག་གི་དོ་ཀེར་ལ་ཐུག་སྟེ། གསེར་གྱི་རྒྱལ་མཚན་དང་འདྲའོ།། ཕྱིར་ཡང་ལྷག་ཁུང་ནས་བྱུང་ནས། མེ་ཏོག་རྣམ་པ་སྣ་ཚོགས་སུ་གྱུར་། མེ་ཏོག་དེ་དག་ལས་ཚད་མེད་པའི་ལྷ་མང་པོ་ཀུན་ལག་ན་རོལ་མོའི་ཆ་བྱད་ཐོགས་པ་དག་སྤྲུལ་པའི་ཞ་འབྲིང་དུ་གྱུར་ཅིང་འོད་སྔ་མ་ལ་ལན་བཅུ་བསྐོར་ཏེ། ཟུར་ཏུ་རྒྱུ་བ་ནི་སངས་རྒྱས་ཀྱི་ཞལ་གྱི་ཨ་གཅོམ་ཉག་མ་རེ་རེ་ནས་བསྐོར་ཏེ། ཉག་མ་དེ་རེ་རེའི་དྲུང་ནས་མེ་ཏོག་ཁ་བྱེད་པ་ཁྲེའི་འབྲུམ་དུ་ཙམ་ལྟ་བུས།། ཞལ་གྱི་སྤྲོས་དང་། ཞལ་གྱི་རྐན་དང་། ཚེམས་ཀྱི་བར་དང་། མགུར་གྱི་མཚན་སྣང་ཞིང་མཛེས་པར་བྱས་ན། སངས་རྒྱས་ཀྱི་ཐུགས་ཀར་འོད་ཟེར་གྱི་སྤྲིན་དུ་གྱུར་ཏེ། ཕྱི་ནང་གསལ་ལ་ཡོངས་སུ་དག་ཅིང་རྡུལ་དང་དྲི་མ་མེད་པ་ནི། དཔེར་ན་བཻ་ཌཱུཪྻའི་སྣོད་ཀྱི་ནང་ན་གསེར་བཙོ་མའི་འོད་སྣང་བ་བཞིན་ནོ། ། དེ་དག་ནི་དེ་བཞིན་གཤེགས་པའི་ཡོངས་སུ་དག་པའི་ཤངས་ཀྱི་མཚན་ཞེས་བྱ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལས་ངན་པ་ཡོངས་སུ་འབྱང་ཞིང་། སྐྱེ་བའི་གནས་ཕྱི་མར་ཡང་བསུང་དམ་པ་སྣར་རྟག་ཏུ་བྲོ་ཡང་། དེ་ལ་སེམས་མངོན་པར་མི་ཆགས་ཏེ། རྟག་ཏུ་ཚུལ་ཁྲིམས་ཀྱི་བསུང་གིས་ལུས་བརྒྱན་པར་འགྱུར་རོ།། དེ་ལ་དེ་ལྟར་བལྟའོ།། གགོང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་གྱི་ཨག་ཙོམ་གྱི་མཚན་རྗེས་སུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པའི་ཞལ་གྱི་ཨག་ཙོམ་ཉག་མ་རེ་རེའི་ཐོག། མ་ལ་ཡང་འོད་ཟེར་རྣམ་པ་གསུམ་འབྱུང་སྟེ། རྨ་དང་མཐོན་མཐིང་དང་། ལེ་བརྒན་གྱི་ཁ་དོག་ལྷ་བུའོ།། དེ་ལྟར་འོད་དེས་ཞལ་གྱི་གྲཝ་དང་ནང་ནས་འཁྱིལ་ཅིང་མགུར་སྣང་བར་བྱས་ནས་འོད་ཟླུམ་པོ་སྔ་མ་ལ་བསྐོར་རོ། ། དེ་ལ་རི་མོ་རྣམ་པ་གསུམ་ཡོད་དེ་ཤིན་ཏུ་གསལ་ལ་ཁ་དོག་གི་ནང་ན་དམ་པའོ།། རི་མོ་དེའི་བར་ན་ནོར་བུ་རིན་པོ་ཆེ་རེ་རེ་ཡོད་དོ།། ནོར་བུ་རིན་པོ་ཆེ་དེའི་འོད་ཀྱང་ཁ་དོག་རྣམ་པ་བརྒྱ་སྟོང་སྟེ། ནོར་བུའི་འོག་ན་མེ་ཏོག་དཀར་པོ་སྡོང་བུ་འབྲེལ་ཅིང་གཅིག་གིས་གཅིག་བརྟན་ཏོ།། དེའང་ལན་གསུམ་དུ་བསྐོར་ནས། ཕྱིར་ཡང་ཞལ་གྱི་ཨག་ཙོམ་གྱི་གནས་སུ་ཞུགས་སོ། ། དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་གྱི་ཨག་ཙོམ་གྱི་འོད་ཀྱི་མཚན་ཞེས་བྱ་སྟེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་སུམ་ཅུ་སྙེད་ཀྱི་འཁོར་བའི་ཉེས་པ་སྤོང་བར་འགྱུར་ཞིང་། སྐྱེ་བ་ཕྱི་མ་ལ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་འཚེར་ལ། འཁོར་བའི་ཁྱིམ་དང་འཁོར་གཡོག་ལ་སོགས་པའི་འཇིག་རྟེན་གྱི་དགའ་བ་ལ་མི་ཆགས་ཏེ། རྟག་ཏུ་རབ་ཏུ་འབྱུང་བ་ལ་མོས་པ་དང་། སྦྱངས་པའི་ཡོན་ཏན་ལ་དང་བར་འགྱུར་རོ།། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་གྱི་སྒྲོས་དམར་ཞིང་མཛེས་ལ། བིམ་པའི་འབྲས་བུ་ལྷ་བུའི་མཚན་ཞེ་ན། དེ་བཞིན་གཤེགས་པའི་ཞལ་གྱི་སྒྲོས་གོང་མ་དང་འོག་མ་དང་། ཚེམས་དང་ཚེམས་མཆེ་བ་དང་། ཞལ་གྱི་དཀན་ལས་འོད་ཅིག་ཅར་འབྱུང་བ་ནི་ཟླུམ་པོ་སྟེ། མུ་ཏིག་དམར་པོ་བརྒྱ་སྟོང་སྙེད་བརྒྱུས་པ་ལྟ་བུ་སངས་རྒྱས་ཀྱི་ཞལ་གྱི་ནང་ནས་བྱུང་སྟེ། ཤངས་ཀྱི་ནང་དུ་ཞུགས་སོ།། ཤངས་ཀྱི་ནང་ནས་བྱུང་སྟེ། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་ནང་དུ་ཞུགས་སོ།། མཛོད་སྤུ་དཀར་པོའི་ནང་ནས་བྱུང་སྟེ། ཞལ་གྱི་ཨག་ཙོམ་གྱི་ནང་དུ་ཞུགས་སོ།། ཞལ་གྱི་ཨག་ཙོམ་ནས་བྱུང་ནས་འོད་ཟླུམ་པོའི་ནང་དུ་ཞུགས་ཏེ། གོང་མའི་མེ་ཏོག་རྣམས་དང་ཞལ་གྱི་ཚེམས་བཞི་བཅུ་མཛེས་ཤིང་། འོད་འཚེར་བར་བྱས་སོ།། དེ་ལས་ཀྱང་འོད་ཁ་དོག་དམར་སྐྱ་བྱུང་སྟེ། འོད་གཅིག་གིས་གཅིག་སྣང་བར་གྱུར་ནས། ཚེམས་བཞི་བཅུ་ཡང་སྣང་བར་བྱས་སོ།། ཚེམས་བཞི་བཅུ་དེ་ཡང་ཤིན་ཏུ་ཐགས་བཟང་ལ་ཁོད་སྙོམས་ཏེ་ཤེལ་དཀར་པོ་ལྷ་བུ་ལ་གོང་འོག་གཉི་ག་མཉམ་ཞིང་རྡོ་བར་མ་གྱུར་པ་སྟེ། ཚེམས་ཀྱི་བར་གྱི་རི་མོ་ལས་འོད་དམར་སྐྱ་ལྟ་བུའི་ཁ་དོག་འབྱུང་སྟེ། དེ་དག་བཅོམ་ལྡན་འདས་འཇིག་རྟེན་ན་མངོན་པར་བཞུགས་པ་ན། འོད་ཀྱི་ཁ་དོག་འཚེར་བ་དེས། འཇིག་རྟེན་ཐམས་ཅད་ཀྱི་མིག་ཟིལ་གྱིས་ནོན་པར་བྱེད་དོ།། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། སེམས་ཀྱི་མིག་གིས་འོད་ཟེར་གྱི་ཁ་དོག་ལ་དེ་ལྟར་བརྟགས་ཏེ་མཐོང་བར་བྱའོ།། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། ། བསྐལ་པ་ཉིས་སྟོང་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་ཞིང་། སྐྱེ་བ་ཕྱི་མའི་གནས་སུ་ཡང་ཁ་དང་མཆུ་ལེགས་ཤིག། སོ་བཟང་བ་དང་། སོ་མི་རྡོ་བ་དང་། ཁ་དོག་གི་ནང་ན་ཁ་དོག་མཆོག་སྙེད་ཀྱང་དེ་ལ་སེམས་མི་ཆགས་པ་དང་། རྟག་ཏུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་ཀྱིས་ཆོས་འཆད་པ་ཐོས་ཤིང་། སེམས་ལ་ཐེ་ཙོམ་མེད་པར་འགྱུར་རོ།། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར། མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ལྗགས་རིང་ཞིང་ཆེ་བའི་མཚན་ཞེ་ན། དེ་བཞིན་གཤེགས་པའི་ལྗགས་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དགེ་བ་བཅུ་ལས་ཡོངས་སུ་སྨིན་པ་སྟེ། ལྗགས་ཀྱི་འོག་དང་། ལྗགས་ཀྱི་མཐའ་གཉིས་ན་ནོར་བུ་རིན་པོ་ཆེ་གཉིས་གཉིས་ཡོད་དོ།། རིན་པོ་ཆེ་དེ་ལས་ཟིལ་དང་ར་གྱི་རོ་མཆོག་ལྗགས་ཀྱི་དབང་པོ་ལ་འབབ་བོ།། ལྷ་དང་མིའི་འཇིག་རྟེན་དང་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཡང་དེ་ལྟ་བུའི་མཚན་བཟང་པོ་དང་། རོ་མཆོག་བྲོ་བ་ནི་མི་སྲིད་དོ།། ལྗགས་ཀྱི་སྟེང་ན་རི་མོ་ལྔ་ཡོད་དེ། དེ་ཡང་རིན་པོ་ཆེའི་ཕྱག་རྒྱའི་རི་མོ་ལྟ་བུའོ།། རོ་མཆོག་དམ་པ་དེ་ལྟ་བུ་དག་རི་མོ་དེའི་སྲུབས་སུ་ཞུགས་ནས། བཻ་ཌཱུཪྻའི་སྦུ་བས་ལྟ་བུའི་མགུར་དུ་རྒྱུ་ཞིང་། བཅོམ་ལྡན་འདས་བཞད་པའི་ཚེ། ལྗགས་ཀྱི་དབང་པོ་འགུལ་ཏེ་རེ་བྲོ་བ་དེའི་དབང་གིས། ལྗགས་ལས་འོད་ཁ་དོག་རྣམ་པ་ལྔ་དང་ལྡན་པ་བྱུང་སྟེ། སངས་རྒྱས་ཀྱི་སྐུ་ལ་ལན་བདུན་བསྐོར་ནས་གཙུག་ཏུ་ནུབ་བོ།། སངས་རྒྱས་ཀྱི་ལྗགས་བྱུང་བའི་ཚེ་ན། པདྨོའི་འདབ་མ་ལྟ་བུ། དབུ་འདབ་ལ་ཐུག་གི་བར་དུ་སངས་རྒྱས་ཀྱི་ཞལ་ཁྱབ་པར་ཡོག་པ་སྟེ། ཞལ་གྱི་འོག་ན་ཡང་རི་མོ་རྣམ་པ་སྣ་ཚོགས་པ་ཡོད་དོ།། རོ་མཆོག་དམ་པ་བྲོ་བ་དེ་དག་ལྗགས་ཀྱི་དབང་པོ་ལ་རེག་པའི་དབང་གིས་འོད་ཟེར་ཁ་དོག་རྣམ་པ་བཅུ་བཞི་པ་བྱུང་བར་གྱུར་ཏེ། འོད་ཀྱི་ཁ་དོག་དེ་རེ་རེས་ཀྱང་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བར་བྱེད་དོ།། འོད་ཟེར་དེ་རེ་རེ་ལས་ཀྱང་འོད་ཀྱི་ཁ་དོག་བརྩེགས་པ་རེ་རེ་ཡོད་པར་གྱུར་ཏེ། དེ་དག་གི་ཁ་དོག་དང་འོད་ཟེར་དམ་པ་ནི་ཤིན་ཏུ་ཡང་མང་བ་སྟེ། འོད་ཀྱི་ཁང་པ་བརྩེགས་པ་དེ་རེ་རེ་ལ་ཡང་། ཡང་ཐོག་གྲངས་མེད་པ་ཡོད་དོ།། ཡང་ཐོག་དེ་རེ་རེའི་ནང་ན་ཡང་སྤྲུལ། པའི་སངས་རྒྱས་ཚད་མེད་པ་སྐུ་སྐྱིལ་མོ་ཀྲུང་བཅས་ཏེ། དེ་ལ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་བཞུགས་སོ།། དེ་དག་ཀྱང་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་ལས་ཤིན་ཏུ་འདས་ནས། དེ་ཡང་སྤྲུལ་པའི་སངས་རྒྱས་གཅིག་ཏུ་གྱུར་ཏོ།། སངས་རྒྱས་དེའི་སྐུ་ནི་མཐོ་ཁྱད་རི་རབ་ལྷུན་པོ་ཙམ་དུ་སྣང་ངོ་།། དེའི་ཚེ་ན་དེ་དང་འདྲ་བའི་སངས་རྒྱས་གྲངས་མེད་པ་དང་། ཚད་མེད་པ་དག་ཀུན་གྱི་ལྗགས་ཀྱི་མཚན་སྟོན་པ་ཡང་དེ་དང་འདྲའོ།། འོད་དེ་དག་རེ་རེས་ཀྱང་འོག་མའི་ཕྱོགས་སུ་མཚམས་མེད་པའི་སེམས་ཅན་དམྱལ་བ་རྣམས་སྣང་བར་བྱེད་དོ། ། མཚམས་མེད་པའི་སེམས་ཅན་དམྱལ་བ་དེ་ཡང་གསེར་གྱི་ཁ་དོག་ལྟ་བུར་གྱུར་ནས་སངས་རྒྱས་ཀྱི་ལྗགས་ཀྱི་མཐུས་དམྱལ་བའི་སྡུག་བསྔལ་སྐད་ཅིག་རྩེ་ཞིལ་བར་གྱུར་ཏེ། དམྱལ་བ་པ་རྣམས་ཀྱང་སྔོན་གྱི་མི་དགེ་བའི་ལས་ཅི་བྱས་པ་ཀུན་དྲན་པར་གྱུར་ཏོ།། དེ་ལྟར་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་ཀྱང་འདས་ནས།། འཇིག་རྟེན་གྱི་ཁམས་རེ་རེར་ཡང་རིན་པོ་ཆེའི་མེ་ཏོག་གི་ཤིང་གི་འདབ་མ་སངས་རྒྱས་ཀྱི་ལྗགས་དང་འདྲ་བ་སྤྲུལ་ཏེ། ལྗགས་ཀྱི་མཚན་དེ་ལས་ཀྱང་འོད་ཟེར་བཀྱེ་སྟེ། འོད་དེ་དག་གཅིག་གིས་གཅིག་སྣང་བར་བྱས་ནས། དེ་ལས་སྤྲུལ་པའི་སངས་རྒྱས་སུ་གྱུར་ཏོ།། སྤྲུལ་པའི་སངས་རྒྱས་དེའི་སྐུ་ཡང་དངུལ་གྱི་ཁ་དོག་ལྟ་བུར་དཀར་ལ། སྐུའི་མཚན་ཕུན་སུམ་ཚོགས་པ་ཤ་སྟག་གོ།། སྤྲུལ་པའི་སངས་རྒྱས་དེ་དག་རེ་རེས་ཀྱང་སངས་རྒྱས་ཀྱི་ལྗགས་ཆེ་ཞིང་རིང་བའི་མཚན་བྱུང་སྟེ། དེའི་འོད་ལའང་སྤྲུལ་པའི་སངས་རྒྱས་བཞུགས་ཏེ། དེ་བཞིན་དུ་སྤྲུལ་པའི་སངས་རྒྱས་གྲངས་མེད་ཚད་མེད་པའོ།། སྤྲུལ་པའི་སངས་རྒྱས་ཀྱི་འོད་ལས་དངུལ་གྱི་རི་རབ་ཏུ་གྱུར་ཏེ། དེ་ཡང་ཆེ་ཞིང་མཐོ་ལ་མཛེས་པ་ཚད་མེད་དཔག་ཏུ་མེད་པ་གཅིག་ཏུ་གྱུར་རོ།། རི་རབ་རིའི་རྒྱལ་པོ་དེ་ལ་དངུལ་གྱི་ཤིང་སྐྱེས་ཏེ། དངུལ་གྱི་ཤིང་དེའི་མེ་ཏོག་ནི་གསེར། འབྲས་བུ་ནི་དངུལ་ལོ།། ཤིང་དེ་རེ་རེའི་དྲུང་ན་ཤེལ་དཀར་པོའི་པདྨོ་རེ་རེ་ཡོད་དེ། པདྨོ་དེའི་སྐྱེང་ན་སྤྲུལ་པའི་མི་ཤེལ་དཀར་པོ་ལས་བྱས་པ་རེ་རེ་ཡོད་དོ།། མི་དེ་དག་གི་ལྟེ་བ་ན་སྤྲུལ་པའི་ཀླུ་དྲུག་དྲུག་ཡོད་དོ།། ཀླུ་དེ་དག་ཀྱང་ཁ་ནི་གནག་ལུས་ནི་དཀར་ཏེ། སྤྲུལ་པའི་ཤེལ་གྱི་མི་དཀར་པོ་གྲངས་མེད་པ་སྟོད་དོ།། དེ་བཞིན་དུ་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་འདས་ཏེ། སྣང་བར་བྱས་ནས་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནས་ཤེལ་དཀར་པོའི་ཤིང་བྱུང་སྟེ། ཤིང་དེས་མི་མཇེད་ཀྱི་འཇིག་རྟེན་ལ་ཐུག་གི་བར་དུ་སྐྱེས་ནས་རབ་ཏུ་རྒྱས་ཤིང་མཛེས་པས་ཁམས་གསུམ་གྱི་རྩེ་མོར་ཐུག་གོ། ཡལ་ག་དང་ལོ་མ་ཡང་ཤིན་ཏུ་སྟུག་སྟེ། ལོ་མ་དེ་གཅིག་ཅིང་ཡང་ཁ་དོག་རྣམ་པ་དགུ་བཅུ་རྩ་བརྒྱད་དང་ལྡན་ནོ།། ཤིང་དེའི་ལོ་མ་དེ་ཆེ་ཁྱད་ནི་རེ་རེས་ཀྱང་འཇིག་རྟེན་གྱི་ཁམས་ཁེབས་སོ། ། འདབ་མ་དེ་དག་གི་བར་བར་ན་གཞན་ཡང་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་ཏེ། ཀླུ་དང་། བ་གླང་དང་སྟག་དང་། སེང་གེ་དང་།། གཟིང་དང་སྤྲང་ཀུ་དང་། དོམ་དང་། དྲེད་དང་། ཁྱུ་མཆོག་དང་། མ་ཧེ་དང་། སྦྲུལ་གདུག་པ་དང་། གཅན་གཟན་ཁྲོ་བོ་ལ་སོགས་ཅི་ཡང་མེད་པའི་བག་མེད་དོ།། སྤྱོད་ཡུལ་གཞན་དག་ནི་ཡིད་ལ་བྱེད་དེ་གནས་པ་དང་། འདུག་པ་དག་གིས་རང་མཐོང་བར་འགྱུར་རོ།། འོད་གཅོག་གིས་ནི་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ནས། ཤར་ཕྱོགས་ཀྱིས་གཞི་ཀུན་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏེ། རི་བྲག་དང་ཆུ་ཤིང་ཐམས་ཅད་ལས་མེ་འབར་རོ།། མེའི་འོད་དང་གསེར་གྱི་འོད་སོ་སོ་ནས་མི་སྒྲིབ་ལ། གསེར་གྱི་འོད་ཀྱི་ཐོག་མ་ལ་སྤྲུལ་པའི་སངས་རྒྱས་དག་བཞུགས་ཏེ། སངས་རྒྱས་དེ་འདབ་ཆགས་སུ་བཞུགས་པ་ནི། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དག་སྟེ། ཇི་ལྟར་འདས་བུ་འམ། འོད་མའི་ཚལ་བཞིན་དུ་བར་མཚམས་མེད་པའོ།། སངས་རྒྱས་གཅིག་ཅིག་ཡང་འཁོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་སྙེད་ཀྱིས་ཞམ་འབྲིང་བྱེད་དོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་ལྗགས་ཀྱི་ཚད་ནི་ཕྱུང་བ་ཡང་སངས་རྒྱས་དང་ཐ་མི་དད་དེ་དེ་ལྟར་ལྗགས་ཀྱི་མཚན་ཚད་མེད་པ་ལས་འོད་ཚད་མེད་པ་བྱུང་སྟེ། འོད་ཀྱི་སྤྲིན་ཏུ་གྱུར་ཏོ།། འོད་ཀྱི་སྤྲིན་དེ་ལས་རྡུལ་རབ་ཏུ་ཕྲ་བ་སྙེད་ཀྱི་སྤྲུལ་པའི་སངས་རྒྱས་ཚད་མེད་པ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་ཏེ། དེ་དག་གི་འོད་ཟེར་ཡང་ཚད་མེད་པ་སྙེད་དོ།། འོད་མེའི་དཔལ་ལྟ་བུའི་རྩེ་མོ་ལ་གནོད་སྦྱིན་ལྔ་ཡོད་དོ།། ལག་ན་རལ་གྲོ་རྣོན་པོ་ཐོགས་པ། མགོ་ལ་ཁ་བཞི་བཞི་ཡོད་དེ་ཁ་ནས་མེ་འབར་ཞིང་བརྒྱུག་གོ། དེ་བཞིན་དུ་གནོད་སྦྱིན་གཞན་ཡང་ཚད་མེད་གྲངས་མེད་པ་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པའི་བར་དུའོ།། འོད་གཅིག་གིས་ནི་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བར་བྱས་ནས། ཐམས་ཅད་བཻ་ཌཱུཪྻའི་ཁ་དོག་ལྟ་བུར་གྱུར་ཏོ།། བཻ་ཌཱུཪྻའི་ས་གཞིར་གྱུར་པ་ལ་གསེར་གྱི་མེ་ཏོག་སྐྱེས་སོ།། གསེར་གྱི་མེ་ཏོག་ལས་མུ་ས་ལ་གལ་བའི་མེ་ཏོག་སྐྱེས་སོ། ། མུ་ས་ལ་གལ་བའི་མེ་ཏོག་ལས་ཤེལ་གྱི་མེ་ཏོག་སྐྱེས་སོ།། ཤེལ་གྱི་མེ་ཏོག་ལས་བྱི་རུའི་མེ་ཏོག་སྐྱེས་སོ།། བྱི་རུའི་མེ་ཏོག་ལས་སྐུར་ལོང་གི་མེ་ཏོག་སྐྱེས་སོ། ། སྦུར་ལོང་གི་མེ་ཏོག་ལས་རིན་པོ་ཆེའི་མེ་ཏོག་སྐྱེས་སོ།། རིན་པོ་ཆེའི་མེ་ཏོག་ལས་གསེར་བཙོ་མའི་མེ་ཏོག་སྐྱེས་སོ།། གསེར་བཙོ་མའི་མེ་ཏོག་ལས་རྡོ་རྗེའི་མེ་ཏོག་སྐྱེས་སོ། ། རྡོ་རྗེའི་མེ་ཏོག་ལས་ཡིད་བཞིན་གྱི་ནོར་བུའི་འོད་ཀྱི་མེ་ཏོག་སྐྱེས་སོ།། ཡིད་བཞིན་གྱི་ནོར་བུའི་འོད་ཀྱི་མེ་ཏོག་རེ་རེའི་བར་ན་ཡང་ཁ་དོག་རྣམ་པ་བརྒྱ་སྟོང་དང་ལྡན་པའི་མེ་ཏོག་ཡོད་དེ། མེ་ཏོག་གི་ཟེ་བ་གཅིག་ལ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ཚད་མེད་པ་སྙེད་སྐྱིལ་མོ་ཀྲུང་བཅས་ནས་འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་བཞུགས་སོ།། འཁོར་མང་པོ་དེ་དག་གི་ལུས་ཀྱི་བ་སྤུའི་བུ་ག་ཀུན་ནས་ཀྱང་། མེ་ཏོག་དེ་དག་དང་འདྲ་བ་དག་བྱུང་སྟེ། མེ་ཏོག་དེ་རེ་རེ་ལ་ཡང་ངོ་མཚར་རྨད་ཀྱི་ཆོ་འཕྲུལ་བསྟན་པ་ཡང་གོང་མ་བཞིན་ནོ།། སྤྲུལ་པའི་སངས་རྒྱས་དེ་དག་གིས་ཀྱང་ཆེ་ཞིང་རིང་བའི་ལྗགས་ཀྱི་མཚན་ཕྱུང་ནས། འོད་ཟེར་བཀྱེ་བ་ཡང་སྔ་མ་བས་བརྒྱ་སྟོང་གིས་ལྷག་གོ།། མེ་ཏོག་དེ་དག་གི་བར་མཚམས་ན་རིན་པོ་ཆེའི་གདན་བཟང་པོ་ཤིན་ཏུ་མཐོ་ཞིང་མཛེས་པ་ལྷ་འདོད་པ་ཚངས་པའི་རྒྱལ་པོའི་ཁྲི་བས་ཤིན་ཏུ་འཕགས་པ་ཡོད་དེ། ཁྲི་དེ་དག་རེ་རེའི་སྟེང་ན་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུའི་མཚན་དང་ལྡན་པ་མཛེས་པར་བརྒྱན་པ་བྱམས་པ་དང་འདྲ་བ་དག་བཞུགས་ཏེ། དེ་དག་ཀྱང་ཆེ་ཞིང་རིང་བའི་ལྗགས་ཀྱི་མཚན་སྟོན་ཏོ།། ལྗགས་ཀྱི་མཚན་གྱི་འོད་ཟེར་ལས་ནོར་བུ་ཡིད་བཞིན་གྱིས་དྲ་བར་གྱུར་ཏེ། སྤྲུལ་པའི་སངས་རྒྱས་དང་འཁོར་མང་པོའི་བླ་རེར་བྲེས་པར་གྱུར་ཏོ། ། ནོར་བུ་ཡིད་བཞིན་གྱི་དྲ་བས་མིག་ནས། རིན་པོ་ཆེ་སྣ་བདུན་གྱི་འོད་བྱུང་སྟེ། རིན་པོ་ཆེའི་འོད་ཀྱི་ཐོག་མ་ལ་ཡང་སྤེལ་པའི་སངས་རྒྱས་ཚད་མེད་དཔག་ཏུ་མེད་པ་དག་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་དགེ་སློང་གི་འཁོར་གི་འཁོར་ཚད་མེད་པས་བསྐོར་ཏོ།། དགེ་སློང་དག་ཀྱང་གསེར་གྱི་པདྨོ་ལ་འདུག་ཅིང་ལུས་ཀྱི་མདོག་ཀྱང་གསེར་ལྷ་བུར་གྱུར་ནས། བདེ་བར་ཐལ་མོ་སྦྱར་ཏེ། སངས་རྒྱས་རྗེས་སུ་དྲན་པ་ཏིང་འཛིན་ལ་ཞུགས་པ་ཤ་སྟག་གོ། དེ་དག་གི་ལུས་ཀྱི་བ་སྤུའི་གནས་ཀྱང་གསེར་གྱི་མདོག་ལྟ་བུའི་འོད་བྱུང་སྟེ། འོད་དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ། འོད་ཟེར་གྱི་རི་ལྟ་བུས་དགེ་སློང་དེ་དག་ལ་བསྐོར་བར་གྱུར་ཏོ། ། སྤྲུལ་པའི་དགེ་སློང་རྣམས་ཀྱིས་ཀྱང་། སངས་རྒྱས་དེ་དག་ལ་ཡོངས་སུ་བསྐོར་ཏོ།། དེ་བཞིན་དུ་གྲངས་མང་ཞིང་བརྗོད་དུ་མེད་པའོ།། འོད་ཟེར་གཅིག་གིས་ནི་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བ་བྱས་ནས། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ས་གཞི་ཀུན་ཤེལ་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། ཤེལ་ལྟ་བུར་གྱུར་པའི་ས་གཞིའི་སྟེང་ན་རྡོ་རྗེའི་སྤྲིན་ཡོད་དོ། ། རྡོ་རྗེའི་སྤྲིན་གྱི་སྟེང་ན་རིན་པོ་ཆེ་དཀར་པོའི་སྤྲིན་ཡོད་དོ།། རིན་པོ་ཆེ་དཀར་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་དམར་པོའི་སྤྲིན་ཡོད་དོ།། མུ་ཏིག་དམར་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་དཀར་པོའི་སྤྲིན་ཡོད་དོ། ། མུ་ཏིག་དཀར་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་སྨག་པོའི་སྤྲིན་ཡོད་དོ།། མུ་ཏིག་སྨུག་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་སྔོན་པོའི་སྤྲིན་ཡོད་དོ།། མུ་ཏིག་སྔོན་པོའི་སྤྲིན་གྱི་སྟེང་ན་མུ་ཏིག་ལེ་བརྒན་གྱི་སྤྲིན་ཡོད་དོ། ། མུ་ཏིག་ལེ་བརྒན་གྱི་སྤྲིན་གྱི་སྟེང་ན་འཛམ་བུ་ཆུ་ཀླུང་གི་གསེར་གྱི་བྱེ་མའི་སྤྲིན་ཡོད་དོ།། གསེར་གྱི་བྱེ་མའི་སྤྲིན་གྱི་སྟེང་ན་རྡོ་རྗེ་ཡིད་བཞིན་གྱི་ནོར་བུའི་རྡུལ་ཕྲ་མོ་སྙེད་ཀྱི་སྤྲིན་ཡོད་དོ། ། རྡོ་རྗེ་ཡིད་བཞིན་གྱི་ནོར་བུའི་རྡུལ་ཕྲ་མོ་སྙེད་ཀྱི་སྤྲིན་གྱི་སྟེང་ན་རིན་པོ་ཆེ་ཐམས་ཅད་ཀྱི་ཁ་དོག་དང་འོད་ཟེར་རྡུལ་ཕྲ་རབ་སྙེད་ཀྱི་སྤྲིན་ཡོད་དོ།། དེ་བཞིན་དུ་འོད་ཟེར་དང་སྤྲིན་ཅིག་ཅིང་ཡང་ཁ་དོག་གསལ་ཞིང་དམ་པར་གྱུར། མིག་གི་སྤྱོད་ཡུལ་ལས་འདས་པ་ཁྲི་ཕྲག་ལྔ་བཅུ་རྩ་དྲུག་སྙེད་དེ། གང་སེམས་ཤིན་ཏུ་སྦྱངས་ཤིང་ཞི་བར་གྱུར་པ་དེ་ནི། མཚན་དེ་དག་དང་ལྡན་པར་འགྱུར་རོ། ། དེ་བཞིན་དུ་དེ་དག་ཐམས་ཅད་ལས་གཞན་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་རྡུལ་ཕྲ་རབ་སྙེད་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་སྤྲུལ་པའི་ཉེ་གནས་ཀྱི་འཁོར་ཚད་མེད་པ་རྡུལ་ཕྲ་རབ་སྙེད་ཡོད་ཀྱང་། རྡུལ་དེ་དག་ཆེན་པོར་གྱུར་པ་འམ། སངས་རྒྱས་དང་འཁོར་རྣམས་ཆུང་བར་གྱུར་པར་མི་སྣང་སྟེ། མཚན་ཕུན་སུམ་ཚོགས་པ་ནི་ཇི་ལྟར་སངས་རྒྱས་ཤཱཀྱ་ཐུབ་པ་དང་འདྲ་བར་རོ། ། དེ་དག་ཀྱང་ལྗགས་ཀྱི་མཚན་སྟོན་པ་ཡང་གོང་མ་དང་འདྲའོ།། འོད་ཟེར་གཅིག་གིས་ནི་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། བྱང་ཕྱོགས་ཀྱི་ས་གཞི་ཀུན་སྦུར་ལོང་གི་ཁ་དོག་ལྟ་བུར་གྱུར་ཏེ། སྦུར་ལོང་ལྟ་བུའི་ས་གཞིའི་སྟེང་ན། རྡོ་རྗེའི་མཆོད་རྟེན་ཡོད་དོ།། མཆོད་རྟེན་དེ་གཅིག་ལ་ཡང་མཆོད་རྟེན་ཆུང་ངུ་བརྒྱ་སྟོང་སྙེད་ཀྱིས་བསྐོར་ཏོ། ། དེ་དང་འདྲ་བར་གྲངས་མེད་དོ།། མཆོད་རྟེན་ནང་གི་ཆུང་ངུ་ཡང་མཐོ་ཁྱད་དཔག་ཚད་ཁྲི་ཕྲག་ལྔ་བརྒྱ་ལྔ་བཅུའོ།། མཆོད་རྟེན་དེ་རེ་རེའི་ནང་ན་ཡང་། ཡང་ཐོག་ཁྲི་ཕྲག་དུ་མ་སྙེད་ཡོད་དོ།། ཡང་ཐོག་དེ་རེ་རེ་ནས་ཀྱང་རིན་པོ་ཆེ་ཚད་མེད་དཔག་ཏུ་མེད་པའི་ཁ་དོག་དང་ལྡན་པའི་ཆུ་ཆེན་པོ་འབབ་བོ།། ཆུ་དེ་ལ་པདྨོ་ཆེན་པོ་ཡོད་དོ། ། པདྨོ་དེ་ལས་ཀྱང་འོད་ཟེར་ཆེན་པོ་འགྱེད་དོ།། འོད་ཟེར་འགྱེད་པ་དེ་ལས་ཀྱང་བསུང་ཞིམ་པོ་བྲོ་བ་ནི་རྒྱ་མཚོའི་འགྲམ་གྱི་ཙན་དན་གྱི་དྲི་བས་བརྒྱ་སྟོང་གིས་ལྷག་གོ།། དྲི་བསུང་དེ་ལས་འོད་ཟེར་དམ་པར་གྱུར་ཏོ། ། འོད་ཟེར་དེ་དག་ལས་སྤྲུལ་པའི་སངས་རྒྱས་སྐུ་མདོག་མཆོག་དམ་པ་དང་ལྡན་པ། རིན་པོ་ཆེ་གང་བས་ཀྱང་ལྷག་པ་དག་བཞུགས་སོ།། རིན་པོ་ཆེ་དེ་དག་ཐམས་ཅད་དང་། འོད་ཟེར་སྣ་ཚོགས་པ་ལྗགས་ཀྱི་མཚན་ལས་འབྱུང་བའི་ཚེ། ཡང་ཐོག་དེ་རེ་རེ་ལས་ཀྱང་འོད་ཟེར་ཚད་མེད་པ་དག་འབྱུང་ངོ་།། འོད་ཟེར་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་སྙེད་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་རེ་རེས་ཀྱང་ལྗགས་ཀྱི་མཚན་བསྟན་ཏེ་འོད་ཟེར་ཚད་མེད་པ་ལས། འོད་ཀྱི་མཆོད་རྟེན་དང་སྤྲོས་ཀྱི་སྤྲིན་དུ་གྱུར་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་བརྗོད་དུ་མེད་པ་ལས་ཤིན་ཏུ་འདས་སོ། ། དེ་དག་ཀྱང་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ལས་བྱུང་ཞིང་སྐྱེས་པའོ།། འོད་ཟེར་གཅིག་གིས་ནི་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། ཤཱར་ལྷོའི་ཕྱོགས་མཚམས་ཀྱི་ས་གཞི་ཀུན་མུ་ས་ལ་གར་བའི་ཁ་དོག་ལྟ་བུར་གྱུར་ཏོ། ། མུ་ས་ལ་གར་བ་ལྟ་བུར་གྱུར་པའི་ས་གཞིའི་སྐུར་ལོང་གི་རི་ཡོད་པར་གྱུར་ཏོ།། སྦུར་ལོང་གི་རི་ལས་རིན་པོ་ཆེ་སྣ་བདུན་གྱི་ཚལ་སྐྱེས་སོ།། རིན་པོ་ཆེ་སྣ་བདུན་གྱི་ཚལ་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཆུ་མིག་རྣམ་པ་བཅུ་ཡོད་དོ། ། ཆུ་དེ་དག་ཀྱང་རིན་པོ་ཆེའི་ཁ་དོག་རྣམ་པ་བཅུ་དང་ལྡན་ཏེ། ཆུ་དེའི་ཁ་དོག་ལས་འོད་འཚེར་ཞིང་འབར་བས། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱེད་དོ། ། འོད་ཀྱིས་སྣང་བར་བྱས་པ་དེ་དག་ཀུན་ཏུ་རིན་པོ་ཆེའི་རི་ཆེན་པོ་ཡོད་པར་གྱུར་ཏོ།། རི་དེ་རེ་རེའི་བར་རམ་ཤིང་རེ་རེའི་། དྲུང་ན་མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་སྐྱེས་ཏེ། མེ་ཏོག་གི་ཁང་པ་བརྩེགས་པར་གྱུར་པ་ཀུན་ན། སྤྲུལ་པའི་སངས་རྒྱས་སྐུ་བཻ་ཌཱུཪྻ་ལྟ་བུ་ལ་ཕྱི་ནང་དུ་འོད་གསལ་བ་ཤ་སྟག་བཞུགས་སོ། ། དེ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཁ་དོག་ལྟ་བུའི་འོད་ཀྱིས་སྐུ་ལ་ལན་སྟོང་དུ་མར་བསྐོར་ཏོ།། འོད་དེ་རེ་ར་ལ་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་བཞུགས་སོ།། སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་འཁོར་བྱང་ཆུ་སེམས་དཔའ་ལ་སོགས་པ་ཚད་མེད་པས་བསྐོར་ཏོ། ། དེ་དག་ཐམས་ཅད་ཀྱང་བཻ་ཌཱུཪྻའི་ཁ་དོག་ལྟ་བུའོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེས་ཀྱང་ལྗགས་ཀྱི་མཚན་གྱི་འོད་ཟེར་བཀྱེ་བ་ལས་རིན་པོ་ཆེའི་རི་དཔག་ཏུ་མེད་པར་གྱུར་ཏེ། རིན་པོ་ཆེའི་རི་དེ་ལས་འོད་ཟེར་འབྱུང་བ་དང་། ཆོ་འཕྲུལ་སྟོན་པ་ནི་ཤར་ལྷོན་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ལས་ཤིན་ཏུ་འདས་སོ། ། འོད་ཟེར་གཅིག་གིས་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་ས་གཞི་ཀུན་བྱི་རུའི་ཁ་དོག་ལྟ་བུར་གྱུར་ཏོ།། བྱི་རུའི་ས་གཞི་ལྷོ་བུར་གྱུར་པ་ལ་ཤེལ་སྔོན་པོའི་ཡང་ཐོག་ཡོད་པར་གྱུར་ཏོ། ཡང་ཐོག་དེ་ནང་གི་ཆུང་ངུ་ཡང་མཐོ་ཁྱད་དཔག་ཚད་ཁྲི་ཕྲག་ལྔ་བཅུ་སྙེད་དོ།། ཡང་ཐོག་གཅིག་ལ་ཡང་ཀ་བ་ཁྲི་ཕྲག་བཅུ་སྙེད་ཡོད་དོ།། ཀ་བཱ་རེ་རེ་ཡང་རིན་པོ་ཆེའི་ཁ་དོག་ཁྲི་ཕྲག་བརྒྱ་དང་ལྡན་ནོ། ། རིན་པོ་ཆེའི་ཁ་དོག་དེ་གཅིག་ལ་ཡང་གྲངས་མེད་པ་སྙེད་ཀྱི་འོད་བྱུང་སྟེ། འོད་དེ་རེ་རེ་ལ་ཡང་རིན་པོ་ཆེའི་ཤིང་ཚད་མེད་པ་བརྒྱ་སྟོང་དུ་མར་སྤྲུལ་ཏོ།། ཤིང་དེ་རེ་རེའི་དྲུང་ན་ཆུ་མིག་དྲུག་དྲུག་ཡོད་དོ།། ཆུ་མིག་དེ་ཡང་རིན་པོ་ཆེའི་ཤིང་གི་རྩ་བར་ཞུགས་ནས། ཤིང་གི་ཡལ་ག་ན་སྣ་འབོ་སྟེ་འབྱུང་བའི་ཚེ་ན། རིན་པོ་ཆེའི་ཁ་དོག་རྣམ་པ་དྲུག་དང་ལྡན་ནོ། ། ཆུ་དེ་རེ་རེ་ལ་མེ་ཏོག་པདྨོ་ཤིན་ཏུ་དཀར་བ་རེ་རེ་སྐྱེས་ཏེ། པདྨོ་དེའི་སྟེང་ན་སྤྲུལ་པའི་སངས་རྒྱས་སྐུ་ཤིན་ཏུ་དཀར་བ་རིན་པོ་ཆེ་དཀར་པོ་ཐམས་ཅད་པས་ལྷག་པ་རེ་རེ་བཞུགས་སོ། ། སུ་དེ་ལ་ཡང་ཁ་དོག་རྣམ་པ་ལྔ་བརྒྱ་དང་ལྡན་པའི་འོད་དམ་པས་ཡོངས་སུ་བསྐོར་ཏོ།། འོད་ཟེར་དེ་དག་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྙེད་དོ། ། ཡང་ཐོག་གི་ཀ་བ་ཐམས་ཅད་ལས་འོད་བྱུང་སྟེ། འོད་ཟེར་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སྐུ་མདོག་སྔོ་བ་ནི་བྱི་རུའི་ས་གཞི་ལ་འཆག་ཅིང་གཤེགས་སོ།། སྐུ་མདོག་དཀར་བ་ནི་ཤེལ་སྔོན་པོའི་ཡང་ཐོག་ན་འཆག་ཅིང་གཤེགས་སོ། ། ཡང་ཐོག་དེ་དག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བཞུགས་ཏེ། དེ་དག་གིས་ཀྱང་ལྗགས་ཀྱི་མཚན་གྱི་འོད་ཟེར་བཀྱེ་ནས། འོད་ཟེར་དེས་ཀྱང་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་བརྗོད་དུ་མེད་པ་ལས་འདས་པ་སྣང་བར་བྱས་སོ། ། འོད་ཟེར་གཅིག་གིས་ནི་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་ས་གཞི་ཀུན་སྦུར་ལོང་གི་ཁ་དོག་ལྟ་བུར་གྱུར་ཏོ། ། སྦུར་ལོང་ལྟ་བུར་གྱུར་པའི་ས་གཞི་ལ་མུ་ཏིག་གི་རི་ཡོད་པར་གྱུར་ཏོ། ། མུ་ཏིག་གི་རིར་གྱུར་པ་ལ་བྱི་རུ་ལྟ་བུའི་ཤིང་སྐྱེས་ཏེ། ཤིང་དེའི་འདབ་མ་ནི་ཤེལ་དཀར་པོའོ།། མེ་ཏོག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ།། གེ་སར་དང་ཟེ་བ་ནི་གསེར་བཙོ་མ་སྟེ། ཤིང་དེའི་དྲུང་ན་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་སེང་གེ་ཡོད་དོ།། སེང་གེ་དེའི་མིག་ནས་འོད་ཟེར་ཆེན་པོ་བྱུང་ཞིང་། སྦུར་ལོང་གིས་གཞིར་གྱུར་པ་ཀུན་སྣང་བར་བྱས་ནས། སྦུར་ལོང་གི་ས་གཞི་ལས་ཀྱང་པདྨོ་ཆེན་པོ་གཅིག་སྐྱེས་ཏེ། མེ་ཏོག་དེ་ཟླུམ་པོར་འདུག་ལ་ཁ་དོག་དང་། འོད་ཟེར་ཡང་ཚད་མེད་དཔག་ཏུ་མེད་དོ།། མེ་ཏོག་རེ་རིའི་སྟེང་ན་ཡང་འོད་ཟེར་གྱི་སྤྲིན་ཡོད་དེ། སྤྲིན་དེ་ཡང་ཁ་དོག་དམར་བར་འདུག་ལ་སྙིང་ཡང་མུ་ཏིག་སྔོན་པོའི་དྲི་བས་བླ་རེར་བྲེས་སོ།། མུ་ཏིག་གི་དྲ་བའི་མིག་ནས་ཀྱང་གསེར་གྱི་པདྨོ་སྐྱེས་སོ། ། གསེར་གྱི་པདྨོ་སྐྱེས་པ་དེའི་སྟེང་ན་སྤྲུལ་པའི་སངས་རྒྱས་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་རེ་རེ་བཞུགས་སོ།། དེ་ལ་འོད་ཟེར་ཁ་དོག་སྔོན་པོ་དང་། སེར་པོ་དང་དམར་པོ་དང་། དཀར་པོ་དང་། ལྗང་ཀུ་སྟེ། ཁ་དོག་རྣམ་པ་ལྔའི་འོད་ཟེར་གྱིས་བསྐོར་བར་གྱུར་ཏོ།། འོད་དེ་གཅིག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་འཁོར་ཚད་མེད་པ་སྙེད་དོ།། སྤྲུལ་པའི་སངས་རྒྱས་དེ་དག་གིས་ཀྱང་ཆེ་ཞིང་རིང་བའི་ལྗགས་ཀྱི་མཚན་ཕྱུང་བ་ཡང་སྔ་མ་བཞིན་ནོ།། དེ་ལྟར་འོད་ཟེར་གྱིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་ལྗགས་ཀྱི་མཚན་གྱིས་སྣང་བར་བྱས་པ་ནི་མཐར་ཐུག་པར་མི་ནུས་སོ། ། འོད་ཟེར་གཅིག་གིས་ནི་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་ས་གཞི་ཀུན་རྡོ་རྗེའི་ཁ་དོག་ལྟ་བུར་གྱུར་ཏོ།། རྡོ་རྗེ་ལྟ་བུར་གྱུར་པའི་ས་གཉིལ་རིན་པོ་ཆེ་སྣ་བདུན་ལས་བྱུང་བའི་མེ་ཏོག་སྐྱེས་སོ། ། མེ་ཏོག་དེའི་སྟེང་ན་འཛམ་བུ་ཆུ་ཀླུང་གི་གསེར་ལྟ་བུའི་རྒྱལ་མཚན་ཡོད་དོ།། རྒྱལ་མཚན་དེའི་དབུ་རྩེ་ལ་མེ་ཏོག་གི་ཏོག་ཡོད་དོ།། མེ་ཏོག་དེ་ཡང་རིན་པོ་ཆེ་ཚད་མེད་པ་བརྒྱ་སྟོང་གི་ཁ་དོག་ལྡན་ལ་འདབ་མ་ཡང་གྲངས་མེད་དོ། ། འདབ་མ་རེ་རེ་ལ་ཡང་རིན་པོ་ཆེའི་བླ་རེ་བརྒྱ་སྟོང་སྙེད་དུ་གྱུར་ཏོ།། བླ་རེའི་གྲཝ་རེ་རེ་ན་ཡང་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་རེ་རེ་ཡོད་དོ། ། རྒྱལ་མཚན་གྱི་རྩེ་མོ་ཀུན་ན་རིན་པོ་ཆེ་སྣ་བདུན་གྱི་གདུགས་རེ་རེ་ཡོད་དོ།། གདུགས་དེ་གཅིག་གིས་ཀྱང་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་ཁེ་བ་ས་ལ། གདུགས་དེ་གཅིག་ལ་ཡང་གསེར་གྱི་རྒྱལ་མཚན་ལྔ་ལྔ་ཡོད་དོ།། རྒྱལ་མཚན་སྟོང་ཕྲག་དུ་མ་སྙེད་ལ་རིན་པོ་ཆེའི་དྲིལ་བུ་ཚད་མེད་པ་སྙེད་དོ།། དྲིལ་བུ་དེ་དག་ལས་སངས་རྒྱས་ཀྱི་མཚན་ལ་བསྔགས་པའི་སྒྲ་དང་། སངས་རྒྱས་ལ་ཕྱག་འཚལ་བ་ལ་བསྔགས་པའི་སྒྲ་དང་། སངས་རྒྱས་རྗེས་སུ་དྲན་པ་ལ་བསྔགས་པའི་སྒྲ་དང་། འགྱོད་ཚངས་བྱེད་པ་ལ་བསྔགས་པའི་སྒྲ་སྟེ། སྒྲ་དབྱངས་དེ་དག་བྱུང་ནས་རིན་པོ་ཆེའི་བླ་རེའི་འོག་གི་ས་གཞི་ལས་འོད་ཟེར་ཆེན་པོ་བྱུང་ངོ་།། འོད་ཟེར་དེ་ཡང་ཤིན་ཏུ་མཛེས་ཤིང་ཚད་མེད་གྲངས་མེད་དོ། ། འོད་དེ་དག་རེ་རེ་ལས་སྤྲུལ་པའི་སངས་རྒྱས་རེ་རེ་སྐྱིལ་མོ་ཀྲུང་བཅས་ནས། རིན་པོ་ཆེའི་བླ་རེའི་འོག་ན་བཞུགས་སོ།། གཞན་ཡང་ལ་ལ་ནི་སྟེང་གི་ནམ་མཁའ་ལས་མངོན་པར་འཕགས་སོ། ། ལ་ལ་ནི་ནུབ་ཕྱོགས་ན་མི་སྣང་བར་གྱུར་ཏེ། ཤར་ཕྱོགས་སུ་མངོན་པར་བྱུང་ངོ་།། ཤར་ཕྱོགས་ན་མི་སྣང་བར་གྱུར་ཏེ། ནུབ་ཕྱོགས་སུ་མངོན་པར་བྱུང་ངོ་། བྱང་ཕྱོགས་ན་མི་སྣང་བར་གྱུར་ཏེ། ལྷོ་ཕྱོགས་སུ་མངོན་པར་བྱུང་ངོ་།། ལྷོ་ཕྱོགས་ན་མི་སྣང་བར་གྱུར་ཏེ། བྱང་ཕྱོགས་སུ་མངོན་པར་བྱུང་ངོ་།། མཐའ་ན་མི་སྣང་བར་གྱུར་ཏེ། དབུས་སུ་མངོན་པར་བྱུང་ངོ་། ། དབུས་ནཱ་མི་སྣང་བར་གྱུར་ཏེ། མཐའ་ན་མངོན་པར་བྱུང་ཞིང་གསལ་ལོ།། ལ་ལས་ནི་སྐུ་ཆེན་པོས་ནམ་མཁའི་ཁམས་ཀུན་ཏུ་གང་བར་སྟོན་ཏོ།། ལ་ལས་ནི་སྐུ་ཆེན་པོ་ལས་སྒྲ་ཆུང་ངུ་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་སྟོན་ཏོ།། ནམ་མཁའ་ལ་གཤེགས་པ་དང་བཞེངས་པ་དང་། བཞུགས་པ་དང་གཟིམས་པ་ཡང་སྟོན་ཏོ། ། ལ་ལ་ནི་སྐུའི་སྟོད་ནས་ཆུ་འབབ་ཅིང་སྐུའི་སྨད་ནས་མེ་འབར་ལ། སྐུའི་སྨད་ནས་ཆུ་འབབ་ཅིང་སྐུའི་སྟོད་ནས་མེ་འབར་ཏེ། ཆུ་བཞིན་དུ་ས་ལ་ཡང་ནུབ་ཅིང་འབྱུང་བར་སྟོན་ཏོ། ། ས་བཞིན་དུ་ཆུ་ལ་ཡང་འབྱིང་བ་མེད་པར་འགྲོའོ།། སྐུ་སྟོད་དང་། སྨད་ཀྱི་ཆུ་དེ་ལས་ཀྱང་པདྨ་ཤིང་རྟའི་འཁོར་ལོ་ཙམ་ཤ་སྟག་སྐྱེས་ཏེ། པདྨོ་དེ་དག་ལ་སྤྲུལ་པའི་སངས་རྒྱས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། ། དེ་ལྟར་སྤྲུལ་པའི་སངས་རྒྱས་ཚད་མེད་པ་སྙེད་གྲངས་མེད་པ་སྙེད། དུས་གཅིག་ཏུ་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ནས་ཚེ་འཕྲལ། རྣམ་པ་བཅོ་བརྒྱད་སྟོན་ཏོ།། སྐུའི་སྟོང་སྨད་ཀྱི་མེ་དེ་ལས་ཀྱང་གསེར་གྱི་རི་རབ་ལྷུན་པོ་ལ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། ཉི་ཟླ་དང་། གཟའ་སྐར་དུ་བཅས་པ། ཀླུ་དང་། གནོད་སྦྱིན་དང་། རྒྱ་མཚོ་ཆེན་པོར་བཅས་པ་སྤྲུལ་ཏེ། རི་རབ་ལྷུན་པོ་དེ་དག་གི་དྲུང་ན་སྲིད་པ་ཐམས་ཅད་ཀྱང་མངོན་པར་སྣང་ངོ་།། དེ་ལྟ་བུའི་རི་རབ་ལྷུན་པོ་གྲངས་མེད་པ་དང་ཚད་མེད་པ་ཡོད་དོ།། རི་དེའི་རྩེ་མོ་ལ་ཡང་སངས་རྒྱས་གྲངས་མེད་པ་བཞུགས་ཤིང་། དེ་དག་གིས་ཀྱང་ལྗགས་ཀྱི་མཚན་ཕྱུང་ནས། ལྗགས་ཀྱི་མཚན་གྱི་འོད་ཟེར་གྱིས། བྱང་ཤར་གྱི་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་བརྗོད་དུ་མེད་པ་སྙེད་སྣང་བར་བྱས་སོ། ། འོད་ཟེར་གཅིག་གིས་ནི་བླ་མའི་ཕྱོགས་སུ་འཛམ་བུ་གླིང་ནས། རྒྱལ་པོ་ཆེན་པོ་བཞིའི་གནས་ཀྱི་བར་དུ་སྣང་བར་བྱས་སོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་གི་མིའི་ནང་ན་ཉི་མ་ལྟ་བུ་དེ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་རྩེགས་པ་ན་བཞུགས་ཤིང་འཁོར་མང་པོ་དང་བཅས་ཏེ་ལྷ་རྣམས་ཀྱི་གནས་སུ་གཤེགས་པར་མཐོང་ངོ་། ། ལྷ་རྣམས་ཀྱིས་དེ་ལྟ་བུ་མཐོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། གཟུགས་མེད་པའི་ཁམས་ཀྱི་བར་གྱི་ལྷ་ཐམས་ཅད་ཀྱིས་ཀྱང་མཚན་དེ་དག་མངོན་སུམ་དུ་འཁྲུལ་པ་མེད་པར་མཐོང་ངོ་། ། གཟུགས་མེད་པའི་ཁམས་ཀྱི་བར་གྱི་ལྷ་དག་ཀྱང་མྱ་ངན་འདའ་བ་ལ་མི་བསྐུར་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། འོད་ཟེར་གཅིག་གིས་ནི་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བར་བྱས་ཏེ། དེ་ན་ལྷ་མ་ཡིན་དང་། གནོད་སྦྱིན་ལ་སོགས་པ། དྲི་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ལྷོ་འཕྱེ་ཆེན་པོ་རྣམས་དང་། ཀླུ་རྣམས་དང་། སྲིན་པོ་རྣམས་དང་། གཤིན་རྗེ་རྣམས་དང་། གྲིབ་གནོན་རྣམས་དང་། ཀིམ་པའི་ར་རྣམས་དང་། མདངས་འཕྲོག་པ་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། འབྲོག་དགོན་པའི་འབྱུང་པོ་རྣམས་དང་། དམྱལ་བ་རྣམས་དང་། ཡིད་དགས་རྣམས་དང་། གཞན་ཡང་སྐྱུགས་པ་ཟ་བའི་གདོན་རྣམས་དང་། ངར་རྣབས་ཟ་བའི་གདོན་རྣམས་དང་། རྣག་ཁྲག་ཟ་བའི་གདོན་རྣམས་དང་། བཤང་གཅི་ཟ་བའི་གདོན་རྣམས་དང་། འོག་གི་ཕྱོགས་ཀྱི་རིའི་ལྷ་དང་། ཤིང་གི་ལྷ་དང་ས་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། དེ་ལ་སོགས་པའི་ལྷ་དང་། གདོན་སྟོང་ཕྲག་མང་པོ་རྣམས་ཀྱང་ཡུད་ཙམ་གཅིག་གི་ལྷའི་ལུས་སུ་གྱུར་ཏེ། གཉེན་ཞིང་མཛས་པ་དང་། མཛེས་ཤིང་སྡུག་པར་གྱུར་ནས། དགའ་ཞིང་བདེ་བ་ནི་ཇི་ལྟར་དགེ་སློང་དག་བསམ་གཏན་གསུམ་པ་ལ་མཉམ་པར་གཞག་པ་བཞིན་ནོ།། ལྷ་མ་ཡིན་ལ་སོགས་པའི་གདོན་དེ་དག་ཐམས་ཅད་སོ་སོའི་དད་པ་དང་། སྤྱོད་པ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་གྱི་སེམས་བསྐྱེད་པར་གྱུར་ཏོ།། ཡི་དགས་ཀྱི་རྣམས་ཀྱང་ལྗགས་ཀྱི་འོད་ཀྱིས་ཕོག་ན། ཆུ་གྲང་མོས་ཕོག་པ་བཞིན་དུ། སྐུ་ཚིགས་ཀྱི་མེ་ཀུན་རྩེ་ཞིལ་བར་གྱུར་ཏོ།། སྐུ་ཚིགས་ཀྱི་མེ་དེ་དག་ཀུན་ཞི་བར་གྱུར་པ་དང་། ལྕགས་ཁུ་ཡང་ས་ལ་པོ་སྟེ། མེའི་དཔལ་ཡང་སའི་ནང་དུ་སོང་ངོ་།། དེའི་ཚེ་ཡི་དགས་ཀྱི་རྣམས་ཁ་གདངས་ནས་འདི་སྐད་དུ་བཀྲེས་སོ།། ཤིན་ཏུ་ལྕོགས་སོ།། ལོ་བརྒྱ་སྟོང་དུ་མའི་བར་དུ་ཆུ་མ་མཐོང་བ་ལས། དེ་ལྟར་ཆུ་དང་ཕྲད་དེ། ཚ་བཞི་ནས་རབ་ཏུ་བསིལ་བར་གྱུར་པ་འདི་སུའི་མཐུ་ཞེས་སྨྲས་སོ། ། དེའི་ཚེ་སྟེང་གི་ནམ་མཁའ་ལས་ཚིག་འདི་སྐད་ཅེས་གྲགས་སོ།། ཡི་དགས་གླེན་ཞིང་གཏི་མུག་པ་ཁྱེད་མི་ཤེས་སམ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་འོད་ཟེར་བཀྱེ་ནས། འོད་དེས་ཕོག་མ་ཐག་ཏུ་ཁྱེད་ཀྱི་སྡུག་བསྔལ་གྱིས་གདུངས་པ་ཀུན་རྩེ་ཞིལ་བར་གྱུར་ཏོ།། ཞེས་པའི་ཚིག་གྲག་པར་གྱུར་ཏོ། ། དེ་ནས་ཡི་དགས་དེ་དག་ཀུན་སོ་སོའི་མདུན་ན་སོ་སོའི་མ་རེ་རེ་པདྨོའི་སྟེང་ན་འདུག་ཅིང་། བུ་བང་དུ་བླངས་ནས་ནུ་མ་བསྣུན་པར་མཐོང་ངོ་།། ཡི་དགས་དེ་དག་ཀུན་ནུ་ཞོས་འདྲངས་པར་གྱུར་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སོ་སོའི་མ་དེ་དག་སྤྲུལ་པའི་སངས་རྒྱས་རེ་རེར་གྱུར་ཏོ།། སངས་རྒྱས་དེ་དག་གིས་ཀྱང་ལྗགས་ཀྱི་མཚན་བཀྱེ་ནས་ཡི་དགས་ཀྱི་རྣམས་ལ་སྐྱབས་མཛད་དོ། ། བཅོམ་ལྡན་འདས་ལྗགས་ཀྱི་མཚན་སླར་བསྡུས་ནས། ཁ་དོག་རྣམ་པ་སྟོང་དང་ལྡན་པའི་འོད་ཟེར་གྱིས། སངས་རྒྱས་ལ་ལན་སྟོང་དུ་བསྐོར་ཏོ།། འོད་དེ་དག་གི་ནང་ན་ཡང་སངས་རྒྱས་སྟོང་སྙེད་བཞུགས་ཏེ། ཕྱིར་སངས་རྒྱས་ཀྱི་གཙུག་ཏུ་ནུབ་ནས་སངས་རྒྱས་ཀྱི་སྐུའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་མཛེས་པར་སྣང་སྟེ། སྐུ་ཁྱད་པར་མཛེས་ཤིང་འོད་འཚེར་བ་ནི་ལྷམ་མེ་ལྷན་ནེ་ལྷང་ངེ་སྟེ་ཉི་མ་གྲངས་མེད་པ་བརྒྱ་སྟོང་མང་པོ་བས་ལྷག་པར་གསལ་ཞིང་སྣང་བར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་ཡང་བཀའ་སྩལ་པ། དེ་བཞིན་གཤེགས་པའི་ལྗགས་ཀྱི་མཚན་དང་། ལྗགས་ཀྱི་ཡོན་ཏན་དང་། ལྗགས་ཀྱི་སྤྱོད་ཡུལ་ལ་བརྟག་པའི་དངོས་པོ་ནི་འདི་དག་སྟེ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་རྗེས་སུ་དྲན་པ་དང་། མཚན་ལ་རྟོག་པ་རྣམས་ཀྱིས། སངས་རྒྱས་ཀྱི་ལྗགས་མཚན་ནི་སེམས་དང་། མིག་གི་སྤྱོད་ཡུལ་ཡིན་པར་ནི་གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ།། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན་བསྐལ་པ་བརྒྱ་ཕྲག་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱི་འཁོར་བའི་ཉེས་པ་སྤོང་བར་འགྱུར་ཞིང་། སྐྱེ་བའི་གནས་ཕྱི་མར་སངས་རྒྱས་ཁྲི་ཕྲག་རྒྱད་བཅུ་སྙེད་དང་ཕྲད་པར་འགྱུར་རོ།། ། སངས་རྒྱས་དེ་དག་གི་སྤྱན་སྔ་ན་སངས་རྒྱས་དེ་དག་གི་ལྗགས་ཆེ་ཞིང་རིང་བའི་མཚན་ལས་འོད་ཟེར་ཆེན་པོ་འབྱུང་བ་མཐོང་བ་ཡང་དེ་བཞིན་ཏེ། དེ་ནས་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ངའི་བསྟན་པ་འདི་གཟུངས་སུ་ཟུང་ལ་མ་བརྗེད་མ་ཉམས་པར་ངའི་ཉེ་གནས་རྣམས་ལ་འདི་སྐད་དུ་བསྒོ་ཤིག། ལུས་དང་སེམས་དྲང་པོར་བྱས་ཏེ། འདུག་ལ་མཉམ་པར་གཞག་ནས། ཆེ་ཞིང་རིང་བའི་ལྗགས་ཀྱི་མཚན་རྗེས་སུ་དྲན་པར་བྱེད་ན། སངས་རྒྱས་མངོན་ཏུ་བཞུགས་པ་དང་ཐ་དད་པ་མེད་དོ། ། སེམས་ཅན་གང་འདི་སྐད་དུ་བཤད་པ་ཐོས་ན། སེམས་མི་སྐྲག་ཅིང་ཐེ་རྩོམ་མི་ཟ་ལ་སྐུར་པ་མི་འདེབས་པ་དང་། སངས་རྒྱས་རྗེས་སུ་དྲན་པར་བྱེད་པ་ལ་མི་འཚེ་བ་དང་། སངས་རྒྱས་རྗེས་སུ་དྲན་པར་བྱེད་པ་ལ་བརྩོན་པར་གཞན་འདེབས་པ་དང་། རིམ་གྲོ་དང་། བསྐུར་སྟི་དང་། བླ་མར་བྱེད་པ་དང་།། བསྟོད་ཅིང་བསྔགས་པ་བརྗོད་ན། དེས་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་མ་བྱས་ཀྱང་། དགེ་བའི་སེམས་དེ་ཉིད་ཀྱིས་བསྐལ་པ་བརྒྱ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལས་ངན་པ་ཡོངས་སུ་སེལ་ཅིང་། སྐྱེ་བའི་གནས་ཕྱི་མར་སངས་རྒྱས་བྱམས་པ་མཐོང་བ་ནས་སྣང་མཛད་ཅེས་བྱ་བའི་བར་དུ་མཐོང་ངོ་། ། གཞན་ཡང་སངས་རྒྱས་སྟོང་རྣམས་ཀྱི་དམ་པའི་ཆོས་འཆད་པ་ཐོས་ཤིང་། རྟག་ཏུ་དེ་ལྟ་བུའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། ། རྒྱལ་པོ་ཡབ་དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་མགུར་གྱི་མཚན་དང་། སྐུའི་སྒྲོག་རུས་མཉམ་པར་གང་བའི་མཚན་དང་། ཐུགས་ཀའི་དཔལ་བེའུའི་མཚན་དང་། རི་མོ་གཡུང་དྲུང་གི་མཚན་རྗེས་སུ་དྲན་པ་ཞེ་ན། རི་མོའི་བར་ནས་འོད་ཟླུམ་པོ་དག་བྱུང་ངོ་།། མགུར་ཟླུམ་ལ་བཻཌཱུཪྻའི་སྦུབས་ལྟ་བུ་ནས་གསེར་གྱི་རྒྱལ་མཚན་འཕྱང་བ་ལྟ་བུ་དང་། སྲོལ་མདུང་ཐིག་ལེ་ཕོ་སུམ་ཡི་གེ་ཨི་ལྷ་བུ་མངོ་ནི་གསལ་ཏེ། ཐིག་ལེ་རེ་རེ་ལས་ཀྱང་འོད་གཉིས་གཉིས་འབྱུང་འོ།། འོད་རེ་རས་ཀྱང་འོད་ཟླུམ་པོ་སྔ་མ་ལ་ལན་བདུན་བདུན་བསྐོར་ཏོ།། རི་མོ་དེ་མངོན་པར་གསལ་ཞིང་རི་མོའི་བར་ཀུན་ན་པདྨོ་ཆེན་པོ་ཡོད་དེ། པདྨོ་དེ་དག་གི་སྟེང་ན་སྤྲུལ་པའི་སངས་རྒྱས་བདུན་བདུན་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་བདུན་བདུན་བསྙེད་དོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་ལོག་པ་གཉིས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རེ་རེ་ཐོགས་སོ།། ནོར་བུ་རིན་པོ་ཆེ་དེ་མེ་ལྟར་འབར་ཞིང་ཁ་དོག་བཻ་ཌཱུཪྻའི་མདོག་དང་། གསེར་བཙོ་མའི་མདོག་དང་། པདྨ་རཱ་ག་ལྟ་བུའི་མདོག་དང་།། ཤེལ་དཀར་པོ་ལྟ་བུའི་མདོག་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཁ་དོག་ལྟ་བུའོ།། དེ་ལྟ་བུའི་འོད་ཀྱིས་མགུར་ཡོངས་སུ་བསྐོར་ཏེ། འདི་ནི་དེ་བཞིན་གཤེགས་པའི་མགུར་གྱི་མཚན་གྱི་འོད་ཟླུམ་པོ་ཞེས་བྱའོ།། ཐུགས་ཀའི་དཔལ་བེའུའི་མཚན་དང་། རི་མོ་གཡུང་དྲུང་ལྟ་བུའི་མཚན་དང་། སྐུའི་སྒྲོག་རུས་མཉམ་པར་གང་བའི་མཚན་དང་། སྐུའི་མཆན་ཁུང་གི་ནོར་བུ་རིན་པོ་ཆེའི་མཚན་བཟང་པོ་དེ་དག་ལས་ཁ་དོག་རྣམ་པ་ལྔ་བརྒྱ་དང་ལྡན་པའི་འོད་ཟེར་སྣ་ཚོགས་སོ་སོ་ནས་འཚེར་ཞིང་། གཅིག་གིས་གཅིག་མི་སྒྲིབ་སྟེ། འོད་ཟེར་དེ་དག་ཀུན་གྱིས་མགུར་གྱི་འོད་ལ་ལན་ལྔ་བརྒྱར་བསྐོར་ཏོ།། བསྐོར་བའི་རི་མོའི་ཀུན་ནས་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་སྙེད་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། དགེ་སློང་ལྔ་བརྒྱ་ཡོད་དོ།། དེ་དག་ཀུན་གྱི་ལག་ན་སྦྲང་ཡབ་དཀར་པོ་ཐོགས་ཤིང་། བསྙེན་བཀུར་བྱེད་དོ།། སྤྲུལ་པའི་སངས་རྒྱས་ཀྱི་འོད་དང་། བྱང་ཆུབ་སེམས་པའི་འོད་དང་། དགེ་སློང་གི་འོད་དང་། འོད་དེ་དག་ལས་རིན་པོ་ཆེས་རི་རབ་ལྷུན་པོ་དང་། རྒྱལ་ཆེན་བཞིའི་གནས་དང་། ཕྱོགས་སྐྱོང་བ་རྣམས་ཀྱི་གནས་དང་། ལྷ་གཞན་དག་གི་གནས་དང་བཅས་པ་དང་། ཉི་མ་དང་། ཟླ་བ་དང་སྐར་མ་དང་། ཀླུའི་གནས་དང་བཅས་པ་དང་། གནོད་སྦྱིན་གྱི་གནས་དང་བཅས་པ་དང་། ལྷ་མ་ཡིན་གྱི་གནས་དང་བཅས་པ་དང་། གཞན་ཡང་རིན་པོ་ཆེའི་རི་བཅུའི་ལྷ་དང་། རྒྱ་མཚོ་ཆེན་པོ་བཞིའི་ལྷ་དང་། ཆུ་སྲིན་རྣམས་དང་། སྡེ་བརྒྱད་རྣམས་དང་། བྲམ་ཟེ་ལ་སོགས་པའི་རྣམས་ཀྱི་མཆོག་དང་། གཙོ་བོར་འཛིན་པའི་དངོས་པོ་རྣམས་དང་། གཞན་ཡང་རིག་འཛིན་དགུ་བཅུ་རྩ་ལྔ་སྙེད་དང་། སྐྱེ་བོ་མང་པོའི་རྒྱུ་དང་། རྐྱེན་ཏུ་གྱུར་པའི་ཕ་མ་དང་། ཉེ་འདུན་དང་། ལྷ་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་འོད་ལས་མངོན་པར་སྣང་བར་གྱུར་ཏོ། ། གཞན་ཡང་འབྱུང་པོ་ཚད་མེད་པ་བརྒྱ་སྟོང་སྙེད་ཀྱི་གཟུགས་ཀྱང་འོད་ཟླུམ་པོ་ལས་མངོན་པར་སྣང་སྟེ། དེ་དག་གི་འཛམ་བུ་གླིང་གི་མི་རྣམས་ལ་སྲི་ཞུས་ཆོས་སྟོན་ཅིང་། འོད་ཟེར་ལས་སྣང་བའི་གཟུགས་བརྙན་དེ་དག་ཀུན་གྱི་མི་རྣམས་ལ་སོ་སོ་ནས་འདི་སྐད་དུ་ང་ནི་ཁྱོད་ཀྱི་ཕའོ།། བདག་ནི་ཁྱོད་ཀྱི་མའོ།། སྔོན་ཁྱོད་ཀྱི་མིང་ནི་འདི་ཞེས་བྱའོ།། ངའི་མིང་ནི་འདི་ཞེས་བྱའོ་ཞེས་སྨྲས་ཏེ། མང་པོ་དེ་དག་ཐམས་ཅད་ཀྱང་། འཁོར་མང་པོའི་བླ་མར་བྱ་བའི་གནས་ཤ་སྟག་སྟེ། སངས་རྒྱས་ཀྱི་འོད་ཟླུམ་པོ་ལ་མངོན་ཞིང་གསལ་བར་སྣང་བ་ནི། རི་མོར་བྲིས་པ་འམ། མེ་ལོང་གི་ནང་ན་བཞིན་སྣང་བ་འདྲ་སྟེ། མཚན་དེ་དག་ནི་དེ་བཞིན་གཤེགས་པའི་འོད་ཟླུམ་པོས་སངས་རྒྱས་ཀྱི་མགུར་ལ་བསྐོར་བ་ཞེས་བྱའོ།། འོད་དེ་བླ་མའི་ཕྱོགས་སུ་ཡང་འདོམ་གང་། འོག་མའི་ཕྱོགས་སུ་ཡང་འདོམ་གང་། གཡས་སུ་ཡང་འདོམ་གང་། གཡོན་དུ་ཡང་འདོམ་གང་སྣང་སྟེ། འོད་ཟླུམ་པོ་ལས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་བྱུང་ནས། སེམས་ཅན་ཐམས་ཅད་ཀྱི་ངོ་མཚར་རྨད་དུ་གྱུར་པ་ཐམས་ཅད་མངོན་ཞིང་གསལ་བར་སྣང་བར་གྱུར་ཏོ།། འོད་ཟླུམ་པོའི་སྤྱང་ན་གསེར་བཅོམ། མདོག་ལྟ་བུའི་དཔལ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་མཛེས་ཤིང་། བལྟ་ན་སྡུག་པ་ཡོད་དོ།། ཡིད་བཞིན་གྱི་ནོར་བུའི་དཔལ་ལས་མེ་ཏོག་གི་ཤིང་སྐྱེས་ཏེ། ཤིང་དེའི་ཁ་དོག་སྣ་ཚོགས་ཏེ། བརྒྱ་སྟོང་གིས་བསྐྲུན་དུ་མི་བཟོད་དོ།། ཤིང་དེ་དག་རེ་རེའི་དྲུང་ན་རོན་པོ་ཆེའི་པདྨོ་རེ་རེ་ཡོད་དོ།། པདྨོ་དེ་དག་གི་སྟེང་ན་སྤྲུལ་པའི་སངས་རྒྱས་སྐུ་གསེར་གྱི་མདོག་ལྟ་བུ་རེ་རེ་བཞུགས་ཏེ། བཻ་ཌཱུཪྻ་ལྟ་བུའི་གདུགས་ཀྱིས་བླ་རེར་བྲེས་སོ།། འོད་དེས་སངས་རྒྱས་ཀྱི་སྐུ་ཡོངས་སུ་གསལ་བར་བྱས་ཏེ། དེ་ལྟ་བུའི་སྤྲུལ་པའི་སྐུ་དང་གཟུགས་ནི་གྲབས་མེད་ཚད་མེད་དོ། ། བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་པའི་ཚེ་ན། འོད་ཟེར་འདིས་འདུན་ཡང་དཔག་ཚད་གཅིག་གསེར་གྱི་མདོག་ལྟར་སྣང་བར་གྱུར། རྒྱབ་ཀྱང་དཔག་ཚད་གཅིག་གསེར་གྱི་མདོག་ལྟར་སྣང་བར་གྱུར། གཡས་སུ་ཡང་དཔག་ཚད་གཅིག་གསེར་གྱི་མདོག་ལྷར་སྣང་བར་གྱུར། གཡོན་དུ་ཡང་དཔག་ཚད་གཅིག་གསེར་གྱི་མདོག་ལྔར་སྣང་བར་གྱུར་ཏོ།། སེམས་ཅན་ལ་ལ་ཞིག་བདག་གི་ལུས་དམར་ཞིང་སྐྱེ་བའི་ངག་མེ་མགང་ཟག་ང་ཡང་གསར་གྱི་མདོག་ཏ་སྣང་ངོ་། སངས་རྒྱས་ཤིང་དྲུང་ན་བཞུགས་པ་ན་འོད་ལྷང་ངེ་ལྷམ་མེར་འཚེར་བ་ནི་ཛེ་ཏའི་ཚལ་དུ་གསེར་གྱི་མེ་ཏོག་ཆལ་པར་གཏོར་བ་བཞིན་ནོ།། གང་ཞིག་སངས་རྒྱས་ཀྱི་མགུར་གྱི་འོད་ལ་བརྟགས་ན། མདུན་དུ་བལྟས་ན་ཡང་སངས་རྒྱས་མཐོང་ངོ་།། རྒྱབ་ཏུ་བལྟས་ན་ཡང་སངས་རྒྱས་མཐོང་ངོ་།། གཡས་སུ་བལྟས་ན་ཡང་སངས་རྒྱས་མཐོང་ངོ་།། གཡོན་དུ་བལྟས་ན་སངས་རྒྱས་མཐོང་བར་གྱུར་ཏེ། ཕྱོགས་བརྒྱད་ནས་འོངས་པའི་མི་དག་གིས། སངས་རྒྱས་ཀྱི་མགུར་གྱི་འོད་དེ་མཐོང་བ་ན། འདི་སྐད་དུ་དགེ་སྦྱོང་གོའུ་ཏ་མ་གསེར་གྱི་རིལ་འཆག་ཅིང་། བདག་གི་མདུན་དུ་གཤེགས་སོ་ཞེས་ཟེར་རོ།། དེ་ལྟར་སྐྱེ་བོ་རྣམས་སོ་སོ་ནས་རྣམ་པ་སྣ་ཚོགས་སུ་མཐོང་བ་ནི། སངས་རྒྱས་ཀྱི་མགུར་གྱི་འོད་ཅེས་བྱའོ།། འོད་དེ་སྣང་བ་ན་སངས་རྒྱས་ཀྱི་དབུའི་གཙུག་ཏོར་ལས་འོད་ཁྲི་ཕྲག་དུ་མ་བྱུང་སྟེ། འོད་དེ་དག་འདབ་ཆགས་སུ་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བར་བྱས་ནས། ལྷ་དང་མིའི་འཇིག་རྟེན་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའི་གནས་ཀུན་གསལ་བར་སྣང་བར་བྱས་ཀྱང་། དེ་དག་ཀུན་གྱིས་སངས་རྒྱས་ཀྱི་སྤྱི་གཙུག་མཐོང་བར་མི་འགྱུར་རོ།། སངས་རྒྱས་ཀྱི་དབུ་གཡས་སུ་འཁྱིལ་བ་དུང་གྱི་རི་མོ་ལྟ་བུ་རབ་ཏུ་མཛེས་པ་ནི། བུང་བའི་འདབ་མ་འམ། རྨ་བྱའི་མདོངས་ཀྱིས་ཀྱང་དཔེར་བྱར་མི་བཟོད་དོ།། དེ་ལས་འོད་ཟེར་སྟོང་སྙེད་ལྷམ་མེ་ལྷན་ནེ་ལྷང་ངེར་འཚེར་ཞིང་འབར་ཏེ་འོད་འབྱུང་བ་ན། སངས་རྒྱས་ཀྱི་དབུ་དང་དབུའི་གཙུག་ཏེར་དང་། དཔུ་ནང་ག་མཚན་བཟང་པོ་ཐམས་ཅད་ཀྱང་ཤིན་ཏུ་སྣང་བར་བྱེད་དོ།། སངས་རྒྱས་ཀྱི་ཞལ་གྱི་འོད་ཟེར་ཀུན། ལྷ་དང་མོའི་འཇིག་རྟེན་ཡོངས་སུ་དག་པ་ན། བསོད་ནམས་ཀྱི་རྒྱུ་ལས་སྨིན་པའི་མེ་ཏོག་དམ་པས་ཀྱང་དཔེར་མི་བཟོད་པར་ལྷག་པར་མཛེས་ཤིང་གསལ་ལོ།། སངས་རྒྱས་ཀྱི་མགུར་དང་། སངས་རྒྱས་ཀྱི་ཐུགས་ཀ་དང་། སངས་རྒྱས་ཀྱི་ཕྱག་ལ་གང་ར་ལས་འོད་འབྱུང་བ་ཡང་སྔ་མ་བས་ལྷག་པར་མཛེས་ཤིང་གསལ་ལོ།། སངས་རྒྱས་ཀྱི་ཞབས་པུས་མོ་ལས་འོ་བྱུང་བ་ནི། ཁ་དོག་ཤིན་ཏུ་དཀར་བ་སྟེ། དེ་ལས་ཁ་བཞིར་གྱེས་ནས་སྐུ་ལ་འཁོར་རོ།། དེ་ལས་མེ་ཏོག་དཀར་པོར་གྱུར་ནས་སྤྱི་གཙུག་གི་འོད་ཀྱི་ནང་དུ་ཞུགས་སོ།། སྐུའི་ལྟེ་བ་ལས་ཀྱང་འོད་རྣམ་པ་ལྔ་བྱུང་སྟེ། འོད་དེ་གཅིག་ལ་ཡང་ཁ་དོག་རྣམ་པ་ལྔ་ལྔ་དང་ལྡན་སྟེ། སྐུའི་མཆན་ཁུང་དང་རྩིབ་མའི་བར་དུ་ཞུགས་ནས། ཇི་ལྟར་ཤེལ་གྱི་སྦུབས་སུ་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པའི་ཆུ་བླུགས་པ་བཞིན་ཏེ། ཕྱིར་ཡང་འཕྲག་པ་གཉིས་ཀྱི་གོང་ནས་འཕྲོ་བ་དང་། འོད་འབར་བ་ནི་ཇི་ལྟར་གསེར་གྱི་ནོར་བུ་ཡིད་བཞིན་གྱི་དཔལ་ལྟ་བུའོ།། ནོར་བུ་རིན་པོ་ཆེའི་དཔལ་དེ་འདབ་ཆགས་སུ་གྱུར་པ་ལས་པདོའི་མཆོག་དམའོ་གརིག་ལ་ཡང་སྤྲུལ་པའི་སངས་ན་བདུན་བདུན་བཞུགས་པ་ནི། ཇི་ལྟར་རི་མོ་བྲིས་པའམ། ཕྱག་རྒྱས་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་སྐུའི་རྗེས་སུ་འཁོར་ཏེ། གཅིག་གིས་གཅིག་སྒྲིབ་པར་མི་འགྱུར་རོ།། ཞབས་བྱིན་པ་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟ་བུ་དང་། ཀླུ་འཁྱིལ་བ་ལྟ་བུའི་རུས་པ་གཅིག་ལ་གཅིག་ལུ་གུ་རྒྱུད་དུ་འབྲེལ་བའི་བར་དང་མཚམས་ནས། གསེར་བཅོ་མ་ལྟ་བུའི་འོད་རྣམ་པ་མང་པོ་འབྱུང་སྟེ། འོད་དེ་དག་རེ་རེ་ཡང་ལུ་གུ་རྒྱུད་ཀྱི་ཚིགས་རེ་རིའི་ནང་ནས་འབྱུང་ཞིང་། ཚིགས་རེ་རེའི་ནང་དུ་འཇུག་གོ།། འོད་དེ་དག་འདུས་པ་ལས་འོད་ཆེན་པོ་གཅིག་ཏུ་གྱུར་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་ནས་སངས་རྒྱས་ཀྱི་ཕྱག་གི་གྲུ་མོར་འཁོར་ཞིང་དབུའི་གཙུག་ཏོར་གྱི་འོད་དང་གཉིས་སུ་མེད་པར་འདྲེས་པར་བྱེད་དོ། ། ཟངས་ཀྱི་ཁ་དོག་ལྟ་བུའི་ཞབས་ཀྱི་སེན་མོ་དང་། ཞབས་ཀྱི་སོར་མོ་འབྲེལ་བ་ལས་ཀྱང་སོ་སོ་ནས་འོད་འབར་ཞིང་ལྷམ་མེ་ལྷན་ནེ་ལྷང་ངེར་འཚེ་བ་ནི། བཻ་ཌཱུཪྻ་འམ་ཤེལ་ལྟ་བུ་སྟེ། རིན་པོ་ཆེ་སྣ་བདུན་གྱི་ཁ་དོག་དང་ལྡན་ནོ།། སངས་རྒྱས་ཀྱི་ཞབས་ཀྱི་བོལ་ནས་ཀྱང་། སངས་རྒྱས་ཀྱི་སྐུ་དང་འཚམ་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་འོད་སྔ་མ་དང་འདྲ་བས་འོད་ཟླུམ་པོ་ལ་བསྐོར་ཏོ། ། ཞབས་ཀྱི་མཐིལ་གྱི་འཁོར་ལོའི་མཚན་དང་། ཞབས་ཀྱི་རྟིང་པ་རིང་བའི་མཚན་ལས་ཀྱང་མེ་ཏོག་རེ་རེ་སྐྱེས་ཏེ། མེ་ཏོག་དེ་ཡང་མཛེས་ཤིང་བཟངའ་བ་ནི་ཞིང་ཡོངས་སུ་དག་པའི་མེ་ཏོག་ཨུ་དུམ་འབར་བ་བཞིན་ནོ།། སངས་རྒྱས་ཀྱི་ཞབས་ཀྱི་རྟིང་པ་ལས་འོད་འབྱུང་བས་ཞབས་ཀྱི་སོར་མོ་ལས་བྱུང་བའི་འོད་ལ་ལན་བཅུ་ཚང་བར་བསྐོར་ནས། པདྨོ་ཆེན་པོར་གྱུར་ཏོ།། པདྨེ་དེ་འདབ་ཆགས་སུ་འབྲལ་བ་ལ་སྤྲུལ་པའི་སངས་རྒྱས་ལྔ་ལྔ་བཞུགས་སོ།། སྤྲུལ་པའི་སངས་རྒྱས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་ལྔ་བཅུ་སྙེད་ཀྱིས་བཀོར་ཏོ། ། བྱང་ཆུབ་སེམས་དཔའ་དི་དག་རེ་རེའི་སྤྱི་གཙུག་ལ་ཡིད་བཞིན་གྱི་ནོར་བུའི་འོད་འབར་རོ།། མཚན་དེ་དག་བསྟན་པའི་ཚོན་སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་འོད་འབར་ཏེ། བ་སྥུ་རེ་རེ་ནས་ཀྱང་འོད་ཟེར་ཕྲ་མོ་བརྒྱད་ཁྲི་བཞི་སྟོང་སྐྱེད་འབྱུང་ཞིང་སྤུའི་འོད་ལྷག་པར་མཛེས་ཤིང་ཡིད་དུ་འོང་བར་བྱེད་དོ།། དེ་ལྟ་བུའི་འོད་རྣམ་པ་སྣ་ཚོགས་པ་ནི་འོད་རྟག་མ་ཞེས་བྱའོ། ། ཚིམ་པར་བྱེད་པའི་འོད་ཅེས་བྱའོ།། སྐྱེ་བོ་ཐམས་ཅད་ཇི་ལྟར་མོས་པ་བཞིན་དུ་མཐོང་བར་བྱེད་པར་བྱེད་པའི་འོད་ཅེས་བྱའོ།། སྐྱེ་བོ་ཐམས་ཅད་ལ་སྣང་བའི་མིག་སྦྱིན་པའི་འོད་ཅེས་བྱའོ། ། འོད་འདོམ་གང་དུ་འབར་བ་ལ་མཚན་བཟང་པོ་རབ་ཏུ་མང་སྟེ། འོད་དེ་ལ་སེམས་ཅན་ཀུ་ཤི་ལ་ཞེས་བྱ་བས་རྟོག་པའི་དུས་ན། འོད་ཀྱང་ཆུང་བར་འགྱུར་རོ། ། དེ་བཞིན་དུ་ཕྱོགས་གཞན་དག་གི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སངས་རྒྱས་ལ་རྟོག་པ་ན་དེ་བཞིན་དུ་འོད་ཀྱང་ཆེ་སྟེ། མེ་ཏོག་སྣ་ཚོགས་ཞེས་བྱ་བའི་ནང་ནས་བཤད་པ་བཞིན་ནོ། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་དང་དགའ་བོ་ལ་བཀའ་སྩལ་པ། ངས་ཁྱེད་ལ་སྐུའི་མཚན་དང་འོད་ཟེར་ཕུན་སུམ་ཚོགས་པ་བསྟན་ཏོ་ཞེས་བཀའ་སྩལ་ནས་བཞུགས་པ་ལས་བཞེངས་ཏེ། ཡང་དགའ་བོ་ལ་བཀའ་སྩལ་པ།། ཁྱེད་དགེ་སློང་རྣམ་དང་ཤཱ་རི་བུ་རྣམས་ཀུན་ལོངས་ལ། བཅོམ་ལྡན་འདས་གང་ན་བའི་ལོགས་སུ་ཐལ་མོ་སྦྱར་ཏེ། ཤིན་ཏུ་རྟོགས་པར་དེ་བཞིན་གཤེགས་པའི་སྤྱི་གཙུག་གི་འོད་ནས་ཞབས་ཀྱི་འོད་ཀྱི་བར་དང་། སྤྱི་གཙུག་ནས་ཞབས་ཀྱི་མཐིལ་མཉམ་པར་གང་བའི་མཚན་ལ་ལྟོས་ཤིག། ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་རྣམས་གཞན་ཡང་ཞབས་མཐིལ་མཉམ་པར་གང་བའི་མཚན་ནས་སྤྱི་གཙུག་གི་བར་དང་། དེ་བཞིན་གཤེགས་པའི་སྐུའི་འོད་རྣམས་དང་མགུར་གྱི་འོད་ལ་རྟོགས་ཤིག་ཡང་བཀའ་སྩལ་པ། སངས་རྒྱས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་ལུས་ཀྱི་ཡན་ལག་རེ་རེའི་བར་དུ་སོ་སོར་བརྟགས་ཏེ་མངོན་ཞིང་གསལ་བར་ཇི་ལྟར་མེ་ལོང་ལ་ངོ་ལྟ་བ་བཞིན་དུ་རྟོགས་ཤིང་། གང་དུ་དྲི་མ་དང་བཅས་པའི་མི་དགེ་བའི་སེམས་བསྐྱེད་པ་འམ། སངས་རྒྱས་ཀྱི་ཚུལ་ཁྲིམས་ཉམས་པ་དག་གིས་ནི། སངས་རྒྱས་ཀྱི་སྐུ་དང་། འོད་སོལ་བ་ལྷར་གནག་པར་མཐོང་བར་འགྱུར་རོ།། དེའི་ཚེ་ཤཱཀྱའི་བུ་མང་པོའི་ནང་ནས་ཤཱཀྱའི་བུ་ལྔ་བརྒྱ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུ་སོལ་བ་ལ་བྱས་པ་ལྟ་བུར་གནག་པར་མཐོང་ངོ་།། དགེ་སློང་མང་པོའི་ནང་ནས་དགེ་སློང་བརྒྱ་ཕྲག་བཅུས་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཁམས་ལ་བྱས་པ་ལྟ་བུར་མཐོང་ངོ་། ། དགེ་བསྙེན་མང་པོའི་ནང་ནས་དགེ་བསྙེན་བཅུ་དྲུག་གིས་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་བ་གྲང་ནག་པོའི་རྐང་པ་ལྟ་བུར་མཐོང་ངོ་། ། དགེ་བསྙེན་མ་མང་པོའི་ནང་ནས་དགེ་བསྙེན་མ་ཉི་ཤུ་རྩ་བཞིས་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་སོལ་བའི་ཕུང་པོ་ལྟ་བུར་མཐོང་བར་གྱུར་ཏོ།། དེ་ལྟར་འཁོར་རྣམ་བཞི་དག་སོ་སོ་ནས་མི་མཐུན་པར་མཐོང་ངོ་། ། དེའི་ཚེ་དགེ་སློང་མ་མང་པོའི་ནང་ནས་དགེ་སློང་མ་ལྔ་བརྒྱས་ནི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དངུལ་གྱི་ཁ་དོག་ལྟ་བུར་མཐོང་།། འཁོར་མང་པོ་དེ་དག་ལས་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པའི་དྲི་མ་དང་བྲལ་བ་རྣམས་ཀྱིས་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་འོད་འདོམ་གང་བ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པ། སངས་རྒྱས་ཀྱི་སྐུ་ལ་ཆེ་བའི་ཡོན་ཏན་བརྒྱ་བཞི་བཅུ་དང་ལྡན་པར་མཐོང་ངོ་།། དེ་ལྟར་འཁོར་མང་པོ་དག་སོ་སོ་ནས། སངས་རྒྱས་ཀྱི་སྐུ་དང་འོད་ཟེར་ལ་རྟོག་པ་ན་མི་མཐུན་པར་མཐོང་བར་གྱུར་ཏེ། དེའི་ཚེ་འཁོར་རྣམ་བཞི་དག་སངས་རྒྱས་ཀྱིས་གསུངས་པ་ཐོས་པ་དང་། དུས་ཏེ་མཆི་མ་བླགས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ནི་སྐུ་གཟུགས་བཟང་པོ་ནི་མ་མཐོང་ངོ་ཞེས་བརྗོད་དེ། ཤཱཀྱའི་བུ་ལྔ་བརྒྱས་ནི་རང་གི་སྐྲ་འབལ་ནས། ལུས་ས་ལ་བརྡབས་དེ་ས་ནས་ཁས་པ་འཇི་སཿས་ནས་སོ་པ་ལར་འ་རཀ་གི་རིགས་ས་སེས་པ་ལས་འཁོར་མང་པོ་ཀུན་གྱིས་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུར་མཐོང་ན། བདག་ཅག་འབའ་ཤིག་གིས་ནི་སངས་རྒྱས་ཀྱིས་སྐུ་སོལ་བ་འམ། ཐལ་བ་ལས་བྱས་པའི་མི་ལྟ་བུར་གནག་པ་དང་། བྲམ་ཟེ་ཤིན་ཏུ་རིད་པ་ལྟ་བུར་མཐོང་ན། བདག་ཅག་གིས་སྔོན་གྱི་མི་དགེ་བའི་ལས་ཅི་བགྱིས་པ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བཤད་དུ་གསོལ་ཞེས་བརྗོད་ནས། སོ་སོའི་སྒྲ་འབལ་ཏེ་ངུ་ཞིང་ས་ལ་འགྱེལ་ཏོ། ། དེའི་ཚེ་དེ་དག་གི་ཕས་ཚངས་པའི་སྒྲ་དབྱངས་ཕྱུང་སྟེ། དེ་དག་ཀུན་སྤྲོ་བ་བསྐྱེད་པའི་ཕྱིར། ཤཱཀྱའི་བུ་རྣམས་དང་འཁོར་རྣམ་བཞི་ལ་སྨྲས་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཉི་མ་ལྟ་བུ་འཇིག་རྟེན་དུ་གཤེགས་པས་ཁྱེད་རྣམས་ཀྱི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་སེལ་བར་འགྱུར་གྱིས། ཁྱེད་རྣམས་ལོངས་ལ་སངས་རྒྱས་ལ་ཕྱག་འཚོལ་ཅིག། སངས་རྒྱས་ནི་ཤིན་ཏུ་དུས་མཁྱེན་པས་ཁྱེད་ལ་བཤད་པར་འགྱུར་རོ་ཞེས་པ་དང་། དེའི་ཚེ་དེ་དག་ཀུན་ལངས་ནས། སངས་རྒྱས་ལ་ལན་གསུམ་དུ་བསྐོར་ནས། ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ།། དེ་ནས་ཤཱཀྱའི་བུ་དེ་རྣམས་དགའ་འོ་གང་ན་བར་སོང་སྟེ། ཕྱག་བྱས་ནས། དགའ་བོ་ལ་འདི་སྐད་སྨྲས་སོ།། བཙུན་པ་བདག་ཅག་འདྲ་བར་ཤཱཀྱའི་རིགས་སུ་སྐྱེས་ན། ཁྱོད་འབའ་ཤིག་ཤེས་རབ་རྣོ་ལ། སངས་རྒྱས་ཀྱི་གསུང་རབ་འཛིན་པའི་དཔེར་ན། སྣོད་གཅིག་ནས་གཅིག་ཏུ་བྱ་བ་བཞིན་ཏེ། རྒྱས་ཀྱི་སུ་ཡང་མ་མཐང་སྨྲ་ནས་དག་འདུང་དུ་བྱས་དེའི་ཚེ་སོམ། ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་ཤཱཀྱའི་བུ་རྣམས་དང་། འཁོར་མང་པོའི་རྣམས་ལ་བཀའ་སྩལ་པ། པ་སགས་པ་རྣམས་མ་དུ་ཤག། སྔོན་འདས་པའི་དུས་ན་བཅོམ་ལྡན་འདས་གསོད་སྐྱབས་ཞེས་བྱ་བ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་སྟེ། སེམས་ཅན་ཡོསུ་སྨིན་པར་མཛད་ནས་སྐུ་མྱ་ངན་ལས་འདས་ཏེ། ཆོས་ཀྱི་གཟུགས་བརྙན་བཞུགས་པའི་དུས་ན། ཁྱིམ་བདག་ཡོན་ཏན་ཟླ་བ་ཞེས་བྱ་བ་བ་ཝ་བརྒྱའི་བ་ཡང་ཐམས་ཅད་ཀུན་ཀྱང་ཤེས་རབ་རྣོ་ཞིང་ཡིད་གཞུངས་ལ་ཤེས་རབ་དང་ལྡན་པ་འཇིག་རེར་གྱི་གཙུདཔ་རིབ་ཀྱི་ཟོ་དང་། རྩལ་དང་། གཟའ་དང་སར་མ་རྗེས་ལ་སོགས་ཏེ། གང་ལ་ཡང་མི་ཤེས་པ་མེད་དོ།། ཁྱིམ་བདག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ལ་རང་ཅག་དབུ་རྣམས་སངས་རྒྱས་བརྟག་པའི་སེམས་དང་ང་འདྲ་བྱུང་བའི་ཆོས་ཟབ་མོ་བཅུ་གཉིས་བསྟན་ན། བུ་རྣམས་ཀྱིས་ཆོས་ཐོས་པ་དང་ཇེ་ཙམ་དུ་གྱུརརང་བད་ཅག་གི་པ་འི་རྒས་ཤིང་མོས་པས་དགེ་སྦྱོང་རྣམས་ཀྱིས་བསླབས་སམ། བདག་ཅག་གི་རྩིས་དང་གཙུག་ལག་གང་ལས་ཀྱང་འདི་ལྟ་བུའི་ཚིག་མི་འབྱུང་ན། ཕ་ཁྱོད་ཀྱིས་ག་ལས་རྙེད་ཅེས་ཟེར་རོ།། དེའི་ཚེ་ཁྱིམ་བདག་དེས་བུ་རྣམས་ལ་སྙིང་བརྩེ་བའི་ཕྱིར།། སངས་རྒྱས་ཀྱི་ཆོས་བཅབས་ཏེ་མ་བཤད་དོ། ། དེ་ནས་ཁྱིམ་བདག་དེའི་བུ་དེ་རྣམས་དུས་གཅིག་ཏུ་ནད་ཚབས་པོ་ཆེས་བཏབ་སྟེ། ཁྱིམ་བདག་དེ་ཉིད་ཀྱིས་བལྟས་ན། བུ་རྣམས་ཀྱང་རིང་པོ་མི་ཐོགས་པར་དུས་བྱེད་པར་རྟོགས་ན། བུ་རྣམས་ཀྱི་མདུན་དུ་མཆི་མ་བླགས་ནས་ཐལ་མོ་སྦྱར་ཏེ། འདི་སྐད་དུ་ཁྱེད་རྣམས་ངན་པར་ལྷ་སྟེ། དམ་པའི་ཆོས་ལ་མ་དད་པས། ད་མི་རྟག་པའི་མཚོན་གྱིས་ཁྱེད་ཀྱི་ལུས་ལ་གཅོད་ཅིང་ཉམ་ཐག་པར་གྱུར་ན། ཁྱེད་ཀྱི་སྐྱབས་སུ་འགྱུར་བ་སངས་རྒྱས་བཅོམ་ལྡན་འདས་གསོད་སྐྱབས་ཞེས་བྱ་བའི་མཚན་ནས་བརྗོད་དེ་ཕྱག་ཚོལ་ཅིག་ཅེས་སྨྲས་པ་དང་། བུ་རྣམས་ཀྱི་ཕའི་ངག་མཉན་པའི་ཚུལ་གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་སོ།། ཁྱིམ་བདག་གིས་སྨྲས་པ། དམ་པའི་ཆོས་ཀྱང་རྗོད་ལ་ཕྱག་ཚོལ་ཅིག། དགེ་འདུན་ཡང་བརྗེད་ལ་ཕྱག་ཚོལ་ཅེས་སྨྲས་པ་ལས། གསུམ་ཅར་གྱི་མཚན་ནས་རྗོད་མ་ཁོམ་པར། བུ་རྣམས་ཀྱང་ཚེ་འཕོས་སོ།། སངས་རྒྱས་ཀྱི་མཚན་ནས་བརྗོད་པའི་བསོད་ནམས་ཀྱིས་མཐོ་རིས་སུ་རྒྱལ་ཆེན་བཞིའི་ལྷའི་གནས་སུ་སྐྱེས་སོ། ། ལྷའི་གནས་ནས་ཚེ་ཟད་ནས་སྔོན་གྱི་ངན་པར་ལྟ་བའི་ལས་ཀྱིས། སེམས་ཅན་དམྱལ་བ་པ་ཆེན་པོར་ལྷུང་ངོ་།། དམྱལ་བ་ཆེན་པོར་ལྷུང་ནས་དམྱལ་བའི་སྲུངས་མས་མདུང་རྩེ་ཁ་བྲག་པ་མིག་ཏུ་གཙུག་ཏེ་སྡུག་བསྔལ་ཆེན་པོ་མྱོང་བ་ན། སྔོན་ཁྱིམ་བདག་ཕ་དེས་བསྟན་པའི་ཚིག་དྲན་ཏེ། སངས་རྒྱས་དེ་དྲན་པའི་མཐུས་དམྱལ་བའི་གནས་ནས་ཐར་ཏེ། ཕྱིར་མིར་སྐྱེས་ནས་དབུལ་ཞིང་ཕོངས་པར་གྱུར་ཏོ།། སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱུང་བའི་ཚེ་ན། སངས་རྒྱས་ཀྱི་མཚན་ནི་ཐོས་ཀྱི་དེ་ཉིད་ཀྱི་སྐུ་ནི་མི་མཐོང་ངོ་། ། སངས་རྒྱས་ལོག་པར་དང་སེལ་འཇིག་རྟེན་དུ་བྱུང་བའི་ཚེ་ན། ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་།། མཚན་ནི་ཐོས་པར་གྱུར་ཏོ།། གཙུག་ཏོར་ཅན་བྱུང་བའི་ཚེ་ན་ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་། ། མཚན་ནི་ཐོས་པར་གྱུར་ཏོ།། རྣམ་པར་གཟིགས་བྱུང་བའི་ཚེ་ན་ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་།། མཚན་ནི་ཐོས་པར་གྱུར་ཏོ། ། ཐམས་ཅད་སྐྱོབ་བྱུང་བའི་ཚེ་ན་ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་།། མཚན་ནི་ཐོས་པར་གྱུར་ཏོ།། སངས་རྒྱས་འོད་སྲུངས་བྱུང་བའི་ཚེ་ན་ཡང་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་ངོ་། ། མཚན་ནི་ཐོས་པར་གྱུར་ཏེ། སངས་རྒྱས་དྲུག་གི་མཚན་ཐོས་པ་དེའི་རྒྱུ་དེའི་རྐྱེན་ཀྱིས་དེ་ལྟར་ང་དང་རིགས་གཅིག་ཏུ་སྐྱེས་སོ།། གནས་འདིར་རིགས་གཅིག་ཏུ་སྐྱེས་མོད་ཀྱིངའི་སྐུ་མཛེས་ཤིང་མཚན་དམ་པ་དང་ལྡན་པ་ལ་ཁྱེད་ཀྱིས་བྲམ་ཟེ་ཤིན་ཏུ་རིང་བ་ལྟ་བུར་མཐོང་ངོ་། ། ངའི་སྐུ་གསེར་གྱི་མདོག་ལྟ་བུ་ལ་འཛམ་བུ་ཆུ་ཀླུང་གི་གསེར་གྱིས་ཀྱང་དཔེར་མི་བཟོད་པ་ལ་ཁྱེད་ཀྱིས་སོལ་བ་འམ། ཐལ་བ་ལས་བྱས་པ་ལྟ་བུར་མཐོང་ངོ་ཞེས་གསུངས་སོ།། དེ་ན་བཅོམ་ལྡན་དདས་ཀྱིས་ཤཱཀྱའི་བུ་རྣམས་ལ་བཀའ་སྩལ་པ་ཁྱེད་རྣམས་འདས་པའི་སངས་རྒྱས་རྣམས་ཀྱི་མཚན་ནས་རྗོད་ལ་ཕྱག་ཚོལ་ཅིག། ཁྱེད་ཀྱིས་ཕའི་མིང་ནས་ཀྱང་རྗོད་ལས་ཡང་འདས་པའི་སངས་རྒྱས་རྣམས་ལ་ཕྱག་ཚོལ་ཅིག། ངའི་མཚན་ནས་ཀྱང་རྗོད་ལ་བ་ལ་ཡང་ཕྱག་ཚོལ་ཅིག། མ་འོངས་པའི་སངས་རྒྱས་བྱམས་པ་ལ་ཡང་ཕྱག་ཚོལ་ལ། སྔོན་གྱི་ངན་པར་ལྟ་བའི་མི་དགེ་བ་ཀུན་ཤོགས་ཤིང་སྨྲོས་ཤིག། ད་ལྟར་སངས་རྒྱས་མ་ལྡན་འདས་འཇིག་རྟེན་ན་བཞུགས་པ་དང་། དགེ་སྦྱོང་གྱི་འཁོར་ཐམས་ཅད་འདུས་པའི་འཕགས་པའི་དགེ་འདུན་རྣམས་ལ་ཉེས་པ་འགྱུར་ཅང་སངས་རྒྱས་ཀྱི་སྤྱན་སྔར་འཐོལ་ཞིང་རབ་ཏུ་དགོགས་ཤིག་ཅེས་བཀའ་སྩལ་ཏོ། ། དེ་ནས་དེ་དག་གིས་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྤྱན་སྔར་ལུས་ཀྱི་ཡན་ལག་ལྔ་ས་ལ་བརྡབས་པ་ནི། ཇི་ལྟར་རི་རབ་ལྷུན་པོ་འགྱེལ་བ་བཞིན་ཏེ། བཅོམ་ལྡན་འདས་ལ་འགྱོད་ཅིང་འཐོལ་ནས་སེམས་ཀྱི་མིག་བྱེ་བར་གྱུར་ཏེ། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རབ་ཏུ་མཛེས་ཤིང་གསལ་བ། ཇི་ལྟར་རྒྱ་མཚོའི་ནང་ནས་རི་རབ་ལྷུན་པོ་མངོན་ཞིང་གསལ་བ་ལྟར་མཐོང་བར་གྱུར་ཏོ། ། དེ་ལྟར་སངས་རྒྱས་མཐོང་ནས་སེམས་རབ་ཏུ་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གིས་དེ་བཞིན་གཤེགས་པའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ལྔ་བུ་དང་། མཚན་དང་དཔེ་བྱད་བཟང་པོ་རེ་རེ་ནས་ཀྱང་འོད་ཟེར་དམ་པ་ཚད་མེད་པ་སྙེད་མཐོང་ངོ་། ། ཞེས་དེ་སྐད་སྨྲས་ནས་དེ་མ་ཐག་ཏུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་མྱུར་ཏོ།། དེ་ནས་དེ་དག་གིས་ཀྱང་ཡབ་རྩུབ་པོ་ལ་སྨྲས་པ། བདག་ཅག་རྣམས་སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་འབྱུང་བར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱི་ཡབ་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པ། ཁྱེད་རྣམས་སངས་རྒྱས་ལ་གསོལ་ཅིག་ཅེས་བསྐྱོའོ། ། དེ་ནས་དེ་དག་ཀུན་ཀྱང་བཅོམ་ལྡན་འདས་གང་ན་བར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད་བདག་ཅག་རབ་ཏུ་འབྱུང་བར་འཚལ་ལོ།། ཞེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱཀྱའི་བུ་རྣམས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པ་དང་། སྐྲ་དང་ཁ་སྤུ་རང་ལྷུང་སྟེ་དགེ་སློང་དུ་གྱུར་ཏོ།། གྱོན་པའི་གོས་ཀྱང་ཆོས་གོས་སུ་གྱུར་ཏོ། ། ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཞེས་མགོ་མ་བདག་པར་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དང་ཤཱཀྱའི་བུ་རྣམས་ཀྱིས་སྔོན་གྱི་སྡིག་པ་མི་དགེ་བ་ཀུན་འགྱོད་ཅིང་འཐོལ་ནས། དགྲ་བཅོམ་པར་གྱུར་པ་གཟིགས་སམ། རྒྱལ་པོས་གསོལ་པ། བདག་གིས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། དགེ་སློང་འདི་དག་ཀུན་སྔོན་མི་དགེ་བའི་སེམས་ཀྱིས། སངས་རྒྱས་ཀྱི་ཆོས་ལ་སྐུར་པ་ལས། དེ་དག་གི་ཕས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་བསྟན་པ་ཙམ་གྱིས། སྐྱེ་བ་ཀུན་ཏུ་སངས་རྒྱས་ཀྱི་མཚན་ཐོས་ནས། ང་འཇིག་རྟེན་དུ་མངོན་པར་བྱུང་བའི་བར་ཏུ་ངའི་གཟུགས་ཀྱི་སྐུ་དམ་པ་མཐོང་ཞིང་འཕགས་པའི་དགེ་འདུན་རྣམས་ཀྱང་མཐོང་བར་གྱུར་ཏོ།། སངས་རྒྱས་ལ་ཉེས་པ་འགྱོད་ཅིང་འཐོལ་བས་སངས་རྒྱས་ཀྱིས་གསུངས་པ་ཡང་ཐོས་སོ། ། ཉེས་པ་འགྱོད་ཅིང་བཤགས་པས་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ང་ཡོངས་སུ་མྱ་ངན་ལས་འདས་ནས། ལྷ་དང་བཅས་པའི་འཇིག་རྟེན་དག་གིས་ངའི་མཚན་ནས་བརྗོད་དམ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་ན་དེའི་བསོད་ནམས་ཚད་མེད་པར་ཆེ་སྟེ། དཔག་ཏུ་མེད་པ་དག་ཐོབ་པར་འགྱུར་ན། གང་གིས་སངས་རྒྱས་རྗེས་སུ་དྲན་པ་དམིགས་པ་ལ་འཇོག་ན་སྒྲིབ་པ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་བ་ལྟ་ཅི་སྨོས། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་བརྒྱ་ཕྲག་བཅུ་པོ་ལ་བཀའ་སྩལ་པ། དགེ་སློང་ཁྱེར་རྣམས་ཀྱིས་སངས་རྒྱས་ཀྱི་སྐུ་ཁམས་ལྟ་བུར་མཐོང་བ་ནི། འདི་ལྟ་སྟེ། ཁྱེད་སྔོན་སངས་རྒྱས་མར་མེ་མཛད་ཀྱི་ཆོས་རྣམ་པར་འཇིག་པའི་དུས་ན་ཁྱེད་རྣམས་རབ་ཏུ་བྱུང་སྟེ། རྣལ་འབྱོར་ལ་ཞུགས་པ་ལས་སྨྱོན་པའི་སློབ་དཔོན་ལ་ཡོངས་སུ་མ་དག་པའི་སེམས་བསྐྱེད་དེ། སྟོན་པའི་སློབ་དངོན་དེ་ཡང་དགྲ་བཅོམ་པ་ཡིན་པས། སློབ་མ་རྣམས་ཀྱི་བསམ་པ་ཤེས་ནས་སྨྲས་པ། རིགས་ཀྱི་བུ་ཁྱེད་སློབ་དཔོན་དང་། དགེ་འདུན་རྣམ་ལ་ཐེ་ཙོམ་གྱི་སེམས་མ་སྐྱེད་ཅིག། གལ་ཏེ་ཐེ་ཙོམ་གྱི་སེམས་བསྐྱེད་ན་ཁྱེད་ཀྱི་ཚུལ་ཁྲིམ་རྣམ་པར་དག་ཀྱང་དོན་མེད་པར་འགྱུར་རོ་ཞེས་གསུངས་པ་དང་། དགེ་སློང་རྣམས་ཀྱིས་སློབ་དཔོན་གྱི་ཚིག་དེ་ཐོས་ནས་ཁྲོས་ཏེ་ཞེ་སྡང་གི་སེམས་སྐྱེས་སོ། ། སློབ་དཔོན་གྱིས་ཀྱང་སློབ་མའི་བསམ་པ་ཤེས་ནས། པགས་ཀྱིས་བསྟན་པ་བཏང་ནས་མི་སྟོན་ཏོ།། དེའི་ཚེ་སློབ་མ་དགེ་སློང་བརྒྱ་ཕྲག་བཅུ་པོ་དེ་དག་ཚེ་རིང་ཐུང་ལས་སོ་སོ་ནས་འཆི་བའི་དུས་བྱེད་དུ་ཡང་ཉེའོ། ། དེ་ནས་དེ་དག་གི་སྟོན་པ་དགྲ་བཅོམ་པ་ཆེན་པོ་དེ་ནི། སྐུ་མྱ་ངན་ལས་མ་འདས་ཏེ། དེའི་ཚེ་སློབ་དཔོན་དེ་སློབ་མ་རྣམས་ག་ལ་བར་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། དགེ་སློང་ཁྱེད་རྣམས་ཐོག་མ་ནས་ཆོས་ཐོས་པ་དེ་སློབ་དཔོན་དང་།། ཚུལ་ཁྲིམས་ལ་ཐེ་ཙོམ་ཟ་བཞིན་དུ། སྦྱིན་བདག་དད་པའི་ཟས་ཟོས་ནས། ད་ཁྱེད་ཀྱི་སྐྱབས་སུ་གྱུར་པ་སུ་ཡིན་ཞེས་སྨྲས་པ་དང་། དེ་དག་ཀུན་གྱིས་ཚིག་དེ་ཐོས་ནས་སེམས་སྐྲག་ཅིང་ཤིན་ཏུ་སྤྱི་གཡའ་བར་གྱུར་ནས། སློབ་དཔོན་ལ་འདི་སྐད་སྨྲས་སྷོ། ། སློབ་དཔོན་ཆེན་པོ་བདག་ཅག་ལ་སྒྲིབ་པ་སྦྱང་བའི་ཆོས་བསྟན་དུ་གསོལ། སློབ་དཔོན་གྱིས་སྨྲས་པ། ཁྱེད་རྣམས་ཅིང་ལ་ཐུག་པས་བགྱོད་ཚངས་ཀྱི་ཆོས་མང་པོ་བསྟན་ཀྱང་བྱེད་མི་ནུས་ཀྱིས། ཁྱེད་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བཅུ་དང་ལྡན་པའི་མཚན་ནས་རྗོད་ལ་ཕྱག་ཚོལ་ཅིག་ཅེས་བསྟན་ཏོ། ། དེའི་ཚེ་དགེ་སློང་རྣམས་ཀྱང་སློབ་དཔོན་གྱིས་བསྟན་པའི་ཚིག་བཞིན་དུ་སངས་རྒྱས་ཀྱི་མཚན་ནས་བརྗོད་དེ་ཕྱག་འཚལ་ཏོ།། དེ་ལྟར་སངས་རྒྱས་ཀྱི་མཚན་ནས་བརྗོད་དེ་ཕྱག་འཚལ་ནས་དེ་མ་ཐག་ཏུ་ཚེ་འཕོས་སོ། ། དགེ་བའི་སེམས་དེ་ཉིད་ཀྱིས་མཐོ་རིས་ཀྱི་གནས་སུམ་ཅུ་རྩ་གསུམ་དགའ་ལྡན་གྱི་གནས་སུ་ལོངས་སྤྱོད་དང་ལྡན་པར་སྐྱེས་སོ།། ལྷའི་གནས་ནས་ཚེ་དང་བསོད་ནམས་ཟད་ནས། སྔོན་གྱི་སྤྲིན་བདག་དད་པའི་ཟས་ཟོས་པའི་སྡིག་པས་འཇིག་རྟེན་དུ་ཡི་དགས་ཀྱི་ཁམས་སུ་སྐྱེས་ནས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་མེ་མ་མུར་ཟ་བར་གྱུར་ཏོ།། ཡི་དགས་ཀྱི་ལས་དེ་ཟད་ནས་བྱོལ་སོང་གི་ཁམས་སུ་སྐྱེས་སོ།། བྱོལ་སོང་གི་ལས་ཟད་ནས་ཕྱིར་ཡང་མིར་སྐྱེས་ཏེ། དབུལ་ཕོངས་པས་རབ་ཏུ་རྒུད་པར་གྱུར་ཏོ།། དེ་ནས་མིར་སྐྱེས་ནས་སྔོན་རབ་ཏུ་བྱུང་བའི་མཐུས། སངས་རྒྱས་ཀྱི་མཚན་ཐོས་ཤིང་དང་པའི་སེམས་གཡོས་ནས་སྔོན་བཞིན་དུ། སངས་རྒྱས་ཀྱི་མཚན་ནས་བརྗོད་པར་གྱུར་ཏོ།། སངས་རྒྱས་ཀྱི་མཚན་ནས་བརྗོད་པའི་བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་སྐྱེ་བ་བརྒྱད་སྟོང་གི་བར་དུ་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་ཕྲད་ཀྱང་མིག་གིས་སངས་རྒྱས་ཀྱི་གཟུགས་ཀྱིས་མི་མཐོང་ན། ། ཆོས་ཐོས། པབ་ལྟ་ཅི་སྨོས་ཏེ། ད་ལྟར་ང་འཇིག་རྟེན་དུ་བྱུང་བ་དང་ཕྲད་ཀྱང་ངའི་སྐུ་ཁམས་ལས་བྱས་པ་ལྟ་བུར་མཐོང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱེད་རྣམས་སྔོན་ཐེ་ཙོམ་གྱི་གནས་མ་ཡིན་པ་ལ་ཐེ་ཙོམ་གྱི་སེམས་བསྐྱེད། དད་པ་བསྐྱེད་པའི་གནས་ལ་ནི་མ་དད་པའི་སྡིག་པ་བྱས་པས། སངས་རྒྱས་རྣམས་མི་མཐོང་ཞིང་དམ་པའི་ཆོས་ཀྱང་མ་ཐོས་པར་གྱུར་ཏོ། ། ང་རྒྱལ་པོའི་ཁབ་ཏུ་བལྟམས་པའི་ནང་ན་ཡང་ངའི་ཁ་དོག་ལྟ་བུ་ཁ་དོག་དམ་པ་ཁ་དོག་ཡང་དག་པ་ལ་ཁྱེད་ཀྱིས་ཁམས་ལྟ་བུར་མཐོང་བ་ཡིན་ནོ།། དེ་ནས་དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས། སོ་སོ་ནས་འགྱོད་ཅིང་འཐོལ་ཏེ། ཕྲག་པ་གཡས་པ་ཆོས་བཞིན་དུ་ཕྱུང་ནས། སངས་རྒྱས་གང་ན་བའི་ལོགས་སུ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། ལོག་པར་ལྟ་ཞིང་སློབ་དཔོན་ལ་མ་དག་པའི་སེམས་སྐྱེད་ནས་ཐེ་ཙོམ་དུ་གྱུར་ཏེ། སྦྱིན་པ་དག་དད་པའི་སྦྱིན་པའི་ཆུང་གསན་པ་དེའི་རྒྱུ་དེའི་རྐྱེན་ཀྱིས་སེམས་ཅན་དམྱལ་བར་ལྷུང་སྟེ། དེ་ལས་ཐར་ཀྱང་སྐྱེ་བ་ཚད་མེད་གྲངས་མེད་པའི་བར་དུ་སངས་རྒྱས་ཀྱི་སྐུ་ནི་མི་མཐོང་གི། མཚན་འབའ་ཤིག་ནི་ཐོས་སོ།། ད་ལྷུར་ཡང་བཅོམ་ལྡན་འདས་ཀྱི་སྐུ་ཁམས་ལྟ་བུ་ལ་མཐོ་ལྔ་ལས་མི་རིང་བར་མཐོང་ངོ་།། ཞེས་འཛེན་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ན་བཟའ་ཤང་འགག་ཇི་ཕྱེ་ནས། ཐུགས་ཀའི་དཔལ་བེའུ་ཕྱུང་སྟེ། དགེ་སློང་རྣམས་ལ་བསྟན་ཏོ།། དགེ་སློང་རྣམས་ཀྱིས་དཔལ་བེའུའི་རི་མོ་གཟུངས་སུ་འཛིན་ཅིང་ནན་ཏན་དུ་བྱས་པས། བཅོམ་ལྡན་འདས་ཀྱི་སྐུ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བརྒྱན་པར་རིག་པར་གྱུར་ཏེ། ཐུགས་ཀའི་རི་མོ་གཡུང་དྲུང་ལས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་བརྒྱད་ཁྲི་བཞི་སྟོང་སྙེད་ཤིན་ཏུ་བསྔགས་པར། དགེ་སློང་རྣམས་ཀྱིས་མཐོང་བར་གྱུར་ནས། དེ་དག་ཀུན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བསྟོད་དོ།། བཅོམ་ལྡན་འདས་ངོ་མཚར་རྨད་དོ། ། ཐུགས་ཀའི་དཔལ་བེའུའི་རི་མོ་ལས་ཀྱང་ཚད་མེད་པའི་དོན་སྟོན་ན། སངས་རྒྱས་ཀྱི་ཐུགས་ལ་ཡོན་ཏན་མང་པོ་མངའ་བ་ལྟ་ཅི་སྨོས་ཞེས་དེ་སྐད་སྨྲས་ནས། སངས་རྒྱས་ག་ལ་བའི་ལོགས་སུ་རི་བོ་འགྱེལ་བ་བཞིན་དུ་ཡན་ལག་ལྔ་ས་ལ་གཏུགས་ཏེ། མཆི་མ་བླགས་ཤིང་ངུས་ནས་འགྱོད་ཅིང་འཐོལ་བཤགས་བྱས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་པའི་དབྱངས་ཀྱིས་སྤྲོ་བ་བསྐྱེད་དེ། དགེ་སློང་རྣམས་ཀྱི་སེམས་རབ་ཏུ་དག་པར་བྱས་སོ།། སེམས་རབ་ཏུ་དག་པར་གྱུར་ནས་ཇི་ལྟར་སྨིན་སྟུག་པོ་ལ་རླུང་དྲག་པས་བུས་ནས། ཕྱོགས་བཞིར་གྱེས་ཤིང་སངས་པ་བཞིན་དུ། སྔོན་གྱི་མི་དགེ་བའི་བག་ཆགས་རྣམས་ཡོངས་སུ་བསལ་ཏོ།། བཅོམ་ལྡན་འདས་ཀྱི་སྐུ་གསེར་གྱི་མདངས་ཅན་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱང་བཟང་པོ་བརྒྱད་ཅུ་དང་ལྡན་པ་མངོན་ཞིང་གསལ་བར་མཐོང་བར་གྱུར་ཏོ།། དེ་ལྟར་སངས་རྒྱས་ཀྱི་སྐུ་མཐོང་ནས་སེམས་རབ་ཏུ་དགའ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དགེ་སློང་བརྒྱ་ཕྲག་བཅུ་པོ་འདི་རྣམས་ཆོས་ཚོལ་བ་ལ་ནན་ཏན་དུ་བྱེད་ཅིང་རྒྱུན་མི་གཅོད་པས་ཕྱི་མ་མ་འོངས་པའི་དུས་བསྐལ་པ་བགྲང་བ་དང་། བརྩི་བ་ལས་འདས་ནས་མངོན་པར་འཚང་རྒྱ་སྟེ། མཚན་འོད་སྣང་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། ། དེ་དག་མངོན་པར་སངས་རྒྱས་ནས་ཞིང་དེའི་ས་གཞི་ཡང་གསེར་གྱི་ཁ་དོག་ལྟ་བུ་སྟེ། ས་གཞི་དེ་ལ་རིན་པོ་ཆེ་སྣ་བདུན་གྱི་ཤིང་མངར་བ་ལ་རིན་པོ་ཆེའི་ཡང་ཐོག་གིས་ཡོངས་སུ་བརྒྱན་ནོ། ། ཞིང་དེའི་སེམས་ཅན་ཐམས་ཅད་ཀྱང་ཁྲེལ་ལ་འཛེམ་པ་དང་། ངོ་ཚ་ཆེ་བ་དང་། མི་དགེ། བ་རྣམས་འགྱོད་ཚངས་བྱེད་ཅིང་། དེ་དག་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཤ་སྟག་གོ།། དེ་ལྟར་སངས་རྒྱས་སྟོང་མཐར་གྱིས་འབྱུང་བ་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྟོང་མཐར་གྱིས་མངོན་པར་འཆང་རྒྱ་བ་བཞིན་ནོ། ། རྒྱལ་པོ་ཡབ་དགེ་སློང་འདི་རྣམས་སྔོན་སློབ་དཔོན་དང་། དགེ་འདུན་ལ་ཐེ་ཙོམ་ཟོས་པས་ཁ་ན་མ་ཐོ་བའི་སྡིག་པ་ཆེན་པོ་ཐོབ་པར་གྱུར་པ་ལས། སངས་རྒྱས་ཀྱི་མཚན་ནས་བརྗོད་དེ་ཕྱག་འཚལ་ལོ་ཞེས་བརྗོད་པའི་བསོད་ནམས་ཀྱི་འབྲས་བུ་སྨིན་པས། ད་ལྟར་ངའི་སྤྱན་སྔར་བསྟན་པར་གྱུར་ན།། སངས་རྒྱས་རྗེས་སུ་དྲན་པར་ཡིད་ལ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། ། དེ་ནས་དགེ་སློང་མ་རྣམས་ཀྱི་ནང་ནས་སངས་རྒྱས་ཀྱི་སྐུ་དངུལ་གྱི་ཁ་དོག་ཏུ་མཐོང་བའི་རྣམས་འདུག་པ་ལས་ལངས་ནས། བླ་གོས་ཕྱོགས་གཅིག་ཏུ་བྱས་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པས་དིང་སྐུའི་མདོག་དང་། འོད་ཟེར་བཤད་པས་སེམས་ཅན་མང་པོའི་ཁ་ན་མ་ཐོ་བའི་སྡིག་པ་སེལ་བར་འགྱུར་རོ་ཞེས་གསུངས་ན། བདག་ཅག་གྱིས་ཅིའི་སླད་དུ་ཐོག་མ་སྐྱེས་ནས་རབ་ཏུ་བྱུང་བ་དང་། ད་ལྟར་གྱི་བར་དུ་སངས་རྒྱས་ཀྱི་སྐུ་དངུལ་གྱི་མདོག་ཏུ་མཐོང་ཞིང་། དངུལ་གྱི་མེ་ཏོག་དང་། དངུལ་གྱི་འོད་དང་། རྒྱན་དང་། ཡོད་བྱད་ཐམས་ཅད་ཀྱང་དངུལ་གྱི་ཁ་དོག་ཏུ་མཐོང་ན། བདག་ཅག་གིས་ཅིའི་སླད་དུ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ལ་འོད་ལྷམ་མེར་འབར་བ་དང་། མཚན་སུམ་ཅུ་རྩ་གཉིས་བསོད་ནམས་ཀྱི་འབྲས་བུ་ལས་སྨིན་པ་མ་མཐོང་བར་གྱུར་པ་ལགས་ཞེས་གསོལ་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱིས་གསོལ་པ་ལ་ཞལ་འཛུམ་པ་མཛད་དེ། གསེར་གྱི་མདོག་སུ་བུའི་འོད་ཟེར་ཞལ་གྱི་སྒོ་ནས་བྱུང་སྟེ། སངས་རྒྱས་ཀྱི་སྐུ་དངུལ་གྱི་ཁ་དོག་ལྟ་བུ་ལ་ལན་བཅུ་ཚང་བར་བསྐོར་ཏོ། ། འོད་ཟེར་དེ་དག་བསྟན་པ་ན། དགེ་སློང་མ་རྣམས་ཀྱིས་ཀྱང་། སངས་རྒྱས་ཀྱི་སྐུ་གསེར་གྱི་ཁ་དོག་ལྟ་བུ་ལ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་འོད་ཤིན་ཏུ་གསལ་བར་མཐོང་སྟེ། རྒྱས་པར་ཤད་དུ་བདེ་བར་མི་ནུས་སོ།། དགེ་སློང་མ་རྣམས་ཀྱིས་དེ་ལྟར་མཐོང་ནས། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ལ་བརྟགས་ན་གཡས་སུ་འཁྱིལ་བ་མཐོང་སྟེ། དེ་ལྟར་མཐོང་ནས་དགའ་བར་གྱུར་པ་དང་དེ་མ་ཐག་ཏུ་དགྲ་བཅོམ་པ་ཐོབ་སྟེ། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ། ། དགེ་སློང་མ་རྣམས་ཀྱིས་ཀྱང་སྔོན་གྱི་ཡུན་རིང་པོའི་གནས་དྲན་པར་གྱུར་ཏེ། སྔོན་བསྒྲལ་པ་གྲངས་མེད་པ་འདས་པའི་སྔོན་རོལ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་།། སངས་རྒྱས་དེ་མྱ་ངན་ལས་འདས་པའི་འོག་ཏུ་ཉེ་གནས་རྣམས་རབ་ཏུ་བྱུང་ཞིང་རྣལ་འབྱོར་དུ་སྤྱོད་པའི་དགེ་འདུན་གྱི་ནང་ན།། གང་ཟག་གཅིག་ཅིག་གི་རྒྱུ་ཞིང་སེམས་ཅན་གྱི་དོན་བྱེད་དུ་སོང་བ་ལས། ཡུལ་དགོན་པ་ཞིག་ན་བུ་མོ་ལྔ་བརྒྱ་ཞིག་རྩེ་ཞིང་འདུག་པ་མཐོང་ངོ་།། དེའི་ཚེ་དགེ་སློང་དེ་སྤྱོད་ལམ་བསྡམས་ཏེ། མཛེས་པ་ཚུལ་གྱིས་གོམ་པ་དྲལ་བུས་སུ་བུ་མོ་དེ་དག་གི་དྲུང་དུ་སོང་ནས། གདིང་བ་བཏིང་སྟེ་འདུག་གོ།། བུ་མོ་དེ་རྣམས་ཀྱིས་དེ་དག་མཐོང་ནས་རབ་ཏུ་དགའ་སྟེ་འདི་སྐད་དུ། ཡུལ་སྟོང་པ་ལྷ་དང་དྲང་སོང་རྒྱུ་བའི་གནས་འདི་དག་ཏུ་མིའི་མཆོག་དགེ་སློང་འདིར་འདུག་པ་འདི་ནི་ངེས་པར་མ་རབས་ཕལ་པ་མ་ཡིན་དུ་ངེས་ཀྱིས། བདག་ཅག་མཆོད་པ་བྱའོ་ཞེས་སྨྲས་ནས། སོ་སོའི་དངུལ་གྱི་གདུ་བུ་ཕུད་ནས། དགེ་སློང་ལ་གཏོར་ཏོ།། དགེ་སློང་འདི་བརྩོན་འགྲུས་དང་སྤྱོད་པའི་ཡོན་ཏན་དུ་ལྡན་པས་གདོན་མི་ཟ་བར་འཚང་རྒྱ་བར་འགྱུར་གྱིས། དེའི་དུས་ན་བདག་ཅག་རྣམས་ཀྱིས་མཐོང་བར་ཤོ་གང་ཤིག་ཅེས་སྨོན་ལམ་བཏབ་བོ། ། དེའི་ཚེ་ཁྱེད་རྣམས་གདུ་བུ་བོར་བ་ལ་ཆགས་པ་སྐྱེས་པས་སྐྱེ་གནས་ཐམས་ཅད་དུ་དངུལ་གྱི་རི་ལ་དབུལ་གྱི་ལྷའི་བུ་མོ་རིན་པོ་ཆེར་སྐྱེས་སོ།། དགེ་སློང་དེ་ལ་ཕྱག་འཚལ་ཏེ། དངུལ་གྱི་གདུ་བུ་ཕུལ་བས་ང་འཇིག་རྟེན་དུ་བྱུང་བ་དང་ཕྲད་དེ། བཀྲུས་པ་བཞིན་དུ་ཡོངས་སུ་དག་ནས་དགྲ་བཅོམ་པར་གྱུར་ཏོ།། དེའི་ཚེ་དགེ་སློང་དེ་ནི་ད་ལྟར་གྱི་ང་ཡིན་ནོ།། བུ་མོ་དེ་དག་ཀུན་ནི་ཁྱེད་ཡིན་ནོ། ། ཁྱེད་སྔོན་དགེ་སྦྱོང་ལ་མཆོད་ཅིང་སྨོན་ལམ་བཏབ་སྟེ། སངས་རྒྱས་ལ་ཕྱག་བྱས་པས། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་དང་ཕྲད་པར་གྱུར་ཏོ།། རྒྱལ་པོ་ཡབ་མིའི་རིན་པོ་ཆེ་སངས་རྒྱས་བཅོམ་ལྡན་འདས་ནི་ཀུན་ལ་ཕན་པ་དང་། སྐྱབས་སུ་གྱུར་པའི་བདག་ཉིད་ཡིན་ཏེ། གང་གིས་མཚན་ཐོས་པ་འམ། ཕྱག་འཚལ་ཞིང་མཆོད་པ་ཆ་ཅིག་ཕུལ་བ་ཙམ་གྱིས་ཀྱང་། བསོད་ནམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཆེན་པོ་ཐོབ་ན། སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་སྐུ་ཡིད་ལ་བྱེད་པ་ལྔ་ཅི་སྨོས་ཞེས་གསུངས་སོ།། དེ་ནས་ཡང་དགེ་བསྙེན་གྱི་འཁོར་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བ་གླང་ནག་པོའི་རྐང་པ་ལྟ་བུར་མཐོང་བ་རྣམས་འདུག་པ་ལས་ལངས་ཏེ་བླ་གོས་ཕྱོགས་གཅིག་ཏུ་བྱས་ནས། བཅོམ་ལྡན་འདས་གང་ན་བའི་ལོགས་སུ་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་གསོལ་ཏོ།། བདག་ཅག་ཡུལ་འདིར་སྐྱེས་ཏེ། བདག་ཅག་གི་ཡུལ་གྱི་རྒྱལ་བུ་རབ་ཏུ་བྱུང་ནས་མངོན་པར་འཚང་རྒྱའོ་ཞེས། དྲང་སྲོང་མི་དཀར་བས་ཀྱང་མཚན་སུམ་ཅུ་རྩ་གཉིས་མངའ་བ་མཐོང་སྟེ། བདག་ཅག་ལ་ཡང་འདི་སྐད་དུ་སའི་ལྷ་རྒྱལ་བུ་འདི་ནི། གདོན་མི་ཟ་བར་མངོན་པར་འཚང་རྒྱའོ་ཞེས་སྨྲས་ཏེ། བདག་ཅག་གིས་ཀྱང་དེ་སྐད་ཐོས་ནས། ས་ཕས་རྒྱས་ལ་སྐབས་སུ་གསོལ་ཏེ། སངས་རྒྱས་ཀྱི་ཞབས་འབྲང་འཚལ་ཞིང་སྐྱབས་སུ་མཚ་བ་གསུམ་དང་། ཉན་ཞག་ག་ཁྲམས་བརྒྱད་དང་། ལྔ་མ་ནོས་ཏེ་མོས་པས་བསྲངས་ཀྱང་བདག་ཅག་གི་སྔོན་གྱི་སྡིག་ལྕི་བའི་ལས་ཀྱིས་སངས་རྒྱས་ཀྱི་གསུང་ནི་ཐོས་ཀྱི་སྐུ་ནི་མི་མཐོང་ངོ་། ། བདག་ཅག་སངས་རྒྱས་ལྦུ་བ་ན་རྟག་ཏུ་བ་གླང་ནག་པོའི་རྐང་པ་ལྟ་བུར་མཐོང་ན། ཅི་ཞིག་གིས་མནར་ཅེས་སྨྲས་ཏེ། བྲང་རྡུང་ཞིང་ངུས་ནས་ས་ལ་འགྱེལ་ཏོ།། དེ་ནས་དེ་བཞིན་གཤེགས་པས་ཚངས་པའི་དབྱངས་ཀྱིས་ཇི་ལྟར་ཕ་བུ་ལ་བྱམས་པས་སྤྲོ་བ་སྐྱེད་པ་བཞིན་དུ། དགེ་བསྙེན་རྣམས་ལ་བཀའ་སྩལ་པ། ཆོས་ཀྱི་བུ་ཁྱེད་ལོངས་ཤིག། བཅོམ་ལྡན་འདས་ཀྱིས་ཁྱེད་ཀྱི་ཐེ་ཙོམ་ཡོངས་སུ་བསཔ་ཏེ། སྒྲིབ་པ་བྱུང་བར་བྱའོ་ཞེས་གསུངས་ནས། བཀའ་སྩལ་པ་ཁྱེད་རྣམས་སྔོན་པསྐལ་པ་གྲངས་མེད་པ་འདས་པའི་སྔོན་རོལ་ན། འཛམ་བུ་གླིང་གི་ཁམས་ན་སོ་སོ་ནས་དབང་དང་ལྡན་པའི་རྒྱལ་ཕྲན་རེ་རེ་བྱེད་དོ།། དེའི་ཚེ་དགེ་སྦྱོང་དག་ཅིག་འཇིག་རྟེན་པའོ་ཁེ་དང་གྲགས་པ་འདོད་པའི་ཕྱིར། ཁྱེད་རྣམས་ལ་དེ་བཞིན་གཤེགས་པའི་གསུང་རབ་ལས་འགལ་བའི་ངན་པར་ལྟ་བའི་ཆོས་བསྟན་ཏེ། ཆོས་རྣམས་ནི་ཆོས་མ་ཡིན་པར་བཤད།། ཆོས་མ་ཡིན་པ་རྣམས་ནི་ཆོས་ཡིན་པར་བཤད་དེ། ཁྱེད་རྣམས་དེ་ལ་ཡིད་ཆེས་ཤིང་རྗེས་སུ་དད་པར་བྱེད་དོ།། དེ་དག་གིས་དེ་ལྟར་ཆོས་མ་ཡིན་པ་ལོག་པར་བསྟན་པས། དེ་དག་ཚེ་འཕོས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། ། ཁྱེད་རྣམས་ལོག་པར་བསྟན་པའི་རྗེས་སུ་གཞོལ་བ་རྣམས་ཀྱང་ཚེ་འཕོས་ནས། མུན་ནག་གི་སེམས་ཅན་དམྱལ་བར་སྐྱེས་སོ།། སྔོན་ཆོས་ལ་མོས་པ་བསྐྱེད་པའི་དགེ་བའི་མཐུས་པ་ད་ལྟར་བྱུང་བ་དང་ཕྲད་ནས། ཁྲིམས་ལྔ་འཛིན་པར་གྱུར་ཏོ།། ཁྱེད་རྣམས་ད་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྤྱན་སྔར་སྔོན་ངན་པར་ལྟ་བ་དང་། ལོག་པར་བསྟན་པའི་ཆོས་ཐོས་ཤིང་སྤྱད་པ་ཀུན་འགྱོད་ཅིང་ཤོགས་ལ་འཐོལ་ཅིག་ཅེས་གསུངས་སོ།། དགེ་བསྙེན་རྣམས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས།། སངས་། རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། ཞེས་བརྗོད་ནས། སྡིག་པ་མི་དགེ་བ་རྣམས་སེམས་ཀྱི་འགྱོད་པས་འཐོལ་ཞིང་བཤགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་མཚམས་ཀྱི་སྐྱེས་བུ་ཆེན་པོའི་མཚན་གྱི་འོད་ཟེར་བཀྱེ་ནས། དགེ་བསྙེན་རྣམས་ཀྱི་སེམས་སྣང་ཞིང་གྲོལ་བར་བྱས་ཏེ། འཐུན་པར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། ། དགེ་བསྙེན་དེ་རྣམས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས། སངས་རྒྱས་ཀྱི་སྐུ་འཇིག་རྟེན་དཔེ་ཟླ་མེད་པ་རབ་ཏུ་མཛེས་པར་མཐོང་སྟེ། སངས་རྒྱས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ།། དེ་ནས་དགེ་བསྙེན་མའི་འཁོར་ལས་སངས་རྒྱས་ཀྱི་སྐུ་སོལ་བའི་ཕུང་པོ་ལྟ་བུར་མཐོང་བའི་རྣམས་འདུག་པ་ལས་ལ་ངས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། མཆི་མ་བླགས་ནས་སྐད་ཀྱིས་བརྣངས་པ་ཙམ་དུ་ངུས་ཏེ། མགོ་ལ་ཐལ་མོས་རྡེབས་ཤིང་དབུགས་ཆད་ནས་ས་ལ་འགྱེལ་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ལྟར་གྱུར་པ་གཟིགས་ནས། ཚངས་པའི་དབྱངས་ཀྱིས་བུ་མོ་རྣམས་ལ་སྤྲོ་བ་བསྐྱེད་དེ་འདི་སྐད་དུ། བུ་མོ་ཁྱེད་རྣམས་ཅིའི་ཕྱིར་འདི་ལྟར་མྱ་ངན་ཆེན་པོ་བྱེད་ཅིང་འདི་ལྟ་བུར་གྱུར་ཅེས་བཀའ་སྩལ་པ་དང་། དགེ་བསྙེན་མའི་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་ཐོས་པ་ལས་དབང་པོའི་རྒྱུད་ཀུན་གྲོལ་བར་གྱུར་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་བཅོམ་ལྡན་འདས་སྤྲིན་མེད་པའི་ཉི་མ་ལྟ་བུ་འཇིག་རྟེན་དུ་གཤེགས་ནས་ཐམས་ཅད་དུ་སྣང་ཞིང་ཤར་ཏེ། ཀུན་གྱིས་ཟླ་བོ་རྒྱས་པ་དང་འདྲ་བར་མཐོང་ན། བདག་ཅག་འབའ་ཤིག་གིས་ནི་མ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པའི་ཚེ་ན། གཞན། ཀུན་གྱིས་ནི་གསུང་དབྱངས་རྣམ་པ་བརྒྱད་མངའ་བར་ཐོས་ན། བདག་ཅག་གིས་ནི་འོན་པ་དང་འདྲ་བར་ཅི་ཡང་མི་མཐོས་སོ།། བཙུན་པ་ཤཱ་རིའི་བུས་བདག་ཅག་ལ་དུས་ཁྲིམས་ལྔའི་ཆོས་བཤད་པ་དག་ཙམ་ནི་ཐོས་སོ། ། བདག་ཅག་སངས་རྒྱས་ཀྱི་ཞབས་འབྲིང་འཁོར་དུ་གྱུར་པ་ལགས་ནས། སངས་རྒྱས་ཀྱི་སྐུ་བདག་ཅག་གིས་སོལ་བའི་ཕུང་པོ་དང་འདྲ་བར་མཐོང་ངོ་།། བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་བདག་ཅག་གི་སྒྲིབ་པ་བསལ་ཏེ། བདག་གིས་ཀྱང་མཐོང་བར་མཛད་དུ་གསོལ་ལོ།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་ལ་ཞུགས་པའི་ཞབས་བརྐྱང་ནས། འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་དགེ་བསྙེན་མ་རྣམས་ལ་བསྟན་ནས། དགེ་བསྙེན་མ་རྣམས་ཀྱིས་འཁོར་ལོའི་མཚན་ལས་པདྨོ་སྐྱེས་པ་ལ་སྤྲུལ་པའི་སངས་རྒྱས་བཞུགས་པ་ཡང་མི་ནག་པོ་དང་འདྲ་བར་མཐོང་ངོ་། ། དེ་ནས་ཡང་ལྷག་པར་སངས་རྒྱས་ལ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ནས་འདི་སྐད་དུ་བཅོམ་ལྡན་འདས་བདག་ཅོག་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་ནས་ཡུན་རིང་པོར་བསྙེན་ཅིང་མཆིས་ན་དིང་གདོད་པདྨོ་བཟང་པོ་དང་སྤྲུལ་པའི་སངས་རྒྱས་དམ་པ་ལ་སོལ་བས་བྱུགས་པ་དང་འདྲ་བར་ནག་པོར་མཐོང་ན། སྔོན་སྡིག་པ་ཇི་ལྟ་བུ་ཞིག་བགྱིས་ནས། འདི་ལྟར་མིག་མདོངས་པར་གྱུར་པ་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱེད་རྣམས་བརྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱེད་ལ་སྔོན་འདས་པའི་དུས་ན་ཁྱེད་བྱུང་བའོ་ལོ་རྒྱུས་བཤད་པར་བྱའོ།། སྔོན་གྱི་དུས་རིང་པོ་ཚད་མེད་པ་འདས་པ་དེའི་ཚེ་དེའི་དུས་ན། སངས་རྒྱས་རིན་ཆེན་གདུགས་གཅོག་མར་མེའི་རྒྱལ་པོ།། ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ངོ་།། སངས་རྒྱས་དེ་མྱ་ངན་ལས་འདས་ནས་གཟུགས་ཀྱི་ཆོས་བྱེད་པའི་ཚེ་ན་དགེ་སློང་དག་ཅིག་གིས་གྲོང་དུ་བསོད་སྙོམས་ལ་ཞུགས་ནས། ། ལྷུང་བཟེད་དང་། མཁར་གསིལ་ཐོགས་ཏེ་སྤྱོད་ལམ་མཛེས་པར་བྱས་ནས། སྤྲུལ་འཚོང་མའི་ཁྱིམ་སྒོར་ཕྱིན་ཏོ།། དེའི་ཚེ་སྤྲུལ་འཚོང་མ་དག་གིས་དགེ་སློང་གི་ལྷུང་བཟེད་བླངས་ནས་བསོད་སྙོམས་ཀྱིས་བཀང་སྟེ། དགེ་སློང་ལ་ཕུལ་ནས་འདི་སྐད་དུ་སྨྲས་སོ།། ཤཱཀྱའི་རིགས་ཀྱི་བུ་ཁྱེད་མདོག་མི་སྡུག་པ་ནི་སོལ་བ་ལས་བྱས་པ་འདྲའོ། ། ལུས་ལ་གོས་གྱོན་པ་ནི་སྤྲང་པོ་དང་འདྲ་སྟེ། ཁྱེད་ལས་མི་སྡུག་པ་ནི་གནམ་གྱི་འོག་ན་ཟླ་མེད་དེ། ཁྱེད་རང་བཞིན་གྱིས་འདོད་ཆགས་མེད་ཅེས་ཟེར་གྱི། སུས་ཀྱང་ཁྱེད་མི་འདོད་དོ་ཞེས་སྨྲས་སོ། ། དེའི་ཚེ་དགེ་སློང་རྣམས་ཀྱིས་དེ་སྐད་ཀྱི་ཚིག་ཐོས་པ་དང་ལྷུང་བཟེད་ནམ་མཁའ་ལ་བསྒྱུར་ཏེ་ཕྱི་བཞིན་དུ་འཕུར་ཏེ་སོང་ངོ་།། དེ་ནས་བུ་མོ་རྣམས་ཀྱིས་དེ་ལྟར་གྱུར་པ་མཐོང་ནས། རྔོས་ལ་ཁྲེལ་ནས་ཤིན་ཏུ་འཛེམ་ཞིང་འགྱོད་པས་འཐོལ་ཏེ། འདི་སྐད་དུ་བདག་ཅག་དེང་དགེ་སྦྱོང་ལ་བསོད་སྙོམས་ཕུལ་བས། ཕྱི་མ་མ་འོངས་པའི་དུས་ན་ལུས་ཀྱི་དབང་པོ་དག་ཅིང་། དགེ་སྦྱོང་དང་འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་རྣམས་དེའི་ཚེ་དགྲ་བཅོམ་པ་ལ་ཅོ་འབྲི་བའི་བུ་མོ་དེ་དག་ནི་ཁྱེད་ཡིན་ཏེ། ཁྱེད་རྣམས་དགེ་བའི་སེམས་ཀྱིས་དགེ་སློང་ལ་བསོད་སྙོམས་ཕུལ་བས་བསྐུལ་པ་ཉིས་སྟོང་གི་བར་དུ་བཟའ་བཏུང་གི་ལོངས་སྤྱོད་དང་མ་བྲལ་བར་གྱུར་ཏོ།། དགེ་སྦྱོང་ལ་འདོད་ཆགས་ཀྱི་ཚིག་ངན་པ་སྨྲས་པ་དེའི་རྒྱུ་དེའི་རྐྱེན་གྱིས། བསྐལ་པ་ཆུང་ངུ་དྲུག་ཅུའི་བར་དུ་མུན་ནག་གི་སེམས་ཅན་དམྱལ་བར་སྐྱེས་སོ།། སྨོན་ལམ་བཏབ་པའི་དགེ་བའི་སེམས་མ་སྟོར་བས་ནི། ང་འཇིག་རྟེན། དུ་བྱུང་བ་དང་ཕྲད་དེ། ཁྲིམས་ལྔ་ཐོས་ནས་བསྲུངས་པར་གྱུར་ཏོ།། དགྲ་བཅོམ་པ་ལ་ཕུལ་བས། ཤཱ་རིའི་བུ་ནི་མཐོང་གི་ངའི་སྐུ་ནི་མ་མཐོང་བ་ཡིན་ནོ།། དེ་ནས་བཅོམ་ལྡན།། འདིས་ཀྱིས་དེ་ས་གསུངས་ནས། སྐུའི་ལྕེ་བ་ལས་འདྨོ་ཆེན་པོ་གཅིག་བྱུང་སྟེ། པདྨོ་ཆེན་པོ་དེ་ལས་འོད་ཟེར་གྱི་ཁང་པ་བརྩེགས་པ་ཡོད་པར་གྱུར་ཏོ།། འོད་ཟེར་གྱི་ཁང་པ་ཅོཾ། པ་དེ་ལ་ཉན་ཐོས་ཀྱི་དགེ་སློང་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ལྟ་བུ་གྲངས་མེད་པ་བརྒྱ་སྟོང་སྙེད་ཡོད་པར་གྱུར་ཏེ། སངས་རྒྱས་ཀྱི་འོད་ཀྱི་ཁང་པ་བརྩེགས་པ་ལ་མངོན་པར་ཤེས་པའི་དབང་གིས་ཆོ་འཕྲུལ་ཆེན་པོ་བཅོ་བརྒྱད་བསྟན་ཏོ། ། བུ་མོ་རྣམས་ཀྱིས་དེ་ལྟ་བུ་དག་མཐོང་ནས། ཤིན་ཏུ་དགའ་བའི་སེམས་སྐྱེད་དེ། དེ་ཉིད་དུ་ཤེས་རབ་ཀྱི་སེམས་ཉེ་བའི་ཉོན་མོངས་པ་ཁྲི་ཕྲག་ཉི་ཤུ་སྙེད་བསྲེགས་ཏེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། དགེ་བསྙེན་མ་རྣམས་འབྲས་བུ་ཐོབ་ནས། སངས་རྒྱས་ཀྱི་སྐུ་རབ་ཏུ་མ་ཛེས་ཤིང་འོད་ལྷང་ངེར་འཚེར་བ་ནི་མཐོང་གི། སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་མཚན་ནི་མ་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྤྲུལ་པ། ཆུང་ངུ་ན་བཅོ་བར་བྱ་བའི་ཕྱིར། ཚིག་ངན་པ་སྨྲས་ན་ཡང་འབྲས་བུ་ཐོབ་ཀྱི་བར་དུ་མཐོང་བ་མི་གསལ་ལོ།། དེ་ལྟ་བས་ན་གང་ཟག་གི་རྣམས་ངག་ཡོངས་སུ་བསྲུངས་ཏེ། སེམས་རྩེ་གཅིག་ཏུ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་འཛིན་ལ་མཉམ་པར་ཞོག་ཤིག། སངས་རྒྱས་མཐོང་བས་བསོད་ནམས་ཚད་མེད་པ་ཐོབ་པར་འགྱུར་རོ། ། དེའི་ཚེ་བཅོམ་ལྡན་འདས་འཁོར་མང་པོ་རྣམས་ཀྱིས་སངས་རྒྱས་ཀྱི་སྐུའི་གཟུགས་དང་། འོད་ཟེར་མངོན་ཞིང་གསལ་བར་མཐོང་བར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་གཞལ་ཡས་ཁང་ཆེན་པོ་ཤེལ་གྱི་རི་ལྟ་བུ་ཆེ་ཆུང་དང་། མཐོ་དམན་རི་རབ་དང་དྲ་བ་སྤྲུལ་ཏེ། དེ་ལ་ལྡིང་བའི་ཁང་བུ་བརྒྱ་སྟོང་སྙེད་སྤྲུལ་ཏོ།། ལྡིང་བའི་ཁང་བུ་དེ་དག་ལས་སངས་རྒྱས་དང་ཐ་མི་དད་པའི་གཟུགས་བརྙན་སྣང་བར་གྱུར་ཏོ། ། དེའི་ཚེ་སངས་རྒྱས་ཀྱི་སྤྱན་ནི་རིན་པོ་ཆེའི་པདྨོ་འདབ་མ་སྟོང་དང་ལྡན་པ་གཅིག་ཡོད་པར་གྱུར་ཏོ།། འདབ་མ་དེ་རེའི་ལ་ཡང་འོད་སྟོང་སྟོང་འབར་རོ། ། འོད་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་སྟོང་སྟོང་བཞུགས་སོ།། སངས་རྒྱས་རེ་རེ་ལ་ཡང་ཉེ་གནས་ཀྱི་འཁོར་སྟོང་སྟོང་སྙེད་དོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་ཉེ་གནས་སུ་གྱུར་པའི་རྣམས་བྱ་བྱེད་ཐམས་ཅད་བཏང་ནས་སྡིག་པའི་ཀུན་སྤངས་ཏེ། དྲན་པ་རྩེ་གཅིག་ཏུ་སངས་རྒྱས་ཀྱི་འོད་རྟག་མར་ཡིད་ལ་བྱས་ནས། སངས་རྒྱས་མངོན་སུམ་དུ་མ་གཤེགས་ཀྱང་། སངས་རྒྱས་མཐོང་བ་ཞེས་བྱའོ།། སངས་རྒྱས་མཐོང་བས་སྡིག་པ་ཐམས་ཅད་བྱང་བར་འགྱུར་ཏེ། ཇི་ལྟར་སྨོན་པ་བཞིན་དུ་མ་འོངས་པའི་དུས་ན་བྱང་ཆུབ་རྣམ་གསུམ་ཐོབ་པར་འགྱུར།། དགའ་བོ་དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ཞེས་བྱ་བའི་མདོ།། བམ་པོ་བཞི་པ། བཅོམ་ལྡན་འདས་ཀྱི་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་འོད་རྟག་མ་རྗེས་སུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པའི་ཕྱི་མ་མ་འོངས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཕྱིར་འོད་ཟེར་ཅུང་ཟད་ཙམ་བསྟན་པ་འདི་དེ་བཞིན་དུ་སོ་སོའི་སྐྱེ་བོ་དག་བསླབ་ཅིང་རྟག་པར་བྱའོ། ། གང་གིས་དེ་ལྟར་རྟོག་ན་ད་ལྟར་གྱི་དེ་བཞིན་གཤེགས་པའི་འོད་ཟེར་གྱི་མཚན་མཐོང་བ་དང་ཐ་མི་དད་དོ་ཞེས་གསུངས་སོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྤྱི་གཙུག་ནས། འོད་ཟེར་ཁ་དོག་རྣམ་པ་སྟོང་དང་ལྡན་པ་བཀྱེའོ།། ཁ་དོག་དེ་གཅིག་ཀྱང་རྣམ་པ་བརྒྱ་ཁྲི་བཞི་སྟོང་སྙེད་དུ་འཕྲོས་ཏེ། འཕྲོས་པ་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དོ།། སྤྲུལ་པའི་སངས་རྒྱས་དེ་དག་གི་སྐུའི་ཚད་ནི་དཔག་ཏུ་མེད་དེ། སྤྲུལ་པའི་སངས་རྒྱས་དེ་དག་གི་སྤྱི་གཙུག་ནས་ཀྱང་འོད་ཟེར་གཏོང་ངོ་། ། འོད་ཟེར་དེ་དག་རྒྱུན་མ་ཆད་པར་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྣང་བར་བྱས་ནས། བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནི། ། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྡུལ་ཕྲ་རབ་སྙེད་སྤྲིན་ལྟར་སྟེང་གི་བར་སྣང་ལས་བབས་ནས། སངས་རྒྱས་རྣམས་ལ་ཡོངས་སུ་བསྐོར་ཏོ།། བཅོམ་ལྡན་འདས་ཀྱིས་འོད་འདི་བསྟན་པ་ན། ཕྱོགས་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་རྣམས་ཀྱང་སྣང་བར་གྱུར་ཏེ། འོད་དེས་སངས་རྒྱས་རྣམས་ཀྱི་སྤྱི་གཙུག་ཀྱང་སྣང་བར་བྱས་སོ། ། སངས་རྒྱས་དེ་དག་གིས་ཀྱང་འོད་ཟེར་བཀྱེ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱི་གཙུག་སྣང་བར་བྱས་སོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སོ་སོ་སྐྱེ་བོ་གང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱི་གཙུག་གི་འོད་ཟེར་ལ་རྟོག་པར་འདོད་པ་དག་དེ་ལྟར་རྗེས་སུ་དྲན་པར་བྱའོ།། དེ་ལྟར་རྟོགས་པ་དག་གལ་ཏེ་དམིགས་པ་འཛིན་པར་གྱུར་ཀྱང་རྨི་ལམ་དུ་མཐོང་བ་ཙམ་གྱིས་ཀྱང་། སེམས་ཀྱིས་འདུ་ཤེས་ཡིན་མོད་ཀྱི། ཁ་ན་མ་ཐོ་བའི་སྡིག་པ་ཚད་མེད་པ་བརྒྱ་སྟོང་སྙེད་བྱང་བར་འགྱུར་རོ།། གང་གིས་དེ་ལྟར། རྗེས་སུ་དྲན་པར་བྱེད་ན། ལུས་འདི་ཉིད་ཀྱིས་ངེས་པར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་མཐོང་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་མཐོང་བས་དམ་པའི་ཆོས་ཐོས་པར་འགྱུར་རོ།། ཆོས་ཐོས་པས་གཟུངས་ཆེན་པོ་ཐོས་པར་འགྱུར་ཏེ། གཟུངས་ཐོས་པ་དེ་ནི་ཡོངས་སུ་འཁྱིལ་པའི་གཟུངས་ཤེས་བྱའོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྨན་མཚམས་ཀྱི་འོད་ཟེར་རྗེས་སུ་དྲན་པ་ཞེ་ན། དེ་བཞིན་གཤེགས་པས་ཕྱི་མ་མ་འོངས་པའི་སྐྱེ་བོ་དག་གི་ཕྱིར། སྨིན་མཚམས་ཀྱི་འོད་ཟེར་གྱི་ཕྱོགས་གཅིག་ཙམ་བསྟན་ནོ་ཞེས་གསུངས་ནས་དེའི་ཚེ། བཅོམ་ལྡན་འདས་ཀྱིས་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་གྱི་འོད་ཟེར་དེ་དག་རྣམ་པ་བརྒྱད་ཁྲི་བཞི་སྟོང་སྙེད་དུ་འཕྲོས་ཏེ། ཁ་དོག་ཀྱང་རྣམ་པ་བརྒྱད་ཁྲི་བཞི་སྟོང་སྙེད་དོ།། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། འོད་དེ་རེ་རེ་ལ་གསེར་གྱི་རི་རེ་རེ་སྤྲུལ་ལོ།། གསེར་གྱི་རི་རེ་རེ་ལ་ཡང་གསེར་གྱི་བྲག་ཕུག་ཚད་མེད་པ་སྙེད་དེ། བྲག་ཕུག་དེ་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་སྐྱིལ་མོ་ཀྲུང་བཅས་ནས། ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་འཁོར་བརྒྱ་སྟོང་སྙེད་དང་བཞུགས་སོ། ། དེའི་ཚེ་གསེར་གྱི་བྲག་ཕུག་ན་བཞུགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་སྨིན་མཚམས་ནས། སྐྱེས་བུ་ཆེན་པོའི་མཚན་མཛོད་སྤུ་དཀར་པོའི་འོད་ཟེར་བཀྱེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ཏེ། ས་གཞི་ཐམས་ཅད་ཀྱང་གསེར་གྱི་ཁ་དོག་ཏུ་གྱུར་ཏོ།། གསེར་གྱི་ཁ་དོག་ལྟ་བུར་གྱུར་པར་ས་གཞི་ལ་གསེར་གྱི་པདྨོ་སྐྱེས་གསེར་གྱི་པདྨོ་ལ་ཡང་སྤྲུལ་པ་སངས་རྒྱས་རེ་རེ་བཞུགས་ཏེ། དེ་དག་ཀྱང་མཚན་འཐུན་པར་ཤཱཀྱ་ཐུབ་པ་ཞེས་བྱའོ།། སངས་རྒྱས་དེ་དག་གི་སྨིན་མཚམས་ནས་ཀྱང་འོད་ཟེར་དེ་ལྟ་བུ་བཀྱེའོ།། འོད་དེས་ཕྱོགས་བཅུའི་འཇོག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་པ་ནི། ཇི་ལྟར་རི་རབ་ལྷུན་པོ་ཁྲི་ཕྲག་བརྒྱ་སྟོང་དུ་མ་ལྷན་ཅིག་ཏུ་སྤུབས་པ་ལྟ་བུའོ།། རི་རབ་ལྷུན་པོ་དེ་དག་ལ་སངས་རྒྱས་ཐམས་ཅད་མངོན་པར་སྣང་སྟེ། སངས་རྒྱས་དེ་དག་ཀུན་གྱི་སྐུའི་ཚད་ཀྱང་རི་རབ་དང་མཉམ་པར་སྣང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་གི་སྨིན་མཚམས་ནས་ཀྱང་། འོད་ཟེར་བཀྱེ་ནས་སྤྲུལ་པའི་སངས་རྒྱས་རྣམས་ལ་ལན་བདུན་ཚང་བར་བསྐོར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྨིན་མཚམས་སུ་ནུབ་བོ།། འོད་དེ་སྨིན་མཚམས་སུ་ནུབ་པ་ན། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ཀུན་ནས་སྤྲུལ་པའི་གཟུགས་བརྙན་རེ་རེ་ཡོད་པར་གྱུར་ཏོ། ། སྤྲུལ་པའི་གཟུགས་བརྙན་དེའི་བ་སྤུའི་བུ་ག་ནས་ཀྱང་སྤྲུལ་པའི་གཟུགས་དམ་པ་བརྒྱ་ཁྲི་བཞི་སྟོང་སྙེད་ཡོད་པར་གྱུར་ཏེ་དེ་དག་ཐམས་ཅད་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཐམས་ཅད་ཀྱི་ངོ་མཚར་རྨད་དུ་བྱ་བ་ཐམས་ཅད་དུ་སྣང་ངོ་།། དེ་ནི་དེ་བཞིན་གཤེགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུའི་ནང་ན། དཔེ་བྱད་བཟང་པོ་གཅིག་གི་འོད་ཟེར་ཡིན་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་འོད་ཟེར་ནི་རྒྱས་པར་བཤད་དུ་བདེ་བར་མི་ནུས་སོ།། དེ་བཞིན་གཤེགས་པས་མཛོད་སྤུ་དཀར་པོའི་འོད་ཟེར་གྱི་ཕྱོགས་ཙམ་ཞིག་བསྟན་པ་ན། རྒྱལ་པོ་ཡབ་དང་འཁོར་བརྒྱ་སྟོང་སྙེད་དྲི་མ་དང་བྲལ་ཏེ། ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་མཚན་ནི་མདོ་སྡེ་གཞན་ལས་ཀྱང་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དེ། མཚན་བཟང་པོ་རྣམས་ཀྱི་འོད་དམ་པའི་སངས་རྒྱས་ཉགཅིག་གིས་གཟིགས་ཀྱི། ས་བཅུའི་བྱང་ཆུབ་སེམས་དཔས་ཀྱང་མངོན་སུམ་དུ་གསལ་བར་མི་མཐོང་ངོ་།། དེ་བས་ན་སེམས་ཅན་སོ་སོའི་སྐྱེ་བོ་དག་གི་ཕྱིར་ཕྱོགས་ཙམ་ཞིག་བཤད་དོ། ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སྡིག་པ་དག་སྤོང་བར་གྱུར་པ་ནི་གོང་དུ་བཤད་པ་བཞིན་ཏེ། འོད་ཟེར་མཐོང་བ་དག་གིས་ནི། སངས་རྒྱས་ཁྲི་ཕྲག་བརྒྱད་སྙེད་མངོན་སུམ་དུ་མཐོང་བར་འགྱུར་རོ། ། མཛོད་སྤུ་དཀར་པོ་མཐོང་བ་ནི་སེམས་ཀྱི་འདུ་ཤེས་ཀྱིས་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་དཔྲལ་བ་ཡངས་ཤིང་མཉམ་པའི་མཚན་གྱི་འོད་ཟེར་ལ་རྟོག་པ་ཞེ་ན། དེ་བཞིན་གཤེགས་པའི་ཞལ་ལ་དཀྱིལ་འཁོར་གསུམ་གྱི་མཚན་དང་། དབུ་འདབ་ཀྱི་མཚན་དང་། སྨིན་མཚམས་ཀྱི་མཚན་ལ་སོགས་ཏེ། མཚན་རེ་རེ་ལས་གསེར་གྱི་འོད་བྱུང་བར་གྱུར་ཏེ། གསེར་གྱི་འོད་དེ་ལས་གསེར་གྱི་ཁྲི་གྲངས་མེད་པ་ཡོད་པར་གྱུར་ཏོ།། ཁྲི་དེ་རེ་རེའི་སྟེང་ན་བྱང་ཆུབ་སེམས་དཔའ་སྟོང་སྟོང་བཞུགས་ཏེ། དེ་ནི་རྣམ་པར་གཟིགས་པ་ནས་སྣང་མཛད་ལ་ཐུག་གི་བར་དུའོ།། བྱང་ཆུབ་སེམས་དཔའ་སྟོང་པོ་དེ་དག་ཐམས་ཅད་ཀྱང་། འོད་ཟེར་གཏོང་ཞིང་གསེར་གྱི་ཁྲི་ལ་བཙུགས་སོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྟོང་དུ་མ་སྟེ། གསེར་གྱི་ཁྲི་ཡང་ཁྲི་ཕྲག་བརྒྱ་སྟོང་དུ་མའོ།། གསེར་གྱི་ཁྲི་དེ་དག་ཀུན་གྱི་སྟེང་ན་ཡང་རིན་པོ་ཆེའི་བླ་རེ་བྲེས་སོ། ། རིན་པོ་ཆེའི་བླ་རེ་དེ་རེ་རེའི་འོག་ན་ཡང་འོད་ཟེར་སྟོང་སྟོང་འབར་རོ།། འོད་ཟེར་དེ་རེ་རེ་ལ་ཡང་རིན་པོ་ཆེའི་རྒྱལ་མཚན་སྟོང་སྟོང་དུ་གྱུར་ཏོ།། རྒྱལ་མཚན་དེ་རེ་རེ་ལ་ཡང་རིན་པོ་ཆེའི་གདུགས་བརྒྱ་སྟོང་དུ་མ་བྲེས་སོ། ། རིན་པོ་ཆེའི་གདུགས་དེ་དག་ལ་རིན་པོ་ཆེའི་བ་དན་དུ་མ་དཔྱངས་སོ།། རིན་པོ་ཆེའི་བ་དན་དེ་དག་ཀུན་གྱི་བར་ན། སྤྲུལ་པའི་སངས་རྒྱས་ཚད་མེད་པ་དག་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་དང་། སྟོང་པ་ཉིད་དང་། མི་རྟག་པ་དང་། བདག་མེད་པའི་ཆོས་འཆད་དེ། དེ་སྐད་དུ་འཆད་པའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་དེ་སྐད་ཅེས་འཆད་དོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་སྐུའི་ཚད་མཐོ་བཅུ་དྲུག་པ། རྣལ་འབྱོར་ཅན་གྱི་མདུན་དུ་བཞུགས་ཏེ། ཕྱག་གཡས་པ་བཏེག་ནས་འདི་སྐད་དུ། ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་ཤིན་ཏུ་ལེགས་སོ།། ཁྱེད་སངས་རྒྱས་ཀྱི་མཚན་དང་། དཔེ་བྱད་བཟང་པོ་རྗེས་སུ་དྲན་པར་བྱེད་པ་ཤིན་ཏུ་ལེགས་སོ། ། ངས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ་ན་ཡང་ཁྱོད་དང་འདྲ་བར་སྤྱད་དོ།། ཁྱོད་ཀྱིས་སངས་རྒྱས་ཀྱི་སྤྱོད་ཡུལ་རྗེས་སུ་དྲན་ལེགས་སོ། ། སྤྱོད་ཡུལ་འདི་ཡང་ཁྱོད་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་ལས་ཤེས་སོ་ཞེས་དེ་སྐད་གསུངས་ནས་མི་སྣང་བར་གྱུར་ཏོ།། ཞལ་དཔྲལ་བའི་འོད་རྣམས་ནི་ཕྱིར་ནིང་ལྷག་པར་གསལ་ཏེ། གཞན་ཡང་འོད་ཟེར་བརྒྱ་སྟོང་དུ་མ་དག་འབྱུང་ངོ་།། འོད་ཟེར་དེ་དག་གིས་རིན་པོ་ཆེའི་ཁྲི་ལ་འདུག་པའི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་གདོང་སྣང་བར་བྱས་སོ།། བྱང་ཆུབ་སེམས་དཔའ་དེ་དག་གིས་གདོང་ལས་ཀྱང་འོད་ཟེར་བཀྱེ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྣང་བར་བྱས་སོ།། མཚན་འདི་བསྟན་པའི་ཚེ་ན། རྣལ་འབྱོར་ཅན་གྱིས་ཐེ་ཙོམ་མེད་པར་སངས་རྒྱས་ཀྱི་ཞལ་མངོན་སུམ་དུ་ཡང་དག་པར་རྟོགས་སོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག། གང་གིས་དེ་ལྟར་རྟོགས་ན་སངས་རྒྱས་ཀྱི་ཞལ་ཡང་དག་པར་མཐོང་བ་སྟེ། ང་འཇིག་རྟེན་ན་བཞུགས་པ་དང་མི་འདྲ་བ་མེད་དོ།། ། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་ཁྲི་ཕྲག་བརྒྱའི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་ཞིང་། སྐྱེ་བའི་གནས་ཕྱི་མར་སངས་རྒྱས་རྣམས་མཐོང་བ་དང་སངས་རྒྱས་ཀྱི་རིགས་སུ་སྐྱེ་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་དུ་སྐྱེ་བར་འགྱུར་རོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་ད་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཤངས་ཀྱི་འོད་ཟེར་ལ་རྟོག་པ་ཞེ་ན། ཤངས་ནང་ནས་འོད་ཟེར་རྣམ་པ་བཞིར་གྱེས་ཏེ། སངས་རྒྱས་ཀྱི་སྤྱན་དང་། སྤྱན་གྱི་སྨིན་མ་དང་། སྤྱན་གྱི་རྫི་མའི་ནང་དུ་ཞུགས་སོ།། དེ་ནས་ཡང་འོད་ཟེར་ཆེན་པོ་བྱུང་སྟེ། འོད་ཀྱི་དབྱིབས་ཀྱང་ཀླུ་འམ། བ་གླང་གི་གཟུགས་ལྟ་བུར་སྣང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱས་ནས། སངས་རྒྱས་ཀྱི་སྤྱན་གྱི་ནང་དུ་ཞུགས་སོ།། འོད་འདི་སྟོན་པའི་ཚེ་ན་ཕྱོགས་ཅུ་ཀུན་ཏུ་རབ་ཏུ་སྣང་བར་གྱུར་ནས། དེའི་ཚེ་རྣལ་འབྱོར་ཅན་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་ས་གཞི་དང་། སྟེང་གི་ནམ་མཁའ་ལ་སངས་རྒྱས་ཀྱིས་ཡོངས་སུ་གང་བར་མཐོང་ངོ་། ། སངས་རྒྱས་དེ་དག་གིས་ཀྱང་སོ་སོའི་སྤྱན་དང་། སྤྱན་གྱི་རྫི་མ་དང་། སྤྱན་གྱི་སྨིན་མ་དང་། ཤངས་ནས་འོད་ཟེར་ཆེན་པོ་བཀྱེ་བ་ཡང་གོང་མ་བཞིན་ནོ།། སངས་རྒྱས་ཀྱི་སྤྱན་གཉིས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་སྤྱན་གྱི་ནང་དུ་ཞུགས་ནས། སྟེང་གི་ནམ་མཁའ་ལ་འོད་ཟེར་གྱི་ཁང་པ་བརྩེགས་པར་གྱུར་ཏོ། ། འོད་ཟེར་གྱི་ཁང་པ་བརྩེགས་པ་དེའི་སྟེང་ན་འོད་ཀྱི་སྤྲིན་ལྡིང་ངོ་།། འོད་ཀྱི་སྤྲིན་དེ་ཡང་ཁ་དོག་སྔོན་པོ་དང་དཀར་པོ་སྟེ། འཇིག་རྟེན་ན་དཔེར་བྱར་མེད་དོ།། འོད་ཁ་དོག་སྔོན་པོའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་སྔོན་པོ་བཞུགས་སོ། ། འོད་ཁ་དོག་དཀར་པོའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ཡང་དཀར་པོ་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་གི་གཡས་གཡོན་དང་། ཕྱོགས་མཚམས་ན་རིན་པོ་ཆེའི་ཁ་དོག་བརྒྱ་དང་ལྡན་པའི་འོད་ཀྱི་སྤྲིན་ལྡིང་བ་ནི། ཇི་ལྟར་མངོན་པར་ཤེས་པ་དྲུག་དང་ལྡན་པ་དག་ནམ་མཁའ་ལ་འཕུར་བ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་སྐུའི་བ་སྤུའི་བུ་ག་ཀུན་ནས། མེ་ཏོག་གི་ཤིང་རིན་པོ་ཆེ་འོད་འབར་བ་ལྷ་བུ་རེ་རེ་བྱུང་ངོ་།། མེ་ཏོག་གི་ཤིང་དེ་དག་རེ་རེས་ཀྱང་ཚངས་པའི་འཇིག་རྟེན་ལ་ཐུག་གོ།། མེ་ཏོ།། དེ་དག་གི་འདབ་མའི་བར་ན་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་བརྒྱ་སྟོང་དུ་མ་ཡོད་དོ།། དགེ་སློང་དེ་དག་གི་ལུས་ལ་ལྷན་པ་སྟོང་དང་ལྡན་པའི་ཚེམ་བུ་གྱོན་ཏེ། ལྷན་པ་སྟོང་དེ་ལ་འོད་ཟེར་སྟོང་འབར་རོ།། འོད་ཟེར་དེ་དག་གཅིག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་བརྒྱ་སྟོང་དུ་མ་སྙེད་བཞུགས་ཏེ། དེ་དག་གི་སྐུའི་མདོག་ཀྱང་གསེར་བཙོ་མའི་མདོག་ལྟ་བུའོ།། དགེ་སློང་དེ་དག་འོད་ཟེར་གྱི་སྤྲིན་གྱི་ནང་དུ་ཞུགས་ནས། སངས་རྒྱས་ཀྱི་ཞབས་འབྲིང་དུ་དོང་བ་ནི། ཀླུ་འམ་བ་གླང་གི་ཕྱི་བཞིན་དུ་ཕྲུག་གུ་སོང་བ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལ་ས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་ཡང་དག་པའི་སེམས་ཀྱིས་སངས་རྒྱས་སྤྱན་གྱི་འོད་རྗེས་སུ་དྲན་པར་བྱེད་ན། ཚེ་འདི་ཉིད་ལ་སྒྲིབ་པ་ལྕི་བ་ཀུན་བྱང་སྟེ། མ་འོངས་པའི་དུས་ན་ཡང་རྟག་ཏུ་སངས་རྒྱས་རྗེས་སུ་དྲན་པར་བྱེད་ཅིང་། སངས་རྒྱས་ཀྱི་ཉི་མ་དང་མི་འབྲལ་བར་འགྱུར་རོ།། གལ་ཏེ་མའི་མངལ་ན་འདུག་ན་ཡང་རྟག་ཏུ་ཏིང་ངེ་འཛིན་ལས་མི་གཡོ་སྟེ། ། མངལ་གྱི་གནས་ན་འདུག་པའི་ཚེ་ན་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱིས་སྤྱན་གྱི་འོད་ཟེར་བཀྱེ་ནས། བདག་གི་ལུས་སྣང་བར་གྱུར་པར་མཐོང་ངོ་།། མའི་མངལ་ན་གནས་པའི་ཚེ་ན་ཡང་རྟག་ཏུ་དམ་པའི་ཆོས་ཐོས་ན་བཙས་ཟིན་ནས་ལྷ་སྨོས་ཀྱང་ཅི་དགོས། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། གཞན་ཡང་བཅོམ་ལྡན་འདས་ཀྱི་ཤངས་ཀྱི་བུ་གུ་ནས་འོད་རྣམ་པ་གཉིས་བྱུང་སྟེ།། འོད་དེས་ཀྱང་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱེད་དོ། ། འོད་དེ་རེ་རེ་ལས་ཆུ་ཆེན་པོ་རེ་རེ་བྱུང་སྟེ། ཆུ་ཆེན་པོ་དེ་ཡང་ནམ་མཁའ་ལ་འོད་ཀུན་གྱི་ནང་དུ་འབབ་བོ།། དེ་ལྟར་ཆུ་དེ་འབབ་པ་ན་འོད་དེ་དག་ཀྱང་ཐམས་ཅད་ཀུན་ཏུ་གསལ་བར་གྱུར་ཏོ། ། འོད་ཟེར་དེ་རེ་རེ་ལས་ཤེལ་གྱི་རི་རེ་རེ་ཡང་ཡོད་པར་གྱུར་ཏོ།། ཤེལ་གྱི་རི་དེ་དག་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་པདྨོ་སྐྱེས་ནས། པདྨོ་དེ་ལས་ཀྱང་གསེར་གྱི་ཁ་དོག་ལྟ་བུའི་ཆུ་གསེར་གྱི་རྒྱལ་མཚན་གྱི་གཟུགས་ལྟ་བུ་འབབ་བོ། ། གསེར་གྱི་རྒྱལ་མཚན་ལྟ་བུའི་ཆུ་དེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་ཁྲི་ཕྲག་བརྒྱ་སྟོང་དུ་མ་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེའི་སྐུའི་ཚད་ཀྱང་མཐོ་བཅུ་དྲུག་སྟེ། སྐུའི་བ་སྤུའི་བུ་གནས་ཀྱང་རིན་པོ་ཆེ་དམ་པའི་ཁ་དོག་ལྟ་བུའི་འོད་བརྒྱད་ཁྲི་བཞི་སྟོང་སྙེད་འབྱུང་ངོ་།། འོད་དེ་རེ་རེ་ལས་ཀྱང་རིན་པོ་ཆེའི་ཁ་དོག་ལྟ་བུའི་འོད་ཟེར་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་དོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་སྟོང་སྙེད་ཀྱི་མི་དགེ་བའི་ལས་ངན་པ་ཀུན་ཡང་དག་པར་སྤོང་བར་གྱུར་ཞིང་། སྐྱེ་བའི་གནས་ཕྱི་མར་སེམས་ཅི་ལ་ཡང་མི་ཆགས་ཤིང་མངལ་གྱི་གནས་སུ་མི་སྐྱེ་སྟེ། རྟག་ཏུ་རྫུས་ཏེ་སྐྱེ་བར་འགྱུར་རོ།། རྫུས་ཏེ་སྐྱེས་ནས་ཀྱང་ལུས་ཀྱི་མཚན་དང་འོད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་སངས་རྒྱས་དང་མི་འབྲལ་བར་འགྱུར་རོ། ། དེ་ལ་དེ་ལྟར་བལྟའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་ར་མཐོང་བའོ། ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཞལ་གྱི་སྒོའི་འོད་ཟེར་ཞེ་ན། འོད་ཟེར་དེ་ནི་ཁ་དོག་དཀར་པོ་སྟེ། རིན་པོ་ཆེ་དཀར་པོའི་རི་ལྟར་ཕྱི་ནང་གསལ་ཞིང་དག་པའོ།། རིན་པོ་ཆེའི་རི་དེ་ལ་སྤྲུལ་པའི་སངས་རྒྱས་སྐུ་གསེར་བཙོ་མའི་མདོག་ལྟ་བུར་ཚད་མེད་པར་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་དག་གི་ཞལ་གྱི་སྒོ་ནས་ཀྱང་འོད་ཟེར་བཀྱེ་སྟེ། འོད་དེ་ཡང་ཁ་དོག་རྣམ་པ་ལྔར་གྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ནས། སངས་རྒྱས་ཀྱི་ཞལ་གྱི་སྒོར་ཞུགས་སོ།། མཚན་འདི་བསྟན་པའི་ཚེ་ན་རྣལ་འབྱོར་ཅན་དེ་ཉིད་འགྲོ་འམ། སྡོད་དམ། འདུག་གམ། ཉལ་ན་ཡང་རྟག་ཏུ་དེ་བཞིན་གཤེགས་པས་ལུས་དང་། ཚོར་བ་དང་།། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་བཞི་བཤད་པ་ཐོས་ཤིང་སྤྱོད་ཡུལ་གཞན་དག་ཀྱང་འཆད་དེ་རྣལ་འབྱོར་ཅན་གྱིས་ཐོས་པར་བྱེད་དོ། ། དེས་ཐོས་ནས་ཀྱང་གཟུངས་སུ་འཛིན་ཅིང་། མིག་བཙུམས་ནས་ཡིད་ལ་བྱེད་དོ།། འོད་ཟེར་དེའི་ཤུགས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞིའི་ཆོས་ཀྱི་རྣམ་གྲངས་ཀྱང་ཐོབ་པར་གྱུར་ཏོ། ། དེའི་ཚེ་ན་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཏིང་ངེ་འཛིན་ལས་མ་བཞེངས་པར་ཕྱག་གཡས་པ་བརྐྱང་སྟེ། རྣལ་འབྱོར་ཅན་གྱི་སྤྱི་བོ་ལ་བྱུགས་ནས། ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཡང་དག་པར་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལ་ཞུགས་སོ།། ཞེས་གསུངས་དེ་ལ་དེ་ལྟར་བལྟ་བར་བྱའོ། ། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྙན་གྱི་འོད་ཟེར་ཞེ་ན། དེ་བཞིན་གཤེགས་པའི་སྙན་ལས་འོད་ཟེར་རྣམ་པ་ལྔ་བྱུང་སྟེ། འོད་ཟེར་དེ་ཡང་ཁ་དོག་རྣམ་པ་སྟོང་དང་ལྡན་ནོ།། ཁ་དོག་དེ་གཅིག་ལ་ཡང་སྤྲུལ་པའི་སངས་རྒྱས་སྟོང་སྙེད་བཞུགས་སོ། ། སངས་རྒྱས་དེ་དག་གིས་ཀྱང་འོད་ཟེར་སྐྱོང་སྟོང་བཀྱེ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྐྱེད་སྣང་བར་བྱས་ཏེ། པདྨོ་ཆེན། པོ་གཅིག་ཏུ་གྱུར་ཏོ།། འཇིག་རྟེན་གྱི་ཁམས་པདྨོ་ཆེན་པོར་གྱུར་པ་དེའི་ཚད་ནི་དཔག་ཏུ་མེད་པ་སྟེ། ཤེས་པར་མི་ནུས་སོ།། གཞན་དུ་སངས་རྒྱས་ཀྱི་ཐུགས་ཀྱི་བྱིན་གྱིས་བརླབས་ནི་མ་གཏོགས་སོ། ། པདྨོ་ཆེན་པོའི་འཇིག་རྟེན་དེ་ལས་སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་པ་ཁྲི་ཕྲག་བརྒྱ་སྟོང་སྣང་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲི་ཕྲག་བརྒྱ་སྟོང་དུ་མ་སྙེད་ཀྱང་པདྨོའི་ཟེ་བ་རེ་རེ་ལ་འདུག་པར་སྣང་ཡང་། དོག་ཅིང་འཛེར་བ་ཡང་མེད་ལ། པདྨོའི་ཟེ་བ་ཡང་ཆེན་པོར་མ་གྱུར་ལ། བྱང་ཆུབ་སེམས་དཔའ་ཡང་ཆུང་ངུར་མ་སོང་སྟེ། གཅིག་ལ་གཅིག་གི་འོད་ཟེར་མ་སྒྲིབ་བོ། ། བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་རྣ་བ་ཡང་གསེར་གྱི་པདྨོ་ཉི་ཟེར་ལ་དཔྱངས་པ་བཞིན་དུ་ཤིན་ཏུ་གསལ་ལོ།། རྣ་བ་དེ་དག་ལས་ཀྱང་འོད་ཟེར་རྣམ་པ་ལྔ་འབྱུང་ངོ་།། མཚན་འདི་སྟོན་པའི་ཚེ་ན། སངས་རྒྱས་ཀྱི་སྙན་གྱི་སྤུ་བརྒྱ་བྱིན་གྱི་ཤིང་ལྟ་བུར་གྱུར་ཏེ། ཐམས་ཅད་ཀྱིས་བལྟ་ན་ཡིད་དུ་འོང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། རྟག་ཏུ་སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དམ་པའི་ཆོས་སྟོན་པ་ཐོས་ཏེ། རྣ་བའི་དབང་པོ་ཡོང་སུ་དག་པར་གྱུར་ཏོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་མགུར་གྱི་མཚན་གྱི་འོད་ཟེར་ཞེ་ན། མགུར་གྱི་མཚན་ལས་འོད་ཟེར་རྣམ་པ་གཉིས་བྱུང་སྟེ། འོད་དེ་དག་ཁ་དོག་རྣམ་པ་བརྒྱད་ཁྲི་དང་ལྡན་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ། ། སེམས་ཅན་གང་ཞིག་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དག་འོད་འདིས་རེག་པ་ན། རྟེན་ཅིང་འབྲེལ་ཏེ་བྱུང་བ་བཅུ་གཉིས་ཀྱི་དོན་ཆུད་རྟོགས་ནས། རང་སངས་རྒྱས་སུ་འགྱུར་རོ། ། འོད་དེས་རང་སངས་རྒྱས་ཀུན་གྱི་མགུར་སྣང་བར་བྱེད་དེ། མཚན་འདི་ལྟ་བུ་དག་བསྟན་པའི་ཚེ་ན། རྣལ་འབྱོར་ཅན་དེས་མཐོང་བར་གྱུར་པ་ནི། ཕྱོགས་བཅུའི་རང་སངས་རྒྱས་ཐམས་ཅད་ཀྱི་ལྷུང་བཟེད་ནམ་མཁའ་ལ་འཕགས་ནས། ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་མཛད་པ་དང་། རང་སངས་རྒྱས་ཐམས་ཅད་སོ་སོའི་ཞབས་རེ་རེའི་འོག་ན། རྟེན་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་བཤད་པའི་ཡི་གེ་སྣང་བ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། ། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ།། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པའོ།། རེག་པའི་རྐྱེན་གྱིས་ཚོར་བའོ།། ཚོར་བའི་རྐྱེན་གྱིས་སྲེད་པའོ།། སྲེད་པའི་རྐྱེན་གྱིས་ལེན་པའོ། ། ལེན་པའི་རྐྱེན་གྱིས་སྲིད་པའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བའོ།། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་ཟློས་པའི་མྱ་ངན་དང་། སྡུག་བསྔལ་བ་དང་། འཁྲུག་པ་ལ་སོགས་པའོ།། ཡི་གེ་འབྲུ་དེ་རེ་རེ་ལ་ཡང་འོད་རེ་རེ་འབར་ཏེ། འོད་དེ་རེ་རེ་ལ་ཡང་སྒྲ་དབྱངས་བཅུ་གཉིས་སྙེད་དོ།། སྒྲ་དབྱངས་དེ་ཡང་ལ་ལས་ནི་སྡུག་བསྔལ་དང་། སྟོང་པ་ཉིད་དང་། མི་རྟག་པ་དང་། བདག་མེད་པ་འཆད་དོ། ། སྒྲ་དབྱངས་ལ་ལས་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་འཆད་དེ། དེ་ལྟར་རང་སངས་རྒྱས་དེ་དག་གི་ཞབས་ཀྱི་འོག་གི་འོད་བཀྱེ་བ་ལས་ཡི་གེ་དེ་རྣམས་ཡོད་པ་ནི་ཤིན་ཏུ་གསལ་བར་སྣང་ངོ་། ། དེ་ལྟར་མགོ་འཇུག་ཏུ་ལན་བཅུ་གཉིས་སྩོལ་མར་འདུག་སྟེ། དེ་དག་ནི་འཁོར་བའི་རྩ་བ་ཞེས་བྱའོ།། འོད་ཟེར་དེས་རང་སངས་རྒྱས་རྣམས་སྣང་བར་བྱས་ནས་ཕྱིར།། སངས་རྒྱས་ཀྱི་མགུར་དུ་ཞུགས་ཏེ་མི་སྣང་བར་གྱུར་ཏོ། ། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། སྐྱེ་བ་ཕྱི་མར་མིའི་ནང་དུ་མི་སྐྱེ་སྟེ། དགའ་ལྡན་གནམ་དུ་སྐྱེ་ཞིང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དང་ཕྲད་ནས། དམ་པའི་ཆོས་རྣམས་ཀྱང་ཐོས་པར་འགྱུར་རོ།། ཆོས་ཐོས་ནས་ཀྱང་ལུས་དང་སེམས་རབ་ཏུ་དགའ་སྟེ། བྱང་ཆུབ་སེམས་དཔའ་རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་རྣམས་ལ་རྟོག་ཅིང་དེའི་དོན་རྟོགས་པར་འགྱུར་རོ། ། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུའི་སྒྲོག་རུས་མཉམ་པར་གང་བའི་མཚན་གྱི་འོད་ཟེར་ཞེ་ན། མཉམ་པར་གང་བའི་མཚན་གྱི་འོད་ཟེར་གྱིས་ཕྱོགས་བཅུར་སྣང་བར་བྱས་པ་ནི། སྦུར་ལོང་ལྟ་བུའི་ཁ་དོག་དང་། གསེར་བཙོ་མའི་མདོག་ལྟ་བུའོ།། སེམས་ཅན་གང་ཞིག་འོད་ཟེར་དེས་རེག་ན་ཉན་ཐོས་སུ་སེམས་བསྐྱེད་པར་འགྱུར་རོ། ། ཉན་ཐོས་སུ་གྱུར་པ་དེ་དག་གིས་མཐོང་བ་ནི། འོད་ཟེར་དེ་རྣམས་སྟོང་དུ་འཕྲོས་ཏེ། འཕྲོས་པའི་དེ་རེ་རེ་ལ་ཡང་ཁ་དོག་རྣམ་པ་སྟོང་སྟོང་ཡོད་དོ།། ཁ་དོག་དེ་གཅིག་ལ་ཡང་འོད་ཟེར་སྟོང་ཕྲག་བཅུ་སྙེད་དེ། འོད་ཟེར་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེའོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་ཞབས་འབྲིང་དགེ་སློང་བཞི་བཞི་ཡོད་དོ།། དགེ་སློང་དེ་དག་ཀུན་ཀྱང་སྡུག་བསྔལ་དང་། སྟོང་པ་ཉིད་དང་། མི་རྟག་པ་དང་། བདག་མེད་པ་དང་། བདེན་པ་བཞི་དང་། སྐྱེས་བུ་བརྒྱད་ཀྱི་དོན་དང་། འབྲས་བུ་བཞིའི་མཚན་ཉིད་དང་། ཏིང་ངེ་འཛིན་གསུམ་དག་འ་དེ། སེམས་ཅན་རྣམས་ཀྱང་ཆོས་དེ་ལ་རབ་ཏུ་འབྱུང་བར་རྩོལ་ལོ།། རབ་ཏུ་བྱུང་ནས་ཀྱང་། རིང་པོ་མ་ཐོགས་པར་དགྲ་བཅོམ་པ་ཐོབ་པར་མཐོང་ངོ་།། འོད་ཟེར་དེས་ཕྱོགས་བཅུའི་དགྲ་བཅོམ་པ་རྣམས་ཀྱི་སྤྲོ་བོ་ཀུན་སྣང་བར་བྱས་སོ། ། སྤྱི་བོ་དེ་དག་སྣང་བར་བྱེད་པ་ན། དཔེར་ན། མི་ཞིག་གིས་སྨན་གྱི་བུམ་པ་ཞིག་ཐོགས་ནས། སྤྱི་བོར་དྲུག་པ་བཞིན་ནོ་དེའི་ཁ་དོག་དང་དབྱིབས་ཀྱང་མར། གྱི་སྙིང་ཁུ་ལྟ་བུ་སྟེ། སྤྱི་བོར་ཞུགས་ནས་ཕྱི་ནང་ཀུན་དུ་ཐལ་བྱུང་དུ་སྣང་ངོ་།། དེའི་ཚེ་ན་རྣལ་འབྱོར་ཅན་དེ་ལུས་དང་སེམས་ཤིན་ཏུ་སྦྱངས་པར་གྱུར་ནས། སེམས་ཤིན་ཏུ་དག་ཅིང་འདུ་ཤེས་ངན་པ་མི་འབྱུང་སྟེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་མཚན་ཉིད་ཀུན་མི་མཐོང་སྟེ་གསལ་བར་དགྲ་བཅོམ་པར་གྱུར་ཏོ།། དེ་ནས་འོད་དེ་གསེར་གྱི་ཁ་དོག་ལྟ་བུའི་གདུན་གྲངས་མེད་པར་གྱུར་ཏེ། གདུགས་དེ་དག་རེ་རེ་ལ་ཡང་སངས་རྒྱས་བདུན་པོ་བརྒྱ་སྟོང་སྙེད་དེ། སངས་རྒྱས་བདུན་པོ་དེ་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་དགེ་སློང་བབཞི་བཞི་ཞབས་འབྲིང་བྱེད་དོ། ། དགེ་སློང་དེ་དག་ཀུན་ཀྱང་ཏིང་ངེ་འཛིན་ཆེན་པོ་བཞི་ལ་ཞུགས་སོ།། ཏིང་ངེ་འཛིན་ཆེན་པོ་བཞི་ལ་ཞུགས་ནས། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་གཟུགས་མངོན་པར་སྟོན་ཏོ། ། དེ་དག་འདི་ལྷ་སྟེ། ལུས་ཀྱི་སྲིན་བུ་བརྒྱད་སྟོང་སྐྱེད་འཕྲུལ་ཞིང་བྱུང་ནས་སྲིན་བུ་ཕྲ་མོ་རྣམ་པ་མང་པོ་ཡང་རྗེས་བཞིན་དུ་འབྱུང་ངོ་།། དེ་ལྟར་གྱུར་པ་ན། མེ་ཆེན་པོ་ཡང་ལྔ་ནས་བ་སྤུའི་བུ་ག་ཀུན་ནས་བྱུང་སྟེ། མེ་ཆེན་པོ་དེདབྱུང་བ་ཡང་ཐོག་མ་ཡུངས་ཀར་གྱི་འབྲས་བུ་ཙམ་བྱུང་ནས། ཆུང་ངུ་ལས་ཆེར་མཆོད་དེ། ལུས་ཀུན་ལ་མེ་འབར་ཏེ། ལུས་མེའི་ཕུང་པོ་ལྟ་བུར་གྱུར་ནསྲ། སྲིན་བུ་རྣམས་ཀྱང་མེ་ཡིས་ཉེ་ནས། སེང་གེའི་སྒྲ་ལྟ་བུ་སྒྲོགས་ཤིང་འབོད་དོ།། སྒྲ་སྒྲོགས་པའི་ཚེ་ན་རྣལ་འབྱོར་ཅན་གྱི་སེམས་སྐྲག་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། ། ཏིང་ངེ་འཛིན་ལས་ཕྱིར་ལངས་ནས་བདག་གི་ལུས་མེ་ཤོར་ནས་ཤིང་ཚིགས་པའི་མགལ་དུམ་ལྟ་བུར་མཐོང་ངོ་།། དེ་ལྟར་མཐོང་ན་ཡང་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། སྨན་ཆེན་པོར་འདུ་ཤེས་བསྐྱེད་དོ།། དེ་ཡང་སྔར་ལུས་སུ་འདུ་ཤེས་བསྐྱེད་དེ། ལུས་དེ་ཉིད་ཀྱང་སྤྱི་བོ་བརྟོལ་ཏེ་སྟོང་བར་ཕྱུང་ལ། ཚངས་པའི་རྒྱལ་པོར་འདུ་ཤེས་པ་དང་།། བརྒྱ་བྱིན་དུ་འདུ་ཤེས་པ་དང་། ལྷའི་ལག་ན་རིན་པོ་ཆེའི་སྨན་གྱི་བུམ་པ་ཐོགས་ནས། སྤྱི་བོར་ལྡུགས་པར་འདུ་ཤེས་བསྐྱེད་དོ།། སྤྱི་བོར་བླུགས་པ་ན་ལུས་ཀུན་ཏུ་ཁྱབ་ཅིང་། རྩ་བ་ཐམས་ཅད་དུ་ཞུགས་ནས་རྩ་དང་། ལུས་བཻ་ཌཱུཪྻའི་སྦུབས་ལྷ་བུར་མཐོང་སྟེ། སྲིན་བུ་རྣམས་ཀྱང་མེ་ཏོག་སྙིང་པ་ལྟ་བུར་མཐོང་ངོ་།། དེའི་ཚེ་རྩ་ཀུན་ནས་ཆུ་དག་རྒྱུ་ཞིང་འབྱུང་སྟེ།། ཆུས་ཕྱིན་པ་ཀུན་ཏུ་མེ་ཡང་ཞི་བར་གྱུར་ཏོ། ། དེ་ནས་རྣལ་འབྱོར་ཅན་དེའི་ཚོགས་ཀུན་ནས་ཆུ་བྱུང་བ་ནི། ནམ་མཁར་མདའ་འཕངས་པ་བཞིན་དུ་ཚངས་པའི་འཇིག་རྟེན་ལ་ཐུག་ཏུ་ཉེའོ།། དེ་ནས་ཆུ་དེ་རྒྱུན་མི་འཆད་པར་ཚངས་པའི་འཇིག་རྟེན་ལ་ཐུག་ནས། བདག་གི་ལུས་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ནང་ན་འདུག་པར་མཐོང་ངོ་།། སྲིན་བུའི་རྣམས་ཀྱང་སྨས་ཤིང་མགོ་བསྣང་བ་དང་། ཡན་ལག་ཆད་པ་དང་། རྐྱང་པ་གྱོལ་པོར་སོང་བར་མཐོང་ངོ་།། ཡང་རྣལ་འབྱོར་ཅན་དེའི་སེམས་ལས་མེ་ཆེན་པོ་བྱུང་བས། སྲིན་བུ་རྣམས་ཀྱི་ལུས་ལ་ཕོག་པ་དང་། སྲིན་བུ་དེ་དག་མེས་རབ་ཏུ་འཇིགས་ནས། ཆུའི་ནང་དུ་སོང་ཡང་མེདེ་མི་འཆི་བར་གྱུར་ཏེ། ཆུའི་འོད་གར་ཕྱིན་པར་མེའི་འོད་ཀྱང་དེའི་རྗེས་བཞིན་དུ་འབར་རོ།། ཆུ་དང་མེ་གཉིས་ཀྱི་འོད་ཀྱང་སེམས་ལས་བྱུང་བ་ཙམ་པས་འོད་དེ་གཉིས་ཀ་འདྲེས་ཏེ། གྱེན་ཏུ་ནི་ཁམས་གསུམ་ཀྱི་རྩེ་མོ་ལ་ཐུག་ཅིང་། འོག་ཏུ་ནི་མཚམས་མེད་པའི་སེམས་ཅན་དམྱལ་བ་ལ་ཐུག་སྟེ། འཇིག་རྟེན་གྱི་ཁམས་གཅིག་ཆི་བ་བཔར་ཆུ་དང་མེ་དེ་དག་གིས། ལྷོ་བྱང་ཤར་ནུབ་ཏུ་འབབ་ཅིང་མེ་ཡང་རྗེས་བཞིན་དུ་འབར་རོ།། དེའི་ཚེ་སྙིང་ལས་སྤུ་ནག་པོ་ཅིག་སྐྱེས་ཏེ། སྤུ་དེའི་ཐོག་མ་ལས་རླུང་ཆེན་པོ་བྱུང་སྟེ། རླུང་དེ་ཡང་ཁ་དོག་རྣམ་པ་བཞིའོ།། དེ་དག་ཀྱང་སེམས་ལས་བྱུང་བ་སྟེ། རླུང་བྷཻ་རམ་པ་ལྟར་དབྱིབས་དང་ཁ་དོག་ཀྱང་དུང་བ་འདྲ་བའོ།། རླུང་ངེས་ཆུ་ཐམས་ཅད་བསྐྱོད་དེ་ཆུའི་རླབས་ཀྱིས། གཡེང་ས་ཤིང་དཀྲུགས་པས་དབུ་བའི་ཕུང་པོར་གྱུར་ཏོ།། མེ་ཡང་དེའི་ནང་དུ་སོང་ནས་མེའི་མཐུས།། ལྦུ་བ་དུས་པ་ཆབ་བྲོམ་ལྟར་སྲ་བར་གྱུར་ཏོ།། རླུང་གཞན་དག་བྱུང་བས་རྡུལ་དང་མི་གཙང་བའི་རྫས་རྣམ་པ་དགུ་བཅུ་རྩ་བརྒྱད་བུས་ཏེ་ཆབ་བྲོམ་གྱི་སྟོང་དུ་གཡོགས་སོ། ། མི་གཙང་བས་གཡོགས་པས་ཆབ་བྲོམ་དེ་ཞིག་པར་གྱུར་ཏོ།། ཆབ་བྲིམ་དེ་ཞིག་པ་ནས། སྐྱེས་བུ་མི་བརྒྱད་ལག་ན་རལ་གྲི་ཐོགས་ཤིང་འཕྲོ་ནས་བཅད་ནས་ཁྱེར་ཏེ་སོང་ངོ་། ། རྡུལ་དང་མི་གཙང་བ་རྣམས་ཀྱིས་སྐྱེས་བུ་དེ་དག་ཀུན་སེམས་མྱོས་པར་གྱུར་ཏེ། ཉལ་ཏེ་འདུག་པ་དང་རླུང་དང་། མེ་དང་། ཆུ་ལ་སོགས་པ་གཅིག་ཏུ་འདུས་པ་ལས་མེའི་མཐུས། མི་གཙང་བའི་རྣམ་པ་ཀུན་བསྲེགས་ཏེ། མེའི་ནང་ནས་སྤྲུལ་གདུག་པ་བཞི་ཁ་ནས་ནོར་བུ་རིན་པོ་རེ་རེ་ཐོགས་པ་བྱུང་སྟེ། ནམ་མཁའ་ལ་འཕུར་རོ།། གཞན་ཡང་ཀླུ་ཆེན་པོ་དྲུག་རི་དགས་ཕྲ་མོ་བཞི་ཁ་ན་མེད་ཅིང་རྒྱུག་སྟེ། ཀླུ་རྣམས་ཀྱི་མགོ་ལ་ཤིང་སྐྱེས་པ་ལས་གཟུགས་མེད་པའི་ཁམས་ལ་ཐུག་གོ། ། དེའི་དྲུང་ན་རྩཝ་ཕྲ་མོ་ཤིན་ཏུ་འཇམ་པ་ཡིད་དུ་འོང་བ་གསེར་གྱི་ཁ་དོག་ཅན་སྐྱེས་ནས་ཤིང་དེ་དག་གི་རྩ་བར་ཞུགས་སོ།། ཤིང་གི་རྩ་བ་ནས་བྱུངབ་སྟེ། སྡོང་པོའི་ནང་དུ་སོང་ངོ་། ། སྡོང་པོའི་ནང་ནས་བྱུང་སྟེ། ཡལ་ག་དང་ལོ་མའི་ནང་ཀུན་ཏུ་སོང་ངོ་།། ཡལ་ག་དང་ལོ་མའི་ནང་ནས་བྱུང་སྟེ། མེ་ཏོག་དང་འབྲས་བུའི་ནང་ཀུན་ཏུ་སོང་ངོ་།། ཤིང་དེའི་མེ་ཏོག་ནི་དཀར་པོ་དང་། ལེ་བརྒན་དམར་པོ་དང་། མཐོན་མཐའ་དང་། སེར་པོ་སྟེ། དེའི་འབྲས་བུ་ཡང་མ་སྨིན་གྱི་བར་དུ་ཁ་དོག་རྣམ་པ་བཞི་དང་ལྡན་ནོ།། སྟོན་གྱི་དུས་སུ་སྨིན་ནས། གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། འོད་ཟེར་དེས་ཉན་ཐོས་ཆེན་པོ་རྣམས་སྣང་བར་བྱས་ནས། གཞན་ཡང་སྤྱོད་ཡུལ་ཚད་མེད་པ་བརྒྱ་སྟོང་སྙེད་མངོན་པར་སྟོན་ཏོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དགེ་སློང་དག་གང་ཞིག་ཏིང་ངེ་འཛིན་འདི་ལ་ཞུགས་པའི་ཚེ། ལུས་ཆུ་ཤིང་གི་སྡོང་པོ་དང་འདྲ་བར་སྙིང་པོ་མེད་པས། ཏིང་ངེ་འཛིན་ལས་བྱུང་བའི་ཚེ། ལུས་དང་ཚིགས་ཀུན་གཙེ་ཞིང་ནའོ།། གལ་ཏེ་དེ་ལ་སྨན་གྱིས་མ་ག་སོས་ན་སྨོས་ཏེ་ཤི་བར་འགྱུར་གྱིས་སྨན་གྱིས་གསོ་བར་བྱའོ། ། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་གྲངས་མེད་པའི་འཁོར་བའི་སྡིག་པ་ལྕི་བ་ཀུན་འབྱང་ཞིང་། ཆུ་བོ་ཆེན་པོ་ལྟར་རིང་པོར་མི་ཐོགས་པར་དགྲ་བཅོམ་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ངའི་གསུང་རབ་ཡང་དག་པ་འདི་མ་བརྗེད་མ་ཉམས་པར་དགེ་སློང་རྣམས་ལ་རྒྱས་པར་ཤོད་ཅིག་སྔོན་ཅིག། དེ་སྐད་ཅེས་གསུངས་པ་ན་དགེ་སློང་ལྔ་བརྒྱའི་རྣམས་ཏིང་ངེ་འཛིན་ཆེན་པོ་བནི་དང་། དགེ་སྦྱོང་གི་འབྲས་བུ་བཞི་ཡང་ཐོབ་པར་གྱུར་ཏོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཐུགས་ཀའི་དཔལ་བྲེའུའི་རི་མོ་དང་། གཡུང་དྲུང་གི་མཚན་དང་། སྐུ་མཆན་ཁུང་གི་ཡིད་བཞིན་གྱི་ནོར་བུའི་མཚན་གྱི་འོད་ལ་བརྟག་ན། དེ་དག་ཀུན་ལས་འོད་ཟེར་འབྱུང་བ་ནི་ཁ་དོག་ལེ་བརྒན་དང་ཆུག་པོ་སྟེ། དེ་དག་གི་དབུས་ན་གསེར་གྱི་མེ་ཏོག་ཤིན་ཏུ་རྒྱས་པ་ཡོད་དོ།། གསེར་གྱི་མེ་ཏོག་དེ་ཡང་གྲངས་མེད་པའི་ཁྲི་ཕྲག་དུ་མར་གྱུར་ཏེ། མེ་ཏོག་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་ཁྲི་ཕྲག་བརྒྱ་སྟོང་དུ་མ་སྙེད་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་རེ་རེས་ཀྱང་འོད་ཟེར་སྟོང་སྒོང་འགྱེད་དོ།། འོད་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་སྟེ། དེ་ཡང་འོད་གཟེར་ཁ་དོག་རྣམ་པ་ལྔ་ལྔ་དང་ལྡན་ནོ།། སེམས་ཅན་གང་དག་འོད་དེས་རེག་པར་གྱུར་ན། སྤྲོ་བ་རྣམས་ནི་དྲན་པ་རྙེད་པར་གྱུར་ཏོ།། དྲན་པ་འཁྲུགས་པ་རྣམས་ནི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། ། ན་བ་རྣམས་ནི་སོས་ཤིང་བདེ་བར་གྱུར་ཏོ།། དབུལ་ཕོངས་པ་རྣམས་ནི་རིན་པོ་ཆེ་རྙེང་པར་གྱུར་ཏོ།། ལོང་བ་རྣམས་ནི་མིག་མཐོང་པར་གྱུར་ཏོ། ། འོན་པ་རྣམས་ནི་སྒྲ་ཐོས་པར་གྱུར་ཏོ།། ལྐུགས་པ་རྣམས་ནི་སྨྲ་ཤེས་པར་གྱུར་ཏོ།། ཞ་ཐེང་བ་རྣམས་དང་། གཡན་པ་ཅན་དང་། མཛེ་ཤུ་ཅན་རྣམས་ཀྱང་སོས་ཤིང་བྱང་བར་གྱུར་ཏོ། ། དེ་ནས་འོད་ཟེར་དེ་ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་སྤྱི་གཙུག་ཏུ་ཞུགས་པར་གྱུར་ཏེ། སངས་རྒྱས་རྣམས་ཀྱི་ཐུགས་ཀའི་རི་མོ་གཡུང་དྲུང་ལས་ཀྱང་འོད་ཟེར་བརྒྱ་སྟོང་དུ་མ་སྙེད་འབྱུང་ངོ་། ། འོད་ཟེར་དེ་རེ་རེ་ལ་ཡང་ཚིགས་སུ་བཅད་པའི་སྒྲ་དབྱངས་བརྒྱ་སྟོང་དུ་མ་འབྱུང་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པའི་སྒྲའོ།། དེ་ལྟར་འོད་ཟེར་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པའི་ཚིགས་སུ་བཅད་པའི་སྒྲ་ནི་གྲངས་མེད་པ་སྙེད་དོ། ། རྣལ་འབྱོར་ཅན་དེ་དེ་ལྟར་སངས་རྒྱས་ཚད་མེད་པ་རྣམས་ཀྱིས་ཆོས་བཤད་པ་ཐོས་པ་དང་། སྤྲུལ་པའི་། སངས་རྒྱས་དེ་རེ་རེས་ཀྱང་སྤྲུལ་པའི་མི་རབ་ཏུ་མཛེས་པ་བྱམས་པའི་གཟུགས་དང་འདྲ་བ་རེ་རེ་སྤྲུབ་ནས། རྣལ་འབྱོར་ཅན་གྱི་སེམས་སྤྲོ་བར་བྱ་བའི་ཕྱིར། སྤྲུལ་པའི་མི་དེ་དག་གིས་ཀྱང་འདི་སྐད་དུ་ཤིན་ཏུ་ལེགས་སོ། ། རིགས་ཀྱི་བུ་སེམས་རྩེ་གཅིག་ཏུ་ཡིད་ལ་བྱས་པས། སངས་རྒྱས་ཀྱི་འོད་ཟེར་མཐོང་བར་གྱུར་ཏེ། སངས་རྒྱས་ཀྱི་འོད་ཟེར་ལས་མཚན་མ་མེད་པའི་སྦྱིན་པ་དབཤད་པ་དང་། མཚན་མ་མེད་པའི་ཚུལ་ཁྲིམས་བཤད་པ་དང་། མཚན་མ་མེད་པའི་བཟོད་པ་དཤད་པ་དང་། མཚན་མ་མེད་པའི་བརྩོན་འགྲུས་བཤད་པ་དང་། མཚན་མ་མེད་པའི་བསམ་གཏན་བཤད་པ་དང་། མཚན་མ་མེད་པའི་ཤེས་རབ་བཤད་པ་ལ་ཁྱོད་སྐྲག་པར་མ་བྱེད་ཅིག། འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་འདི་ལྟར་ཡིད་ལ་བྱས་པས། ཆོས་འདི་གནས་པར་གྱུར་ཏེ། དེའི་མཚན་ཉིད་ཀྱང་མཁྱེན་པར་གྱུར་ཏོ།། དེའི་མཚན་ཉིད་མཁྱེན་པས་འཁོར་བའི་མཐས་མི་བསྙེངས་ཏེ། དམྱལ་བ་ཆེན་པོའི་གནས་ན་བཞུགས་ཀྱང་མཚམས་མེད་པའི་དམྱལ་བའི་བསྐལ་པ་ཆེན་པོས་ཀྱང་ཚིག་པར་མི་འགྱུར་རོ། ། དམྱལ་བ་རྣམས་ཀྱི་དོན་ཏུ་དམྱལ་བའི་གནས་ན་བཞུགས་ཀྱང་ལྷའི་ཕོ་བྲང་ན་བཞུགས་པ་དང་འདྲ་སྟེ། དེ་བས་ན་ཐུགས་ཀའི་རི་མོ་དཔལ་བེའུའི་མཚན་ནི་ཡང་དག་པའི་མཚན་གྱི་ཕྱག་རྒྱ་ཞེས་བྱའོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པ་ཚད་མེད་པའི་བར་དུ་ཕྱག་རྒྱ་འདི་བརླབས་པས། འཁོར་བའི་མཐས་མི་བསྙེངས་ཤིང་འདོད་པ་རྣམ་པ་ལྔ་ལ་མ་ཆགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་གང་གིས། ས་པས་རྒྱས་ཀྱི་ཐུགས་ཀྭའི་འོད་ཟེར་གྱི་མཚན་མཐོང་བ་ནི། བསྐལ་པ་ཁྲི་ཕྲག་བཅུ་གཉིས་ཀྱི་འཁོར་བའི་ཉེས་པ་རྣམས་ཡོངས་སུ་སྤོང་བར་འགྱུར་རོ། ། གལ་ཏེ་ཐུགས་ཀའི་མཚན་ལ་བརྟགས་ཏེ་གསལ་བར་མི་མཐོང་ན། མཆོད་རྟེན་གྱི་ནང་དུ་སོང་ལ་རྟོག་ས་ཤོག། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་ཕྱག་ངར་གྱི་མཚན་གྱི་འོད་ཟེར་ལ་བརྟགས་པ་ཞེ་ན། དེ་བཞིན་གཤེགས་པའི་ཕྱག་པར་ཟླུམ་ཞིང་དྲང་ལ་རིང་བ་ནི་བ་གླང་གི་རྒྱལ་པོའི་སྣ་ལྟ་བུའི་མཚན་དང་། ཕྱག་སོར་བཅུའི་བར་མཚམས་འབྲེལ་བ་དང་། ཕྱག་མཐིལ་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་དེ་དག་ཀུན་ལས་སོ་སོ་ནས་འོད་ཟེར་བརྒྱ་སྟོང་སྙེད་འབྱུང་སྟེ། འོད་ཟེར་དེ་གཅིག་ཅིང་ཡང་རྣམ་པ་སྟོང་སྟོང་དང་ལྡན་ཞིང་ལེ་བརྒན་གྱི་ཁ་དོག་ལྟ་བུའོ།། དེ་ལྟར་འོད་ཟེར་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་འོད་ཀྱིས་སྣང་བར་བྱས་སོ། ། སྣང་བར་བྱས་ནས་འོད་དེ་གསེར་གྱི་ཆུ་ལྟ་བུར་གྱུར་ཏེ། གསེར་གྱི་ཆུ་དེའི་ནང་ན་ཤེལ་གྱི་ཁ་དོག་ལྟ་བུའི་ཆུ་བཟང་པོ་ཞིག་ཀྱང་ཡོད་དེ། ཡིང་དགས་རྣམས་ཀྱིས་མཐོང་ན་ཚ་བཞི་ཞིང་རབ་ཏུ་བསིལ་བར་གྱུར་ཏོ། ། བྱོལ་སོང་རྣམས་ཀྱིས་མཐོང་ན་སྔོན་གྱི་གནས་དྲན་པར་གྱུར་ཏོ།། བ་གླང་སྨིས་པས་ནི་སེང་གེའི་རྒྱལ་པོ་ལྟ་བུར་མཐོང་ངོ་།། སེང་གེ་རྒྱལ་པོས་ནི་ནམ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུར་མཐོང་ངོ་། ། ཀླུ་རྣམས་ཀྱིས་ཀྱང་ནམ་མཁའ་ལྡིང་གི་རྒྱལ་པོ་ལྟ་བུར་མཐོང་སྟེ། བྱོལ་སོང་དེ་དག་གིས་སོ་སོ་ནས་བླ་མར་གྱུར་པར་མཐོང་ནས། འཇིགས་ཤིང་སྐྲག་པའི་སེམས་སྐྱེས་ཏེ་ཐལ་མོ་སྒྱུར་ནས་བསྟི་སྟང་བྱེད་དོ།། བསྟི་སྟང་དུ་བྱས་པས་ཚེ་འཕོས་མ་ཐག་ཏུ་མཐོ་རིས་ཀྱི་ལྷར་བ་སྐྱེའོ།། མི་རྣམས་ཀྱིས་ནི་ཚངས་པའི་རྒྱལ་པོ་འམ་ཉི་ཟླ་འམ། གཟའ་སྐར་ལྟ་བུར་མཐོང་། མཐོང་ནས་རབ་ཏུ་དགའོ།། དེ་ནས་ཚེ་འཕོས་ནས་དགའ་ལྡན་གནམ་གྱི་ལྷར་སྐྱེས་སོ།། རྣལ་འབྱོར་ཅན་གྱིས་མཐོང་ན་སེམས་ཀྱི་མིག་དབྱེ་ཞིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སྤྲུལ་པའི་སངས་རྒྱས་ཀྱིས་ཡོངས་སུ་གང་བར་མཐོང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་གིས་སོ་སོ་ནས་ཕྱག་ལས་འོད་ཟེར་བཀྱེ་སྟེ། རྣལ་འབྱོར་ཅན་གྱི་མིག་ལ་རེག་པར་བྱས་པས། མིག་དེ་ཕྱེ་འམ་བཙུམས་ཀྱང་སངས་རྒྱས་མང་པོ་དག་མཐོང་ཞིང་།། བདག་གིས་ལུས་ཀྱང་རིན་པོ་ཆེའི་བུམ་པའི་ནང་དུ་མི་གཙང་བས་གྲང་བ་དང་འདྲ་བར་མཐོང་ངོ་། ། གང་གིས་དེ་ལྟ་བུར་མཐོང་བ་ནི་མངོན་པར་ཤེས་པ་དྲུག་ཐོབ་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཐམས་ཅད་ལ་མཐར་གྱིས་བསྙེན་བཀུར་བྱེད་པར་གྱུར་ཏེ། སངས་རྒྱས་དེ་དག་སོ་སོ་ནས་ཕྱག་གི་འོད་བཀྱེ་བ་ཡང་གོང་མ་བཞིན་དུ་མཐོང་བར་གྱུར་ཏོ། ། དེ་ལ་དེ་ལྷུར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མོ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ལྟེ་བའི་མཚན་གྱི་འོད་ཟེར་ལ་ཏོག་ཞེ་ན། དེ་བཞིན་གཤེགས་པའི་སྐུ་ལྟེ་བའི་མཚན་ལ་རིན་པོ་ཆེའི་པདྨོ་ཁྲི་ཕྲག་དུ་མ་ཡོད་དོ། ། རིན་པོ་ཆེའི་པདྨོ་དེ་རེ་རེ་ལ་ཡང་འདབ་མ་ཁྲི་ཕྲག་དུ་མ་ཡོད་དོ།། འདབ་མ་དེ་རེ་རེ་ལ་ཡང་ཁ་དོག་ཁྲི་ཕྲག་དུ་མ་ཡོད་དོ།། ཁ་དོག་དེ་རེ་རེ་ལ་ཡང་འོད་ཟེར་ཁྲི་ཕྲག་དུ་མ་ཡོད་དེ། མཚན་འདི་བསྟན་པའི་ཚེ་ན། འཁོར་མང་པོ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཐུགས་ཀྱི་མཚན་རྣམས་ཀྱང་མཐོང་ངོ་།། དེ་བཞིན་གཤེགས་པའི་ཐུགས་ནི་པདྨོ་ལཾ་བརྒན་ལྷ་བུ་སྟེ། པདྨོ་ལེ་བརྒན་དེ་ལ་གསེར་གྱི་པདྨོའི་འོད་ཀྱིས་འཚེར་བར་བྱེད་ཅིང་། རིན་པོ་ཆེ་ཁ་དོག་ཆུག་པོ་འོད་ཀྱིས་ཀྱང་སྤྲས་སོ།། བཻ་ཌཱུཪྻ་དམ་པའི་སྦུབས་ལྷ་བུ་སངས་རྒྱས་ཀྱི་ཐུགས་ཀ་ནས་འོད་དང་བཅས་པས་འབྱུང་ཞིང་། སངས་རྒྱས་ཀྱི་སྐུའི་འོད་ཟེར་གྱི་ནང་ནས་ཡང་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་དུ་མ་འཆག་ཅིང་གཤེགས་པར་མཐོང་ངོངོ། ། སངས་རྒྱས་ཀྱི་སྐུ་ལྟེ་བའི་འོད་འབྱུང་བ་ནི་རབ་ཏུ་ཆེ་སྟེ་རེ་རེབ་ལྷུན་པོ་ལྟ་བུའོ།། འོད་དེའི་བར་བར་ན་རིན་པོ་ཆེའི་རི་ཚད་མེད་པ་ཡོད་པ་ཡང་རི་རབ་ལྷུན་པོ་ལྟ་བུ་སྟེ། པདྨོ་དེ་དག་གི་སྟེང་ན་ཡང་སྤྲུལ་པའི་སངས་རྒྱས་མང་པོ་བཞུགས་ཏེ། དེ་དག་ཀྱང་ཡིད་དུ་འོང་ཞིང་མཛེས་པ་ནི་རི་ར་བ་ལྷུན་པོ་དང་འདྲའོ།། སྤྲུལ་པའི་སངས་རྒྱས་དེའི་འོད་ཟེར་ཀྱང་རྣམ་པ་སྟོང་སྙེད་དོ།། འོད་དེའི་ཁ་དོག་ཀྱང་སྟོང་ཕྲག་བཅུ་སྙེད་དེ། ། སྟོང་ཕྲག་བཅུ་པོ་དེ་ལས་འོད་རྣམ་པ་ཁྲི་ཕྲག་བཅུར་འཕྲོས་སོ།། ཁྲི་ཕྲག་དེ་གཅིག་གིས་ནི་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་བླ་མའི་ཕྱོགས་ཀུན་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་ཤར་ཕྱོགས་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་ལྷོ་ཕྱོགས་སྣང་བར་བྱས་སོ།། ཁྲོ་ཕྲག། གཅིག་གིས་ནི་ནུབ་ཕྱོགས་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་བྱང་ཕྱོགས་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་ཤར་ལྷོའི་ཕྱོགས་མཚམས་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་སྣང་བར་བྱས་སོ། ། ཁྲི་ཕྲག་གཅིག་གིས་ནུབ་བྱང་གི་ཕྱོགས་མཚམས་སྣང་བར་བྱས་སོ།། ཁྲི་ཕྲག་གཅིག་གིས་ནི་བྱང་ཤར་གྱི་ཕྱོགས་མཚམ་སྣང་བར་བྱས་ཏེ། དེ་བཞིན་དུ་ཕྱོགས་བཅུར་པདྨོ་རྣམས་ཀྱང་སྣང་བར་གྱུར་ཏོ།། པདྨོ་ནང་གི་ཆུ་འུ་ཡང་རཱི་རབ་ལྷུན་པོ་སྟོང་ཕྲག་བརྒྱ་སྟོང་སྙེད་དང་མཉམ་སྟེ། པདྨོར་རབ་ལྟ་བུ་དེའི་སྟེང་ན་ཡང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱ་སྙེད་དོ། ། བྱང་ཆུབ་སེམས་དཔའ་ལུས་ནང་གི་ཆུ་ངུ་ཡང་རི་རབ་ལྷུན་པོ་དང་མཉམ་མོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་ལྟེ་བ་ནས་ཀྱང་པདྨོ་ཆེན་པོ་རེ་རེ་སྐྱེས་ཏེ། པདྨོ་དེ་