Wylie | e-texts produced with ocr Programm |
། ། རྒྱ་གརེ་སྐད་དུ། ཨཱརྱ་ཀ་ཤྱ་བ་པ་རི་བརྟ་ནཱ་མ་མ་ཧཱ་སཱ་ན་སཱུ་ཏྠ། བོད་སྐད་དུ། འཕགས་པ་འོད་སྲུངས་ཀྱི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་@རྒྱལ་པོའི་ཁབན་བྱ་རྒོད་ཀྱི་ཕུང་པོའི་རིལ། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམ་པ་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་འི་དྲུག་སྟོང་ཐམས་ཅད་ཀྱང་འདི་ལྟསྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་ཐཱག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུངས་ཆོས་བནི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་དང་ཆོས་སྨྲ་བ་ལ་མི་གུས་པ་ཡིན། ཆོས་ལ་སེར་སྣ་བྱེད་ཅིང་། ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་བྱེད་པ་ཡིན། ཆོས་འདོད་པའི་གང་ཟག་རྣམས་ལ་ཆོས་ཀྱི་བར་ཆད་བྱེད་ཅིང་། འདུན་པ་ཟློག་པར་བྱེད། རྣམ་པར་འཁྲུག་པར་བྱེད་དེ། མི་སྟོན་ཅིང་རབ་ཏུ་འཆབ་པ་ཡིན། མངོན་པའི་ང་རྒྱལ་གྱིས་བདག་ལ་བསྟོད་ཅིང་། གཞན་ལ་སྤྱོད་པ་ཡིན་ཏེ། འོད་སྲུངས་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཡོངས་སུ་ཉམས་པར་འགྱུར་བའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་སྨྲ་བ་ལ་གུས་པ་མེད་པ་ཡིན།། ཆོས་ལ་སེར་སྣ་བྱེད་པར་གྱུར་པ་དང་།། ཆོས་ལ་སློབ་དཔོན་དབ་མཁྱུང་བྱེད་པ་ཡིན།། ཆོས་འདོད་རྣམས་ལ་བགེགས་ནི་བྱེད་གྱུར་ཅིང་། ། འདུན་པ་ཟློག་ལ་དེ་བཞིན་རྣམ་འཁྲུག་བྱེད།། རྒྱལ་བས་བསྔགས་པའི་ཆོས་ནི་ཡོངས་མི་སྟོན།། ལེ་ལོ་ཅན་ཏེ་བདག་བསྟོད་རྟག་ཏུ་བརྩོན།། གཞན་ལ་སྨོད་པར་བྱེད་ལ་མངོན་པར་དགའ།། ཆོས་བཞི་འདི་དག་རྒྱལ་བའི་སྲས་རྣམས་ཀྱི།། ཤེས་རབ་ཉམས་པར་འགྱུར་བར་རྒྱལ་བས་གསུངས།། ཆོས་བཞི་འདི་དག་རབ་ཏུ་སྤངས་བྱས་ལ། ། རྒྱལ་བས་གསུངས་པའི་ཆོས་བཞི་གཞན་བསྒོམ་མོ།། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོར་འགྱུར་བ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་བཅས་པ་ཡིན། ཟང་ཟིང་མེད་པའི་སེམས་ཀྱིས་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་རེ་བར། ཇི་ལྟར་ཐོས་པ་དང་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་ཡིན། མང་དུ་ཐོས་པ་ལས་ཤེས་རབ་འབྱུང་བར་རིག་ནས། མགོ་འམ། གོས་ལ་མེ་འབར་བ་བཞིན་དུ་ཐོས་པ་ཡོངས་སུ་ཚོལ་ཞིང་། ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན་པར་བྱེད་པ་ཡིན།། ནན་ཏན་སྙིང་པོར་བྱེད་ཀྱི། སྒྲུབ་དང་བརྗོད་པའི་ཆོག་ལྷུར་ལེན་པ་མ་ཡིན་ཏེ། འོ་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཆེན་པོར་འགྱུར་བའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་སྨྲ་བ་ལ་གུས་དང་བཅས་པ་ཡིན།། ཟང་ཟིང་མེད་ཅིང་རྙེད་དང་བཀུར་སྟིལ། ། རེ་བ་མེད་ཅིང་ཚིགས་བཅད་མི་སེམས་པར།། ཇི་སྐར་ཐོས་པའི་ཆོས་རྣམས་གཞན་ལ་སྟོན།། ཐོས་ལས་ཤེས་རབ་འབྱུང་བར་དེས་རིག་ནས། མགོ་ལ་འབར་བཞིན་རྟག་ཏུ་ཐོས་པ་ཚོལ།། དེ་ནི་ཇི་ལྟར་ཐོས་པའི་ཆོས་རྣམས་འཛིན།། ཆོས་བཟུང་ས་ནི་ནན་ཏན་བྱ་ཕྱིར་གནས།། མཁས་དེ་ནན་ཏན་སྙིང་པོར་བྱེད་པ་ཡིན།། ཚིག་ལྷུར་མི་ལེན་སྨྲ་བ་ལྷུར་མི་ལེན།། མཁས་པས་ཆོས་བཞི་འདི་དག་བསྟེན་བྱས་ན།། རྒྱལ་བས་བསྔགས་པའི་ཤེས་རབ་ཐོབ་པར་འགྱུར།། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སློབ་དཔོན་དང་། བླ་མ་དང་། སྦྱིན་གནས་ལ་སླུ་བ་དང་། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པ་དང་། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི། ལྷག་པའི་བསམ་པས་མ་ཡིན་པ་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་ན་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སྦྱིན་གནས་ཐ་མས་བསྒོ་བཞིན་མི་བྱེད་དང་།། ། གཞན་དག་ལ་ཡང་ཐེ་ཙོམ་ཉེར་སྒྲུབ་དང་། སེམས་ཅན་གང་དག་བྱང་ཆུབ་རབ་ཞུགས་པ།། དེ་ལ་བསྔགས་མིན་མི་སྙན་སྨྲ་བ་དང་།། སྒྱུ་དང་གཡོ་དང་རྒྱན་ལ་དོར་བྱེད་པས།། གཞན་ལ་བརྟེན་གྱི་བསམ་པས་མ་ཡིན་པ།། ཆོས་བཞི་འདི་དག་ཀུན་ཏུ་བསྟེན་བྱས་ན། ། སངས་རྒྱས་བྱང་ཆུབ་སེམས་མཆོག་ཉམས་པར་འགྱུར།། དེ་ལྟ་བས་ན་ཆོས་འདི་སྟེན་བྱེད་ན།། བྱང་ཆུབ་མཆོག་ལས་དེ་ནི་རིང་བར་འགྱུར།། དེ་ལས་བཟློག་པ་སྟེན་པར་བྱེད་ན་ནི། ། བྱང་ཆུབ་མཆོག་རང་བསྔགས་པ་རེག་པར་འགྱུར།། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། སྲོག་གི་ཕྱིར་རམ། ཟ་ན་བཞད་གད་ཀྱི་ཕྱིར་ཡང་བརྫུན་གྱི་ཚིག་མི་སྨྲ་བ་དང་། སྒྱུ་དང་གཡོ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་ཅིང་། དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང་། ཉི་ཚེ་བའི་ཐེག་པ་མི་འདོད་པའི་ཕྱིར་སེམས་ཅན་གང་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་ཐ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འོད་སྲུངས་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མདོར་བརྗེད་པར་མི་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སྲོག་གི་ཕྱིར་ཡང་བརྫུན་ཚིག་མི་སྨྲ་ཞིང་།། རྟག་ཏུ་དོན་དང་ལྡན་པའི་ཚིག་རྣམས་སྨྲ།། སྐུ་དང་གཡོ་ནི་རྟག་ཏུ་རྣམ་སྤངས་ཏེ།། ལྷག་པའི་འསམ་པས་རྟག་ཏུ་སེམས་ཅན་ལྟ། ། སེམས་ཅན་དག་པ་བྱང་ཆུབ་གང་ཞུགས་པ།། བྱང་ཆུབ་སེམས་དཔའ་དེ་ལ་སྟོན་པར་སེམས།། སྟོན་པའི་འདུ་ཤེས་ཉེ་བར་བཞག་ནས་ཀྱང་།། དེ་དག་བསྔགས་པ་ཕྱོགས་བཞིར་རྗོད་པར་བྱེད། ། སེམས་ཅན་གང་དག་ཡོངས་སུ་སྨིན་བྱེད་པ།། ཐ་མེད་ཡེ་ཤེས་ཡང་དག་འཛིན་དུ་འཇུག། ཆོས་དེ་དག་ལ་རབ་ཏུ་གནས་པ་རྣམས།། བྱང་ཆུབ་སེམས་ནི་ནམས་ཀྱང་བརྗེད་མི་འགྱུར། ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པའི་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་ཏེ། དགེ་བའི་ཆོས་དེ་དག་གིས་རྒྱས་པར་མི་འགྱུར་རོ། ། བཞི་གང་ཞེ་ན། འདི་ལྟ་སྟེ། མངོན་པའི་ང་རྒྱལ་གྱིས་འཇིག་རྟེན་རྒྱང་འཕན་པའི་གསང་ཚིག་ཚོལ་བ་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པས་ཁྱིམ་ལ་ལྟ་པ་དང་། བྱང་ཆུབ་སེམས་དཔའ་ལ་རྣམ་པར་སྡང་ཞིང་སྐུར་པ་འདེབས་པ་དང་། མ་ཐོས་པ་དང་མ་ཟིན་པའི་མདོ་སྡེ་རྣམས་སྤོང་བ་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བནི་དང་ལྡན་པའི་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར་ཏེ། དགེ་བའི་ཆོས་དེ་དག་གིས་རྒྱས་པར་མི་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ང་རྒྱལ་གྱིས་ནི་འཇིག་རྟེན་རྒྱང་འཕེན་ཚོལ།། རྙེད་ཀྱི་ཕྱིར་ནི་ཁྱིམ་ལ་སྦྱོར་བར་བྱེད།། བྱང་ཆུབ་སེམས་དཔའ་སངས་རྒྱས་སྲས་ལ་སྡང་།། དེ་དག་བསྔགས་མིན་ཀུན་ཏུ་སྨྲ་བར་བྱེད།། དེ་ནི་མ་ཐོས་པ་དང་མ་ཟིན་མདོ།། བདེ་བར་གཤེགས་པས་གསུངས་པ་སྤོང་བར་བྱེད།། ཆོས་འདི་དག་དང་ལྡན་པར་གྱུར་པ་ནི།། དགེ་བའི་ཆོས་ཀྱིས་རྒྱས་པར་མི་འགྱུར་རོ།། དེ་ལྟས་བྱང་ཆུབ་སེམས་དཔའ་མཁས་པ་ཡིན།། ཆོས་བཞི་འདི་དག་རྒྱང་བསྲིང་རྣམ་པར་སྤང་།། འདི་དག་བསྟེན་ན་བྱང་ཆུབ་རབ་རིང་སྟེ།། གནམ་ས་རིང་བས་ཤིན་ཏུ་རིང་བར་འགྱུར།། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཁྱད་པར་དུ་འགྲོ་བས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཚོལ་བ་ལ་བརྩམས་ནས། ལེགས་པར་ཐོས་པ་ཚོལ་གྱི། ཉེས་པར་ཐོས་པ་མི་ཚོལ་ཏེ། སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པའི་ཕྱིར་སེམས་ཁྱི་དང་འདྲ་བ་ཡིན། ཆོས་ཀྱི་རྙེད་པས་ཆོག་པར་འཛིན་ཏེ། ལོག་པས་འཚེ་བ་ཐམས་ཅད་ཡོངས་སུ་སྤངས་ཤིང་འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་ཡིན། ། གཞན་དག་གི་ལྟུང་བ་བྱུང་བ་དང་མ་བྱུང་བ་མི་གླེང་ཞིང་། གཞན་དག་གི་འཁྲུལ་པ་གཞན་དང་གཞན་མི་ཚོལ་བ་ཡིན། སངས་རྒྱས་ཀྱི་ཆོས་ཟབ་མོ་གང་དག་དེའི་བློས་མི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་ནི་མཐའ་ཡས་ཤིང་སེམས་ཅན་མོས་པ་ཐ་དད་པ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་འཇུག་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི། བདག་གིས་ནི་མི་ཤེས་ཏེ། དེ་བཞིན་གཤེགས་པས་མངོན་སུམ་མོ་ཞེས་བྱས་ནས་མི་སྤོང་བ་སྟེ།། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཁྱད་པར་དུ་འགྲོ་བས་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་ནི་རྟག་ཏུ་ཕ་རོལ་ཕྱིན་རྣམས་དང་། ། ཐབས་ལ་མཁས་དང་བྱང་ཆུབ་སྡེ་སྣོད་བརྩོན།། ང་རྒྱལ་མེད་པས་ཁྱི་འདྲའི་སེམས་ཀྱིས་སུ།། སེམས་ཅན་ཀུན་ལ་ང་རྒྱལ་བཅག་པ་ཡིན།། ཆོས་དང་མཐུན་པའི་རྙེད་པས་ཆོག་སེམས་ཤིང་། ། འཚོ་བ་ཡོངས་དག་འཕགས་པའི་རིགས་ལ་གནས།། གཞན་གྱི་འཁྲུལ་པ་ཚོལ་བར་མི་བྱེད་ཅིང་།། གཞན་གྱི་ལྟུང་བ་གླེང་བར་མི་བྱེད་དོ། ། གང་ལ་དེ་ཡི་ཐོས་ནི་མི་རྟོགས་པ།། དེ་ལ་དེ་བཞིན་གཤེགས་པ་མངོན་སུམ་སྟེ།། བདེ་གཤེགས་བཤད་པའི་བྱང་ཆུབ་མཐའ་ཡས་པ།། རྒྱལ་བས་མཁྱེན་གྱི་བདག་གིས་མི་ཤེས་སོ། ། ཆོས་བཞི་འདི་དག་རིག་པར་གྱུར་པ་ནི།། ཡེ་ཤེས་ཁྱད་པར་འཕགས་མཆོག་ཉམས་མི་འགྱུར།། ཆོས་འདི་དག་ལ་རབ་ཏུ་གནས་པ་ནི།། རྒྱལ་བས་བསྔགས་པའི་བྱང་ཆུབ་རྙེད་མི་དཀའ། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་གྱ་གྱུ་ཅན་གྱི་སེམས་བསྐྱེད་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ།། བཞི་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་སོམ་ཉི་དང་། ཡིད་གཉིས་དང་། ཐེ་ཙོམ་ཟ་བ་དང་། སེམས་རྣམས་ལ་ང་རྒྱལ་དང་། རྒྱགས་པ་དང་། འཆབ་པ་དང་། ཁྲོ་བ་དང་། གནོན་པར་སེམས་པ་དང་། གཞན་གྱི་རྙེད་པ་རྣམས་ལ་ཕྲག་དོག་དང་སེར་སྣ་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་སྒྲ་ཚིགས་སུ་བཅད་པ་འབྱིན་པསྟེ། འོད་སྲུངས་བནི་པོ་དེ་དག་ནི་མ་སུ་ཅན་གྱི་སེམས་བསྐྱེད་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་། དེ་ལ་འདི་ཀ་ཅེས་བྱ་སྟེ། ཆོས་རྣམས་ལ་ནི་སོ་མའི་ཡིད་གཉིས་བྱེད།། སེམས་ཅན་རྣམས་ལ་ང་རྒྱལ་རྒྱགས་ཁྲོ་སྟེན།། གཞན་གྱི་རྙེད་ལ་སེར་སྣ་ཕྲག་དོག་བྱེད།། རྒྱལ་བ་ལ་ནི་རྣམས་ཀྱང་དང་མི་བྱེད། མ་ཁས་རྟག་ཏུ་བྱང་ཆུབ་སེམས་དཔའ་ལ།། བསྔགས་པ་མིན་དང་བརྗོད་མིན་མི་སྙན་རྗོད།། མ་རྒྱ་ཅན་གྱི་སེམས་བཞི་རྣམ་པར་སྤང་།། བྱང་ཆུབ་སེམས་དཔས་རྟག་ཏུ་སེམས་ཅན་བསྟེན། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དྲང་པོ་དྲང་བའི་མཚན་ཉིད་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལྟུང་བབྱུང་བ་རྣམས་མི་འཆབ་ཅིང་བརྗོད་དེ་རྣམ་པར་འབྱེད་པ་དང་། འཆགས་པས་ཀུན་ནས་ལྡང་བ་མེད་པ་ཡིན། དེའི་བདེན་པའི་ཚིག་གང་གིས་རྒྱལ་སྲིད་སྟོར་བ་འམ། ནོར་ཡལ་བ་འམ། སྲོག་གི་བར་ཆད་དུ་འགྱུར་ཡང་བདེན་པའི་ཚིག་མི་འཁྱུད་ཅིང་། གཞན་ནས་གཞན་དུ་སྒྱུར་བའི་ཚིག་མི་སྨྲ་བ་ཡིན། གཞན་གྱིས་གནོད་པར་བྱ་བ་སྐུར་བ་དང་། མཚང་འདྲུ་བ་དང་། སྨོད་པ་དང་གསུང་བ་དང་། སྡིགས་པ་དང་། རྡེག་པ་དང་། གསོད་པ་དང་། འཆིང་བ་བྱེད་པའི་ཉེས་པ་ཐམས་ཅད་ལ་བདག་གིས་ཉེས་པར་སེམས་ཤིང་། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པས་གཞན་དག་ལ་མི་འཁྲུག་ཅིང་ཁོན་དུ་འཛིན་པ་མེད་པ་ཡིན། དེ་དད་པ་ལ་རབ་ཏུ་གནས་པ་ཡིན་ཏེ། བསམ་པ་ཡོངས་སུ་དག་པའི་ཕྱིར་ཐམས་ཅད་དད་པར་མི་འགྱུར་བའི་སངས་རྒྱས་ཀྱི་ཆོས་ལ་མངོན་པར་དད་པ་སྟེ། བོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་དྲང་པོ་དྲང་བའི་མཚན་ཉིད་ཡིན་ནོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ལྟུང་བ་བྱུང་བ་འ་བར་མི་བྱེད་ཀྱི། ། རྗོད་ཅིང་རྣམ་པར་འབྱེད་དེ་ཉེས་པ་འདོར།། ནོར་དང་རྒྱལ་སྲིད་ཕྱིར་དང་སྲོག་ཕྱིར་ཡང་།། འདུ་ཤེས་བསྒྱུར་ཏེ་བརྫུན་པའི་ཚིག་མི་སྨྲ།། སྐུར་དང་སྨོད་དང་གཞུང་དང་གསོད་པ་དང་། ། འཆིང་བར་བྱེད་དང་པོ་ར་བཙུན་པ་ལ།། བདག་གིས་ཉེས་སེམས་གཞན་ལ་འཁྲུག་མི་བྱེད།། ལས་ནི་བདག་གིར་བྱ་བས་ཁོན་མི་འཛིན།། དེ་ནི་བ་གཤེགས་རྣམས་ཀྱི་བྱང་ཆུབ་དང་། ། དད་ལ་གནས་ཤིང་བསམ་པ་དག་ལྡན་པ།། འདི་དུག་དྲང་བའི་མཚན་དུ་སངས་རྒྱས་གསུངས།། སེམས་ཅད་མཆོག་གིས་རྟག་ཏུ་བསྟེན་པར་བྱ། ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དམུ་རྒོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཐོས་པ་ལ་གཅེས་པ་འདོར་བའི་ཆོས་སུ་གནས་ཤིང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ལ་ནན་ཏན་དུ་མི་བྱེད་པ་ཡིན། རྗེས་སུ་བསྟན་པ་ལ་གཅེས་པ་འདོར་བའི་ཆོས་སུ་གནས་ཤིང་། སློབ་དཔོན་དང་མཁན་པོ་ལ་སྲི་ཞུ་མི་བྱེད་པ་ཡིན། དམ་བཅས་པ་ལས་ཉམས་ཀྱང་དད་པས་བྱིན་པ་ཀུན་སྤྱོད་དེ། དད་པས་བྱིན་པ་ལོག་པར་ལྟུང་བར་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་རྣམས་མཐོང་ན་མི་གུས་ཤིང་ང་རྒྱལ་འཛིན་པ་ཡིན་ཏེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་དམུ་རྒོད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཐོས་པས་རྒོད་པར་གནས་པར་བྱེད་པ་ཡིན། ། རྗེས་སུ་བསྟན་པའི་ཆོས་ཉིད་རྟོགས་མི་འགྱུར།། དེ་ནི་ཆོས་ཀུན་གཅེས་པ་འདོར་བ་སྟེ།། འཕགས་པ་རྣམས་ལ་ནམ་ཡང་སྲི་ཞུ་མེད།། དམ་བཅས་བའམ་ཉམས་ཀྱང་དད་པས་བྱིན་པ་ཡིན། ། ཁ་ཟས་རྣམས་ལ་དེ་ནི་རྟག་ཏུ་ཟ།། བྱང་ཆུབ་སེམས་དཔའ་ཅང་ཤེས་ཐོབ་པ་དག། མཐོང་བར་གྱུར་ན་གུས་པར་མི་བྱེད་ཅིང་། ། དམུ་རྒོད་དེ་ནི་ང་རྒྱལ་འཕེལ་བར་བྱེད།། བྱང་ཆུབ་སེམས་དཔའ་ང་རྒྱལ་གཅག་མི་སྟེན།། འདི་དག་དམུ་རྒོད་བདེ་བར་གཤེགས་པས་གསུངས།། དེ་དག་རྒྱལ་སྲས་རྣམས་ཀྱིས་ཡོངས་སུ་སྭཱ་། འོད་སྲུངས་བཞི་པོ་འདི་དག་ནི་ཐང་རླུང་སེམས་དཔའ་ཅང་ཤེས་པསྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ལེགས་པར་ཟོས་པར་ཉམ་ཅིང་དེ་ལ་ནན་ཏན་དུ་བྱེད་དེ། དོན་ལ་རྟོན་གྱི། ཚིག་འབྲུ་ལ་མི་རྟོན་པ་ཡིན། གདམས་པ་རྗེས་སུ་བསྟན་པ་ལ་མཐུན་པར་འཛིན་ཅིང་། བཀའ་བློ་འདེ་བ་ལེགས་པར་བྱེད་པའི་ལས་བྱེད་ཅིང་ཐ་མ་ལ་སྲི་ཞུ་བྱ་བ་ཚར་ཕྱིན་པ་ཡིན།། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལས་མ་ཉམས་ཏེ་ཅང་ཤེས་པས་ཟས་ཟ་བ་ཡིན། བྱང་ཆུབ་སེམས་དཔའ་དུལ་བ་ཅང་ཤེས་རྣམས་མཐོང་ན་གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པར་དེ་ལ་གཞོལ། དེ་ལ་འབབ། དེ་ལ་བབ་ཅིང་། དེའི་ཡོན་ཏན་འདོད་པ་ཡིན་ཏེ། འོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཅང་ཤེས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་མཉན་དེ་ནི་ལེགས་པར་ཐོས་པར་བྱེད།། ཆོས་དོན་སྙིང་པོར་བྱེད་ཅིང་ནན་ཏན་གནས།། རྗེས་སུ་བསྟན་པ་མཐུན་པར་འཛིན་བྱེད་ཅིང་།། ཆོས་འདོད་བཀའ་ཐོ་བདེ་བར་ཐ་མ་རྟེན། ཚུལ་ཁྲིམས་ཏིང་ངེ་འཛིན་ལ་རྟག་གནས་ཤིང་།། ཚུལ་ཁྲིམས་བསྡམས་ནས་དེ་ནི་བཟའ་བ་ཟ།། གུས་དང་བཅས་ཤིང་ཞེས་བཅས་པ་ཡིན།། དེ་ལ་གཞོལ་ཞིང་དེར་འབབ་ཡོན་ཏན་འདོད། ། རྒྱལ་སྲས་གང་དག་ཅང་ཤེས་ཐོབ་འགྱུར་བ།། དེ་དག་ལ་ནི་རྟག་ཏུ་དགའ་བས་ལྟ།། བདེ་བར་གཤེགས་པས་བསྟན་པ་འདི་བཞི་ནི།། བདེ་གཤེགས་སྲས་པོ་ཅང་ཤེས་ཐོབ་པ་ཡིན། ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་རྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། སེམས་ཅན་ཡང་དག་པ་ལ་རབ་ཏུ་གནས་པ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་རྣམས་ལ་བརྙས་ཤིང་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན་ཀུན་ཏུ་སྡུད་བཟང་ཆུབ་སེམས་དཔའི་འཁྲུལ་པ་སྟེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་འཁྲུལ་པའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཡོངས་སྨིན་མ་བྱས་རྣམས་ལ་ཡིད་མི་རྟོན།། སྣོད་མིན་རྣམས་ལ་རྒྱ་ཆེན་ཆོས་མི་བཤད།། རྒྱ་ཆེན་སེམས་ཅན་རྣམས་ལ་བག་པ་དམན། ། བྱང་ཆུབ་སེམས་དཔའི་མཆོག་གིས་པཤན་མིཿ།། ཡང་དག་གན་ས་གླིང་རྒྱལ་ཁྲིམས་ཡོན་ཏན་ཛཱམ། དགེ་བའི་ཆོས་ཅན་རྣམས་ལ་བརྙས་མིཿ། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་མི་བསྡུ།། སྡིག་པའི་ཆོས་རྣམས་ཡོངས་སུ་སྤང་བར་བྱ།། འཁྲུལ་པའི་ཆོས་བཞི་འདི་དག་ཤེས་གྱུར་ནས།། བྱང་ཆུབ་སེམས་དཔས་ཀྱང་བསྲིང་རྣམ་པར་སྤང་། ། འདི་དག་བསྟེན་ན་བྱང་ཆུབ་འཚང་མིཿ།། དེ་ལྟ་བས་ན་མཁས་པས་ཆོས་འདི་སྤང་།། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། སེམས་ཅན་ཐམས་ཅད་ལ་མཚུངས་པར་ཆོས་སྟོན་པ་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་འཛིན་དུ་འཇུག་པ་དང་། སེམས་ཅན་ཐམས་ཅད་ལ་ཡང་དག་པར་སྦྱོར་བ་སྟེ། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ལམ་མོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཅན་རྣམས་ལ་རྟག་ཏུ་སེམས་སྙོམས་བྱ།། སངས་རྒྱས་ཐེག་མཆོག་ཡང་དག་འཛིན་དུ་འཇུག། རྒྱལ་བས་བསྔགས་པའི་ཆོས་ནི་སྟན་པར་བྱ། ། སེམས་ཅན་ཀུན་ལ་དང་བའི་སེམས་སུ་ཐ།། ཡང་དག་སྦྱོར་ཞིང་ནན་ཏན་བྱེད་པར་གནས།། སེམས་ཅན་ཀུན་ལ་མཚུངས་པར་སྤྱད་པར་ཟ།། ཆོས་བཞི་འདི་དག་རྒྱལ་བས་རབ་བསྔགས་ཏེ། ། རྒྱལ་སྲས་རྣམས་ཀྱིས་དེ་དག་རྟག་ཏུ་བསྟེན།། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བཤེས་གཉེན་ངན་པ་གྲོགས་ངན་པ་སྟེ།། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ།། བཞི་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་པ་བདག་ལ་ཕན་པའི་ཕྱིར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དོན་ཉུང་ཞིང་བྱ་བ་ཉུང་བ་དང་། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་སྣ་ཚོགས་ཀྱི་སྤོབས་པ་ཅན་དང་། གང་ལ་བརྟེན་པས་འཇིག་རྟེན་གྱི་ཟང་ཟིང་ཀུན་སྡུད་པར་འགྱུར་གྱི། ཆོས་ཀུན་མི་སྡུད་པ་སྟེ། འོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་བཤེས་གཉེན་ངན་པ་གྲོགས་པོ་ངན་པ་སྟེ། དེ་དག་བྱང་ཆུབ་སེམས་དཔས་ཡོངས་སུ་སྤང་བར་བྱའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཉན་ཐོས་གང་དག་བདག་ཕན་བརྩོན་པ་དང་།། གང་དག་རབ་ཏུ་བྱུང་ནས་རྣལ་འབྱོར་སྤྱོད།། རང་སངས་རྒྱས་པ་གང་དག་བྱེད་ཉུང་ཞིང་།། བདག་གི་དོན་དུ་འདུ་འཛི་རྣམ་པར་སྤོང་།། བྱིས་བགང་དག་འཇིག་རྟེན་རྒྱང་འཕེན་གྲོ། ། ཇི་ལྟར་བསྟན་བཞིན་གང་དག་འདིར་རྩོད་བྱེད།། གང་ལ་བརྟེན་ན་ཟང་ཟིང་ཀུན་སྡུད་ཀྱི།། ཆོས་འདི་ནམ་ཡང་སྡུད་པར་མི་བྱེད་པ།། ཆོས་བཞི་བྱང་ཆུབ་སེམས་དཔས་རབ་སྤངས་ནས། ། དགེ་བའི་བཤེས་གཉེན་བཞི་ལ་བརྟེན་པར་བྱ།། འདི་དག་འ་ཤེས་གཉེན་ངན་དང་ཐོགས་ངན་དུ།། རྒྱལ་བས་གསུངས་ཏེ་ཐག་བསྲིང་ཡོངས་སུ་སྤང་། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་ལམ་སྟོན་པའི་ཕྱིར་སྤོང་བ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་། ཐོས་པའི་ཤེས་རབ་སྟོན་པའི་ཕྱིར་ཆོས་སྨྲ་བ་བྱང་ཆུབ་སེམ་པའི་དགེ་བའི་བཤེས་གཉེན་དང་། དགེ་བའི་རྩ་བ་ཐམས་ཅད་སྟོན་པའི་ཕྱིར་རབ་ཏུ་འབྱུང་བ་ཡང་དག་པར་འཛིན་དུ་བཅུག་པ་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་སྟོན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཏེ། འོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་ཡོངས་སུ་སྟོན་ཕྱིར་ལེན་པ་པོ།། སྦྱིན་བྱེད་རྣམས་ནི་དགེ་བའི་འཤེས་གཉེན་ཡིན། ཆོས་དོན་སྨྲ་བ་ཐོས་དང་ཤེས་རབ་བྱེད།། དགེ་བའི་བཤེས་གཉེན་ཡིན་པར་བདེ་གཤེགས་གསུངས།། གང་དག་རབ་འབྱུང་ཡང་དག་འཛིན་འཇུག་པ།། དེ་དག་དགེ་རྩ་ཡིན་པས་བཤེས་གཉེན་གསུངས་རྫོགས་སངས་རྒྱས་ཀྱི་ལམ་ནི་སྟོན་པའི་ཕྱིར། ། སངས་རྒྱས་རྣམས་ནི་བདེ་གཤེགས་སྲས་ཀྱི་བཤེས།། རྒྱལ་བས་བསྔགས་པ་བཞི་པོ་འདི་དག་ནི།། བདེ་གཤེགས་སྲས་ཀྱི་དགེ་བའི་བཤེས་གཉེན་ཏེ། འདི་དག་སྟེན་ཅིང་རྟག་ཏུ་འག་ཡོད་ན།། བདེ་གཤེགས་བསྟན་པའི་བྱང་ཆུབ་ཐོབ་པར་འགྱུར། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྙེད་པ་དང་བཀུར་སྟི་དོན་དུ་གཉེར་གྱི། ཆོས་དོན་དུ་གཉེར་བ་མ་ཡིན་པ་དང་། བརྗོད་པའི་སྒྲ་ཚིགས་སུ་བཅད་པ་དོན་དུ་གཉེར་གྱི། ཡོན་ཏན་དོན་དུ་གཉེར་བ་མ་ཡིན་པ་དང་། བདག་བདེ་ལ་དོན་དུ་གཉེར་གྱི། སེམས་ཅན་གྱི་སྡུག་བསྔལ་བསལ་བ་དོན་དུ་གཉེར་བ་མ་ཡིན་པ་དང་། འཁོར་གྱི་ཚོགས་དོན་དུ་གཉེར་གྱི་དབེན་པ་དོན་དུ་གཉེར་བ་མ་ཡིན་པ་སྟེ། འོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་ལྟར་བཅོས་པའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། རྙེད་པ་དོན་དུ་གཉེར་གྱི་ཆོས་འདོད་མིན།། བརྗོད་པ་དོན་གཉེར་ཡོན་ཏན་དོན་གཉེར་མིན། ། བདག་བདེ་རྟག་ཏུ་དོན་དུ་གཉེར་བྱེད་ཅིང་།། སེམས་ཅན་སྡུག་བསྔལ་བསལ་བ་དོན་མི་གཉེར།། འཁོར་ཚོགས་དོན་དུ་གཉེར་གྱི་དབེན་མི་འདོད།། ལ་ཆགས་ཀྱི་ཡོན་ཏན་མ་ཆགས་པ།། བཞི་པོ་དེ་དག་བཅོས་པར་གསུངས་པ་སྟེ།། དེ་དག་བྱང་ཆུབ་སེམས་དཔས་ཡོང་སུ་སྤང་།། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལའང་མོས་ལ། ལས་ཀྱི་རྣམ་པར་སྨིན་པའང་ཡིད་ཆེས་པ་དང་། དེ་བདག་མེད་པར་ཡང་བཟོད་ལ། སེམས་ཅན་ཐམས་ཅད་ལའང་སྙིང་རྗེ་ཆེ་བ་དང་། དེའི་བསམ་པ་མྱ་ངན་ལས་འདས་པ་ལའང་གནས་ལ། སྦྱོར་བ་འཁོར་བ་ནའང་གནས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྦྱིན་པ་གཏོང་ཡང་སྦྱིན་པའི་རྣམ་པར་སྨིན་པ་ལའང་མི་རེ་བ་སྟེ། འོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡང་དག་པའི་ཡོན་ཏན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཆོས་རྣམས་སྟོང་པ་ཉིད་དུ་རྟག་མོས་ཀྱང་།། ལས་ཀྱི་རྣམ་པར་སྨིན་པའང་ཡིད་ཆེས་སོ།། བདག་མེད་བཟོད་པས་མཉམ་པ་ཉིད་གནས་ཀྱང་། ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད།། དེའི་བསམ་རྟག་ཏུ་མྱ་ངན་འདས་ལ་གནས།། དེ་ཡི་སྦྱོར་བ་འཁོར་བར་གནས་པ་ཡི།། ཡོངས་སྨིན་བྱ་ཕྱིར་སྦྱིན་པ་སྦྱིན་བྱེད་ཀྱང་། ། ལས་ཀྱི་རྣམ་པར་སྨིན་ལ་རེ་བ་མེད།། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་གཏེར་ཆེན་པོ་རྙེད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བྱུང་བ་མཉེས་པར་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཉན་པ་དང་། ཆོས་སྨྲ་བ་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ལྟ་བ་དང་། བག་ཡོད་པར་དགོན་པ་ལ་གནས་པར་མངོན་པར་དགའ་བ་སྟེ།། འོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་གཏེར་ཆེན་པོ་རྙེད་པའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཚེ་རབས་ཀུན་ཏུ་སངས་རྒྱས་མཉེས་པར་བྱེད།། ཕ་རོལ་ཕྱིན་པ་དྲུག་པོ་རྣམས་ཀྱང་ཉན།། ཆོས་སྨྲ་བ་ལ་སེམས་ནི་རབ་ཏུ་དང་། ། མཐོང་ན་རྟག་ཏུ་གུས་བསྐྱེད་པར་བྱེད།། རྟག་ཏུ་བག་ཡོད་གྱུར་ནས་དགོན་པར་གནས།། དེ་ནི་དེ་ཉིད་ལ་ཡང་རྟག་ཏུ་དགའ།། བཞི་པོ་འདི་དག་རྒྱལ་བའི་སྲས་རྣམས་ཀྱི།། གཏེར་ཆེན་ཡིན་ཞེས་བདེ་བར་གཤེགས་པས་གསུངས། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལམ་ལས་ཡང་དག་པར་འདའ་བའི་ཆོས་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་དང་། ལྟ་བར་གྱུར་པ་ཐམས་ཅད་རྟོགས་པ་དང་། སེམས་ཅན་ཐམས་ཅད་ལ་མི་བརྙས་པ་སྟེ། འོད་གྲངས་པན་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱིལམ་ལས་ཡང་དག་པར་འདའ་བའི་ཆོས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་ནི་ཡོངས་སུ་གཏོང་མི་བྱེད།། སེམས་ཅན་རྣམས་ལ་ཁོང་ཁྲོ་རྟག་ཏུ་སྤོང་།། ལྟ་བར་གྱུར་པ་ཐམས་ཅད་འདོར་བར་བྱེད།། སེམས་ཅན་ཚོགས་ལ་བརྙས་པར་ཡོང་མི་བྱེད།། བདེ་བར་གཤེགས་པས་བཞི་པོ་འདི་དག་ནི།། བདུད་ལས་བདའ་བར་འགྱུར་བའི་ཆོས་སུ་གསུངས།། འདི་དག་བསྟེན་ན་རྒྱལ་བ་རྣམ་འདྲེན་པ།། གསེར་འདྲའི་སྐུ་མངའ་མཚུངས་པ་མེད་པར་འགྱུར།། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་འཆོས་པ་མེད་པར་དགོན་པ་ན་གནས་པ་དང་། ལན་དུ་ཕན་འདོགས་པར་རེ་བ་མེད་པའི་བསྡུ་བའི་དངོས་པོ་བཞི་པོ་དག་དང་། སེམས་ཅན་ཐམས་ཅད་ལ་ལུས་དང་སྲོག་གཏོང་ཞིང་དམ་པའི་ཆོས་ཡོངས་སུ་ཚོལ་བ་དང་། ཐོས་པ་དང་དོན་གྱིས་ངོམས་མི་མྱོང་ཞིང་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྡུད་པའི་བརྩོན་འགྲུས་ཏེ། འོད་སྲུངས་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བའི་ཆོས་ཐམས་ཅད་སྡུད་པར་འགྱུར་བའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དགོན་པར་གནས་ཤིང་ཚུལ་འཆོས་རྣམ་པར་སྤོང་།། རྒྱལ་གསུངས་བསྡུ་བ་སེམས་ཅན་རྣམས་ལ་བྱེད།། དམ་ཆོས་ཡོངས་སུ་བཙལ་བ་བཙམ་བྱས་ནས། ། ལུས་དང་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད།། དགེ་བའི་རྩ་བ་ཤིན་ཏུ་མི་ཉུང་བ།། ཡང་དག་བསྒྲུབ་ཕྱིར་རྟག་ཏུ་ངོམས་མི་མྱོང་།། དགེ་བའི་ཆོས་རྣམས་ཡང་དག་བསྡུ་བའི་ཕྱིར།། ། ཆོས་བཞི་འདི་དག་བདེ་བར་གཤེགས་པས་གསུངས།། འོད་སྲུངས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆེར་སྙིང་རྗེ་བ་དང་། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྟོན་པ་དང་། ཉམ་ཆུང་བ་རྣམས་ལ་བཟོད་པས་སྟེན་པ་སྟེ། འོད་སྲུངས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། ། ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས།། ཚུལ་ཁྲིམས་མི་ལྡན་པ་ལ་སྙིང་རྗེ་ཆེ།། གཞན་དག་བྱང་ཆུབ་ཕྱིར་ནི་སེམས་སྐྱེད་འཇུག། ཉམ་ཆུང་རྣམས་ལ་བཟོད་པས་དང་དུ་ལེན། ། འདི་ནི་དགེ་ཆོས་སྡུད་པར་གསུངས་པ་སྟེ།། དེ་དག་བསྟེན་ན་རྒྱལ་བར་འགྱུར་བས་ན།། བྱང་ཆུབ་སེམས་དཔས་དེ་དག་རྟག་ཏུ་བསྟེན།། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་མ་རིག་པའི་བག་ཆགས་ཀྱི་སའི་ཉོན་མོངས་པ་འཇོམས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། སྒྲོན་མ་སྦྱིན་པ་དང་། ཟ་ན་འདྲིས་པ་རྣམས་ལའང་སྦྱིན་པ་སྟེ། འོད་སྲུངས་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་མ་རིག་པའི་བག་ཆགས་ཀྱི་སའི་ཉོན་མོངས་པ་འཇོམས་པར་བྱེད་པའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཚུལ་ཁྲིམས་སྡོམ་པ་ཡང་དག་འཛིན་བྱེད་དང་།། དམ་ཆོས་འཛིན་དང་སྒྲོན་མ་སྦྱིན་པ་དང་།། དེ་བཞིན་ཐ་ན་འདྲིས་ལ་སྦྱིན་བྱེད་ཅིང་།། མཁས་པ་མ་རིགས་ལས་རྣམ་པར་འབྱེད།། འོད་སྲུངས་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་སྦྱིན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཕྲག་དོག་མེད་པ་དང་། གཞན་དག་ལ་མི་བརྙས་པ་སྟེ། འོད་སྲུངས་ཆོས་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་དག་བྱང་ཆུབ་ལ་ནི་སྒྲིབ་བྱེད་པ།། སྡིག་པའི་བཞི་པ་བཅུ་པོ་རྣམ་སྤངས་ནས། ། མཁས་པས་དེ་བཞིན་བཅུ་གཉིས་གཞན་སྟེན་ན།། འཆི་མེད་རེག་ནས་བྱང་ཆུབ་ཐོབ་པར་འགྱུར།། སེམས་ཅན་དམ་པ་གང་དག་ཆོས་ཚུལ་འདི།། འཛིན་ཏམ་ཀློག་གམ་རབ་ཏུ་སྟོན་བྱེད་པ། ། དེ་དག་བསོད་ནམས་མཐའ་ཡས་རྒྱལ་བས་གསུངས།། དེ་ཡི་ཚད་ནི་རྒྱལ་བ་རྣམས་རྗོད་དོ།། གང་གིས་ཞིང་ནི་གངྒཱའི་བྱེ་མ་སྙེད།། རིན་ཆེན་བཀང་སྟེ་རྒྱལ། ལ་ཕུལ་བ་བས།། གང་གིས་འདི་ལས་ཚིག་བཞིའི་ཚིགས་བཅད་ཀློག། བསོད་རྣམས་འདི་ཡི་གྲངསུ་མི་ཕོད་དོ།། འོད་སྲུངས་བྱང་ཆུབ་སེམས་དཔའ་ནི་མིང་ཙམ་གྱིས་བྱང་ཆུབ་སེམས་དཔའ་ཞེས་མི་བྱའི་འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་སྤྱོད་པ་དང་། སྙོམས་པར་སྤྱོད་པ་དང་། དགེ་བ་སྤྱོད་པ་དང་། ཆོས་ལ་གནས་པ་དང་ལྡན་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། འོད་སྲུངས་ཡང་བྱང་ཆུབ་སེམས་དཔའ་ཆོས་སུམ་ཅུ་རྩ་གཉིས་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འཛུད་པ་དང་། བདག་ཅི་རི་ཞེས་ཡོངས་སུ་འཇལ་ཞིང་གཞན་གྱི་ཤེས་པ་ལ་མི་སྨོད་པ་དང་། ང་རྒྱལ་མེད་པ་དང་། ལྷག་པའི་བསམ་པ་བརྟན་པ་དང་། བཅོས་མ་མ་ཡིན་པར་ཐམས་པ་དང་། མཛའ་བ་དང་མི་མཛའ་བ་ལ་སེམས་སྙོམས་པ་དང་། མྱ་ངན་ལས་འདས་པའི་མཐའི་བར་དུ་གཏན་དུ་མཛའ་བ་དང་། ཚིག་རན་ཅིང་འཛུམ་པའི་བཞིན་གྱིས་གསོང་པོར་སྨྲ་བ་དང་། ཁུར་བླངས་པ་རྣམས་ལ་སྒྱིད་ལུག་པ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཡོངས་སུ་མ་གཅད་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་ཚོལ་བའི་ཕྱིར་ཐོས་པ་དང་དོན་གྱིས་ངོམས་མི་མྱོང་བ་དང་། བདག་གི་འཁྲུལ་པ་རྣམས་ལ་སྐྱོན་དུ་ལྟ་ཞིང་གཞན་གྱི་འཁྲུལ་པ་རྣམས་ལ་མི་གཤེ་བར་བསྒོ་བ་དང་། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བ་དང་། རྣམ་པར་སྨིན་པ་ལ་མི་རེ་བའི་གཏོང་བ་དང་། སྲིད་པར་འགྲོ་བའི་སྐྱེ་བ་ཐམས་ཅད་ལ་མི་གནས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་བཟོད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབ་པའི་བརྩོན་འགྲུས་དང་།། གཟུགས། མེད་པའི་ཁམས་རྣམ་པར་བསལ་བའི་བསམ་གཏན་དང་། ཐབས་མཁས་པ་བསྡུ་བའི་དངོས་པོ་བཞི་དང་། རབ་ཏུ་ལྡན་པའི་ཐབས་ཀྱིས་ཟིན་པའི་ཤེས་རབ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ་དང་། གུས་པར་བྱས་ཏེ་ཆོས་ཉན་པ་དང་། གུས་པར་བྱས་ཏེ་དགོན་པ་ལ་གནས་པར་མངོན་པར་དགའ་བ་དང་། འཇིག་རྟེན་གྱི་སྣ་ཚོགས་རྣམས་ལ་མི་དགའ་ཞིང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་མངོན་པར་དགའ་བ་དང་། ཐེག་པ་དམན་པ་མི་འདོད་ཅིང་། ཐེག་པ་ཆེན་པོ་ལ་ཕན་ཡོན་དུ་ལྟ་བ་དང་། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་ཞིང་། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། ཚངས་པའི་གནས་པ་བཞི་སྒྲུབ་པ་དང་། མངོན་པར་ཤེས་པ་ལྔས་རྣམ་པར་རྩེན་པ་དང་། ཡེ་ཤེས་ལ་རྟོན་པ་དང་། སྒྲུབ་པ་དང་། ལོག་པར་སྒྲུབ་པ་ལ་གནས་པའི་སེམས་ཅན་རྣམས་མི་གཏོང་བ་དང་། གཅིག་ཏུ་ཆད་པར་སྨྲ་བ་དང་། བདེན་པ་གཅེས་སུ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཅན་ཀུན་ལ་ཕན་དང་བདེ་བྱ་བའི།། ལྷག་པའི་བསམ་ལ་མོས་པར་བྱེད་པ་ཡིན།། ཀུན་མཁྱེན་ཡེ་ཤེས་ལ་ནི་སེམས་སྒྲོལ་ཞིང་།། རི་འམ་མི་རི་སྙམ་དུ་བདག་ལ་དཔོག་སྨོད་པ་མེད་ཅིང་ལྷག་པའི་ང་རྒྱལ་མེད། ། བསམ་པ་བརྟན་ཞིང་བཅོས་པ་མེད་པར་བྱམས།། མཛའ་དང་མི་མཛའ་རྣམས་ལ་སེམས་ཀྱང་སྙོམས།། མྱ་ངན་འདས་པའི་མཐའ་ལ་ཐུག་བར་དུ།། སེམས་ཅན་རྣམས་ལ་གཏན་དུ་རབ་ཏུ་མཛའ།། འཛུམ་པའི་བཞིན་གྱིས་འཇམ་པོར་སྨྲ་བར་བྱེད།། ཁུར་བླངས་པ་ལ་སྒྱིད་ལུག་ཞུམ་པ་མེད།། སེམས་ཅན་དག་ལ་སྙིང་རྗེ་ཡོངས་མ་གཅད། དམ་ཆོས་ཡོངས་སུ་ཚོལ་ལ་སྐྱོ་བ་མེད།། ཐོས་པས་མི་ངོམས་བདག་གི་འཁྲུལ་སྐྱོན་ལྟ།། གཞན་ལ་གཤེ་བས་གདུང་བར་བྱེད་པ་མེད།། སྤྱོད་ལམ་རྣམས་སུ་སེམས་ནི་རབ་ཏུ་སྦྱོང་།། གཏོང་བ་རྣམ་པར་སྨིན་ལ་རེ་བ་མེད། ། ཚུལ་ཁྲིམས་སྲིད་པའི་འགྲོ་བར་གནས་མ་ཡིན།། སེམས་ཅན་རྣམས་ལ་བཟོད་ཅིང་ཁོང་ཁྲོ་སྤངས།། དགེ་བ་ཡང་དག་སྒྲུབ་པའི་བརྩོན་འགྲུས་དང་། གཟུགས་མེད་ཁམས་སྤངས་པ་ཡི་བསམ་གཏན་དང་།། ཐབས་ཀྱིས་ཡང་དག་ཟིན་པའི་ཤེས་རབ་དང་།། བསྡུ་བ་རྣམ་བཞིས་ཡང་དག་ཟིན་ཐབས་དང་།། ཁྲིམས་ལྡན་ཁྲིམས་མེད་གཉིས་མེད་བྱམས་པ་དང་། ། གུས་པར་བྱས་ཏེ་དུས་སུ་ཆོས་ཉན་དང་།། གུས་པར་བྱས་ཏེ་དགོན་ཞིར་གནས་པ་དང་།། འཇིག་རྟེན་སྣ་ཚོགས་དགའ་བར་མི་བྱེད་དང་།། ཐེག་པ་དམན་ལ་དགའ་བར་མི་བྱེད་ཅིང་ཐེག་པ་ཆེ་ལ་འདོད་པ་སྐྱེད་པ་དང་། ། སྡིག་པའི་གྲོགས་པོ་རྣམ་པར་སྤོང་བྱེད་ཅིང་།། དགེ་བའི་བཤེས་གཉེན་རྟག་ཏུ་བསྟེན་པ་དང་།། ཚངས་པའི་གནས་པ་བཞི་ལ་སྒོམ་པ་དང་།། མངོན་ཤེས་རྣམ་ལྔས་རྟག་ཏུ་རྩེ་ན་པ་དང་། ། ཡེ་ཤེས་རྗེས་སུ་རྟག་ཏུ་འབྲང་བ་དང་།། སྒྲུབ་དང་ལྡན་པ་གཏོང་བར་མི་བྱེད་དང་།། སྒྲུབ་དང་མི་ལྡན་གཞན་ཡང་མི་གཏོང་དང་།། གཅིག་ཏུ་ཆད་པར་རྟག་ཏུ་སྨྲ་བ་དང་། ། བདེན་ལ་རྟག་ཏུ་གུས་དང་བཅས་པ་དང་།། བྱང་ཆུབ་སེམས་ནི་སྔོན་དུ་བཏང་ནས་སུ།། རྒྱལ་བས་བསྔགས་པའི་ཆོས་ནི་སྒོམ་པར་བྱེད།། བདེ་གཤེགས་གསུངས་པའི་སུམ་ཅུ་རྩ་གཉིས་ཆོས། ། འདི་དག་བདེ་གཤེགས་སྲས་ཀྱིས་བསྟེན་པར་བྱ།། བྱང་ཆུབ་སེམས་དཔའ་གང་ཡིན་པ་དག་ནི།། ཆོས་འདི་ལྡན་ཞེས་བདེ་བར་གཤེགས་པས་གསུངས།། འོད་སྲུངས་དཔེ་ཉེ་བར་དགོད་པ་བསྟན་པ་གང་དག་གིས། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཡོན་ཏན་རབ་ཏུ་ཤེས་པར་བྱེད་པའི་དཔེ་ཉེ་བར་དགོད་པ་ཁྱོད་ལ་བསྟན་པར་བྱའོ། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་སྟེ། འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པ་ལ་རེ་བ་མེད་དོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔབ་སེམས་དང་པོ་བསྐྱེད་པའང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། འགྱུར་བ་མེད་ཅིང་ལན་དུ་ཕན་འདོགས་པར་རེ་བ་མེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ས་འདི་སྐྱེ་བོ་ཀུན་གྱི་འཚོ།། ལན་ལ་མི་རེ་འགྱུར་བ་མེད་པ་བཞིན།། བྱང་ཆུབ་སེམས་དཔའ་ཐོག་མར་སེམས་གནས་པ།། རྒྱལ་མཆོག་ཐ་ན་མེད་པའི་སངས་རྒྱས་སུ།། མ་གྱུར་བར་དུ་སྐྱེ་བོ་ཀུན་གྱི་འཚོ། ། ལན་ལ་རེ་བ་མེད་ཅིང་འགྱུར་བ་མེད།། བུ་དང་དགྲ་ལ་ཡིད་ཀྱིས་མཚུངས་པར་སེམས།། བྱང་ཆུབ་མཆོག་རབ་རྟག་པར་ཡོངས་སུ་ཚོལ། འོད་སྲུངས་འདི་ལྟ་དཔེར་ན་ཆུའི་ཁམས་ནི་རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་ཐམས་ཅད་སྐྱེད་པར་བྱེད་དོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པ་སེམས་ཅན་ཐམས་ཅད་ལ་ཐམས་པས་ཁྱབ་པར་བྱས་ཏེ་གནས་པའང་སེམས་ཅན་ཐམས་ཅད་ལ་དཀར་པོའི་ཆོས་ཐམས་ཅད་སྐྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཆུ་ནི་རྩཝ་དང་གེལ་བ་དང་།། ནགས་ཚལ་སྤྱན་དང་འབྲུ་ནི་རྣམ་པར་སྐྱེད། ། དེ་བཞིན་བྱང་ཆུབ་སེམས་དཔའ་བསམ་དག་པ།། སེམས་ཅན་མཐའ་ཡས་བྱམས་པས་ཁྱབ་པར་བྱེད།། སྣ་ཚོགས་ཆོས་ལ་ཁྱབ་བྱས་རིན་གྱིས་སུ།། དཀར་པོའི་ཆོས་ཀྱིས་རྣམ་པར་རྒྱས་འགྱུར་ཞིང་། ། དཔུང་བཅས་སྡེ་དང་བཅས་པའི་བདུད་བཅོམ་ནས།། རིམ་གྱིས་རྒྱལ་བའི་བྱང་ཆུབ་ཐོབ་པར་འགྱུར། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མེའི་ཁམས་ནི་ལོ་ཏོག་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱང་སེམས་ཅན་ཐམས་ཅད་ཀྱི་དཀར་པོའི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མ་ནི་རྩཝ་དང་སྨན་རྣམས་དང་།། ལོ་ཏོག་ཐམས་ཅད་ཡོངས་སུ་སྨིན་པར་བྱེད།། དེ་བཞིན་བདེ་གཤེགས་སྲས་ཀྱི་ཤེས། རབ་ཀྱང་།། སྐྱེ་བོ་རྣམས་ཀྱི་དགེ་བའི་ཆོས་སྨིན་བྱེད།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རླུང་གི་ཁམས་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་སྒྲུབ་བོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའང་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་སྒྲུབ་བོ། ། དེ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རླུང་ནི་སངས་རྒྱས་དགོངས་པ་བཞིན། ། རྣམ་པ་སྣ་ཚོགས་ཞིང་རྣམས་རྣམ་པར་སྒྲུབ།། དེ་བཞིན་རྒྱལ་སྲས་རྣམས་ཀྱི་ཐབས་མཁས་ཀྱང་།། བདེ་གཤེགས་གསུངས་པའི་ཆོས་མཆོག་རྣམ་པར་སྒྲུབ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་བདུད་སྡིག་ཅན་གྱི་དཔུང་གི་ཚོགས་ཡན་ལག་བཞི་པ་ནི་འདོད་པ་ན་སྤྱོད་པའི་ལྷ་ཐམས་ཅད་ཀྱིས་ཟིལ་གྱིས་གནན་པ་འམ། ཡོངས་སུ་ཟད་པར་བྱ་བར་མི་ནུས་སོ། ། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པའང་བདུད་ཐམས་ཅད་ཀྱིས་ཟིལ་གྱིས་གནན་པ་འམ། ཡོངས་སུ་ཟད་པར་བྱ་བར་མི་ནུས་སོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ངོ་ལ་ཟླ་བའི་དཀྱིལ་འཁོར་སྐྱེ་ཞིང་གང་བར་འགྱུར་རོ། ། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་བདག་པའང་དཀར་པོའི་ཆོས་ཐམས་ཅད་ཀྱིས་རྫོགས་ཤིང་རྒྱས་པར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ཡར་ངོ་ལ།། སྐྱེ་ཞིང་ཡོངས་སུ་གང་འགྱུར་འབྲི་མི་འགྱུར།། དེ་བཞིན་བསམ་དག་བྱང་ཆུབ་སེམས་དཔའ་ཡང་།། དཀར་པོའི་ཆོས་ཀྱིས་རྟག་ཏུ་རྒྱས་པར་འགྱུར། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལས་ལན་ཅིག་བྱུང་བའི་འོད་ཟེར་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་དོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལན་ཅིག་ཕྱུང་བའི་ཤེས་རབ་ཀྱི་འོད་ཟེར་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་ཤེས་པའི་སྣང་བ་བྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཉི་ལས་ལན་ཅིག་བྱུང་བ་ཡི།། འོད་ཟེར་རྣམས་ཀྱིས་སེམས་ཅན་སྣང་བར་བྱེད།། དེ་བཞིན་རྒྱལ་སྲས་ཡེ་ཤེས་འོད་ཟེར་གྱིས།། སེམས་ཅན་རྣམས་ལ་ཤེས་རབ་སྣང་བ་བྱེད།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་ག་ལས་གར་འགྲོ་བ་ཐམས་ཅད་དུ་མི་འཇིགས་མི་སྐྲག་པ་ཉིད་དུ་འགྲོའོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐོས་པ་དང་། ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་ལ་གནས་པའང་ག་ལས་གར་འགྲོ་བ་ཐམས་ཅད་དུ་མི་འཇིགས་མི་སྐྲག་པ་ཉིད་དུ་འགྲོའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རི་དགས་རྒྱལ་པོ་སེང་གེ་རལ་པ་ཅན།། འཇིགས་པ་མེད་པར་གང་དུ་འདོད་པར་འགྲོ།། དེ་བཞིན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་། ། ཐོས་དང་ཡེ་ཤེས་གནས་པ་དགའ་དགུར་འགྲོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་བལ་གླང་གླང་པོ་ཆེ་ཤིན་ཏུ་དུལ་བ་ནི་ཁལ་ཐམས་ཅད་ཁྱེར་བས་ཡོངས་སུ་སྐྱོ་བ་མེད་དོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཤིན་ཏུ་དུལ་བའང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཕུང་པོ་ལྔའི་ཁུར་ཁྱེར་བས་ཡོངས་སུ་སྐྱོ་བ་མེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རབ་དུལ་སྟོབས་ལྡན་གླང་པོ་ཆེ། ། ཁལ་རྣམས་ཁྱེར་ཡང་ཡོངས་སུ་སྐྱོ་བ་མེད།། དེ་བཞིན་བྱང་ཆུབ་སེམས་དཔའ་སེམས་རང་དུལ།། སེམས་ཅན་ཁུར་གྱིས་སྤྲོ་བར་འགྱུར་བ་མེད།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་པདྨ་ནི་ཆུ་ལས་སྐྱེས་ཀྱང་ཆུས་མི་གོས་སོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་སོ།། དེ་ལ་འདི་སྐད་ཅེས་དཔེར་ན་ངདྲ་ཆུ་ལས་སྐྱེས་གྱུར་ཀྱང་། ། ཆུ་འམ་རྫབ་ཀྱིས་དེ་ལ་གོས་པ་མེད།། དེ་བཞིན་བྱང་ཆུབ་སེམས་དཔའ་འཇིག་རྟེན་སྐྱེས།། འཇིག་རྟེན་ཆོས་ཀྱིས་ནམ་ཡང་གོས་པ་མེད། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་ལྗོན་པ་ཡལ་ཀ་བཅད་པ་ནི་རྩ་བ་མ་སྣང་ན་སླར་ཡང་ས་ལས་སྐྱེའོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་འོངས་མོངས་པའི་ཡལ་ག་བཅད་པའང་སྙིང་རྗེ་ཆེན་པོས་དགེ་བའི་རྩ་བ་ལ་ཀུན་ཏུ་སྦྱོར་བ་མ་ཉམས་ན་སླར་ཡང་ཁམས་གསུམ་དུ་སྐྱེའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཤིང་ལྗོན་ཡལ་ག་བཅད་པ་ནི། ། རྩ་བ་བརྟན་པ་མ་སྣང་སླར་ཡང་སྐྱེ།། དེ་བཞིན་རྩ་བ་ཀུན་སྦྱོར་མ་སྤངས་ན།། ཐབས་ཀྱིས་བསལ་ཀྱང་སླར་ཡང་སྐྱེ་བར་འགྱུར།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཕྱོགས་དང་ཕྱོགས་མཚམས་ཐ་དད་པ་ནས་ཀླུང་ཆེན་པོ་ཆུའི་ཕུང་པོ་རྒྱ་མཚོ་ཆེན་པོར་བབ་པ་ནི། འདི་ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་པར་འགྱུར་རོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སྒོ་ཐ་དད་པ་ནས་བསགས་པ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཐམས་ཅད་ཀྱང་། འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་རོར་རོ་གཅིག་པར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཐ་དད་ཕྱོགས་ཀྱི་ཆུ་ཀླུང་རྣམས།། རྒྱ་མཚོ་ཆེར་བབ་རོ་གཅིག་འགྱུར་བ་བཞིན།། ཐ་དད་སྒོ་ནས་དགེ་བ་བསགས་བྱས་པ།། བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱལ་ཆེན་བཞིའི་རིས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་རི་རབ་ལ་གནས་སོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ། སེམས་དཔའི་ཐམས་ཅད་མཁྱེན་པ་ཉིད་ཀྱང་བྱང་ཆུབ་སེམས་ཀྱི་དགེ་བའི་རྩ་བ་ལ་གནས