CLOSE WINDOW

S110: འཕགས་པ་གླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

། རྒྱ་གར་སྐད་དུ། ཨརྱ་གོ་ཤྲག་ཥྚཱ་ཀ་ར་ཎ་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རི་བླང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ། ། བམ་པོ་གཅིག་གོ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ལྷའི་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་བསྐལ་བ་གྲངས་མེད་པ་གསུམ་ནས་བསོད་ནམས་ཀྱི་ཚོགས་ཀྱི་རྣམ་པར་སྨིན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་བརྙེས་ཏེ། འཛམ་བུའི་གླིང་གི་ལྗོང་ཀྱི་ཡུལ་གཞན་དུ་འདུལ་བའི་སེམས་ཅན་ཡོངས་སུ་སྨིན་པར་མཛད་ནས། ཡུལ་ཡངས་པ་ཅན་གྱི་ཕྱོགས་ཐུབ་པ་དྲང་སྲོང་ཆེན་པོའི་གནས་རྒྱལ་པོའི་ཁབ་ན། བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དུམ་དང་། གནས་བརྟན་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུལ་སོགས་པ་ཉན་ཐོས་ཆེན་པོ་སྟོང་ཉིས་འརྒྱ་ལྔ་བཅུ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་ལྷ་དུ་མ་དང་། ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པ་འཇིག་རྟེན་སྐྱོང་འདུ་མ་དང་། ཀླུའི་རྒྱལ་པོ་ཆེན་པོ་དུ་མ་དང་། གནོད་སྦྱིན་མཐུ་ཆེན་པོ་མང་པོ་དང་། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་ལ་སོགས་པ་དྲི་ཟ་མང་པོ་དང་། མི་འམ་ཅིའི་རྒྱལ་པོ་ཡིད་འོང་ལ་སོགས་པ་མི་འམ་ཅི་དུ་མ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་འཛམ་བུའི་གླིང་གི་མིའི་རྒྱལ་པོ་མང་པོའི་འཁོར་དུ་མ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་ཤཱཀྱ་ཐུབ་པས། ཕྱི་མའི་དུས་ཀྱི་ཡུལ་དགེ་བ་ལ་རྗེས་སུ་དགོད་ཤིང་མངོན་སུམ་དུ་མཛད་ན་ས། འཁོར་མང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཕྱོགས་ལོགས་ན། རི་གླང་རུ་དང་ཉེ་བ་ཆུ་བོ་གོ་མའི་འགྲམ་ན། ཐུབ་པ་དྲང་སྲོང་ཆེན་པོའི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཞེས་བྱ་བ་ཞིག་ཡོད་དེ། དེར་གདོན་མི་ཟ་བར་བྱ་དགོས་པའི་འཕྲིན་ལས་ཤིག་ཡོད་པས་ད་གཤེགས་པའི་དུས་ལ་བབ་བོ།། དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་འཁོར་བལ་པོ་ཆེ་དང་ནམ་མཁའ་ལ་འཕགས་ཏེ། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་ལ་སོགས་པ་དྲི་ཟ་གྲངས་མེད་པ་ནི། མདུན་ན་ལྷའི་རོལ་མོ་སྣ་ཚོགས་བྱེད། མི་འམ་ཅིའི་རྒྱལ་པོ་ཡིད་འོང་ལ་སོགས་པ་མི་འམ་ཅི་དུ་མ་ནི་སྟེང་ནས་མཆོད་པའི་ལས་བྱེད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ལ་དབྱངས་དང་། ལྷའི་སྐད་ཡིད་དུ་འོང་བས་བསྟོད་བཞིན་དུ། འཁོར་དེ་དག་དང་། མཆོད་པ་དེ་དག་དང་བཅས་ཏེ། རི་གླང་རུ་ག་ལ་བ་དེར་གཤེགས་སོ།། གཤེགས་ནས་ལྷའི་ཡང་ལྷ། སངས་རྒྱས་བཅོམ་ལྡན་འདས་བཞེངས་བཞིན་དུ། ཞལ་བྱང་ཕྱོགས་སུ་མཚོ་ཆེན་པོ་ཡུན་རིང་པོ་ནས། རྒྱ་མཚོ་ལྟར་འདུག་པ་ལ་གཟིགས་ཏེ། སྐུ་དྲང་པོར་བསྲངས་ནས། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་བྱེ་བ་བརྒྱ་ཕྲུག་བརྒྱ་སྟོང་དུ་མ་ལ་སྙོམས་པར་ཞུགས་ཏེ། བསྐལ་པ་གྲངས་མེད་པ་གསུམ་ནས། བདག་ཉིད་ཀྱི་སངས་རྒྱས་ཀྱི་སྤྱོད་པ་སྨོན་ལམ་དང་། བསོད་ནམས་མངོན་དུ་མཛད་དོ། ། དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། རི་བླང་རུ་དང་། ཡུལ་དགེ་བ་དང་། གསེར་གྱི་དཀྱིལ་འཁོར་ནས། སྲིད་པའི་རྩེ་མོའི་བར་དུ་བྱིན་གྱིས་བརླབ་ཏེ། བསྲུང་བ་དང་། གཙང་བ་དང་། བཀྲ་ཤིས་དང་། མཚམས་པ་དང་། བཟླས་བརྗོད་དང་། ཡུལ་དགེ་བ་མཛད་དོ།། དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། ར་གླང་རུ་བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང་བཅས། ཡུལ་དགེ་བ་དང་བཅས་པ་འདི་ན། བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཕྱག་མཚན་དང་། མ་འདྲེས་པ་དང་། ཐུན་མོང་མ་ཡིན་པ་དང་། དབེན་པ་ཡིན་ཏེ། རྒྱུ་དེས་ན་ཡུལ་འདི་ནི་དགེ་བ་ཞེས་བྱའོ།། ། ཡུལ་དེར་སོ་སོ་ནས་བསོད་ནམས་བྱ་བའི་དངོས་པོ་དགེ་བ་བྱེད་པར་འགྱུར་བའི་རྒྱལ་པོ་དང་། ཆོས་དང་ལྡན་པའི་དད་པ་ཅན་དང་། སྦྱིན་བདག་དང་། ལི་ཐམས་ཅད་འབྱུང་བར་ལུང་བསྟན་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས།། བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྐུལ་པ། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་ཀྱང་མ་འོངས་པའི་དུས་ན་འབྱུང་བའི་ཡུལ་འདར་ཅི་ནས་ཀྱང་། སེམས་ཅན་རྣམས་དམ་པ་ཆེན་པོ་མྱུར་དུ་ཐོབ་པར་འགྱུར་བ་དང་། ཏིང་ངེ་འཛིན་འགྲུབ་པར་འགྱུར་བར་བྱིན་གྱིས་རློབས་ཤིག། དེ་ནས་དེའི་ཚེ་བཅོམ་ལྡན་འདས། མཚེ་རོལ་ནས་ཅུང་ཟད་ཅིག་སླར་བསྐྱེད་དེ། དྲིའི་མོད་ལ་རི་གླང་རུའི་སྟེང་དུ་གཱ་དན་ཁྲི་བཱ་ཤམས་པ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས། ཞལ་ནུབ་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་གངན་པ་དེ་ལོགས་སུ་གཟིགས་སོ། ། དེ་ནས་དེའི་ཚེ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་ནས། བྱང་ཆུབ་སེམས་དཔའ་ཉི་ཁྲི་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་མང་པོ་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། ། ལྷགས་ནས། བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་ག་ནུ་དྷ་ལ་ཡང་ཕྱག་འཚལ་སྐྱབས་སུ་སོང་། སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཡང་ཕྱག་འཚལ་སྐྱབས་སུ་སོང་ནས། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ཕལ་པོ་ཆེ་འདུས་པར་མཁྱེན་ནས། འཁོར་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བསྐལ་པ་བཟང་པོ་འདི་ལ་སྔོན་སངས་རྒྱས་བཅོམ་ལྡན་འ་བཞི་བྱུང་སྟེ། དེ་དག་གིས་ཀྱང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དང་བཅས་པར་བྱིན་གྱིས་བརླབས་སོ།། བསྐལ་པ་བཟང་པོ་འདི་ཉིད་ལ་མ་འོངས་པའི་དུས་ན་སངས་རྒྱས་སྟོང་དུ་གཅིག་འབྱུང་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་ཏེ་འདིར་གཤེགས་ནས། མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དང་བཅས་པར་བྱིན་གྱིས་རློབ་ཅིང་། མཚམས་གཅད་པ་དང་། བཀྲ་ཤིས་པ་དགེ་བར་མཛད་པར་འགྱུར་རོ།། ང་ཡང་ད་ལྟར་བྱིན་གྱིས་རློབ་པའི་དུས་ལ་བབ་པས་བྱིན་གྱིས་རློབ་པར་མཛད་དོ།། དེ་ནས་དེའི་ཚེ་ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་ཏིང་ངེ་འཛིན་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བ་དང་། གཞན་ཡང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྲངས་མེད་པ་ལ་སྙོམས་པར་ཞུགས་སོ། ། དེའི་ཚེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་དང་། བསམ་གཏན་པ་རྣམས་ཡོངས་སུ་སྐྱོང་བར་བྱེད་པ། བྱང་ཆུབ་སེམས་དཔའ་མཐུ་ཆེན་གྱིས་ཀྱང་། སངས་རྒྱས་འོད་སྲུངས་ཀྱི་མཆོད་རྟེན་གྱི་དྲུང་དུ་བཞུགས་ཏེ། ཡུལ་བྱུང་བར་གྱུར་པའི་ཚེ་བདག་གི་གཟུགས་བརྙན་བྱེད་པར་འགྱུར་བར་ས་གཞི་དེ་བྱིན་གྱིས་བརླབ་སོ།། དེ་བཞིན་དུ་སྨོན་ལམ་ཆེན་པོས་པན་པབྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས་ཀྱང་། རི་གླང་རུ་ལ་གཙུག་ལག་ཁང་སྤོང་བྱེད་ཅེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར། བསྙེན་པ་བྱེད་པ་རྣམས་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ། ། དེ་བཞིན་དུ་ནམ་མཁའ་ལྟར་སྟོབས་དཔག་ཏུ་མེད་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ཀྱང་། གཙུག་ལག་ཁང་འཇིག་ཆོགས་སྤོང་བྱེད་ཅེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེ་མཆོད་གནས་སུ་འགྱུར་བར་བྱིན་གྱིས་བརླབས་སོ། ། དེ་བཞིན་དུ་ཐུགས་རྗེ་ཆེན་པོ་དང་ལྡན་པ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱད་རས་གཟིགས་དབང་ཕྱུག་གིས་ཀྱང་། གཙུག་ལག་ཁང་འོད་ཅན་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ།། དེ་བཞིན་དུ་རྟག་ཏུ་བྱམས་པ་དང་ལྡན་པ་བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་། གཙུག་ལག་ཁང་བི་སི་མོ་ཉ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་བདག་ཉིད་བཞུགས་པར་བྱིན་གྱིས་བརླབས་སོ།། དེ་བཞིན་དུ་སྤྱོད་པ་ཤིན་ཏུ་རྣམ་པར་དག་པ། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་ཀྱང་། གཙུག་ལག་ཁང་ཡེ་ཤེས་རེ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེ་ཕྱག་བྱ་བར་འོས་པར་འབྱུང་བར་འགྱུར་བར་བྱིན་གྱིས་བརླབས་སོ། ། དེ་བཞིན་དུ་གདུལ་བའི་སྐྱེ་བོ་རྣམས་གྲོལ་བར་མཛད་པ་ལ་ཐགས་ཐོགས་མི་མངའ་བ། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོས་ཀྱང་གཙུག་ལག་ཁང་པ་ནོ་ཅོ་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་བྱིན་གྱིས་བརླབས་སོ། ། དེ་བཞིན་དུ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ཀྱང་། གཙུག་ལག་ཁང་དགེ་འདུན་སྐྱོང་ཞེས་བྱ་བ་འབྱུང་བར་འགྱུར་བའི་ས་གཞི་དེར་དངོས་གྲུབ་འགྲུབ་པར་འགྱུར་བར་བྱིན་གྱིས་བརླབས་སོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཞན་དག་དང་། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་ཀྱང་། ལི་ཡུལ་གང་དང་གང་དུ་གཙུག་ལག་ཁང་དང་། སྐྱེད་མོས་ཚལ་དང་། དགོན་པའི་གནས་འབྱུང་བར་འགྱུར་བའི་ས་གཞི་ཐམས་ཅད། དཔེར་ན་ཟླ་བ་ཉ་བ་ལ་སྐར་མའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ནས། སྟེང་གི་བར་སྣང་དག་པ་ལ་རྒྱུ་བ་བཞིན་དུ་མཛེས་པ་དང་། ཡིད་དུ་འོང་བ་དང་། རྒྱས་པ་དང་། དགའ་དགའ་ལྟར་འདུག་པར་བྱིན་གྱིས་བརླབས་སོ།། ཡང་དེའི་ཚེ་རི་གླང་རུ་ལ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་འོད་ཟེར་རྣམ་པ་སྣ་ཚོགས་དུ་མ་བཀྱེ་བས། ལི་ཡུལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། ། དེ་ནས་སྐད་ཅིག་དེ་ཉིད་ལ་མཚོ་ཆེན་པོ་དེའི་ནང་ནས་པདྨ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་བྱུང་བར་གྱུར་ཏེ། པདྨ་རེ་རེའི་སྟེང་ན་ཡང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྐུ་གཟུགས་འོད་དང་བཅས་པ་བཞུགས་པ་སྣང་བར་གྱུར་ཏོ།། དེ་ནས་དེའི་ཚེ་ལྷ་རྣམས་ཀྱིས་སྔོན་མ་མཐོང་བའི་མཚན་མ་མཐོང་ནས། སངས་རྒྱས་བཅོ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་མཚོའི་ནང་ནས་པདྨ་སུམ་བརྒྱ་ལྔ་བཅུ་རྩ་གསུམ་སངས་རྒྱས་དང་། བྱང་ཆུབ་སེ་དཔེའི་སྐུ་གཟུགས་དང་བཅས་ཏེ་ཟུང་བ་འདི་ནི་མ་འོངས་པའི་དུས་ན། ཡུལ་འདི་འབྱུང་བར་འགྱུར་བའི་ཚེ། ཡུལ་འདི་ཉིད་དུ་འདྲ་ཇི་སྙེད་པའི་དགོན་པའི་གནས་དང་། གཙུག་ལག་ཁང་ན་གཎྜཱི་རྡུང་བར་འགྱུར་བ་དང་། གནས་གང་དང་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་འོད་ཟེར་རྣམ་པ་སྣ་ཚོགས་འགྱེད་ཅིང་། ཡུལ་བྱིན་གྱིས་བརླབས་པའི་ས་གཞི་དེ་དག་དང་། དེ་བཞིན་དུ་ངས་དེ་བཞིན་གཤེགས་པའི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དགེ་བ་དང་བཅས་པ་བྱིན་གྱིས་བརླབས་པའི་ས་གཞི་འདིར། དད་པ་ཅན་གྱི་སྦྱིན་བདག་རྣམས་ཀྱིས་སོ་སོ་ནས་སངས་རྒྱས་ལ་སོགས་པའི་གཟུགས་བརྙན་བྱེད་པར་འགྱུར་ཞིང་། གནས་དེ་དང་དེ་དག་ཏུ་བསྙེན་པ་བྱས་ན། ཅི་དང་ཅི་འདོད་པ་འགྲུབ་པར་འགྱུར་བའི་སྔ་ལྟས་ཡིན་ནོ།། ཡང་དེའི་ཚེ་ལྷ་རྣམས་སྟན་ལས་ལངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ཡུལ་འདི་དུས་ཇི་ཙམ་ཞིག་ན་འབྱུང་བར་འགྱུར་བ། སུ་ཞིག་གིས་འབྱིན་པར་བགྱིད་པ་ལགས། བཙུན་པ་བཅོམ་ལྡན་འདས་ད་ལྟར་ནི་དགོན་པ་ཆབ་ཆེན་པོའི་གཏེར་ལགས་ན་སུ་ཞིག་གིས་ཇི་ལྟར་འབྱིན་པ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག། ང་མྱ་ངན་ལས་འང་ནས་ལོ་བརྒྱ་ལོན་པའི་ཚེ། ། རྒྱའི་ཡུལ་དུ་རྒྱའི་རྒྱལ་པོ་ཆེ་ཡང་ཞེས་བྱ་བ་བུ་སྟོང་ཚང་བར་འདོག་པ་ཞིག་འབྱུང་བར་འགྱུར་ཏེ། བུ་རེ་རེ་ཡང་ཡུལ་རེ་རེ་གསར་དུ་ཚོལ་དུ་བཅུག་གོ།། ཕྱིས་ནུབ་ཕྱོག་ལོགས་ནས། རི་གླང་རུ་དང་། བཅོམ་ལྡན་འདས་ཀྱི་ཕོ་བྲང་མཆོད་རྟེན་གོ་མ་སཱ་ལ་གཱན་དྷ་ཡོད་པའི་ཡུལ་དེ་བཞིན་གཤེགས་པ་དུ་མས་བྱིན་གྱིས་བརླབས་བརླབས་པ་ཞིག་ཡོད་དོ་ཞེས་ཐོས་ནས། འདི་སྙམ་དུ་མ་ལ་བདག་ལ་བུ་གཅིག་ཡོད་ན། སངས་རྒྱས་ཕལ་པོ་ཆེས་བྱིན་གྱིས་བརླབས་པའི་གནས་དེར་ཡུལ་འདེབས་སུ་གཞག་གོ་སྙམ་དུ་བསམས་ནས། དེའི་ཚེ་རྒྱའི་རྒྱལ་པོས་རྣམ་ཐོས་ཀྱི་བུ་ལ་བུ་གཅིག་བསླངས་སོ། ། རྣམ་ཐོས་ཀྱི་བུས་ཀྱང་འཛམ་བུའི་གླིང་འདི་ན། རྒྱལ་པོ་མྱ་ངན་མེད་ཅེས་བྱ་བའི་བུ་ཞིག་བཙས་པ་བྱིན་ཏེ། བུ་དེ་ནི་གཟུགས་བཟང་བ། དབྱིབས་མཛེས་པ། བལྟ་ན་སྡུག་པ་ཞིག་ཡིན་ནོ།། བུ་དེའི་དོན་དུ་ས་ལས་ནུ་མ་ཞིག་བྱུང་བ་དང་། བུ་དེ་སྔོན་གྱི་བསོད་ནམས་དང་དགེ་བའི་རྩ་བའི་མཐུས་། ནུ་མ་དེ་ལ་ནུ་བར་བྱེད་པས། དེས་ན་བུ་དེའི་མིངས་ལས་ནུ་མ་ནུ་ཞེས་བྱའོ།། བུ་དེ་མྱུར་བར་སྐྱེས་ནས། བརྒྱལ་པོས་རྒྱལ་སྲིད་ཀྱི་དབང་ནི་བསྐུར།། ནོར་མང་པོ་ནི་བྱིན་བློན་པོ་ཕལ་པོ་ཆེ་ནི་ལུས་ཀྱི་རིམ་གྲོ་པར་བསྐོས་ནས། རྒྱལ་པོ་ས་ལས་ནུ་མ་ནུ་དེ། བློན་པོ་ཆེན་པོ་འཛང་ཤོ་ཞེས་བྱ་བ་ལ་སོགས་པ་དམག་དུ་མ་དང་ལྷན་ཅིག་ཏུ་རྒྱུའི་ཡུལ་ནས་བྱུང་སྟེ། ཡུལ་འདིར་འོང་བར་འགྱུར་རོ།། འོངས་ནས་འདིར་ཡུལ་འདེབས་པར་འགྱུར་ཏེ། རྒྱལ་པོ་ས་ལས་ནུ་མ་ནུ་དེས་ཡུལ་བཏབ་པའི་ཕྱིར། རྒྱུ་དེས་ན་ཡུལ་འདིའི་མིང་ནི་ས་ལས་ནུ་མ་ནུའི་ཡུལ་ཞེས་བྱ་བར་འགྱུར་རོ། ། དུས་དེའི་ཚེ་ན་ནུབ་ཕྱོགས་ལོགས་ན་རྒྱ་གར་གྱི་མི་ཕལ་པོ་ཆེ་འདིར་འོང་བར་འགྱུར་ཏེ། རྒྱལ་པོ་ས་ལས་ནུ་མ་ནུའི་འབངས་སུ་མཆིད་ཀྱིས་འཚལ་ཞིང་ཆུ་སྲིད་གཅིག་པར་དུམ་པར་འགྱུར་ནས། རྒྱའི་བློན་པོ་ཆེན་པོ་འཛང་ཤོ་ལ་སོགས་པས་རིམ་གྱིས་རྒྱུ་དང་། རྒྱ་གར་གྱི་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་འདེབ་པར་འགྱུར་རོ། ། དེ་ལྟར་རྒྱལ་པོ་ས་ལས་ནུ་མཱ་ནུ་དེ། མི་རབས་དུ་མའི་བར་དུ། ཡུལ་འདིའི་རྒྱལ་པོ་བྱེད་པར་འགྱུར་རོ།། རྒྱལ་པོ་དེ་རྣམས་ཀྱིས་ཀྱང་། རིམས་གྱིས་སོ་སོ་ནས། ཡུལ་འདིར་དགོན་པོའི་གནས་དང་། གཙུག་ལག་ཁང་བྱས་ནས། ཞིང་ཆུ་དང་། འབངས་དང་། ཞལ་ཏ་བྱེད་པ་ཡང་འབུལ་ཞིང་། ལ་ལ་ནི་བདག་ཉིད་ཀྱང་རབ་ཏུ་འབྱུང་བར་བྱེད་དོ། ། ལ་ལ་ནི་བུ་དང་བུ་མོ་རབ་ཏུ་འབྱུང་བར་བྱེད་དོ།། ལ་ལ་ནི་འབྲངས་ལས་གྲངས་མེད་པ་ཞིག་རབ་ཏུ་འབྱུང་བར་གནང་བར་བྱེད་དོ།། ཡུལ་འདིར་མ་བྱང་ཆུབ་སེམས་དཔའི་རིགས་ཅན་མང་པོ་ཞིག་འབྱུང་སྟེ། རྟག་ཏུ་དཀོན་མཆོག་གསུམ་ལས་དགེ་བའི་རྩ་བ་སོགས་ཤིང་།། བསོད་ནམས་བྱ་བའི་དངོས་པོ་བྱེད་པར་འགྱུར་རོ། ། དེ་ལྟར་ན་ཡུལ་འདི་ནི་རྒྱལ་པོ་ས་ལས་ནུ་མ་ནུས་ཡུལ་གཏོང་བའི་ཚུལ་དེ་ལྟ་བུས་འབྱུང་བར་འགྱུར་རོ།། ཡུལ་འདི་ནི་སངས་རྒྱས་འབྱུང་བ་རེ་རེའི་ཚེ་ཡང་འབྱུང་ཞིང་སངས་རྒྱས་པར་འགྱུར་རོ། ། ཅིའི་ཕྱིར་ཡུལ་གཞན་དང་གཞན་དག་ནི་ཞིག་ནསྲ། ཡུན་རིང་མོ་ཞིག་ཏུ་སྟོང་ཞིང་དགོན་པར་འདུག་ལ། ཡུལ་དགེ་བ་ནི་སངས་རྒྱས་འབྱུང་བ་རེ་རེའི་ཚེ་མི་རྣམས་ཀྱིས་བརྒྱན་ཅིང་མཛེས་པར་འགྱུར་ཞེ་ན། འདི་ལྟར་ཡུལ་འདི་ནི་ཐུབ་པ་དྲང་སྲོང་ཆེན་པོའི་གནས། དེ་བཞིན་གཤེགས་པའི་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཞེས་བྱ་བའི་ར་གླང་རུ་དང་ཉེ་བ་ཆུ་བོ་གོ་མའི་འགྲམ་ན་ཡོད་པའི་ཕྱིར་རོ། ། མཆོད་རྟེན་འདི་མདོ་སྡེའི་ནང་ནས་ནི། མིང་གོ་མ་སཱ་ལ་གན་དྷ་ཞེས་བྱའོ།། འཇིག་རྟེན་ཕུལ་གྱི་ཐ་སྙད་དུ་ནི་ཆུ་བོ་གོ་མའི་འགྲམ་ཞེས་བྱ་བར་འདོགས་པར་འགྱུར་ཏེ། འདི་ལྟར་ཇི་སྲིད་དུ་མཆོད་རྟེ་ཆུ་འོ་གོ་མའི་འགྲམ་ཞེས་བྱ་བ་དང་། འོད་སྲུངས་ཀྱི་མཆོད་རྟེན་འདི་གཉིས་རྒྱས་ཤིང་མཆོད་གནས་སུ་བྱེད་པ་དེ་སྲད་དུ་ནི་། ཡུལ་དགེ་བ་ཞེས་བྱ་བ་རྒྱས་ཤིང་བཟང་པོར་འགྱུར་རོ།། ནམ་མཆོད་རྟེན་འདི་གཉིས་རྒུད་པ་དེའི་ཚེ། ཡུལ་ཡང་རྒུད་ཅིང་སྟོངས་པར་འགྱུར་རོ།། དེ་ནས་དེའི་ཚེ་འཁོར་དེར་འདུས་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་གསུང་དེ་ཐོས་ནས། མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང་། རི་གླང་དུ་ལ་དད་པ་དང་། གུས་པ་ཆེན་པོ་རྙེད་དེ། སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་སྐྱབས་སུ་སྤོང་ནས། སྤྱན་སྔར་འདི་སྐད་དུ་བདག་ཅག་ཀྱང་དུས་དེའི་ཚེ་ཡུལ་འདིར་རིགས་མཐོན་པོར་སྐྱེས་ནས། བདེ་བར་གཤེ་བའི་བསྟན་པ་སྲུང་ཞིང་། ཡུལ་ཆོས་ཀྱི་བཀའི་ཁྲིམས་མི་ཉམས་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་ཅན་ཞེས་བྱ་བ་དང་། ལྷ་མི་ཕམ་པ་ཞེས་བྱ་བ་དང་། ཀླུའི་རྒྱལ་པོ་ཁྱིམ་ཚིག་ཅེས་བྱ་བ་དང་། ལྷ་ན་མ་མཁའི་དབྱིངས་ཞེས་བྱ་བ་དང་། ལྷ་གསེར་གྱི་འཕྲེང་བ་ཅན་ཞེས་བྱ་བ་དང་། ལྷ་མོ་ལྕགས་ཀྱུ་ཅན་ཞེས་བྱ་བ་དང་། ལྷ་མོ་གནས་ཅན་ཞེས་བྱ་བ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱེད་རྣམས་ལ་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང་། རི་གླང་རུ་ཡུལ་དང་བཅས་པ་དང་། ངའི་བསྟན་པ་དང་། སྲས་རྣམས་ཡོངས་སུ་གཏད་ཀྱིས། ཡོངས་སུ་སྲུང་བ་དང་། སྒྲུབ་པ་དང་།། མཆོད་གནས་སུ་འགྱུར་བར་གྱིས་ཤིག། ཡུལ་འདིའི་རྒྱལ་པོ་དང་། ཡུལ་འཛིན་པའི་བློན་པོ་དང་། སྦྱིན་བདག་ཆོས་དང་མཐུན་པ་རྣམས་ཀྱང་ཡོངས་སུ་གཏད་ཀྱིས་དེ་བཞིན་དུ་གྱིས་ཤིག། རི་གླང་དུ་ལུང་བསྟན་པའི་མདོ་འདི་ཡོངས་སུ་གཏད་ཀྱིས་འཕེལ་ཞིང་རྒྱས་པར་གྱིས་ཤིག། གང་གི་ཚེ་ཡུལ་འདི་མ་འམ། ཆུའམ། ཕ་རོལ་གྱི་དམག་གིས་ཉེན་ཅིང་འཕོངས་པར་གྱུར་ན། མདོ་འདི་བཀླག་པ་དང་། ཁ་ཏོན་དང་། མཆོད་པ་དང་། བསམ་པ་དང་། བསྒོམ་པ་བྱས་ན། དེས་ན་ཡུལ་དེའི་གནོད་པ་ཞི་པར་འགྱུར་རོ།། མ་འོངས་པའི་དུས་ན་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པས་ཡུལ་འདིར་སུམ་པ་རྣམས་དང་། བོད་རྣམས་འོང་བར་འགྱུར་གྱིས། དེའི་ཚེ་མདོ་འདི་ལྷོགས་ཤིག་དང་། མདོ་འདི་ཐོས་ན་མདོ་འདིའི་མཐུ་དང་། ལྷ་རྣམས་ཀྱི་བྱིན་གྱིས།། དད་པ་མེད་པ་དེ་རྣམས་ཡུལ་འཇིག་པར་མི་བྱེད་ཅིང་། ཡིད་ཀྱང་འགྱོད་པར་འགྱུར་རོ།། མ་འོངས་པའི་དུས་ན་ཡུལ་འདིར་རྒྱ་རྣམས་ཀྱང་འོང་བར་འགྱུར་གྱིས། དེའི་ཚེ་མདོ་འདི་ལྷོགས་ཤིག་དང་། མདོ་འདི་ཐོས་ནས་དེ་དག་དད་པ་སྐྱེ་བར་འགྱུར་རོ། ། དད་པའི་སྟོབས་ཀྱིས་ཡུལ་མི་འཇིག་ཅིང་། ཕྱིར་ཞིང་བསྲུང་བ་དང་། བསོད་ནམས་བྱ་བའི་དངོས་པོ་ཡང་བྱེད་པར་འགྱུར་ཏེ། རྒྱུ་དེས་ནི་མདོ་འདི་ནི་ཡུལ་ལ་ཕན་འདོགས་པ་བྱེད་པ་ཡིན་ནོ། ། མདོ་འདི་ནི་ཕན་ཡོན་གཞན་ཡང་མང་དུ་ཡོད་དེ། ཡུན་ཐུང་ངུས་ནི་བརྗོད་པར་མི་ནུས་སོ།། དེའི་ཕྱིར་མདོ་འདི་ཁྱེད་རྣམས་ལ་ཡོངས་སུ་གཏད་དོ། ། དེ་ནས་དེའི་ཚེ་རྣམ་ཐོས་ཀྱི་བུ་ལ་སོགས་པ་ལྔ་རྣམས་དང་། ཀླུའི་རྒྱལ་པོ་དང་། ལྷ་མོ་དེ་དག་འཁོར་དང་བཅས་ཏེ་ལངས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔར་པུ་ས་མོའི་ལྷངས་ལ་བརྩུགས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་བཀའ་སྤྱི་བོས་ལེན་པར་འཚལ་ལོ། ཡང་གསོལ་པ། སྟོན་པ་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྤྲུལ་པ་བཞིན་དུ་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང་། རི་གླང་རུ་ཡུལ་དང་བཅས་པ་ཐམས་ཅད་ཡོངས་སུ་བསྲུང་བར་འཚལ། བདེ་བར་གཤེགས་པའི་བསྟན་པ་དང་། ཆོས་དང་མཐུན་པའི་རྒྱལ་པོ་དང་། རབ་ཏུ་འབྱུང་བ་དང་། ཆོས་དང་མཐུན་པར་ཡུལ་འཛིན་པ་དང་། ཆོས་དང་མཐུ། པབའི་སྦྱིན་བདག་དང་། གང་ཞིག་བསོད་ནམས་བྱ་བའི་དངོས་པོ་བགྱིད་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་བསྲུང་བར་ནི་འཚལ་ན། བཅོམ་ལྡན་འདས་ཇི་སྲིད་དུ་ཡུལ་འདིར་དཀོན་མཆོག་གསུམ་མཆོད་གནས་སུ་བགྱིད་པ་དང་། ཡུལ་འཛིན་པས་ཀྱང་ཆོས་དང་མཐུན་པར་ཡུལ་སྐྱོང་ཞིང་། ཆོས་དང་མི་མཐུན་པའི་སེམས་ཅན་རྣམས་ཀྱི་མཔོན་མི་བགྱིད་པ་དེ་སྲིད་དུ། བདག་ཅག་གིས་ཡོངས་སུ་བསྲུང་བར་རྔོ་ཐོག་སྟེ། མདོ་འདི་ཡང་ལི་ཡུལ་དུ་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ། ལི་ཡུལ་ནས་ཉི་འོག་ཏུ་གྱུར་པའི་རྒྱལ་པོ་དང་། བློན་པོ་རྣམས་ལ་མདོ་འདི་ནི་བཅོམ་ལྡན་འདས་ཀྱི་ལི་ཡུལ་གྱི་ཆེད་དུ། རི་གླང་རུ་ལས་བཤད་པ་ཡིན་ནོ་ཞེས་རྣར་གྲགས་པར་བགྱིད། སུག་པར་ཐོབ་པར་བགྱི། སེམས་བསྒྱུར་བར་བགྱིའོ།། བཅོམ་ལྡན་འདས་ནམ་ཡུལ་འདིར་དཀོན་མཆོག་གསུམ་མཆོད་གནས་སུ་མི་བགྱིད་ཅིང་། ཆོས་དང་མི་མཐུན་པ་རྣམས་ཀྱི་མགོན་ལྷག་པར་བགྱིད་པ་དེའི་ཚེ། སེམས་བསྒྱུར་བ་བདག་ཅག་རྣམས་ཀྱི་གཟི་བརྗིད་དང་། མཐུ་སྟོབས་ཉམས་པར་འགྱུར་བས་ཡུལ་འདིའི་ཆེད་དང་བསྲུང་བར་ནི་རྔོ་མི་ཐོག་གོ།། དེ་ཅིའི་སླད་དུ་ཞེ་ན། བདག་ཅག་རྣམས་ཀྱི་མཐུ་སྟོབས་དང་། གཟི་བརྗིད་ནི་བདེ་བར་གཤེགས་པའི་བསྟན་པ་དང་། ཆོས་དང་མཐུན་པར་ཡུལ་ཆོས་བཞིན་དུ་སྐྱོང་པ་དང་། བསོད་ནམས་བྱ་བའི་དངོས་པོ་དགེ་བའི་རྩ་བའི་མཐུས་འཕེལ་བར་འགྱུར་བ་ལགས་སོ། ། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གདན་ལས་བཞེངས་ནས། རི་གླང་རུའི་སྟེང་གི་འགྲམ་ནས་མཆོད་རྟེན་གོ་མ་སཱ་ལ་གན་དྷ་གང་ན་བ་དེ་ལོགས་སུ་གཟིགས་ནས། ཡང་ནས་ཡང་དུ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཆོད་རྟེན་གོ་མ་སཱ་ལ་གན་དྷ་དང་། རི་གླང་རུ་དང་། ཡུལ་དང་བཅས་པ་ལན་གཉིས་ལན་གསུམ་གྱི་བར་དུ་བྱིན་གྱིས་བརླབས་ནས། ལི་ཡུལ་ཐམས་ཅད་དང་། མཚོའི་ནང་ན་གནས་པའི་སེམས་ཅན་གྲངས་མེད་པ་རྣམས་ལ་འོད་ཟེར་དང་། ཐུགས་རྗེ་ཆེན་པོས་ཁྱབ་པར་མཛད་དེ་བེར་དེ་དང་། ཐུགས་རྗེ་ཆེན་པོ་དེས་ཆུ་ན་གནས་པའི་སེམས་ཅན་དེ་དག་ཐམས་ཅད་སྡུག་བསྔལ་ནི་ཞི་བར་གྱུར། ཁྲོ་བ་དང་ཁོན་དུ་འཛིན་པ་དང་ནི་བྲལ་ཏེ། བྱམས་པའི་སེམས་དང་ལྡན་པར་གྱུར་ཅིང་། ལྷའི་བདེ་བ་དང་ལྡན་ནས་སྐད་ཅིག་དེ་ཉིད་ལ། སེམས་ཅན་དེ་དྲག་ལས་གྲངས་མེད་པ་ཞིག་ཚེ་འཕོས་ནས། ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། སངས་རྒྱས་ཉིད་དུ་འགྱུར་བའི་ས་བོན་རྙེད་ཅིང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། ལྷ་རྣམས་ལ་ལན་གསུམགྱི་བར་དུ་བོས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ཁྱེད་ཀྱིས་དམ་བཅས་པ་རྣམས་ནི་བརྩོན་འགྲུས་མེད་པར་མི་འགྲུབ་བོ།། རིགས་ཀྱི་བུ་ངས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་དཀའ་བ་སྤྱད་པའི་བསྟན་པ་འདི་དང་། མཆོད་རྟེན་གོ་མཱ་སཱ་ལ་ག་ན་དྷ་ཡུལ་དང་བཅས་པ་ཁྱེད་རྣམས་ལ་ཡོངས་སུ་གཏད་ཀྱིས་ཡོངས་སུ་སྲུངས་ཤིག། ཁྱེད་རྣམས་ལས་གང་ཞིག་གིས་ང་རྗེས་སུ་དྲན་ཞིང་གཟུངས་ཡོད་པ་དང་། བསྟན་པ་བསྲུང་བ་དེས་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བ་རྣམས་ཡོངས་སུ་སྲུང་བར་གྱིས་ཤིག། དེ་ཅིའི་སླད་དུ་ཞེ་ན། མི་ཁྱིམ་པ་ལ་ལ་ཞིག་ལོ་བརྒྱའི་བར་དུ་ཉིན་རེ་ཞིང་དགེ་བའི་རྩ་བ་བསོད་ནམས་ཆེན་པོ་བྱེད་ལ། འགའ་ཞིག་ཉིན་གཅིག་རབ་ཏུ་བྱུང་ནས་བསྟན་པ་ལ་གནས་ན། སྔ་མ་པས་ཕྱི་མའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་ཆོག་གོ། དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་གངྒཱའི་གི་བྱེ་མ་སྙེད་ཐམས་ཅད་ཀྱང་སྔར་ཁྱིམ་གྱི་གནས་སྤངས་ཏེ་རབ་ཏུ་བྱུང་ནས། སྤྱོད་ལམ་དེ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་བརྙེས་སོ།། ང་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོག་ཏེརྔས་བཅུ་བརྙེས་ནས་སྲིད་པ་ཐ་མའི་ཚེ། ནམ་ཕྱེད་ནས་རྒྱལ་པོའི་ཁབ་ནས་བྱུང་སྟེ། ནགས་ཚལ་དུ་གཤེགས་སོ།། ནགས་ཚལ་ནས་བཞོན་པ་རྒྱལ་པོ་ཡབ་ཀྱི་ཐོག་ཏུ་བཀྲི་ནས། རང་གི་སྐ་རལ་གྲིས་བྲེགས་ཏེ། ངའི་གོས་གྱ་ནོམ་པ་རིན་ཐང་མེད་པ་རྔོན་པ་དེ་དག་ལས་ཆོས་གོས་ངུར་སྨྲིག་ཏུ་བརྗེས་སོ།། ངས་གོས་དྲི་གྱོན་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་སྐྱབས་སུ་སོང་ནས། རབ་ཏུ་བྱུང་བའི་སྤྱོད་ལམ་བཟུང་བ་དང་། ལྷ་ཐམས་ཅད་ང་ལ་ཕྱག་འཚལ། སྐྱབས་སུ་སོང་ནས་ཕྱི་བཞིན་དུ་འབྲང་ངོ་།། ང་ཡང་སྤྱོད་ལམ་དེ་ཉིད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བརྙེས་སོ། ། དེའི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་ནི་དམ་པ་ཡིན་པར་ཤེས་པར་བྱའོ།། རབ་ཏུ་བྱུང་བ་ནི་བསོད་ནམས་དང་ལྡན་པར་ཤེས་པར་བྱའོ།། ། འཇིག་རྟེན་ན་རབ་ཏུ་བྱུང་བས་ཐོབ་པ་མ་གཏོགས་པཱར་ཁྱིམ་པའི་ཆ་ལུགས་ཀྱིས་དགྲ་བཅོམ་པ་འམ། རང་སངས་རྒྱས་སམ། བླ་ན་མེད་པའི་བྱང་ཆུབ་འཐོབ་པ་ནི་སུས་ཀྱང་མ་ཐོས་མ་མཐོང་ངོ་། ། རབ་ཏུ་བྱུང་བའི་སྤྱོད་ལམ་འདི་ནི་འཇིག་རྟེན་ན་ལྷ་ལ་སོགས་པ་ཐམས་ཅད་ཀྱི་མཆོད་གནས་ཡིན་ནོ།། དེ་ནས་དེའི་ཚེ་ལྷ་དང་ལྷ་མོ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ།། དབྱངས་གཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་བཞིན་འཚལ་ཞིང་། བསམས་བཞིན་དུ་བཀའ་ལས་འགལ་བར་མི་འཚལ་ལོ།། ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་མཆོད་རྟེན་དང་བཅས་པ་ཡང་ཀུན་ཏུ་བསྲུང་བ་དང་། བསྐྱབ་པ་དང་། རྗེས་སུ་གཟུང་བར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་ཀྱང་། བདག་ཅག་རྣམས་ལ་མཐ་བཏང་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། མ་འོངས་པའི་རྩོད་པའི་དུས་ན། བྱིན་གྱིས་བརླབས་བརླབས་པའི་ཡུལ་འདིར་དགྲ་མང་པོ་དང་། མ་དད་པ་དང་། ཕྱིར་རྒོལ་བ་བདེ་བར་གཤེགས་པའི་བསྟན་པ་ལ་དད་པའི་ཁྱད་པར་མི་རྙེད་ཅིང་། བསྟན་པ་གཞག་པའི་སླད་དུ་བརྩོན་པ་དག་འབྱུང་བའི་སླད་དུའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ལ་ལེག་སོ་ཞེས་བྱ་བ་གནང་སྟེ། སྐྱེས་བུ་དམ་པ་རྣམས་ལེག་སོ་ལེགསོ།། ངས་ཀྱང་ཡུལ་འདི་བྱིན་གྱིས་བརླབས་ཟིན་ཏོ།། བྱིན་གྱིས་བརླབས་པ་དེ་ཉིད་ཀྱིས་མཚམས་གཅད་པ་ཡང་ཡིན་ནོ། ། མ་འོངས་པ་རྩོད་པའི་དུས་ན། ཡུལ་འདི་གཞོམ་པའི་ཕྱིར། སུམ་པའི་དམག་ཕལ་པོ་ཆེ་དང་། དྲུགུ་རུས་སྣ་ཚོགས་དང་། དེར་དང་། གཞན་ཡང་དད་པ་མེད་པ་དག་འོང་བར་འགྱུར་ཏེ། དེའི་ཚེ་ཡུལ་གཞན་དང་གཞན་དག་ནས། དེ་བཞིན་གཤེགས་པའི་གཟུགས་བརྙན་བྱིན་གྱིས་བརླབས་པ་དག་ཡུལ་འདིར་གཤེགས་ནས། ཡུལ་གྱིས་མཚམས་། བསྲུང་བར་མཛད་དེ། བསོད་ནམས་ཀྱི་སྟོབས་དེས་ན་ཡུལ་བདིགཏན་ནག་པར་མི་འགྱུར་རོ།། གཟུགས་པརྙན་དེ་དག་གི་ཕྱི་བཞིན་དུ།། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཀླུ་དུ་མཐུ་སྟོབས་དང་ལྡན་པ་མང་པོ་དག་འོང་ཞིང་། ཡུལ་དུ་གནོད་པ་རྣམས་ཐོག་པར་བྱེད།། དགྲ་རྣམས་ཀྱིས་ཡུལ་མཚམས་པར་བྱེད་དེ། དགེ་བ་ཅན་ཞེས་བྱ་བའི་མཁར་ནས་དེ་བཞིན་གཤེགས་པབདེ་བའི་འབྱུང་གནས་ཞེས་བྱ་བའི་གཟུགས་བརྙན་གཤེགས་ནས། ནུབ་ཕྱོགས་མཁར་ཀུ་ཤེད་དུ་བཞུགས་ཤིང་།། ཡུལ་གྱིས་མཚམས་སྲུང་བར་འགྱུར་རོ།། བྱང་ཕྱོགས་ཡུལ་ཤེན་ན་ཞེས་བྱ་བར་དེ་བཞིན་གཤེགས་པའི་གཟུགས་བརྙན་ཤེན་ན་ཞེས་བྱ་བ་སའི་འོག་ནས་འབྱུང་བར་འགྱུར་ཞིང་ཡུལ་གྱིས་མཚམས་སྲུང་བར་འགྱུར་རོ། ། དེ་བཞིན་གཤེགས་པའི་གཟུགས་བརྙན་ཀིའུ་ལང་ཞེས་བྱ་བ་གཤེགས་ནས། ཤར་ཕྱོགས་ཡུལ་ཕྱེ་མ་ཞེས་བྱ་བའི་མཁར་དུ་བཞུགས་ཤིང་ཡུལ་གྱིས་མཚམས་སྲུང་བར་འགྱུར་རོ།། དེ་བཞིན་གཤེགས་པ་གཟུགས་བརྙན་ཕྱེ་སེ་ཞེས་བྱ་བར་གཤེགས་ནས་བྱང་ཕྱོགས་ཀྱི་རི་གླང་རུལ་འོད་སྲུངས་ཀྱི་མཆོད་རྟེན་གྱི་དྲུང་དུ་བཞུགས་ཤིང་། དགེ་སློང་དགོན་པ་པ་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་ཅིང་། དེ་བཞིན་གཤེགས་པའི་བསྟན་པ་དང་། ཡུལ་གྱི་ས་མཚམས་སྲུང་བར་འགྱུར་རོ། ། མཁར་དགེ་བ་ཅན་ཞེས་བྱ་བའི་ནང་ན། ཚོང་དུས་ཀྵ་སྟ་འདི་ཟེ་ཞེས་བྱ་བར་དེ་བཞིན་གཤེགས་པའི་གཟུགས་བརྙན་རྒྱལ་པོའི་ཕོ་བྲང་གནས་ཞེས་བྱ་བར་བཞུགས་ཤིང་། མཁར་དགེ་བ་ཡུལ་དང་བཅས་པའི་ས་མཚམས་སྲུང་བར་འགྱུར་རོ། ། ས་གཞི་འོ་མོ་ཉ་ཞེས་བྱ་བ་གང་དུ་རྒྱལ་པོ་ཡོ་ལ་ཞེས་བྱ་བ་མཁར་བརྩིགས་པའི་གྲོས་བྱེད་པར་འགྱུར་བ་དར། དེ་བཞིན་ས་ཤགས་པའི་གཟུགས་བརྙན་ཅུ་གོན་པ་ན་ཞེས་བྱ་བ་བཞུགས་ཤིང་། མཁར་དགེ་བ་ཅན་ཞེས་བྱ་བ་ཡུལ་དང་བཅས་པའི་ས་མཚམས་སྲུང་བར་འགྱུར་རོ།། གཙུག་ལག་ཁང་ད་ན་ཛྱ་ཞེས་བྱ་བར་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་གཟུགས་བརྙན་ཐོར་ཀོང་དུ་བྱས་པ་གཤེགས་པར་འགྱུར་ཏེ། གཟུགས་བརྙན་དེ་ནི་འཛམ་བུའི་གླིང་གི་ཐོར་ཁོང་དུ་བྱས་པ། ཐམས་ཅད་ཀྱི་ཐོག་མར་འབྱུང་བ་ཡིན་ནོ།། གཟུགས་བརྙན་དེ་ལི་རྣམས་ཀྱིས་མཚན་འཁོར་བའི་མར་མེ་མཛད་ཅེས་བྱ་བར་འདོགས་པར་འགྱུར་ཏེ། ད་ནི་ལི་ཡུལ་གྱི་གཟུགས་བརྙན་ཐོར་ཀོང་དུ་བྱེད་པ་ཐམས་ཅད་ཀྱི་དཔེར་འགྱུར་ཞིང་བདེ་བར་གཤེགས་པ་ཡུལ་དང་བཅས་པ་ཡོངས་སུ་སྲུང་བར་འགྱུར་རོ། ། གཞན་ཡང་དེ་བཞིན་གཤེགས་པ་རིན་ཆེན་མང་གི་གཟུགས་བརྙན་ཡུལ་འདིའི་དབུས་སུ་གཤེགས་ནས། ཕྱོགས་བཅུའི་མཚམས་གཅོད་པར་མཛད་དེ། ཇི་སྲིད་དུ་དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱོགས་ཕྱོགས་ན་བཞུགས་པ་དེ་དག་མཆོད་གནས་སུ་བྱེད་པ་དེ་སྲིད་དུ། ཡུལ་འདི་རླག་པར་མི་འགྱུར་རོ།། ཡུལ་འདི་ནས་སྐྱེས་པའི་མི་འམ། ཡུལ་གཞན་ནས་སྐྱེས་པའི་མི་ལ་ལ་ཞིག་དེ་བཞིན་གཤེགས་པའི་གཟུགས་བརྙན་དེ་དག་ལ་སྙིང་ཟག་པ་ནས་དད་པ་དང་། གུས་པ་དང་། རབ་ཏུ་དང་བར་བྱེད་ཅིང་། འདི་སྙམ་དུ་བདེ་བར་གཤེགས་པའི་གཟུགས་བརྙན་འདི་དག་ནི། ཡུལ་འདི་བསྲུང་བའི་སླད་དུ་གཤེགས་སོ་སྙམ་དུ་ཡང་སེམས་ན། གཟུགས་བརྙན་དེ་དག་ཀྱང་སངས་རྒྱས་བཞུགས་པ་བཞིན་དུ་དོན་མཛད་པར་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། གཟུགས་བརྙན་དེ་དག་ང་དང་འདྲ་བར་དུས་གསུམ་དུ་ཐོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ།། གཞན་ཡང་ཡུལ་འདིར་ངའི་གཟུགས་བརྙན་ཆེན་པོ་ཤིང་རྟས་འདྲེན་པ་བྱས་ཏེ། མཁར་དགེ་བ་ཅན་ཞེས་བྱ་བའི་ནང་དུ་གཞག་ནས་མཆོད་པའི་གནས་ཆེན་པོར་བྱེད་པར་འགྱུར་རོ།། དེ་ནས་ཡུལ་འདིར་ཕྱོགས་དང་ཕྱོགས་མཚམས་ནས། ཚོང་དཔོན་ཆེན་པོ་རྣམས་འོང་བར་འགྱུར་ཞིང། གནོད་པ་རྣམས་ཀྱང་ཞི་བར་འགྱུར་རོ།། གཞན་ཡང་ཡུལ་འདིར་དེ་བཞིན་གཤེགས་པའི་གཟུགས་བརྙན་ཉིས་བརྒྱ་རྩ་བརྒྱད་འོད་སྲུངས་ཀྱི་མཆོད་རྟེན་དང་བཅས་པར་འབྱུང་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱང་ཆོ་འཕྲུལ་ཆེན་པོ་སྟོན་ཅིང་སེམས་ཅན་རྣམས་ཀྱི་སྡིག་པ་ཆེན་པོ་ཡོངས་སུ་སྦྱོང་བ་དང་། གནོད་པ་སེལ་བ་མཛད་པར་འགྱུར་རོ།། ཡུལ་འདིར་གནོད་པ་དང་། འཇིགས་པ་དང་། སྐྲག་པ་འགའ་ཞིག་བྱུང་ན། ཡུལ་འདིའི་ཆེད་དུ་ཕྱོགས་ལྔར་སྦྱོར་བ་བྱས་ཏེ། རྒྱལ་པོ་དང་། བློན་པོ་རྣམས་ཡུལ་འཛིན་པ་གང་ཞིག་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར། བདེ་བར་གཤེགས་པའི་བསྟན་པ་ལས་བསོད་ནམས་སྐྱེ་བར་འདོད་ན། གཙུག་ལག་ཁང་ཙེར་མ་ཞེས་བྱ་བར་བསོད་ནམས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཡུལ་འདིའི་མི་རྣམས་ཀྱི་དད་པ་ཡང་དག་པའི་ལྟ་བ་ནི་དང་པོ་གཙུག་ལག་ཁང་དེ་ནས་སྐྱེ་བར་འགྱུར་རོ།། ནམ་ཞིག་ལིའི་རྒྱལ་པོ་དང་། བློན་པོ་དང་། ཡུལ་འཛིན་པ་རྣམས་ལ་གནོད་པ་རྣམ་པ་སྣ་ཚོགས་ཤིག་བྱུང་ན། རི་གླང་རུལ་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ན་བཞུགས་བཞུགས་པའི་ས་གཞི་དེ་ལ་བསྐོར་བར་བྱའོ།། ཡུལ་འདིའི་སེམས་ཅན་རྣམས་པས་མི་དགེ་བ་བཤགས་པར་འདོད་ན། མཆོད་རྟེན་གོམས་ལ་གན་དྷའི་གམ་དུ་བཤག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན།། མཆོད་རྟེན་དེ་ནི་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་བཞིན་དུ་གང་དག་གིས་བསྐོར་བའམ། ཏོག་གམ། བདུག་པ་འམ། དབྱངས་སམ། རོལ་མོའི་སྒྲས་མཆོད་པ་བྱས་ན། མཚམས་མེད་པ་ལྔ་ཡང་ཉམས་དམས་པར་འགྱུར་ན་གཞན་ལྔ་སྨོས་ཀྱང་ཅི་དགོས།། ཡུལ་འདིའི་རྒྱལ་པོ་དང་། བློན་པོ་དང་། ཡུལ་འཛིན་པ་འམ་གང་ཞིག་བརྟུལ་བཞུགས་ཆེན་པོའི་སྡོམ་པ་ལེན་པར་འདོད་པ་དེས། རི་གླང་རུ་གང་ལ་དེ་བཞིན་གཤེགས་པའི་གཟུགས་བརྙན་ཕྱི་སེ་ཞེས་བྱ་བ་དང་། འོད་སྲུངས་ཀྱི་མཆོད་རྟེན་ཡོད་པ་དེའི་དགེ་འདུན་ལ་མཆོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཡུལ་འདིར་སྤྱོད་པ་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པ་ནི། དེ་ནས་འབྱུང་བར་འགྱུར་བའི་ཕྱིར་རོ།། ཡུལ་འདིའི་མི་ལ་ལ་ཞིག་ཆད་པ་ཆེན་པོ་ཞིག་ལ་ཐུག་ན། དེས་རི་གླང་རུ་ལ་གནས་པའི་འཕགས་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་བ་བྱས་ཏེ། དེས་ན་ཆད་པ་ཆེན་པོ་དེ་ལས་ཐར་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གནས་དེ་ན་ཐར་པ་ཐོབ་སྟོང་ཕྲག་དུ་མའི་མཐའི་བར་དུ་གནས་ཤིང་མི་སྟོངས་པའི་ཕྱིར་ཏེ། རྒྱུ་དེས་ནའིརི་གླང་རུ་དང་། མཆོད་རྟེན་གོ་མ་སཱ་ལ་གན་དྷ་ཡུལ་དང་བཅས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆད་ཁྱུ་ཡིན་ནོ།། དེ་ནས་དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས་བྱང་ཆུབ་སེམས་དཔའ་ཉི་ཁྲི་ལྷགས་ནས། བཅོམ་ལྡན་འདས་ག། ང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། དབྱངས་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཀྱང་། ཐབས་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པ་སྤྱོད་ལམ་དང་། ཡུལ་འདི་ཡོངས་སུ་བསྐྱང་བར་བགྱི། བསྲུང་བར་བགྱི་ཞིང་། ཇི་སྲིད་དུ་བདེ་བར་གཤེགས་པའི་བསྟན་པ་དང་། དཀོན་མཆོག་གསུམ་གནས་ཤིང་། རྒྱལ་པོ་དང་། བློན་པོ་ལ་སོགས་པ། མི་ཚུལ་ཁྲིམས་དང་ལྡན་པ་དད་པ་ཅན་དང་། ཡུལ་ཆོས་དང་མཐུན་པར་བགྱིད་པ་མཆིས་པ་དེ་སྲིད་དུ་ཡོངས་སུ་མི་གཏང་ཞིང་། ཡུལ་འདིར་དུས་དུས་སུ་སྤྱོད་ལམ་དང་ཆ་ལུགས་ཅི་དང་།། ཇི་ལྟ་བུས་སེམས་ཅན་མང་པོའི་བསོད་ནམས་ཆེན་པོ་ཡོངས་སུ་སྨིན་པར་འགྱུར་བ་དང་། སངས་རྒྱས་ཉིད་དུ་སེམས་བསྐྱེད་པར་འགྱུར་བ་དང་། བསམ་གཏན་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་འགྱུ་བ་དང་། སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུའི་སྐྱེ་བ་བླངས་པའི་སླད་དུ། ཁ་ཅིག་གིས་ནི་རྒྱལ་རིགས་ཡོངས་སུ་གཟུང་བར་བགྱི། ཁ་ཅིག་གིས་ནི་རབ་ཏུ་བྱུང་བ་དང་། ཁྱིམ་པ་གཞན་གྱི་ཆ་ལུགས་ཡོངས་སུ་གཟུང་བར་བགྱིའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱེད་རྣམས་ཀྱིས་འདི་ལྟར་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དང་། ཡུལ་འདི་གང་དུ་སེམས་ཅན་རྣམས་སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག་པར་འགྱུར་བར་དེ་ལྟ་བུ་ཆུ་གང་ཐོབ་ཅིག། ཡང་དེའི་ཚེ་ལྷ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་དང་། མི་འཕམ་པ་ཞེས་བྱ་བ་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་པ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ད་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡུལ་འདི་སྲུང་བའི་སླད་དུ་མཐུ་བསྟང་བ་དང་། བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་དང་། མཐུས་བདག་ཅག་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་། བྱིན་གྱིས་བརླབས་པའི་ཡུལ་འདི་ཀུན་ཏུ་བསྲུང་ཞིང་ཡལ་བར་མི་གཏང་བའི་སླད་དུ། བརྩོན་འགྲུས་ཆེན་པོའི་ཤུགས་ཀྱིས་འབད་པར་འཚལ་ལོ། ། གལ་ཏེ་ཡུལ་འདིར་དྲུ་གུ་ལ་སོགས་པ་གཏུམ་པོ་དད་པ་མ་མཆིས་པ་རྣམས་དང་། ཧོར་དང་། སུམ་པའི་དམག་དག་མཆི་བར་འགྱུར་ན། དེ་དག་ཕན་ཚུན་ནང་འཁྲུག་འབྱུང་བ་དང་། དེ་དག་གི་འཁོར་ནང་མི་མཐུན་པར་འགྱུར་བ་དང་། འགུམ་པར་འགྱུར་བར་བགྱིའོ།། ཡང་ན་དེ་དག་ཅི་ནས་ཀྱང་འདིར་མི་མཆི་ཞིང་། དེ་བཞིན་གཤེགས་པའི་བསྟན་པ་འཇིག་མི་ནུས་པར་འགྱི་བའི་སླད་དུ། གཞན་གྱི་དབང་དུ་འགྱུར་བར་བགྱིའོ། ། གལ་ཏེ་རྒྱའི་དམག་དག་མཆིས་པར་གྱུར་ན། དེ་དག་གི་སེམས་དད་པར་བགྱི་ཞིང་སླར་ཡུལ་འདི་ལ་ཕན་འདོགས་པ་དང་། ཕྱིས་ཡུལ་འདིར་བསོད་ནམས་བགྱི་བའི་དངོས་པོ་དགེ་བ་རྒྱ་ཆེན་པོ་བགྱིད་དུ་སྩལ་ཏོ།། ། ནམ་ཞིག་ཡུལ་འདིའི་སེམས་ཅན་རྣམས་ལ་གནོད་པར་བགྱིད་པ་དེའི་ཚེ་ན་ཡང་ཕྱིར་དད་པར་བགྱི་ཞིང་མདོ་འདི་འང་ཡོ་དུ་ཆུད་པར་བགྱིད་དུ་སྤྲུལ་ཏོ།། གང་གི་ཚེ་དེ་དག་མ་འོངས་པར་དཀོན་མཆོག་གསུམ་གྱི་ཡོ་བྱད་ལ་དབང་འཚལ་ཞིང་མདངས་འཕྲོག་པ་དང་། སེམ་ཅན་བསོད་ནམས་དང་ལྡན་པ་རྣམ་ལ་འཚེ་བ་དེའི་ཚེ་ནི། བདག་ཅག་གི་འཁོར་གནོད་སྦྱིན་དང་པ་ཅན་དང་། དང་པ་མ་མཆིས་པ་དུ་མ་ཞིག་དབང་བསྐུར་ཏེ། བཀྱེ་ནས་ཡུལ་དེར་ཅི་ནས་ཀྱང་ཡུན་རིང་མོ་ཞིག་གི་བར་དུ་རྒུད་པར་བགྱི་ཞིང་། ཡུལ་འདི་འཇིག་མི་ནུས་པར་བགྱི་བའི་སླད་དུ། མུ་གེ་དང་། ནད་དང་། ཕ་རོལ་གྱི་དམག་མི་མཆི་བར་བགྱིད་དུ་སྤྲུལ་ལོ།། ལི་ཡུལ་གྱི་ནོར་རྫས་དེ་དག་གིས་འཚལ་བ་རྣམས་ཀྱང་བཀྲ་མི་ཤིས་པར་བགྱི་ཞིང་། གང་དང་གང་དུ་ཕྱིན་པའི་ཡུལ་དེ་ཐམས་ཅད་དུ་ཡང་སྨན་ཡོན་མི་ཐོགས་ཤིང་འཁྲུག་པར་བགྱིའོ།། དེ་དག་གི་ཡུལ་འཛིན་པ་དང་དམག་དཔོན་ཡང་རྒུད་པར་བགྱིའོ། ། བོད་ཀྱི་དམག་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བགྱི་སྟེ། གང་གི་ཚེ་དེ་དག་ཆོས་དང་འཐུན་པར་ཡུལ་འདི་འཛིན་ཅིང་སྲུང་ན་ནི། བདག་ཅག་རྣམས་ཀྱིས་ཀྱང་དེ་དག་ཡོངས་སུ་བསྐྱང་ཞིང་རྒྱལ་བར་འགྱུར་བར་བགྱིའོ། ། ནམ་ཞིག་བདེ་བར་གཤེགས་པའི་བསྟན་པ་འཇིག་པ་དང་། ཡུལ་གྱི་མི་ལ་གནོད་པར་བགྱིད་པ་དེའི་ཚེ་ན། དམག་རྣམས་ནང་འཁྲུག་འབྱུང་བ་དང་། དམག་གི་དཔོན་ཡང་ཚེ་ཐུང་དུ་རྒུད་པར་བགྱི་སྟེ། རྒྱས་པར་ན་སྔ་མ་བཞིན་ནོ།། མ་འོངས་པའི་དུས་ན་ཡུལ་འདིར་རྒྱལ་པོ་དང་། བློན་པོ་སེམས་གྱ་གྱུ་ཅན། བསོད་ནམས་ཆུང་བ་དང་། དད་པ་མེད་པ། དཀོན་མཆོག་གསུམ་གྱི་དཀོར་ལ་འཇོལ་ཏོག་ཏུ་རློམ་ཞིང་། ཡུལ་གྱི་རྩིས་མགོ་དང་འགལ་བར་བགྱིད་པ། ནོར་རྫས་མ་བརྟགས་པས་གོ་འཕང་འཆོལ་བ། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ལ་སུན་འབྱིན་དུ་རྒོལ་བ། ངོ་ཚ་མེད་པ་དང་ན་འདུས་ཅན། འདོད་པའི་ཡོན་ཏན་གྱིས་ངོམས་མི་མྱོང་བ། རབ་ཏུ་བྱུང་བ་དག་གིས་སེམས་སྐྱོ་བ་ལ་ལ་དག་འབྱུང་བར་འགྱུར་ན། དེ་དག་ནི་བདག་ཅག་གིས་ཀྱང་ཡུལ་འདི་ནས་དབྱུང་ཞིང་ཡུལ་ངན་པ་གཞན་དང་གཞན་དག་ཏུ་སྤྱུགས་པར་བགྱིས་ཏེ། ཚུལ་དེ་ལྟ་བུས་ཡུལ་འདི་ཡོངས་སུ་བསྐྱང་བ་དང་། བསྲུང་བར་བགྱིའོ།། བཅོམ་ལྡན་འདས་སླད་མ་རྩོད་པའི་དུས་ན། ཡུལ་འདི་གཞིག་པར་བརྩོན་པའི་སེམས་ཅན་བདུད་ཀྱི་ཕྱོགས་སྡིག་པ་བགྱིད་པ། མཐུ་སྟོབས་དང་ལྡན་པ། ཡུལ་དག་ཏུ་སེམས་ཅན་རྣམས་ཀྱི་དད་པ་ཟློག་པར་བགྱིད་པ། སེམས་གདུག་ཅིང་བརླབ་བ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་སྲིན་པོ་དུ་མ་ཞིག་འབྱུང་བར་འགྱུར་ལ། དེ་དག་ཀྱང་བདག་ཅག་གི་དབང་དུ་མི་འགྱུར། དེ་ལ་བདག་ཅག་གིས་ཐབས་ཇི་ལྟར་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཡོད་སྐྱོ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། གླང་བཞི་པ་འདི་ན། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་མཐུ་སྟོབས་ཆེ་བ་དང་། ཀླུ་དང་གནོད་སྦྱིནས་ཐོབ་པ་དུ་མ་ཞིག་གནས་པ་དེ་དག་ལ། སེམས་འཇམ་པོས་མཆོད་པ་ཆེན་པོ་བྱས་ཏེ། མཆོད་རྟེན་གོ་མ་སཱ་ལ་གན་དཱ་དང་། གཙུག་ལག་ཁང་ཙར་མ་ལ་སོགས་པ་ཡུལ་བྱིན་གྱིས་བརླབས་པ་རྣམས་སུ། ཐེག་པ་ཆེན་པོའི་སྡེ་སྣོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདུས་པ་ཆེན་པོ་དང་། སངས་རྒྱས་ཕལ་པོ་ཆེ་དང་། དཀོན་མཆོག་བརྩེགས་པ་ལ་སོགས་པ་ཤིན་ཏུ་རྒྱས་པའི་སྡེ་མང་པོ་ལྷོགས་ཤིག་དང་། ཡུལ་སོ་སོ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་སོགས་བ་དང་། མཐུ་སྟོབས་ཆེ་བའི་སེམས་ཅན་དེ་དག་ཡུལ་འདིར་འོངས་ནས། ཆོས་ཀྱི་རོ་མ་ནོས་ཤིང་། དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་ལ་མི་འགལ་བར་བྱེད། བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དང་། ཡུལ་ཡང་སྲུང་བར་བྱེད།། ཡུལ་འདིའི་མི་དང་བསྟན་པ་ཡང་སྲུང་བར་བྱེད་པར་འགྱུར་རོ།། གཞན་ཡང་མ་འོངས་པའི་དུས་ན། ཡུལ་དགེ་བ་འདིའི་རྒྱལ་བོཔོ་མཐུ་ཆུང་བར་འགྱུར་ཏེ། མཐུ་ཆུང་བ་དེས་ན་རང་གི་མཐུ་སྟོབས་ཀྱིས་ཡུལ་མི་ཐུབ་པས། རྒྱལ་པོ་དད་པ་ཅན་གཞན་འདི་ལྟ་སྟེ། བོད་ཀྱི་རྒྱལ་པོ་དང་། རྒྱའི་རྒྱལ་པོ་ལ་སོགས་པ་ལ་སྐྱབས་བཙལ་ནས་ཡུལ་སྲུང་བར་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། མ་འོངས་པའི་དུས་ན། རྒྱ་དང་བོད་ཀྱི་ཡུལ་དུ་དཀོན་མཆོག་གསུམ་གནས་ཤིང་། མཆོད་གནས་ཆེན་པོར་བྱེད་པ་དང་། ཡུལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོའི་གནས་སུ་འགྱུར་ཞིང་། སེམས་ཅན་དེ་དག་ཀྱང་བྱང་ཆུབ་ཆེན་པོའི་ལམ་ཚོལ་བའི་ངང་ཚུལ་ཅན། ཐེག་པ་ཆེན་པོ་ལ་དད་པའི་ཏིང་ངེ་འཛིན་ལ་གཞོལ་བར་འགྱུར་ཏེ། དེ་དག་གི་མཐུ་སྟོབས་ཀྱིས་ལི་ཡུལ་གྱི་མི་དང་། དཀོན་མཆོག་གསུམ་རླག་པར་མི་འགྱུར་རོ། ། སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱིས་ཀྱང་འོད་དང་། རྒྱུའི་རྒྱལ་པོ་དང་། བློན་པོ་དག་ཅི་ནས་ཀྱང་མཆོད་རྟེན་གོ་མ་སཱ་ལ་ག་ན་དྷ་དང་། ཡུལ་དགེ་བ་འདི་ལ་རི་མོ་བྱེད་པར་འགྱུར་བ་དང་། ཡུལ་འདི་བསོད་ནམས་བྱ་བའི་དངོས་པོ་དག་བ་རྒྱ་ཆེན་པོ་བྱེད་པར་འགྱུར་བ་དང་། ཡུལ་འདིའི་མེ་འོག་དང་པ་མེད་པའི་ཡུལ་གཞན་དུ་འཁྱམས་པ་རྣམས་ཀྱང་སྡུག་བསྔལ་དང་བྲལ་ཞིང་བདེ་བར་རང་གི་ཡུལ་དུ་བསྐྱལ་ནས། ཕྱིར་ཡང་དག་པའི་ལྟ་བ་ཅན་དང་། བསོད་ནམས་ལ་དགའ་བར་འགྱུར་བར་སེམས་སྦྱར་ཅིག་དང་། དགེ་བའི་རྩ་བ་དེའི་སྟོབས་ཀྱིས། སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱི་དགེ་བའི་རྩ་བ་དང་། མདངས་དང་གཟི་བརྗིད་དང་། འཁོར་འཕེལ་བར་འགྱུར་ཞིང་སངས་རྒྱས་ཉིད་དུ་ཡང་ཉེ་བར་འགྱུར་གྱིས། དུས་གསུམ་དུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་གདམ་ངག་ལ་བྱས་པ་གཟོ་བར་གྱིས་ཤིག། འདི་ལྟར་ཡུལ་འདིའི་སེམས་ཅན་རྣམས་ནི་ཕྱིར་མི་ལྡོག་པ། བྱང་ཆུབ་སེམས་དཔའི་ལས་དང་ལྡན་པ། སྙིང་རྗེ་དང་ལྡན་པ། བདེན་པ་དང་ལྡན་པ། གཏོང་ཕོད་པ། ཕྲག་དོག་དང་། ཁོན་དུ་འཛིན་པ་རྣམ་པར་སྤངས་པ། བྱས་པ་གཟོག་ཆོས་དགའ་བ། ཡང་དག་པའི་ལྷ་བ་ཅན། ལོག་པའི་ལྟ་བ་ཐམས་ཅད་རྣམ་པར་སྤངས་པ། སེམས་འཇམ་པར་འགྱུར་ཏེ། རྒྱུ་དེས་ན་དགེ་བ་རྣམས་ཞེས་བྱའོ།། ཡུལ་འདི་མཁར་ཡང་མི་བྱམས་པ་དང་། འཇམ་པའི་སེམས་དང་ལྡན་པ་རྣམས་དང་། མཆོད་རྟེན་དང་། གཙུག་ལག་ཁང་དུ་སེམས་བརྒྱན་པར་འགྱུར་ཏེ། དེའི་ཕྱིར་མཁར་དགེ་བ་ཅན་ཞེས་བྱའོ།། གཞན་ཡང་ཡུལ་གཞན་དག་ནས། སེམས་ཅན་དད་པ་མེད་པ། སྔ་འཁོན་དུ་འཛིན་པ་དག་ཡུལ་འདིར་འོངས་པ་ཀུན། ཡུལ་འདིའི་རྡུལ་གྱིས་རེག་ཅིང་། ཡུལ་འདི་ནས་འཁྲུངས་པ་འཚོ་བ་ལ་ལོངས་སྤྱོད་ན། དེ་དག་ཐམས་ཅད་ཀྱི་སེམས་བསྒྱུར་ན། སེམས་འཇམ་པ་དང་། བྱམས་པའི་བསམ་པ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་སྤངས་པ་དང་། དད་པ་དང་། ཡང་ཡུལ་འདིར་སྡིག་པ་མི་བྱེད་པར་འགྱུར་ཏེ། ཡུལ་འདི་ནི་ཡོན་ཏན་འདི་དག་དང་ལྡན་པ་ཡིན་ནོ།། དེ་ནས་དེའི་ཚེ་སྔར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལན་གསུམ་གྱི་བར་དུ་བྱིན་གྱིས་བརླབས་ནས། འོད་ཟེར་ཐུགས་རྗེ་ཆེན་པོ་དང་བཅས་ཏེ་བཀྱེ་བ་དེས། ཆུ་ན་གནས་པའི་སེམས་ཅན་རྣམས་ཀྱི་སེམས་ཡོངས་སུ་དག་པ་དང་། བདེ་བ་དང་ལྡན་པར་བྱས་ནས་ཆུའི་ནང་ནས་སླར་འཐོར་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། ། ཡང་འོད་མེ་དེ་དག་སླར་ལོག་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡུལ་བྱིན་གྱིས་བརླབས་པ་དང་། ཉན་ཐོས་ཆེན་པོ་རྣམས་ཀྱིས་ཡུལ་བྱིན་གྱིས་བརླབས་པ་དང་། མཚོའི་ནང་ནས་བྱུང་བའི་པདྨོའི་སྟེང་ན། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞུགས་པ་དེ་དང་དེ་དག་གི་འོད་ཟེར་དང་འདྲེས་ནས་ནམ་མཁའ་ལས་འཕགས་ཏེ། སྟེང་གི་ནམ་མཁའ་ཁེབས་པར་གྱུར་ཅིང་། ལི་ཡུལ་ཐམས་ཅད་དུ་ལྷའི་མེ་ཏོག་གི་ཆར་བབ་བོ།། ལྷའི་མེ་ཏོག་དེ་དག་ཕན་ཚུན་དུ་རེག་པ་ལས་ཆོས་ཀྱི་སྒོ་མོ་འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་མཚན་དང་། ཡང་དག་པའི་ལྟ་བ་དང་། ཤེས་རབ་དང་། ཚུལ་ཁྲིམས་དང་། དགེ་བའི་རྩ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དཀའ་བ་སྤྱད་པ་དང་། སྨོན་ལམ་དང་། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། དགེ་སྦྱོང་གི་འབྲས་བུ་བཞི་པོ་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཁམས་གསུམ་གྱི་སྲིད་པ་ལས་ངེས་པར་འབྱིན་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། འདུ་བྱེད་འཇིག་པ་དང་དྲན་པ་ཉེ་བར་གཞག་པ་དང་། འཕགས་པའི་བདེན་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། བསམ་གཏན་དང་། བསྡུ་བའི་དངོས་པོ་དང་། སོ་སོ་ཡང་དག་པར་རིག་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དབང་པོ་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་མཐའ་དག་གི་སྒྲ་འབྱིན་པར་འགྱུར་རོ།། གཞན་སེམས་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་དང་། སྙོམས་པར་འཇུག་པ་དང་། ས་དང་། སྟོབས་དང་། ཐུགས་རྗེ་དང་། བྱམས་པ་ཆེན་པོ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཐེ་ཙོམ་སེལ་བ་དང་། སངས་རྒྱས་ཉིད་ལས་མི་ལྡོག་པ་དང་། ཏིང་ངེ་འཛིན་དང་། མངོན་པར་རྟོགས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། མ་འདྲེས་པ་དང་། སངས་རྒྱས་ཉིད་དུ་འགྱུར་བ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དང་། མ་བྱས་པ་དང་། མ་སྐྱེས་པ་དང་། ཕྱིན་ཅི་མ་ལོག་པ་དང་། ཡང་དག་པའི་མཐའ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཁོངས་སུ་རྟོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་དང་། རྣལ་འབྱོར་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་སྤྱོད། ཡུལ་དང་། སྐྱེ་བ་སྡུ་ག་བསྔལ་བ་དང་། རྒ་བ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་དང་། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་གྱི་སྒྲ་ཡང་འབྱུང་བར་གྱུར་ཏོ།། གཞན་ཡང་ཕུང་པོ་ལྔ་པོ་དག་ལ་སེམས་ཅན་མེད་པ་དང་། གསོ་བ་དང་། གང་ཟག་དང་། སྲོག་མེད་པ་དང་། ཆོས་བདེན་པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། རྟག་པ་མེད་པ། ཆད་པ་མེད་པ། འོང་བ་མེད་པ། འགྲོ་བ་མེད་པ། དཀོན་མཆོག་གསུམ་གྱི་གདུང་དང་། བྱིན་གྱིས་བརླབས་དང་། འགྲོ་བ་ལྔ་པོ་དག་གི་འཁྲུལ་པ་རྨི་ལམ་ལྟ་བུ་དང་། འཁོར་བའི་འདུ་བྱེད་བཙོན་ར་ལྟ་བུ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། བྲག་ཆ་ལྟ་བུ་ཞེས་བྱ་བའི་སྒྲ་བྱུང་བར་གྱུར་ཏོ།། གཞན་ཡང་དད་པ་དང་། མངོན་པར་རྫོགས་པ་དང་། བརྩོན་འགྲུས་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། འཁོར་བས་སྐྱོ་བར་གྱུར་པ་དང་། དེ་ལྟ་བུ་ལ་སོགས་པ་སྒྲ་བརྒྱ་སྟོང་དུ་མ་བྱུང་བར་གྱུར་ཏོ།། འཁོར་འདུས་པ་མང་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཕྱོགས་ཕྱོགས་ནས་ལྤགས་པ་དེ་དག་ཐམས་ཅད་ས་ལ་གནས་པའི་ལྷ་དང་། ཀླུ་དང་། ནམ་མཁའ་ལ་གནས་པའི་ལྷ་དང་། གནོད་སྦྱིན་ཐམས་ཅད་སེམས་ངོ་མཚར་དུ་གྱུར་ནས། རངས་པ་སྐྱེས་ཏེ། ཆོས་ཀྱི་སྒོམ་སྒྲ་དེ་དག་ལ་ཡིད་མི་བྱེད་པར་གྱུར་ཏོ། ། དེ་ནས་དེའི་ཚེ་འཁོར་དེ་དག་གིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཅིའི་སླད་དུ་ཆོ་འཕྲུལ་ཆེན་པོ་འདི་ལྟ་བུ་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཀྱི་སྒོ་མོ་འདི་དག་ནི། ཡུལ་དགེ་བ་ནས་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཆེད་དེ། འཁོར་བཞི་པོ་རྣམས་ཀྱི་ཆེད་དུ་ཡང་ལྷག་པར་བྱིན་གྱིས་བརླབས་ནས་བསྟན་པ་ཡིན་ཏེ། ཆོས་ཀྱི་སྒོ་མོ་འདིས་ནི། བྱང་ཆུབ་སེམས་དཔའ་རྣམས་ཚིགས་ཆུང་དུ་དང་། འབད་པ་ཆུང་ངུས། དབང་པོ་དང་། ཤེས་པ་ཡོངས་སུ་དག་པར་འགྱུར་ཞིང་ཆོས་ཀྱི་སྒོ་མོ་དེ་དང་དེ་དག་ཀྱང་མངོན་པར་རྟོགས་པར་འགྱུར་རོ།། མ་འོངས་པའི་སྐྱེ་བོ་དེ་དག་ནི་བྱིས་པ་ཆུང་ངུ་ཡན་ཆད་ཆོས་མངོན་པར་རྟོགས་པར་འགྱུར་ཞིང་། རྩེད་མོར་ཡང་ཆོས་ཀྱི་སྒོ་མོ་འདི་དག་སྨྲ་བར་འགྱུར་རོ།། སེམས་ཅན་དེ་དག་དབང་པོ་ཡོངས་སུ་ལྟས་ནས། ཆོས་ཀྱི་མིག་རྣམ་པར་དག་པས། དེ་བཞིན་གཤེགས་པའི་སྐུ་ཡང་མཐོང་བར་འགྱུར། ཆོས་ཀྱི་རྣ་བ་རྣམ་པར་དག་པས། ཆོས་ཡང་དག་པ་མ་ནོར་བ་ཡང་ཐོས་པར་འགྱུར། དེ་དག་འཁོར་བ་ནས་འདུ་བྱེད་དང་། ཆོས་ཐམས་ཅད་ལས་ཀྱང་སེམས་རྣམ་པར་གྲོལ་བར་གྱུར་ཏེ། སེམས་དེ་ལྟ་བུ་དེས་ན། ཡུལ་དགོན་པ་བྱིན་གྱིས་བརླབས་པ་འདིར། དགེ་བའི་ཕྱོགས་ལ་བརྩོན་པ་འམ། ཡང་ན་རི་གླང་རུ་ལ་དེ་དག་ཐམས་ཅད་དངོས་གྲུབ་ཐོབ་པར་གྱུར་ཏེ། བདུད་སྡིག་ཅན་གྱིས་ཀྱང་གླགས་མི་རྙེད་ན། གཞན་དག་གིས་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་སྟེ། ལྷ་རྣམས་ཀྱིས་འཁོར་གནོད་སྦྱིན་ནམ། དྲི་ཟའམ། མི་འམ་ཅི་ཆད་པས་བཅད་པར་གྱུར་ན་ཡང་། མཆོད་རྟེན་གོ་མ་སཱ་ལ་ག་ན་དཱ་དང་། རི་གླང་རུ་ལ་འཁྲས་ན། དེ་དག་གིས་མི་མཐོང་བར་འགྱུར་རོ།། བརྒྱ་ལ་མཐོང་ན་ཡང་སེམས་ཞི་བོར་འགྱུར་ཏེ། རྒྱུ་དེས་ན་རི་གླང་རུ་དང་མཆོད་རྟེན་གོ་མ་སཱ་ལ་གན་དྷ་ནི་མཚམས་གཅད་པ་དང་། གཙང་བྱེད་དང་། སྐྱབས་དང་། འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཀྱང་ཕྱག་བྱ་བར་འོས་པ་ཡིན་ནོ།། མཆོད་རྟེན་གོ་མ་སཱ་ལ་ཀན་དྷ་དང་། རི་གླང་རུ་དང་། ཡུལ་དགེ་བ་དང་། མཁར་དགེ་བ་ཅན་དང་། དགོན་པ་བྱིན་གྱིས་བརླབས་པའི་མིང་ཐོས་ནས། དད་པ་སྐྱེས་པ་ཙམ་གྱིས་ཀྱང་སྡིག་པ་ཆེན་པོ་འབྱུང་བར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། རིགས་ཀྱི་དུ་ཁྱེད་གཉིས་སོང་ལ། མཚོ་ཆེན་པོ་འདིར་ཤའི་རི་དྲིལ་ཏེ། བྱང་ཕྱོགས་སུ་གྱི་ཤོ་རྩང་པོའི་ནང་དུ་ཕོ་ལ། ཆུ་ལ་གནས་པའི་སེམས་ཅན་རྣམས་ལ་མི་གནོད་པར་སྲུང་བ་དང་། ཡུལ་འདི་མཚམས་མངོན་པར་གྱིས་ཤིག། དེ་ནས་ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་། རྣམ་ཐོས་ཀྱི་དུས་དེ་བཞིན་འཚལ་ལོ་ཞེས་གསོལ་ནས། རྫུ་འཕྲུལ་བྱས་ནམ་མཁའ་ལས་ཤར་ག་ན་པ་ལགས་སུ་ཆས་ཏེ། ནརམ་དུས་ནི་ལག་ན་འཁར་གསལ་ཐོགས། རྣམཐས་ཀྱི་བུས་ནི་ལག་ན་མདུང་ཐོགས་ཏེ། ཤཱ་རོ་བྱེད་སྐམ་པས་བླངས་ཏེ། རླུང་ཕྱོགས་ལོགས་སུ་བཞག་ནས། རུ་སོལ་ཆེན་པོ་གཏོད་། མཚོ་སྲོག་ཆགས་དང་རྒྱས་ཀྱི་ཤོ་རྨང་པའིན་དུ་པོ་སྟེ། ཚུལ་དེ་ལྟ་བས་མཛོད་རྟེན་གོམ་སྣརེལ་གན་དྷ་ངའི་ཀླུང་རུང་ཡུལ་མངོན་པར་བྱས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་དང་བྱང་ཆུབ་སེམས་དཔ་འི་ཁྲི་དྲང་སྲོང་དང་བཅས་པ་དང་། རྣམ་ཐོས་ཀྱི་ཕུང་། ཁྱིམ་ཚིག་ལ་སོགས་པ་ལྔ་ཆེན་པོ་བརྒྱད། འཁོར་སུམ་ཁྲི་ལྔ་སྟོང་ལྔ་བརྒྱ་དང་བཅས་པ་ལ། མཚན་རྟེན་གྱིས་སྐུ་ན་དྷ་པ་སོགས་པ་ཡོངས་སུ་ག་ད་། སྣ་དེ་དག་གིས་ཀྱང་དེ་བཞིན་དུ་མནོས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་དུ་སན་ང།། བཅོམ་ལྡན་འདས་ཀྱིས་དེ་རླུད་རྒྱས་པས་པ་དང་། འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོང་།། འཕགས་པ་རི་གྲང་རུ་ལུང་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ་རྫོགས་སོ།

CLOSE WINDOW