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡོངས་སུ་ཁེབས་སོ།། པདྨོ་དེ་དག་ཀུན་ཁ་བྱེ་བ་ན་སོ་སོ་ནས་འཛམ་བུ་གླིང་གི་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་དང་ལྡན་ནོ། ། གསེར་གྱི་འོད་དེ་རེ་རེ་ལས་ཀྱང་རྡུལ་ཕྲ་རབ་སྙེད་ཀྱི་སྤྲུལ་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དག་བྱུང་ངོ་།། ཤཱཀྱ་ཐུབ་པ་དེ་རེ་རེའི་སྐུ་ལྟེ་བ་ནས་འོད་ཟེར་ཆེན་པོ་བཀྱེ་བ་ཡང་གོང་མ་བཞིན་ནོ། ། དེ་ལྟར་འོད་ཟེར་མང་པོ་འདུས་པ་ལས་འོད་ཟེར་གྱི་ཁང་པ་བརྩེགས་པར་གྱུར་ཏེ། འོད་ཟེར་གྱི་ཁང་པ་བརྩེགས་པ་དེ་ལ་སྤྲུལ་པའི་སངས་རྒྱས་གདྷཱའི་ཀླུང་གི་བྱེ་མ་སྙེད་བཞུགས་སོ། ། སངས་རྒྱས་དེ་དག་འདབ་ཆགས་སུ་བཞུགས་ཏེ། དེ་དག་ཀུན་གྱི་སྐུའི་ལྟེ་བ་ནས་ཀྱང་འོད་ཟེར་བ་སྐྱེས་ནས། འོད་ཟེར་རབ་ཏུ་འབར་བ་དེས་བླ་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱས་སོ།། སྣང་བར་བྱས་པའི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་ནི།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་དོ། ། འཇིག་རྟེན་གྱི་ཁམས་དེ་དག་ན་བཻ་ཌཱུཪྻ་དང་ཤེལ་ལས་བྱས་པའི་བྲག་ཕུག་གྲངས་མེད་པ་ཡོད་དེ། བྲག་ཕུ་དེ་དག་སོ་སོའི་ནང་ན་ཡང་། སངས་རྒྱས་ཁྲི་ཕྲག་ཚད་མེད་པ་སྤང་བཞུགས་སོ།། སངས་རྒྱས་དེ་དག་གི་སོ་སོའི་ལྟེ་བ་ནས་ཀྱང་པདྨོ་ཆེན་པོ་དེ་རེ་སྐྱེས་པ་ཡང་སྔ་མ་བཞིན་ནོ།། པདྨོ་དེ་ལས་ཀྱང་འོད་ཟེར་ཆེན་པོ་བྱུང་སྟེ། འོད་ཟེར་དེ་དག་གིས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་རེག་པ་དང་། དེ་མ་ཐག་ཏུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་འགྱུར་རོ། ། འོད་དེས་ཁམས་གསུམ་གྱི་ལྷ་རྣམས་ལ་རེག་པ་ན་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། སེམས་ཀྱི་མིག་ཤིན་ཏུ་གསལ་བར་གྱུར་ཏེ། སངས་རྒྱས་ཀྱི་མཚན་བཟང་པོ་ཀུན་མཐོང་བར་འགྱུར་རོ། ། འོད་ཟེར་དེས་བྱང་ཆུབ་སེམས་དཔའ་རྣམས་ལ་རེག་པའི་ཚེ་ན། བྱང་ཆུབ་སེམས་དཔའ་དེ་དག་གི་བ་སྤུའི་བུ་ག་ཀུན་ནས་མཆོད་པའི་གདུགས། ཀྱི་སྤྲིན་གྲངས་མེད་པ་སྙེད་དང་། མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་འབྱུང་ངོ་།། དེ་ལས་བྱུང་བའི་གདུགས་ནང་གི་ཆུང་ངུ་ཡང་འཛམ་བུའི་གླིང་གི་འཇིག་རྟེན་ཁེབས་སོ།། རིན་པོ་ཆེའི་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་འབྱུང་བ་ནི་བཤད་ཀྱིས་མི་རྫོགས་བརྗོད་ཀྱིས་མི་ལང་སྟེ། མཆོད་པའི་ཡོ་བྱད་དེ་དག་ཐམས་ཅད་འབྱུང་བ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་ལས་བྱུང་ངོ་། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་དེ་ལྟར་སེམས་ཤིང་ཡིད་ལ་བྱེད་པའི་ཚེ་ན། དེ་བཞིན་དུ་ཡིད་ལ་འདུ་ཤེས་པ་དང་། དངོས་པོ་དེ་དག་རྨི་ལམ་དུ་མཐོང་ཡང་རུང་སྟེ། སྐྱེ་བའི་གནས་ཐམས་ཅད་དུ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་རྟག་ཏུ་ཕྲད་པར་འགྱུར་རོ། ། རྣལ་འབྱོར་ཅན་དེའི་རྨི་ལམ་དུ་ཡང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པ་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཆོས་འཆད་པ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་འཆད་དོ།། གཉིད་སད་ནས་ཀྱང་ཡིད་ལ་དྲན་ཞིང་མི་བརྗེད་དོ།། གང་ཟ་དེ་ཚེ་འདི་ཉིད་ལ་ལྷ་མོ་བཀྲ་ཤིས་མས་གཡོག་བྱེད་པར་འགྱུར་ཞིང་། བསྐལ་པ་ཁྲི་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་རོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། འོད་ཟེར་དེ་འབུམ་ཕྲག་གཅིག་གིས་ནི་འོག་མའི་ཕྱོགས་འཛམ་བུའི་གླིང་གི་ཆུའི་ཁ་དོག་ལྟ་བུར་སྣང་བར་བྱས་ནས། ཆུ་དེ་དག་གི་ནང་ན་རིན་པོ་ཆེའི་ཡང་ཐོག་གངྒཱའི་ཀླུང་གི་བྱེ་མ་སྙེད་མང་པོ་ཡོད་དོ།། རིན་པོ་ཆེའི་ཡང་ཐོག་དེ་དག་གི་དྲུང་ན་རིན་པོ་ཆེའི་མཁར་དྲི་ཟའི་གྲོང་ཁྱེར་ཁུ་བུ་དག་ཀྱང་ཡོད་དོ། ། རིན་པོ་ཆེའི་ཡང་ཐོག་དེའི་སྟེང་ན་རིན་པོ་ཆེའི་ཤིང་ཆེན་པོ་འོད་རབ་ཏུ་འབར་བ་ཞིག་ཡོད་དེ། ཤིང་དེའི་ཡལ་ག་དང་། ལོ་མ་ལས་མེ་འབར་ཏེ་མེའི་དཔལ་གྱིས་སྲ་གཞི་དེ་ཉིད་ཀྱི་བླ་འོག་དང་། ཕྱོགས་མཚམས་ཀུན་ཚིག་སྟེ། ས་ག་ནི་དེ་ཉིད་ཆུ་དང་འདྲ་བའི་བཻ་ཌཱུརྒྱུར་གྱུར་ཏོ།། བཻ་ནྡྷནྡའི་ས་གཞི་དེའི་ཕྲེང་ན་བཻནྡྷ་ཪྻའི་ཤིང་མང་སྐྱེས་ཏེ། ཤིང་དེ་དག་གི་ཁ་ན་ཀླུ་ཆེན་པོ་བཞི་བཞི་ཡོད་དོ།། ཀླུ་དེ་དག་གི་སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་དོ།། ནོར་བུ་དེའི་འོད་ཟེར་གྱིས་ཀླུའི་ལུས་དང་ཤིང་དེ་དག་ཀུན་གསེར་གྱི་ཁ་དོག་ལྟ་བུར་སྣང་བར་བྱས་སོ། ། ཀླུ་རྣམས་ཀྱིས་ལུས་སྤྲུག་པའི་ཚེ་ན་ཀླུའི་བ་སྤུའི་བུ་ག་ཐམས་ཅད་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་འབྱུང་ཞིང་། འོད་ཟེར་དེས་འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་ལས་འདས་ནས། འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་ཀྱང་གསེར་གྱི་ཁ་དོག་ལྟ་བུར་སྣང་བར་བྱས་སོ།། ། གསེར་གྱི་ཁ་དོག་ལྟ་བུར་གྱུར་པའི་ས་གཞིའི་སྟེང་ན། རྡོ་རྗེའི་པདྨོ་སྐྱེས་ཏེ། རྡོ་རྗེའི་པདྨོའི་སྟེང་ན་ལྷ་མོ་གསེར་གྱི་མདོག་ཅན་རེ་རེ་ཡོད་དོ།། ལྷ་མོ་དེ་རེ་རེ་ལ་ཡང་འཁོར་ལྷ་མོ་འོད་ཟེར་ཅན་བརྒྱ་སྟོང་སྙེད་ཡོད་དོ། ། ལྷ་མོ་དེ་དག་ཀུན་ཀྱང་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་གྱི་རྒྱ་མཚོ་བསྔགས་ཤིང་སྒྲོགས་སོ།། བསྔགས་པའི་སྒྲས་འོག་མའི་ཕྱོགས་ནས་སྟེང་གི་ཕྱོགས་ཀྱི་གྲོང་ཁྱེར་སེར་རྒྱལ་དྲུག་གི་བར་དུ་འབྲུག་གི་སྐད་དང་འདྲ་བར་གྲགས་པར་གྱུར་ཏོ། ། བྱམས་པའི་སེམས་བསྔགས་པའི་ཚིག་གི་སྒྲ་དེ་གྲགས་པའི་ཆེན། ཀླུ་རྣམས་ཀྱི་བ་སྤུའི་ཐོག་མ་རེ་རེ་ལས་རིན་པོ་ཆེའི་སྤྲིན་རྣམས་བྱུང་སྟེ། རིན་པོ་ཆེའི་སྤྲིན་དེ་རེ་རེ་ལ་ཡང་སངས་རྒྱས་ཀྱི་ཞིང་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོད་པར་གྱུར་ཏོ།། ཞིང་དེ་རེ་རེ་ན་ཡང་སྤྲུལ་པའི་སངས་རྒྱས་རྡུལ་ཕྲ་མོའི་གྲངས་སྙེད་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་འོད་ཟེར་གོང་མ་དང་འདྲ་བ་འགྱེད་དོ།། འོད་ཟེར་དེ་དག་བྱུང་བའི་ཚེ་ན། འོག་མའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་གསེར་གྱི་རི་བརྒྱ་སྟོང་སྙེད་ཡོད་པར་གྱུར་ཏོ། ། གསེར་གྱི་རི་དེ་དག་ལ་རིན་པོ་ཆེའི་བྲག་ཕུག་ཁྲི་ཕྲག་དུ་མ་ཡོད་པར་གྱུར་པ་ནི། ཇི་ལྟར་སྤྲིན་ཆེན་པོ་འདུས་པ་ལྟ་བུའོ།། ། རིན་པོ་ཆེའི་བྲག་ཕུག་དེ་དག་གི་ནང་ན་སྤྲུལ་པའི་སངས་རྒྱས་སྐུའི་ཁ་དོག་དཀར་པོ་བཞུགས་ཏེ། འཁོར་ཡང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཁ་དོག་དཀར་པོ་ཤ་སྟག་གོ།། རིན་པོ་ཆེའི་བྲག་རི་གསེར་བཙོ་མའི་མདོག་ཅན་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། རྣམ་པར་སྤྲས་པ་དག་སངས་རྒྱས་ཀྱི་སྐུའི་གཡས་གཡོན་ན་ཡོད་དོ།། གཞན་ཡང་རིན་པོ་ཆེའི་གདུགས་དམ་པ་རི་རབ་ལྷུན་པོ་དང་མཉམ་པ་དང་། རིན་པོ་ཆེའི་མཁར་དྲི་ཟའི་གྲོང་ཁྱེར་ལྟ་བུའི་ཚད་མེད་པ་ཡོད་དོ།། རིན་པོ་ཆེའི་གདུགས་དེ་རེ་རེའི་བར་ན་འོད་ཟེར་བརྒྱ་སྟོང་དུ་མ་སྙེད་འཁྱིལ་ཅིང་འབྱུང་ངོ་།། འོད་ཟེར་དེ་དག་ལས་སེང་གེའི་ཁྲི་འབུམ་ཕྲག་དུ་མ་ཡོད་དེ། སེང་གེའི་ཁྲི་དེ་དག་རེ་རེའི་སྟེང་ན་ཡང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་རྣམས་ཀྱི་བ་སྤུའི་བུ་ག་ཀུན་ནས་འོད་ཟེར་གྲངས་མེད་པ་འགྱེད་དོ། ། འོད་ཟེར་རེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་སོ།། སངས་རྒྱས་དེའི་སྐུ་དྲང་ལ་རིང་བ་ནི་རི་རབ་ལྷུན་པོ་དང་མཉམ་མོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་སོ་སོ་ནས་ཚིགས་སུ་བཅད་པ་བརྒྱ་སྟོང་སྙེད་ཀྱིས་སྲོག་མི་གཅོད་པའི་ལེགས་པ་དང་བསྔགས་པ་བརྗོད་དེ། སྲོག་མི་གཅོད་པ་ནི་བྱམས་པའི་རྩ་བའོ།། བྱམས་པ་ནི་སྨན་དམ་པ་སྟེ། འཁོར་བའི་ཉེས་པ་ཡོངས་སུ་སྤོང་བའོ།། བྱམས་པ་ནི་མིག་ཡོངས་སུ་དག་པ་སྟེ། ལྷ་དང་མིའི་ལམ་ཡོངས་སུ་སྟོན་པའོ། ། ཞེས་སྤྲུལ་པའི་སངས་རྒྱས་དེ་དག་ཀུན་གྱིས་བྱམས་པའི་སེམས་ཀྱིས་བསྔགས་པ་བརྗོད་ནས། སོ་སོ་ནས་འདི་ལྟ་བུའི་སྤྲུལ་པའི་ངག་མཛད་དེ། བཻཌཱུཪྻའི་རི་ཚད་མེད་པ་སྤྲུལ་ནས་རིདེ་ལ་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཡོད་དེ། བྱང་ཆུབ་སེམས་དཔའ་དེ་རེ་རེ་ལ་ཡང་འཁོར་ཚངས་པའི་རྒྱལ་པོ་ཁྲི་ཕྲག་དུ་མ་སྙེད་ཀྱིས་བསྐོར་ཅིང་། རྣལ་འབྱོར་ཅན་གྱི་དྲུང་དུ་ལྷགས་ནས། རིན་པོ་ཆེའི་རི་ལས་གསུང་སྐད་འཐུན་པར་ཚིག་འདི་སྐད་དུ་ཆོས་འཆད་དོ།། ཀྱེ་རིགས་ཀྱི་བུ་ཁྱོད་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོས་བྱམས་པ་ལ་ནན་ཏན་ཆེན་པོ་བྱའོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱམས་པའི་སེམས་ཀྱིས་སངས་རྒྱས་ཀྱི་བློ་གྲོས་ཆེན་པོ་བརྙེས་པར་གྱུར་ཏོ།། ཁྱོད་ཀྱང་སྲོག་ས་གཅོད་པའི་ཁྲིམས་ཡོངས་སུ་སྲུང་ཞེས་བྱམས་པ་དང་། སྙིང་རྗེ་ཆེན་པོ་ལ་ནཱན་ཏན་དུ་བྱའོ་ཞེས་འཆད་ཅིང་སྟོན་ཏོ།། དེའི་ཚེ་གང་ཞིག་ལྷ་དང་། ཀླུ་དང་། གནོད་སྦྱིན་གྱི་འཇིག་རྟེན་དུ་བཅས་པ་དེ་དག་ཐམས་ཅད་ལ་འོད་འདིས་རེག་པར་གྱུར་པ་འམ། ཚིག་འདི་ཐོས་པར་གྱུར་པ་དེ་འདི་ནས་ཚེ་ཕོས་ནས་སྐྱེ་བ་ཕྱི་མར་གདོན་མི་ཟ་བར་ཚངས་པའི་འཇིག་རྟེན་དུ་སྐྱེའོ།། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་པའི་གསུང་རབ་འདི་མ་བརྗེད་མ་ཉམས་པར་དགེ་སློང་གི་རྣམས་སྤྱོད་དུ་ཆུ་གང་ཤིག། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་ཞིག་ཚིག་འདི་ཐོས་ནས། ཆོས་འདི་སེམས་ཤིང་ཡང་དག་པར་དྲན་པ་ཡིད་ལ་བྱེད་དམ་སྙོམས་པར་ཞུགས་སམ། ཏིང་ངེ་འཛིན་ལས་མི་གཡོ་ཞིང་སེམས་ཕྱིར་མི་ནུར་ནས། ཐེག་པ་ཆེན་པོའི་སེམས་བསྐྱེད་ན། སྐྱེས་བུ་དེ་རྨི་ལམ་ན་རྟག་ཏུ་འོད་ཟེར་འདི་མཐོང་ཞིང་སྤྲུལ་པའི་སངས་རྒྱས་ཀྱིས་བྱམས་པའི་ཆོས་སྟོན་པ་ཐོས་ཏེ། སད་ནས་ཀྱང་གཟུངས་སུ་འཛིན་ཅིང་མི་བརྗེད་པ་དང་། དོན་ཟབ་མོ་ལ་མཁས་པ་དང་། ཆོས་ཉིད་ཀྱི་དོན་ལ་སེམས་པས་བྱམས་པའི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་རོ། ། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་། བའོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་ཆོས་འདི་སེམས་པ་འམ། འཛིན་པར་གྱུར་པ་དེ་ནི་སེམས་ཡོངས་སུ་རྣམ་པར་དག་ཅིང་། སངས་རྒྱས་རྣམས་ཀྱི་ཐུགས་དང་འདྲ་བར་རིག་པར་བྱའོ།། དེ་ནས་བསྐལ་པ་ཁྲི་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་གྱུར་ལ། རྟག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེ་ཞིང་། སངས་རྒྱས་རྣམས་དང་ཕྲད་པ་དང་། ཕྲད་ནས་ཀྱང་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་པ་དང་། ཆོས་ཐོས་ནས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཕྱི་མ་མ་འོངས་པའི་དུས་ན་མངོན་པར་འཚང་རྒྱ་བར་འགྱུར་རོ། ། འོད་འབུམ་ཕྲག་གཅིག་གིས་ནི་ཤར་ཕྱོགས་ལོགས་སུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་སྣང་བར་བྱས་ཏེ། ཤར་ཕྱོགས་ཀྱི་ས་གཞི་ཀུན་དཀར་ཁྱད་གངས་ཀྱི་རི་དང་འདྲ་བར་གྱུར་ཏོ།། གངས་ཀྱི་རི་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་དཀར་པོའི་འོད་ཀྱི་སྤྲིན་ལྡིང་ངོ་།། རིན་པོ་ཆེ་དཀར་པོའི་སྤྲིན་གྱི་དབྱིབས་ཀྱང་རིན་པོ་ཆེའི་ཁང་པ་བརྩེགས་པ་ལྟ་བུ་སྟེ། རིན་པོ་ཆེའི་དྲ་བས་བླ་རེར་བྲེས་ཤིང་། རིན་པོ་ཆེའི་དྲིལ་བུ་ཁྲི་ཕྲག་དུ་མ་དཔྱངས་སོ།། རིན་པོ་ཆེའི་དྲིལ་བུ་དང་དྲ་བའི་མིག་ནས་འོད་དཀར་པོ་ཁྲི་ཕྲག་བཅུ་སྙེད་འབྱུང་ངོ་། ། འོད་ཟེར་དཀར་པོ་དེ་དག་ལས་གསེར་བཙོ་མའི་ཁང་པ་བརྩེགས་པ་གྲངས་མེད་པར་གྱུར་ནས། གསེར་གྱི་ཁང་པ་བརྩེགས་པ་དེ་རེ་རེའི་སྟེང་ན་ཡང་སྤྲུལ་པའི་སངས་རྒྱས་སྟོང་སྟོང་སྙེད་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཞི་བཅུ་སྙེད་དོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ།། དེ་དག་ཀུན་ཀྱང་བྱམས་པའི་ཆོས་སྲོག་མི་གཅོད་པ་བསྟོད་ཅིང་བསྔགས་ཏེ། སྟོན་ཅིང་འཆད་པའི་ཚིགས་སུ་བཅད་པའི་སྒྲ་ཡང་ཁྲི་ཕྲག་སྟོང་སྙེད་དོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། བསྐལ་པ་འབུམ་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་རོ། ། འོད་ཟེར་འབུམ་ཕྲག་གཅིག་གིས་ནི་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ཏེ། དེའི་ས་གཞི་ཀུན་ཀྱང་ཁ་དོག་ལེ་བརྒན་ལ་གསེར་གྱི་འོད་འཕྲོ་བར་སྣང་སྟེ། ལེ་བརྒན་ལྟ་བུའི་ཁ་དོག་གི་འོད་ཀྱིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་དེ་རིན་པོ་ཆེ་དཀར་པོའི་འོད་ཀྱི་སྤྲིན་ལྟ་བུར་གྱུར་ཏོ།། ཁ་དོག་ལེ་བརྒན་དང་དཀར་པོ་དང་། གསེར་འོད་རབ་ཏུ་དབྱེ་ཞིང་སྤྲིན་གྱི་བར་མཚམས་ན་སྤྲུལ་པའི་སངས་རྒྱས་མང་པོ་བཞུགས་ཏེ། མུ་ཏིག་དཀར་པོའི་ཁ་དོག་དང་བཻ་ནྱཪྻ་སྔོན་པོའི་འོད་དང་། གསེར་དམ་པའི་པདྨས་སངས་རྒྱས་ཀྱི་གདན་དུ་གྱུར་ཏོ། ། གསེར་གྱི་པདྨོའི་སྟེང་ན་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྙེད་བཞུགས་ཏེ། ཐམས་ཅད་འཐུན་པར་གསེར་བཙོ་མའི་མདོག་ལྟ་བུའོ།། གཞན་ཡང་རིན་པོ་ཆེའི་འོད་ཟེར་ཁྲི་ཕྲག་བརྒྱ་སྙེད་ཀྱིས་སྤྲིན་དཀར་པོའི་འོད་ཟིལ་གྱིས་མནན་ཏེ། འོད་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་སྙེད་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀུན་གསུང་འཐུན་པར་སྲོག་མི་གཅོད་པ་དང་། བྱམས་པ་དང་། སྙིང་རྗེ་ཆེན་པོ་བསྔགས་ཤིང་སྟོང་དེ་སྒྲོགས་སོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བདེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་གིས་ཆོས་འདི་ཐོས་པ་འམ། ཆོས་འདི་སེམས་པ་འམ། ཆོས་འདི་རྗེས་སུ་དྲན་པར་བྱས་ན། རྟག་ཏུ་རྨི་ལམ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཐོང་ཞིང་། བཅོམ་ལྡན་འདས་ཀྱི་སྐུའི་ལྟེ་བ་ནས་འོད་གཟེར་ཆེན་པོ་བཀྱེ་བ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས། འོད་གཟེར་གྱི་མཚན་ནི་སྔ་མར་བཤད་པ་བཞིན་ནོ།། གང་ཟག་དེ་སྐྱེས་པའི་གནས་ཐམས་ཅད་དུ་མངལ་གྱི་གནས་སྤོང་བར་འགྱུར་ཞིང་། རྟག་ཏུ་ཡོངས་སུ་དག་པའི་འཇིག་རྟེན་དུ་སྐྱེ་བ་དང་། མཐོ་རིས་སུ་ཡང་རྫུས་ཏེ་སྐྱེ་བར་འགྱུར་རོ།། འོད་འབུམ་ཕྲག་གཅིག་གིས་ནི་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ཏེ། འོད་དེའི་ཁ་དོག་ནི་རྣམ་པ་སྣ་ཚོགས་པ་སྟེ། ཉི་ཟླ་དང་། སྐར་མ་ལྟ་བུའོ།། ཉི་ཟླ་དང་སྐར་མ་ལྷ་བུའི་བར་བར་ན་རིན་པོ་ཆེ་སྣ་བདུན་གྱི་ནོར་བུ་འོད་འབར་པ་གྲངས་མེད་པ་ཡོད་དོ།། ནོར་བུ་དེ་ལ་ལ་ལས་ནི་འོད་གཟེར་ལྟ་བུའི་ཆུ་འབབ། ནོར་བུ་དེ་ལ་ལ་ལས་ནི་འོད་གཟེར་ལྟ་བུའི་མེ་འབར། ནོར་བུ་དེ་ལ་ལ་ལས་ནི་འོད་ཟེར་ལྟ་བུའི་ཤིའི་སྐྱེས་ཏེ། ཤིང་དེ་ཡང་རིན་པོ་ཆེ་སྣ་བདུན་གྱི་ཤིང་སྟེ་འབྲས་བུ་ནི་རྡོ་རྗེའོ། ། ནོར་བུ་དེ་ལ་ལ་ལས་ནི་འོད་གཟེར་ལྟ་བུའི་མེ་ཏོག་གྲངས་མེད་པ་སྐྱེས་སོ།། ཉི་མ་དང་ཟླ་བའི་འོད་ཀྱི་ནང་ན་ཡང་ལྷའི་གཞལ་མེད་ཁང་དཔག་ཏུ་མེད་པ་རྣམ་པར་རྒྱལ་བ་ཡོད་དེ། དེ་ན་ཚངས་པའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཚངས་པ་ཀུན་རིས་ཀྱི་པོ་ཆེ་སྣ་བདུན་དང་ལྡན་པ་གནས་སོ།། སྐར་མའི་འོད་ཀྱི་ནང་ན་དབང་ཕྱུག་གི་གཞལ་མེད་ཁང་དཔག་ཏུ་མེད་པ་ཡོད་དེ། དེ་ན་ཡང་དབང་ཕྱུག་ཆེན་པོ་འཁོར་དང་བཅས་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་སྣང་ངོ་།། ལྷའི་གཞལ་མེད་ཁང་དེ་གཅིག་གི་ནང་ན་ཡང་ཚངས་པའི་རྒྱལ་པོ་ཁྲི་ཕྲག་བརྒྱ་སྟོང་། སྙེད་དེ། ཚངས་པའི་རྒྱལ་པོ་དེ་རེ་རེ་ལ་ཡང་ལྷའི་འཁོར་གྲངས་མེད་པ་སྙེད་དོ།། དབང་ཕྱུག་གི་ལྷ་ཆེན་པོ་ལ་སོགས་པའི་གྲངས་ནི་ཤེས་པར་ཡང་མི་ནུས་སོ།། རིན་པོ་ཆེའི་ནོར་བུ་རྣམས་ལས་བཻཌཱུཪྻའི་འོད་ཀྱི་ནང་ན་གསེར་བཙོ་མ་ལྟ་བུའི་གཟུགས་དམ་པ་མཛེས་པར་སྣང་ཞིང་། གཟུགས་ཀྱི་སྐུ་དེ་ཡང་རིན་པོ་ཆེ་དཀར་པོའི་གདན་ལ་བཞུགས་སོ།། རིན་པོ་ཆེ་དཀར་པོའི་གདན་ལ་མུ་ཏིག་དམར་པོའི་དོ་ཤལ་འཕྱང་ངོ་། ། མུ་ཏིག་དམར་པོའི་འོད་དེའི་ནང་ན་མུ་ཏིག་ལཱ་ཁུའི་ཁ་དོག་ལྟ་བུའི་སྤྲུལ་པའི་སངས་རྒྱས་བཞུགས་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་དང་ལྷ་རྣམས་ཀྱི་གསུང་སྐད་འཐུན་པར་སྲོག་མི་གཅོད་པ་ལ་ནན་ཏན་དུ་བྱེད་ཅིང་བྱམས་པ་དང་། སྙིང་རྗེ་ཆེན་པོ་སྤྱོད་པ་ལ་བསྟོད་ཅིང་བསྔགས་པ་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་གིས་ཡིད་ལ་འདུ་ཤེས་སུ་བྱེད་པའམ། སེམས་ཀྱིས་ཡང་དག་པར་རྗེས་སུ་དྲན་པར་བྱསན་རྟག་ཏུ་རྨི་ལམན་ཡང་སངས་རྒྱས་ཀྱིས་བྱམས་པའི་ཆོས་སྟོན་ཅིང་འཆད་པ་མཐོང་ཞིང་ཐོས་ཏེ། བསྐལ་པ་འབུམ་ཕྲག་དུ་མ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་རོ།། འོད་འབུམ་ཕྲག་གཅིག་གིས་ནི་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཀུན་སྣང་བར་བྱས་ནས། བྱང་ཕྱོགས་ཀྱི་ས་གཞི་དེ་དག་ཀུན་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ཁ་དོག་ལྟ་བུར་གྱུར་ཏེ། དེ་ལ་སྤུར་ལོང་དང་ཤེལ་དཀར་པོ་དང་། མུ་ཏིག་སྣ་ཚོགས་དང་། སྡུག་དང་། བཻ་རྒྱུན་དང་། གསེར་ལ་སོགས་པ་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་རྣམ་པར་སྨྲས་སོ།། རློན་པོ་ཆེ་དེ་རེ་རེ་ལ་ཡང་འོད་ཁྲི་དྲུག་བཅུ་སྙེད་ཡོད་དེ། འོད་དེ་རེ་རེ་ལས་འོད་ཀྱི་སེང་གེ་རེ་རེར་གྱུར་ཏོ།། སེང་གེའི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་གདུགས་རེ་རེ་ཡོད་པར་གྱུར་ཏེ། རིན་པོ་ཆེའི་གདུགས་དེ་ཡང་ཤིན་ཏུ་མཐོ་ཞིང་མཛེས་པ་ནི་རི་རབ་ལྷུན་པོ་དང་འདྲའོ། ། གདུགས་ཀྱི་སྙིང་པོ་ནི་བཻ་རཱཪྻ་དམ་པ་སྟེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གིས་ཡོངས་སུ་བརྒྱན་ཏོ།། མེ་ཏོག་དེ་རེ་རེ་ལ་ཡང་སྤྲུལ་པའི། སངས་རྒྱས་འབུམ་ཕྲག་དུ་མ་སྙེད་བཞུགས་སོ།། སངས་རྒྱས་དེ་དག་རེ་རེའི་ཞིང་ཡང་འཛམ་བུའི་ཆུ་བོའི་གསེར་གྱི་ཁ་དོག་ལྟ་བུའོ།། སངས་རྒྱས་རྣམས་ཀྱི་དབུ་ནི་བཻ་རླུརྱ་མཐོན་མཐིང་གི་ཁ་དོག་གོ། སྐུནི་རིན་པོ་ཆེ་ཁྲི་ཕྲག་དུ་མའི་ཁ་དོག་གོ། ཕྱག་ནི་མུ་ཏིག་དམར་པོའི་ཁ་དོག་གོ། ཕྱག་གི་མཐིལ་ནི་པདྨ་དཀར་པོའི་ཁ་དོག་གོ།། ཕྱག་གི་སེན་མོ་རྣམས་ནི་གསེར་གཙོ་མའི་ཁ་དོག་གོ། ཞབས་ཀྱི་བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེ་ནྱ་ཡའི་རྗེ་ངར་ལྟ་བུ་ནི། མེ་ཏོག་ཨུ་དུམ་འབར་བའི་ཁ་དོག་གོ།། ཞབས་ཀྱི་མཐིལ་འཁོར་ལོའི་མཚན་ནི་རིན་པོ་ཆེ་ཨིན་དྲ་ནཱི་ལའི་ཁ་དོག་གོ། ཞབས་ཀྱི་སེན་མོ་རྣམས་ནི་ཟངས་ཀྱི་ཁ་དོག་ལྟ་བུ་ལ་འོད་འབར་བའོ། ། ཞབས་ཀྱི་མཐིལ་ནས་འོད་རྣམ་པ་ལྔ་བཀྱེ་སྟེ། དབུ་འདབ་ཀྱི་མཚན་ལ་ཐུག་ནས་སྤུའི་བ་སྤུའི་བུ་ག་ཐམས་ཅད་དུ་ཞུགས་སོ།། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་འོད་གཅེར་མང་པོ་བྱུང་ངོ་། ། བ་སྤུའི་བུ་གའི་འོད་ཟེར་དེ་གཅིག་གི་ནང་ན་མང་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བཅུ་སྙེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་ལྟེ་བ་ན་པདྨོ་ཆེན་པོ་རེ་རེ་ཡོད་དེ། པདྨོ་དེ་ཡང་རིན་པོ་ཆེ་བརྒྱ་ལས་གྲུབ་པ་སྟེ། ཚེ་ཁྱད་ཀྱང་རི་རབ་ལྷུན་པོ་ཙམ་མོ།། པདྨོ་དེ་ཡང་ཆེན་པོ་དེའི་སྟེང་ན་ཡང་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་ཞུགས་སོ།། སངས་རྒྱས་དེའི་སྐུ་ཆེ་ཁྱད་ཀྱང་པདྨོ་དང་མཉམ་སྟེ། དེ་དག་ཀུན་གྱི་ལྟེ་བ་ནས་བྱུང་བ་ཡང་གོང་མ་དང་འདྲའོ།། མཚན་འདི་དག་བསྟན་པའི་ཚེ་ན་རིན་པོ་ཆེའི་འོད་ཀྱི་སེང་གེ་རྣམས་སྤུངས་ཤིང་འདྲོགས་པའི་ཚུལ་བསྟན་ནས། འོད་གཟེར་སྤྲོས་པ་ལས། སེང་གེ་རྣམས་ཀྱི་སྤུའི་ཐོག་མ་ལ་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་རྒྱ་སྙེད་ཡོད་པར་གྱུར་ཏོ།། སངས་རྒྱས་ཀྱི་ཞིང་གཅིག་ཅིང་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨོ་བརྒྱ་སྟོང་སྙེད་ཀྱིས་རྣམ་པར་བཀོད་དོ། ། པདྨོ་དེའི་སྟེང་ན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱ་ཕྲག་སྟོང་སྙེད་བཞུགས་སོ།། བྱང་ཆུབ་སེམས་དཔའ་དེ་དག་ཀུན་གྱི་སྐུ་ལྟེ་བའི་མཚན་ཡང་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་ནོ། ། བྱང་ཆུབ་སེམས་དཔའ་དེ་དག་གི་ཁ་དོག་མང་པོའི་འོད་གཟེར་རྣམས་འདུས་པ་ལས་འོད་ཀྱི་རི་གཅིག་ཏུ་གྱུར་ནས། རཾ་དེ་མཐོལ་གསལ་བ་ནི་གསེར་གཙོ་མའི་ཁང་པ་བརྩེགས་བ་ལྟ་བུའོ། ། ཁང་པ་བརྡེགས་པ་དེའི་གྲཝ་བཞིན་ཚངས་པའི་རྒྱལ་མཚན་ཆེན་པོ་བཞི་ཡོད་དེ། རྒྱལ་མཚན་དེའི་ཟློག་མ་ལ་སངས་རྒྱས་ཀྱི་ལྡིང་ཁྲི་ཕྲག་བཞི་བཞི་ཡོད་། ཞིང་དེ་རེ་རེ་ན་ཡང་མཆོད་རྟེན་ཆེན་པོ་བརྒྱ་ཕྲག་སྐྱོང་སྐྱེད་ཡོད་དེ། མཆོད་རྟེན་དེ་ནང་གི་ཆུང་ངུ་ཡང་འཛམ་དུའི་གླིང་ནས་ཚངས་པའི་འཇིག་རྟེན་ལ་ཐུག་སྟེ།། རིན་པོ་ཆེའི་དབྱིག་དམ་པ་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་ཏོ། ། རིན་པོ་ཆེའི་མཆོད་རྟེན་རྣམས་དང་། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀུན་ཀྱང་། སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་ཀྱི་ཆོས་རྣམས་བསྟོད་ཅིང་བསྔགས་པ་སྒྲོགས་སོ།། སེམས་ཅན་གང་དག་འོད་གཟེར་འདི་མཐོང་ཞིང་རྟོགས་ན། ཤཱ་རིའི་བུ་དང་འདྲ་བར་བློ་གྲོས་ཆེན་པོར་འགྱུར་ཞིང་། དགའ་བོཔོ་དང་འདྲ་བར་ཐོས་པ་འཛིན་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་ད་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག། མཚན་འདི་མཐོང་བར་འདོད་ན། བྱམས་པའི་སེམས་བསྐྱེད་དེ། སྲོག་མི་བཅོད་པའི་ཁྲིམས་ཡོངས་སུ་སྲུང་ཞིང་ཕྱོགས་བཅུའི་སྐྱེ་བོ་ཐམས་ཅད་ཀྱི་ཕྱིར། སྤྱད་པ་འདི་སྤྱོད་པ་ནི་བསམ་གཏན་མ་བྱས་ཀྱང་། རྟག་ཏུ་རྨི་ལམ་ན་ཡང་གོང་དུ་བཤད་པའི་འོད་གཟེར་དང་། སྤྲུལ་པའི་མང་པོ་དག་མཐོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། གང་དག་ཚིག་འདི་གཟུངས་སུ་འཛིན་པ་དེ་ནི། སངས་རྒྱས་ཀྱི་ཐུགས་ཡོངས་སུ་འཛིན་པའོ།། གང་གིས་འདི་ལྟར་རྗེས་སུ་དྲན་པར་བྱེད་པ་ནི། སངས་རྒྱས་ཀྱི་ཐུགས་རྗེས་སུ་དྲན་པར་བྱེད་པའོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ནི། བྱམས་པ་དང་སྙིང་རྗེའི་བདྨག་ཅིད་ཆེན་པོའོ།། སྐུ་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཆེན་པོ་སྨོན་པ་དང་། སྤོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྙིང་རྗེ་བོ་དང་། དྲན་པ་ཉེ་བར་གཞག་པ་གསུམ་གྱིས་ཡོངས་སུ་བརྒྱན་ཏེ། གང་དེ་ལྟར་རྗེས་སུ་དྲན་པར་བྱེད་པ་ནི། སངས་རྒྱས་ཀྱི་ཐུགས་ཡང་དག་པར་རྗེས་སུ་དྲན་པར་བྱེད་ཅིང་འཛིན་པའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུའི་ལྟེ་བའི་མཚན་ཕྱོགས་གཅིག་ཙམ་བཤད་པ་ཡིན་ཏེ། ཐུགས་ཀྱི་སྤྱོད་ཡུལ་ནི་གཞན་ལས་རྒྱས་པར་འཆད་དོ། ། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ། ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་གང་གིས། ཆོས་འདི་ཡིད་ལ་བྱེད་དམ། ཆོས་འདི་འཛིན་ཅིང་རྗེས་སུ་དྲན་པར་བྱེད་ན། ཚེ་འདི་ཉིད་ལ་སྡིག་པ་མི་དགེ་བའི་ལས་ཀྱིས་བསྒྲིབས་པ་ཀུན་ཡོངས་སུ་བྱང་ཞིང་དག་པར་འགྱུར་རོ།། འོད་འབུམ་ཕྲག་གཅིག་གིས་ནི་ཤར་ལྷོའི་ཕྱོགས་མཚམས་སྣང་བར་བྱས་ཏེ། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་བར་མཚམས་མེད་པར་གསེར་གྱི་འཁོར་ལོར་གྱུར་ཏོ།། གསེར་གྱི་འཁོར་ལོ་དེ་དག་ལས་འཁོར་ལོ་གྲངས་མེད་པར་གྱུར་ཏེ། འཁོར་ལོ་དེ་རེ་རེ་ལ་ཡང་དག་རིན་པོ་ཆེ་སྣ་བདུན་དང་བཅས་སོ།། གསེར་གྱི་འཁོར་ལོ་དེ་གཅིག་ཅིང་ཡང་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཁྲི་ཕྲག་བརྒྱ་སྙེད་དོ།། འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་རེ་རེ་ལ་ཡང་བུ་སྟོང་སྟོང་དང་དམག་རྣམ་བཞི་དང་བཅས་སོ། ། རིན་པོ་ཆེ་སྣ་བདུན་དེ་ལས་འོད་ཟེར་ཆེན་པོ་འབྱུང་བ་ནི། དུད་པ་འམ་སྤྲིན་ལྟ་བུ་སྟེ། འོད་དེ་རེ་རེ་ལ་ཡང་པདྨོ་ཆེན་པོ་རེ་རེ་ཡོད་དོ། ། པདྨོ་དེ་ཡང་གཅིག་ལ་གཅིག་མཚམས་འབྲེལ་ཏོ།། པདྨོའི་མཚམས་དང་བར་ཀུན་ནས་ཉི་མ་ལྟ་བུའི་འོད་ཆེན་པོ་འབྱུང་སྟེ། ཉི་མ་ལྟ་བུའི་འོད་རེ་རེ་ལ་ཡང་གསེར་གྱི་ཁ་དོག་ལྟ་བུའི་བགླང་རེ་རེ་ཡོད་དེ། དེ་ལ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རེ་རེ་བཅིབས་སོ།། བ་གླང་དེ་དག་ལ་བཅིབས་པའི་ཚེ་ན་བརྗོད་ཀྱིས་མི་རྫོགས་པའི་མཚན་དང་། དཔེ་བྱད་མང་པོ་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འོད་གཟེར་འདུས་པ་ལས་སངས་རྒྱས་ཀྱི་སྐུ་གཅིག་ཏུ་གྱུར་ཏེ། སངས་རྒྱས་ཀྱི་སྐུའི་ཁ་དོག་ཀྱང་གསེར་བཙོ་མ་ལྟ་བུ་སྐུའི་ཚད་ཀྱང་དཔག་ཏུ་མེད་གཞལ་དུ་མེད་པའོ། ། དེ་དག་ཀྱང་སྐུ་ལྟེ་བའི་མཚན་སྟོན་ཏེ། དེའི་འོད་གཟེར་དང་མཚན་བཟང་པོ་ཡང་གོང་དུ་བཤད་པ་བཞིན་ནོ།། འོད་ཀྱི་ནང་ནས་སྣང་བར་གྱུར་པ་ཐམས་ཅད་ཀྱང་ཁྲིམས་ལྔ་དང་དགེ་བ་བཅུ་བསྟོད་པ་དང་། ཆོས་དང་འདུལ་བ་དང་། དེ་བཞིན་གཤེགས་པའི་མཚན་དང་དཔེ་བྱད་བཟང་པོ་རྗེས་སུ་དྲན་པ་ལ་བསྔགས་པ་བརྗོད་པ་དང་། འཁོར་ལོ་སྒྱུར་བའི་རྒྱལ་པོ་རྣམས་ཀྱང་ལག་ན་གསེར་གྱི་འཁོར་ལོ་ཐོགས་ཏེ། དགེ་བ་བཅུའི་ཆོས་སྒྲོགས་སོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ། ། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས།། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་འདི་ལྟར་སེམས་ཤིང་འདུ་ཤེས་པ་འམ། ཡིད་ལ་བྱེད་ཅིང་ཆོས་འདི་རྗེས་སུ་དྲན་པར་བྱེད་ན། བསྐལ་པ་ཁྲི་ཕྲག་ཉི་ཤུའི་འཁོར་བའི་ཉེས་པ་འབྱུང་ཞིང་རྟག་ཏུ་མཐོ་རིས་སུ་སྐྱེས་ཏེ། དགེ་བ་བཅུའི་ཆོས་ཐོས་པར་འགྱུར་རོ།། འོད་འབུམ་ཕྲག་གཅིག་གིས་ནི་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་སྣང་བར་བྱས་ཏེ། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད། ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྣ་ཚོགས་སུ་གྱུར་ཏོ།། ནོར་བུ་དེ་རེ་རེ་ཡང་འོད་གཟེར་སྟོང་སྟོང་འབར་རོ།། འོད་གཟེར་དེ་དག་འདུས་པ་ལས་རིན་པོ་ཆེའི་ཁང་པ་བརྩེགས་པ་དཔག་ཏུ་མེད་པར་གྱུར་ཏོ། ། ཁང་པ་བརྩེགས་པ་དེའི་གྲཝ་བཞིན་ཡང་རིན་པོ་ཆེའི་རི་རབ་གླིང་བཞི་པ་ལ་ཉི་ཟླ་གཟའ་སྦྱར་དང་བཅས་པ་གླིང་ཕྲན་བཅུ་གཉིས་ཀྱིས་བསྐོར་བ་འོད་གཟེར་མང་པོ་དང་བཅས་པ་རེ་རེ་ཡོད་དོ། ། རི་རབ་ལྷུན་པོ་དེ་རེ་རེ་ལ་ཡང་རིན་པོ་ཆེའི་བྲག་ཕུག་འོད་འབར་བ་གྲངས་མེད་པ་སྙེད་དོ།། བྲག་ཕུག་དེ་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་སྙེད་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཚད་མེད་པ་ཟངས་མེད་པ་སྙེད་དོ། ། སྤྲུལ་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དེ་དག་ཀུན་ཀྱང་དགེ་བ་བཅུའི་ཆོས་སྟོན་ཅིང་བསྔགས་སོ།། དེ་ལ་དེ་ལྟར་བལྟ་བར་བྱའོ།། གང་གིས། དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག། འདི་ལྟར་སེམས་ཤིང་འདུ་ཤེས་པ་དང་། ཡིད་ལ་བྱེད་པ་འམ། ཆོས་འདི་རྗེས་སུ་དྲན་པར་བྱས་ན། བསྐལ་པ་ཁྲི་ཕྲག་བཅུ་གཉིས་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་ཞིང་ཡོངས་སུ་དག་པའི་འཇིག་རྟེན་དུ་ཡིད་ལ་བསམ་པ་བཞིན་དུ་སྐྱེ་བར་འགྱུར་རོ། ། འོད་འབུམ་ཕྲག་གཅིག་གིས་ནི་ནུབ་བྱང་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་སྣང་བར་བྱས་ནས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད། པ་སྙེད་དེ་དག་འོད་དེས་ཤེལ་སྣ་ཚོགས་ཀྱི་ཁ་དོག་ཏུ་གྱུར་ཏེ། ཤེལ་ལེ་བརྒན་དང་དཀར་པོ་དང་། ལྗང་ཁུ་ལ་གསེར་དང་བཻ་ནྡཪྻ་དང་པདྨོ་རཱ་གས་ཀྱང་མཛེས་པར་བརྒྱན་ཅིང་སྨྲས་སོ།། ཤེལ་དང་རིན་པོ་ཆེ་དེ་དག་གི་འོད་གཟེར་ལས་རིན་པོ་ཆེའི་ཤིང་རྟ་ཁྲི་ཕྲག་དུ་མ་དུ་མ་སྙེད་བྱུང་ངོ་།། རིན་པོ་ཆེའི་ཤིང་རྟ་རྣམས་ཀྱི་ཁ་དོག་ཇི་ལྟ་བ་དེ་བཞིན་དུ་འོད་ཀྱི་ཁ་དོག་ཀྱང་དེ་བཞིན་དུ་འབར་རོ། ། ཤིང་རྟ་དེ་དག་གི་སྲོག་ཤིང་ནི་གསེར་བཙོ་མའི་ཁ་དོག་གོ།། དེ་ལྟ་བུའི་ཤིང་རྟ་དེ་དག་གི་སྟེང་ན་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དང་། རྒྱལ་མཚན་ཆེན་པོ་ཡོད་དེ། མཆོད་རྟེན་དང་རྒྱལ་མཚན་གྱི་རྩེ་མོ་ལ་རིན་པོ་ཆེའི་གདུགས་ཆེན་པོ་ཡོད་དོ།། གདུགས་དེ་ཡང་རིམ་པ་བཅུ་སྙེད་དོ།། གདུགས་དེ་ལས་འོད་གཟེར་སྟོང་སྟོང་སྙེད་འབར་རོ། ། རིན་པོ་ཆེའི་ཕྲེང་བ་མང་པོས་ཀྱང་ཤིན་ཏུ་མཛེས་པར་བརྒྱན་ཏེ། འོད་གཟེར་ཀྱང་དེའི་རྗེས་སུ་འཇུག་གོ།། དེ་ནས་ཡང་ཕྱིར་བྱུང་བ་དང་། དེ་ལས་སྤྲུལ་པའི་སངས་རྒྱས་མང་པོ་བྱུང་སྟེ། སངས་རྒྱས་དེ་དག་གི་སྐུའི་ཚད་ཀྱང་དཔག་ཚད་འབུམ་ཕྲག་ཁྲི་སྙེད་དོ།། སངས་རྒྱས་དེ་དག་རེ་རེའི་སྐུའི་ལྟེ་བ་ནས་ཀྱང་འོད་གྲངས་མེད་པ་བྱུང་སྟེ། འོད་དེས་ཀྱང་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། སྤྲུལ་པའི་སངས་རྒྱས་ཐམས་ཅད་སྣང་བར་བྱས་སོ།། སེམས་ཅན་གང་ཞིག་ལ་འོད་གཟེར་འདི་རེག་པར་གྱུར་པ་དེ་ཡང་དྲན་སོང་གསུམ་ལས་ཡོངས་སུ་ཐར་ཏེ། དྲན་སོང་གསུམ་གྱི་ཉེས་པས་མི་འཚེ་བར་འགྱུར་རོ།། འོད་གཟེར་དོ་དགའ་ཁྱིལ་ཅིང་འདུས་པ་ལས་འོད་ཀྱི་ཁང་པ་བརྩེགས་པ་ལྟ་བུར་གྱུར་ཏེ། སྤྲིན་ལྟར་སྟེང་གྱི་བར་སྣང་ལ་འཕགས་ཏེ་འོད་དེའི་ནང་ནས་སྤྲུལ་པའི་སངས་རྒྱས་བརྒྱ་སྟོང་དུ་མ་སྙེད་སྣང་ངོ་།། སྤྲུལ་པའི་སངས་རྒྱས་དེ་རེ་རེ་ལ་ཡང་ཉེ་གནས་ཀྱི་འཁོར་ཁྲི་ཕྲག་བརྒྱ་སྙེད་དེ། འོད་སྲུངས་ཆེན་པོ་ལྷར་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་དཀའ་ཐུབ་ཏུ་སྤྱོད་ཅིང་སེམས་ཅི་ལ་ཡང་མ་ཆགས་ཏེ། འཇིག་རྟེན་ལས་ཡོངས་སུ་འདའ་བ་ཤ་སྟག་གོ། དེ་ལ་དེ་ལྟར་བལྟ་བར་བྱའོ། ། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་དག་འདི་ལྟར་འདུ་ཤེས་པ་འམ། སེམས་ཤིང་ཡིད་ལ་བྱེད་པའམ། ཆོས་འདི་རྗེས་སུ་དྲན་པར་བྱས་ན། གང་ཟག་དེས་རྟག་ཏུ་སངས་རྒྱས་རྣམས་མཐོང་ཞིང་མྱུར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་དོན་རྟོགས་པ་དང་། བསྐལ་པའི་ཁྲི་ཕྲག་བཅུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་རིག་པར་བྱའོ།། འོད་འབུམ་ཕྲག་གཅིག་གིས་ནི་བྱང་ཤར་གྱི་ཕྱོགས་མཚམས་སྣང་བར་བྱས་ཏེ། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་འོད་ཀྱིས་ཡོངས་སུ་དག་ཅིང་རྙོག་པ་འམ། དྲི་མ་མེད་པ་ནི་ཤེལ་གྱི་སྒོ་ངའི་མེ་ལོང་ལྷར་ཕྱི་ནང་ཀུན་གསལ་བར་བྱས་སོ།། འོད་དེ་དག་གི་ནང་ནས་ཕྱོགས་བཅུའི་སངས་རྒྱས་ཀུན་ཀྱང་སྐུ་ལྟེ་བའི་མཚན་སྟོན་པར་སྣང་ངོ་།། སངས་རྒྱས་དེ་དག་རེ་རེའི་སྐུ་ལྟེ་བའི་འོད་གཟེར་གྱིས་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་སྙེད་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཞིང་རེ་རེར་ཡང་སྤྲུལ་པའི་སངས་རྒྱས་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་བཞུགས་པར་གྱུར་ཏོ། ། སངས་རྒྱས་དེ་རེ་རེ་ལ་ཡང་རྡུལ་ཕྲ་རབ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག་ཞབས་འབྲིང་འཁོར་དུ་གྱུར་ཏོ།། དེ་ལྟར་བྱང་ཆུབ་སེམས་དཔའ་དག་ཀྱང་ལྟེ་བའི་མཚན་སྟོན་ཏོ། ། འོད་ཟེར་ལས་གསེར་གྱི་ཀ་བ་དང་། རིན་པོ་ཆེའི་གདུང་མ་རྣམ་པར་རྒྱལ་བའི་ཁང་པ་ལྟ་བུར་བྲེས་ཏེ། དེ་ལས་རིན་པོ་ཆེའི་ཡང་ཐོག་དང་། སྤྲོག་མ་དང་སྒྲོམ་བུ་དང་། རིན་པོ་ཆེའི་བརྒྱན་ཕྲེང་ཚད་བརྗོད་དུ་མེད་པ་རྙེད་དེ། སྤྲིན་ལྷར་སྟེང་གི་ནམ་མཁའ་ལ་འཕགས་ཏེ་འོད་རབ་ཏུ་འབར་རོ།། རིན་པོ་ཆེའི་ཆ་རྒྱན་དེ་དག་ཀུན་ལས་འོད་ཟེར་སོ་སོ་ནས་འབུམ་ཕྲག་ཁྲི་ཁྲི་ཡོད་པར་གྱུར་ཏོ། ། འོད་ཟེར་འབུམ་ཕྲག་དེ་རེ་རེ་ལ་ཡང་སངས་རྒྱས་ཀྱི་སྐུ་དེ་སྙེད་གཅིག་ཏུ་གྱུར་ཏེ་སྣང་ངོ་།། སངས་རྒྱས་དེ་རེ་རེའི་སྐུ་ལ་ཡང་སྤྲུལ་པའི་འོད་ཟེར་རྡུལ་ཕྲ་རབ་སྙེད་འབྱུང་ཞིང་། འོད་དེའི་ཐོག་མ་ལེ་ཡང་སྤྲུལ་པའི་སངས་རྒྱས་སྐུ་ཡུངས་ཀར་གྱི་འབྲས་བུ་ཙམ་ཤ་སྟག་ཡོད་པར་གྱུར་ཏོ།། སངས་རྒྱས་སྐུ་ཕྲ་མོ་དེ་དག་གི་ལྟེ་བའི་མཚན་སྟོན་པ་ཡང་གོང་དུ་བཤད་པ་བཞིན་ནོ། ། དེ་ལྟར་སྐུ་ལྟེ་བའི་འོད་ཟེར་རྣམས་ཕྱོགས་བཅུ་ཀུན་ཏུ་སྣང་བར་བྱས་ནས། ཕྱིར་ཡང་སངས་རྒྱས་ཀྱི་ལྟེ་བར་ཞུགས་སོ།། སངས་རྒྱས་རྣམས་ཀྱི་ལྟེ་བ་ནས་བྱུང་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་ཀར་ཞུགས་སོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་ཀ་ནས་ཕྱིར་བྱུང་ནས་ཉན་ཐོས་རྣམས་ཀྱི་སྤྱི་བོར་ཞུགས་སོ།། ཉན་ཐོས་རྣམས་ཀྱི་སྤྲ་བོ་ནས་ཕྱིར་བྱུང་ནས་འོད་ཀྱི་སྤྲིན་ཆེན་པོ་ཚད་མེད་པར་གྱུར་ཏེ། དེ་གསེར་གྱི་ཁ་དོག་རིན་པོ་ཆེ་རྣམ་པ་སྣ་ཚོགས་པས་སྤྲས་ཤིང་བརྒྱན་ཏེ། སངས་རྒྱས་ཀྱི་ཞབས་ཀྱི་མཐིལ་དུ་ཞུགས་སོ། ། སངས་རྒྱས་རྣམས་ཀྱི་ཞབས་ཀྱི་མཐིལ་དུ་ཞུགས་ནས། ཞབས་ཀྱི་མཐིལ་ཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་ལས་ཀྱང་འོད་ཟེར་ཆེན་པོ་བྱུང་བར་གྱུར་ཏོ། ། འོད་ཟེར་དེ་ཡང་པདྨོ་ཆེན་པོ་ལྟ་བུ་སྟེ། པདྨོ་དེ་འདབ་ཆགས་སུ་གྱུར་ཏེ། སངས་རྒྱས་ལ་ལན་སྟོང་ཕྲག་བཅུ་བསྐོར་ནས། ཟངས་ཀྱི་ཁ་དོག་ལྟ་བུའི་ཞབས་ཀྱི་སེན་མོ་དང་། ཞབས་ཀྱི་སོར་མོའི་གོང་ནས་དབུའི་གཙུག་ཏོར་ལ་ཐུག་གི་བར་དུ་ཡོངས་སུ་བརྒྱན་ཏེ། སངས་རྒྱས་ཀྱི་སྐུའི་བ་སྤུའི་གའི་མཚན་རྣམས་པདྨོ་ཁ་བྱེ་བ་ལྷ་བུ་གྱུར་ནས། བ་སྤུའི་བུ་ག་གཅིག་གི་ནང་ན་ཡང་པདྨོ་བརྒྱད་ཁྲི་བནི་སྟོང་སྙེད་ཡོད་པར་གྱུར་ཏོ། ། པདྨོ་དེ་གཅིག་གི་སྲང་ན་ཡང་སྤྲུལ་པའི་སངས་རྒྱས་བརྒྱད་ཁྲི་བའི་སྤོང་སྦེད་བཞུགས་སོ།། སྤྲུལ་པའི་སངས་རྒྱས་རེ་རེ་རེའི་ཞབས་འབྲིང་ན་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་བཞི་སྟོང་སྙེད་དོ། ། བྱང་ཆུབ་སེམས་དཔའ་དེ་དག་རེ་རེའི་སྨིན་མཚམས་ཀྱི་འོད་ཟེར་གྱི་རྣམ་པ་ལས་སྒྲ་དབྱངས་སྣ་ཚོགས་བྱུང་སྟེ། དེ་ཡང་སངས་རྒྱས་ཀྱི་སྐུའི་ཡོན་ཏན་དང་མཚན་དང་། དཔེ་བྱད་བསྟོད་ཅིང་བསྔགས་པའི་སྒྲའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འོད་ཟེར་དང་། སྤྲུལ་པ་དེ་དག་བསྟན་ནས། རྒྱལ་པོ་ཡབ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་མཚན་གྱི་ཁྱད་པར་ནི་འདི་དག་སྟེ། སངས་རྒྱས་ཀྱི་ཐུགས་ནི་མ་གཏོགས་ཀྱི། སྤྱོད་ཡུལ་གཞན་ནི་གོང་དུ་བཤད་པ་དག་གོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་། དེའི་ཚེ་རྒྱལ་པོ་ཡང་དུག་པ་ལས་ལངས་ཏེ་གོས་ཚགས་བཅོམ་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་དང་། མཚན་ནི་ཐམས་ཅད་དུ་ཁྱད་པར་བསྟན་ན། བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་མཚན་དང་། སྤྱོད་ཡུལ་ཇི་ལྟ་བུ་དང་། མཚན་ཅི་འདྲ་བ་དང་། ནན་ཏན་ཅི་མཛད་པ་དང་། སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ཇི་ལྟ་བུ་དང་། ཐུགས་ཀྱི་འོད་ཟེར་ཇི་ལྟ་བུ་ལགས་པ་བསྟན་དུ་གསོལ་ཞེས་གསོལ་པ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་མཛད་དེ། ལྗགས་ཀྱི་མཚན་གྱི་འོད་ཟེར་ཡང་སྔར་བཤད་པ་བཞིན་དུ་སངས་རྒྱས་ལ་ལན་བདུན་བསྐོར་ནས་སངས་རྒྱས་ཀྱི་གཙུག་ཏུ་ནུབ་བོ། ། དེའི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གྲོལ་བའི་མཚག་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱལ་པོ་ཡབ་ཀྱིས་དེ་ལྟ་བུར་མཐོང་བར་བྱས་སོ། ། བཻ་ཌཱུཪྻའི་སྦུབས་སུ་གསེར་བཙོ་མ་གཟུགས་མཛེས་པ་གཞག་པ་ལྟར་ཤིན་ཏུ་མཛེས་པར་སྣང་བར་བྱས་ཏེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་མཛེས་པ་གསེར་བཙོ་མ་ལྟ་བུའི་ཐུགས་ཀ་ནས་མགུར་དུ་བཻ་ཌཱུཪྻའི་སྦུབས་ནས་ཟིལ་དངར་གྱི་རོ་དང་འོད་ཟེར་རྒྱུ་ཞིང་འབབ་ཏེ། དེ་བཞིན་གཤེགས་པའི་ཐུགས་པདྨོ་ལེ་བརྒན་ལྷ་བུ་ལ་གསེར་གྱི་པདྨོས་ཤིན་ཏུ་བརྒྱན་པར་མཐོང་ངོ་།། ཐུགས་པདྨོ་ལེ་བརྒན་ལྷ་བུ་ད་པདྨོ་ཁ་བྱེ་བ་ཡང་མ་ཡིན་ཏེ། དཔལ་གྱི་བེའུ་ལྟ་བུ་ལ་རྩ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དེ། རྩ་དེའི་རི་མོ་ཡང་ལྷའི་རི་མོ་ལྷ་བུ་དང་གཡུང་དྲུང་འཁྱིལ་བ་ལྟ་བུ་སྟེ། རི་མོའི་བར་མཚམས་ཀུན་ན་འོད་ཟེར་བརྒྱད་ཁྲི་བཞི་སྟོང་བཞི་སྟོང་སྙེད་ཡོད་དོ། ། འོད་ཟེར་དེ་རེ་རེ་ལ་ཡང་ཁ་དོག་བརྒྱད་ཁྲི་བཞི་སྟོང་སྙེད་དང་ལྡན་ནོ།། ཁ་དོག་གི་རྣམ་པ་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་སྐུ་ཚད་མེད་པ་རྡུལ་ཕྲ་རབ་ཀྱི་གྲངས་སྦེད་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཀུན་ཀྱང་རྡོ་རྗེའི་ཁང་པ་རྩེགས་པ་ན་བཞུགས་པར་སྣང་ངོ་།། རྡོ་རྗེའི་ཁང་པ་བརྩེགས་པ་གྲངས་མེད་པ་དེ་དག་ལས་ཀྱང་གསེར་གྱི་བདོག་ལྟ་བུའི་འོད་གྲངས་མེད་པ་སྙེད་འབྱུང་སྟེ། རྒྱས་པར་བཤད་དུ་བདེ་བར་མི་ནུས་སོ།། འོད་དེ་དག་རེ་རེའི་ནང་ན་ཡང་སྤྲུལ་སངས་རྒྱས་གྲངས་གོང་དུ་སྨོས་པ་བཞིན་དུ་བཞུགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་ལྷག་ཆེ་ཞིང་རིང་བའི་མཚན་ཕྱུང་ནས་དབུ་འདབ་ལ་ཐུག་གི་བར་དུ་ཡོག་སྟེ། འོད་རབ་ཏུ་འགྱེད་དོ།། སངས་རྒྱས་ཀྱི་ལྗགས་དེ་རེ་རེ་ལ་ཡང་འོད་ཟེར་ཁྲི་ཕྲག་བཅུ་སྙེད་དོ།། འོད་ཟེར་དེ་དག་ཀྱང་སྤྱིར་ཚོམ་བུ་རྣམ་པ་སྟོང་ཕྲག་བཅུར་གྱུར་ནས། འོད་ཟེར་དེ་རེ་རེ་ལ་ཡང་སྤྲུལ་བའི་སངས་རྒྱས་འབུམ་ཕྲག་བརྒྱ་སྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས། སྐུ་ཀུན་ཏུ་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སྐུའི་གཟུགས་དམ་པ་ཡང་ཏིང་ངེ་འཛིན་གྱི་རྒྱ་མཚོ་འདིར་སྣང་བར་གྱུར་ཏོ། ། བཅོམ་ལྡན་འདས་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་པའི་ཚེ་ན། གྲོང་ཁྱེར་སེར་སྐྱ་དང་། ནྱ་ཀྲོ་དྷའི་གཞལ་མེད་ཁང་དང་། འཛམ་བུ་གླིང་འདི་རིན་པོ་ཆེའི་པདྨོའི་ལྟ་བུར་གྱུར་ཏོ།། པདྨོའི་ཁབ་པ་བརྩེགས་པར་གྱུར་པའི་སྟེང་ན་ཤེར་གྱི་རྒྱལ་མཚན་ཆེན་པོ་ཡོད་དོ།། ཤེལ་གྱི་རྒྱལ་མཚན་གྱི་དབུ་རྩེ་ལ་ཤེལ་གྱི་མེ་ལོང་ཡོད་དོ། ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཐམས་ཅད་ཀྱང་དེར་སྣང་བར་གྱུར་ཏོ།། དེའི་ཚེ་འཁོར་མང་པོ་ཐམས་ཅད་ཀྱིས་སངས་རྒྱས་རྣམས་མཐོང་བར་གྱུར་ཏེ། ལ་ལས་ནི་སངས་རྒྱས་ཀྱི་སྐུ་ནམ་མཁའི་ཚད་དང་མཉམ་པ་གསེར་གྱི་ཁ་དོག་ཅན་དུ་མཐོང་ངོ་།། ལ་ལས་ནི་སྐུ་རི་རབ་ལྷུན་པོ་དང་འདྲ་བ་རིན་པོ་ཆེ་སྣ་བཞི་ལས་བྱས་པར་མཐོང་ངོ་།། ལ་ལས་ནི་སངས་རྒྱས་ཀྱི་སྐུ་བཻ་ཌཱུཪྻའི་ཁ་དོག་ལྟ་བུ་ལ་ཚད་ཀྱང་མཐོ་བརྒྱ་པར་མཐོང་ངོ་།། ལ་ལས་ནི་སངས་རྒྱས་ཀྱི་སྐུ་དངུལ་གྱི་ཁ་དོག་ལྟ་བུ་ལ་ཁྲུ་བརྒྱད་སྟོང་སྙེད་དུ་རིང་བར་མཐོང་ངོ་། ། ལ་ལས་ནི་སྐུ་དུང་གི་མདོག་གམ་ཟླ་བ་དྲི་མ་མེད་པ་ལྟ་བུ་ལ་སྐུ་ཆག་བཞི་བཅུ་རྩ་དགུ་པར་མཐོང་ངོ་།། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ནི་ཚད་བཞིན་དུ་མཐོ་བཅུ་དྲུག་པར་མཐོང་ངོ་། ། ལ་ལས་ནི་མཐོ་བདུན་པར་མཐོང་ངོ་།། ལ་ལས་ནི་མཐོ་གསུམ་པས་ཚངས་པའི་འཇིག་རྟེན་ལ་ཐུག་གི་བར་དུ་ཡོངས་སུ་གང་བབར་མཐོང་ངོ་། ། ལ་ལས་ནི་སོར་བདུན་པས་འཇིག་རྟེན་གང་བར་མཐོང་ངོ་།། དེ་དག་ཀུན་ཀྱང་འོད་ཟེར་དང་མཚན་དང་། དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པའོ།། ལ་ལས་ནི་ཡུངས་ཀར་གྱི་འབྲུམ་བུ་ཙམ་དུ་མཐོང་ངོ་། ། ལ་ལས་ནི་གསེར་གྱི་ཁྲེའི་འབྲས་བུ་ཙམ་དུ་མཐོང་ངོ་།། ཡི་དགས་རྣམས་ཀྱིས་ནི་རྡུལ་ཕྲ་མོ་ཙམ་དུ་མཐོང་སྟེ། ཡི་དགས་རྣམས་ཀྱིས་དེ་ལྟ་བུར་མཐོང་བ་དང་། ཡི་དགས་ལུས་ཆུང་ངུ་མ་རྣམས་རབ་ཏུ་དགའ་བར་གྱུར་ཏོ། ། མཚན་དང་དཔེ་བྱད་བཟངས་པོ་རྗེས་སུ་དྲན་པ་རྟོགས་པའི་ལེའུ་བཞི་པའོ།། །། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཀྱི་རྒྱ་མཚོ་ཞེས་བྱ་བའི་མདོ། ། བམ་པོ་ལྔ་པ།། ། དེའི་ཚེ་སངས་རྒྱས་ཀྱི་ཐུགས་པདྨོ་ལ་བརྒན་ལྟ་བུ་ལས། པདྨོའི་འདབ་མའི་བར་དང་། མཚམས་ཀུན་ནས་འོད་ཟེར་བ་དོག་དཀར་པོ་བརྒྱད་ཁྲི་བཞི་སྟོང་སྙེད་བྱུང་སྟེ། འོད་དེས་རྒྱུད་ལྔའི་སེམས་ཅན་ཀུན་མཐའ་ཡས་པར་ཐམས་ཅད་སྣང་བར་བྱས་སོ།། འོད་ཟེར་འདི་དག་བྱུང་བའི་ཚེ། སྡུག་བསྔལ་གྱིས་གདུངས་པ་སེམས་ཅན་མང་པོ་མངོན་ཏུ་སྣར་བར་གྱུར་པ་ནི། འདི་ལྟ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་། སེམས་ཅན་དམྱལ་བ་ཆུང་ངུ་བཅོ་བརྒྱད་དང་། རབ་ཏུ་གྲང་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། མུན་པ་ནག་པོའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། མཚོན་གྱི་འཁོར་ལོའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། རལ་གྲིའི་ཚལ་གྱི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ཤིར་ཏུ་དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ཆུ་ཚན་ཁོལ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ཐལ་ཆུའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། མཚོན་གྱི་ནགས་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། རལ་གྲིའི་སྡོང་པོའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་ལྕགས་ཀྱི་སྡོང་པོའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་ཐག་ཟུངས་ཀྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་དང་། ལྕགས་ཀྱི་ཁང་པའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། རྡོ་ཟུར་མང་གི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་དང་། དེ་དག་ལ་སོགས་པ་སེམས་ཅན་དམྱལ་བ་མང་པོ་དག་ཡོད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཞེ་ན། མནར་མེད་པའི་ཚེ་གྲང་གིས་གདུངས་པ་དང་མགོན་དང་། སྐྱབས་མེད་པའི་སྒྲ་སྐད་དུ་ནི། ཨ་བྱི་ཞེས་འདོན་ཏོ།། ཨ་ཞེས་བྱ་བ་ནི་མེད་པའོ།། བྱི་ནི་མཚམས་སོ།། ཨ་ཞེས་བྱ་བ་ནི་མེད་པའོ།། བྱི་ནི་སྐྱབས་སོ།། ཨ་ཞེས་བྱ་བ་ནི་མཚམས་མེད་པའོ།། བྱི་ནི་མི་གཡོ་འོ།། ཨ་ཞེས་བྱ་བ་ནི་རབ་ཏུ་ཚ་བའོ།། བྱི་ནི་རབ་ཏུ་གདུང་བའོ།། ཨ་ཞེས་བྱ་བ་ནི་རབ་ཏུ་གྲང་བའོ།། བྱི་ནི་རབ་ཏུ་གདུང་བའོ།། ཨ་ཞེས་པ་ནི་མི་དལ་བའོ།། བྱི་ནི་མི་སྡོད་པའོ།། སྡུག་བསྔལ་ཆེན་པོ་ལས་མི་དལ་མི་སྡོད་པའི་ཕྱིར་ན་མནར་མེད་པ་ཞེས་བྱའོ། ། ཨ་ཞེས་པ་ནི་མེ་ཆེན་པོའོ།། བྱི་ནི་རབ་ཏུ་ཚ་བའོ།། རབ་ཏུ་ཚ་བའི་མེ་འབར་བས་སྙིང་ལ་གདུངས་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཞེས་བྱའོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ནི། ཆུ་ཞེང་གབ་པར་དཔག་ཚད་བརྒྱ་སྟོང་སྙེད་དེ། མཐའ་མ་ཡང་ལྕགས་ཀྱི་མཁར་མེ་འབར་བ་རིམ་པ་བདུན་གྱིས་བསྐོར་ཏོ། ། འོག་ཀྱང་ལྕགས་ཀྱི་དྲ་བ་མེ་འབར་བ་རིམ་པ་བདུན་ནོ།། འོག་ན་བར་ཆད་འབར་བ་བཅོ་བརྒྱད་ཡོད་དེ། ཁོ་ར་ཁོར་ཡུག་ཏུ་རལ་གྲིའི་ཚལ་རིམ་པ་བདུན་ཡོད་དོ། ། མཁར་རིམ་པ་བདུན་གྱི་བར་ན་ཡང་རལ་གྲིའི་ནགས་ཚལ་རིམ་པ་བདུན་ཡོད་དོ།། འོག་གི་བར་ཆང་རིམ་པ་བཅོ་བརྒྱད་ལ། བར་ཆད་དེ་གཅིག་ལ་ཡང་དྲ་མིག་དང་རིམ་པ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དེ། དེའི་གྲཝ་བཞི་ན་ཡང་ཟངས་ཀྱི་ཁྱི་རེ་རེ་ཡོད་དོ།། ཁྱི་དེ་བཞིའི་ལུས་ཀྱི་ཚད་ཀྱང་དཔག་ཚད་བཞི་བཅུ་སྙེད་དོ།། མིག་ནི་གློག་ལྟར་འབར།། མཆེད་ནི་རལ་གྲི་ལྷར་རྣོའོ། ། སོ་རྣམས་ནི་མཚོན་གྱི་རི་ལྟར་འདུག་ལ། ལྕེ་ནི་ལྕགས་ཀྱི་གཟེ་མ་ལྟར་རྩུ་བ་ལ་ལུས་ཀྱི་སྤུ་ཐམས་ཅད་ལས་ཀྱང་མེ་རབ་ཏུ་འབར་ཏེ། དེ་ལས་དུད་པ་རབ་ཏུ་དྲིམི་ཞིམ་པ་ནི། འཇིག་རྟེན་གྱི་དྲི་མི་ཞིམ་པ་གང་གིས་ཀྱང་དཔེར་མི་བཟོད་པ་དག་འཁྲིགས་སོ།། སེམས་ཅན་དམྱལ་བའི་སྲུངས་མ་བཅོ་བརྒྱད་ཡོད་དོ།། མགོ་ཡང་སྲིན་པོའི་མགོ་ལྟ་བུ་ལ། ཁ་ཡང་སྲིན་པོའི་ཁ་འདྲ་བ་སྟེ། མགོ་ལ་མིག་དྲུག་ཅུ་རྩ་བཞི་སྙེད་ཡོད་དོ།། མིག་ནས་ལྕགས་ཀྱི་ཐུ་ལུམ་དཔག་ཚད་ཕྱེད་པ་དག་འབེབས་སོ།། ཁྱིའི་མཆེ་བ་དེ་རིང་ཁྱད་ཀྱང་དཔག་ཚད་བཞི་སྡེ་མཆེ་བ་དེའི་ཐོག་མ་ལ་མེ་རབ་ཏུ་འབྲར་ཞིང་། ལྕགས་ཀྱི་ཤིང་རྟ་ཡང་འབར་བར་བྱེད་དོ།། ལྕགས་ཀྱི་ཤིང་རྟ་དེའི་འཁོར་ཟེ་རེ་ལ་ཡང་དེ་ལྟར་འབར་བའི་མཚོན་གྱི་འཁོར་ལོ་དང་། རལ་གྲིའི་འཁོར་ལོ་རབ་ཏུ་རྣོ་བ་དག་འབྱུང་ངོ་།། མེ་དེ་སྙེད་ཀྱིས་མནར་མེད་པའི་སེམས་ཅན་དམྱལ་བ་བསྲེགས་ཏོ།། མནར་མེད་པའི་སེམས་ཅན་དམྱལ་བ་ཡོངས་སུ་གདུངས་སོ།། དམྱལ་བའི་སྲུངས་མའི་མགོ་ལ་གླང་གི་མགོ་བརྒྱད་ཡོད་དེ། གླང་གི་མགོ་གཅིག་ལ་ཡང་རཱ་བཅོ་བརྒྱད་ཡོད་དོ།། རྭའི་རྩེ་མོ་དེ་རེ་རེ་ལ་ཡང་མེའི་ཕུང་པོ་རེ་རེ་བྱུང་ངོ་།། མེའི་ཕུང་པོ་དེ་རེ་རེ་ལ་ཡང་མེའི་དྲ་བ་བར་ཆད་བཅོ་བརྒྱད་དུ་གྱུར་ནས། ཤིང་རྟའི་འཁོར་ལོ་ཙམ་གྱི་མེའི་རལ་གྲིའི་འཁོར་ལོར་གྱུར་ཏོ།། འཁོར་ལོ་དེ་འདབ་ཆགས་སུ་མེ་འབར་བའི་ནང་ནས་དཀྲིགས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་གཤེགས་ཅིང་སྲེག་གོ། ། ལྕགས་ཀྱི་ཁྱི་རྣམས་ཁ་གདངས་ཤིང་ལྕེ་ལྕགས་ཀྱི་གཟེ་མ་དང་འདྲ་བ་ཕྱུང་ནས་ས་ལ་ཕབ་པའི་ཚེ། གདུག་པའི་ལྕེ་མེ་འབར་བ་གྲངས་མེད་པར་གྱུར་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཡོངས་སུ་གང་ངོ་།། ལྕགས་ཀྱི་མཁར་རིམ་པ་བདུན་གྱི་བར་ན་ལྕགས་ཀྱི་རྒྱལ་མཚན་འབར་བ་གྲངས་མེད་པ་ཡོད་དོ།། རྒྱལ་མཚན་གྱི་རྩེ་མོ་ནས་ལྕགས་ཚན་གྱི་ཁུ་བ་ལུད་ཅིང་། ཆུ་མིག་དྲག་པོ་ལྟར་འབབ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཡོངས་སུ་གང་ངོ་།། མནར་མེད་པའི་སེམས་ཅན་དམྱལ་བ་ལ་སྒོ་བཞི་ཡོད། དེ། སྒོའི་ཐེམ་པ་ན་ཕངས་ཚན་འབར་བ་བརྒྱད་ཅུ་བརྒྱད་ཅུ་སྙེད་ཡོད་དོ།། ཕངས་ཀྱི་ནང་ནས་ལྕགས་ཚན་གྱི་ཁུ་བ་ལུད་ཅིང་འབོ་སྟེ། མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཡོངས་སུ་གང་ངོ་། ། བར་ཆད་དེ་རེ་རེ་ན་ཡང་ལྕགས་ཀྱི་སྦྲུལ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དེ། ཁ་ནས་གདུག་པ་དང་མེ་འབྱིན་ཏོ།། སྦྲུལ་གདུག་པ་ཅན་དེས་སེམས་ཅན་དམྱལ་བའི་ལུས་ལ་ཡོངས་སུ་གང་སྟེ། སྐད་འབྱིན་པ་ན་འབྲུག་ལྟར་སྐད་རབ་ཏུ་ཆེ་བ་སྒྲོགས་ཤིང་ལྕགས་ཀྱི་ཐུ་ལུམ་ཡང་ཆར་བཞིན་དུ་འབེབས་པས། མནར་མེད་པའི་སེམས་ཅན་དམྱལ་བར་ཡོངས་སུ་གང་ངོ་།། སེམས་ཅན་དམྱལ་བའི་སྡུག་བསྔལ་འདི་ནི་སྡུག་བསྔལ་འབུམ་ཕྲག་བརྒྱད་ཁྲི་སྙེད་ཀུན་འདི་ན་ཚང་བར་ཡོད་དོ།། སེམས་ཅན་དམྱལ་བའི་གནས་དེ་ན་ལྕགས་ཀྱི་སྲིན་བུ་ཁྲི་ཕྲག་ལྔ་བརྒྱད་སྙེད་ཡོད་དེ། སྲིན་བུ་གཅིག་ལ་ཡང་ཁ་བརྒྱད་ཁྲི་བཞི་སྟོང་སྙེད་དོ།། དེའི་ཁ་ནས་མེ་ཆར་བཞིན་དུ་འབེབས་པས། མནར་མེད་པའི་སེམས་ཅན་དམྱལ་བར་ཡོངས་སུ་གང་ངོ་།། སྲིན་བུ་ཆེན་པོ་དེ་ཆར་བཞིན་དུ་བབས་པའི་ཚེ་ན། མནར་མེད་པའི་སེམས་ཅན་དམྱལ་བའི་མེ་ཡང་རབ་ཏུ་ཆེར་འབར་ཏེ། མེའི་འོད་ཀྱིས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་སྙེད་ཁོ་ར་ཁོར་ཡུག་ཀུན་སྣང་བར་བྱེད་དོ།། མི་དེས་མནར་མེད་པའི་སེམས་ཅན་དམྱལ་བ་ནས། རྒྱ་མཚོ་དང་རི་རབ་ཏུ་གདུངས་པ་ཞེས་བྱ་བ་ལ་ཐུག་གོ།། རྒྱ་མཚོའི་གཏིང་ནས་ཀྱང་ཞིང་རྟའི་སྲོག་ཤིང་ཙམ་གྱི་ལྕགས་ཀྱི་སྨང་དུ་གྱུར་ནས་མནར་མེད་པའི་སེམས་ཅན་དམྱལ་བར་ཡོངས་སུ་གང་ངོ་། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གང་སློབ་དཔོན་དང་། ཕ་མ་བསད་བ་དང་། གཉེན་གྱི་དྲུག་བརྒྱུད་ལ་སྤྱོ་ཞིང་སྤོང་པ་དང་། གཤེ་ཞིང་བརྒྱད་པ་དང་། སེམས་ཅན་ཉོན་མོངས་པ་རྣམས་ལ་སྙིང་མི་བརྩེ་བ་དང་། གཡོ་སྒྱུས་ལོག་པར་འཚོ་བ་དང་། སེམས་ཅན་མང་པོའི་སྲོག་བཅད་པ་དང་། མི་དགེ་བ་བཅུ་དང་། མཚམས་མེད་པའི་ལས་བྱས་པ་དག། འཆི་འཕོའི་དུས་བྱེད་པ་ན་ལྕགས་ཀྱི་ཁྱི་རྣམས་ཁ་གདངས་པ་གསེར་ལྟ་བུའི་ཤིང་རྟ་བཅོ་བརྒྱད་དུ་སྤྲུལ་པ་ལ། སྟེང་ཡང་རིན་པོ་ཆེའི་གདུགས་བྲེས་པ་ལྷར་སྤྲུལ་ཏེ། མེ་ལྕེ་ཐམས་ཅད་ཀྱང་བུ་མོ་གཞོན་ནུར་སྤྲུལ་ནས། སྤྲོ་བ་སྐྱོད་པར་གྱུར་ཏོ།། སྡིག་པ་ཅན་དེས་རྒྱང་ནས་མཐོང་བ་དང་རབ་ཏུ་དགའ་བའི་སེམས་བསྐྱེད་དེ། བདག་དེར་འགྲོ་ན་རེ་དགའ་སྙམ་ནས། བདག་དེར་འགྲོའོ་ཞེས་སྨྲས་པ་དང་། དེ་མ་ཐག་ཏུ་རླུང་གི་མཐུས་རབ་ཏུ་གྲང་བར་གྱུར་ཏེ། སྐད་ཆེན་པོ་ཕྱུང་ནས་མེ་ཚ་བ་ཞིག་དང་ཕྲད་ན་ཅི་མ་རུང་སྐམ་བསམས་ཏེ་བརྗོད་ནས། ཤིང་རྟ་དེའི་སྟེང་ན་འདུག་ཅིང་། མེ་ཚ་བ་ཞིག་དང་ཕྲད་ན་རེ་དགའ་སྙམ་བསམས་པ་དང་། དེ་མ་ཐག་ཏུ་ཉམ་ཐག་ནས་ཚེ་འཕོས་ཏེ། གསེར་གྱི་ཤིང་རྟ་འབར་བའི་སྟེང་ན་འདུག་ཅིང་། བུ་མོ་གཞོན་ནུ་རྣམས་ཀྱང་ལག་ན་སྟ་རེ་རྣོན་པོ་རེ་རེ་ཐོགས་ཤིང་ལུས་ལ་གཅོད་ཅིང་གཤགས་པ། ཤིང་རྟའི་འོག་ནས་མེ་རབ་ཏུ་འབར་ཏེ། དཔེར་ན་སྟོབས་པོ་ཆེ་ཞིག་ལག་ངར་བརྐྱང་བ་ལས་བསྐུམ་པ་ཙམ་གྱི་སྲིད་དུ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། བར་ཆད་ལྷག་མ་ནས་མེ་མགལ་བསྐོར་བའི་འཁོར་ལོ་བཞིན་བར་ཆད་ནང་གི་འོག་མར་ཕྱིན་ཏེ། བར་ཆད་ཀུན་ཏུ་ལུས་ཀྱིས་ཡོངས་སུ་གང་ངོ་། ། ཟངས་ཀྱི་ཁྱིས་སྐད་ཆེན་པོ་ཕྱུང་ནས། རུས་པ་འཆའ་ཞིང་རྐང་འཇིབ་བོ།། སྲུངས་མ་སྲིན་པོས་ནི་ལག་ན་མདུང་རྩེ་ཁ་བྲག་པ་ཐོགས་ནས་མགོ་ལ་བཙུགས་ཏེ་ཕྱིར་བསླང་ངོ་། ། དེ་ཉིད་དུ་ལུས་ཀུན་ནས་མེ་འབར། མནར་མེད་པའི་སེམས་ཅན་དམྱལ་བར་ཡོངས་སུ་གང་ངོ་།། ལྕགས་ཀྱི་དྲ་བ་ལས་རལ་གྲི་འབར་བ་ཆར་བཞིན་དུ་འབབ་སྟེ། ཁུས་ཀྱི་བ་སྤུའི་བུ་ག་ཀུན་དུ་ཟུག་གོ། ། དེའི་ཚེ་སྤྲུལ་པའི་གཤིན་རྗེ་འོངས་ནས་སྐད་ཆེན་པོས་འདི་སྐད་ཅེས་སྨྲའོ།། གླེན་པ་གཏི་མུག་ཅན་དམྱལ་བའི་ས་བོན་ཁྱོད་སངས་རྒྱས་དང་ཆོས་དང་སློབ་དཔོན་དང་ཕ་མ་ལ་སྲི་ནུ་མ་བྱས་ཏེ། ང་རྒྱལ་གྱིས་ཆོས་ལོག་པ་སྤྱད་པས་ཁྱོད་ཀྱིས་སྐྱེ་བའི་གནས་འདི་ནི་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ཞེས་བྱའོ།། ཁྱེད་བྱས་པ་མི་ཤེས་ཤིང་དྲིན་དུ་མི་གཟོ་བས།། ངོ་ཚ་བ་དང་ཁྲེལ་དང་གཞུང་མེད་པས་འདི་ལྟར་སྡུག་བསྔལ་གྱིས་གདུངས་པར་གྱུར་པ་འདི་ལ་ད་བདེ་བ་ཅི་ཡོད་ཅེས་སྨྲས་ནས་མི་སྣང་བར་གྱུར་ཏོ། ། དེའི་ཚེ་ན་དམྱལ་བའི་སྲུངས་མས་སྡིག་པ་ཅན་དེ་བར་ཆད་འོག་མ་ནས་བར་ཆད་ལྷག་མའི་བར་དུ་བར་ཆད་བརྒྱད་ཁྲི་བཞི་སྟོང་སྙེད་ཀུན་ཏུ་འདས་ནས། ཀུན་ལ་ལུས་ཀྱིས་འགྲོ་ཞིང་འགྲོ་སྟེ། ལྕགས་ཀྱི་དྲ་བའི་མཐར་ཕྱིན་ཏོ།། ཉིན་ཞག་གཅིག་གིས་ལན་རེ་འཁོར་རོ།། མནར་མེད་པའི་ཉིན་ཞག་གཅིག་ལ་ནི་འཛམ་བུའི་གླིང་གི་ལོ་དང་ཟླ་བ་དང་། ཞག་དང་ཉི་མས་བགྲང་བའི་བསྐལ་པ་ཆུང་ངུ་དྲུག་ཅུ་སྙེད་དེ། དེའི་ཚེའི་ཚད་ནི་བསྐལ་པ་ཆེན་པོ་གཅིག་གོ། མཚམས་མེད་པ་ལྔ་བྱས་པའི་གང་ཟག་སྡིག་པ་ཅན་དེ་དག་འཆི་འཕོ་བའི་དུས་བྱེད་པ་ན། རླུང་གི་མཚོན་ཆ་འབར་བ་ལྕགས་ཀྱི་ཤིང་རྟ་དང་དྲ་བ་བཅོ་བརྒྱད་ཀྱིས་ལུས་གཏུབ་གཤག་ཏེ། མེ་རབ་ཏུ་ཚ་བས་སྙིང་ལ་གདུངས་པས་འདི་སྙམ་དུ་བདག་མེ་ཏོག་སྣ་ཚོགས་དང་ལྡན་པའི་བསིལ་གྲིབ་ཅན་གྱི་ཤིང་ཆེན་པོ་ཞིག་གི་འོག་ན་རྩེ་ན་རེ་དགའ་སྙམ་བསམས་པ་དང་། དེ་མ་ཐག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བའི་མཚོ་གྱི་ནགས་ཚལ་ཐམས་ཅད་རིན་པོ་ཆེའི་ནགས་ཚལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་རྒྱས་པ་ལྷ་བུར་སྤྲུལ་པ་རབ་ཏུ་དཀྲིགས་པར་གྱུར་ཏེ། མེ་ལྕེ་ཐམས་ཅད་ནི་ཤིང་རྩ་ནས་པདྨོ་ལྟ་བུར་སྤྲུལ་ཏེ་སྤྲོ་བ་བསྐྱེད་པ་དང་། སྡིག་པ་ཅན་དེས་མཐོང་བ་དང་བདག་གི་ཡིད་ལ་འདོད་པ་དང་ཕྲད་དོ་སྙམས་བསམས་ནས། བུ་ཡུག་དྲག་པོ་བས་ཀྱང་མགྱོགས་པར་མེའི་པདྨོའི་སྟེང་དུ་འདུག་པར་གྱུར་པ་དང་། དེ་མཐག་ཏུ་ལྕགས་ཀྱི་སྲིན་བུ་རྣམས་ཀྱང་མེའི་ནང་ནས་བྱུང་སྟེ། རུས་པ་དང་། རྐང་གི་ནང་དུ་ཐལ་བྱུང་དུ་སོང་ནས། སྙིང་དང་གླད་པའི་ནང་དུ་ཡང་ཐལ་བྱུང་དུ་སོང་ངོ་།། འཕོངས་ནས་ཤིང་ལ་འཇུས་ཏེ་འཛེགས་པ་དང་། ཐམས་ཅད་རལ་གྲི་འབར་བར་གྱུར་ཏེ་ཡན་ལག་དང་རུས་པ་ཀུན་དུམ་བུར་ཆད་དེ། རལ་གྲིའི་འཁོར་ལོ་གྲངས་མེད་པ་སྙེད་ཀྱང་སྟེང་ནས་འབབ་བོ།། མེའི་ཤིང་རྟ་དང་། ལྕགས་ཚན་འབར་བ་དང་། སྡུག་བསྔལ་གྱི་དངོས་པོ་བཅོ་བརྒྱད་ཀྱང་དུས་གཅིག་ཏུ་འདུས་ནས་བ་སུའོ།། དེ་ལྟར་གྱུར་པ་དང་ས་ལ་འགྱེལ་ཏོ།། བར་ཆད་འོག་མར་ལུས་པདྨོ་ཁ་བྱེ་དང་འདྲ་བར་རལ་ཞིང་གས་པས་ཡོངས་སུ་གང་ངོ་། ། བར་ཆད་འོག་མ་ནུས་བར་ཆད་གོང་མར་རིམས་བཞིན་དུ་འཕར་ཏེ། མེ་རབ་ཏུ་འབར་བས་བསྲེགས་པས་བར་ཆད་ཀུན་ཏུ་ལུས་ཀྱིས་གང་སྟེ། ཚ་བས་ཡོངས་སུ་གདུངས་པས།། མག་དགྲད་ཁ་གདངས་ཏེ་ལྕེ་འབྱིན་ཏོ།། སྡིག་པ་ཅན་དེ་ལ་སྡིག་པའི་ལས་ཀྱིས་ལྗགས་ཚན་གྱི་ཁུ་བ་ཁྲི་ཕྲག་བརྒྱད་སྟོང་དང་། མཚོན་གྱི་འཁོར་ལོ་བརྒྱ་སྟོང་སྙེད་འབབ་ཅིང་འབོ་སྟེ། སྤྱི་བོར་ཕོག་ནས་རྐང་མཐིལ་དུ་ཐལ་བྱུང་དུ་བྱུང་ངོ་། ། སྡུག་བསྔལ་གྱི་དངོས་པོ་རྣམས་ནི་བཤད་པ་བས་ཀྱང་བརྒྱ་སྟོང་གིས་ལྷག་པར་མི་ཟད་དོ།། མཚམས་མེད་པ་ལྔ་བྱས་པའི་སྡིག་པ་ཅན་དེ་ནི་བསྐལ་པ་ཡང་ལྔ་ཚང་བར་སྡུག་བསྔལ་མྱོང་བར་འགྱུར་རོ། ། སེམས་ཅན་གང་ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཞིག་པ་དང་། སྤྲིན་བདག་དད་པའི་སྦྱིན་པ་ཆུད་གསན་པ་དང་། ངན་པར་ལྟ་བའི་སེམས་ཀྱིས་ཆོས་ལ་སྐུར་པ་འདེབས་པ་དང་། ལས་ལེགས་ཉེས་ཀྱི་འབྲས་བུ་མི་ཤེས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་འཆད་པ་དང་སློབ་པའི་བར་ཆད་བྱེད་པ་དང་། ཕྱོགས་བཅུའི་སངས་རྒྱས་ལ་དབང་བཟས་པ་དང་། དགེ་འདུན་གྱི་དཀོར་སྡུ་ལ་བརླབས་པ་དང་། མི་རིགས་པ་ལ་མི་ཚངས་པར་སྤྱོད་པ་དང་། དགེ་སློང་མ་དང་། མ་སྲིང་དུ་གྱུར་པའི་གཉེན་པ་ལ་མི་ཚངས་པར་སྤྱོད་པ་དང་། ཁྲེལ་བ་དང་། ངོ་ཚ་མེད་པ་དང་། གཉེན་གྱི་དྲུག་རྒྱུད་ལ་སྤྲོ་ཞིང་བརྒྱད་དེ་མི་རིགས་པའི་ལས་བྱས་པའི་སྡིག་པ་ཅན་དེ་འཆི་འཕོ་བའི་དུས་ན་ཡང་རླུང་གི་མཚོན་ཆས་ལུས་གཤེགས་ཅིང་བདེ་བར་ཉལ་དུ་ཡང་མེད་དེ། ལྕགས་མེས་བཞུ་བ་བཞིན་དུ་འམ་ཐག་ནས་སེམས་ཀྱང་མྱོས་པར་གྱུར་ཏེ། མིག་ལམ་ན་བདག་གི་འཁོར་ཡུལ་དང་། ཁྱིམ་དང་གནས་དང་ནོར་རྫས་དང་། ཟས་སྙོམས་ལ་སོགས་པ་ཐམས་ཅད་མི་གཙང་བ་དང་། ངན་སྐྱུགས་ཀྱིས་གང་བར་མཐོང་སྟེ། དེའི་ཚེ་སྡིག་པ་ཅན་དེ་འདི་སྐད་དུ་ཅིའི་ཕྱིར་གནས་འདི་དག་ན་གནས་བཟང་པོ་རི་དང་ཚལ་དུ་ལྡན་པ་མེད་དམ། ཅི་སྟེ་འདི་ལྟ་བུའི་མི་གཙང་བས་གང་བའི་གནས་འདིར་བཞག་ཅེས་སྨྲའོ་དེ་སྐད་སྨྲས་མ་ཐག་ཏུ་སྲུངས་མ་སྲིན་པོས་མདུང་རྩེ་ཁ་བྲག་པའི་ཁ་ནས། མནར་མེད་པའི་སེམས་ཅན་དམྱལ་བ་དང་། རལ་གྲིའི་ཚལ་དང་། མེ་མུར་དང་ལྕགས་ཚན་ལ་སོགས་པ་རྣམས་རིན་པོ་ཆེའི་ཤིག་དང་། བསིལ་བའི་རྫིང་བུར་སྤྲུལ་ཏེ་ཁྱེར་ནས། མེ་ལྕེ་རྣམས་ཀྱང་གསེར་གྱི་པདྨོར་སྤྲུལ་ཏེ། སྲིན་བུ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱང་བྱ་ངུར་པར་སྤྲུལ་ནས། དམྱལ་བའི་སྐད་ཨ་བྱི་ཞེས་བྱ་བའི་སྒྲ་ནི་གླུ་དབྱངས་སུ་སྤྲུལ་ཏེ། སྤྲོ་བ་བསྐྱེད་དོ།། སྡིག་པ་ཅན་དེས་དེ་ལྟ་བུ་དག་མཐོང་ཞིང་ཐོས་པ་དང་། འདི་སྐད་དུ་འདི་ལྟ་བུའི་གནས་བཟང་པོར་ཅིའི་ཕྱིར་བདག་དེར་མི་འདུག་སྙམ་བསམས་པ་དང་། དེ་མ་ཐག་ཏུ་མེའི་པདྨའི་སྟེང་དུ་འདུག་པར་གྱུར་ཏོ། ། ལྕགས་ཀྱི་སྲིན་བུ་རྣམས་ཀྱང་བ་སྤུའི་བུ་ག་ཀུན་དུ་ཞུགས་ཏེ། ལུས་ཀུན་ནས་འབུགས་ཤིང་བའོ།། ལྕགས་ཀྱི་འཁོར་ལོ་འབར་བ་བརྒྱ་སྟོང་སྙེད་ཀྱང་མགོའི་སྲང་ནས་ཆར་བཞིན་དུ་བབ་ནས་མདུང་རྩེ་ཁ་བྲག་པ་གྲངས་མེད་པ་མིག་ཏུ་འཛུགས་ཤིང་མིག་གི་འབྲས་བུ་འབྱིན་ཏོ། ། སེམས་ཅན་དམྱལ་བའི་ཟབས་ཀྱི་ཁྱི་དང་། ལྕགས་ཀྱི་ཁྱི་བརྒྱ་སྟོང་མང་པོ་ཡང་འདུས་། དེའི་ལུས་ཁམ་ཚད་དུ་གཤག་ཅིང་སྙིང་ལ་ཟའོ།། སྡིག་པ་ཅན་དེའི་ལུས་དེ་མ་ཐག་ཏུ་ལྕགས་ཀྱི་པདྨོ་ལྷ་བུར་གྱུར་ཏེ་བར་ཆད་བཅོ་བརྒྱད་པོ་ཀུན་ཏུ་ཡོངས་སུ་གང་ངོ་།། ལུས་པདྨོ་ལྟ་བུར་གྱུར་པ་དེ་རེ་རེ་ལ་ཡང་ལུས་ཀྱི་ཡན་ལག་པདྨོའི་འདབ་མ་ལྟ་བུ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དོ། ། ཡན་ལག་དེ་རེ་རེས་ཀྱང་བར་ཆད་དེ་རེ་རེ་ཡོངས་སུ་གང་བར་གྱུར་ཏེ། བར་ཆད་རྣམས་ཀྱང་ཆེན་པོར་མ་འགྱུར་ལ། སེམས་ཅན་དམྱལ་བའི་ལུས་ཀྱང་ཆུང་ངུར་མ་སོང་སྟེ། དེ་ལྟ་བུའི་དམྱལ་བར་ཡོངས་སུ་གང་བར་གྱུར་ཏོ།། སྡིག་པ་ཅན་དེས་དེ་ལྟ་བུའི་དམྱལ་བ་ཆེན་པོར་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྡུག་བསྔལ་ཆེན་པོ་བླངས་ཏེ། དེའི་གནས་ནས་ཤི་སྟེ་ཡང་དམྱལ་བའི་ཤར་ཕྱོགས་ཀྱི་བར་ཆད་བཅོ་བརྒྱད་པོ་ཀུན་ནང་དུ་སྡུག་བསྔལ་ཆེན་པོ་སྔ་མ་བཞིན་དུ་ལེན་ཏོ།། དེ་བཞིན་དུ་མནར་མེད་པའི་ལྷོ་ཕྱོགས་ན་ཡང་བར་ཆད་བཅོ་བརྒྱད། ། ནུབ་ཕྱོགས་ན་ཡང་བར་ཆད་བཅོ་བརྒྱད་བྱང་ཕྱོགས་ན་ཡང་བར་ཆད་བཅོ་བརྒྱད་ཡོད་དོ།། དེ་དག་ཀུན་ཏུ་གང་ཤིན་ཏུ་རྒྱས་པའི་མདོ་ལ་བསྐུར་བ་བཏབ་པ་དང་། མཚམས་མེད་པ་ལྔའི་སྡོག་པ་བྱས་པ་དང་། མཐུན་པའི་བར་དུ་དབྱེན་བྱེད་པ་དང་། དགེ་སློང་མ་ལ་མི་ཚངས་པར་སྤྱད་པ་དང་། དགེ་བའི་རྩ་བ་ཡོངས་སུ་བཅད་པ་དང་། དེ་ལ་སོགས་པའི་སྡིག་བྱས་པ་དག་མནར་མེད་པའི་སེམས་ཅན་དམྱལ་བར་ལུས་ཀྱིས་ཡོངས་སུ་གང་སྟེ། ལུས་ཀྱི་ཡན་ལག་བཞིས་ཀྱང་བར་ཆད་བཅོ་བརྒྱད་ཀུན་ཏུ་གང་ངོ་།། མནར་མེད་པའི་སེམས་ཅན་དམྱལ། བ་འདི་དག་རྟག་ཏུ་དེ་ལྟར་འབར་རོ།། སེམས་ཅན་དམྱལ་བར་ས་བོན་བཏབ་པ་གང་ཟག་དེ་བསྐལ་པ་ཟད་དུ་ཉེ་བ་ན། དམྱལ་བའི་ཤར་ཕྱོགས་ཀྱི་སྒོ་བྱེད་ནས་སྒོའི་ཕྱི་རོལ་ན་ཆུ་མིག་དང་འབབ་ཆུ་དང་བསིལ་བའི་རྫིང་བུ་དང་། མེ་ཏོག་དང་འབྲས་བུའི་ཚལ་མང་པོ་སྣང་བར་གྱུར་ཏོ།། སྡིག་པ་ཅན་དེས་དེ་ལྟ་བུ་དེ་དག་མཐོང་བ་དང་། མིག་ནས་མེ་འབར་བ་ཅུང་ཟད་ཅིག་ཞི་ནས་པར་ཆད་འོག་མ་ནས་འཕྱེ་ཞིང་གོག་སྟེ་བར་ཆད་ལྷག་མར་ཕྱིན་ནས། རལ་གྲིའི་འཁོར་ལོ་ལ་འཇུ་སྟེ་བཟུང་བ་དང་། ནམ་མཁའ་ལས་ལྕགས་ཀྱི་ཐུ་ལུམ་འབར་བ་ཆར་བཞིན་དུ་བབ་སྟེ། ཤར་ཕྱོགས་ཀྱི་སྒོར་བརྒྱུགས་སོ།། སྒྲོའི་ཐེམ་པར་ཕྱིན་ནས་སྲུངས་མ་སྲིན་བུ་རག་ཤ་དང་ཡག་ཤ་མདུང་རྩེ་ཁ་བྲག་པས་མིག་ཏུ་བཙུགས་ཏེ་ཕྱིར་ཕུལ་ལོ།། ལྕགས་ཀྱི་ཁྱི་རྣམས་ཀྱིས་ཀྱང་བཟུང་ནས་དེ་ཉིད་དུ་བགྱེལ་ཏེ་གིའོ། ། ཤི་མ་ཐག་ཏུ་ཕྱིར་ཡང་སོས་ཏེ་དམྱལ་བའི་ལྷོ་སྒོ་བྱེ་བ་ཡང་སྔ་མ་བཞིན་ནོ།། དེ་བཞིན་དུ་ནུབ་སྒོ་དང་བྱང་སྒོར་ཡང་སྔ་མ་བཞིན་ཏེ། དེ་ལྟ་བུར་ཡང་བསྐལ་པ་ཕྱེད་ཀྱི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། ། མནར་མེད་པའི་སེམས་ཅན་དམྱལ་བ་དེ་ནས་ཤི་སྟེ་རབ་ཏུ་གྲང་བའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ།། རབ་ཏུ་གྲང་བའི་སེམས་ཅན་དམྱལ་བ་དེ་ནས་ཡང་ཤི་ནས། མུན་ནག་གི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། ལོ་ལྷོ་ཕྲག་བརྒྱ་སྟོང་གི་བར་དུ་ཅི་ཡང་མི་མཐོང་བར་གྱུར་ཏོ།། དེ་ནས་ཡང་ཚེ་འཕོས་ནས་སྲིན་བུ་ཆེན་པོ་ཞིག་གི་སྐྱེ་བ་བླངས་ཏེ་ལྟོ་བས་འཕྱེ་ཞིང་འགྲོ་སྟེ། དབང་པོ་རྣམས་ཡོངས་སུ་མི་གསལ་བ་དང་། ཤེས་པ་མེད་པར་གྱུར་ཏེ། སྦྱང་གི་བརྒྱ་སྟོང་མང་པོས་ཟ་བར་གྱུར་ཏོ།། དེ་ནས་ཡང་ཚེ་འཕོས་ནས་བྱོལ་སོང་གི་ཁམས་སུ་སྐྱེ་བ་བརྒྱུད་ཅིང་སྐྱེས་ཏེ། སྐྱེ་བ་ཁྲི་ཕྲག་ལྔ་བརྒྱའི་བར་དུ་བྱོལ་སོང་གི་ལུས་ལེན་པར་འགྱུར་རོ།། དེ་ནས་ཐར་ནས་གཟོད་ཀྱིས་མིར་སྐྱེས་ན་ཡང་འོན་པ་དང་། ལྐུགས་པ་དང་། ཞ་བ་དང་། ལོང་བ་དང་། མཛེ་དང་།། ཤུ་བ་དང་། གཡན་པ་དང་། ཤུ་ཆེན་གྱིས་གཟིར་ཏེ། དབུལ་ཞིང་ཕོངས་པ་དང་། རིགས་ངན་པར་སྐྱེ་བ་དང་། གང་ངན་དགུ་ཐམས་ཅད་འཚོགས་པར་འགྱུར་རོ།། དེ་ལྟར་ཤིན་ཏུ་དམན་པའི་ལུས་སུ་སྐྱེ་བ་ལྔ་བརྒྱའི་བར་དུ་སྐྱེས་ཏེ། དེ་ནས་ཡང་ཕྱིར་ཡི་དྭགས་ཀྱི་ཁམས་སུ་སྐྱེས་ཏེ་གནས་པ་ལས། དེ་ནས་དགེ་བའི་གཤེས་གཉེན་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ཕྲད་དེ། ཚིག་འདི་སྐད་ཅེས་བསྒོ་བར་གྱུར་ཏོ།། ཁྱོད་སྔོན་སྐྱེ་བ་གྲངས་མེད་པའི་སྔོན་རོལ་ན་ཁ་ན་མ་ཐོ་བའི་སྡིག་པ་དཀོན་མཆོག་གསུམ་ལ་སྐུར་པ་བཏབ་པ་དང་། མ་དད་པ་དང་། མ་མོས་པ་དང་། མ་ཕྱོགས་པས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། དམྱལ་བའི་སྡུག་བསྔལ་གྱི་དངོས་པོ་ཡོངས་སུ་གདུངས་པ་ནི་བཤད་ཀྱིས་ཀྱང་མི་རྫོགས་སོ། ། ད་ཁྱོད་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ཅིག་ཅེས་བསྒོ་ནས། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སླར་བཅུག་གོ། ། དེ་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པའི་བསོད་ནམས་ཀྱི་མཐུས། དེ་ནས་ཚེ་འཕོས་ནས་རྒྱལ་ཆེན་བཞིའི་ལྷར་སྐྱེས་སོ།། ལྷ་དེར་སྐྱེས་ནས་རབ་ཏུ་འགྱོད་དེ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། ། སངས་རྒྱས་ཀྱི་ཐུགས་རྗེའི་འོད་གཟེར་གྱིས་དེ་དག་མི་གཏོང་ཞིང་ཡོངས་སུ་འཛིན་ཏོ།། སྲས་སྒྲ་གཅན་འཛིན་དང་འདྲ་བར་དེ་དག་ལ་བྱམས་ཤིང་ཐུགས་བརྩེ་སྟེ། འདི་སྐད་དུ་རིགས་ཀྱི་བུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་བྱོལ་ཅིག་ཅེས་རྗེས་སུ་བསྟན་པ་མཛད་དོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཐུགས་ཀྱི་འོད་ཟེར་ཆེན་པོ་སྣང་བར་མཛད་པའི་དོན་རྣམས་ཤེས་པར་འདོད་ན། དེ་ནི་གང་ཟག་མཚམས་མེད་ཅིང་སྐྱབས་མེད་པའི་སྐྱེ་བོ་རྣམས་ལ་རྟག་ཏུ་སྣང་བར་མཛད་པར་ཤེས་པར་བྱའོ། ། སངས་རྒྱས་ཀྱི་ཐུགས་ཀྱི་དགོངས་པ་ནི་རྟག་ཏུ་སྡུག་བསྔལ་བའི་གང་ཟག་སྡིག་པ་ཅན་རྣམས་ལ་དགོངས་ཏེ། སངས་རྒྱས་ཀྱི་ཐུགས་རྗེའི་བྱིན་གྱིས་བརླབས་ཀྱིས། གང་ཟག་སྡིག་པ་ཅན་སྡུག་བསྔལ་གྱིས་གཟིར་བ་རྣམས་ཀྱང་བསྐལ་པ་བགྲང་བ་ལས་འདས་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་རབ་ཏུ་གྲང་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེ་ན། རབ་ཏུ་གྲང་བའི་སེམས་ཅན་དམྱལ་བ་ནི། ཆབ་བྲོམ་གྱི་རི་ཆེན་པོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དེ། རི་དེ་གཅིག་ལ་ཡང་བར་ཆད་བཅོ་བརྒྱད་དང་། རི་ཆུང་ངུ་བཅོ་བརྒྱད་ཡོད་དེ། ཤེལ་གྱི་ཁ་དོག་ལྟ་བུ་ལ་རབ་ཏུ་གྲང་བའོ།། རབ་ཏུ་གྲང་བའི་སེམས་ཅན་དམྱལ་བས་རི་དེ་དག་གི་བར་ན་ཡོངས་སུ་གང་ནས། གྱོ་མོའི་པདྨ་ལྟ་བུ་ལ་མཐོ་ཁྱད་དཔག་ཚད་བཅོ་བརྒྱད་དང་། ཆབ་བྲོམ་གྱི་འཁོར་ལོ་ཆུ་ཞེང་གབ་པར་དཔག་ཚད་བཅུ་གཉིས་པ་སྟེང་གི་ནམ་མཁའ་ལས་སེར་བ་དེ་བཞིན་དུ་བབ་བོ།། དེ་དག་འཇིག་རྟེན་ན་གང་སྙིང་རྗེའི་སེམས་མེད་ཅིང་རྐུ་ཞིང་འཕྲོག་པ་དང་། སྒྱུས་འཕྲོག་པ་དང་། མཐུས་འཕྲོག་པ་དང་། སེམས་ཅན་གྱི་སྲོག་གཅོད་ཅིང་སྡིག་པ་མང་པོ་བྱས་པའི་གང་ཟག་དེ་འཆི་བའི་དུས་བྱེད་པ་ན་གནས་དང་། འདུ་བྱེད་ཀྱི་དངོས་པོ་ཐམས་ཅད་མེ་རབ་ཏུ་ཚ་བ་དང་། མཚོན་ཆར་གྱུར་ཏེ། སྡིག་པ་ཅན་དེ་འདི་སྙམ་དུ་བདག་མེ་རབ་ཏུ་ཚ་བ་དང་མཚོན་ཆས་ཉེན་པར་གྱུར་པ་དང་། བདག་ཆབ་བྲོམ་གྱི་ཀློང་ཆེན་པོ་ཞོག་ན་ཉལ་ན་ཅི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་དམྱལ་བའི་སྲུངས་མ་སྲིན་པོས་ལག་ན་ཆབ་བྲོམ་གྱི་འཁོར་ལོ་ཆེན་པོ་ཐོག་ཏེ་བྱཱ་དཀར་པོ་འཕུར་བ་ལྟར་ནམ་མཁའ་ལས་གོམ་པ་འདོར་ཞིང་འོངས་ཏེ་སྤྲོ་བ་སྐྱེད་པ་དང་། སྡིག་པ་ཅན་དེས་མཐོང་བ་དང་ཚ་བ་ཞི་ཞིང་བསིལ་བར་གྱུར་ཏེ། དེ་ལ་སེམས་ཀྱིས་འདོད་ཅིང་ཆགས་པ་ལས་ཚེ་འཕོས་ཏེ་ཆབ་བྲོམ་གྱི་རི་ལ་སྐྱེས་སོ། ། དེར་སྐྱེས་པ་དང་ཆབ་བྲོམ་གྱི་རི་ཆེན་པོ་རྣམས་བསིལ་གཡབ་ཀྱིས་གཡབས་པ་བཞིན་དུ་གྲང་བ་དང་སྡུག་བསྔལ་བ་ཐམས་ཅད་བ་སྤུའི་བུ་ག་ཀུན་ཏུ་སོང་ངོ་། ། བར་ཆད་བཅོ་བརྒྱད་པོ་ཀུན་ཏུ་ལུས་ཀྱིས་གང་ནས་ལུས་དང་ཡན་ལག་ཀུན་གས་ཤིང་རལ་ཏེ་བྱེ་ནས་པདྨོ་དམར་པོ་ལྟ་བུར་གྱུར་ཏེ། ཆབ་བྲོམ་གྱི་འཁོར་ལོ་ཆེན་པོས་ལུས་ལ་ཡོངས་སུ་ཁེབས་ཏེ། ཕྱོགས་མཚམས་བརྒྱད་ཀྱི་ཆ་བ་བྲོམ་གྱི་རི་རྣམས་ཀྱང་དུས་གཅིག་ཏུ་འདུས་ནས་བྱོལ་བ་དང་བཟུར་བའི་ས་མེད་དེ། ཚིག་ཏུ་ཨ་བྱི་དང་ཨ་ལ་ལ་ཞེས་བྱ་བ་འབོད་དོ།། དེའི་ཚེ་སྡིག་པ་ཅན་དེ་འདི་སྙམ་དུ་བདག་ནམ་ཞིག་གི་དུས་ན་རབ་ཏུ་གྲང་བ་འདི་ལས་ཐར་ཏེ། ཕྱིར་ཡང་མེའི་ནང་དུ་སྐྱེ་གྲང་སྙམ་བསམས་པ་དང་། དེའི་དམྱལ་བའི་ལྕགས་ཀྱི་བྱ་རྣམས་ཀྱིས་ཁ་ནས་མེ་ཕྱུང་སྟེ། ཕྱོགས་མཚམས་དང་སྟེང་འོག་ཀུན་ནས་ཆབ་བྲོམ་བཞུ་སྟེ། སྡིག་པ་ཅན་གྱི་ཀླད་པ་བརྟོལ་ནས་ཀླད་པ་བཞིབས་པ་དང་། དེ་ཉིད་དུ་དམྱལ་བའི་སྲུངས་མས་མདུང་རྩེ་ཁ་བྲག་པ་ས་ལ་བརྡབས་ཏེ་ཡང་སོས་ཤིག་ཅེས་བོས་པ་དང་། དེ་མ་ཐག་ཏུ་ཡང་སོས་ནས་ཕྱིར་ཡང་མེ་རབ་ཏུ་ཚ་བས་གདུངས་པ་དང་། འདི་ལྟར་བདག་གི་ལུས་ལ་མེས་རབ་ཏུ་གདུངས་པར་གྱུར་ཆབ་བྲོམ་སྔ་མ་དེས་མེ་འདི་བསད་ན་ཅི་མ་རུང་སྙམ་བསམས་པ་དང་། དམྱལ་བའི་སྲུང་ས་མས་ཆབ་བྲོམ་འཁོར་ལོས་སྡིག་པ་ཅན་དེ་བླངས་ནས་བར་ཆད་གཅིག་ནས་ཕྱུང་སྟེ། བར་ཆད་གཞན་གྱི་ནང་དུ་བཅུག་ནས་བར་ཆད་བཅོ་བརྒྱད་པོ་ཀུན་ཏུ་མ་ཕྱིན་པའི་ས་མེད་དེ། ཀུན་ཏུ་སྡུག་བསྔལ་འདྲ་བར་སྤྱོད་དོ།། རབ་ཏུ་གྲང་བའི་སེམས་ཅན་དམྱལ་བའི་ཚེའི་ཚད་ནི་རྒྱལ་ཆེན་བཞིའི་གནས་ཀྱི་ཉི་མ་དང་། ཟླ་བས་བགྲང་བའི་ལོ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཀྱི་བར་དུ་གནས་སོ།། དེ་ལས་ཐར་ནས་ཀྱང་རིགས་ངན་པར་སྐྱེས་ཏེ། དབུལ་ཞིང་ཕོངས་པ་དང་། བྱད་གཟུགས་ངན་པ་དང་། སྐྱེ་བ་ལྔ་བརྒྱའི་བར་དུ་གཞན་གྱི་བྲན་ཁོལ་དུ་སྐྱེས་ཏེ། གོས་ཀྱིས་ལུས་མི་ཡོག་པ་དང་། ཟས་ཀྱིས་ལྷོ་མི་ཁེངས་པ་དང་། ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ།། དེ་ནས་སྡིག་སྒྲིབ་ཀྱི་རྣམ་སྨིན་བྲི་ནས་གཟོད་དགེ་བའི་བཤེས་གཉེན་ཆེན་པོ་དང་ཕྲད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མུན་ནག་གི་སེམས་ཅན་དམྱལ་བ་ཞེ་ན། མུན་ནག་གི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། རི་ནག་པོ་རིམ་པ་བཅོ་བརྒྱད་དང་། མུན་པའི་དྲ་བ་ནག་པོ་རིམ་པ་བཅོ་བརྒྱད་དང་། ལྕགས་ཀྱི་ཚལ་རིམ་པ་བཅོ་བརྒྱད་དང་། ལྕགས་ཀྱི་བླ་རེ་རིམ་པ་བཅོ་བརྒྱད་མུན་པའི་འཇིག་རྟེན་དང་བཅས་པ་ཡོད་དོ།། མུན་པའི་རི་དེ་དག་ཀུན་ཀྱང་མཐོ་ཁྱད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་དོ། ། བླ་རེ་རིམ་པ་གཅིག་ལ་ཡང་སྡུག་ཁྱད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དོ།། བླ་རེའི་རིམ་པ་རེ་རེའི་བར་ན་ཡང་ཁོར་ཁོར་ཡུག་ཏུ་རི་ནོག་བཅོ་བརྒྱད་ཀྱིས་གྲིབ་མར་བསྒྲིབས་སོ། ། འདི་ནི་འཇིག་རྟེན་ན་སྐྱེ་བོ་དང་། གང་ཟག་གླེན་ཞིང་གཏི་མུག་ཅན་དག་སངས་རྒྱས་དང་། ཆོས་དང་འཕགས་པའི་དགེ་འདུན་དང་མཆོད་རྟེན་ཆེན་པོ་བརྒྱད་དང་། མ་ཧཱ་བོ་དྷི་ལ་སོགས་པ་ལ་བསྔོས་པའི་མེ་མར་དང་སྣང་བའི་སྒྲོན་མ་བརྐུས་པ་དང་། ཕ་མ་དང་། སློབ་དཔོན་དང་བླ་མའི་སྣང་བ་བརྐུས་པ་དང་། ཆོས་དང་ཆོས་ཀྱི་མཁན་པོ་ལ་བསྐུར་པ་བཏབ་པ་དང་། འཇིག་རྟེན་གྱི་གཙུག་ལ་མཁས་པ་ལ་ཡང་བརྙས་སྨོད་བྱེད་པ་དང་། ལེགས་ཉེས་ཀྱི་ངོ་མི་ཤེས་པ་དང་། སྡིག་པ་མང་པོ་བྱས་པས་འཆི་འཕོ་བའི་དུས་བྱེད་པའི་ཚེ་ན། མིག་ན་གློག་ལྟ་བུ་འགྱུར་ཞིང་འབར་བ་རྒྱུན་མི་འཆད་པར་གྱུར་པ་དང་། འདི་སྙམ་དུ་བདག་ཉེས་པ་ཅི་བྱས་ནས་འདི་ལྟར་རྟག་ཏུ་མིག་མི་མཐོང་བར་གྱུར་པ་ཡིན་སྙམ་བསམས་ནས། ཉི་ཟླའི་འོད་ཀྱང་མཐོང་བར་མི་འདོད་དོ།། ཐ་མ་འཆི་བའི་དུས་བྱེད་པ་ན། དམྱལ་སྲུངས་སྲིན་པོས་ལྕགས་ཀྱི་ཁྲི་ལ་ལྕགས་ཀྱི་བླ་རེ་བྲེས་པ་ཁྱེར་ཏེ། སྤྲིན་འདུ་བ་བཞིན་དུ་ནམ་མཁའ་ལས་བབས་སོ། ། དེའི་ཚེ་ནམ་མཁའ་ལས་གཟུགས་མི་སྣང་བར་སྒྲ་འདི་སྐད་དུ་གྲགས་སོ།། རིགས་ཀྱི་བུ་གནས་འདི་རབ་ཏུ་མུན་པ་གནག་ན། ཁྱོད་འགྲོ་འདོད་དམ་ཞེས་གྲགས་པ་དང་། སྡིག་པ་ཅན་དེས་ཐོས་པ་དང་གནས་དེར་འགྲོ་བར་དགའ་བའི་སེམས་བསྐྱེས་ཏེ། དེ་མ་ཐག་ཏུ་འཕོས་ནས་ལྕགས་ཀྱི་ཁྲི་ལ་འདུག་པར་གྱུར་ནས། བྱ་ངང་པའི་རྒྱལ་པོ་འཕུར་བ་ལྟར་ཆས་ཏེ། མུན་ནག་གི་སེམས་ཅན་དམྱལ་བར་ལྷུང་ངོ་།། དེར་ཕྱིན་ནས་རལ་གྲིའི་འཁོར་ལོ་མང་པོ་ལྷག་འོག་གཉིས་ནས་འཕེན་ཏེ། ལུས་གཏུབ་ཅིང་གཤག་གོ། ལྕགས་ཀྱི་བྱ་ཆེན་པོ་མཆུ་རྣོ་ཞིང་རིང་བ་དག་ཀྱང་། རི་ནག་པོ་དེ་ལས་བབས་ནས་མཆུ་རྣོན་པོས་ཐལ་བྱུང་ངུ་ཟུག་ཅིང་ཕུག་གོ། དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་ལོ་འབུམ་ཕྲག་ལྔ་བརྒྱའི་བར་དུ་མྱོང་བར་གྱུར་ཏེ། འཇིག་རྟེན་གྱི་ཉི་མ་རབ་ཏུ་མེད་པ་དང་། ཕན་ཚུན་དུ་བརྒྱུག་ཅིང་སྣང་བ་ཚོལ་ལོ།། དེའི་ཚེ་རྐང་པའི་འོག་ནས་ལྕགས་ཀྱི་སྤྱང་ཆེན་པོ་དང་། གཟེ་མ་རྣོན་པོས་རུས་པ་དང་རྐང་ལ་ཐལ་བྱུང་ངུ་ཟུག། ཅིང་ཕུག་གོ།། དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་ལོ་འབུམ་ཕྲག་ལྔ་བརྒྱའི་བར་དུ་མྱོང་བར་གྱུར་ཏོ།། འཇིག་རྟེན་གྱི་ཉི་མ་དང་ཟླ་བས་བགྲང་བའི་ལོ་དང་བསྐལ་པའི་ཚད་ནི་རྒྱལ་ཆེན་རིས་བཞིའི་ལྷ་དང་མཉམ་མོ། ། སྡིག་པ་ཅན་དེ་མུན་ནག་གྱི་ཁམས་དེར་ནི་ནག་པོ་ཀུན་ལ་ཕན་ཚུན་དུ་མགོ་བོ་ཐུག་པས་ཀླད་པ་རླུགས་ཏེ་ལྕགས་ཀྱི་ཁྱི་རྣམས་འོངས་ཏེ་བལྡགས་སོ།། མིག་གི་འབྲས་བུ་ཡང་ས་ལ་ལྷུང་སྟེ། དམྱལ་བའི་སྲུངས་མ་སྲིན་པོས་མདུང་རྩེ་ཁ་བྲག་པ་ཐོགས་ཏེ་མིག་གི་འབྲས་བུ་བླངས་ནས་ཕྱིར་མིག་ཏུ་འཛུད་དོ།། སྡུག་བསྔལ་ཆེན་པོ་དེ་ལྟ་བུ་དག་མྱོང་ནས། ཅི་སྟེ་ཐར་ན་ཡང་དབུལ་ཞིང་འཕོངས་པ་དང་དབང་པོ་ལྔ་མི་གསལ་བ་དང་ཤེས་པ་མེད་པ་དང་ལུས་ལ་ནད་མང་བ་དང་། ཀུན་གྱིས་མི་འདོད་པར་འགྱུར་རོ།། དེ་ལྟ་བུའི་རྣམ་པར་སྨིན་པ་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་མྱོང་བར་འགྱུར་རོ། ། དེ་ནས་གཟོད་དགེ་བའི་བཤེས་གཉེན་ཆེན་པོ་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩོལ་པ། དེ་ལ་ཇི་ལྟར་ན་རབ་ཏུ་ཚ་བའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་ཅེ་ན། རབ་ཏུ་ཆེ་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེས་བྱ་བ་ནི། མནར་མེད་པའི་དམྱལ་བ་ཆེན་པོ་བཞིན་དུ། ལྕགས་ཀྱི་མཁར་མེ་རབ་ཏུ་འབར་བ་རིམ་པ་བདུན་དང་། ལྕགས་ཀྱི་དྲ་བ་རིམ་པ་བདུན་དང་། གཞན་ཡང་སྡུག་བསྔལ་གྱི་དངོས་པོ་མ་རུངས་པ་ཚད་མེད་པ་དག་ཡོད་དོ། ། གང་ཟག་ལ་ལས་དཀོན་མཆོག་གསུམ་ལ་མཚམས་མེད་པ་ལྔའི་སྡིག་བྱས་པ་དང་། སློབ་དཔོན་ལ་རྐུ་བ་དང་། སློབ་དཔོན་གྱི་ཟས་ལ་གཙང་སྦྲ་མ་བྱས་པ་དང་། སློབ་དཔོན་གྱི་ཁྲི་སྟན་ལ་འདུག་པ་དང་། སློབ་དཔོན་ལ་བརྙས་ཤིང་སྨོད་པ་དང་། སློབ་དཔོན་ལ་གཡོ་སྒྱུ་བྱེད་པ་དང་། སློབ་དཔོན་ལ་སྐུར་པ་འདེབས་པ་དང་། སློབ་དཔོན་ལ་རྡེག་པ་དང་། སློབ་དཔོན་ལ་བསོད་པ་དང་། སློབ་དཔོན་ལ་དུག་ལྡུང་བ་ལ་སོགས་པའི་སྡིག་པ་བྱས་པ་དང་། གཞན་ཡང་གང་ཟག་སློབ་དཔོན་དང་། བླ་མ་དང་། ཕ་མས་བསྲུན་པ་བཞིན་དུ་མི་བྱེད་ཅིང་ལོག་པའི་སེམས་བསྐྱེད་པ་དང་། བྱས་པ་མི་ཤེས་པས་དྲིན་དུ་མི་གཟོ་བ་དང་། གཞན་ཡང་མཆོད་རྟེན་དང་ལྷ་ཁང་དང་། སྐུ་གཟུགས་བཤིག་པ་དང་། དཀོན་མཆོག་གི་དཀོར་སྲུང་བརྐུས་པ་དང་། ཕ་མ་དང་། ཕུ་ནུ་དང་། མིང་སྲིང་དང་གཉེན་འདུན་དུ་གྱུར་པ་ལ་སོགས་པ་ལ་འཚེ་ཞིང་གསོད་པ་དང་། ཆོས་མ་ཡིན་པ་རྣམ་པ་མང་པོ་བ་ཡས་པའི་སྡིག་པ་ཅན་དེ་འཆི་འཕོ་བའི་དུས་བྱེད་པ་ན་མནར་མེད་པའི་སེམས་ཅན་དམྱལ་བའི་སྲུང་མ་བཅོ་བརྒྱད་ཀྱིས་སོ་སོ་ནས་མདུང་རྩེ་ཁ་བྲག་པའི་ཁལ་བར་ཆད་རེ་རེ་ཁྱེར་ཏེ་འོངས་པ་ལས་སེམས་ཅན་དམྱལ་བ་དེ་དག་གིས་བར་ཆད་དེ། རིན་པོ་ཆེའི་གདུགས་ལ་བདུད་རྩི་ཆར་སྤེལ་མ་འབབ་པ་ལྟ་བུ་ལ། ཆར་གྱི་ཐིགས་པ་མེ་ཏོག་དང་འདྲ་བར་མཐོང་བ་དང་། སྡིག་པ་ཅན་ད་ཨེ་སྡིག་པའི་རྣམ་པར་སྨིན་པས་རབ་ཏུ་ཚ་བའི་མེས་སྙིང་ལ་གདུངས་པའི་ཚ་བས་ཉེན་པ་ལས་འདི་སྙམ་དུ་བདག་གདུགས་ཀྱིས་བཀབ་པའི་འོག་ན་འདུག་ཅིང་ཆར་གྱི་ཐིགས་པ་འདིས་ཕོག་ན་ཅི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་ཚེ་འཕོས་ནས་རྡོ་འཕངས་པ་ཙམ་གྱི་སྲིད་དུ་ར་ལ་གྲིའི་ཁྲེལ་འདུག་པར་གྱུར་ཏོ།། རལ་གྲི་རྣོན་པོ་ལ་མེ་རབ་ཏུ་འབར་བ་གྲངས་བརྗོད་དུ་མེད་པ་སྙེད་དཀྲིགས་ཤིང་བསྡམས་ཏེ། རིན་པོ་ཆེའི་གདུགས་དེ་ཡང་མཚོན་ཆ་སྣ་ཚོགས་ཀྱི་འཁོར་ལོ་དང་གདུགས་སུ་གྱུར་ཏེ། སྟེང་ནས་བ་བ་སྟེ་སྤྱི་བོ་ནས་ཐལ་བྱུང་དུ་ཕྱེད་ཚུལ་དུ་གཤེགས་ཤིང་དྲལ་ཏེ་དུམ་བུ་བརྒྱ་སྟོང་དུ་མར་གཏུབས་སོ་ཆར་གྱི་ཐིགས་པ་མེ་ཏོག་ཏུ་མཐོང་བ་དེ་ཡང་སྟེང་གི་ཕྱོགས་ནས་ལྕགས་ཀྱི་ཐུ་ལུམ་འབར་བ་ཆར་བཞིན་དུ་བབས་སྟེ། བ་སྤུའི་བུ་ག་ཀུན་ཏུ་སོང་བ་དང་། ལུས་མེའི་ཕུང་པོར་འབར་རོ།། སྲུངས་མ་སྲིན་པོ་བཅོ་བརྒྱད་ཀྱིས་ཀྱང་མདུང་རྩེ་ཁ་བྲག་པ་ཐོགས་ཏེ་སྡིག་པ་ཅན་གྱི་མིག་ཏུ་འཛུགས་ཤིང་། སྙིང་ལ་མཚོན་གྱིས་འདེབས་པས། དེ་ཉིད་དུ་འགྱིས་ཏེ་ཤིའོ།། དེ་མ་ཐག་ཏུ་ཕྱིར་ཡང་སོས་ནས་རལ་གྲིའི་ཁྲི་དང་འཁོར་ལོའི་སྟེང་དུ་འདུག་ཅིང་རླུང་དྲག་པོ་བས་མགྱོགས་པར་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་ངོ་།། དེ་ཚེ་དམྱལ་བའི་སྲུངས་མ་སྲིན་པོས་གཤིན་རྗེའི་གནས་དང་བཅས་ཏེ་སྟེང་གི་ནམ་མཁའ་ལ་འདུག་ནས་འདི་སྐད་ཅེས་སྨྲའོ། ། སེམས་ཅན་དམྱལ་བའི་ས་བོན་ཁྱོད། སངས་རྒྱས་དང་། ཆོས་དང་འཕགས་པའི་དགེ་འདུན་དང་། ཕ་མ་དང་སློབ་དཔོན་དང་གཉེན་འདུན་དུ་གྱུར་པ་ལ་མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་མི་དགེ་བ་བཅུའི་སྡིག་བྱས་པ་དང་། ཆོས་མ་ཡིན་པའི་སྡིག་པ་མང་པོ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པས་ཁྱེད་ཀྱི་སྐྱེ་བའི་གནས་འདི་ནི་ལྕེ་འབྱིན་པའི་སེམས་ཅན་དམྱལ་བ་ཞེས་བྱ་སྟེ། ཁྱེད་བསྐལ་པ་གསུམ་གྱི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ་ཞེས་སྨྲས་སོ། ། སྡིག་པ་ཅན་དེའི་སྡུག་བསྔལ་གྱིས་རབ་ཏུ་གདུངས་པའི་ཚད་ནི་སྔར་བཤད་པ་བཞིན་ནོ།། གལ་ཏེ་དེ་ལས་ཐར་ན་ཡང་ངན་སོང་གསུམ་གྱི་ནང་དུ་སྐྱེ་བ་བརྒྱུད་དེ། དེ་ལས་ཐར་ཏེ་ཕྱིར་མིར་སྐྱེས་ན་ཡང་ངན་དགུ་འཚོགས་པར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་ཆེན་པོས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། བཅོམ་ལྡན་འདས་ཀྱི་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མཚོན་གྱི་འཁོར་ལོའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཞེ་ན། མཚོན་གྱི་འཁོར་ལོའི་སེམས་ཅན་དམྱལ་བ་ནི། ཕྱོགས་བཞིན་རལ་གྲི་དང་། མཚོན་ཆའི་རི་ཡོད་དོ།། རི་དེ་དག་ཀུན་གྱི་བར་ན་རལ་གྲི་དང་། སྤུ་གྲི་ཀ་མ་ལ་དང་། མདུང་དང་ཤག་ཏི་ལ་སོགས་པ་ནགས་ཚལ་བཞིན་དུ་དཀྲིགས་ཏེ། སྟེང་གི་ནམ་མཁའ་ལས་རལ་གྲི་དང་། སྤུ་གྲིའི་འཁོར་ལོ་ཆེན་པོ་ཁྲི་ཕྲག་བརྒྱད་བརྒྱའི་རྣམས་མཐར་གྱིས་རང་བཞིན་དུ་འབབ་བོ།། སེམས་ཅན་གང་གཞན་ལ་འཚེ་བར་དགའ་ཞིང་སེམས་ཅན་གྱི་སྲོག་གཅོད་པར་འདོད་པ་དང་། སྡིག་པ་མང་པོ་བྱས་པ་དག་འཆི་བའི་དུས་བྱེད་པའི་ཚེ་ན་གྲང་ནད་ཀྱིས་ཤིན་ཏུ་ཉོན་མོངས་ནས་ཁོང་པར་སྨན་ཆེན་པོར་ཞུགས་ཏེ་རྡོ་བཞིན་དུ་སྲ་ཞིང་རབ་ཏུ་གང་བར་གྱུར་པ་དང་། འདི་སྙམ་དུ་བདག་གི་ལྟོ་བ་འདི་གླི་འམ། རལ་གྲིའམ། སྤུ་གྲི་རྣོན་པོ་ཞིག་གིས་བྲལ་ཏེ་ནད་འདི་ཐང་ལ་ཕྱུང་ན་ཙ་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་དམྱལ་སྲུངས་སྲིན་པོས་སྤྱི་བོ་ཡ་རལ་གྲི་དང་། སྤུ་གྲིའི་འཁོར་ལོ་ཐོགས་ཏེ། སྡིག་པ་ཅན་གྱི་དྲུང་དུ་འོངས་ནས་སྤྲོ་བ་བསྐྱེད་དེ་ཚིག་འཇམ་པོས་འདི་སྐད་དུ། བདག་ལ་འདི་ལྟ་བུའི་སྤྱད་རྣོན་པོ་དགེ་ཡོད་ན། ཁྱོད་ཀྱི་ལུས་ལ་ནད་ཡོད་པ་འདི་ངས་བཅད་ཅིང་དབྱུང་ན་རུང་ངམ་ཞེས་སྨྲས་པ་དང་། སྡིག་པ་ཅན་དེས་ཚིག་དེ་ཐོས་ནས་འཁོར་ལོ་རྣོན་པོ་དེ་དག་མཐོང་བ་དང་། རབ་ཏུ་དགའ་སྟེ་འདི་སྐད་དུ་བདག་ནི་རབ་ཏུ་ཚིམ་པར་གྱུར་ཏོ་སྙམ་བསམས་པ་དང་། དེ་ཉིད་དུ་ཚེ་འཕོས་ཏེ་མཚོན་གྱི་འཁོར་ལོའི་རི་ལ་སྐྱེས་ནས། བ་གླང་རྨིག་པ་བརྒྱུག་པ་བཞིན་དུ་མཚོན་གྱི་རི་ལ་འགྱེལ་བར་གྱུར་ཏོ།། དེ་ནས་ཕྱོགས་བཞིའི་རི་ཡང་ཕན་ཚུན་དུས་ནས་མཚོན་གྱི་ནགས་ཚལ་གྱིས་གཏུམ་ཅིང་དམྱལ་ཏེ་དེ་ཉིད་དུ་ཡང་ཤིའོ། ། དམྱལ་སྲངས་སྲིན་པོས་སྡིག་པ་ཅན་དེ་མཚོན་གྱི་རི་ལ་བདས་པ་དང་། རིའི་རྩེ་མོར་མ་ཕྱིན་པར་ལུས་ཀྱི་ཡན་ལག་ཀུན་དུམ་བུར་ཆོད་ཀྱང་། དམྱལ་སྲུངས་ཀྱིས་འཇིགས་པས་ཚོན་གྱི་རི་ལ་གོག་ཅིའི་འགྲོའོ། ། རིའི་རྩེ་མོར་ཕྱིན་པ་དང་དམྱལ་བའི་སྲུངས་མ་སྲིན་པོས་མཚོན་གྱི་སྡོང་པོ་བཏེག་སྟེ་སྡིག་པ་ཅན་དེ་ལ་བརྡེག་གོ། དེའི་ཚེ་ལྕགས་ཀྱི་ཁྱི་དང་ལྕགས་ཀྱི་སྲིན་བུ་རྣམས་ཀྱིས་ཀྱང་སྙིང་དང་། ཀླད་པ་དང་། རྐང་ལ་འཇིབ་ཅིང་ཟ་སྟེ། ཕུང་པོ་ཞིག་ནས་ཤ་ཀུན་ཟད་པ་དང་ཕྱིར་ཡང་སོས་སོ།། དེ་ནས་ཡན་ལག་བཞི་ལ་རལ་གྲིའི་འཁོར་ལོས་ཟུག་བཞིན་དུ་རིའི་རྩེ་མོ་ནས་ཕྱིར་བབས་སོ། ། དེ་ལྟ་བུར་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་དྲུག་ཅུ་ནི་འཆི། ལན་ཁྲི་ཕྲག་དྲུག་ཅུ་འཚོའོ།། དེ་ལྟར་སྡུག་བསྔལ་རྣམ་པ་བཅོ་བརྒྱད་ཀྱིས་ཡོངས་སུ་གཏུག་པ་ནི་རྒྱལ་ཆེན་རིས་བཞིའི་ལྷའི་ཚེ་ཚད་བཞིན་དུ་གནས་སོ། ། གལ་ཏེ་དེ་ལས་ཐར་ན་བྱོལ་སོང་གི་ཁམས་སུ་སྐྱེས་ཏེ་སྐྱེ་བ་ལྔ་བརྒྱའི་བར་དུ་ཟས་སུ་རྩཝ་དང་ཤིང་ཟ་བར་འགྱུར་རོ། ། དེ་ལས་ཐར་ན་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་རིགས་ངན་པར་སྨྲ་བ་བརྒྱུད་ཅིང་སྐྱེ་བར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་ཆེན་པོ་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་རལ་གྲིའི་ཚལ་གྱི་སེམས་ཅན་དམྱལ་བ་ཞེ་ན། རལ་གྲིའི་ཚལ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ཁོ་ར་ཁོར་ཡུག་དུ་དཔག་ཚད་ལྔ་བཅུ་སྙེད་ལ། བར་མཚམས་མེད་པར་རལ་གྲིས་བསྙམས་པའི་ནང་ན་རལ་གྲི་སྡོང་པོ་ཡོད་པའི་གྲངས་ནི་འབྲས་ཀྱི་ཞིང་ངམ་འོད་མ་འམ། འདམ་བུའི་ཚལ་བཞིན་ནོ།། རལ་གྲིའི་སྡོང་པོ་དེ་གཅིག་ཅིང་ཡང་མཐོ་ཁྱད་དཔག་ཚད་བཞི་བཅུ་ཡོད་དོ།། རལ་གྲིའི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་སྙེད་ནི་ལོ་མ་ལྟར་འཕྱང། རལ་གྲིའི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་སྙེད་ནི་མེ་ཏོག་ལྷར་རྒྱས་སོ།། རལ་གྲིའི་འཁོར་ལོ་བརྒྱད་ཁྲི་བཞི་སྟོང་ནི་འབྲས་བུ་ལྷར་གྱུར་ལ། ལྕགས་ཅན་འབར་བ་བརྒྱད་ཁྲི་བཞི་སྟོང་སྙེད་ནི་སྡོང་པོའི་ཡལ་ག་ལྷར་གྱུར་ཏོ། ། དེ་ཡང་སེམས་ཅན་གང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་དབང་དུ་སོང་བ་སེམས་ཅན་གྱི་སྲོག་གཅོད་པ་ལ་དགའ་ཞིང་མོས་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པ་ན། ལུས་ལ་ཚ་གྲངས་རྣམ་པ་གཉིས་ཀྱི་ནད་ཀྱིས་བཏབ་ནས་འདི་སྙམ་དུ། བདག་གི་ལུས་དང་ཡན་ལག་ཀུན་བར་བར་ན་ནི་ཤིན་ཏུ་ཚ་བར་བར་ན་ནི་ཤིན་ཏུ་གྲང་ནས་ལུས་ཀུན་འདར་ཞིང་རེངས་ཏེ་རྡོ་འམ་ཤིང་ལྷར་གྱུར་པ་འདི་ལ་རྡོ་རྗེའི་མཚོན་ཆ་ལྟ་བུ་ཞིག་གིས་གཏུབས་ཏེ། ཚ་གྲང་གི་ནད་འདི་བཅད་ན་བརྗོད་ཀྱིས་མི་ལང་བར་ཤིན་ཏུ་དགའ་ཞིང་ཚིམ་པར་འགྱུར་རོ་སྙམ་སེམས་སོ། ། དེའི་ཚེ་དམྱལ་སྤངས་སྲིན་པོ་གླང་གི་མགོ་ཅན་གྱིས་ལུས་བསྒྱུར་ཏེ། སྡིག་པ་ཅན་གྱི་ཕ་མ་འམ། གཉེན་བཤེས་ལྷ་བུར་སྤྲུལ་ནས་འོངས་འདི་སྐད་དུ་ཁྱོད་ཀྱི་ཡིད་ལ་སེམས་པ་ལྷར་བདག་ལ་ཆོ་ག་གསང་བ་ཞིག་ཡོད་ན། ཁྱོད་ཉན་ནམ་མི་ཉན་ཞེས་སྨྲས་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་ནས་མོས་པར་གྱུར་ཏེ། ལ་གོར་མྱུར་དུ་སྒྲུབ། པར་འདོད་དོ།། དེ་ལྟར་བསམས་མ་ཐག་ཏུ་ལྐུགས་ཆད་དེ་ཚེ་འཕོས་ནས་དཔག་ཆེན་གྱི་མདའ་འཕངས་པ་བཞིན་དུ་རལ་གྲིའི་མེ་ཏོག་གི་ནང་དུ་སྐྱེས་ཏེ་ལུས་གཏུབ་ཅིང་དམྱལ་ཏེ་དུམ་བུ་སྲན་མ་ཙམ་དུ་གྱུར་པ་དང་། ལྕགས་ཀྱི་བྱ་རྣམས་ཀྱང་ལྕགས་སྡོང་པོའི་ཁ་ནས་བབས་ཏེ། མིག་གི་འབྲས་བུ་དང་སྙིང་འབྱིན་ཅིང་ཀླད་པ་ཡང་འཇིབ་བོ།། གཞན་ཡང་དམྱལ་སྲུངས་སྲིན་པོས་ལག་ན་སྟ་རེ་ཆེན་པོ་ཐོགས་ཏེ། མགོ་བཅོམ་ནས་ཀླད་པ་རླུག་པ་ལ་ལྕགས་ཀྱི་ཁྱི་རྣམས་འོངས་ཏེ་བལྡག་གོ།། དེ་ལྟར་ཤི་ནས་ཡང་སོས་པ་དང་། ཕྱིར་ཡང་སོས་ཏེ་ལྕགས་ཀྱི་ཤལ་མ་རིའི་སྡོང་པོ་ལ་འཛེག་ཏུ་བཅུག་གོ། ། སྡོང་པོའི་རྩེ་མོར་མ་ཕྱིན་པར་ལུས་དང་ཡན་ལག་རྡུལ་བཞིན་དུ་ལྷགས་སོ།། དེ་བཞིན་དུ་སྡོང་པོ་དེ་ཉིད་ལ་ཉིན་ཡང་ལན་རེ། མཚན་ཡང་ལན་རེ་འཛེག་སྟེ། ཉིན་ཞག་གཅིག་ལ་ལུས་རྡུལ་བཞིན་དུ་གྱུར་པའི་གྲངས་ནི་བརྗོད་པར་སླ་བ་མ་ཡིན་ནོ། ། སེམས་ཅན་གྱི་རྒྱལ་པོ་མི་གསད་པ་ལ་སོགས་པའི་སྡིག་པ་ཅན་དེ་ལ་དེ་ལྟར་རྣམ་པར་སྨིན་པར་གྱུར་ཏེ། དེ་ནས་ཐར་ན་ཡང་ལོ་འབུམ་ཕྲག་བརྒྱད་ཀྱི་བར་དུ་བྱོལ་སོང་གི་ཁམས་སུ་སྐྱེ་བ་བརྒྱུད་ཅིང་སྐྱེས་ཏེ། རྟག་ཏུ་ཁལ་ལྕི་བ་ཁུར་ཞིང་ཤི་ནས་ཀྱང་པགས་པ་བཤུ་ཞིང་ཤ་ཁྲག་ཟ་བར་འགྱུར་རོ།། དེ་ནས་མིར་སྐྱེས་ན་སྐྱེ་བ་ལྔ་བརྒྱའི་བར་དུ་རིགས་ངན་པ་དང་། ནད་མང་བ་དང་། ཚེ་ཐུང་བ་དང་། ཤིན་ཏུ་དབུལ་ཞིང་ཕོངས་པར་གྱུར་ཏོ།། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་དང་ཕྲད་ནས་གཟོད་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱི་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མེའི་ཤིང་རྟའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེ་ན། མེའི་ཤིང་རྟའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ཟངས་རེ་རེ་ཡང་ཆེ་ཁྱེད་དཔག་ཚད་བཞི་བཅུ་སྟེ། དེའི་ཕྱི་ནང་ན་མེ་རབ་ཏུ་འབར་ཏེ། འོག་ན་ཡང་ལྕགས་ཚན་འབར་བའི་འཕང་ལོ་ཆེན་པོ་བཅོ་བརྒྱད་ཡོད་དེ། སྟེང་ན་ཡང་མེའི་འཁོར་ལོ་ཆེན་པོ་དགུ་བཅུ་རྩ་བཞི་སྙེད་འབར་རོ། ། སེམས་ཅན་གང་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པའི་གང་ཟག་གམ། ཚངས་པ་ལ་རྗེད་པ་འམ། ཁྱིམ་ནས་རབ་ཏུ་བྱུང་བ་དག་བཅུ་དྲུག་པོ་འམ། ཁྱིམ་པ་ཡང་རུང་སྟེ་ལོག་པར་འཚེ་ཞིང་གཡོ་སྒྱུ་དང་སྡིག་པ་མང་པོ་བྱས་པའི་གང་ཟག་དེ་འཆི་འཕོ་བའི་དུས་བྱེད་པ་ན། རླུང་གི་ཁམས་གཡོས་ནས་བ་སྤུའི་བུ་ག་ཀུན་ཏུ་སོང་སྟེ་ལུས་ཆབ་བྲོམ་ལྟར་རབ་ཏུ་གྲང་བར་གྱུར་པ་དང་། འདི་སྙམ་དུ་བདག་ནམ་ཞིག་གི་དུས་ན་རབ་ཏུ་འབར་བའི་མེའི་ཕུང་དེའི་ནང་ན་འདུག་ཅིང་གྲང་བའི་ནད་འདི་རབ་ཏུ་ཞི་བར་གྱུར་ན་ཅིམ་རུང་སྙམ་བསམ་པ་དང་། དམྱལ་བའི་སྲུངས་མ་སྲིན་པོར་ག་ཤས་མེའི་ཤིང་རྟ་གསེར་གྱི་པདྨོར་སྤྲུལ་ཏེ། སྲིན་པོ་ཉིད་ཀྱང་ཁྱེའུ་གཞོན་ནུ་ལྷ་བུར་སྤྲུལ་ནས། ལམ་ན་མེའི་ཤིང་རྟ་པདྨོར་སྤྲུལ་པ་དང་། སྦྲང་ཡབ་དཀར་པོ་ཐོགས་ཏེ། ལུས་བསྒྱུར་ཞིང་གར་སྟབས་དང་སྡིག་པ་ཅན་གྱི་དྲུང་དུ་འོངས་ནས་འདུག་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། གསེར་གྱི་པདྨོ་ལྟ་བུ་དེ་ལ་འདུག་པར་དགའ་བ་དང་། དེ་མ་ཐག་ཏུ་ཚེ་འཕོས་ནས་སྐད་ཅིག་མ་དང་པོ་ལ་མེའི་ཤིང་རྟའི་སྟེང་དུ་ཕྱིན་ཏེ། ལུས་དང་ཡན་ལག་ཀུན་ནས་ཀྱང་མེ་རབ་ཏུ་འབར་ནས། མེའི་ཕུང་པོར་ལྷུང་སྟེ་ཚིག་ཅིང་ཐལ་བར་འགྱུར་རོ། ། སྲུངས་མ་སྲིན་པོས་སོས་ཤེས་བོས་པ་དང་ཕྱིར་ཡང་སོས་སོ།། དེ་ནས་མེའི་ཤིང་རྟས་ལུས་བསྲེག་ཤིང་བཤགས་པ་ནི་ཉིན་ཞག་གཅིག་ལ་ལན་བཅོ་བརྒྱད་སྟེ། ལུས་རྡུལ་བཞིན་དུ་ཕྱེ་མར་གྱུར་པ་ལ། ལྕགས་ཚན་གྱི་ཁུ་བ་ཆར་བཞིན་དུ་བབ་པ་དང་ཕྱིར་ཡང་སོས་སོ།། དེ་ནས་ཟངས་ཚན་ན་ལྕགས་ཁུ་ཁོལ་བའི་ནང་དུ་ཡང་གཏིང་ནས་ཁའི་བར་དུ་མར་འབྱུང་ཞིང་མེས་ཤིང་རྟས་ལུས་གཤག་སྟེ་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་དྲུག་ཅུ་ནི་འཆི། ། ལན་ཁྲི་ཕྲག་དྲུག་ཅུ་ནི་འཚོ་སྟེ། དེ་ལས་ཐར་ནས་ཀྱང་ཤིན་ཏུ་དམན་པའི་རིགས་སུ་སྐྱེས་ཏེ། དབུལ་ཤིང་འཕོངས་པ་དང་། གཞན་གྱིས་བཀོལ་བ་དང་། གཞན་གྱི་དབང་དུ་འགྱུར་ཞིང་བདག་ལ་དབང་མེད་པར་འགྱུར་རོ།། དེ་ལས་ཐར་ནས་སྔོན་ཁྱིམ་ནས་བྱུང་བའི་དགེ་བའི་བསོད་ནམས།། ཀྱིས་དགེ་བའི་བཤེས་གཉེན་དང་ཕྲད་དེ། གཟོད་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆོས་བསྟན་པ་དང་། དེ་དག་སེམས་ཀྱིས་ཆུད་ཅིང་ཡིད་ཀྱིས་རྟོགས་ཏེ་དགྲ་བཅོམ་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ཤིན་ཏུ་དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེ་ན། དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་ཚེ་ཁྱུད་དང་། དཔག་ཚད་བརྒྱད་ཅུ་སྟེ། ལྕགས་ཀྱི་མཁར་མ་འབར་བ་རིམ་པ་བཅོ་བརྒྱད་ཡོད་དེ། མཁར་དེ་གཅིག་ཅིང་ཡང་བར་ཆད་བཅོ་བརྒྱད་ཡོད་དོ། ། བར་ཆད་དེ་གཅིག་ཅིང་ཡང་ངོས་བཞིན་རལ་གྲིའི་ནགས་ཚལ་འབར་བ་ཡོད་ལ། སྟེང་འོག་དང་ཕྱོགས་མཚམས་ཀུན་ནས་ཀྱང་རལ་གྲིའི་སོ་རབ་ཏུ་བལྟམས་ཏེ། རལ་གྲིའི་སོའི་སྟེང་ན་ཡང་ལྕགས་ཀྱི་གཟེ་མ་འབར་བ་བལྟམས་ཏེ། ག་ཟེ་མ་དང་རལ་གྲིའི་བར་དང་མཚམས་ན་ལྕགས་ཚན་གྱི་སྲིན་བུ་གྲངས་མེད་པ་ཡོད་དོ།། སྲིན་བུ་དེ་གཅིག་ལ་ཡང་མགོ་བརྒྱ་སྟོང་སྙེད་ཡོད་དེ། མགོ་དེ་གཅིག་ལ་ཡང་མཆུ་བརྒྱ་སྟོང་སྙེད་ཡོད་དོ།། མཆུའི་ཐོག་མ་ལ་ཡང་ལྕགས་ཀྱི་སྲིན་བུ་རྩངས་པ་བརྒྱ་སྟོང་སྙེད་ཡོད་དེ། རྩངས་པ་དེ་དག་གིས་ཁ་ནས་ཤིན་ཏུ་དྲི་མི་ཞིམ་ཞིང་ཁོལ་བའི་ལྕགས་ཁུ་འབྱིན་ཏེ། ལྕགས་མཁའ་འབར་བའི་ནང་ཡོངས་སུ་གང་ངོ་།། སྟེང་ནས་ཀྱང་ལྕགས་ཚན་འབར་བའི་དྲ་བ་དང་བླ་རེར་བྲེས་ཏེ། དེའི་སྟེང་ན་ཡང་ལྕགས་ཀྱི་བྱ་ཆེན་པོ་ཡོད་དོ།། དེ་དག་འཇིག་རྟེན་ན་གང་ཟག་དུས་ཁྲིམས་བརྒྱད་བཤིག་པ་དང་། དགེ་ཚུལ་པོ་མོ་དང་། དགེ་སློང་མའི་ཁྲིམས་པ་ཤིག་པ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་སློང་དང་། དགེ་སློང་མ་ལ་སོགས་པའི་འཁོར་བདུན་པོའི་ཚུལ་ཁྲིམས་བཤིག་པ་དང་། གཞན་ཡང་དགེ་འདུན་དང་ཕ་མ་དང་། སློབ་དཔོན་གྱི་ཟས་ལ་མི་གཙང་བའི་ལག་གིས་རེག་པ་དང་། གཙང་སྦྲ་མ་བྱས་ཤིང་ཕྲི་གཞོད་བྱེད་པ་དང་། འཁོར་རྣམ་པ་བཞི་ལས་གང་ཞིག་མི་གཙང་བའི་ལུས་ཀྱིས་དགེ་འདུན་གྱི་སྟན་ལ་འདུག་པ་དང་། མི་དགེ་བའི་ལས་བྱས་ནས་འགྱོད་ཚབས་མ་བྱས་པར། དགེ་འདུན་དང་ལྷན་ཅིག་ཏུ་སྟན་གཅིག་ལ་འདུག་པ་དང་། ཁ་ཟས་ལྷན་ཅིག་ཏུ་ཟ་བ་དང་། དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱེད་པ་དང་། དེ་ལ་སོགས་པའི་མི་དགེ་བའི་ལས་ངན་པ་མང་པོ་བྱས་པ་དག་ཚེ་འཕོ་བའི་དུས་བྱེད་པ་ན་ལུས་གླ་རྩི་ལྟར་ཤིན་ཏུ་དྲི་མི་ཞིམ་ཞིང་མི་བཟོད་དེ། འདི་སྙམ་དུ་བདག་ནམ་ཞིག་གི་དུས་ན་གནས་གང་ན་དྲི་བསུང་ངན་པ་འདི་མི་བྲོ་བར་འགྱུར་ཞིང་། སྤོས་ཀྱི་དྲི་ངན་ཞིམ་བློ་བདག་གིས་ལུས་ལ་རླུང་ཆེན་པོ་ཕོག་ན་ཅི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་སྲུངས་མ་སྲིན་པོས་ལག་ན་བུམ་པ་རི་མོ་ཅན་གྱི་ནང་སྤོས་ཀྱིས་བཀང་བ་ལྟ་བུ་སྤྲུལ་པ་ཐོགས་ཏེ། སྡིག་པ་ཅན་གྱི་དྲུང་དུ་འོངས་ནས་འདུག་པ་དང་། དེ་ལ་ཤིན་ཏུ་འདོད་ཅིང་ཆགས་པ་སྐྱེས་པ་དང་། དེ་ནས་ལྐུགས་ཆད་དེ་ཚེ་འཕོས་ནས་རླུང་དྲག་པོས་ས་བུས་པ་བཞིན་དུ་དྲི་མི་ཞིམ་པའི་ལྕགས་ཁུ་ཁོལ་བའི་སེམས་ཅན་དམྱལ་བར་ལྷུང་ངོ་། ། རབ་ཏུ་དྲི་མི་ཞིམ་པའི་ལྕགས་ཀྱི་སྲིན་བུ་མ་རུངས་པ་རྣམས་ཀྱིས་ཀྱང་། ལྕེའི་རྩ་བ་དང་སྲོག་རྩ་ལ་འཇིབ་ཅིང་ཟའོ།། དེ་ལྟ་བུར་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་བརྒྱ་དགུ་བཅུ་ནི་འཆི། ལན་ཁྲི་ཕྲག་བརྒྱ་དགུ་བཅུ་ནི་འཚོའོ།། དེ་ལས་ཐར་ནས་ཀྱང་ངན་ལ་དབུལ་ཞིང་ཕོངས་པའི་རིགས་སུ་སྐྱེས་ཏེ། གཞན་གྱི་དབང་དུ་གྱུར་པ་དང་། སྐྱེ་བ་བླངས་པའི་ཚེ་ན་ཡང་རྒྱལ་པོ་ངན་པར་ལྟ་བ་ཅན་གྱི་ཁམས་སུ་སྐྱེ་ཞིང་སྡུག་བསྔལ་སྣ་ཚོགས་ལུས་ལ་མནར་བར་གྱུར་ཏེ། འབྲུམ་བུ་སྣ་ཚོགས་དང་། ཤུ་ཆེན་གྱིས་ལུས་ལ་གོས་གྱོན་པ་བཞིན་དུ་འགྱུར་རོ།། དེ་ཡང་འཇིག་རྟེན་གྱི་མི་ཆོས་བཅུ་དྲུག་སྤྱད་པའི་དགེ་བའི་རྒྱུ་ཙམ་གྱིས་དགེ་བའི་བཤེས་གཉེན་དང་ཕྲད་དེ་གཟོད་རབ་ཏུ་བྱུང་ནས་སྤྱོད་པ་ལ་ཞུགས་ཏེ། དགྲ་བཅོམ་པར་འགྱུར་ཞིང་རིགས་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་། རྣམ་པར་གྲོ་བ་བརྒྱད་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ཆུ་ཚན་ཁོལ་བའི་སེམས་ཅན་དམྱལ་བ་ཞེ་ན། ཆུ་ཚན་ཁོལ་བའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ཟངས་ཆེན་པོ་བཅོ་བརྒྱད་ཡོད་དེ་ཟངས་དེ་གཅིག་ཅིང་ཡང་ཆེ་ཁྱད་དཔག་ཚད་བཞི་བཅུ་ཡོད་དོ། ། དེ་ན་ལྕགས་ཀྱི་དྲ་བ་རིམ་པ་བདུན་གྱིས་བསྐོར་ཞིང་བླ་རེར་བྲེས་ཏེ་མེ་རབ་ཏུ་འབར་བའོ།། ཟངས་ཆེན་པོ་དེདག་ཀུན་གི་ནང་ན། ཆུ་ཚུན་ཁོལ་མ་ལྕགས་ཁུ་འབར་བ་ལྟ་བུས་ཡོངས་སུ་གང་ངོ་།། དེའི་འོག་ན་སྲིན་པོ་ལྔ་བརྒྱས་ནི་རྡོ་ཐལ་གྱི་མེ་འབུད་དེ། ཟངས་དེ་དག་ཀུན་སྲེག་གོ།། རྡོ་བའི་མེ་ལྕེ་རྒྱུན་མི་འཆད་པར་འབར་བ་ནི་ལན་ཅིག་འབར་ནས། ཉིན་ཞག་དྲུག་ཅུའི་བར་དུ་མི་འཆི་སྟེ། དམྱལ་བའི་ཉིན་ཞག་དྲུག་ཅུ་དེ་འཛམ་བུ་གླིང་གི་ཉི་མ་དང་ཟླ་བས་བགྲང་བའི་ལོ་ཁྲི་ཕྲག་བཅུ་གཉིས་སོ། ། དེ་ལྟར་ཟངས་ཚན་འབར་བའི་ནང་ནཱས་ཆུ་ཚན་ཁྲོལ་མ་ལྕགས་ཁུ་འབར་བ་ལྷ་བུ་སྐར་མདའ་ཝཱར་གནམ་དུ་ཡར་ཏེ། མེའི་འཁོར་ལོར་གྱུར་ནས་ཕྱིར་ཡང་ཟངས་ཀྱི་ནང་དུ་ལྷུང་ངོ་། ། གང་ཟག་ལ་ལ་སངས་རྒྱས་ཀྱི་ཚུལ་ཁྲིམས་བཤིག་ཅིང་ལྷར་རྗེད་པ་དང་། སེམས་ཅན་གྱི་སྲོག་གཅོད་ཅིང་ཤ་ཁྲག་ཟ་བ་དང་། རི་དང་འབྲོག་ལ་མེ་བཏང་ནས་སེམས་ཅན་མང་པོ་བསྲེགས་པ་དང་། གསོན་པོར་མེར་བཅུག་ནས་བསྲེགས་པ་དང་། སྡིག་པ་མང་པོས་བྱས་པ་དག་ཆེ་བའི་དུས་བྱེད་པ་ན་ལུས་དང་སེམས་མྱོས་ཏེ་དབང་པོ་ཀུན་འགགས་ནས། ལུས་བར་བར་ནི་མེའི་ཕུང་པོ་ལྷར་ཚ། བར་བར་ནི་ཆབ་བྲོམ་གྱི་ཕུང་པོ་ལྷར་གྲང་སྟེ། འདི་སྙམ་དུ་ལུས་ཆུ་དྲོན་ཞིག་གི་ནང་དུ་ཞུགས་ཏེ་བཀྲུས་ན་ཅི་མ་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་དམྱལ་བའི་སྲུངས་མ་སྲིན་པོས་གཡོག་འཁོར་ལྟ་བུ་ཞིག་ཏུ་སྤྲུལ་ནས་ཆུ་དྲོན་གྱི་སྣོད་ཆེན་པོ་ཐོགས་ཏེ། སྡིག་པ་ཅན་གྱི་དྲུང་དུ་འོངས་པ་དང་། ཆུ་དྲོན་དེའི་ནང་དུ་འཇུག་པར་དགའ་ཞིང་ཆགས་པའི་སེམས་སྐྱེས་སོ། ། དེ་ནས་ཚེ་བོས་ནས་ཟངས་ཁོལ་པའི་ནང་དུ་སྐྱེས་ཏེ། དེ་མ་ཐག་ཏུ་ཚོགས་ཤིང་མྱགས་ནས་རུས་པ་ལས་མ་ལུས་སོ།། དེ་ནས་མདུང་རྩེ་ཁ་བྲག་པས་བླངས་ཏེ། ཕྱིར་བྱུང་བ་དང་ལྕགས་ཀྱི་ཁྱི་རྣམས་ཀྱིས་རུས་པ་འཆོས་པ་དང་། དེ་མ་ཐག་ཏུ་ཕྱིར་སྐྱུགས་ནས་ཡང་སོས་ཏེ་སྔ་མ་བཞིན་ནོ།། སྲུངས་མ་སྲིན་པོས་ཕྱིར་ཡང་ཟངས་ཀྱི་ནང་དུ་དེད་པ་དང་། ཟངས་ཁོལ་མ་དེས་འཇིགས་ནས་རལ་གྲིའི་སྡོང་པོ་ལ་འཇུས་པ་དང་། ཤ་དང་རུས་པ་ཀུན་དུམ་བུར་ཆད་དེ་ཟངས་ཁོལ་བའི་ནང་དུ་ལྷུང་ངོ་།། སྲོག་བཅད་པའི་དབང་གི་ཉིན་ཞག་གཅིག་ལ་ལན་གངྒཱའི་ཀླུང་གི་བྱེད་མ་སྙེད་ནི་འཆི་ལན་གངྒཱའི་ཀླུང་གི་བྱེད་མ་སྙེད་ནི་འཚོའོ། ། དེ་ལས་ཐར་ནས་བྱོལ་སོང་གི་ཁམས་སུ་སྐྱེས་ཏེ། བྱོལ་སོང་གི་ནང་ན་ཡང་གང་ཚེ་ཐུང་བའི་གནས་སུ་སྐྱེ་བ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུ་བརྒྱུད་ཅིང་ལེན་ནོ། ། དེ་ནས་ཡང་ཕྱིར་མིར་སྐྱེས་ནས་རྣམ་པར་སྨིན་པ་རྣམ་པ་གཉིས་ཡོངས་སུ་སྨིན་པ་གྱུར་ཏེ། ནད་རབ་ཏུ་མང་བ་དང་ཚེ་ཤིན་ཏུ་འཐུང་བར་འགྱུར་རོ། ། དེའི་འཁོར་དུ་གྱུར་པ་རྣམས་ཀྱང་ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ།། དེ་ནས་ཀྱང་བསྐལ་པ་བརྩི་བ་དང་བགྲང་བ་ལས་འདས་ནས། གཟོད་དག་པའི་བཤེས་གཉེན་དང་ཕྲད་དེ་ཁྲིམས་ལྔ་འཛིན་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ཐལ་ཆུའི་སེམས་ཅན་དམྱལ་བ་ཞེ་ན། ཐལ་ཆུའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཆུར་དཔག་ཚད་ཉིས་བརྒྱ་ཞེང་དུ་དཔག་ཚད་བཅུ་གཉིས་སྙེད་དེ། འོག་ནས་ཀྱང་རལ་གྲིའི་སོ་རབ་ཏུ་བལྟམས་ལ་འགྲམ་ཡང་རལ་གྲིའི་སྡོང་པོས་ཡོངས་སུ་བལྟམས་ཏེ། འོག་གི་གཏིང་ནས་ཀྱང་མེ་མུར་ཟབས་སུ་འདོམ་ཉི་ཤུས་བཀང་བའི་སྟེང་ཐལ་བས་གཡོགས་ཏེ། འཇིག་རྟེན་ན་གང་ཟག་གཏི་མུག་ཅན་ཕ་དང་མ་ལ་བསྐུ་འཕྲོག་བྱེད་པ་དང་། བསྐྱེད་པའི་དྲིན་ངོ་མི་ཤེས་ཤིང་ལན་གློན་པའི་སེམས་མེད་པ་དང་། བླ་མ་དང་སློབ་དཔོན་དང་ཕུ་ནུ་དང་གཉེན་བཤེས་ལ་བརྐུ་འཕྲོག་པ་སློབ་དཔོན་དང་ཕ་མ་དང་། མི་བླ་མས་བསྟན་པ་བཞིན་དུ་མི་བྱེད་ཅིང་འདོད་ཆགས་ཀྱི་དབང་དུ་གྱུར་ནས་ཁྲེལ་བ་དང་ངོ་ཚ་བ་མེད་པ་དག། འཆི་འཕོ་བའི་དུས་བྱེད་པ་ན་ལུས་རབ་ཏུ་གཙེ་ཞིང་གྲང་བའི་ནད་ཀྱིས་ཁོང་པ་ལྐུགས་ཀྱིས་གང་བ་དང་། འཚངས་ཤིང་རབ་ཏུ་མི་བདེ་བར་གྱུར་པ་ལས་འདི་སྙམ་དུ་བདག་གི་ལུས་འདི་ལྟར་རབ་ཏུ་བརྩེ་ཞིང་ལྐུགས་ཀྱིས་ཚངས་པ་འདི་ལ་ཐལ་ཆུ་འཇམ་པོ་ཞིག་གིས་བཀྲུས་སམ་བཤལ་ན་ཅི་མ་རུང་སྙམ་སེམས་པ་དང་། དེ་མ་ཐག་ཏུ་སྲུངས་མ་སྲིན་པོ་འབར་བས་བདག་གི་བུ་དང་ཆུང་མར་སྤྲུལ་ཏེ། ལག་ན་མེ་མུར་གྱི་སྣོད་ཐལ་བས་བཀང་བ་ཐོགས་ཏེ་དྲུང་དུ་འོངས་པ་དང་། སྡིག་པ་ཅན་དེས་དེ་མཐོང་བ་དང་། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། དེ་མ་ཐག་ཏུ་ཚེ་འཕོས་པ་དང་ཐལ་ཆུའི་སེམས་ཅན་དམྱལ་བར་ལྷུང་ངོ། ། དེ་ནས་རལ་གྲིའི་སྡོང་པོའི་བར་ཀུན་ན་སྲིན་པོ་ལག་ན་རལ་གྲིའི་སོལ་མེ་འབར་བ་རྣོན་པོ་ཐོགས་པ་མང་པོ་ཡོད་དེ། སྲིན་པོ་དེ་དག་ཀུན་གྱིས་རལ་གྲིས་གཟས་པ་དང་། འཇིགས་ཤིང་སྐྲག་ནས་ཐལ་བའི་ནང་དུ་བྲོས་སོ། ། དེར་ཡང་གོམ་པ་བོར་མ་ཐག་ཏུ་ཐལ་བའི་ནང་ནས་རལ་གྲིའི་སོ་བལྟམས་པས་རྐང་པ་ཀུན་དུམ་བུར་སྲན་མ་ཙམ་དུ་ཆད་དེ། རལ་གྲིའི་སྡོང་པོ་ལས་ཀྱང་རལ་གྲི་ཆར་བཞིན་དུ་བབ་ནས། བ་སྤུའི་བུ་ག་ཀུན་ཏུ་ཟུག་གོ།། དམྱལ་སྲུངས་སྲིན་པོས་མདུང་རྩེ་བ་བྲག་པ་ཐོགས་ཏེ་དེའི་སྙིང་དང་ཀླད་པ་ཕྱུང་ནས་ཤི་མ་ཐག་ཏུ་ཕྱིར་ཡང་སོས་སོ།། ལྷར་སྡིག་པ་ཅན་དེས་སྡིག་པ་མང་པོ་བྱས་པའི་ལས་ཀྱི་དབང་དེས་དེ་ལྟ་བུའི་ཉ་ནི་ཞག་གཅིག་ལ་ལན་ཁྲི་ཕྲག་ལྔ་བརྒྱ་ནི་འཆི། ལན་ཁྲི་ཕྲག་ལྔ་བརྒྱ་ནི་འཚོའོ།། བཀྲེས་ཤིང་སྐོམ་པས་ཡོངས་སུ་གདུངས་ཏེ་ཁ་གདངས་པ་དང་། རལ་གྲིའི་སྡོང་པོ་ལས་རལ་གྲི་ཆར་བཞིན་དུ་འབས་སྟེ། ཁ་དང་སྤྱི་བོར་ཟུག་པས་ལྟོ་བ་དང་། རུས་པ་ཡང་ཐལ་བྱུང་དུ་གཤགས་ཏེ་ཤི་ནས་ཚེ་འཕོས་སོ། ། སྔོན་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་མཚན་ཐོས་པ་ཙམ་གྱིས་དེ་ལས་ཐར་ནས་ཕྱིར་ཡང་མིར་སྐྱེས་ཏེ། རིགས་ངན་པ་དང་དབུལ་ཞིང་ཕོངས་པར་འགྱུར་རོ།། དེ་ནས་འཇིག་རྟེན་མི་རྟག་པར་ཤེས་ནས་གཟོད་རབ་ཏུ་བྱུང་བར་གྱུར་ཏེ། མངོན་པར་ཤེས་པ་དྲུག་དང་། རྣམ་པར་གྲོལ་བ་བརྒྱད་ཐོབ་པར་གྱུར་ཏེ། གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་རང་སངས་རྒྱས་སུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་མཚོན་གྱི་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་ཞེ་ན། མཚོན་གྱི་ཚལ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ཁོར་ཡུག་ཏུ་ཚེ་ཁྱད་དཔག་ཚད་བརྒྱ་སྟོང་སྙེད་ཡོད་དེ། དེའི་ནང་རལ་གྲིའི་སྡོང་པོས་ཡོངས་སུ་གང་སྟེ། དེའི་ལོ་མ་ནི་སྤུ་གྲི་དང་། འཁོར་ལོའོ།། འབྲས་བུ་ནི་ལྕགས་ཀྱི་ཐུ་ལུམ་སྟེ། རལ་གྲིའི་སྡོང་པོ་མཐོ་ཁྱད་ཀྱང་དཔག་ཚད་ཉི་ཤུ་རྩ་བཞིའོ།། སེམས་ཅན་གང་ཕ་མ་ལ་སྲི་ཞུ་མི་བྱེད་པ་དང་། སློབ་དཔོན་དང་། བླ་མ་ལ་སྲི་ཞུ་མི་བྱེད་ཅིང་གཉེན་བཙུན་དུ་མི་བལྟ་བ་དང་། ངན་དུ་སྨྲ་བ་དང་། དཀོན་མཆོག་གསུམ་ལ་སྐུར་པ་བཏབ་པ་དང་། སེམས་ཅན་མང་པོ་ལ་འཚེ་ཞིང་གནོད་པ་བྱེད་ཅིང་སྙིང་རྗེའི་སེམས་མེད་པའི་སྡིག་པ་ཅན་དེ་དག་འཆི་འཕོ་བའི་དུས་བྱེད་པ་ན་རྙོག་ཅིང་ཡིད་ཀྱིས་གནས་ཀུན་ཆགས་པ་དང་། འདི་སྙམ་དུ་བདག་གི་རྣམ་ཤེས་འདི་ཐམས་ཅད་ཀུན་ལ་ཆགས་ཤིང་། ལུས་རབ་ཏུ་ན་ཡང་སྙིང་གི་ཆགས་ཤིང་མི་གཏོང་ན། གྲི་རྣོན་པོ་ཞིག་གིས་ཆགས་པའི་སྙིང་འདི་བཅད་ན་ཅི་མ་རུང་སྙམ་བསམས་པ་དང་། དམྱལ་བའི་སྲུངས་མ་སྲིན་པོས་དེ་མ་ཐག་ཏུ་གཡོག་བྲན་གྱི་ལུས་སུ་སྤྲུལ་ནས་དྲུང་དུ་འོངས་ཏེ། ལག་ན་མེ་ལོང་ཐོགས་ཏེ་སྡིག་པ་ཅན་དེ་ལ་འདི་སྐད་དུ། ཁྱོད་ཀྱི་སྙིང་ཅི་ལ་ཡང་ཆགས་པ་དེ་མེ་ལོང་འདི་ལ་ལྟོས་ཞེས་སྨྲས་པ་དང་། སྡིག་པ་ཅན་དེས་བལྟས་པ་དང་། མེ་ལོང་དེའི་ནང་ན་རལ་གྲི་དང་སྤུ་གྲི་རྣོན་པོ་ཡོད་པར་མཐོང་ནས་འདི་སྙམ་དུ་ང་ནི་མཚོན་རྣོན་པོ་འདིས་བདག་གི་སྙིང་དངོས་པོ་ཀུན་ལ་ཆགས་པ་འདི་གཅད་དོ་སྙམ་ནས་རབ་ཏུ་དགའ་བ་དང་། ཚེ་འཕོས་ཏེ་ཡི་དགས་ཀྱི་ལུས་བླངས་ནས་རལ་གྲི་དང་། སྤུ་གྲིའི་ནགས་ཚལ་གྱི་ནང་དུ་སྐྱེས་སོ།། སྐྱེས་མ་ཐག་ཏུ་ལྕགས་ཚན་གྱི་ཐུ་ལུམ་གྱིས་སྤྱི་བོར་ཕོག་ནས་ཐལ་བྱུང་དུ་རྐང་པའི་མཐིལ་དུ་ཕྱུང་ངོ་། ། དེས་ཁོང་པ་ནས་གློ་སྙིང་དང་རྒྱུ་ལོང་དང་། ནང་གྲོལ་ཀུན་ཚིག་ཅིང་རུལ་ནས་ས་ལ་འགྱེལ་ཏེ། དམྱལ་བའི་སྲུངས་མས་མདུང་རྩེ་ཁ་བྲག་པ་ས་ལ་བརྡབས་ཏེ། སྡོང་པོ་ལ་འཛེག་ཏུ་བཅུག་གོ།། མཚོན་གྱི་སྡོང་པོ་དེའི་ཁར་ཕྱིན་མ་ཐག་ཏུ་ལྕགས་ཚན་གྱི་སྲིན་བུ་མང་པོས་བཏོགས་ཤིང་ཟོས་པ་དང་ཤིན་ཏུ་སྐྲག་ཅིང་སྦྱངས་ནས་སྡོང་པོ་གཅིག་ནས་གཅིག་ཏུ་མཆོངས་ཏེ། ལུས་རྡུལ་བཞིན་དུ་ལྷགས་སོ།། དེ་བཞིན་དུ་མཐར་གྱིས་སྡོང་པོ་ཀུན་ལ་མཆོང་ཞིང་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་བརྒྱད་ནི་འཆི་ལན་ཁྲི་ཕྲག་བརྒྱད་ནི་འཚོའོ། ། དེ་ལས་ཐར་ནས་ཀྱང་ཡུལ་མུ་གེ་ཅན་དང་། བསྐལ་པ་ཟད་དུ་ཉེ་བའི་འཇོག་རྟེན་དུ་བྲན་ཁོལ་གྱི་རིགས་སུ་སྐྱེས་ཁ་དང་ལྐུགས་ཀྱི་དྲི་མ་མི་ཞིམ་པ་དང་། ཀུན་གྱིས་མི་འདོད་པར་འགྱུར་རོ།། དེ་ལྟར་བསྐལ་པ་བརྩི་བ་དང་བགྲང་བ་ལས་འདས་ནས། གཟོད་དགེ་བའི་བཤེས་གཉེན་དང་ཕྲད་དེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བ་ཁྲི་ཕྲག་ལྔ་བརྒྱ་ཞེ་ན། ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། དཔག་ཚད་བརྒྱ་སྟོང་གི་ནང་ལྕགས་ཀྱི་ཚེར་མས་ཡོངས་སུ་གང་སྟེ། ལྕགས་ཀྱི་ཚེར་མ་དེ་གཅིག་གི་རྩ་བ་ན་ཡང་ལྕགས་ཀྱི་ཐོ་བ་དང་། ཏི་ཙ་དང་སྐམ་པ་གྲངས་མེད་པ་ཡོད་དོ།། དེ་དག་འཇིག་རྟེན་ན་སོ་སོའི་སྐྱེ་བ་དང་། གང་ཟག་གཏི་མུག་ཅན་དག་ཞ་གཅོད་པའི་ཚིག་སྨྲ་བ་དང་། ཕྲ་མ་སྨྲ་བ་དང་། དཀོན་མཆོག་གསུམ་ལ་འཁྱལ་པ་སྨྲ་བ་དང་། ངན་ཏུ་རྗོད་པ་དང་། མདོ་སྡེ་ཟབ་མོ་དང་བཀའ་ཡང་དག་པའི་བདེན་པ་ལ་བདེན་པ་མ་ཡིན་པར་སྨྲ་བ་དང་། མི་ཁྱད་པར་ཅན་ལ་ངན་ཏུ་སྨོད་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པ་ན་ལྕེ་དང་། ཁ་སྐམས་ཤིང་ལྐུགས་ཐུང་བ་དང་། འདི་སྙམ་དུ་ཚེར་མ་རྣོན་པོ་ཞིག་གིས་བདག་གི་ལྕེ་དང་རྩ་དང་། ཡན་ལག་ཀུན་ནས་ཁྲག་དང་། ཆུ་སེར་ཕྱུང་ན་ཅི་མ་རུང་སྙམ་བསམས་པ་དང་། སྲུངས་མ་སྲིན་པོ་དེས་སྡིག་པ་ཅན་གྱི་ཕ་མའི་ལུས་སུ་སྤྲུལ་ཏེ། ལག་ན་ནོར་བུ་ཟླ་བ་ཞེས་བྱ་བ་ལ་ཚེར་། མྲ་རྣོན་པོ་ཡོད་པར་སྤྲུལ་ནས། སྡིག་པ་ཅན་དེའི་ཁར་གཞུག་པར་གཟས་པ་དང་། ནོར་བུ་དེ་ལ་ཆུ་འབབ་ཅིང་འཛག་པར་སྡིག་པ་ཅན་དེས་མཐོང་ནས་རབ་ཏུ་དགའ་སྟེ། བདག་གི་ཡིད་ལ་འདོད་པ་དང་ཕྲད་དོ་སྙམ་ནས་དགའ་སྟེ། དབུགས་ཆད་ནས་ཚེ་འཕོས་སོ།། དེ་ཡང་གློག་གི་ཡུད་ཙམ་གྱིས། ཚེར་མའི་ཚལ་གྱི་སེམས་ཅན་དམྱལ་བར་སྐྱེས་སོ། ། དེར་སྐྱེས་ནས་དམྱལ་སྲུངས་སྲིན་པོས་ལག་ན་སྐམ་པ་འབར་བ་ཐོགས་ཏེ། ལྕེ་དྲངས་ནས་ཕྱུང་ངོ་།། དེ་ལ་ལྕགས་ཀྱི་གླང་ཆེན་པོ་ལ་ལྕགས་ཀྱི་ཐོང་ཆེན་པོ་བཤལ་ཏེ་ལྕེ་ཀུན་དྲལ་ཏོ། ། དེ་ཉིད་དུ་ཚེར་མའི་ཚལ་དང་། ཚེར་མའི་སྡོང་པོ་རྣམས་ཀྱང་དམྱལ་བའི་རླུང་ཆེན་པོས་བསྐྱོད་ནས། དེའི་ལུས་ལ་འཇུག་ཅིང་བརྡེག་སྟེ། གཤག་ཅིང་འདྲལ་ལོ།། ཉིན་ཞག་གཅིག་ལ་ལན་དྲུག་བརྒྱ་ནི་འཆི།། ལན་དྲུག་བརྒྱ་ནི་འཚོའོ།། དེ་ལས་བསྐལ་པ་ཟད་ནས་མིར་སྐྱེས་ན་ཡང་གཟུགས་བྱད་ངན་པ་དང་། བཞིན་མདོག་མི་སྡུག་པ་དང་དབང་པོ་མི་གསལ་ཞིང་དོག་ལྕགས་སུ་སྨྲ་བ་དང་། ལུས་ལ་མཛེ་དང་ཤུ་བ་ལ་སོགས་པའི་ནད་རྣམ་པ་མང་པོས་གཟིར་ཅིང་རྣག་ཁྲག་མང་པོ་ལུས་ལ་འཛག་པ་དང་།། སྐྱེ་བལྔ་བརྒྱའི་བར་དུ་ཀུན་གྱིས་མཐོང་མི་འདོད་པར་འགྱུར་རོ། ། དེ་ལས་ཚེ་འཕོས་ནས་ཕྱིར་སྐྱེ་བ་མིའི་ལུས་ཐོབ་ན་ཡང་སྨྲ་བའི་ཚིག་དང་ངགསུས་ཀྱང་མི་ཉན་པར་འགྱུར་རོ།། དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་དང་ཕྲད་ནས་གཟོད་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྷར་ན་ལྕགས་ཀྱི་སྡོང་པོའི་སེམས་ཅན་དམྱལ་བ་ཆེན་པོ་ཁྲི་ཕྲག་ལྔ་བརྒྱ་ཞེ་ན། ལྕགས་ཀྱི་སྡོང་པོའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ལྗགས་ཀྱི་སྡོང་པོའི་དབྱིབས་ཀྱང་མེའི་རི་ལྟ་བུ་སྟེ་མཐོ་ཁྱད་ཀྱང་དཔག་ཚད་དྲུག་བརྒྱ་སྲིད་དོ། ། འོག་ན་མེ་རབ་ཏུ་འབར་ཏེ། མེ་དེའི་ནང་ན་ལྕགས་ཚན་འབར་བའི་ཁྲི་ཡོད་དོ།། དེའི་སྟེང་ན་མཚོན་གྱི་འཁོར་ལོ་ཡོད་དོ།། མཚོན་གྱི་འཁོར་ལོའི་བར་ན་ལྕགས་ཚན་འབར་བའི་སྲན་བུ་དང་། ལྕགས་ཚན་འབར་བའི་བྱ་ཡོད་དོ།། འཇིག་རྟེན་ན་གང་ཟག་གླེན་ཞིང་གཏི་མུག་ཅན་དག། འདོད་ཆགས་ཀྱི་བག་ཆགས་ཆེ་པ་འདོད་པས་ལོག་པར་སྤྱོད་པ་ལ་དགའ་བ། དུས་དང་གནས་མ་ཡིན་པ་ལ་མི་ཚངས་པར་སྤྱོད་པའི་ལས་བྱས་པ་དང་། གཞན་ཡང་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། བྲམ་ཟེ་འམ། དེ་ལ་སོགས་པ་ཚངས་པར་སྤྱོད་པ་དག། གལ་ཏེ་དུས་དང་གནས་མ་ཡིན་པ་ལ་མི་ཚངས་པར་སྤྱད་པ་དང་། འདོད་པས་ལོག་པར་གཡེན་པའི་ལས་ངན་པ་སྤྱད་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པ་ན། གཞུ་ལྷར་རེངས་ཏེ་རབ་ཏུ་འདར་ཞིང་བརྩེ་ནས་མི་བཟོད་པར་གྱུར་པ་དང་། འདི་སྙམ་དུ་བདག་གི་ལུས་འདི་ལྕགས་ཀྱི་སྡོང་པོ་ཆེན་པོ་ཞིག་ལ་དྲང་པོར་མི་འགུལ་བར་བསྡམས་ན་ཅི་མ་རུང་སྙམ་བསམ་པ་དང་། དེ་མ་ཐག་ཏུ་དམྱལ་སྲུངས་སྲིན་པོས་གཡོག་བྲན་གྱི་ལུས་སུ་སྤྲུལ་ཏེ། ལག་ན་ལྕགས་ཀྱི་འཁར་བ་ཐོགས་ནས་སྡིག་པ་ཅན་དེ་ལ་འདི་སྐད་དུ། ཁྱེད་ཀྱི་ལུས་སྲ་ཞིང་རེངས་པར་གྱུར་པ་དེ་ངས་མཉེན་པར་བྱ་ཡིས། ཁྱོད་འཁར་བ་འདི་ལ་འཇུས་ཤིག་ཅེས་སྨྲས་ནས་སྤྲོ་བ་བསྐྱེད་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་བར་གྱུར་ནས་ལྤགས་ཆད་དེ་ཚེ་འཕོས་སོ།། ལྕགས་གཡབས་པ་ཙམ་གྱི་ཚོད་ན་ལྕགས་ཀྱི་སྡོང་པོའི་ཐོག་མ་ལ་སྐྱེས་སོ།། དེ་ལ་མེ་རབ་ཏུ་འབར་བས་གདུངས་ཤིང་བསྲེགས་པ་དང་། ཤིན་ཏུ་འཇིགས་ཤིང་སྐྲག་ནས་འོག་ཏུ་བལྟས་པ་ན། ལྕགས་ཀྱི་ཁྲིའི་སྟེང་ན་སྐྱེས་པས་བུ་མོ་སྡུག་གུ་འདུག་པར་མཐོང་བ་དང་། བུད་མེད་ཀྱིས་ན་སྐྱེས་བུ་བཟང་པོ་ཤིན་ཏུ་ཡིད་ཏུ་འོང་བ་ཞིག་འདུག་པ་ལྷ་བུར་མཐོང་སྟེ།། ཆགས་པའི་སེམས་སྐྱེས་ནས་ལྕགས་ཀྱི་སྡོང་པོའི་ཁ་ནས་བབས་སྙམ་སྟེ་མཆོངས་པ་དང་། ལྕགས་ཀྱི་སྡོང་པོས་ལུས་ཐལ་བྱུང་དུ་ཕྲག་ནས། ལྕགས་ཚན་གྱི་དྲ་བས་ཀྱང་མགོ་དཀྲིས་སོ།། ལྕགས་ཀྱི་སྲིད་བུ་རྣམས་ཀྱིས་ནི་འཇིབ་ཅིང་ཟའོ། ། དེ་ནས་ལུས་དུམ་བུ་མང་པོར་ཆད་དེ་ལྕགས་ཁྲི་འབར་བ་དེའི་སྟེང་དུ་ལྷུང་བ་དང་། ཡན་ལག་ཀུན་ནས་མེ་རབ་ཏུ་འབར་ཏེ། ལྕགས་ཀྱི་སྲིན་བུ་རྣམས་ཀྱང་མིག་གི་ནང་དང་དབང་པོ་ཀུན་གྱི་ནང་དང་། ཕོ་མོས་ཀྱི་མཚན་མ་ཀུན་གྱི་ནང་དུ་འཇུག་ཅིང་བའོ།། སྲིན་བུ་དེ་དགལ་ཁྲི་ཕྲག་དགུ་བརྒྱ་ཡོད་དོ།། སྲིན་བུ་དེ་གཅིག་གི་མགོ་ལ་ཡང་མཆུ་ཅུ་གཉིས་ཡོདདེ། མཆུ་ཉིད་ལས་ཀྱང་མེ་རབ་ཏུ་འབར་ཞིང་ངོའི་ལུས་ལ་ལ་བཞིང་འཇིབ་བོ།། གང་ཟག་ལྔ་ལ་ཞིག་གིས་འདོད་པས་ལོག་པར་གྲིསེམ་པའི་ལུས་ཀྱིས་གང་དག་ཚུལ་ཁྲིམས་ཅན་གྱི་ཁྲིམས་བཤིག་པ་དང་། མི་དགེ་བ་སྤྱད་པའི་ལས་ཀྱི་རྣམ་པར་སྨིན་པས་དེ་ལྟ་བུར་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་དགུ་བརྒྱ་ནི་འཆི། ལན་ཁྲི་ཕྲག་དགུ་བརྒྱ་འཚེར། ། ཅི་སྱེ་དེ་ལས་ཐར་ནས་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་བྲིབྲི་བ་དང་། ཕྲག་རོན་གྱི་ལུས་སུ་སྐྱེས་ཏེ། དེ་ལས་ཐར་ནས་ཀྱང་སྐྱེ་བ་ལྔ་བརྒྱའི་བར་སཀྱུ་བུམ་པའི་ལུས་སུ་སྐྱེའོ།། དེ་ནས་མིར་སྐྱེས་ནཱ་ཡང་སྐྱེ་བ་ལྔ་བཅུའི་བར་དུ་མ་ནིང་དང་མཚན་མེད་དང་མཚན་གཉིས་དང་།། མཚན་འགྱུར་དུ་སྨྲས་ཏེ། ཙོ་སྟེ་དབང་པོ་དང་ལྡན་ན་ཡང་འཁོར་ངན་པའི་ངང་ཚུལ་ཅན་ཆོད་པ་དང་བཅས་པའི་བུ་སྐད་དྲུང་བྲ་ཆ་སྲི་ནུ་མེད་ཅིང་བློ་རྒན་པ་དང་། བྲན་གཡོག་བཀའ་བློ་མི་བདེ་བའི་འཁོར་ཐོབ་པར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་གཉེ་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩས་པ། དེ་ལ་ཅི་སྔགས་ཀྱི་ཐགས་ཟངས་ཀྱི་སེམས་ཅན་དཔྲལ་བ་ཕྲག་ལྔ་བརྒྱ་ཞེ་ན། ལྕགས་ཀྱི་ཐགས་ཟངས་ཀྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། ལྕགས་ཀྱི་ཁྲི་མེ་རབ་ཏུ་འབར་བ་ཆུ་ཞེང་དུ་དཔག་ཚད་བཞི་པ་གཅིག་ཡོད་དེ། དེའི་སྟེང་ན་ལྷག་ཀྱི་འཁྲུལ་འཁོར་འབར་བ་གྲངས་མེད་པ་ལས་ལྕགས་ཀྱི་མདའ་གཞུ་ཁྲི་ཕྲག་སྟོང་སྙེད་ཡོད་པར་གྱུར་ཏེ། མདའ་དེ་ཉིད་ལས་མེ་རབ་ཏུ་འབར་རོ།། འཇིག་རྟེན་ན་གང་ཟག་གླེན་ཞིང་གཏི་མུག་ཅན་འདོད་ཆགས་ཀྱི་དབང་གིས་འདོད་པས་ལོག་པར་སྤྱོད་པ་དང་། ཕ་མ་ལ་སྲི་ཞུ་མི་བྱེད་པ་དང་། སློབ་དཔོན་དང་བླ་མ་ལ་བཀུར་སྟི་མི་བྱེད་པ་དང་། ལེགས་པར་སྟོན་པ་ལ་མི་གཞོལ་བ་དང་། སེམས་ཅན་གྱི་སྲོག་བཅད་པ་དང་། བཅོད་པ་ལ་དགའ་བ་དང་རྣམ་པར་སྨིན་པས་འཆི་བའི་དུས་བྱེད་པ་ན། ལུས་ཀུན་འགུལ་ཏེ་བརྩེ་ནས་མི་བཟོད་དེ་བུ་ག་དྲུག་ནས་ཟག་པ་རྣམས་ཟག་པ་དང་། སྡིག་པ་ཅན་དེས་འདི་སྙམ་དུ་བདག་གི་ཉལ་མ་ལ་འདི་རབ་ཏུ་སྦ་ཞིང་མུགས་ཏེ། ཚ་བར་གྱུར་ན་བདག་ཤིན་ཏུ་སྲ་ཞིང་གྲང་བའི་མལ་བདེ་བར་ཉལ་ཏེ། གཉིད་ཅིག་ལོག་ན་ཅི་མ་རུང་སྙམ་བསམས་པ་དང་། དམྱལ་སྲུངས་སྲིན་པོས་མདུང་རྩེ་ཁ་བྲག་པའི་ཁ་ནས་ལྕགས་ཀྱི་ཁྲི་ལ་ལྕགས་ཀྱི་བར་ཏང་བཏིང་བ་ཁྱེར་ཏེ་འོངས་པ་དང་། སྡིག་པ་ཅན་དེས་དེ་མཐོང་བ་དང་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ལྕགས་ཀྱི་ཁྲིལ་པར་ཏང་བཏིང་བ་དེ་ལ་ཉལ་བར་དགའ་བ་དང་དེ་མ་ཐག་ཏུ་དབུགས་ཆད་ནས་ཚེ་འཕོས་སོ།། དེ་ནས་ལྕགས་ཀྱི་ཐག་ཟབས་ཀྱི་སེམས་ཅན་དམྱལ་བར་སྐྱེས་ཏེ་ལྕགས་འཁྲུལ་འཁོར་འབར་བ་ཁྲི་ཕྲག་བརྒྱ་སྟོང་སྙེད་ལྷ་འོག་ནས་འཕེན་ཞིང་དུས་གཅིག་ཏུ་འཁྲུལ་ཞིང་གཡོས་སོ། ། དེ་ལས་ལྕགས་ཀྱི་གཞུ་གྲངས་མེད་པ་ལས་ལྕགས་ཚན་གྱི་མདའ་གྲངས་མེད་པ་ཞིག་སྡིག་པ་ཅན་གྱི་སྙིང་ལ་ཕོག་ནས་རབ་ཏུ་སྡུག་བསྔལ་བར་གྱུར་ཏོ། ། དེ་ལྟ་བུར་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་དྲུག་བརྒྱ་ནི་འཆི། ལན་ཁྲི་ཕྲག་དྲུག་བརྒྱ་ནི་འཚེའོ། ། དེ་ལས་ཐར་ནས་ཀྱང་སྐྱེ་བ་ལྔ་བརྒྱའི་བར་དུ་བྱོལ་སོང་གི་ཁམས་སུ་སྐྱེའོ།། དེ་ལས་ཐར་ཏེ་མིར་སྐྱེས་ན་ཡང་དབུལ་ཞིང་ཕོངས་པ་དང་། རིགས་ངན་པར་སྐྱེས་ཏེ། རྟག་ཏུ་གཞན་གྱིས་བཀོལ་བ་དང་། ། དགྲ་སྡང་བས་ཟིན་ཅིང་བཙོན་ཆས་དམ་པོར་འཛུད་པ་དང་རྟག་ཏུ་བརྡེག་ཅིང་འཚེག་པར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།། དེ་ལ་ཇི་ལྟར་ན་ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བ་ཞེ་ན། ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། དམྱལ་བ་ཆེན་པོའི་གནས་དེ་ཉིད་ན། ལྕགས་ཚན་འབར་བའི་དྲ་བ་རིམ་པ་བརྒྱད་ཅུ་རྩ་དགུ་སྙེད་ཡོད་དོ།། དྲ་བ་དེ་རེ་རེའི་བར་དང་མིག་ན་ཁབ་དཔལ་མ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཡོད་དེ། ཁབ་དེ་དག་ཀུན་གྱི་རྩེ་མོ་ལ་ལྕགས་ཀྱི་འཁྲུལ་འཁོར་འབར་བ་གྲངས་མེད་པ་འཁྲུལ་ཞིང་རབ་ཏུ་འབར་རོ།། དེ་དག་འཇིག་རྟེན་སེམས་ཅན་གང་དཀོན་གསུམ་ལ་སྨོད་ཅིང་ལོག་པར་ལྟ་བ་དང་། བརྫུན་དུ་སྨྲ་ཞིང་གཡོ་དང་སྒྱུས་ལོག་པར་འཚེ་ཞིང་ཕ་རོལ་འབྲིད་པར་བྱེད་པ་དང་རྟག་ཏུ་མི་དགེ་བའི་ལས་བྱེད་པར་སེམས་པའི་སྡིག་པ་ཅན་དེ་འཆི་བའི་དུས་བྱེད་པའི་ཚེ་ན། ལུས་དང་ཡན་ལག་ཀུན་རབ་ཏུ་གཡའ་ཞིང་བརྩེ་སྟེ། འདི་སྙན་དུ་ཁབ་རྣོན་པོ་སྤར་གང་གིས་ལུས་ཀྱི་སྲིན་བུ་འདི་དག་བརྩོགས་ན་ཅི་མ་རུང་སྙམ་བསམས་པ་དང་། དམྱལ་བའི་སྲུངས་མ་སྲིན་པོས་སྨན་པའི་ལུས་སུ་སྤྲུས་ཏེ། ལག་ན་གཙགས་ཁབ་རྣོན་པོ་ཐོགས་ནས་འདི་སྐད་དུ་བདག་ནི་ཁྱོད་ཀྱི་ནད་འཚོ་བར་བྱེད་པའོ་ཞེས་སྨྲས་ཏེ། སྡིག་པ་ཅན་དེའི་སེམས་སྤྲོ་བ་བསྐྱེད་དེ་དགའ་མ་ཐག་ཏུ་ལྐུགས་ཆད་དེ་ཚེ་འཕོས་སོ།། དེ་དག་དེ་ནས་ལྕགས་ཀྱི་དྲ་བའི་སེམས་ཅན་དམྱལ་བར་སྐྱེས་ནས་དྲ་བ་དང་འཁྲུལ་འཁོར་རྣམས་ལ་དྲུད་ཅིང་འདྲེའོ། ། འཁྲུལ་འཁོར་རྣམས་བསྐུལ་ཞིང་བསྐྱོད་པ་ལས་ཁབ་དཔལ་མ་ལྟ་བུའི་ལྕགས་ཚན་འབར་བ་གྲངས་མེད་པ་བ་སྤུའི་བུ་ག་ཀུན་ཏུ་ཟུག་སྟེ། ། དེ་བཞིན་དུ་ལྕགས་ཚན་གྱི་དྲ་བའི་བར་དང་དྲ་མིག་གཅིག་ནས་གཅིག་ཏུ་སྐད་ཅིག་ནི་འཆི། སྐད་ཅིག་ནི་འཚོའོ།། དེ་ལས་ཐར་ནས་མིར་སྐྱེས་ན་ཡང་ཡུལ་འཐའ་འཁོབ་ཏུ་སངས་རྒྱས་ཀྱི་ཆོས་མེད་པའི་གནས་སུ་སྐྱེ་སྟེ། འཇིག་རྟེན་གྱི་ཚིག་སྙན་པ་བཟའ་པོ་ཡང་མི་ཐོས་ན་ཡང་དག་པའི་ཆོས་ལྟ་ཅི་སྨོས་ཏེ་མི་ཐོས་སོ།། གལ་ཏེ་མི་སྐྱེས་ན་ཡང་ངན་སོང་གསུམ་གྱི་ནང་དུ་བརྩིའོ། ། བསྐལ་པ་བརྩི་བ་དང་བགྲང་བ་ལས་འདས་ནས་གཟོད་དགེ་བའི་བཤེས་གཉེན་དང་ཕྲད་དེ་ཆོས་ཐོས་པར་གྱུར་ཀྱང་སེམས་ཀྱིས་ཆུད་ཅིང་རྟོགས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་ཁང་པའི་སེམས་ཅན་དམྱལ་བ་ཆེན་པོ་བཅོ་བརྒྱད་ཅེ་ན་ལྕགས་ཀྱི་ཁང་པའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། གཤིན་རྗེའི་འཇིག་རྟེན་དུ་སོང་བའི་ནང་ན་སྡུག་བསྔལ་གྱི་མཆོག་གོ། ། དེ་ལ་ལྕགས་ཀྱི་རི་ཆེན་པོ་གཅིག་ཡོད་དེ། ཆེ་ཁྱད་དཔག་ཚད་ཉི་ཤུ་རྩ་ལྔའོ།། རི་དེ་ལ་ལྕགས་ཀྱི་ཐུ་ལུམ་འབར་བ་ཁྲི་ཕྲག་ལྔ་བརྒྱ་ཡོད་དེ། ཐུ་ལུམ་དེ་དག་རེ་རེ་ལ་ཆེ་ཁྱད་དཔག་ཚད་བཅུ་གསུམ་མོ། ། གཞན་ཡང་རི་དེ་ལ་རལ་གྲིའི་སྡོང་པོ་དང་མཚོན་གྱི་ནགས་ཚལ་ཁྲི་ཕྲག་བརྒྱད་སྟོང་སྙེད་དོ།། ལྕགས་ཀྱི་རི་དེའི་ཤར་ཕྱོགས་ན་ལྕགས་ཀྱི་ཁྲི་མོན་རིང་པོ་ཡུལ་མཉམ་དཀའི་པྲེ་ཀ་ཙམ་ཅིག་ཡོད་དེ། དེའི་ནང་ནས་དུས་པ་ནག་པོ་དྲི་མི་ཞིམ་པ་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། ། འཇིག་རྟེན་ན་གང་ཟག་དུག་གསུམ་གྱི་དབང་གྱུར་པ་སེར་སྣས་ཡོངས་སུ་བཅིངས་པ་འདོད་ཅིང་ཆགས་པའི་སེམས་རྡོ་བས་སྲ་བ། རྟག་ཏུ་གཡོ་དང་སྒྱུས་འཚོ་ཞིང་གཞན་ལ་འཚེ་བ་དང་། སེམས་ཅན་མང་པོའི་སྲོག་བཅད་པ་དང་། སེམས་ཅན་མི་རྟག་པ་ལ་མི་སེམས་ཤིང་ནོར་ཟས་ཀྱི་དངོས་པོ་ལ་ཤིན་ཏུ་འཕངས་པར་འཛིན་པ། ཕ་མ་དང་སློབ་དཔོན་དང་བཤེས་གཉེན་དང་བུ་དང་ཆུང་མ་དང་འཁོར་ལ་ཡང་སྦྱིན་པ་ཡོངས་སུ་མི་གཏོང་བ་དགེ་བའི་རྩ་བ་ཡོངས་སུ་བཅད་པ་དག་འཆི་བའི་དུས་བྱེད་པ་ན་དབང་པོ་ཀུན་ཉམས་ཏེ་སྨྲ་ཡང་མི་ཤེས་ནས། ཡིད་ལ་འདི་སྙམ་དུ་བདག་ཤི་བའི་འོག་ཏུ་བདག་གི་ཟས་དང་ནོར་ལ་སྤྱོད་པ་འདི་དག་ལྕགས་ཀྱི་ཐུ་ལུམ་འབར་བར་གྱུར་ཅིག། ངའི་ཁྱིམ་ན་འདུག་པ་འདི་དག་མུན་ནག་ཏུ་གྱུར་ཅིག་ཅེས་སྨྲས་སམ་བསམས་མ་ཐག་ཏུ། སྲུངས་མ་སྲིན་པོས་སེར་སན་ཅན་ཞིག་གི་ལུས་སུ་སྤྲུལ་ཏེ། དེའི་ནོར་ཟས་ཀུན་བསྡུས་ནས་སྡིག་པ་ཅན་དེའི་དྲུང་དུ་བསྲེགས་པ་ལྟ་བུར་སྤྲུལ་པ་དང་། སྡིག་པ་ཅན་དེ་རབ་ཏུ་དགའ་བའི་སེམས་སྐྱེས་ནས་ལྡུགས་ཆད་དེ་ཚེ་འཕོས་སོ།། དེ་ནས་ལྕགས་ཀྱི་རི་མེ་འབར་བ་དེ་ལ་སྐྱེས་ནས། ལྕགས་ཀྱི་ཁྲི་མོན་དུ་ལྕགས་ཁུ་བླུགས་པ་བཞིན་དུ་ཕྱིན་ནས་ལྕགས་ཁང་འབར་བའི་ནང་ན་ལྕགས་ཀྱི་སྲིན་བུས་ཟ་ཞིང་མཚོན་གྱི་ནགས་ཚལ་གྱིས་གཏུབ་ཅིང་འདྲལ་ལོ།། དུད་པ་ནག་པོ་དེ་འཁྲིགས་ཏེ་མིག་ཅི་ཡང་མི་མཐོང་ནས། མེ་དང་མཚོན་གྱིས་འཇིགས་ནས་མགོ་ལ་ལྕགས་ཀྱི་རི་ཁྱེར་བཞིན་དུ་ཕན་ཚུན་དུ་བརྒྱུག་ཅིང་སྣང་བ་ཚོལ་ལོ།། ལྕགས་ཀྱི་ཐུ་ལུམ་འབར་བ་སྤྱི་བོར་ཕོག་ནས་རྐང་མཐིལ་དུ་འབྱུང་སྟེ། སྐད་ཅིག་མ་ཙམ་གྱིས་ནི་འཆི། སྐད་ཅིག་མ་ཙམ་གྱིས་ནི་ཕྱིར་ཡང་འཚོའོ།། དེ་ལས་ཐར་ནས་ཀྱང་ཡི་དགས་ཀྱི་ཁམས་སུ་སྐྱེས་ཏེ། ལུས་ཆེ་ཞར་རིང་བ་ནི་དཔག་ཚད་བཅུའི་སྲིད་དོ།། ཁ་ནི་ཕྲ་ཁྱད་ཁབ་ཙམ་མོ།། ལྟོ་བ་ནི་ཆེ་ཁྱད་རི་རབ་ཙམ་སྟེ་ཟས་སུ་ནི་ལྕགས་ཁུ་འཐུང་ཞིང་ལོ་བརྒྱད་སྟོང་གི་བར་དུ་ཡི་དགས་ཆེན་པོ་དེའི་ལུས་སུ་གནས་སོ། ། དེ་ནས་ཀྱང་ཡི་དགས་ཀྱི་ཁམས་སུ་སྐྱེ་བ་བརྒྱུད་དེ་ངར་སྣབས་ཟ་བའི་ཡི་དགས་དང་། རྣག་ཁྲག་ཟ་བའི་ཡི་དགས་དང་། བཤང་གཅི་ཟ་བའི་ཡི་དགས་སུ་སྐྱེའོ།། དེ་ལས་ཐར་ནས་ཀྱང་ཁྱི་དང་ཕག་གི་ལུས་སུ་སྐྱེའོ།། དེ་ལས་ཐར་ནས་ཀྱང་དབུལ་ཞིང་ཕོངས་པ་དང་། བྲན་ཁོལ་གྱི་རིས་སུ་སྐྱེས་ཏེ་ཟས་དང་ལོངས་སྤྱོད་ཀྱིས་རབ་ཏུ་ཕོངས་པར་འགྱུར་རོ། ། དེ་ནས་དགེ་བའི་བཤེས་གཉེན་དང་ཕྲད་དེ། གཟོད་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་། ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཞེ་ན། ལྕགས་ཀྱི་ཐུ་ལུམ་གྱི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། དཔག་ཚད་བརྒྱད་ཅུ་སྙེད་ལྷགས་ཀྱི་མཁར་དུ་གྱུར་པའི་ནང་ན་བར་ཆད་བརྒྱད་ཅུ་རྩ་བརྒྱད་ཡོད་དོ། ། བར་ཆད་རེ་རེའི་ནང་ན་ཡང་མཚོན་གྱི་རི་བོ་ལྔ་ལྔ་ཡོད་དོ།། སྟེང་གི་ཕྱོགས་ནས་ཀྱང་མཚོན་གྱི་འཁོར་ལོ་བལྟམས་ཏེ། དེའི་འོག་ན་ལྕགས་ཀྱི་སྤྲུ་ཆེན་པོ་བརྒྱ་སྙེད་ཡོད་དོ། ། སྦྲུལ་དེ་ཁ་གདངས་པའི་ཚེ་ན་ཡང་ཁ་ནས་མེ་འབར་ཏེ་ལྕེ་འབྱིན་པའི་ཚེ་ན་ཡང་ལྕེའི་ཐོག་མ་ལ་རལ་གྲི་རྣོན་པོ་འབར་བ་ཡོད་དོ།། འཇིག་རྟེན་ན་གང་ཟག་སྡིག་པ་ཅན་དག་སྦྱིན་པ་བྱེད་པ་ལ་གཤེ་ཤིང་སྨོད་པ་དང་། དགེ་བ་སོགས་པའི་མི་དང་དཀོན་མཆོག་གསུམ་དུ་གྱུར་པ་ལ་འཚེ་ཞིང་ངན་དུ་སྨོད་པ་དང་། དགེ་བ་དང་གསོ་སྦྱིན་བྱས་པ་ལ་རྣམ་པར་སྨིན་པའི་རྒྱུ་དང་འབྲས་བུ་མེད་དོ་ཞེས་ཟེར་བའི་སྡིག་པ་ཅན་དེ། འཆི་འཕོ་བའི་དུས་བྱེད་པ་ན་གཉལ་བ་རེངས་ནས་མགོ་སྒྱུར་བར་མི་ནུས་ཏེ་ལྷ་མི་འདོད་ཅིང་སྨྲ་ཡང་མི་ནུས་ནས་ཁ་བུབ་ཏུ་འགྱེལ་ཏེ་འདི་སྙམ་དུ་བདག་གིས་བསགས་པའི་ནོར་དབྱིག་ཐམས་ཅད་བདག་དང་འགྲོགས་ན་ཅིམ་རུང་སྙམ་བསམ་པ་དང་། དམྱལ་སྲུངས་སྲིན་པོས་ཆུང་མའི་ལུས་སུ་བསྒྱུར་ཏེ། ལག་ན་ལྕགས་ཀྱི་ཐུ་ལུམ་འབར་བ་ཐོགས་པ་རིན་པོ་ཆེའི་སྣོད་ཡིད་བཞིན་ཞེས་བྱ་བར་སྤྲུལ་ཏེ་དྲུང་དུ་འདུག་ནས། འདི་སྐད་དུ་བདག་ཁྱོད་ཀྱི་ཕྱིན་འགྲོའོ་ཞེས་སྨྲས་ནས་ཤིན་ཏུ་ཆགས་པའི་ཚུལ་སྟོན་པ་དང་། དེ་ལ་དགའ་ནས་དབུགས་ཆད་དེ་ཚེ་འཕོས་པ་དང་། ལྕགས་མཁར་འབར་བ་དེའི་ནང་དུ་སྐྱེས་ཏེ་ཚེ་བས་རབ་ཏུ་གདུངས་ནས་ཕན་ཚུན་དུ་སྤྱུག་ཅིང་འབྲོས་པ་དང་ལྕགས་ཀྱི་སྦྲུལ་གདུག་པ་ཅན་གྱིས་ཁ་ནས་གདུག་པ་ཕྱུང་སྟེ། ལུས་ལ་བཀྲིས་པ་དང་། མགོ་དང་ལུས་ཀྱི་ཡན་ལག་ཀུན་ནས་མེ་འབར་བར་གྱུར་ཏོ།། དེ་ནས་ཡང་སྡིག་པ་ཅན་དེས་འདི་སྙམ་དུ་ལྷ་བདག་ལ་བྱམས་ན་གནས་ནས་ཆར་ཕོ་བ་ཤིག་ཅེས་སྨོན་པ་དང་། བསམས་མ་ཐག་ཏུ་སྟེང་ནས། ལྕགས་ཚན་གྱི་ཐུ་ལུམ་ཆར་བཞིན་དུ་བབ་ནས་སྤྱི་བོར་ཕོག་པ་དག་ཀྱང་རྐང་མཐིལ་དུ་བྱུང་ངོ་།། དེ་ལས་ཐར་ཏེ་མར་སྐྱེས་ན་ཡང་ཤིན་ཏུ་དབུལ་ཞིང་ཕོངས་པ་དང་། དཱ་དང་མགོན་སྐྱབས་མེད་པ་དང་། དིག་ལྐུགས་དང་དབང་པོ་མ་ཚང་བར་འགྱུར་ཏེ། དེ་ལྟ་བུའི་སྡུག་བསྔལ་ལེན་པའི་ཚད་ནི་ལྕགས་ཀྱི་ཁང་པའི་སྡུག་བསྔལ་བཤད་པ་དང་འདྲའོ། ། དེ་ནས་གཟོད་དགེ་བའི་བཤེས་གཉེན་དང་ཕྲད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།། དེ་ལ་ཇི་ལྟར་ན་རྡོ་ཟུར་མང་གི་སེམས་ཅན་དམྱལ་བ་ཞེ་ན། རྡོ་ཟུར་མང་གི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི། རྡོ་བྲག་གི་རོ་ཆེན་པོ་ཉི་ཤུ་རྩ་ལྔ་ཡོད་དེ། རི་དེ་གཅིག་ལ་ཡང་ཆབ་བྲོམ་གྱི་རྫིང་ཆེན་པོ་བརྒྱད་བརྒྱད་ཡོད་དོ།། རྫིངབ་དེ་རེ་རེའི་ནང་ཡང་ཀླུ་གདུག་པ་ཅན་ལྔ་ལྔ་ཡོད་དེ་གནས་སོ། ། འཇིག་རྟེན་ན་གང་ཟག་སྡིག་པ་ཅན་སོ་སོའི་སྐྱེ་བོ་དང་གཞན་ཡང་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དགེ་ཚུལ་ཅན་ཕོ་མོ་དང་། ཀུན་ཏུ་རྒྱབ་རྣམ་པ་དགུ་བཅུ་རྩ་ལྔ་ལ་སོགས་པ་གང་ཞིག་ཆོས་རྣམས་ནི་ཆོས་མ་ཡིན་པར་བཤད་པ་དང་། ཆོས་མ་ཡིན་པ་རྣམས་ནི་ཆོས་སུ་བཤད་པ་དང་། ཉེས་པ་བྱུང་ཡང་འཐོལ་ཚངས་མི་བྱེད་པ་དང་། རྣམ་པར་སྨིན་པ་ལ་མི་འཛེམ་སྟེ་སེམས་སྤྲེའུ་དང་འདྲ་བ་དག། སྡིག་པ་ཡོངས་སུ་སྨིན་ཏེ་འཆི་བའི་དུས་བྱེད་པ་ན་ཁོང་པ་ལྡུགས་ཀྱིས་གང་སྟེ་ཤིན་ཏུ་རྒྱས་པར་གྱུར་ནས། ཆུའི་དངོས་པོ་ཡང་མི་ཐར་ཏེ་འདི་སྙན་དུ་རྡོ་ཟུར་མང་ཞིག་གིས། བདག་གི་གྲེ་བར་བཙབས་ན་ཅི་མི་རུང་སྙམ་བསམས་པ་དང་། དེ་མ་ཐག་ཏུ་དམྱལ་སྲུངས་སྲིན་པོས་སྨན་པའི་ལུས་སུ་སྤྲུལ་ཏེ། ལག་ན་རྡོ་ཟུར་མངས་ཐོགས་པ་ཡང་སྨན་གྱི་རིལ་བུར་བསྒྱུར་ནས་སྡིག་པ་ཅན་གྱི་ཁར་བཅུག་ནས་ལ་ཚུམས་ཤིག་ཅེས་སྨྲས་པ་དང་། དེ་ལ་དགའ་བའི་སེམས་སྐྱེས་ནས་ལྐུགས་ཆད་དེ་ཚེ་འཕོས་པ་དང་རྡོ་བའི་རིའི་བར་དུ་སྐྱེས་ཏེ། རྡོ་བྲག་ཟུར་མངས་ཅན་གྲངས་མེད་པ་རྒྱབ་ཏུ་ཕོག་ནས་བྲང་དུ་ཕྱུང་ངོ་། ། དམྱལ་བའི་སྲུངས་མས་མདུང་རྩེ་ཁ་བྲག་པ་ཁར་བཙུགས་ཏེ་ཕྱེ་ནས་རྡོ་ཚན་འབར་བ་ཁར་བཅུག་གོ། དེ་མ་ཐག་ཏུ་ལུས་མེའི་ཕུང་པོར་འབར་རོ།། དེ་ལྟར་ཉིན་ཞག་གཅིག་ལ་ལན་ཁྲི་ཕྲག་བཅུ་ནི་འཆི། ལན་ཁྲི་ཕྲག་བཅུ་ནི་འཚོའོ།། དེ་ནས་ཚེ་འཕོས་ནས་ཐིག་ནག་པོའི་སེམས་ཅན་དམྱལ་བར་སྐྱེས་སོ།། ཐིག་ནག་པོའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ན། ལྕགས་ཀྱི་རི་ཆེན་པོ་བརྒྱད་བརྒྱན་ཡོད་དེ་དེའི་ཁོར་ཡུག་ཏུ་ལྕགས་ཀྱི་སྡོང་པོ་སྐྱེས་ཏེ་དེ་ལ་ལྕགས་ཐག་ལུག་གུ་རྒྱུད་ཀྱིས་བཏགས་ནས་སྡིག་པ་ཅན་དེ་ལ་ཁུར་དུ་སྐུར་རོ། ། སྡིག་པ་ཅན་དེ་དག་ལྕགས་ཀྱི་རི་དང་སྡོང་པོ་དེ་དག་ཁུར་ནས་ལྕགས་ཐག་གི་རམ་པ་ལ་འགྲོར་བཅུག་གོ། སྡིག་པ་ཅན་དེས་མ་ཐེག་ནས་དེ་ལ་ལྷུང་སྟེ་ལྕགས་ཁུ་ཁོལ་བའི་ཟངས་ཀྱི་ནང་དུ་ལྷུང་ངོ་།། དེ་ནས་ཡང་སྲིན་པོས་ཕྱིར་ཕྱུང་བ་དང་། བཀྲེས་སྐོམ་པས་གདུངས་པས་ཐུགས་ཅན་ཀྱི་སུ་ལུམ་བཞིང་སྔགས་སུ་འབྱུང་ངོ་། ། དེབྱུང་ཉིན་ཞགགཅིག་པ་དེས་དུང་སྡུག་བསྔལ་ཁྲི་ཕྲག་དགུ་ཅུ་སྙེད་མྱོང་བར་འགྱུར་རོ།། དེ་ལས་པར་མིར་སྐྱེས་ན་ཡང་གཞན་གྱི་ཐས་པོས་དུ་བྱབ་འགྱུར་རོ། ། དེ་ནས་དགེ་བའི་བཤེས་གཉེན་དང་ཕྲད་དེ་ཐེག་པ་ཆེན་པོའི་ཆོས་བསྟན་པ་དང་། རས་དཀར་པོ་ཚོན་དུ་བསྒྱུར་སྲ་བ་བཞིན་དུ་དགྲ་བཅོམ་པར་གྱུར་ཏེ། རིག་པ་གསུམ་དང་མངོན་པར་ཤེ། བ་དྲུག་དང་། རྣམ་པར་གྲོལ་བ་བརྒྱད་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བ་བཅོ་བརྒྱད་ཅེ་ན། ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བ་ཞེས་པ་པ་ནི་ཟངས་ཀྱི་ཤིང་རྟ་འབར་བ་རྣམ་པ་སྣ་ཚོགས་ཡོད་དོ། ། ཤིང་རྟ་དེ་རེ་རེའི་སྟེང་ན་ཡང་ཟངས་ཀྱི་ཐུ་ལུམ་འབར་བ་དྲུག་སྟོང་དྲུག་སྟོང་སྙེད་ཡོད་དེ། སེམས་ཅན་གང་མ་དགེ་བའི་སེམས་ཅན་ཆེ་ཞིང་སེར་སྣའི་དཔའ་གྱུར་པ་ཆོས་ལོག་པར་འཆད་པ་དང་། ངན་པར་ལྷ་ཞིང་པ་དང་མ་ལ་གཉེན་ཞིང་བཙུན་པར་མི་ལྟ་བ་དང་། སྦྱིན་པ་མི་གཏོང་བ་དང་ཕ་རོལ་པོས་ནོར་བས་རྙེད་པ་དང་། བདོག་པ་ཆེ་བ་དག་མཐོང་ན་སེམས་ཀྱི་སྡུག་བསྔལ་ཆེན་པོ་བྱེད་གང་ཟག་དེ་འཆི་འཕོ་བའི་དུས་བྱེད་པ་ན་ནད་ཀྱི་རྣམ་པས་རབ་ཏུ་ཉོན་མོངས་ཏེ། ཤ་ཁྲག་ཟད་པ་དང་བླ་བ་རྡོལ་བྱེད་པ་དང་། བཀྲེས་ཤིང་སྐོམ་པས་ཀྱང་གདུངས་ཏེ་འདི་སྐད་དུ་བདག་ཤིང་ཏོག་ཅིག་ཟ་བར་འདོད་དོ་ཞེས་སྨྲ་སྟེ། དེ་སྐད་སྨྲས་མ་ཐག་ཏུ་དམྱལ་བའི་སྲངས་མ་སྲིན་པོས་ཟངས་ཀྱི་ཤིང་རྟའི་ནང་ཟངས་ཀྱི་ཐུ་ལུམ་གྱིས་བཀའ་བའི་ཤིང་ཏོག་ཏུ་སྤྲུལ་ནས་སྡིག་པ་ཅན་གྱི་དྲུང་དུ་འོངས་ཏེ་སྤྲོ་བ་བསྐྱེད་པ་དང་། དེ་མཐོང་བ་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། འདི་སྙམ་དུ་བདག་ཤིང་ཏོག་བཟང་པོ་འདྲི་ཟར་བཅུག་ནས་ཆོག་མི་ཤེས་ན་ཅི་མ་རུང་སྙམ་སེམས་ནས་སྤྲོ་བ་དང་ལྐུགས་ཆད་དེ་ཚེ་འཕོས་སོ། ། དེ་མ་ཐག་ཏུ་ཟངས་ཀྱི་རི་ལ་ཟངས་ཀྱི་ཤིང་རྟ་འབར་བའི་སྟེང་དུ་སྐྱེས་པར་གྱུར་ཏོ།། དེ་ནས་གཉའ་བ་ཤིང་རྟའི་བར་དུ་བཅུག་སྟེ། སྲིན་པོས་ལྕགས་ཀྱི་སྐམ་པ་ཐོགས་ཏེ་སྡོག་པ་ཅན་གྱི་ཁ་ཕྱེ་ནས་ལྕགས་ཁུ་ཁར་བླུགས་སོ།། དེ་ནས་བརྒྱལ་ཏེ་ས་ལ་འགྱེལ་བ་དང་ཁ་ནས་བཀྲེས་སོ།། ཤིན་ཏུ་བཀྲེས་སོ་ཞེས་འབོད་དོ།། དེ་ནས་སྲིན་པོས་ཡང་ཁ་ཕྱེ་སྟེ་ཁར་ལྕགས་ཀྱི་ཐུ་ལུམ་འབར་བ་བཅོ་བརྒྱད་བཅུག་པ་དང་ལུས་ཀྱི་ཡན་ལག་ཀུན་ནས་མེ་རབ་ཏུ་འབར་ཏེ་ཕན་ཚུན་དུ་བརྒྱུག་གོ། ། དེ་ལྟ་བུར་ཉིན་ཞག་གཅིག་ལ་ཉིན་ལན་ཅིག་མཚན་ལན་ཅིག་འཆི་སྟེ། དེ་ལ་དམྱལ་བའི་སྲངས་མ་སྲིན་པོ་གླང་གི་མགོ་ཅན་དང་། གནོད་སྤྲིན་ཕག་གི་མགོ་ཅན་གྱིས་འདི་སྐད་དུ་བསྒོའོ།། མནར་མེད་སེམས་ཅན་དམྱལ་བ་ཁྱོད་རྣམས་སྔོན་ལོག་པ་དང་ངན་པར་ལྟ་ཞིང་གཡོ་དང་སྒྱུས་ལོག་པར་འཚོ་སྟེ། སྡིག་པོ་མི་དགེ་བའི་ལས་མང་པོ་བྱས་པའི་རྒྱུ་དང་རྐྱེན་གྱིས་བཙོ་བསྲེགས་དང་གྲང་འདར་དང་། དྲ་གཤེགས་དང་། ལྕགས་ཁུ་དང་ཐུ་ལུམ་འབར་བ་འདི་དག་ཡོངས་སུ་སྨིན་པར་འགྱུར་རོ།། གལ་ཏེ་རབ་ཏུ་བྱུང་བའི་དུས་ན་ཡང་ཉེས་པ་ཕྲ་མོ་བྱུང་བ་འགྱོད་ཚངས་མ་བྱས་ཏེ་སྦྱིན་བདག་དད་པའི་སྦྱིན་པ་ཆུད་གསན་པ་དེའི་རྒྱུ་དེའི་རྐྱེན་གྱིས་ལྕགས་ཀྱི་ཐུ་ལུམ་ཟ་ཞིང་ལྕགས་ཁུ་འཐུང་བར་འགྱུར་རོ། ། སྡིག་པ་ཅན་དེ་དག་ཀུན་གྱིས་འཇིག་རྟེན་གྱི་ཆུའི་མིང་ཡང་མི་ཐོས་མི་མཐོང་བར་འགྱུར་རོ། ། དེ་ནས་ཐར་ནས་ཡང་སྐྱེ་བ་ལྔ་བརྒྱའི་བར་དུ་ངན་དགུ་འཚོགས་པར་འགྱུར་ཞིང་རིག་ལྐུགས་དང་ཞྭ་འཐེང་དང་སྨྲ་བ་མི་བདེ་བ་དང་། སྤོབས་པ་ཆུང་བར་འགྱུར་རོ། ། སྔོན་གྱི་ལས་ངན་པའི་བག་ཆགས་ཀྱིས་ཁ་བས་ཟོས་པའི་སྟེང་དུ་ཡང་སོལ་བ་དང་བོང་བ་ཟ་བར་འགྱུར་རོ།། དེ་ནས་གཟོད་དགེ་བའི་བཤེས་གཉེན་དང་ཕྲད་དེ་བྱང་ཆུབ་ཏུ་སེ། བསྐྱེད་པར་གྱུར་ཏོ།། སངས་རྒྱས་ཀྱི་ཐུགས་བརྟག་པའི་འོད་ཟེར་ལས་རྣམ་པར་སྨིན་པ་བཤད་པའི་ལེའུ་སྟེ་ལྔ་པའོ།། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱུམ། ཞེས་བྱ་བའི་མདོབ་མ་པོ་དྲུག་པ། དེའི་ཚེ་སེམས་ཅན་ཉོན་མོངས་པ་མང་པོ་དག་དེ་ལྟར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཅིང་བསྟན་ནས། བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་བྱམས་པའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་དཀར་པོ་རྣམ་པ་བཅུ་ཐུགས་ལས་ཕྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་སོ།། འོད་དེ་རྣམ་པ་རེ་རེ་ལས་ཀྱང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་རིན་པོ་ཆེའི་པད་མོ་ལ་བཞུགས་སོ། ། དེའི་ཚེ་འཁོར་མང་པོ་ཐམས་ཅད་ཀུན་གྱིས་སངས་རྒྱས་ཀྱི་འོད་ཟེར་དེ་ལ་སོ་སོར་མཐོང་བ་ཐ་དད་དེ། འཁོར་དེ་ལ་ལས་ནི་ཡིད་བཞིན་གྱི་ནོར་བུ་ལྷ་བུར་མཐོང་ངོ་། ། ལ་ལས་ནི་ཤེལ་གྱི་རི་ལྟ་བུར་མཐོང་ངོ་།། ལ་ལས་ནི་ཆུ་ཐམས་ཅད་ཀྱི་རང་བཞིན་དུ་མཐོང་ངོ་།། ལ་ལས་ནི་རིན་པོ་ཆེའི་རྣམ་གྲངས་སུ་མཐོང་ངོ་།། ལ་ལས་ནི་སྨན་རྣམས་ཀྱི་རང་བཞིན་དུ་མཐོང་ངོ་། ། ལ་ལས་ནི་ཕ་དང་མ་ལྟ་བུར་མཐོང་ངོ་།། ལ་ལས་ནི་བླ་མ་དང་སློབ་དཔོན་ལྟ་བུར་མཐོང་སྟེ། དེའི་ཚེ་སེམས་ཅན་སྡུག་བསྔལ་བ་རྣམས་ལ་དགོངས་པའི་ཕྱིར་སྤྲུལ་པའི་སངས་རྒྱས་རྣམས་ཀྱི་སྙིང་ཐུགས་ཀར་བྱུང་ནས་འོད་དང་བཅས་ཏེ་ཕྱིར་ཡང་སྐུའི་ལྟེ་བར་ཞུགས་སོ། ། དེ་ནས་ཡང་ཕྱིར་ཐུགས་ཀར་བྱུང་ནས་རིན་པོ་ཆེའི་གྲུར་ཞུགས་ནས་རྒྱུད་ལྔའི་སེམས་ཅན་སྡུག་བསྔལ་གྱིས་གདུངས་པའི་གནས་ཀུན་ཏུ་གཤེགས་ཏེ་འོད་དང་བཅས་པར་བྱུང་ངོ་། ། དེའི་ཚེ་རྒྱུད་ལྔའི་སེམས་ཅན་སྡིག་པ་ཅན་སྡུག་བསྔལ་གྱིས་གདུངས་པ་དེ་དག་ཀུན་གྱིས་སྤྲུལ་པའི་སངས་རྒྱས་རྣམས་ཀྱི་ཐུགས་དང་སངས་རྒྱས་རྣམས་སོ་སོའི་ཕ་མ་འམ། དགེ་བའི་བཤེས་གཉེན་དང་གཉེན་བཤེས་ལྟ་བུར་མཐོང་སྟེ། བགས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་ཀྱང་བཤད་པ་ཐོས་པར་གྱུར་ཏོ།། དེའི་ཚེ་སྟེང་གི་ནམ་མཁའ་ལས་འདི་སྐད་ཀྱི་སྒྲ་ཆེན་པོ་བྱུང་ནས་འཁོར་མང་པོ་རྣམས་ལ་བསྒོ་བ། ཁྱེད་རྣམས་དེ་བཞིན་གཤེགས་པའི་ཐུགས་རྗེས་སུ་དྲན་པར་གྱིས་ཤིག། སངས་རྒྱས་ཀྱི་ཐུགས་ནི་བྱམས་པ་ཆེན་པོ་སྟེ། བྱམས་པ་ཆེན་པོ་ནི་སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་རྣམས་ལ་དགོངས་ཤིང་དམིགས་སོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ།། དེ་ལ་ཇི་ལྟར་ན་བྱམས་པའི་ཐུགས་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་ཡོང་སུ་འཛིན་པའོ། ། སྡུག་བསྔལ་གྱིས་གདུངས་པ་ཞེས་བྱ་བ་ནི་ངན་སོང་གསུམ་དུ་ཡོངས་སུ་འཁོར་བའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཅིང་བསྟན་པའི་ཚེ། འཁོར་མང་པོ་རྣམས་ཀྱིས་ཀྱང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་བྱོལ་སོང་དུ་གྱུར་པ་རྣམས་མཐོང་བར་གྱུར་པ་དང་། འཁོར་རྣམས་ཀྱིས་དགེ་བའི་རྣམ་པར་ཐར་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་དེ་དག་ཀུན་གྱི་སྔོན་གྱི་སྐྱེ་གནས་དྲན་པར་གྱུར་ཏེ། སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་དེ་དག་ཀུན་འཁོར་མང་པོ་རྣམས་ཀྱི་སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་ན་བདག་བདག་གི་ཕ་མ་དང་གཉེན་བཤེས་ཡིན་པར་མཐོང་ངོ་།། དེ་ལྟར་མཐོང་ནས་མཆི་མ་བླགས་ཏེ་སངས་རྒྱས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་སྡུག་བསྔལ་བ་སེམས་ཅན་འདི་དག་ཀུན་བདག་གི་ཕ་མ་དང་སློབ་དཔོན་དང་གཉེན་པཤེས་སུ་མཐོང་བར་གྱུར་ཏོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁམས་གསུམ་གྱི་སེམས་ཅན་ལམ་རྒྱུད་དྲུག་ཏུ་སྒྱུ་མའི་འཁྲུལ་འཁོར་བཞིན་དུ་འཁོར་བས། ཕ་དང་མ་དང་བུ་དང་ཆུང་མ་དག་གཉེན་བཤེས་སུ་མ་གྱུར་པ་གང་ཡང་མེད་དེ། ཁམས་གསུམ་འཁོར་བའི་གཉེན་བཤེས་ཡིན་ན་དེ་ལ་གནོད་པའི་སེམས་ཙམ་ཡང་མི་བསྐྱེད་ན། གནོད་པ་དངོས་སུ་ལྷ་ཅིའི་ཕྱིར་བྱ་ཞེས་གསུངས་པ་དང་། དེའི་ཚེ་ཟས་གཙང་མ་ལ་སོགས་པའི་འཁོར་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱམས་པའི་ཐུགས་ཀྱི་ཏིང་ངེ་འཛིན་ཞེས་བགྱི་བ་ཅི་ལྟ་བུ་ལགས། དེ་དག་བཅོམ་ལྡན་འདས་ཀྱིས་ཕྱོགས་གཅིག་ཙམ་བཤད་དུ་གསོལ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། འདི་ལྟ་སྟེ། བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི། འདི་ལྟར་འདུ་ཤེས་བསྐྱེད་པར་བྱའོ།། སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཕ་མ་དང་བུ་ཚའི་འདུ་ཤེས་སུ་བཞག་སྟེ། ཡིད་ལ་བྱེད་པ་དང་བསྒོམ་ཞིང་དམིགས་པའི་ཚེ་ན། སེམས་ཅན་དེ་དག་ཀུན་བདག་གི་ཕ་མ་དང་བུ་ཚ་དང་ཆུང་མ་དང་གཉེན་བཤེས་སུ་གྱུར་པ་ཤིན་ཏུ་འཕངས་ཤིང་གཅེས་པ་ཡིད་ལ་སྡུག་པ་དག། སྡུག་བསྔལ་གྱིས་གདུངས་པར་གྱུར་པ་ལ་ཤིན་ཏུ་བརྩེ་བའི་ཡིད་ཀྱིས་བརྟག་ཅིང་དམིགས་ཏེ་ཡིད་ལ་བྱའོ།། སེམས་ཅན་གང་དག་ནད་དང་སྡུག་བསྔལ་གྱིས་ཉོན་མོངས་པ་དག་མཐོང་ན་དེའི་སྐྱབས་ཇི་ལྟར་བྱ་སྙམ་བསམ་མོ། ། དེ་དག་ཀུན་གྱི་སྡུག་བསྔལ་སྤངས་ནས་བདེ་འགྲོའི་མཐོ་རིས་ལ་བཀོད་པར་དམིགས་སོ།། འདུ་ཤེས་དེ་ལས་སུ་རུང་བར་གྲུབ་ནས་འདུ་ཤེས་གཉིས་ལ་འཇུག་པར་བྱའོ། ། འདུ་ཤེས་གཉིས་ལ་འདྲིས་ནས་གསུམ་ལ་འཇུག་པར་བྱའོ།། གསུམ་ལ་འདྲིས་ནས་ཁང་པ་གཅིག་གི་ནང་གང་བ་ལ་འཇུག་པར་བྱའོ།། ཁང་པ་གཅིག་གི་ནང་གང་བ་ལ་འདྲིས་ནས། དགེ་འདུན་གྱིས་གནས་ཁང་གཅིག་གི་ནང་གང་བ་ལ་འཇུག་པར་བྱའོ། ། དགེ་འདུན་གྱི་གནས་ཁང་གང་བ་ལ་འདྲིས་ནས། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་གི་ནང་གང་བ་ལ་འཇུག་པར་བྱའོ།། དཔག་ཚད་གཅིག་གི་ནང་གང་བ་ལ་འདྲིས་ནས། ལྷོའི་འཛམ་བུ་གླིང་གི་ནང་གང་བ་ལ་འཇུག་པར་བྱའོ།། འཛམ་བུའི་གླིང་གི་ནང་གང་བ་ལ་འདྲིས་ནས། གླིང་གསུམ་གང་བ་ལ་འཇུག་པར་བྱའོ།། དེ་ལྟར་གླིང་ཆེན་པོ། བཞིའི་ནང་གང་བ་ལ་འདྲིས་ནས། དེ་བཞིན་དུ་མཐར་གྱིས་རྒྱ་བསྐྱེད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་གང་བ་ལ་འཇུག་པར་བྱའོ།། དེ་ལ་ཇི་ལྟར་བལྟ་ཞེ་ན། ཤར་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་ཕ་ལྟ་བུར་བལྟའོ། ། ནུབ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་མ་ལྟ་བུར་བལྟའོ།། ལྷོ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་ཕུ་བོ་ལྟ་བུར་བལྟའོ།། བྱང་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་ནུ་བོཔོ་ལྟ་བུར་བལྟའོ། ། འོག་མ་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་བུ་དང་ཆུང་མ་ལྟ་བུར་བལྟའོ།། སྟེང་གི་ཕྱོགས་ཀྱི་སེམས་ཅན་ཐམས་ཅད་ནི་སློབ་དཔོན་དང་བླ་མ་ལྟ་བུར་བལྟའོ།། ཕྱོགས་མཚམས་གཞན་གྱི་སེམས་ཅན་རྣམས་ནི། ། དགེ་སློང་དང་བྲམ་ཟེ་དང་།། གཉེན་བཤེས་སུ་བལྟའོ།། སེམས་ཅན་དེ་དག་ཀུན་ཀྱང་སྡུག་བསྔལ་གྱིས་ཡོངས་སུ་གདུངས་པ་དང་། ནད་ཆེན་པོས་གཟར་བ་དང་།། མཚོན་གྱི་ནགས་ཚལ་དང་རབ་ཏུ་ཚ་བ་དང་། རབ་ཏུ་གྲང་བ་དང་ལྕགས་ཚན་ལ་སོགས་པས་རབ་ཏུ་གདུངས་ཤིང་སྡུག་བསྔལ་བར་ལྷ་སྟེ། དེ་ལྟ་བུར་མཐོང་ནས་དེ་ལ་སྙིང་བརྩེ་བ་དང་སྙིང་རྗེ་བའི་ཡིད་ཀྱིས་སྡུག་བསྔལ་དེ་ལས་འདོན་པའི་ཕྱིར། བདག་རིན་པོ་ཆེའི་པདྨོས་བཏེག་སྟེ། དེ་དག་གི་དྲུང་དུ་འདུག་ནས་ལུས་མཉེས་ཤིང་བཀྲུས་ཏེ་ནད་རྣམས་བསལ་བར་འདུ་ཤེས་བསྐྱེད་དོ།། དམྱལ་བའི་མེ་ལ་ཡང་སྙིང་རྗེ་ཆེན་པོས་མཆི་མཆར་བཞིན་དུ་ཕབ་སྟེ། མེ་དེ་དག་ཀུན་བསད་པར་འདུ་ཤེས་བསྐྱེད་དོ།། ཡི་དགས་རྣམས་ལ་ནི་བདག་གི་ལུས་ལས་ཁྲག་ཕྱུང་སྟེ། ཁྲག་དེ་དག་ཀྱང་འོ་མར་བསྒྱུར་ནས་ཡི་དགས་རྣམས་ལ་བྱིན་ཏེ། ཆོག་ཅིང་འགྲངས་པ་དང་རབ་ཏུ་ཚིམ་པར་འདུ་ཤེས་བསྐྱེད་དེ། དེ་ལ་ཆོས་བཤད་པ་དང་། སངས་རྒྱས་ལ་བསྟོད་པ་དང་། དགེ་སློང་གི་དགེ་འདུན་ལ་ཡོངས་སུ་བསྟོད་པ་དང་། རྗེས་སུ་བསྔགས་པ་བྱེད་པར་འདུ་ཤེས་བསྐྱེད་དོ། ། དེ་ཡང་ལྷག་པར་སྙིང་བརྩེ་བའི་སེམས་བསྐྱེད་དེ་སྐད་ཅིག་ཙམ་ཡང་མི་གཏོང་བ་ནི། བྱམས་པ་ཆེན་པོའི་སེམས་ཏེ་ཤིན་ཏུ་ཡིད་ལ་འཛིན་ཅིང་དམིགས་པ་དག་རྒྱས་པར་ནི་བྱམས་པའི་ཏིང་ངེ་འཛིན་གྱི་ནང་ནས་བཤད་པ་བཞིན་ནོ། ། དེ་ལྟར་བྱམས་པའི་སེམས་དང་ལྡན་པར་བསྒོམ་པ་ནི་བྱམས་པ་ཆེན་པོ་ཞེས་བྱའོ།། བྱམས་པ་བསྒོམས་ནས་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ།། སྙིང་རྗེ་ཞེས་བྱ་བ་ནི་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་གྱིས་གདུངས་པ་དག་མཐོང་བ་དང་བདག་གི་སྙིང་ལ་མདས་ཕོག་པ་འམ། མིག་གི་འབྲས་བུ་ས་ལ་ལྷུང་བ་ཙམ་དུ་རབ་ཏུ་སྙིང་རྗེ་བསྐྱེད་དོ།། སེམས་ཅན་ཚ་བས་གདུངས་པ་དང་བཀྲེས་ཤིང་སྐོམ་པ་བདག་མཐོང་ན། བདག་གི་ལུས་ལས་ཁྲག་ཆར་བཞིན་ཕབ་སྟེ། དེ་དག་སྡུག་བསྔལ་ལས་གནོད་པར་བསམ་མོ།། དེ་ལྟ་བུར་སྙིང་རྗེ་ལ་ཡང་སྒོ་ཁྲི་ཕྲག་བརྒྱ་སྟོང་སྙེད་ཡོད་དེ། རྒྱས་པར་ནི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལས་བཤད་པ་བཞིན་ནོ།། དེ་ལྟར་བྱམས་པ་དང་། སྙིང་རྗེ་བསྒོམས་ནས་དགའ་བ་ཆེན་པོ་བསྒོམ་པར་བྱའོ།། དགའ་བ་ཆེན་པོ་ཞེས་བྱ་བ་ནི། སེམས་ཅན་རྣམས་རབ་ཏུ་བདེ་ཞིང་སྐྱིད་པ་དག་མཐོང་ན་བདག་ཉིད་ཀྱིས་ཉམས་སུ་མྱོང་བ་དང་། འདྲ་བར་རབ་ཏུ་དགའ་བའི་སེམས་བསྐྱེད་དོ།། དེ་ལྟར་དགའ་བ་བསྐྱེད་ནས་བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ།། བཏང་སྙོམས་ཞེས་བྱ་བ་ནི་སེམས་ཅན་དེ་དག་ཀུན་སྣང་བ་དང་། མི་སྣང་བ་དང་། འོངས་པ་དང་། སོང་བ་ཡང་སེམས་ལས་བྱུང་བ་ཙམ་མོ། ། སེམས་ལས་བྱུང་བ་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ལས་ཞེས་བླ་དགས་སུ་བཏགས་སོ།། དེ་ལྟར་སེམས་དང་འདུ་ཤེས་ནི་ནམ་མཁའི་མེ་ཏོག་ལྷར་ཕྱིན་ཅི་ལོག་ལས་བྱུང་བ་དེ། སྡུག་བསྔལ་དང་ཀུན་འབྱུང་ཡང་འདུ་ཤེས་ལས་བྱུང་ལ། བདེ་བ་ཡང་འདུ་ཤེས་ལས་བྱུང་བས་སེམས་ནི་ཆུ་ཤིང་གི་སྡོང་པོ་དང་འདྲ་སྟེ་སྙིང་པོ་མེད་པའོ།། འདི་དག་རྒྱས་པར་ནི་མདོ་སྡེ་དཔེ་བཅུ་ལས་བཤད་བ་བཞིན་ནོ། ། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན། ལུས་དང་སེམས་ཀྱི་དངོས་པོ་ཡང་མཐོང་སྟེ། ཆོས་ཐམས་ཅད་དབེན་པ་ཉིད་དུ་མཐོང་ངོ་།། དེ་ནི་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་ལུས་དང་ཚོར།། བ་དང་སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་སྟེ། ཆོས་འདི་ལ་བརྟེན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་བསྒོམས་པར་འགྱུར་རོ།། གང་ཆུད་པ་ལེན་པ་ནི་ཉན་ཐོས་ཀྱི་ཆོས་ཞེས་བྱའོ། ། ཆུད་པ་མི་ལེན་པ་ནི་བྱང་ཆུབ་སེམས་དཔའི་ཆོས་ཞེས་བྱའོ།། དེ་སྐད་ཅེས་བཀའ་སྩལ་ནས།། དེ་བཞིན་གཤེགས་པའི་ཐུགས་ཀྱི་འོད་ཟེར་རྣམས་ལྷག་པར་གསལ་བར་སྣང་སྟེ། དེ་བཞིན་གཤེགས་པའི་ཐུགས་ཀྱི་འོད་ཟེར་ལས་རིན་པོ་ཆེའི་པདྨོ་དག་སྐྱེས་སོ། ། རིན་པོ་ཆེའི་པདྨོ་རེ་རེ་ལ་ཡང་རིན་པོ་ཆེའི་པདྨོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོད་དོ།། པདྨོ་དེ་རེ་རེ་ལ་ཡང་སྤྲུལ་པའི་སངས་རྒྱས་སྐུའི་ཚད་སངས་རྒྱས་ཤཱ་ཐུབ་པ་དང་འདྲ་བ་ཚད་མེད་པ་གྲངས་མེད་པ་དཔག་ཏུ་མེད་པ་སྙེད་བཞུགས་སོ། ། མཚན་འདི་མངོན་པར་བསྟན་པའི་ཚེ་ན། སངས་རྒྱས་ཀྱི་སྐུའི་བ་སྤུའི་བུ་ག་ནས་རིན་པོ་ཆེའི་པདྨོ་བརྒྱད་ཁྲི་བཞི་སྟོང་སྙེད་ཡོད་པར་གྱུར་ཏོ། ། པདྨོ་དེ་རེ་རེའི་སྟེང་ན་ཡང་སྤྲུལ་པའི་སངས་རྒྱས་སྐུའི་ཚད་དཔག་ཏུ་མེད་ཚད་མེད་གཞལ་དུ་མེད་པ་བརྒྱད་ཁྲི་བཞི་སྟོང་སྙེད་བཞུགས་སོ།། སྤྲུལ་པའི་སངས། རྒྱས་དེ་དག་ཀུན་གྱི་སྤུའི་བུ་ག་དང་ཐུགས་ལས་འོད་ཟེར་བཀྱེ་བ་ཡང་སྔར་གོང་དུ་བཤད་པ་བཞིན་ནོ།། དེ་ལྟར་འོད་གཟེར་དེས་ཕྱོགས་བཅུར་སྣང་བར་བྱས་ནས། སངས་རྒྱས་ཀྱི་སྤྱི་གེ་ཙུག་ཏུ་ཞུགས་ཏེ། ཕྱིར་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ནས་བྱུང་ངོ་།། མཛོད་སྤུ་དཀར་པོ་ནས་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་དུ་གསེར་གྱི་རྒྱལ་མཚན་ལྟ་བུར་སྣང་བར་བྱས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ས་གཞི་ཀུན་གསེར་གྱི་ཁ་དོག་ཏུ་སྣང་བར་བྱས་ན་སྤྲུལ་པའི་སངས་རྒྱས་རྣམས་ཀྱང་སླར་བཅོམ་ལྡན་འདས་ཀྱིས་ཞལ་དུ་བསྡུས་སོ།། དེ་ནས་ཕྱིར་ཡང་སངས་རྒྱས་ཀྱི་ཞལ་ནས་བྱུང་སྟེ་ཕྱོགས་བཅུར་སྣང་བར་བྱས་སོ། ། དེ་ནས་སླར་ཡང་ཐུགས་ཀར་ཞུགས་ཏེ། ཐིམ་པ་ལས་ཐུགས་ཀ་ནས་བྱུང་ནས་ཕྱོགས་བཅུ་ཀུན་ཏུ་གསལ་བར་བྱས་སོ།། དེ་ནས་ཡང་སླར་འདུས་ཏེ་སངས་རྒྱས་ཀྱི་ལྟ་བར་ཞུགས་སོ། ། འོད་ཟེར་དེ་དག་ལྟེ་བར་ཞུགས་པ་ན། བཅོམ་ལྡན་འདས་ཀྱི་སྐུ་བཻ་ཌཱུཪྻ་ལྟ་བུ་ཕྱི་ནིང་དུ་གསལ་ཞིང་ཆུ་དང་ས་པ་ལྟར་མི་གཡོ་བར་གྱུར་པ་དང་། ཁམ་གསུམ་གྱི་རྒྱུད་ལྔའི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཐུགས་ཀྱི་འོད་ཟེར་ལས་སྣང་བར་གྱུར་ཏོ། ། སྤྲུལ་པའི་སངས་རྒྱས་རྣམས་ཀྱང་རིན་པོ་ཆེའི་ཁང་པ་བརྩེགས་པ་ན་རིན་པོ་། ཆེའི་གྲུ་ལ་བཞུགས་པ་ལྟར་དེ་བཞིན་གཤེགས་པའི་ཐུགས་ཀྱི་བར་ན་རྒྱུ་ཞིང་གཤེགས་པར་སྟོན་ནོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀུན་ཀྱང་སོ་སོ་ནས་སྲེག་མ་གཅོད་པ་ལ་བསྔགས་པ་སངས་རྒྱས་རྗེས་སུ་དྲན་པ་ལ་བསྟོད་པ་དང་། ཆོས་རྗེས་སུ་དྲན་པ་ལ་བསྟོད་པ་དང་། དགེ་འདུན་རྗེས་སུ་དྲན་པ་ལ་བསྟོད་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་ལ་བསྟོད་པ་དང་། སྦྱིན་པ་རྗེས་སུ་དྲན་པ་ལ་བསྟོད་པ་དང་། ལྷ་རྫས་སུ་དྲན་པ་ལ་བསྟོད་པ་དང་། འདུམ་པ་ལ་གུས་པ་རྣམ་པ་དྲུག་ལ་བསྟོད་པ་དང་། བྱམས་པའི་ཏིང་ངེ་འཛིན་ལ་བསྟོད་ཅིང་བསྔགས་པ་དག་སྟོན་རིང་འཆད་དོ། ། དྲན་པ་དེ་དྲུག་གིས་དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་ཏེ། དྲན་པ་འདི་དྲུག་ནི་སངས་རྒྱས་རྣམས་ཀྱི་རྒྱུའོ།། སངས་རྒྱས་ཀྱི་ཐུགས་ནི་རྗེས་སུ་དྲན་པ་དྲུག་གི་ཟུགས་སོ།། འདུན་པ་ལ་གུས་པ་དྲུག་གི་རྒྱུ་ལས་ཆོས་རྣམས་ཐོབ་པར་གྱུར་ཏེ། མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དག་སངས་རྒྱས་ཀྱི་ཐུགས་ལྟར་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེས་པའི་སྐུའི་འོད་ལྷག་པར་སྣང་ཞིང་གསལ་བར་གྱུར་ཏེ། སངས་རྒྱས་ཀྱི་སྐུ་དང་སྐུའི་འོད་ཟེར་ལས་སྤྲུལ་པའི་སངས་རྒྱས་དང་རིན་པོ་ཆེའི་རྒྱན་དང་མེ་ཏོག་དང་། པདྨོ་གྲངས་མེད་པ་བརྗོད་དུ་མེད་པ་རྣམས་ཀྱང་ལྷག་པར་གསལ་བར་གྱུར་ཏོ།། རིན་པོ་ཆེའི་རྒྱན་དང་མེ་ཏོག་དང་། པདྨ་དང་། འོད་ཟེར་གྱི་རྣམ་གྲངས་མང་པོ་ནི་མེ་ཏོག་སྣ་ཚོགས་ཁྱི་མ་ལས་བཤད་པ་བཞིན་ནོ། ། གང་གིས་དེ་བུར་མཐོང་བདེ་ནི་མེང་དག་པར་མཐོང་བའོ།། གང་གིས་དེ་སྙ་མ་ཡིན་པར་མ་ཐོང་ཛིན་ལག་པར་མཐོང་བ། བཞིན་གཤེགས་པ་ཡོངས་སུ་མྱ་ངན་འདས་ནས་སངས་རྒྱས་ཀྱི་ནིགནས་སུ་གྱུསྦྱར་པ་རྣམས་རྗེས་སུ་དྲན་པ་དྲུག་མངོན་དུ་པྱད་པ་ནི་སངས་རྒྱས་རྗེས་དྲན་པའི་སེམས་ཞེས་བྱའོ།། དབཞིན་གཤེགས་པའི་ཐུགས་རྗེས་སུ་དྲན་པར་བྱས་ན། བསྐལ་པ་ནི་ཟག་བཅུ་གཉིས་ཀྱི་འཁོར་བ་ཤེས་པ་ཡོངས་སུ་སྤོང་བར་འགྱུར་རོ།། གང་དེ་ལྟར་རྗེས་སུ་ཟན་པར་བྱེད་པ་ནི་གང་ནས་ས་དུ་སྐྱེ་བའི་གནས་ཐམས་ཅད་དུ། ངན་པར་ཟླ་བར་མི་འགྱུར་བ་དང་། སེམས་ལག་ཡོ་དང་སྒྲ་མེད་པ་དང་། རྟག་ཏུ་བླན་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཟད་པར་འགྱུར་རོ། ། གལ་ཏེ་ཡུལ་མཐའ་འཁོབ་སངས་རྒྱས་ཀྱི་ཆོས་མེད་པའི་གནས་སུ་སྐྱེས་ན་ཡང་། སངས་རྒྱས་རྗེས་སུདྲན་པའི་ཡོན་ཏན་དང་བྱིན་གྱིས་བརླབས་ཀྱིས་ཆོས་ཀྱི་དོན་རྣམས་ལོང་དུ་ཆུད་ཅིང་རང་སངས་རྒྱས་སུ་འགྱུར་རོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞུད་ཅེས་བཀའ་སྩལ་ནས། སྐུའི་འང་སར་བསྡུས་ཏེ་སྡམ་བཞིན་དུ་བཟུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡང་ལ་བཀའ་སྩལ་པ། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་ཚེན་མཛོད་སྲུ་དཀར་པོའི་འོད་པར་དང་། གཞན་ཡང་མཚན་ཐམས་ཅད་ལ་དབུའི་གཙུག་ཏོར་མན་ཆད་དང་། ཞབས་ཀྱི་ཁོར་ལོ་ཡན་ཆད་ནས་བརྟག་པ་དང་། རྣམ་པ་སྣ་ཚོགས་སུ་བརྟག་པ་དང་། སྤུའི་ཚད་མཐོ་བཅུ་དྲུག་པ་དང་། འོད་ཟླུམ་པོ་འདོམ་གང་བ་ལ་བརྟག་པའི་སེམས་བསྐྱེད་དེ། མཐོང་ཞིང་རྟོགས་ན་ལ་ན་མ་ཐོ་བའི་ལས་ངན་པ་ཀུན་བྱང་བར་གྱུར་པ་ནི་གོང་དུ་བཤད་པ་བཞིན་ནོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་གལ་ཏེ་སྦྱིན་བདག་དད་པ་ཞིག་མངོན་པར་ཤེས་པ་ལྔ་དང་ལྡན་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཆང་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བའི་དབང་ཐོབ་ནས། འཇིག་རྟེན་གྱི་ཁམས་གཅིག་གི་སེམས་ཅན་གྱི་གྲངས་ཀྱང་བགྲང་དུ་མེད་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཐམས་ཅད་དགྲ་བཅོམ་པ་གྱུར་ཏེ། དགྲ་བཅོམ་པ་དེ་དག་ལ་སྦྱིན་བདག་ཆེན་པོ་དེས། བསྐལ་པ་བརྩི་བ་དང་བགྲང་བ་ལས་འདས་པའི་མཐར་ཐུག་གི་བར་དུ་ཡོ་བྱད་རྣམས་ཀྱིས་རྒྱུན་མ་ཆད་པར་མཆོད་ཅིང་སྦྱིན་པ་བྱིན་ན། དེའི་བསོད་ནམས་རབ་ཏུ་མང་བ་ཡིན་ནམ་ཞེས་བཀའ་སྩལ་པ་དང་། རྒྱལ་པོ་ཡབ་ཀྱིས་གསོལ་པ། བཅོམ་ལྡན་འདས་ཕྱོགས་གཅིག་གི་དགྲ་བཅོམ་པ་ལ་མཆོད་པ་བྱས་ཀྱང་གསོད་ནམས་དཔག་ཏུ་མ་མཆིས་ན། ཕྱོགས་བཅུའི་དགྲ་བཅོམ་པ་ལ་མཆོད་པ་བྱས་པ་ལྷ་མོས་ཀྱང་ཅི་དགོས། བཅོམ་ལྡན་འདས་ཀྱིས་ཡབ་རྒྱལ་པོ་ལ་བཀའ་སྩལ་པ། གལ་ཏེ་སྐྱེས་བུ་ཞིག་གིས་ངན་པར་ལྟ་བའི་སྐྱེ་བོ་གྲངས་སྔ་མ་པས་མང་བ་སྐང་དགྲ་བཅོམ་པའི་ལམ་ལ་བཅུད་དེ། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་རྣམ་པར་གྲོལ་བ་བརྒྱད་ཐོབ་པར་བྱས་པ་བས། གང་ཞིག་གིས་སངས་རྒྱས་ཀྱི་མཛད་སྤྱོད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སྐད་ཅིག་ཐང་ཅིག་ཙམ་རྗེས་སུ་དྲན་པར་བྱས་པའི་ཆ་ཙམ་མི་ཕོད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ན། ཤཱཀྱའི་བུ་ཁྲི་ཕྲག་སུམ་བཅུ་རྣམས་ཀྱིས་བླ་ན་མེད་པ་ཨ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ལམ་ལ་མི་འཇུག་པར་ཡི་དམ་བཅས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་སྐུའི་ཡན་ལ་གནས་བ་སྤུའི་བུ་ག་གཅིག་གི་བར་ན་ཡང་ཚད་མ་མཆིས་པའི་སྤྲུལ་པའི་སངས་རྒྱས་དག་སྟོན་གྱི། ནན་ཐོས་རྣམས་ནི་ས་བོན་ཆོག་པ་དང་འཇ་སྟེ། དེ་ལྟ་བུ་དག་མ་མཆིས་སོ། ། ཚད་མེད་པ་བཞི་པ་རྟག་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་འཁོར་མང་པོའི་ནང་ནས་བཞེངས་ཏེ་ནམ་མཁའ་ལ་གོམ་པས་གཤེགས་སོ། ། དེ་དག་རྒྱལ་པོ་ཡབ་ཀྱིས་མཐོང་བར་གྱུར་པ་དང་། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་སངས་རྒྱས་ཀྱི་ཞབས་འབྲིང་དུ་སོང་ངོ་།། དེ་བཞིན་གཤེགས་པའི་ཞབས་བཏེག་པའི་ཚེ་ན། ཞབས་ཀྱི་མཐིལ་གྱི་འཁོར་ལོ་རྩིབས་དང་ལྡན་པའི་མཚན་ལས། འཁོར་ལོའི་རྩིབས་ཀྱི་བར་ཀུན་ནས་རིན་པོ་ཆེའི་པདྨོ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་འབབ་བོ།། པདྨོ་དེ་གཅིག་ལས་ཀྱང་པདྨོ་ཁྲི་ཕྲག་བརྒྱད་ཁྲི་བཞི་སྟོང་སྙེད་དུ་སྤྲུལ་ཏོ། ། པདྨོ་ད་རེ་རེ་ལ་ཡང་པདྨོའི་ཁང་པ་བརྩེགས་པ་རེ་རེར་གྱུར་ཏོ།། པདྨོའི་ཁེང་པ་དང་འདབ་མ་དེ་དག་རེ་རེས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་སྟེང་ཁེབས་པར་གྱུར་ཏོ། ། པདྨོ་དེ་གཅིག་ཅིང་ཡང་འདབ་མ་བརྒྱད་ཁྲི་བཞི་སྟོང་སྙེད་དང་ལྡན་ནོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནམ་མཁའ་ལ་གེམ་པ་འདོར་བ་དེའི་ཚེ་ན། རིན་པོ་ཆེའི་མེ་ཏོག་ཆར་བཞིན་དུ་བབ་སྟེ། པདྨོ་དེ་དག་ལས་ཀྱང་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཚད་མེད་པ་ཡང་ནམ་མཁའ་ལ་གོམ་པ་འདོར་ཞིང་གཤེགས་སོ། ། རྒྱལ་པོ་ཡབ་ཀྱིས་དེ་ལྟ་བུ་དག་མཐོང་ནས་ཀྱང་རབ་ཏུ་དགའ་བའི་སེམས་ལྷག་པར་སྐྱེས་ཏེ། ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་གྱུར་ནས་ཡན་ལག་ལྔ་ས་ལ་གཏུགས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ།། དེ་ནས་འཁོར་མང་པོའི་རྣམས་ཀྱིས་དེ་ལྟ་བུའི་དངོས་པོ་དག་མཐོང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྤྲུལ་པའི་སངས་རྒྱས་གྲངས་མ་མཆིས་པར་གྱུར་པ་དེ་རྣམས་ལས་སངས་རྒྱས་ཡང་དག་པ་ནི་གང་ལགས། སྤྲུལ་པའི་སངས་རྒྱས་ནི་གང་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་རྣམས་ལ་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་ཉིད་ཀྱིས་ཞི་བའི་གནས་རྣམ་པར་ཐོབའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དགོངས་པ་ལ་མངའ་བསྙེས་པས། ཡང་དག་པར་ན་སྤྲུལ་པ་ཞེས་བྱ་བ་མེད་དོ་ད་ཇི་ལྟ་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་ཀྱང་སྟོང་པ་ཉིད་ཀྱིས་ཞི་བ་ཡིན་ལ། སྟོང་པ་ཉིད་ཀྱིས་ཞི་བའི་རྣམ་པར་གྲོལ་བར་སྣང་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་བཅོམ་ལྡན་འདས་ཚད་དང་གྲངས་གཞལ་དུ་མེད་པ་སྙེད་ཀྱི་སྐུ་སྦྲུལ་ལོ། ། གཞལ་དུ་མེད་པའི་སྐུ་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ནི། ཆགས་པ་མེད་པའི་ཏིང་འཛིན་ཏོ།། ཆགས་པ་མེད་པའི་ཏིང་ངེ་འཛིན་གྱི་སྒོ་ནས་དེ་བཞིན་གཤེགས་པའི་སྤྱོད་ལམ་སྟོན་ཏེ། གལ་ཏེ་བསོད་སྙོམས་ལ་གཤེགས་སམ། རྒྱུ་ཞིང་སྤྱོད་པ་འམ། གཤེགས་པའི་སྒོ་གཉིས་ནས་ཀྱང་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་མཛད་དོ།། དེ་ལ་སེམས་ཅན་ལ་ལ་ནི་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་ཚེ།། སངས་རྒྱས་གཤེགས་པའི་ཞབས་ཀྱི་མཐིལ་གྱི་འཁོར་ལོའི་རྩིབས་སྟོང་དང་ལྡན་པའི་མཚན་མཐོང་ན། བསྐལ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་སྒྲིབ་པ་ཀུན་བྱང་བར་འགྱུར་རོ།། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་ཏིང་ངེ་འཛིན་ལ་མཉམ་པར་གཞག་སྟེ། བཅོམ་ལྡན་འདས་གཤེགས་པའི་འདུ་ཤེས་ཡིད་ལ་བྱས་ན་ཡང་བསྐལ་པ་སྟོང་སྙེད་ཀྱི་ཁ་ན་མ་ཐོ་བའི་ལས་ངན་པ་ཀུན་བྱང་བར་འགྱུར་རོ། ། གཤེགས་པ་ཡིད་ལ་མ་བྱས་ནས། སངས་རྒྱས་ཀྱི་ཞབས་ཀྱི་རྗེས་ཡིད་ལ་བྱས་སམ། སྐུ་གཟུགས་གཤེགས་པ་ཡིད་ལ་བྱས་ན་གོམ་པ་རེ་རེས་ཀྱང་བསྐལ་པ་སྟོང་སྙེ་ཀྱི་ཁ་ན་མ་ཐོ་བའི་ལས་ཀྱི་སྒྲིབ་པ་ཀུན་བྱང་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་དང་ནས་དེ་བཞིན་གཤེགས་པའི་གསུང་འདི་གཟུངས་སུ་ཟུང་ལ་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་རྣམས་ལ་ཡང་གོ་བར་བསྒོས་ཤིག། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་སྐུའི་གཟུགས་མཚན་དང་ལྡན་པར་བྲི་བར་བྱའོ།། དེ་མ་ཡིན་པ་གཞན་ཡང་སྤྲུལ་པའི་སྐུ་གཟུགས་ཚད་མེད་པ་དང་སྐུའི་འོད་དང་ཞབས་ཀྱི་རྗེས་ཀྱང་བྲི་བར་བྱའོ། ། ཁ་ཚར་ཕྲ་མོ་འམ། ཤེལ་གྱི་ནོར་བུ་ཡང་སྨིན་མཚམས་ཀྱི་མཛོད་སྤུ་ཀྱི་གནས་སུ་གདགས་ཏེ། སེམས་ཅན་རྣམས་ཀྱིས་ཀྱང་མཚན་དེ་མཐོང་བར་བྱའོ།། མཚན་དེ་མཐོང་ནས་དགའ་བའི་སེམས་བསྐྱེད་པ་ཙམ་གྱིས་སྐལ་པ་ཁྲི་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་ནས་དེ་བཞིན་གཤེགས་པ་སླ་ར་ག་དན་ལ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཡབ་ཀྱིས་གསོལ་པ། སངས་རྒྱས་འཇིག་རྟེན་དུ་གཤེགས་ནས་ཕན་པ་དང་བདེ་བའི་དོན་མང་པོ་ཞིག་མཛད་ནས་སྐྱེ་བོ་མང་པོ་རྣམས་ལ་ཕན་པ་དང་བདེ་བར་གྱུར་པ་དག་ཤིན་ཏུ་ལེགས་སོ་ཞེས་གསོལ་ཏོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། སྔོན་ཡུལ་མཉན་དུ་ཡོད་པ་ན་ཁྱིམ་བདག་སྐྱབས་མེད་པས་སྤྱི་ཞེས་བྱ་བ་དང་། ཆུང་མ་གནང་བ་བྱིན་ཞེས་བྱ་བ་དང་གཉིས། ཟན་མོ་བྱི་ཏི་ལ་ཞེས་བྱ་བ་དང་འཇིག་རྟེན་ན་འཚོན་ནམ་ཤིན་ཏུ་འགྲུབས་པས་ཁྱིམ་བདག་གིས་བྲན་མོ་དེ་ལ་ནོར་དབྱིག་དང་བང་མཛོད་ཐམས་ཅད་ཀྱང་གཏད་དེ་བྱུང་བ་དང་། འཐོར་བ་དང་། སྡུད་པ་དང་། བྱ་བ་ཐམས་ཅད་ཀྱི་དབང་ཡང་བསྐུར་རོ།། ཁྱིམ་བདག་སྐྱབས་མེད་ཟས་སྤྲིན་གྱིས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ནས་ཡོ་བྱད་ཐམས་ཅད་སྦྱར་ཏོ། ། དེའི་ཚེ་དགེ་སློང་ནད་བདག་ཅིག་སློང་ཞིང་འདོད་པ་མང་བར་གྱུར་པ་དང་། བྲན་མོ་རྒན་མོད་གསེར་སྣ་བྱེད་པས་སངས་རྒྱས་དང་། ཆོས་དང་དགེ་འདུན་རྣམས་ལ་གཤེ་ཞིང་སྨོད་ནས་འདི་སྐད་ཅེས་སྨོས་སོ།། བདག་གི་ཇོ་བོ་ཁྱིམ་བདག་འདི་ནི་གཏི་མུག་གིས་རྨོངས་པས་དགེ་སྦྱོང་གི་རྒྱུས་བཀྲུས་ཏེ། སློང་ཕོད་འདི་རྣམས་ནི་ཚོལ་བས་མཆོག་མི་ཤེས་ན། ཇི་ལྟར་བྱ་ཞེས་སྨྲས་ནས། ཡང་འདི་སྐད་ཀྱི་སྨོན་ལམ་ངན་པ་བཏབ་བོ།། བདག་ནམ་ཞིག་གི་དུས་ན། སངས་རྒྱས་ཀྱིས་མཚན་དང་དགེ་འདུན་གྱི་མིང་ཡང་མི་ཐོས་པ་དང་། སྐྲ་དང་ཁ་སྤུ་ཟེགས་ནས་ཁ་དོག་སེར་པོར་བསྒྱུར་བའི་གོས་གྱོན་པ་འདི་དག་མི་མཐོང་བར་གྱུར་ཅིག་ཅེས་སྨྲས་པའི་ཚིག་ངན་པ་མི་གཞན་དག་གིས་ཟོས་པར་གྱུར་ནས། དེ་བཞིན་དུ་མཐར་གྱིས་ཡུལ་མཉན་དུ་ཡོད་པའི་མི་ཐམས་ཅད་ཀྱིས་ཀྱང་ཐོས་པར་གྱུར་པ་དང་། བཙུན་མོ་ཕྲེང་ལྡན་མས་ཀྱང་ཐོས་པར་གྱུར་བཙུན་མོས་ཐོས་པ་དང་འདི་སྐད་དུ་ཅིའི་ཕྱིར་སྐྱབས་མེད་ཟས་སྦྱིན་པདྨོ་བཟང་པོ་དང་འདྲ་བ། ཀུན་གྱིས་བལྟ་བར་འདོད་པ་འདྲིལ་བྲན་མོ་སྦྲུལ་གདུག་པ་ཅན་ལྟ་བུས་བསྤངས་པར་གྱུར་རམ་ཅི་ཞེས་སྨྲས་ནས་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ལ་བསྒོ་བ། ཁྱོད་ཀྱིས་ཆུང་མ་གནང་བ་བྱིན་དེ་ལ་སྨྲ་རྒྱུ་ཞིག་ཡོད་པས་ཚུར་ཐོང་ཤིག་ཅེས་སྨྲས་སོ།། དེའི་ཚེ་ཁྱིམ་བདག་གིས་རྐང་མ་གནང་བ་བྱིན་ཞེས་བྱ་བ་དེ་མགྱོགས་པར་རྒྱལ་པོའི་ཕོ་བྲང་དུ་བཏང་ནས་ཕྱིན་པ་དང་། དེས་བཙུན་མོ་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འགྲེང་ངོ་།། བཙུན་མོ་འགྲེང་ལྡན་མས་འདུག་ཤིག་ཅེས་བསྒོ་ནས་སྟན་བཏིང་བ་ལ་འདུག་པ་དང་། འདི་སྐད་ཅེས་སྨྲས་སོ།། ཁྱོད་ཁྱིམ་ན་ཟན་མོ་རྒན་མོ་ཞིག་ཚིག་ངན་པས་འཕགས་པ་ལ་སྐུར་པ་འདེབས་ཞེས་ཟེར་ན་ཅིའི་ཕྱིར་དེ་མི་སྐྲོད་ཅེས་བསྒོའོ།། གནང་བྱིན་དེས་གསོལ་པ། དེ་བཞིན་གཤེགས་པ་ཉི་མ་དང་འཇ་བ་འཇིག་རྟེན་དུ་གཤེགས་ནས་ཕན་པ་དང་བདེ་བའི་དོན་མང་པོར་མཛད་དེ། བདུད་སྡིག་ཏོ་ཅན་སོར་མོའི་ཕྲེང་བ་ཅན་དང་། རྐུན་མ་མ་རུངས་པ་དང་། རིགས་ངན་ཁི་གུ་ཡན་ཆད་སངས་རྒྱས་ཀྱིས་བཏུལ་ན། ཟན་མོ་རྒན་མོ་འདི་ལྟ་སྨོས་ཀྱང་ཅི་འཚལ་ཞེས་བཙུན་མོ་ལ་དེ་སྐད་ཅེས་གསོལ་པ་དང་། བཙུན་མོ་དེས་རབ་ཏུ་དགའ་བའི་སེམས་བསྐྱེད་དེ་གནང་བ་བྱིན་ལ་འདི་སྐད་དུ་སྲུངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་འདྲེན་གྱིས། ཁྱོད་ཀྱིས་ཟན་མོ་ངན་པར་ལྟ་བ་དེ་ཕོ་ཟང་དུ་མཐོང་ཤིག་ཅེས་བསྒོའོ། ། དེའི་ཕྱིར་ཉིན་མོ་ཕོ་བྲང་གི་ནང་དུ་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲངས་ནས་མཆོད་པ་བྱས་སོ།། དེའི་ཚེ་ཁྱིམ་བདུག་དེས་ཟན་མོ་དེའི་ལག་ཏུ་གསེར་གྱི་བུམ་པའི་ནང་དུག་སེར་གྱི་ནོར་བུས་བཀང་སྟེ། སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་ལོ་མཆོད་ཅིག་ཅེས་རྒྱལ་པོའི་ཕོ་བྲང་དུ་བསྐུར་ཏོ།། དེའི་ཚེ་བྲན་མོ་རྒན་མོ་དེ་རབ་ཏུ་དགའ་བར་གྱུར་ཏེ། རིན་པོ་ཆེའི་བུམ་པ་ཐོགས་ནས་རིངས་པར་ཆགས་སོ།། དེའི་ཚེ་བཙུན་མོ་ཕྲེང་ལྡན་མས་ཟན་མོ་རྒན་མོ་དེ་འོངས་པ་མཐོང་ནས། འདི་སྙམ་དུ་སེམས་ཏེ། ཟན་མོ་ངན་པར་ལྟ་བ་འདི་སངས་རྒྱས་ཀྱིས་མི་འདུལ་ལམ་ཅི་བདག་གིས་ཟན་མོ་འདི་བཏུལ་བ་མཐོང་ན་ཆོས་ཀྱི་བདེ་བ་ཐོབ་ཏུ་གདོན་མི་ཟའོ་སྙམ་བསམས་སོ། ། དེའི་ཚེ་བཅོམ་ལྡན་འངས་རྫུ་འཕྲུལ་གྱིས་སྒོ་ཆེན་པོར་གཤེགས་ཏེ། ཞབས་འབྲིང་དགའ་བོ་ནི་གཡོན་རོལ་ནས་འོང་ངོ་།། གཉེན་དགའ་བོ་ནི་གེ་ཁ་ས་རོལ་ནས་འོང་ངོ་།། སྒྲ་གཅན་ཟིན་ནི་ཕྱི་ནས་འོང་ངོ་།། དེའི་ཚེ་ཟན་མོ་རྒན་མོ་དེས་སངས་རྒྱས་གཤེགས་པ་མཐོང་བ་དང་སྐྲག་ཅིང་དངངས་ཏེ། སྨྱི་གཡའ་བར་གྱུར་ནས། འདི་སྙམ་དུ་མ་རུངས་པ་ཆེན་པོ་འདི་ཡང་བདག་གི་ཕྱི་བཞིན་དུ་འོངས་པ་ལྟ་ཞིག་སྙམ་སྟེ། ཕྱིར་ནུར་ནས་སྒོ་ཆེན་པོ་བསྙེགས་པ་ལས། སྒོ་ཆེན་པོ་ཡང་འགགས་པར་གྱུར་ཏོ།། ཁྱི་རྒྱུ་བའི་ཁུང་དུ་འཛུལ་ཏེ་ཐོས་པ་ལས། ཁྱི་རྒྱུ་བའི་ཁུང་དགགས་པར་གྱུར་ནས། སྲང་ཕྲ་མོ་གཞན་དུ་ཡང་མཐར་པར་གྱུར་ཏོ། ། དེ་ནས་དེ་མ་ཐག་ཏུ་སྒོ་ཆེན་པོ་དེ་ཉིད་བྱེ་བར་མཐོང་ནས། རྒན་མོ་ངན་པར་ལྟ་བ་དེས་སངས་རྒྱས་མཐོང་མི་འདོད་པས། མགོ་གཡོགས་ཀྱང་མ་ཕན་ཏེ། མེ་ལོང་ལ་གཟུགས་བརྙན་སྣང་བ་དང་འདྲ་ཁར་གྱུར་ཏོ། ། མགོ་བསྒྱུར་ཏེ་ཤར་ཕྱོགས་སུ་བལྟས་ན་ཡང་ཤར་ཕྱོགས་ནས་སངས་རྒྱས་མཐོང་བར་གྱུར་ཏོ།། ལྷོ་ཕྱོགས་སུ་བལྟས་ན་ཡང་ལྷོ་ཕྱོགས་ནས་ཀྱང་སངས་རྒྱས་མཐོང་བར་གྱུར་ཏོ། ། ནུབ་ཕྱོགས་སུ་བལྟས་ན་ཡང་ནུབ་ཕྱོགས་ནས་ཀྱང་སངས་རྒྱས་མཐོང་བར་གྱུར་ཏོ།། བྱང་ཕྱོགས་སུ་བལྟས་ན་ཡང་བྱང་ཕྱོགས་ནས་ཀྱང་སངས་རྒྱས། མཐོང་བར་གྱུར་ཏོ།། ཡར་གནམ་དུ་བལྟས་ན་སྟེང་གི་ནམ་མཁའ་ལས་སངས་རྒྱས་མཐོང་བར་གྱུར་ཏོ།། ཁ་བུབ་ཏུ་ས་ལ་འལ་ཏེ་ས་ལ་བལྟས་ན་ཡང་ས་ལས་སངས་རྒྱས་ཀྱིས་གང་བར་མཐོང་པབར་གྱུར་ཏོ། ། ཐལ་མོས་ངོ་བཀབ་ན་ཡང་སོར་མོ་བཅུའི་བར་ནས་སངས་རྒྱས་མཐོང་བར་གྱུར་ཏོ།། རྒན་མོ་དེས་མིག་བཙུམས་ན་ཡང་སེམས་ཀྱི་མིག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་སྤྲུལ་པའི་སངས་རྒྱས་ཀྱིས་གང་བར་མཐོང་ངོ་། ། མཚན་འདི་མངོན་པར་བསྟན་པའི་ཚེ་ན་མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་རིགས་ངན་གྱི་བུ་མོ་ཉི་ཤུ་རྩ་ལྔ་དང་། བྲམ་ཟེའི་བུ་མོ་ལྔ་བཅུ་ལ་སོགས་ཏེ་རིགས་སྣ་ཚོགས་ཀྱི་བུ་མོ་བཙུན་མོ་ཟེང་ལྡན་མའི་འཁོར་ན། སྤྱིར་བུ་མོ་ལྔ་བརྒྱ་ཞིག་ཡོད་པ་ལས། གང་སངས་རྒྱས་ཀྱི་ཆོས་ལ་མ་དང་དེ་སྐུར་ཅིང་དཕྱ་བའི་རྣམས་ཀྱི་ཀྱང་སངས་རྒྱས་བཅོམ་ལྡན་འདས་ནམ་མཁའ་ལ་གོམ་པ་ས་གཤེགས་ཏེ། ཟན་མོ་རྒན་མོ་དེ་ལ་གྲངས་མེད་པའི་སྤྲུལ་པའི་སྐུ་བསྟན་པ་དེ་དག་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ་ངན་པར་ལྟ་བའི་དྲ་བ་དྲལ་ཏོ་ཞེས་བརྗོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་བུ་མོ་རྣམས་སྤྲོ་བ་བསྐྱེད་དེ་བཀའ་སྩལ་པ། ཆོས་ཀྱི་བུ་མོ་རྣམས་ཁྱེད་ཅག་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་ལ་ཕྱག་ཚོལ་ཅིག། ཁྱེད་ཀྱིས་ངའི་མཚན་ནས་བརྗོད་དམ་ངའི་རྗེས་སུ་དྲན་པར་བྱས་ནས།། རྣམ་པར་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་པ་དང་། བུ་མོ་རྣམས་ཀྱིས་སྐད་འཐུན་པར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་སྨྲས་སོ།། དེའི་ཚེ་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་གཟེར་བཀྱེ་ནས། བུ་མོ་རྣམས་ཀྱི་སེམས་སྣང་བར་བྱས་ཏེ། བུ་མོ་རྣམས་ཀྱིས་སངས་རྒྱས་གཤེགས་པའི་སྤྱོད་ལམ་མཛེས་པ་དང་། ཞབས་ཀྱི་འོག་ནས་པདྨོ་ཆ་བཞིན་དུ་འབབ་པ་དང་། པདྨོ་གདུགས་ལྟ་བུར་གྱུར་པ་དང་། སྤྲུལ་པའི་སངས་རྒྱས་འདམ་བུའི་ཚལ་ལམ། འོད་མའི་ཚལ་ལྟར་གྲངས་དཔག་ཅིང་བརྗོད་དུ་མེད་པ་དག་བུ་མོ་རྣམས་ཀྱིས་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཟན་མོ་རྒན་མོས་དེ་ལྟར་སངས་རྒྱས་མཐོང་ཡང་ངན་པར་ལྟ་བ་དང་། མ་དད་པའ་སེམས་མ་མོད་ཀྱི། འོན་ཀྱང་བསྐལ་པ་ཁྲི་ཕྲག་བརྒྱད་དུ་སྙེད་ཀྱི་འཁོར་བའི་ཉེས་པ་བྱང་བར་འགྱུར་ན། གང་དད་པའི་སེམས་དང་བཅས་ཏེ། བསྟི་སྟང་གིས་ཕྱག་བྱེད་པ་དང་། མཆེད་པ་སྨོས། དེ་ནས་དེའི་ཚེ་ཟན་མོ་རྒན་མོ་དེས་དེ་ལྟར་སངས་རྒྱས་རྣམས་མཐོང་བ་དང་ལམ་གྱི་སྲང་རྣམས་ཀྱང་ཕྱིར་བྱེད་པར་སྣང་ངོ་།། དེ་ནས་བྲན་མོ་རྒན་མོ་ཡང་རིངས་པར་བྱར་ཁྱིམ་དུ་སོང་ནས། ཇོ་མོ་ལ་འདི་སྐད་ཅེས་སྨྲས་སོ།། བདག་དེང་མ་རུངས་པ་ཆེན་པོ་དག་སྦྱོང་གོའུ་ཏ་མ་དང་ཕྲད་དེ། དགེ་སྦྱོང་གིས་རྒྱལ་པོའི་ཕོ་བྲང་གི་ཁབ་སྒོར་མག་སྔར་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ། ལུས་གསེར་གྱི་རི་ལྟ་བུ་ལ། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ། མིག་པདྨོ་སྔོན་པོ་ལྟ་བུ་ལ་འོད་ཟེར་ཁྲི་ཕྲག་དུ་མ་འབར་བ། རྫོགས། པར་བལྟར་མི་སྣང་ཞིང་བརྗོད་དུ་མེད་པ་སྟེ། དགེ་སྦྱོང་གི་རྫུ་འཕྲུལ་ལྟ་བུ་ནི་འཇིག་རྟེན་ན་དཔེ་བླ་མེད་དེ། ཇོ་མོ་ཁྱོད་ན་སོ་གཞོན་ཏེ་ཐོར་བུ་ན་དེ་ལྟ་བུ་དག་གཟིགས་པར་མི་བཞེད་དམ་ཞེས་སྨྲས་ནས། ཤིང་སྦོམ་གྱི་སྟེང་དུ་འཕགས་པས་ནང་དུ་ཞུགས་ཏེ། རས་དཀར་པོས་མགོ་དཀྲིས་ཏེ། དེ་ལྟ་བུའི་མུན་པ་ནག་པོའི་གནས་སུ་ཉལ་ལོ།། དེའི་ཚེ་བཅོམ་ལྡན་འདས་སླར་རྒྱལ་བུ་ཛ་ཏའི་ཚལ་དུ་གཤེགས་པ་ལས། བཙུན་མོ་ཕྲེང་ལྡན་མས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བུད་མེད་མ་རུང་མ་ངན་པར་ལྟ་བ་འདི་བཏུལ་ཏེ་སླར་གཤེས་པར་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སླར་བཙུན་མོ་ཕྲེང་ལྡན་མ་ལ་བཀའ་སྩལ་པ། རྒན་མོ་འདི་སྡིག་པ་རབ་ཏུ་ཆེ་བས་དེ་བཞིན་གཤེགས་པ་ལ་གདུལ་བའི་རྒྱུད་དང་ཐབས་དེ་ལས་མེད་དེ། སྒྲ་གཅན་འཛིན་དང་འདྲ་སྟེ་རྒྱུ་འཐུན་ནོ།། དེང་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གྱིས་གཤེགས་པ་དང་། རྫུ་འཕྲུལ་མང་པོར་བསྟན་པ་འདི་ནི། རྒན་མོ་འདིའི་སྡིག་པ་འབྱུང་བའི་ཕྱིར་རོ་ཞེས་བཀའ་སྩལ་ནས་སླར་གཤེགས་སོ། ། སླར་གཤེགས་པ་ན་སྒྲ་གཅན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱི་ཁྱིམ་དུ་སོང་ལ། རྒན་མོ་མ་རུངས་མ་འདི་ཐུལ་ཅིག་ཞེས་གསུངས་སོ།། དེ་སྐད་ཅེས་བཀའ་སྩལ་པ་ན་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་མཆི་བར་གསོལ་ཏོ། ། དེའི་ཚེ་སྒྲ་གཅན་འཛིན་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཡིད་བཞིན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ལན་བདུན་བསྐོར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ནས། ཞབས་འབྲིང་གཡས་ནས་དགའ་བོ།། གཡོན་ནས་བསྙེན་དགའ་བོར་བཅས་ཏེ། འཁོར་དགེ་སློ་བརྒྱ་ཕྲག་བྱེད་དང་བཅུ་གསུམ་ནི་བུ་སྟོང་དུ་བསྒྱུར། དགའ་བོ་ནི་རིན་པོ་ཆེ་གཏེར་ལ་དབང་བའི་བློན་པོ་རིན་པོ་ཆེར་སྦྲུལ། བསྙེན་དགའ་བོ་ནི་དེམག་དཔོན་རིན་པོ་ཆེར་བསྒྱུར་ཏེ། རིན་པོ་སྣ་བདུན་དང་། དམག་རྣམ་བཞི་དང་ལྡན་པར་ཆས་སོ།། དེའི་ཚེ་གསེར་གྱི་འཁོར་ལོ་རིན་པོ་ཆེ་ཞིག་སྟེང་གི་ནམ་མཁའ་ལ་རིན་པོ་ཆེའི་པདྨོས་བཏེག་སྟེ། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན། གྱི་ཁྱིམ་ག་ལ་བ་དེ་ལོགས་སུ་ལྡིང་ངོ་།། གནོད་སྦྱིན་རྣམས་ཀྱིས་ནམ་མཁའ་ལས་འདི་སྐད་ཅེས་སྨྲས་སོ།། འཕྲུལ་གྱི་རྒྱལ་པོ་འཇིག་རྟེན་དུ་བྱུང་སྟེ། སྡིག་པ་མི་དགེ་བ་ཀུན་ཞི་ནས། དག་པའི་ཆོས་རྣམས་གྲངས་པར་འགྱུར་རོ་ཞེས་སྨྲ་བའི་ཚིག་རྒན་མོ་དེས་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། འཕྲུལ་གྱི་རྒྱལ་པོ་འཇིག་རྟེན་དུ་གཤེགས་ན།། ཡོད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆར་བཞིན་དུ་འབབ་པས། ད་ནི་བདག་ལ་སློང་བ་མེད་དོ་སྙམ་བསམས་སོ།། དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་དྲིལ་དཀྲོར། རྔའི་སྒྲ་འབྱིན་ཅིང་། ཆོས་ཀྱི་རུང་ཆེན་པོ་ཡང་བསྒྲགས་ཏེ། རིན་པོ་ཆེའི་ཁྱོགས་ལ་འདུག་ནས། ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱི་ཁྱིམ་དུ་སོང་ངོ་།། བྲན་མོ་རྒན་མོ་དེས་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། འཕྲུལ་གྱི་རྒྱལ་པོ་འདི་འཇིག་རྟེན་དུ་བྱུང་ནས་ཕན་པ་དང་བདེ་བར་འགྱུར་བ་མང་པོ་ཡོད་དེ། ལེགས་ཉེས་ཀྱི་བྱེ་བྲག་ཀྱང་ཕྱེད་པས་དགེ་སྦྱོང་གིས་ཀྱང་བསླུས་པར་མི་འགྱུར་རོ་སྙམ་བསམས་ནས་ཤིང་སྒྲིམ་ནས་བྱུང་སྟེ། འཕྲུལ་གྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ཏོ།། དེ་ནས་རྒྱལ་པོས་རིན་པོ་ཆེའི་གཏེར་ལ་དབང་བའི་བློན་པོ་ལ་བཀའ་སྩལ་པ། ཁྱོད་སོང་ལ་རྒན་མོ་ལ་འདི་སྐད་གྱིས་ཤིག། ཁྱོད་སྔོན་གྱི་བསོད་ནམས་དང་ལྡན་པས། རྒྱལ་པོའི་མཚན་དང་ལྡན་ཏེ། ཁྱོད་བུད་མེད་རིན་པོ་ཆེར་བ་ཞེས་དགོས་སོ།། ཞེས་སྒོས་ཤིག། དེ་སྐད་ཚིག་རྒན་མོ་ལ་བསྒོབ་དང་། དེའི་ཚེ་སླར་རྒན་མོས་འདི་སྐད་ཅེས་གསོལ་ཏོ།། བདག་ནི་རིགས་དམའ་ལང་ན་ཏེ། ཤིན་ཏུ་དམན་པ་ལགས་ན། རྒྱལ་པོ་ཆེན་པོས་བཀའ་སྩལ་པ་ལ་རབ་ཏུ་དགའ་མོད་ཀྱི་བུད་མེད་རིན་པོ་ཆེར་ནི་བདག་མི་རུང་ངོ་། ། གལ་ཏེ་རྒྱལ་པོས་དགོངས་ཏེ་བཀའ་སྩལ་ན་བདག་གི་ཇོ་བོ་ལ་བཀའ་སྩལ་ཏེ། བདག་ཟན་མོ་ལས་ཕྱུང་ཤིག་པར་གསོལ་ཏོ།། དེ་ནས་རྒྱལ་པོས་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་ལ་འདི་སྐད་ཅེས་པ་ཀའ་སྩལ་ཏོ། ། ཁྱོད་ཀྱི་ཟན་མོ་རྒན་མོ་འདི་མཚན་དང་ལྡན་ཏེ། ངའི་བུད་མེད་རིན་པོ་ཆེར་རུང་གིས་ཞེས་སོ་ཞེས་བཀའ་སྩལ་ཏོ། ། སྐྱབས་མེད་པས་སྦྱིན་གྱིས་གསོལ་པ། བཀའ་སྩལ་པ་བཞིན་དུ་རྒྱལ་པོ་ཆེན་པོ་ལ་དབུལ་ལོ།། རྒན་མོས་དེ་སྐད་དུ་བཏང་བའི་ཚིག་ཐོས་ནས་སྐྲག་པར་དགའ་བར་གྱུར་ཏོ།། དེའི་ཚེ་འཕྲུལ་གྱི་རྒྱལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒན་མོ་ལ་བསྟན་པ་དང་། རྒན་མོ་ཡང་བུད་མེད་རིན་པོ་ཆེ་ལྟ་བུར་གྱུར་ཏེ། རབ་ཏུ་དགའ་ནས་འདི་སྐད་དུ་དགེ་སྦྱོང་ལ་སོགས་པ་ནི་ང་རྒྱལ་གྱི་ཚིག་ཆེན་པོ་སྨྲ་ཞིང་ངའི་ཆོས་བཟང་པོ་ཞེས་སྨྲ་མོད་ཀྱི་མངོན་རྟགས་གཅིག་ཀྱང་མ་མཆིས་ཏེ། འཕྲུལ་གྱི་རྒྱལ་པོ་འཇིག་རྟེན་དུ་གཤེགས་ནས་ཕན་པ་དང་བདེ་བའི་དོན་མང་པོར་མཛད་དེ། བདག་ལྟ་བུའི་བྲན་མོ་ངན་པ་ཡང་བུད་མེད་རིན་པོ་ཆེར་བསྒྱུར་ཏོ་ཞེས་སྨྲས་ནས། ལུས་ཀྱི་ཡན་ལག་ལྔ་ས་ལ་གཏུགས་ཏེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ཏོ།། དེ་ནས་རིན་པོ་ཆེའི་གཏེར་ལ་དབང་བའི་བློན་པོས། རྒྱལ་པོའི་ཡུལ་ཆོས་དང་ཁྲིམས་དང་། དགེ་བ་བཅུའི་ཆོས་ཀྱི་བྱ་བ་བཀའ་བཏགས་ཏེ་བསྒྲགས་སོ།། བུད་མེད་རིན་པོ་ཆེ་དེས་དག་པབབདུ་ཟོས་ནས་རབ་ཏུ་དགའ་སྟེ། འདི་སྐད་དུ་འཕྲུལ་གྱིས་རྒྱལ་པོའི་བསྟན་པའི་དོན་རྣམས་ལ་མི་དག་བ་མེད་དོ་ཞེས་སྨྲས་ནས། རྒྱལ་པོ་ལ་ཕྱག་འཚལ་ཏེ། ཉེས་པ་འགྱོད་པས་སེམས་སྐྱེས་སོ། ། དེ་ལྟར་དུལ་བར་གྱུར་ནས། སྒྲ་ག་ཅན་འཛིན་ལ་སོགས་པ་རྣམས་ཕྱིར་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དུ་བསྒྱུར་བ། རྒན་མོས་མཐོང་ནས་འདི་སྐད་དུ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་སྟེ། སེམས་ཅན་ཡོངས་སུ་མི་གཏོང་བས་བདག་ལྟ་བུའི་ངན་པ་ཡང་བཀྲོལ་ཏེ་བཏུལ་ཏོ་ཞེས་སྨྲས་ནས། ཁྲིམས་ལྔ་འཛིན་པར་གསོལ་ཏོ།། དེ་ནས་སྒྲ་གཅན་འཛིན་གྱིས་སྐྱབས་སུ་འགྲོ་བ་གསུམ་དང་། ཁྲིམས་ལྔ་བཤད་ནས་རྒན་མོས་ཐོས་པ་དང་། ཕྱག་འཚལ་བ་ལས་མགོ་མ་བཏེག་པར་རྒྱུན་ཏུ་ཞུགས་པའི་འཟས་བུ་ཐོབ་པར་གྱུར་ཏེ། སེའི་ལྒ་རྣམས་ཀྱང་སའི་ནང་ནས་བྱུང་སྟེ། སྐྱབས་མེད་ཟས་སྦྱིན་ལ་ཤིན་ཏུ་ལེགས་སོ།། ངན་པར་ལྟ་བའི་དྲབ་བཅད་དོ།། དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པའི་དོན་ན་འདི་ལྟ་བུའོ་ཞེས་སྨྲས་སོ། ། དེའི་ཚེ་སྒྲ་གཅན་འཛིན་གྱིས་རྒན་མོ་དེ་དག་ཁྲིད་དེ་རྒྱལ་བུ་ཛེ་ཏའི་ཚལ་དུ་ཕྱིན་པ་དང་། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ལྟ་བུ་མཐོང་ནས་རབ་ཏུ་དགའ་སྟེ། ཐལ་མོ་སྦྱར་ནས་སངས་རྒྱས་ལ་ཕྱག་འཚལ་ནས་འཐོལ་བ་སངས་བྱས་ཏེ། རབ་ཏུ་འབྱུང་བར་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་སྒྲ་གཅན་འཛིན་ལ་བཀའ་སྩལ་པ། ཁྱོད་ཀྱིས་རྒན་མོ་འདི་ཁྲིད་ལ་དགེ་སློང་མའི་གནས་སུ་རབ་ཏུ་ཕྱུང་ཤིག་ཅེས་བཀའ་སྩལ་ཏོ།། དགེ་སློང་མའི་གནས་སུ་མ་ཕྱིན་ཀྱི་བར་དུ་སྒྲ་གཅན་འཛིན་གྱིས་སྡུག་བསྔལ་དང་། སྟོང་པ་ཉིད་དང་མི་རྟག་པ་དང་བདག་མེད་པ་ལ་སོགས་པའི་ཆོས་རྣམས་བཤད་ནས་བསྟན་པ་ལས་རྒན་མོས་ཐོས་པ་དང་སྐྲ་ཡང་རང་ལྷུང་ཏེ། དགེ་སློང་མར་གྱུར་ནས་རིག་གསུམ་དང་མངོན་པར་ཤེས་པ་དྲུག་དང་། རྣམ་པར་གྲོལ་བ་བརྒྱད་ཐོབ་སྟེ། སྟེང་གི་བར་སྣང་ལ་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་བསྟན་ཏོ།། རྒྱལ་པོ་གསལ་རྒྱལ་དང་བཙུན་མོ་ཟད་ལྡན་མས་དེ་ལྟར་གྱུར་པ་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ལེགས་སོར་རབ་ཏུ་ལེགས་སོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཉིམ་འཇིག་རྟེན་དུ་ཤར་བས་མ་རིག་པའི་མུན་པ་ཐམས་ཅད་ཡོངས་སུབསལ་ནས་ངན་པར་ལྟ་བ་དག་ཀྱང་ཡང་དག་པའི་ལམ་ལ་བཀོད་དོ་ཞེས་དེ་སྐད་སྨྲས་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འད་ག་འདི་སྔོན་སྡིག་པ་ཅི་བགྱིས་ནས། རིགས་ངན་ཅིང་བྲན་མོར་སྐྱེས་ཏེ་ཤིན་ཏུ་དམན་པར་གྱུར་པ་ལགས། བསོད་ནམས་ཅི་བསགས་ནས། བཅོམ་ལྡན་འདས་དང་འཇལ་ཏེ་རས་དཀར་པ་ཚོ་ན་ཞེ་ན་སླ་བ་བཞིན་དུ་དགྲ་བཅོམ་པ་ཐོབ་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། རྟག་པར་འོན་ལ་ལེགས་པར་ཡིད་ལ་ཟུང་ཤིག། དང་དེ་བཞིན་གཤེགས་པས་རྒྱལ་པོ་ཆེན་པོ་ལ་སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཡུན་རིང་པོའི་གཏམ་གླེང་བར་བྱའོ། ། སྔོན་འདས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གདུགས་གཅིག་མར་མེ་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་མཚན་བཅུ་དང་ལྡན་པ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་དེ་ཡོངས་སུ་མྱ་ངན་ལས་འདས་ནས། གཟུགས་ཀྱི་ཆོས་བྱེད་པ་ན། རྒྱལ་པོ་རིན་ཆེན་སྣ་ཚོགས་མེ་ཏོག་འོད་ཅེས་བྱ་བའི་སྲས་མཐོང་དགའ་ཞེས་བྱ་བ་རབ་ཏུ་འབྱུང་བར་གསོལ་ནས། རྒྱལ་པོས་རབ་ཏུ་འབྱུང་བར་གནང་སྟེ། རྒྱལ་བུ་དེ་རབ་ཏུ་འབྱུང་བར་དགོན་པའི་རི་ལ་དགེ་སློང་གི་གནས་སུ་སོང་ནས་རབ་ཏུ་འབྱུང་བར་གསོལ། ཏོ།། དེའི་ཚེ་ན་དགེ་སློང་ཡིད་གཞུངས་ལ་ཤེས་རབ་དང་དབང་པོ་གསལ་བ་དོན་ཟབ་མོའི་མཚན་ཉིད་ལ་མཁས་པ་ཞིག་ཡོད་དེ། དེའི་སློབ་མར་རབ་ཏུ་བྱུང་ངོ་།། གཞན་ཡང་དགེ་སློང་ཡོན་ཏན་མེ་ཏོག་འོད་ཅེས་བྱ་བ་ཆོས་སྟོན་ཅིང་འཆད་པ་ལ་མཁས་པ། གསང་སློབ་རྣམས་ནོས་འཆད་ཅིང་སྟོན་པ་མཁས་པ་ཞིག་ཀྱང་ཡོད་དེ།། དེ་ལས་པར་ཆད་འཇི་བའི་མཁན་པོ་བྱོས་ཏེ། རྒྱལ་བུ་དགེ་སློང་དེ། གཉིས་ལ་རབ་ཏུ་བྱུང་མོད་ཀྱི་ང་རྒྱལ་གྱིས་རྣམ་པར་གཟུང་བས། སློབ་དཔོན་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཆེན་པོའི་དོན་ཤིན་ཏུ་ཟབ་མོ་བཤད་པ་ལས། ཆོས་ལོག་པར་བསྟན་ཅེས་ཐེཙོམ་བོས་པར་གྱུར་ཏོ། ། དེ་ནས་སློབ་དཔོན་ཆེན་པོ་དེ་ཚེ་འཕོས་ནས་རྒྱལ་བུ་དགེ་སློང་དེ་འདི་སྐད་དུ། བདག་གི་སློབ་དཔོན་ཆེན་པོ་དེ་ནི་ཤེས་རབ་དང་མི་ལྡན་ཏེ། སྟོང་པ་དོན་མེད་པ་འབའ་ཤིག་སྟོན་གྱིས་བདག་གང་ནས་གང་དུ་སྐྱེ་བའི་གནས་ཐམ་ཅད་དུ་མཐོང་བར་མི་འདོད་དོ། ། བདག་གི་བར་ཆུད་འཇི་བའི་མཁན་པོ་ཁྱོད་ནི་ཤེས་རབ་དང་སྒོཟླ་པར་ལྡན་ཏེ། བདག་གང་ནས་གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་དགེ་པའི་བཤེས་གནན་དུ་གྱུར་ཅིག་ཅེས་སྨྲས་སོ། ། དགེ་སློང་རྒྱལ་བུ་དེས་དེ་སྐད་དུ་སྨྲས་ནས། ཆོས་ནི་ཆོས་མ་ཡིན་པར་བཤད། ཆོས་མ་ཡིན་པ་ནི་ཆོས་སུ་བ་ཤད་ཅིང་། དགེ་འདུན་གྱི་འཁོར་ལ་སྟོན་ཏེ། ཐམས་ཅད་ངན་པར་ལྟ་བ་ལ་བཙུད་དོ། ། ཚུལ་ཁྲིམས་ཡོངས་སུ་བསྲུངས་ཏེ། སྤྱོད་ལམ་མཉམས་ན་ཡང་ལྟ་བ་ནོར་བས་ཚེ་འཕོས་མ་ཐག་ཏུ་མདའ་འཕངས་པ་བཞིན་དུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ།། བསྐལ་ཁྲི་ཁྲག་བརྒྱདན་ཅུའི་བར་དུ་སྡུག་བསྔལ་གྱིས་གདུངས་ནས། དེ་ལྦ་ཐར་ཏེ་ཕྱིར་མིར་སྐྱེས་ན་ཡང་དབུལ་ཞིང་འོངས་པ་དང་། རིགས་ངན་པར་སྐྱེས་ཏེ་སྐྱེ་བ་ལྔ་བརྒྱའི་བར་དུ་འོན་པ་དང་གླེང་ཞུགས་དང་ལོང་པར་གྱུར་ཏེ། སྐྱེས་སྟོང་ཉིས་བརྒྱའི་བར་དུ་ཕ་རོལ་གྱི་བྲན་མོར་གྱུར་པ་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ན། བཙུན་མོ་ཕྲེང་ལྡན་མའི་འཁོར་ན་ཟན་མོ་ལྔ་བརྒྱ་ཞིག་ཡོད་པ་རྣམས་ཀྱིས་ཀྱང་ཞེས་པ་འཐོལ་ཞིང་བཤག་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྐྱེ་བའི་གནས་ཕྱི་མར་སྟོང་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཤེས་ཤིང་རྟོག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། བཅོམ་ལྡན་འདས་ཀྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ཀྱི་སློབ་དཔོན་ཆེན་པོ་དེ་ནི་ད་ལྟར་གྱི་ང་ཡིན་ནོ།། བར་ཆད་འདྲི་བའི་མཁན་པོ་དེ་ནི་སྒྲ་གཅན་འཛིན་ཡིན་ནོ།། རྒྱལ་བུ་དགེ་སློང་དེ་ནི་རྒན་མོ་འདི་ཡིན་ནོ།། ཉེ་གནས་སུ་གྱུར་པའི་དགེ་སློང་གི་འཁོར་རྣམས་ནི་ངན་པར་ལྟ་བའི་བུ་མོ་ལྔ་བརྒྱ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་རྣམས་ཡིན་ནོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ན། མཉན་དུ་ཡོད་པའི་གྲོང་ཁྱེར་གྱི་དགེ་བསྙེན་སྟོང་ཟག་ཉི་ཤུས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་ནས་ཏིང་ངེ་འཛིན་གྱི་ནང་ནས་སངས་རྒྱས་ཀྱི་ཆོས་བསྟན་པ་ཡང་མཐོང་བ་དང་ཐོས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། ངན་པར་ལྟ་བའི་སྡིག་པ་ཅན་དེ་དག་ཀུན་གྱིས་བཅོམ་ལྡན་འདས་གཤེགས་པ་མཐོང་བ་ཙམ་གྱིས་ཀྱང་ཚད་མེད་པའི་བསོད་ནམས་དེ་ལྟ་བུ་ཐོབ་པར་གྱུར་ན། སངས་རྒྱས་གཤེགས་པ་འམ། སྐུ་གཟུག་གཤེགས་པ་རྗེས་སུ་དྲན་པར་བྱེད་པ་ལྟ་ཅི་སྨོས།། ཡང་རྒྱལ་པོ་ཨབ་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀྱི་ཡུམ་སྒྱུ་མའི་ལྷ་མོ་སུམ་ཅུ་རྩ་གསུམ་གནམ་དུ་སྐྱེས་པ་ལ། བཅོམ་ལྡན་འདས་འོད་ཟེར་དང་མཚན་དང་དཔེ་བྱད་དང་ལྡན་པས་ཡུམ་ལ་ཆོས་སྟོན་ཅིང་གཤེགས་པའི་ཚུལ་ཇི་ལྟ་བུར་གཤེགས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་ཞབས་ཀྱིས་འཛམ་བུ་གླིང་ནས་སུམ་བཅུ་རྩ་གསུམ་གནམ་དུ་གཤེས་ཏེ། ཡུམ་སྒྱུ་མ་ལ་གསོང་པོར་སྨྲས་ནས་དམ་པའི་ཆོས་སྟོན་ཏོ།། དེའི་ཚེ་འཁོར་གྱི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འཛིན་ཞེས་བྱ་བ་འདུག་པ་ལས་ལངས་ནས་དཔའ་བར་འགྲོ་བ་ཞེས་བྱ་བའི། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཏིང་ངེ་འཛིན་དེའི་མཐུས་རྡོ་རྗེའི་མཐའ་ལ་ཐུག་པ་ནས། རྡོ་རྗེའི་འཁོར་ལོ་རྩ་བ་ཡང་རྡོ་རྗེ་ལས་བྱས་པ། མེ་ཏོག་ཀྱང་རྡོ་རྗེ་ལས་གྲུབ་པའི་མེ་ཏོག་འདབ་ཆགས་སུ་འདུག་པའཛམ་བུ་གླིང་གིས་གཞིའི་སྟེང་དུ་བྱུང་ངོ་། ། དེའི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོ་དང་། མ་ཟོས་པ་ལ་སོགས་པའི་རྒྱ་མཚོའི་མཆིང་རྣམས་ཀྱི་ཀླུའི་རྒྱལ་པོ་རྣམས་ཀྱིས་སོ་སོ་ནས་རིན་པོ་ཆེ་སྣ་བདུན་ཐོགས་ཏེ། བྱང་ཆུབ་སེམས་དཔའས་འཛིན་གང་ན་བར་འོངས་ཏེ་ཕྱིན་པ་དང་། རིན་པོ་ཆེ་སྣ་བདུན་ཕུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