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྒྱལ་ཆེན་བཞི་ཡི་རིས་རྣམས་དང་།། སུམ་ཅུ་རྩ་གསུམ་ལྷ་ཚོགས་རི་རབ་གནས། ། དེ་བཞིན་བྱང་ཆུབ་སེམས་དཔའ་དགར་གནས་ཏེ།། ཐམས་ཅད་མཁྱེན་ཉིད་ཐོབ་ནས་ཆོས་རྣམས་སྟོན།། འོད་སྲུངས་འདི་ལྟ་སྟེ་དཔེར་ན་བློན་པོས་ཡོངས་སུ་ཟིན་པའི་རྒྱལ་པོ་རྣམས་ནི་རྒྱལ་པོའི་བྱ་བ་ཐམས་ཅད་བྱེད་དོ། ། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་ཤེས་རབ་ཀྱང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཐོན་པོར་ལྡན་པའི་རྒྱལ་པོ་རྣམས།། བྱ་བ་ཐམས་ཅད་རྟག་ཏུ་བྱེད་པ་ལྟར། ། ཐབས་ལྡན་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱང་།། སངས་རྒྱས་དོན་རྣམས་རྟག་ཏུ་བྱེད་པ་ཡིན།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྤྲིན་མེད་ཅིང་ནམ་ཐང་བའི་ནམ་མཁའ་ལ་ནི་ཆར་འབབ་པའི་རྒྱུ་མེད་དོ། ། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐོས་པ་ཉུང་བ་ལའང་དམ་པའི་ཆོས་ཀྱི་ཆར་འབབ་པའི་རྒྱུ་མེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྤྲིན་མེད་ནམ་ཐང་ནམ་མཁའ་ལ།། ཆར་འབབ་རྒྱུ་ནི་རྣམས་ཀྱང་མི་དམིགས་སོ།། དེ་བཞིན་བྱང་ཆུབ་སེམས་དཔའ་ཟོས་ཉུང་ལ།། ཆོས་སྟོན་ནམ་ཡང་དམིགས་པར་མི་འགྱུར་རོ། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྤྲིན་ཆེན་པོ་ལས་བྱུང་བའི་ཆར་གྱི་རྒྱུན་ནི་ལོ་ཏོག་ཐམས་ཅད་ལ་མངོན་པར་འབབ་བོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་། མང་དུ་ཐོས་པའི་ཆོས་ཀྱི་སྤྲིན་ལས་བྱུང་བའི་དམ་པའི་ཆོས་ཀྱི་ཆར་ཡང་སེམས་ཅན་ཐམས་ཅད་ལ་མངོན་པར་འབབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྤྲིན་ཆེན་གློག་དང་བཅས་པ་ལས།། ཆར་པ་འབབ་པས་ལོ་ཏོག་ངོམས་པར་བྱེད།། དེ་བཞིན་བྱང་ཆུབ་སེམས་དཔའ་དམ་ཆོས་ཀྱི།། སྤྲིན་བྱུང་ཆོས་རྒྱུན་སེམས་ཅན་ཚིམ་པར་བྱེད། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དུ་བྱུང་བ་དེར་རིན་པོ་ཆེ་སྣ་བདུན་ཡང་འབྱུང་ངོ་།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དུ་བྱུང་བ་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་དག་ཀྱང་འབྱུང་ངོ་། ། དེ་ལ་འདི་སྐད་ཅེས་བྱ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གར་བྱུང་བ།། དེར་ནི་དེ་ཡི་རིན་ཆེན་སྣ་བདུན་འབྱུང་། ། བྱང་ཆུབ་སེམས་དཔའ་གང་དུ་ཐུང་གྱུར་བ།། དེར་དེའི་བྱང་ཆུབ་ཡན་ལག་བདུན་པོ་འབྱུང་། འོད་སྲུངས་འདི་སྟེ་སྟེ། དཔེར་ན་གང་ན་ནོར་བུ་རིན་པོ་ཆེ་བེ་ནུན་འབྱུང་བའི་སྒོ་ཡོད་པ་དེ་ན། ཀར་ཤྲ་པ་ཎ་བརྒྱ་སྟོང་མང་པོ་འབྱུང་བའི་སྒོ་ཡོད་དོ།། འོད་སྲུངས་དེ་བཞིན་དུ་གང་ན་བྱང་ཆུབ་སེམས་དཔའ་འབྱུང་བའི་སྒོ་ཡོད་པ་དེ་ན། ཉན་ཐོས་དང་རང་སངས་རྒྱས་འབུམ་ཕྲག་མང་པོ་འབྱུང་བའི་སྒོ་ཡོད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་གང་དུ་ནོར་བུ་རིན་ཆེན་འབྱུང་།། དེར་ནི་ཀར་ཤ་པ་ཎ་མང་འབྱུང་ལྟར།། གང་དུ་རྫོགས་པའི་བྱང་ཆུབ་སེམས་འབྱུང་བ། ། དེར་ནི་ཉན་ཐོས་མང་པོ་འབྱུང་བར་འགྱུར།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་འདྲེས་པའི་ཚལ་དུ་ཞུགས་པ་རྣམས་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྣམས་ནི་མཚུངས་པར་གནས་སོ། ། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསམ་པ་དག་པའི་སྦྱོར་བའང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཐམས་ཅད་ལ་མཚུངས་པར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་འདྲེས་པའི་ཚལ་གནས་ལྷ་རྣམས་ཀྱི།། ལོངས་སྤྱོད་རྣམས་ནི་མཚུངས་པར་གནས་པ་ཡིན།། དེ་བཞིན་བསམ་དག་བྱང་ཆུབ་སེམས་དཔའ་ཡང་། ། སེམས་ཅན་རྣམས་ལ་རྟག་ཏུ་ལེགས་པར་སྦྱོར།། འོད་སྲུངས་འདི་ལྟ་སྟེ།། དཔེ་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ།། འོད་སྲུངས་དེ་བཞིན་དུ་ཡེ་ཤེས་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྔགས་ཡོངས་སུ་ཟིན་པའི་འདུག། སྐྱེ་བོ་རྣམས་ལ་ཉེས་པ་བྱེད་མི་ནུས།། དེ་བཞིན་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཅན།། ཉོན་མོངས་རྣམས་ཀྱིས་ལོག་ལྟུང་བྱེད་མི་ནུས།། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟོང་ཁྱེར་ཆེན་པོ་རྣམས་ཀྱི་ལུང་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང་། རྒུན་གྱི་ཞིང་དག་ལ་ཕན་པར་འགྱུར་བ་ཡིན་ནོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུང་གང་ཡིན་པ་དེའང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་འགྱུར་བ་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ།། དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད།། དེ་ནི་བུ་འམ་ཤིང་གི་ཞིང་ལ་ཕན། ། དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད།། དེ་ནི་རྒྱལ་བའི་ཆོས་ལ་ཕན་པ་བྱེད།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་འཕོང་རྩལ་མ་བསླབས་པ་ལས་མཚོན་ཐབས་སློབ་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཐོས་པ་ཉུང་བ་ལས་དམ་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། དཔྱོད་པ་དང་། དོན་འཛིན་པའི་ཤེས་པར་བལྟའོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སོ་མ་བཏང་བའི་སྣོད་རྣམས་ལ་ནི་རྫ་མཁན་གྱིས་མེ་ཆེན་པོ་གཏང་དགོས་སོ། ། འོད་སྲུངས་དེ་བཞིན་དུ་ཤེས་རབ་མ་སྨིན་པའི་སེམས་ཅན་རྣམས་ལའང་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆོས་ཀྱི་མེ་ཆེན་པོ་གཏང་དགྲོ་པར་བལྟའོ། ། འོད་སྲུངས་དེ་ལྟ་བས་ན།། བྱང་ཆུབ་སེམས་དཔའ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་ལ་སློབ་པར་འདོད་པས་ཚུལ་བཞིན་དུ་ཆོས་ལ་རབ་ཏུ་སྦྱོར་བར་བྱའོ།། འོད་སྲུངས་དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་ཆོས་ལ་རབ་ཏུ་སྦྱོར་བ་གང་ཞེ་ན། ། འདི་ལྟ་སྟེ། དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ།། འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་གང་ཞེ་ན། འོད་སྲུངས་གང་ལ་བདག་མེད་པར་སོ་སོར་རྟོག་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེས་མེད་པ་དང་། ཤེད་བུ་མེད་པར་སོ་སོར་རྟོག་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་གཟུགས་ལ་རྟག་པར་ཡང་སོ་སོར་མི་རྟོག། མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། འོད་སྲུངས་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