་པའི་རིན་པོ་ཆེའི་ཐེམ་སྐས་གསུམ་བྱས་སོ།། གཡོན་ནི་དངུལ་ལས་བྱས། ། གཡས་ནི་ཤེལ་ལས་བྱས། དབུས་ནི་གསེར་ལས་བྱས་ཏེ་འཛམ་བུ་གླིང་གི་ས་གཞིའི་མཚམས་རྡོ་རྗེའི་མཐའ་ནས་སུམ་ཅུ་རྩ་གསུམ་གྱི་ཕོ་ཟང་ལ་ཐུག་པའི་བར་དུའོ།། རིན་པོ་ཆེའི་ཐེམ་སྐས་དེ་རེ་རེ་ཡང་མུ་རན་རིམ་པ་བདུན་བདུན་ནོ། ། མུ་རན་དེ་དག་ཀྱང་རིན་པོ་ཆེ་རྣམ་པ་ཁྲི་ཕྲག་བརྒྱ་ལས་བྱས་ཏེ། འོད་ཟེར་ཡང་ཁྲི་ཕྲག་བརྒྱ་ཡོད་དོ།། འོད་ཟེར་དེ་རེ་རེ་ལ་ཁང་རིན་པོ་ཆེའི་མེ་ཏོག་ཁྲི་ཟེག་བརྒྱ་སྙེད་ཡོད་དོ།། མེ་ཏོག་པདྨོ་དེ་རེ་རེའི་རང་ན་ཡང་རོལ་མོའི་ཆ་བྱད་ཚད་མེད་པ་སྙེད་རང་བྱུང་ངོ་། ། དེའི་ཚེ་བྱང་ཆུབ་སེམས་དཔའ་ས་འཛིན་གྱི་སེ་གདྷཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རིན་པོ་ཆེ་སྣ་བདུན་གྱི་པདྨོས་སངས་རྒྱས་གཤེགས་པའི་སྐས་ལ་བཀོད་དོ།། སྐས་ཀྱི་མུ་གཡས་ག་ཡ་མན། རིན་པོ་ཆེའི་རྒྱལ་མཚན་རྣམ་པ་སྣ་ཚོགས་བགྲེང་ནས་རིན་པོ་ཆེའི་བ་དན་ཚད་མེད་པ་སྙེད་དཔྱད་སོ། ། རིན་པོ་ཆེའི་གདུགས་དང་བླ་རེ་ཁྲི་ཕྲག་སྙེད་ནི་བླ་རེར་ཟེས་སོ།། སུམ་ཅུ་རྩ་གསུམ་གནམ་གྱི་ལྷ་རྣམས་ཀྱིས་ནི། མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། ཨུཏྤ་ལ་དང་། ཀུ་མུ་དཱ་ལ་སོགས་པ་ཆར་བཞིན་དུ་ཕབ་ནས། སངས་རྒྱས་གཤེགས་པའི་སྐས་ལ་བཀོད་དེ་རྒྱལ་པོ་ནི་ལག་ན་འདུག་སྤོས་ཐོགས་ནས། ཚངས་པའི་འཁོར་དང་བཅས་ཏེ་སྐས་ཀྱི་གཡས་གཡོན་ནས་བསྟོད་དོ།། བདུག་སྤོས་ཀྱི་དུད་པ་དག་བཻ་ཌཱུཪྻའི་སྤྲིན་ལྟ་བུར་གྱུར་ནས། སྟེང་གི་ནམ་མཁའ་ལས་མདུ་སྲེས་ཀྱི་སྤྲིན་དུ་གྱུར་ཏོ། ། སྤྲིན་གྱི་ནང་ནས་རོལ་མོའི་སྒྲ་དབྱངས་བརྒྱ་སྟོང་དུ་མ་སྙེད་སྒྲོགས་སོ།། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་པས་ནི་རྒྱ་མཚོའི་འགྲམ་གྱི་ཙན་དན་ལ་སོགས་པའི་སྤོས་སྣ་ཚོགས་ཀྱི་སངས་རྒྱས་ལ་འཐོར་རོ། ། སྤོས་ཀྱི་འོད་འཚེར་བ་ནི་གསེར་གྱི་ཁ་དོག་ལྟ་བུར་གྱུར། མཐོ་ཁྱད་ཀྱང་སྲིད་པའི་རྩེ་མོ་ལ་གཏུགས་ཏེ་གསེར་གྱི་ཁང་པ་བརྩེགས་པར་གྱུར་ཏོ།། ཚད་མེད་པའི་ལྷ་རྣམས་ཀྱིས་ཀྱང་རྒྱན་དང་ལྷབ་ལྷུབ་ཀྱིས་སྐས་ལ་བརྒྱན་ཏེ། ཡོ་བྱད་ཚད་མེད་པ་རྣམ་པ་མང་པོ་དག་གིས་བརྒྱན་ཏོ།། དེའི་རོ་བཅོམ་ལྡན་འདས་ཀྱིས་འཛམ་བུའི་གླིང་ནས་ཆོས་གོས་གསུམ་བསྣམས་ཏེ། དགའ་བོ་དང་བསྙེན་དགའ་བོ་དང་། སྒྲ་གཅན་འཛིན་ལ་སོགས་པ་དགེ་སློང་ལྔ་བརྒྱ་རྣམས་ཀྱང་ཞབས་འབྲིང་དུ་བཅས་བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཀྱིས་ནཔ་བདག་པ་ན་ས་རྣམ་པ་དྲུག་ཏུ་གཡོས་སོ། ། ཞག་ཕབ་པ་ན་ས་ལས་རིན་པོ་ཆེའི་ཕོ་བྲང་ཚངས་པའི་རྒྱལ་པོའི་གཞལ་མེད་ཁང་ལྟ་བུ་བྱུང་ནས། གཞལ་མེད་ཁང་འདབ་ཆགས་སུ་ནམ་མཁའ་ལ་ལྡིང་ཞིང་བཅོམ་ལྡན་འདས་གཤེགས་པའི་སྐས་ཀྱི་གཡས་གཡོན་བརྒྱན་ཏོ། ། བྱང་ཆུབ་སེམས་དཔའ་ས་འཛིན་དང་། བྱམས་པ་ལ་སོགས་སེམས་དཔའ་སྟོང་གིས་མ་མོ་སྦྱར་ཏེ། ཕྲག་དུ་མས་དེ་བཞིན་གཤེགས་པའི་ཡོན་ཏན་ཚད་མེད་པ་ལ་བསྟོད་དོ།། དེའི་ཚེ་ཚངས་པའི་རྒྱལ་པོ་འཁོར་ཚངས་པ་བརྒྱ་སྟོང་དུ་མས་ལག་ན་བདུག་སྤོས་ཐོགས་ཤིང་རོལ་མོ་ཚད་མེད་པོས་སངས་རྒྱས་མཆོད་ཅིང་གཡོན་རོལ་ནས་འགྲེང་ངོ་། ། བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་ལྷའི་བུ་ཚད་མེད་པ་དང་ལྷའི་བུ་མོ་བརྒྱ་སྟོང་རྣམས་ཀྱིས་རང་དུང་དང་། རོལ་མོ་དང་གླུ་དང་ག་རྣ་རོལ་ནས་འགྲེང་ངོ་། ། ཉན་ཐོས་དང་དགྲ་བཅོམ་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་གཡས་རོལ་ནས་མཆེད་པ་བྱེད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འོད་ཟེར་ཆན་པ་བཏང་ནས་སྐས་ཀྱི་མཐར་དང་འགྲམ་ཚུན་ཆད་སྣང་བར་བྱས་ཏེ། འོད་ཟེར་དེ་ཡང་སྤྲིན་ལྟ་བུར་གྱུར་ནས་ཁ་དོག་བརྒྱ་སྟོང་དུ་མ་དང་ལྡན་ཏེ། ཁང་པ་བརྩེགས་པ་ཡང་ཡང་ཐོག་ལྟ་བུར་གྱུར་ཏེ།། དེའི་ནང་ན་དེ་བཞིན་ག་པ་བཞུགས་ཤིང་འཁོར་ཡང་སྤྲུལ་པའི་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱིས་བསྐོར་ཏོ། ། དེ་ལས་ཡང་སྤྲུལ་པའི་སངས་རྒྱས་སྐུའི་ཆེད་སངས་རྒྱས་གཞན་དང་མཉམ་པ་ལྔ་བརྒྱ་སྐར་ནི་ཆོས་གོས་དང་ལྷུང་བཟེད་ཐོག་ཏེ། སྤྱོད་ལམ་མཛེས་པར་གཤེགས་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་འཁོར་དགའ་བོ་དང་། བསྙེན་དགའ་བོར་བཅས་སོ།། དེའི་ཚེ་བདུད་སྡིག་ཏོ་ཅན་ཨང་སྟེང་གི་ནམ་མཁ་ལས་བདུད་ཀྱི་འཁོར་དང་བཅས་ཏེ། ཚིགས་སུ་བཅད་པ་དུ་མས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་ཤིང་བསྟོད་དོ།། བརྒྱ་བྱིན་ལྷའི་དབང་པོ་ས་ཡུམ་སྣུ་པའི་ལྷ་མོ་ལ་སྨྲས་པ་དེ་བཞིན་གཤེག་པ་འཇིག་རྟེན་གྱི་མགོན་པོ་ནི་ཡུམ་ལ་ཟིན་གྱི་ལན་གླན་པའི་སླད་དུ་གནས་འདིར་གཤེགས་སོ་ཞེས་ཡུམ་ལ་གསོལ་པ། ཡུམ་སྒྱུ་མས་བཅོམ་ལྡན་འདས་གཤེགས་སོ་ཞེས་ཐོས་ནས་ལྷའི་བུ་མོ་རྣམས་ལྷའི་རིན་པོ་ཆེ་དང་། ལྷའི་རོལ་མོ་དང་། ལྷའི་མེ་ཏོག་མནྡ་ར་བ་དང་། ཨུ་དུམ་བཱ་རའི་མེ་ཏོག་ལ་སོགས་པ་བསྐུར་ཏེ། མདུན་ན་བཅོམ་ལྡན་འདས་ལ་བསར་བཅུག་གོ།། དེའི་ཚེ་དེ་བཞིན་གཤེགས་པས་ཞབས་བཏེག་པ་དང་བཞག་པའི་ལམ་ཀུན་ཏུ་གཞལ་མེད་ཁང་གྲངས་མེད་པར་གྱུར་ཏོ། ། གཞལ་མེད་ཁང་དེ་གཅིག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་རྙེད་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ།། དེ་བཞིན་གཤེགས་པ་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཡང་ལྔ་བརྒྱ་སྙེད་ཡོད་དོ། ། དེའི་ཚེ་སྐུ་ལས་འཕྲོས་པའི་སངས་རྒྱས་ལྔ་བརྒྱ་རྣམས་དང་། སངས་རྒྱས་ཤཱཀྱ་ཐུག་པར་བཅས་ཏེ། སུམ་ཅུ་རྩ་གསུམ་གནས་གྱི་གཞལ་མེད་ཁང་དུ་གཤེགས་པ་ན། ལྷ་རྣམས་རབ་ཏུ་དགའ་སྟེ། ཚིགས་སུ་བཅད་པ་འདི་སྐད་སྨྲས་སོ།། སངས་རྒྱས་རྣམ་པར་གཟིགས།། བཀྲ་ཤིས་དམ་པའི་མཆོག། འོད་ཟེར་རབ་བཏང་ནས། གནས་འདིར་གཤེགས་པར་གྱུར།། བདེ་གཤེགས་གཙུག་ཏོར་ཅན། བཀྲ་ཤིས་དམ་པའི་མཆོག། གྲངས་མེད་སྐུ་སྤྲུལ་ནས།། གནས་འདིར་གཤེགས་པར་གྱུར།། སངས་རྒྱས་ཐམས་ཅད་སྐྱོབ།། སྨིན་མཚམས་འོད་བཀྱེ་ནས།། ཀུན་ཏུ་སྣང་གྱུར་ཏེ།། གནས་འདིར་གཤེགས་པར་གྱུར།། བདེ་གཤེགས་ལོག་དང་སལ།། ཞལ་ནས་འོད་བཀྱེ་སྟེ།། ཕྱོགས་བཅུར་སྣང་བྱས་ནས།། གནས་འདིར་གཤེགས་པར་གྱུར། ། སངས་རྒྱས་གསེར་ཐུབ་ཀྱང་།། གྲངས་མེད་སྐུ་སྤྲུལ་ཏེ།། ཚད་མེད་འོད་བཀྱེ་ནས།། གནས་འདིར་གཤེགས་པར་གྱུར།། བདེ་གཤེགས་འོད་སྲུངས་དེ།། རིན་ཆེན་ཁང་བརྩེགས་ནས།། མཁའ་ལས་ཆོ་འཕྲུལ་སྟོན། ། གནས་འདིར་གཤེགས་པར་གྱུར།། སངས་རྒྱས་ཤཱཀྱ་ཡང་།། ལྔ་བརྒྱའི་སྐུར་སྤྲོས་ཏེ།། སྤྲུལ་པ་གྲངས་མེད་དང་།། འོད་བཀྱེ་གནས་འདིར་གཤེགས།། བྱམས་པ་བྱང་ཆུབ་དང་།། བསྐལ་པ་བཟང་པོའི་གཙོ།། ཀུན་གྱིས་འོད་བཏང་ནས།། གནས་འདིར་གཤེགས་པར་གྱུར།། བཀྲ་ཤིས་དཔལ་གྱི་གནས།། དགའ་སྦྱིན་འདུས་མ་བྱས། བཅོམ་ལྡན་གཤེགས་པའི་ས།། ཐུབ་པ་སྐུ་བའི་གནས། ། མྱ་ངན་འདའ་བའི་ཁྱིམ།། མཁས་པ་ཕ་རོལ་ཕྱིན།། ཅེས་བརྗོད་དོ།། དེའི་ཚེ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་གྱི་ཕོ་ཟང་དུ་གཤེགས་ནས་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ་ལས་འོད་ཟེར་བཏང་ནས། འོད་ཟེར་དེ་ཉིད་རིན་པོ་རེ་སྣ་བདུན་གྱི་གདུགས་ཆེན་པོར་གྱུར་ཏེ། ཡུམ་སྒྱུ་མའི་སྟེང་དུ་བླ་རེར་བྲེས་སོ།། རིན་པོ་ཆེ་སྣ་བདུན་གྱི་ཁྲི་རབ་ཏུ་མཛེས་པ་དག་ཡུམ་གྱི་གདན་དུ་གྱུར་ནས་དེ་ལ་ཡུམ་བཞུགས་སོ། ། ཡུམ་གྱིས་སངས་རྒྱས་གཤེག་པ་མཐོང་ནས། ཐལ་མེ་སྦྱར་ཧ་རབ་ཏུ་བཏུད་ནས་ཕྱག་འཚལ་བ་དང་། སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་རྣམས་ཀྱིས་ཀྱང་ཕྱག་བརྐྱང་སྟེ་ཡུམ་ལ་བཏེག་གོ་འཁོར་ལྷ་རྣམས་ཀྱིས་ཀྱང་ཡུམ་ལས་བཟུང་སྟེ། ཕྱག་འཚལ་དུ་མ་སྟེར་རོ།། སྤྲུལ་པའི་སངས་རྒྱས་ཁྲི་བཞི་སྟོང་སྙེད་ཀྱང་གདན་ལས་བཞེངས་སོ།། དེའི་ཚེ་ཡུམ་སྒྱུ་མའི་ལྷ་མོའི་ཕོ་ཟང་གི་ནང་ནས་འོད་ཟེར་ཁྲི་ཕྲག་ལྔ་བརྒྱ་རྣམས་མངོན་པར་བྱུང་ནས། འོད་ཟེར་དེ་ལས་རིན་པོ་ཆེའི་ཁང་པ་བརྩེགས་པར་གྱུར་ཏེ། ཁང་པ་བརྩེགས་པ་དེ་དག་ར་རེའི་སྟེང་ན་ཕྱོགས་བཅུའི་སངས་རྒྱས་རྣམས་བཞུགས་ཤིང་སོ་སོ་ནས་མཚན་ནས་བརྗོད་དེ། སངས་རྒྱས་ཀྱི་ཡུམ་ལ་གསོང་པོར་སྨྲ་ཞིང་སྤྲོ་བ་བསྐྱེད་དོ།། འདི་ལྟ་སྟེ། ཤར་ཕྱོགས་ཀྱི་ལེགས་པའི་ཡོན་ཏན་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཕྱག་ན་རིན་པོ་ཆེའི་མེ་ཏོག་བསྣམས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏེར་ཏོ།། གཏེར་བའི་མེ་ཏོག་རྣམས་ཀྱང་སྟེང་གི་ནམ་མཁའ་ལ་མེ་ཏོག་གི་གདུས་སུ་གྱུར་ཏོ།། མེ་ཏོག་གི་གདུགས་ཀྱི་ནངན་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་དུ་མ་ཐལ་མོ་སྦྱར་ཏེ་ཞེངས་ནས། སངས་རྒྱས་ཀྱི་ཡུམ་སྒྱུ་མ་ལ་གསོད་པོར་གསུང་ངོ་།། ལྷོ་ཕྱོགས་ན་ཙན་དན་ཡོན་ཏན་ཞེས་བྱ་བའི་དེ་བཞིན་གཤེག་པས་ཀྱང་ཕྱག་ན་རིན་པོ་ཆེའི་པདྨོ་བསྣམས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། དེ་ཡང་སྟེང་གི་ནམ་མཁའང་མེ་ཏོག་གི་གདུགས་སུ་གྱུར་ཏོ།། གདུགས་ཀྱི་ནང་ན་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་སྙེད་ཐལ་མོ་སྦར་ཏེ་བཞེངས་ནས། ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། ནུབ་ཕྱོགས་ན་སྣང་བ་མཐའ་ཡས་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཀྱང་ཕག་ན་རིན་པོ་ཆེའི་པེངྒེ་བསྣམས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། དེ་ཡང་སྟེང་གི་ནམ་མཁའ་ལ་མེ་ཏོག་གི་གདུགས་སུ་གྱུར་ཏེ། གདུགས་ཀྱི་ནང་ནས་སྤྲུལ་པའི་སངས་རྒྱས་གྲངས་མེར་པ་སྙེད་ཐལ་མོ་སྦྱར་ཏེ་བཞེངས་ནས། ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། བྱང་ཕྱོགས་ན་ལེགས་པའི་མཚན་ཞེས་བྱ་བའི་དེ་བཞིན་གཤེགས་པས་ཀྱང་རིན་པོ་ཆེའི་པདྨོ་བསྣམས་ནས་བཙེམ་ཡ་འདས་ཤཱ་ཐུབ་པ་དང་། ཡུམ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། དེ་ཡང་སྟང་གི་ནམ་མཁའ་ལ་མེ་ཏོག་གི་གདུགས་སུ་གྱུར་ཏོ།། གདུགས་དེའི་ནང་ནས། སྤྲུལ་པའི་སངས་རྒྱས་གྲངས་མེད་པ་སྙེད་ཐལ་མེ་སྦར་ཏ་བཞེངས་ནས། ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། ཤར་ལྷོའི་ཕྱོགས་ན་མྱ་ངན་དང་བྲལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་ན་རིན་ཆེན་གཏོང་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དང་། ནུབ་བྱང་གི་ཕྱོགས་མཚམས་ན་ཡོན་ཏན་མེ་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པ་དང་། བྱང་ཤར་གྱི་ཕྱོགས་མཚམས་ན་ཐེག་པ་གསུམ་སྤྱོད་ཅེས་བྱ་བའི་དེ་བཞིན་གཤེགས་པ་དང་། བླ་མའི་ཕྱོགས་ན་རྒྱ་ཆེ་ཡོན་ཏན་ཞེས་བྱ་བའི་དེ་བཞིན་གཤེགས་པ་དང་། འོག་མའི་ཕྱོག་ན་སྣང་བའི་ཡོན་ཏན་ཞེས་བྱ་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་སངས་རྒྱས་དེ་དག་ཀུན་གྱིས་ཀྱང་སོ་སོ་ནས་ཕྱུག་ན་རིན་པོ་ཆེའི་པདྨོ་བ་སྣམ་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། ཨུ་མ་སྒྱུ་མའི་ལྷ་མོ་ལ་གཏོར་ཏོ།། གཏོར་བའི་མེ་ཏོག་དེ་དག་ཀྱང་སྟེང་གི་ནམ་མཁའ་ལ་སོ་སོ་ནས་མེ་ཏོག་གི་གདུགས་སུ་གྱུར་ཏོ།། སོ་སོའི་མེ་ཏོག་གི་གདུགས་ཀྱི་ནང་ནས་སྤྲུལ་པའི་སངས་རྒྱས་གྲངས་མེད་པ་སྟོད་ཟིལ་མོ་སྦྱར་ཏེ་བཞེངས་ནས། ཡུམ་སྒྱུ་མ་ལ་གསོང་པོར་གསུང་ངོ་།། དེའི་ཚེ་སུམ་ཅུ་རྩ་གསུམ་གནམ་གྱོ་ཕོ་ཟང་གི་ནང་ན་སྤྲུལ་པའི་སངས་རྒྱས་ཀྱིས་ཡོངས་སུ་གང་བར་གྱུར་ཏོ། ། དེ་ནས་དེའི་ཚེ་ཡུམ་སྒྱུ་མའི་དབུའི་གཙུག་ནས་མཆོད་པའི་ཡོ་བྱད། གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་གྲངས་མེད་པ་རང་བྱུང་ནས། སངས་རྒྱས་དེ་དག་ཀུན་ལ་མཆོད་པ་ཆེན་པོ་བྱས་སོ། ། གདུགས་དང་། རྒྱལ་མཚན་དང་བ་དན་དེ་དག་གི་ནང་ནས་སངས་རྒྱས་ལ་བསྟོད་པ་དང་དམ་པའི་ཆོས་བསྔགས་པ་དང་། དགེ་སློང་གི་དགེ་འདུན་བསྟན་པའི་སྒྲ་དབྱངས་དག་བྱུང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དག་འོལ་བཀའ་སྩལ་པ། འདི་དག་ནི་དེ་བཞིན་གཤེགས་པ་འཛམ་བུའི་གླིང་ནས་སུམ་བཅུ་རྩ་གསུམ་གནམ་དུ་གཤེགས་པའི་སྐུ་གཟུགས་དང་། མཚན་དང་དཔེ་བྱད་འོད་ཟེར་དང་། སྤྲུལ་པའི་དངོས་པོ་ནི་འདི་རྣམས་ཡིན་ནོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་རག། སར་ལྟ་བུར་མཐད་པར།། ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། གང་གིས་དེ་ལྟར་རྗེས་སུ་དྲན་པར་བྱས་ན་བསྐལ་པ་ཆེན་པོ་ཁྲི་ཕྲག་གཅིག་གི་འཁོར་བའི་ཉེས་པ་ཡོངསུ། སྤོང་བར་འགྱུར་ཞིང་།། ཚེ་འཕོས་པའི་དུས་བྱེད་པ་ན་ཡང་ཕྱོགས་བཅུའི་སངས་རྒྱས་རྣམས་མཐོང་སྟེ། གདོན་མི་ཟ་བར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ངའི་ཆོ་ག་འདི་གཟུངས་སུ་ཟུང་ལ་ཕྱི་མ་མ་འོངས་པའི་སྐྱེ་བོ་རྣམས་ལ་རྒྱས་པར་སྟོན་ཅིག། ཤོད་ཅིག། ཚིག་འདི་ཐོས་ནས། དེ་ན་འདི་སེམས་པ་དེ་ལ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དགོངས་ཤིང་སྐྱོབ་པ་དང་། ཚེ་འཕོས་ནས་ཀྱང་ངེས་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་རིག་པར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་སུམ་ཅུ་རྩ་གསུམ་གནས་ནས་འཛམ་བུ་གླིང་དུ་གཤེགས་པའི་འོད་ཟེར་དང་། མཚན་དང་སྤྲུལ་པ་གང་ཞེན། ཡང་གཤེགས་པའ། ན་ལྷའི་བུ་གྲང་མེད་པ་དང་། ལྷའི་བུ་མོ་བརྒྱ་སྟོང་མང་པོ་རྣམས་ཀྱིས་བརྒྱལ་ཏེ། དེའི་ཚེ་བཅོམ་ལྡན་འདས་ཉག་ཅིག་འོད་ཟླུམ་པོ་འདོམ་གང་བ་དང་། གཞན་ཡང་དེ་མ་ཡིན་པའི་འོད་ཟེར་སྟོང་གཏང་ནས་རིན་པོ་ཆེའི་ཐེམ་སྐས་ལ་ཞབས་ཀྱིས་གཤེགས་པ་ལས། སངས་རྒྱས་ཀྱི་འོད་ཟེར་གྱི་ནང་ནས་སངས་རྒྱས་བདུན་བདུན་གཤེགས་པར་ལྷའི་བུ་དང་བུ་མོ་རྣམས་ཀྱི་ཀྱང་མབོང་ངོ་།། དེའི་ཚེ་རྒྱལ་པོ་ཨེའུ་ཐེན་བཅོམ་ལྡན་འདས་ལ་རྗེས་སུ་དྲན་ཞིང་ཆགས་པས། གསེར་གྱི་སྐུ་གཟུགས་ཤིག་བྱས་ཏེ། དེ་ལ་ཕྱག་འཚལ་ཏོ།། དེ་ནས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་ནས། སླར་འཛམ་བུ་གླིང་དུ་གཤེགས་ཞེས་པ་ཐོས་ནས་རབ་ཏུ་དགའ་སྟེ། གསེར་གྱི་སྐུ་གཟུགས་ཀྱང་བ་གླང་གི་སྟེང་དུ་བཞག་སྟེ། བཅོམ་ལྡན་འདས་ཀྱི་མདུན་ནས་བསུས་སོ།། དེའི་ཚེ་དགེ་སློང་མ་པདྨོའི་མདོག་ཅེས་བྱ་བས་ཀྱང་། བཻ་ཌཱུཪྻའི་རི་ཞིག་སྤྲུལ་ཏེ། རི་དེའི་ཕུག་ན་སྐྱིལ་མོ་ཀྲུང་དུ་འདུག་ནས་ཡོ་བྱད་ཚད་མེད་པ་མང་པོ་དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་མདུན་ནས་བསུ་བར་ཆས་སོ།། དེའི་ཚེ་གསེར་ལས་བྱས་པའི་སྐུ་གཟུགས་དེ་ཡང་བ་གླང་ལས་བབས་ཏེ། སངས་རྒྱས་དང་འདྲ་བར་ནམ་མཁའ་ལ་ཞབས་ཀྱིས་གཤེགས་ཏེ། ཞབས་ཀྱི་མཐིལ་གྱི་འཁོར་ལོ་ལས་མེ་ཏོག་ཆར་བཞིན་དུ་ཕབ་ཅིང་འོད་ཟེར་བཏང་ནས་བཅོམ་ལྡན་འདས་ཀྱི་མདུན་ནས་བསུས་སོ། ། དེ་ནས་བཅོམ་ལྡན་འདས་དེ་ཉིད་དུ་གཤེགས་པ་དང་། གསེར་གྱི་སྐུ་གཟུག་དེས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀྱང་སྐུ་གཟུགས་ཀྱི་ཕྱོག། སུ་ཐལ་མོ་སྦྱར་ནས་དབུ་བཏུད་དོ།། དེའི་ཚེ་ནམ་མཁའ་ལས་སྤྲུལ་པའི་སངས་རྒྱས་སྟོང་སྙེད་ཀྱིས་ཀྱང་སྐུ་གཟུགས་ག་ལ་བའི་ལོགས་སུ་ཐལ་མོ་སྦྱར་ནས། པུས་མོ་བཙུགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀྱང་སྐུ་གཟུགས་དེ་ལ་བཀའ་སྩལ་པ། ཁྱོད་ཕྱི་མའི་དུས་ན་སངས་རྒྱས་ཀྱི་མཛད་པ་ཆེན་པོ་མཛད་པར་འགྱུར་རོ།། ང་ཡོངས་སུ་མྱ་ངན་ལས་འདས་ནས་པ་ག་རུར་པའོ། རྣམས་ཁྱོད་ལ་གཏམས་སོ།། ནམ་མཁའ་ལ་བཞུགས་པའི་སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་འཐུན་པར་དེ་སྐད་དུ་གསུངས་སོ།། སེམས་ཅན་གང་ལ་ལས་དེ་བཞིན་པ་ཤེགས་པ་ཡེ་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་སྐུ་གཟུགས་བྱས་ཏེ། མེ་ཏོག་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་། སྤོས་ལ་སོགས་པའི་མཆེད་པའི་ཡེ་བྱ་ས་མ་ཆེ་@་སངས་རྒྱས་རྗེས་སུ་དྲན་པའི་རྣམ་པར་དག་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། ། སེམས་ཅན་གང་དག་སངས་རྒྱས་གཤེག་པའི་མཚན་དང་དཔེ་བྱད་བཟང་པོ་རྣམས་ཡོད་ལ་བྱས་ན། རྒྱས་མང་པོ་རྣམས་མཐོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་ནས་སངས་རྒྱས་ཀྱི་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གནམ་དུ་གཤེགས་པའི་འོད་ཟེར་དང་མཚན་དང་དཔེ་བྱད་དང་རྒྱུས་ཤེས་པ་འམ། སངས་རྒྱས་ཀྱི་སྐུ་གཟུགས་མཐོང་བ་དག། བསྐལ་པ་ཆེན་པོ་སྟེང་སྣད་ཀུ་ལ་ན་མ་ཐ་བ། ལྕི་པ་ཀུན་བྱང་བར་འགྱུར་རོ།། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། སངས་རྒྱས་རྗེསུ་དྲན་པའི་ཏིང་ངེ་འཛིན་རྒྱ་མཚོ་ཞེས་བྱ་བའི་མདོ། ། ། བམ་པོ་བདུན་པ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་འབྲོག་དགོན་པའི་ཡི་དགྲ་ཀྱི་བདག་པོ་ཆེན་པོ་བཏུལ་ཞེ་ན། ངས་མཉན་དུ་ཡོད་པའི་རྒྱལ་བུ་ཛེ་ཏའི་ཚལ་གྱི་གཞལ་མེད་ཁང་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཏང་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་གསེར་གྱི་ཁ་དོག་ལྟ་བུར་སྣང་བར་གྱུར་ཏོ།། ཡུལ་མཉན་དུ་ཡོད་པ་ན་ཁྱིམ་བདག་ནོར་དཔལ་ཞེས་བྱ་བ་ཞིག་ཡོད་དོ།། ཁྱིམ་བདག་དེ་ལ་བུ་ལོ་གསུམ་ལོན་པ་ཞིག་ཡོད་པ་ལས། ཁྱིམ་བདག་གིས་བུ་དེ་ལ་སྐྱབས་སུ་འགྲོ་བ་གསུམ་བསྟན་ཏོ།། དེའི་ཚེ་འབྲོག་དགོན་པའི་ཡི་དགས་ཀྱི་བདག་པོ་བཀྲེས་སྐོམ་པས་གདུང་ནས། མཉན་དུ་ཡོད་པའི་གྲོང་ཁྱེར་དུ་སོང་ནས། བྱིས་པ་ཆུང་ངུ་དེ་བཟུང་ངོ་།། དེའི་ཚེ་ཁྱིམ་བདག་གི་བུ་དེས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་སོ།། དེ་སྐད་ཅེས་བརྗོད་པས་ཡི་དྭགས་ཀྱི་བདག་པོ་ཁ་འཐམས་ནས་ཟ་ནི་མ་ནུས་ཏེ། མིག་ནས་མེ་ཕྱུང་སྟེ་ཁྱེའུ་དེ་ལ་བསྡིགས་སོ།། ཡི་དག་ཀྱི་ལུས་མི་སྡུག་པ་ནི་སྙིང་ཀ་ན་ངོ་གསུམ་ཡོད་པ། ལྟེབ་ན་ངོ་གཉིས་ཡོད་པ། པུས་མོ་གཉིས་ན་ཡང་ངོ་རེ་རེ་ཡོད་པ་ལས་བ་གླང་གི་མགོ་ལྟ་བྲ་ལ་མཆེ་བགྱེན་ཏུ་བགྲེང་བ། མིག་ནས་མེ་རབ་ཏུ་བར་བ་དེ་ལ་ཁྱེའུ་དེས་མཐོང་ནས། ཁྱེའུ་དེ་སྐྲག་སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ། ། དགེ་འདུན་ལ་ཕྱག་འཚལ་ལོ།། ཞེས་སྨྲས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་འཕྲུལ་གྱི་སྙན་གྱིས་ཁྱེའུ་དེས་སྨྲས་པ། རྒྱང་མ་ནས་གསན་ནས། ཞབས་འབྲིང་དུ་དགའ་བོ་དག་ཁྲིད་དེ། ནམ་མཁའ་ལ་གོམ་པས་གཤེགས་སོ། ། དགའ་བོ་ཞབས་འབྲིང་དུ་མཆིས་པ་ཕྱིར་ལུས་ཏེ། མ་སླེབས་ནས་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་པདྨོ་སྤྲུལ་ཏེ། པདྨོའི་འད་པེར་གྱིས་དགའ་བོ་བསུས་ཏེ། དགའ་གྲོ། པདྨ་ལ་འདུག་པར་བྱིན་གྱིས་བརླབས་སོ།། དེའི་ཚེ་དགའ་བོ་འཛམ་བུ་གླིང་གི་ནང་ན་སྤྲུལ་པའི་སངས་རྒྱས་ཀྱིས་ཡོངས་སུ་གང་བར་མཐོང་སྟེ། སྤྲུལ་པའི་སངས་རྒྱས་དེ་རེ་རེའི་སྐུའི་ཚད་ཀྱང་སྟོང་གསུམ་གྱི་ས་ཏོང་ཆེན་པོ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྤྲུལ་པའི་སངས་རྒྱས་དག་ཀུན་ཀྱང་ཐེག་པ་གསུམ་འཆད་ཅིང་བྱང་ཆུབ་སེམས་དཔའ་རྣམས་ལ་སངས་རྒྱས་རྗེས་སུ་དྲན་པའི་ནན་ཏན་ལ་བརྩོན་པར་གྱིས་ཤིག་ཅེས་སྟོན་པར་མཐོང་ཞིང་ཐོས་སོ། ། དགའ་བོས་དེ་ལྟ་བུ་དག་མཐོང་ཞིང་ཐོས་ནས། སྔོན་འདས་པའི་སངས་རྒྱས་ཁྲི་ཕྲག་དགུ་བཅུ་རྣམས་ཀྱི་ཆོས་ཀྱི་སྡེ་སྣོད་ཀུན་དྲན་པར་གྱུར་ཏེ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འབྲོག་དགོན་པར་གཤེགས་ནས། སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོའི་འོད་ཟེར་བཏང་ནས། འོད་ཟེར་དེས་ཁྱེའུ་ཆུང་ངུ་སྐྲག་ཅིང་དངངས་པ་དེའི་ལུས་ལ་རེག་པར་བྱས་སོ།། ཁྱེའུ་དེས་འོད་ཟེར་དེ་མཐོང་བ་དང་། ཕ་མ་མཐོང་བ་དང་འདྲ་བར་འཇིགས་པ་འམ། བག་ཚ་བའི་སེམས་མེད་དོ།། དེའི་ཚེ་འབྲོག་དགོན་པའི་ཡི་དགས་ཀྱི་བདག་པོས། པ་བེང་ཆེན་པོ་ཆེ་ཁུར་འཕང་ང་མཐོ་བརྒྱ་ཉི་ཤུ་པ་ཅིག་བླངས་ཏེ། བཅོམ་ལྡན་འདས་ལ་གཟས་ནས། མིག་ནས་མེ་དང་གློག་བྱུང་ཏེ། འབྲུག་གི་སྒྲ་ལྟ་བུ་བསྒྲགས་ནས། སེར་བ་ཆེ་ཁྱད་བྱ་ནམ་མཁའ་ལྡིང་གི་སྒེ་བཙམ་སྟག་གིས་པའི་སྟེང་གི་ནམ་མཁའ་ལས་བཏེག་གོ། ། སངས་རྒྱས་ཀྱི་སྐུ་ལ་མ་རེག་པར་སྤྲུལ་པའི་སངས་རྒྱས་སུ་གྱུར་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་སོ་སོ་ནས་མེད་པལ་ཞེས་བྱ་བའི་དང་ངེ་འཛིན་ལ་བཞུགས་སོ། ། མེ་དཔལ་གྱིས་འཕྲོག་དགོན་པའི་ས་གནས་ཀུན་རབ་ཏུ་འབར་བར་བྱས་ཀྱང་ཡི་དགས་ཀྱི་བདག་པོ་མ་སྐྲག་སྟེ། ནམ་མཁའ་ལས་ཕ་བོང་འཕངས་སོ།། ཕ་བོང་དེ་ཡང་རིན་པོ་ཆེའི་ཁང་པ་བརྩེགས་པར་གྱུར་ཏེ། ཁང་པ་བརྩེགས་པ་དེ་ལས་སངས་རྒྱས་ཁྲི་ཕྲག་དུ་མ་གསུང་འཐུན་པར་བྱམས་པའི་སེམས་དང་ལྡན་པ་བསྔགས་ཤིང་བསྟོད་པ་འཆད་ཀྱང་། ཡི་དགས་ཀྱི་བདག་པོ་མཐུལ་ཏོ།། དེའི་ཚེ་དེ་ཉིད་དུ་ལག་ན་རྡོ་རྗེ་རྡོ་རྗེ་གསོར་ཞིང་རལ་གྲི་ཕྱར་ནས། ཁྲོ་གཉེར་བསྐུམ་མིག་ནི་ལྀག་ལྟར་འབར། ཨག་ཙོམ་ཡང་མཚོན་ལྟར་རྣོ་སྟེ། རྡོ་རྗེ་ཡི་དགས་ཀྱི་བདག་པོ་ལ་གཟས་པ་དང་། གནམ་ས་ཀུན་ཏུ་དིར་ཅེས་གྲགས་པའི་སྐད་ཆེན་པོ་ཕྱུང་བས་ཡི་དགས་དེ་སྐྲག་ནས་ཁྱེའུ་ཆུང་ངུ་དེ་པང་དུ་བླངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་པུས་མོ་བཙུགས་ནས། སངས་རྒྱས་ལ་ཕྱག་འཚལ་ཏེ་དགོངས་ཤིག། བཅོམ་ལྡན་དུས་ཐུགས་བརྩེ་བའི་སླད་དུ་བདག་གི་སྲོག་གི་སྐྱབས་མཛོད་ཅིག་ཅེས་གསོལ་ཏོ། ། དེའི་ཚེ་ལག་ན་རྡོ་རྗེའི་རྡོ་རྗེ་དེ་ཉིད་ལྕགས་ཀྱི་རོ་ཆེན་པོ་ངོས་བཞི་ནས་མེ་འབར་བའི་རིམ་པ་བདུན་གྱིས་བསྐོར་བར་སྤྲུལ་ཏོ།། ཡི་དགས་ཀྱི་བདག་པོ་དེ་མེས་རབ་ཏུ་གདུངས་པ་ལས་པང་ན་ཁྱེའུ་འདུག་པ་དེས་ལག་པ་བཏེག་སྟེ། ཡི་དགས་ཀྱི་བདག་པོ་ལ་སྨྲས་པ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་གྱིས་ཤིག། ཁོ་བོས་ཀྱང་སངས་རྒྱས་ཞེས་བརྗོད་པས་འཆི་བ་ལས་སོས་པར་གྱུར་གྱིས། ཁྱོད་ཀྱང་སངས་རྒྱས་ལ་ཕྲག་འཚལ་ལོ་ཞེས་ཀྱིས་ཤིག་ཅེས་བརྗོད་དོ།། དེའི་ཚེ་ཡི་དགས་ཀྱི་བདག་པོ་འཇིགས་སྐྲག། ནས་མ་ཚེར་བར་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དགེ་སྦྱོང་གོའུ་ཏ་མ་བདག་གི་སྲོག་གི་སྐྱབས་མཛད་དུ་གསོལ་ལོ་ཞེས་བརྗོད་དོ།། དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཚངས་པའི་གསུང་དབྱངས་ཀྱི་ཕ་མས་བུ་ལ་སྨྲ་བ་ལྟ་ཡི་དགས་ཀྱི་བདག་པོའི་སྤྲོ་བ་བསྐྱེད་དོ།། ལག་ན་རྡོ་རྗེས་ཡི་ཞགས་ཀྱི་བདག་པོ་ལ་སྨྲས་པ། ཁྱོད་དང་མྱུར་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་ཤིག། ཁྱོད་གལ་ཏེ་སྐྱབས་སུ་མི་འགྲོ་ན་ཁྱོད་དང་ཁྱོད་ཀྱི་འཁོར་ཁྲི་ཕྲག་བརྒྱ་སྟོང་དུ་བཅས་ཏེ་རྡུལ་བཞིན་དུ་ཕྱེ་མར་རླག་གོ། དེ་ནས་འབྲོག་དགོན་པའི་ཡི་དགས་ཀྱི་བདག་པོ་འཇིག་ཤིང་སྒྲ་གནས་ཡན་ལག་ལྔ་ས་ལ་གཏུགས་ཏེ། སངས་རྒྱས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ཟས་སུ་མི་ཤ་འཚལ་ན། ད་སྲོག་མ་ཀུམ་ན་ཅི་ཞིག་འཚལ་བར་གྱི། བཅོམ་ལྡན་འདས་ཀྱིས་ཡི་དགས་ཀྱི་བདག་པོ་ལ་བཀའ་སྩལ་པ། ཁྱོད་སྲོག་མི་གཅོད་པར་ནུས་ན། ངའི་ཉེ་གནས་རྣམས་ཆོས་མེད་པར་མ་གྱུར་གྱི་བར་དུ་ཁྱོད་ཀྱི་ཟས་སྦྱིན་དུ་གཞུག་གོ། ། ངའི་བྱིན་གྱིས་བརླབ་ཀྱིས་ཁྱོད་འགྲངས་པར་ཡང་བྱའོ།། ཡི་དགས་ཀྱི་བདག་པོས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་རབ་ཏུ་དགའ་སྟེ་ཐལ་མོ་སྦྱར་ནས་དེ་དེ་བཞིན་གཤེགས་པ་ལས་ཁྲིམས་ལྔ་མནོས་སོ། ། ཁྲིམས་ལྔ་མནོས་ནས། མེའི་རི་རྣམས་འདའ་ཆགས་སུ་སྤྲུལ་པའི་སངས་རྒྱས་ཀྱིས་འབྲོག་དགོན་པར་ཡོངས་སུ་གང་ཞིང་། སྤྲུལ་པའི། སངས་རྒྱས་གཅིག་ཅིང་། ཞབས་འབྲིང་དགའ་བོ་རེ་རེ་ཡོད་པར་མཐོང་ངོ་།། སྤྲུལ་པའི་སངས་རྒྱས་དེ་དག་སོ་སོ་ནས་གསུང་འཐུན་པར་ཁྲིམས་ལྔ་འཆད་པར་ཐོས་སོ།། འབྲོག་དགོན་པའི་ཡི་དགས་ཀྱི་བདག་པོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ། ། བདག་ཡོན་ཏན་ཅན་ཁྱོད་ཀྱི་ཕྱིར་བདུད་རྩི་དང་འདྲ་བ་བླ་ན་མེད་པའི་ཆོས་ཀྱི་རོ་མྱོང་བར་གྱུར་ཏོ།། དེའི་ཚེ་ལག་ན་རྡོ་རྗེས་རྡོ་རྗེ་དེ་ནམ་མཁའི་དབྱིངས་སུ་བོར་བ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་དེ་གསེར་གྱི་རི་རབ་ལྷུན་པོ་བརྒྱ་ཕྲག་དུ་མ་གྱུར་ཏོ། ། རི་རབ་ལྷུན་པོ་གཅིག་ལ་ཡང་བྲག་ཕུག་ཁྲི་ཞིག་དུ་མ་སྙེད་ཡོད།། བྲག་ཕུག་རེ་རེའི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་དུ་མ་འཆག་ཅིང་གཤེགས་སོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཞབས་འདེགས་མ་འཇོག་པ་ན་ཞབས་ཀྱི་འོག་ན་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་རང་བྱུང་ངོ་།། ཁང་པ་བརྩེགས་པ་དེ་དག་རེ་རེའི་སྟེང་ན་སྤྲུལ་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་པར་མཐོང་ངོ་། ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། སངས་རྒྱས་ཀྱི་ཉེ་གནས་སུ་གྱུར་པ་རྣམས་དེ་བཞིན་གཤེགས་པས་འབྲོག་དགོན་པའི་ཡི་དགས་ཇི་ལྟར་བཏུལ་བའི་དབང་དང་རྫུ་འཕྲུལ་ཤེས་པར་འདོད་པ་དག་དེ་ལ་དེ་ལྟར་བལྟ་བར་བྱའོ། ། གང་གིས་དེ་ལྟ་བུར་མཐོང་བ་དེ་ནི་ཡང་དག་པར་མཐོང་བའོ།། གང་གིས་དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། སེམས་ཅན་གང་ཆོས་འདི་སེམས་པ་འམ། ཆོས་འདི་རྗེས་སུ་དྲན་པར་བྱེད་པའམ། དེ་ལྟར་འདུ་ཤེས་ཡིད་ལ་བྱེད་པ་ནི་བསྐལ་པ་ཁྲི་ཕྲག་བརྒྱད་དུ་སྙེད་ཀྱི་འཁོར་བའི་ཉེས་པ་ཡོངས་སུ་སྤོང་བར་གྱུར་ཞིང་། གང་ནས་གང་དུ་སྐྱེས་ཀྱང་ཡི་དགས་ཀྱི་ལུས་སུ་མི་འགྱུར་ཏེ་རྟག་ཏུ་སངས་རྒྱས་དང་མི་འབྲལ་ཞིང་ཕྲད་པར་འགྱུར་རོ་ཅི་སྟེ་སངས་རྒྱས་མི་བཞུགས་པའི་དུས་སུ་སྐྱེས་ན་ཡང་། རང་སངས་རྒྱས་དང་ཕྲད་པར་འགྱུར་རོ།། གལ་ཏེ་རང་སངས་རྒྱས་མེད་ན་ཡང་དྲང་སྲོང་ཆེན་པོ་དང་ཕྲད་དེ། ཡང་དག་པའི་ལམ་སྟོན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། ཁྱོད་རྗེས་སུ་དྲན་པར་བྱ་བའི་སྤྱོད་ཡུལ་འདི་གཟུངས་སུ་ཟུང་ལ། ཕྱི་མ་མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ལ་རྒྱས་པར་སྟོན་ཅིང་། ཤོག་ཅིག། འདི་ནི་སངས་རྒྱས་ཀྱི་མངོན་པར་ཤེས་པའི་སྤྱོད་ཡུལ་ཞེས་བྱ་སྟེ། དངོས་འདི་ལས་ལོག་ན་སངས་རྒྱས་ལ་སྐུར་པ་དང་། བྱང་ཆུབ་ཀྱི་ས་བོན་བཅད་པ་ཞེས་བྱའོ།། གང་ཆོས་འདི་འཛིན་པ་ལ་ཡི་དགས་དང་གདོན་གྱིས་མི་ཚུགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་སྐྱོབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་སུ་ཡུལ་ན་ག་ཧ་ལ་ཞེས་བྱ་བ་ན། དྲང་སྲོང་སྟེང་གི་ར་མེ་ཏོག་ཙམ་པ་ཀའི་ཚལ། ཀླུ་གདུག་པ་ཅན་གྱི་རྫིང་གི་འགྲམ། པདྨོ་སྔོན་པོའི་ཆུ་མིག་གི་བྱང་ཕྱོགས་ཀྱི་རོ་ཨ་ན་སི་ཞེས་བྱ་བའི་ལྷོ་ཕྱོགས་ན་སྲིན་པོའི་ཐིག་ཕུག་ཡོད་དོ། ། དེའི་ཚེ་བྲག་ལུག་དེ་ན་སྲིན་མོ་ལྔ་ཞིག་ཀླུའི་བུ་མོར་སྤྲུལ་ཏེ། ཀླུ་གདུག་པ་ཅན་དང་འཁྲིག་ནས། ཀླུའི་གདུག་པས་ནི་སེར་བ་ཕབ། སྲིན་མོས་ནི་ཆོས་མ་ཡིན་ལ་སྤྱོད་དོ།། མུ་གེ་དང་ནད་ཡམ?་བྱུང་ནས་ལོ་བཞིའི་བར་དུ་མ་ཆད་དོ། ། དེའི་ཚེ་ཡུལ་དེའི་རྒྱལ་པོ་དེ་འཇིགས་ཤིང་སྒྲོག་ནས། བདག་གིས་ལྷ་ལ་མཆོད་པ་བྱས་ཀྱང་ཕན་པར་མ་གྱུར་ཏོ།། ཡུལ་གྱི་སྔགས་མཁན་གྱིས་ཀླུ་གདུག་པ་ཅན་ལ་སྔགས་བྱས་ཀྱང་སྲིན་མོའི་མཐུ་ཚ་བས་སྔགས་ཀྱིས་མ་ཚུགས་སོ། ། དེའི་ཚེ་རྒྱལ་པོ་དེ་འདི་སྙམ་དུ་ལྷ་འམ་མི་ཞིག་གིས་སྲིན་མོ་འདི་ཡང་བསྐྲད་ལ། ཀླུ་གདུག་པ་ཅན་འདི་ཡང་བཏུལ་ན། བདག་གི་ལུས་མ་ཡིན་པ་གཞན་ཅི་ཡང་མི་ཕངས་སོ་སྙམ་བསམས་སོ། ། དེའི་ཚེ་ཡུལ་དེ་ན་ཀུན་ཏུ་རྒྱུ་བ་ཤེས་རབ་རྣོ་ཞིང་མང་དུ་ཤེས་པ་དང་ལྡན་པ་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཡུལ་སེར་སྐྱ་ཞེས་བགྱི་བ་ན་རྒྱལ་པོ་ཟས་གཙང་མའི་སྲས་ཤིག་ཐོག་མ་བལྟམས་པ་ན། ལྷ་ཐམས་ཅད་ཀྱིས་བསྲུངས་ཏེ་རིན་པོ་ཆེ་སྣ་བདུན་དང་ལྡན་ནས། དྲང་སྲོང་མཚན་མཁན་མིད་ཀར་བས་བལྟས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། གླིང་བཞི་དབང་བར་འགྱུར་རོ།། དེ་ལ་མི་ལ་ལ་དགའ་ཞིང་མོས་པར་འགྱུར་ན་ཡང་མངོན་པར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ།། ད་ལྟར་མངོན་པར་སངས་རྒྱས་ནས་ཤཱཀྱ་ཐུབ་པ་ཞེས་བགྱི་བ། སྐུའི་ཆེད་ནིམ་པོ་བཅུ་དྲུག་ལ་མཚན་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན་ཞིང་། ཞབས་ནི་པདྨ་ལ་འདོར་ཞིང་གཤེགས་པ། མགུར་དང་སྐུ་ཀུན་ནས་འོད་ཉི་མ་ལྟ་བུ་རགསལ་ཞིང་མཛེས་ཏེ། གསེར་གྱི་རི་དང་འདྲ་བ་ཞིག་བཞུགས་སོ་ཞེས་གསོལ་ཏོ།། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། བཅོམ་ལྡན་འདས་བཞུགས་པའི་ས་ཕྱོགས་སུ་ཕྱག་འཚལ་ནས་སྐྱབས་སུ་གསོལ་ཏོ། ། གལ་ཏེ་ཀུན་ཏུ་རྒྱུ་འདིས་སྨྲས་པ་བདེན་ཏེ། ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པ་ལྟ་སྲིད་དམ། བདག་ཅག་གི་གཙུག་ལག་བཤད་པ་ལས་ཀྱང་བསྐལ་པ་དགུ་འདས་ནས་གདོད་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་འབྱུང་ངོ་ཞེ་ན། ཅི་ད་ལྟར་སངས་རྒྱས་འཇིག་རྟེན་ན་ཇི་སྲིད་བཞུགས་སམ། ཅི་སྟེ་བཞུགས་ན་ཅིའི་སླད་དུ་ཡུལ་འདིའི་ཕྱོགས་སུ་ཐུགས་བརྩེ་བའི་གནས་སུ་མ་གྱུར་སྙམ་མོ། ། དེའི་ཚེ་སྟེང་གི་ནམ་མཁའ་ལས་འདི་སྐད་དུ་རིགས་ཀྱི་བུ་ཐེ་ཙོམ་མ་བྱེད་ཅིག། སངས་རྒྱས་ཤཱཀྱ་ཐུབ་པ་ཤིན་ཏུ་བརྫུན་པའི་བརྩོན་འགྲུས་ཀྱིས་བསྐལ་པ་དགུ་ལས་འདས་སོ་ཞེས་སྨྲ་བའི་སྒྲ་གྲགས་སོ། ། སྨྲ་བའི་ཚིག་ཐོས་ནས་བུ་མོ་ས་ལ་བརྡུགས་ཏེ། བདུག་སྤོས་བསྲེགས་ཤིང་ཐལ་མོ་སྦྱར་ནས་བསྔགས་ཤིང་བསྟོད་ཏེ། འདི་སྐད་དུ་བཅོམ་ལྡན་འདས་མངོན་པར་མཁྱེན་པ་དང་ལྡན་པ་བདག་གིས་སེམས་པ་འདི་མཁྱེན་ན། བྱམས་པ་དང་ཐུགས་རྗེས་ཡུལ་འདིར་གཤེགས་པར་སྨོན་ཏོ།། དེའི་ཚེ་སྤོས་ཀྱི་དུད་པས་སངས་རྒྱས་བཞུགས་པའི་གཞལ་མེད་ཁང་དུ་ཕྱིན་ཏེ། བཻ་ཌཱུཪྻ་དཀར་པོའི་སྤྲིན་དུ་གྱུར་ནས། དེ་བཞིན་གཤེགས་པ་ལ་ལན་བདུན་བསྐོར་ཏེ། གསེར་གྱི་གདུགས་སུ་གྱུར་ཏོ།། གདུགས་ཀྱི་དྲིལ་བུ་ལས་འདི་སྐད་ཀྱི་སྒྲ་སྙན་པས། སངས་རྒྱས་སྤྱན་འདྲེན་པ་དང་། དགེ་སློང་གི་དགེ་འདུན་ཡང་གཤེགས་པར་གསོལ་བའི་སྒྲ་སྐད་བྱུང་བར་གྱུར་ཏོ།། དེ་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས། དགེ་སློང་གི་དགེ་འདུན་རྣམས་ལས་མངོན་པར་ཤེ་བ་དྲུག་པོ་ཐོབ་པ་དག་ཞབས་འབྲིང་དུ་ཆོས་ཤིག། ན་ག་ཧ་ལའི་རྒྱལ་པོ་ཕུར་པ་ཕུད་དེ་འབོད་པའི་ཡུལ་དེར་འདོང་ཞེས་བཀའ་སྩལ་ནས། འོད་བསྲུངས་ཆེན་པོ་འཁོར་ལྔ། བརྒྱ་དང་བཅས་ཏེ། བཻ་ཌཱུཪྻའི་རི་སྤྲུལ་ནས། རི་དེ་ལ་འབབ་ཆུ་དང་ཆུ་མིག་དང་། ཁྲུས་ཀྱི་རྫིང་བུ་དང་། རིན་པོ་ཆེ་སྣ་བདུན་གྱི་ཤིང་དང་། ཤིང་གི་འོག་ན་གསེར་གྱི་ཁྲི་བརྡུགས་པ་ལ་དངུལ་གྱི་འོད་འབར་ཏེ། འོད་ལས་ཕུག་ཏུ་གྱུར་པའི་ནང་ན། འོད་སྲུང་ཆེན་པོ་དེ་ན་རྟག་ཏུ་མི་ཉལ་བར་འདུག་གོ། སློབ་མ་རྣམས་ཀྱང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་སོ།། རི་དེ་སྤྲིན་མགྱོགས་པ་འམ། རླུང་དྲག་པོ་ལྟར་དྲང་སྲོང་སྙིང་གི་རི་ལ་ཕྱིན་པར་གྱུར་ཏེ། མོའུ་འགལ་ཡན་ཆེན་པོ་ཡང་འཁོར་ལྔ་བརྒྱ་དང་བཅས་སྟེ། ཀླུ་འཁྲིལ་པ་བརྒྱ་སྟོང་སྤྲུལ་ནས། དེ་ལ་འདུག་ཅིང་ཀླུའི་ཁ་ནས་མེ་བྱུང་སྟེ། གསེར་གྱི་ཁང་པ་བརྩེགས་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཁྲི་དང་། རིན་པོ་ཆེའི་བླ་རེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་ཚད་མེད་པར་སྤྲུལ་པའི་ནང་ན་མོའུ་འགལ་ཡ་ན་བཻ་ཌཱུཪྻའི་མི་ལྟ་བུར་ཕྱི་ནང་གསལ་བར་འདུག་པ་དག་དྲང་སྲོང་སྙིང་གི་རི་ལ་ལྷག་སོ། ། ཤཱ་རིའི་བུ་ཡང་མངོན་པར་ཤེས་པའི་མབུས་གངས་ཀྱི་རི་ལྟ་བུའི་ཤེལ་གྱི་རི་སྦྲེལ་ཏེ། ཤེལ་གྱི་ཕྲག་གི་ནང་ན་དགེ་ཚུལ་གྱུན་ཏེ་ལ་སོགས་པ་ལྔ་དགེ་ཚུལ་ལྔ་བརྒྱ་དང་། རིན་པོ་ཆེ་སྣ་བདུན་གྱི་ལུག་ཏུ་བཅས་ཏེ། གངས་ལྟ་བུའི་ཤེལ་གྱི་རིས་བསྐོར་ནས། ཤཱ་རིའི་བུ་ཤེལ་གྱི་དཀར་པོའི་ཕུག་གི་ནང་ནས་གསེར་གྱི་མི་ལྟ་བུར་སྤྲུལ་ཏེ། གསེར་གྱི་ཁ་དོག་གི་འོད་བཏང་ནས། འོད་རྣམ་པ་སྣ་ཚོགས་ཀྱིས་ཐམས་ཅད་ཟིལ་གྱིས་མནན་ཏེ། ཆོས་ཀྱི་སྒྲ་ཆེན་པོ་ཡོངས་སུ་སྒྲོག་ཅིང་དགེ་ཚུལ་རྣམས་ཉན་བཞིན་དུ་ཡུལ་དེར་ལྤགས་སོ།། ཀ་ཏྱཱ་ཡ་ན་ཆེན་པོ་ཡང་འཁོར་དགེ་སློང་ལྔ་བརྒྱ་དང་། པདྨོ་གསེར་གྱི་ཁང་པ་བརྩེགས་པ་ལྟ་བུ་མང་པོ་དག་སྤྲུལ་ཏེ། དགེ་སློང་རྣམས་དེ་ལ་འདུག་ནས་ལུས་ཀྱི་སྣད་ནས་ནི་འོད་ཟེར་ཆུ་ལྟ་བུ་བྱུང་ཏེ། ཆུ་མིག་ལྟ་བུའི་འོད་ཟེར་པདྨོའི་བར་ཀུན་ན་འབབ་ཀྱང་ས་ལ་མི་ཟག་གོ། སྟེང་ནས་ཀྱང་ཡང་གསེར་གྱི་བླར་ཟེས་ཏེ། དགེ་སློང་རྣམས་དེའི་ནང་ན་འདུག་སྟེ། ཡུལ་དེར་ལྷགས་སོ།། དེ་ལྟར་དགྲ་བཅོམ་པ་ཆེན་པོ་བརྒྱ་ཕྲག་ཕྱེ་དང་བཅུ་གསུམ་རྣམས་ཀྱང་སོ་སོ་ནས་འཁོར་དགེ་སློང་ལྔ་བརྒྱ་དང་བཅས་ཏེ། མངོན་པར་ཤེས་པ་ཡང་ཤཱ་རཱི་བུ་དང་མོའུ་འགལ་ཡ་ན་དང་འདྲ་བར་བྱས་ནས་སྟེང་གི་ནམ་མཁའ་ལས་འཕགས་ནས། ངང་པའི་རྒྱལ་པོ་ལྡིངས་པ་བཞིན་དུ་ཡུལ་དེར་ལྷགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཆོས་གོས་བསྣབས་ལྷུང་བཟེད་བསྣམས་ནས།། ཆོས་གོས་བཏིང་བ་ཡང་དགའ་བོའི་ལག་ཏུ་བསྐུར་ཏེ། བཅོམ་ལྡན་འདས་ནམ་མཁའ་ལ་གོམ་པས་གཤེགས་སོ།། བཅོམ་ལྡན་འདས་གོམ་པས་གཤེགས་པ་ན་རྒྱལ་ཆེན་རིས་བཞིའི་རྒྱལ་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། གཞན་ཡང་ལྷའི་བུ་གྲངས་མེད་པ་དང་། ལྷའི་བུ་མོ་བརྒྱ་སྟོང་སྙེད་ཀྱིས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་ཏེ་ཕྱག་འཚལ་ནས་ཞབས་འབྲིང་དུ་ཆས་སོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་མགུར་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཏང་ནས། འོད་ཟེར་དེ་ལས་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་སྤྲུལ་ཏོ། ། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་དེ་བཞིན་དུ་མགུར་གྱི་འོད་ཟེར་བཏང་སྟེ། དེ་བཞིན་དུ་སྤྲུལ་པའི་སངས་རྒྱས་ཁྲི་ཕྲག་བརྒྱ་སྟོང་སྤྲུལ་ཏེ། སྤྲུལ་པའི་སངས་རྒྱས་ཀྱིས་འདབ་ཆགས་སུ་ནམ་མཁའི་ཁམས་ཡོངས་སུ་བཀང་སྟེ། ངང་པའི་རྒྱལ་པོ་ལྡིངས་པ་བཞིན་དུ་ཡུལ་དེར་གཤེགས་སོ།། ཡུལ་དེར་གཤེགས་ནས། རྒྱལ་པོས་སངས་རྒྱས་བསུས་ཏེ་སངས་རྒྱས་ལ་ཕྱག་འཚལ་ལོ། ། དེའི་ཀླུའི་རྒྱལ་པོ་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་གཤེགས་པ་མཐོང་ནས། ཀླུ་ཆེན་པོ་བཅུ་དྲུག་གིས་ནམ་མཁའ་ལ་སྤྲིན་ཆེན་པོ་བསྐྱེད་ནས་འབྲུག་སྒྲ་ཆེན་པོ་བསྒྲགས་ཏེ། སེར་བ་ཕབབོ།། མི་གནས་ཀྱང་ཀློག་དང་མེ་འབྱིན་ཅིང་། ཁ་ནས་ཀྱང་མེ་བྱུང་སྟེ། སྐུར་མོ་དང་། ལུས་ཀྱིབ་སྤུའི་ཁུང་བུ་ཀུན་ནས་དུད་པ་འཕྲུལ་ཞི་མེ་རབ་ཏུ་འབར་རོ།། སྲིན་མོ་ལྔ་ཡང་མི་སྡུག་པའི་གཟུགས་བསྟན་མིག་གློག་དང་འདྲ་བར་འབར་བཞིན་དུ་དེ་བཞིན་གཤེགས་པའི་སྤྱན་སྔར་འགྲེང་ངོ་། ། དེའི་ཚེ་ཀླུའི་བུ་ཞིག་གིས་བལྟས་ནས། སྟེང་གི་ནམ་མཁའ་ལ་སྤྲུལ་པའི་སངས་རྒྱས་ཡོངས་སུ་གང་བར་མཐོང་ངོ་། ། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་མེ་དང་གདུག་པས། སངས་རྒྱས་གཅིག་ལ་གནོད་པར་བྱ་བར་ཆས་ན། ད་ལྟར་བར་སྣང་ལ་སངས་རྒྱས་གྲངས་མེད་པ་ཞིག་བཞུགས་ན་ཞེས་སྨྲས་སོ། ། དེ་ནས་ཀླུ་གདུག་པ་ཅན་གདུག་པའི་སེམས་ལྷག་པར་ཡང་སྐྱེས་ཏེ་བུ་ལ་སྐྱོ་བ་བྱས་ནས། ད་ལྟར་སངས་རྒྱས་གཅིག་ལས་མེད་ན་མང་པོ་ག་ཡོད་ཅེས་སྨྲས་སོ། ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེས་རྡོ་རྗེ་ཐོགས་པ་གྲངས་མེད་པའི་ལུས་སྤྲུལ་ནས། རྡོ་རྗེ་མགོ་ལ་མེ་མགལ་བསྐོར་བ་བཞིན་དུ་མེ་འབར་ཏེ། མེའི་འཁོར་ལོ་འདབ་ཆགས་སུ་སྟེང་གི་ནམ་མཁའ་ལས་བབས་ནས་མེ་རབ་ཏུ་འབར་བ་ལྕགས་ཁུ་དང་འདྲ་བས་ཀླུ་མ་རུང་བའི་ལུས་བསྲེགས་སོ། ། ཀླུའི་རྒྱལ་པོ་དེ་འཇིགས་ཤིང་སྐྲག་ཏེ། འབྲོས་ཁུང་མེད་ནས་སངས་རྒྱས་ཀྱི་གྲིབ་མའི་ནང་དུ་ཞུགས་སོ། ། སངས་རྒྱས་ཀྱི་གྲིབ་མ་རབ་ཏུ་བསིལ་བས་ཟིལ་དངར་གྱི་ཆུས་ཕོག་པ་བཞིན་དུ། ཀླུའི་ཚ་བཞི་པར་གྱུར་ནས་ནམ་མཁའ་ལ་ལྟོས་ན་སྟེང་གི་བར་སྣང་ལ་སངས་རྒྱས་ཀྱིས་ཡོངས་སུ་གང་བར་མཐོང་ངོ་། ། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས་འོད་ཟེར་གྲངས་མེད་པ་སྟོང་སྟེ། འོད་གཅིག་གི་ནང་ན་ཡང་སྤྲུལ་པའི་སངས་རྒྱས་ཚད་མེད་པ་དག་བཞུགས་སོ།། སྤྲུལ་པའི་སངས་རྒྱས་དེ་དག་ཀྱང་སོ་སོ་ནས། འོད་གྲངས་མེད་པ་བརྒྱ་སྟོང་སྙེད་གཏོང་ངོ་།། འོད་དག་གི་ནང་ན་ཡང་ལག་ན་རྡོ་རྗེས་རྡོ་རྗེ་གསོར་བས་ཡོངས་སུ་གང་བར་མཐོང་ངོ་།། ཀླུ་རྣམས་ཀྱིས་སངས་རྒྱས་མཐོང་ནས་རབ་ཏུ་དགའ་བའི་སེམས་སྐྱེས་སོ། ། ལག་ན་རྡོ་རྗེ་མཐོང་ནས་རབ་ཏུ་འཇིགས་ཤིང་སྐྲག་སྟེ། བལ་མོ་སྦྱར་ནས་བསྟི་སྟང་དུ་བཅས་ཏེ། སངས་རྒྱས་ལ་ཕྲག་འཚལ་ཏོ།། སྲིན་མོང་ཡང་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ཏོ། ། དེའི་ཚེ་ལྷའི་བུ་རྣམས་ཀྱིས་མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་དང་། མན་འཛུ་ཤ་ཀ་དང་། མན་འཛུ་ཤ་ཀ་ཆེན་པོ་ཆར་བཞིན་དུ་ཕབ་སྟེ། མཆོད་པ་བྱས་ནས་ལྷའི་རྔ་ཡང་རང་རྡུང་ཞིང་། ལྷ་རྣམས་ཐལ་མོ་སྦྱར་ནས་སྟེང་གི་ནམ་མཁའ་ལ་སྡོད་དོ། ། དེའི་ཚེ་རྒྱལ་པོ་དེ་འཁོར་ལྔ་སྟོང་དང་བཅས་ཏེ། བདུག་སྤོས་སྣ་ཚོགས་བསྲེགས་ནས་སྤྱི་བོས་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་གདན་ལ་བཞུགས་པར་གསོལ་ཏོ།། དེའི་ཚེ་ཀླུའི་རྒྱལ་པོས་ཀྱང་རྒྱ་མཚོའི་ནང་ནས་རིན་པོ་ཆེ་སྣ་བདུན་གྱི་ཁྲི་བྱུང་སྟེ། སངས་རྒྱས་ལ་ལག་གིས་དར་ཏེ། ཕུལ་ནས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་མགོན་དང་སྐྱབས་མཛད་ཅིང་ལག་ན་རྡོ་རྗེ་འདི་དག་གི་ལུས་ལ་མི་གཙེ་བར་མཛད་པར་ཅི་གནང་ཞེས་གསོལ་ཏོ། ། དེའི་ཚེ་དེ་བཞིན་གཤེགས་པས་ཚངས་པའི་དབྱངས་ཀྱི་སེམས་བུ་ལ་སྨྲས་པ་བཞིན་དུ་ཀླུའི་རྒྱལ་པོ་ལ་སློབ་བསྐྱེད་དོ།། ཀླུའི་རྒྱལ་པོ་དང་སྲིན་མོ་ཡང་ཆོས་ཀྱི་རྒྱལ་པོར་བཏུལ་ཏོ། ། དེའི་ཚེ་རྒྱལ་པོས་ཁྲི་མཐོན་པོ་བཙུགས་ཏེ། གདན་རབ་ཏུ་འཇམ་པོ་བཏིང་ནས་རས་དཀར་པོའི་ཡོལ་བས་བསྐོར་ཅིང་། མུ་ཏིག་གི་དྲ་བས་བླ་རེར་བྲེས་ནས། བཅོམ་ལྡན་འདས་གདན་དེ་ལ་བཞུགས་པར་གསོལ་ཏོ། ། དེའི་ཚེ་བཅོམ་ལྡན་འདས་ཞབས་བཏེ་གནས་གཤེགས་པ་ན། རི་དགས་ཀྱི་རྒྱལ་པོའིབྱིན་པ་ལྟ་བུའི་ཞབས་ཀྱི་བྱིན་པ་ལས། འོད་ཁ་དོག་རྣམ་པ་ལྔ་དང་ལྡན་པ་བྱུང་སྟེ། སངས་རྒྱས་ལ་ལན་བདུན་བསྐོར་ནས། ལྷའི་མེ་ཏོག་དམ་པའི་བླ་རེར་གྱུར་ཏེ། མེ་ཏོག་གི་འདབ་མའི་བར་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྙེད་ཐལ་མོ་སྦྱར་ཏེ། དབྱངས་དུ་མས་ཚིགས་སུ་བཅད་ནས་སྟོད་དོ།། སྟེང་གི་ནམ་མཁའ་ལ་སྤྲུལ་པའི་སངས་རྒྱས་བཞུགས་པའི་རྣམས་ཀྱི་ཞབས་ཀྱི་བྱིན་པ་ལས་འོད་བཀྱེ་བ་ཡང་སྔ་མ་བཞིན་ནོ།། ཀླུ་ཕྲ་མོ་བཅུ་དྲུག་ལག་ན་རི་དང་པ་བོང་དང་། གནམ་ལྕགས་ཐོགས་ཏེ། སངས་རྒྱས་ཀྱི་སྤྱན་སྔར་ལྷགས་ནས། འཁོར་མང་པོས་འཇིགས་སྒྲགས་སྟེ། སངས་རྒྱས་ཀྱི་འོད་ཀྱི་ནང་དུ་ཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསེར་བཅོམ་ལྟ་བུའི་ཕྱག་བརྐྱང་ནས། ཕྱག་སོར་འབྲེལ་བའི་ཟ་བའི་བར་ན་རིན་པོ་ཆེ་ཆེན་པོའི་པདྨོ་ཆར་བཞིན་དུ་ཕབ་སྟེ། འཁོར་མང་པོ་རྣམས་ཀྱིས་ནི་སྤྲུལ་པའི་སངས་རྒྱས་སུ་མཐོང་ངོ་།། ཀླུ་རྣམས་ཀྱིས་ནི་ནམ་མཁའ་ལྡིང་གི་རྒྱལ་པོས་འཆག་ཅིང་ཟ་བ་ལྟ་བུར་མཐོང་སྟེ། ཀླུ་རྣམས་ནམ་མཁའ་ལྡིང་གིས་འཇིགས་སྐྲག་ནས་སངས་རྒྱས་ཀྱི་གྲིབ་མའི་ཕེག་ཏེ་ཞུགས་ཏེ། སངས་རྒྱས་ལ་ཕྱག་འཚལ་ནས་སྲོག་གི་སྐྱབས་མཛད་དུ་གསོལ་ཞེས་སྨྲས་སོ། ། བཅོམ་ལྡན་འདས་ཡོལ་བ་དང་། ཉེ་བར་གཤེགས་ནས་དགའ་བོ་ལ་གདིང་བ་ཟིང་ཤིག་ཅེས་བཀའ་སྩལ་ཏོ།། དགའ་བོས་ཡོལ་བའི་ནང་དུ་སོང་སྟེ། ལག་པ་གཡས་པ་བཏེག་ནས་ཕྲག་པ་གཡོན་ནས་གཏིང་བ་བླངས་པའི་ཚེ། གདིང་བ་ལས་གསེར་གྱི་ཁང་པ་བརྩེགས་པ་རིན་པོ་ཆེ་སྣ་བདུན་གྱིས་སྤྲོས་པ། ཁྲི་ཕྲག་ལྔ་བརྒྱར་གྱུར་ཏོ།། གཏིང་བའི་ཚི་གསེར་གྱི་བློ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པའི་ཝ་ཕྲག་ལྔ་བརྒྱར་གྱུར་ཏོ། ། གྲུ་བཞི་ས་ལ་བརྐྱང་བའི་ཚེ་གྲཝ་གཅིག་ལ་ཡང་རིན་པོ་ཆུ་སྣ་བདུན་གྱི་པདྨོ་ཁྲི་ཕྲག་ལྔ་བརྒྱར་གྱུར་ཏ། པདྨས་དདབ་ཆགས་སུ་ཡོལ་བའི་ནང་གང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རིན་པོ་ཆེ་སྣ་བདུན་གྱི་ཁྲི་ལ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། ། པདྨོ་རྣམས་ཀྱི་སྟེང་ན་ཡང་སངས་རྒྱས་དག་བཞུགས་པར་གྱུར་ཏོ།། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་བཞུགས་པར་མཐོང་ནས། སངས་རྒྱས་ལ་ཕྱག་འཚལ་ཏེ། ལན་བདུན་བསྐོར་ནས། སོ་སོ་ནས་གདིང་བ་བཏིང་ནས་འདུག་གོ།། དགེ་སློང་རྣམས་གདིང་བ་ནི་བཏིང་བ་ཐམས་དད་བཻ་རྫཪྻའི་སྟན་ཏུ་གྱུར་ཏོ།། དགེ་སློང་རྣམས་བཻ་ཌཱུཪྻའི་སྟན་ལ་འདུག་ནས། བཻ་ཌཱུཪྻའི་སྟན་ལས་འོད་བྱུང་སྟེ། བཻ་ཌཱུཪྻའི་བྲེག་ཕུག་ཏུ་གྱུར་ཏོ།། དགེ་སློང་རྣམས་མེའི་འོད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། དགེ་སློང་དག་གི་ལུས་གསེར་གྱི་ཁ་དོག་ལྟ་བུར་གྱུར་ཏོ།། དེའི་ཚེ་རྒྱལ་པོས་དེས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། ཆོ་འཕྲུལ་དེ་ལྟ་བུ་དག་མཐོང་ནས། ངོ་མཚར་རྨད་ཀྱི་དགའ་བ་སྐྱེས་ཏེ་ཐལ་མོ་སྦྱར་ནས། དེ་བཞིན་གཤེག་པ་ལ་ལན་བདུན་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས། སངས་རྒྱས་ཀྱི་ཆོ་འཕྲུལ་མང་པོ་མཐོང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། གཞན་ཡང་འཁོར་མང་པོ་རྣམས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བདྲུག་གོ་དེའི་ཚེ་ཀླུའི་རྒྱལ། མདོ་འདི་སྔོན་རྒྱལས་འགྱུར་བའི་འཇུག་མ་རྫོག་པ་སྒྱུར་འཕྲོ་ལུས་པར་སྣང་སྡེ་མཁས་པས་ལེག་པར་ག་ཀྲི་འཚལ།

CLOSE WINDOW