། བདུ་བྱེད་རྣམ་པར་ཤེས་པ་ལ་གང་རྟག་པར་ཡང་སོ་སོར་མི་རྟོག། མི་རྟག་པར་སོ་སོར་མི་རྟོག་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་སའི་ཁམས་ལ་རྟག་པར་ཡང་སོ་སོར་མི་རྟོག། མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ལ་རྟག་པར་ཡང་སོ་སོར་མི་རྟོག། མི་རྟག་པར་ཡང་སོ་སོར་མི་རྟོག་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བའོ། ། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོ་རྟོག་པ་ནི། གང་མིག་གིས་སྐྱེ་མཆེད་ལ་རྟག་པར་ཡང་སོ་ས་མི་རྟོག། མི་རྟག་པར་ཡང་སོ་སོར་མི་རྟོག་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་མཆེད་རྣམས་ལ་རྟག་པར་ཡང་སོ་སོར་མི་རྟོག། མི་རྟག་པར་ཡང་སོ་སོར་མི་རྟོག་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། ། འོད་སྲུངས་རྟག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ།། མི་རྟག་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ།། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། འོད་སྲུང་བདག་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ། ། བདག་མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ།། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི། དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། འོད་སྲུངས་སེམས་ཡང་དག་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ།། སེམས་ཡང་དག་པ་མ་ཡིན་པ་ཞེས་བྱ་བ་དེ་ནི་མཐའ་གཉིས་སོ། ། འོད་སྲུངས་གང་ན་སེམས་མེད་པ་དང་། སེམས་པ་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ཤེས་པ་མེད་པ་འདི་ནི། འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར། སོ་སོར་རྟོག་པ་ཞེས་བྱའོ།། དགེ་བ་དང་། མི་དགེ་བ་རྣམས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་རྣམས་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟད་པ་དང་བཅས་པ་དང་། བག་པ་མེད་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ།། འོད་སྲུངས་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་དེ་ནི་མཐའ་གཅིག་གོ།། རྣམ་པར་བླང་བ་ཞེས་བྱ་བ་དེ་ནི་མཐའ་གཉིས་སོ། ། མཐའ་དེ་གཉིས་ཁས་མི་ལེན་ཅིང་། མི་རྗོད་མི་སྨྲ་བ་གང་ཡིན་པ་འདི་ནི། འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། འོད་སྲུངས་ཡོད་ཅེས་བྱ་བ་དེ་ནི་མཐའ་གཅིག་གོ། མེད་ཅེས་བྱ་བ་དེ་ནི་མཐའ་གཉིས་སོ།། དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི། དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་པའོ། ། འོད་སྲུངས་འཁོར་བ་ཞེས་བྱ་བ་དེ་ནི་མཐཱ་གཅིག་གོ།། མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་མཐའ་གཉིས་སོ།། དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། ། འོད་སྲུངས་གང་ཡང་ངས་ཁྱེད་རྣམས་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེ་བའི་རྐྱེན་གྱི་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ། ། མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགགས་པས་ལེན་པ་བགག། ལེན་པ་བགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པ་འགྱུར་རོ་ཞེས་བསྟན་པ་དེ་ལ། འོད་སྲུངས་རིག་པ་དང་མ་རིག་པ་དེ་དག་གཉིས་མ་ཡིན་ཞིང་རྣམ་པ་གཉིས་སུ་དབྱེར་མེད་དེ། འོད་སྲུངས་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། དེ་བཞིན་དུ་འདུ་བྱེད་རྣམས་དང་འདུས་མ་བྱས་དང་། རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་འགག་པ་དང་། མིང་དང་གཟུགས་དང་། མིང་དང་གཟུགས་འགག་པ་དང་། སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་འགག་པ་དང་། རེག་པ་དང་།། རེག་པ་འགག་པ་དང་། ཚོར་བ་དང་། ཚོར་བ་བགག་པ་དང་། སྲེད་པ་དང་། སྲེད་པ་འགག་པ་དང་། ལེན་པ་དང་། ལེན་པ་འགག་པ་དང་། སྲིད་པ་དང་། སྲིད་པ་འགག་པ་དང་། སྐྱེ་བ་དང་། སྐྱེ་བ་བགག་པ་དང་། རྒ་ཤི་དང་། རྒ་ཤི་འགག་པ་དེ་དག་གཉིས་མ་ཡིན་ཞིང་། རྣམ་པ་གཉིས་སུ་དབྱེར་མེད་དེ། འོད་སྲུངས་འདི་ལ་ཤེས་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། ། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པ་དང་། གང་མངོན་པར་འདུ་བྱེད་པ་མེད་པས། ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང་། གང་མ་སྐྱེས་པས་ཆོས་རྣམས་མ་སྐྱེས་པར་མི་བྱེད་དེ་ཆོས་རྣམས་ཉིད་མ་སྐྱེས་པ་དང་། གང་མཟུང་བས་ཆོས་རྣམས་མཐུང་བར་མི་བྱེད་དེ། ཆོས་རྣམས་ཉིད་མཐུང་བ་དང་། གང་ངོ་བོ་ཉིད་མེད་པས་ཆོས་རྣམས་ངོ་བོ་ཉིད་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་ངོ་བོ་ཉིད་མེད་པར་གང་དག་དེ་ལྟར་སོ་སོར་རྟོག་པ་དེ་ནི། འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ།། ཡང་འོད་སྲུངས་གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི། སྟོང་པ་ཉིད་སྟོང་པའོ།། འོད་སྲུངས་སྔོན་གྱི་མཐའ་སྟོང་པ། ཕྱི་མའི་མཐའ་སྟོང་པ། ད་ལྟར་བྱུང་བ་སྟོང་པ་སྟེ། སྟོང་པ་ཉིད་ལ་རྟོན་པར་བྱའི། གང་ཟག་ལ་མ་ཡིན་ནོ།། འོད་སྲུངས་གང་དག་སྟོང་པ་ཉིད་དུ་དམིགས་པས། སྟོང་པ་ཉིད་ལ་རྟོན་པ་དེ་དག་ནི། ངས་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་རབ་ཏུ་ཉམས་ཤེས་བཤད་དོ།། འོད་སྲུངས་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་ལྟ་བར་གྱུར་པ་ཐམས་ཅད་ལས་བྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་ནད་པ་ཞིག་ཡོད་ལ། སྨན་པས་དེ་ལ་སྨན་བཏང་མས། སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ། སྨན་ལྟོན་འདུག་པ་དེ་ཉིད་མི་འབྱུང་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས། སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན། མི་དེའི་ཐོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྨན་པས་ནད་ནི་བསལ་བའི་ཕྱིར།། མི་ཞིག་ལ་ནི་འཀྲུ་སྨན་བཏང་བ་ལས།། ནད་རྣམས་བསྐྱོད་ནས་འཁྲུས་པར་མ་གྱུར་ན།། དེ་ཡི་གཞི་ལས་ནད་ནི་སོས་མི་འགྱུར། ། དེ་བཞིན་ལྟ་བ་ཐིབས་པོར་གནས་པ་ལས།། འབྱུང་བའི་མཆོག་ནི་སྟོང་པ་ཉིད་ཡིན་ན།། གང་ཞིག་སྟོང་པ་ཁོ་ནར་ལྟར་གྱུར་པ།། དེ་ནི་གསོར་མི་རུང་ཞེས་རྒྱལ་བས་གསུངས།། འོད་སྲུངས་འདི་ལྟ་། དཔེར་ན་མིས་ལ་ཞིག་ནས་མཁས་འཇིགས་སྨྲག་ནས་ཟང་རྡུང་ཞིང་དུསྟེ།། ནམ་མཁའ་འདི་གོས་ནམ་མཁའ་འདི་གྲོལ་ཅེས་དེ་སྐད་ཅེས་ཟེར་ན། འོད་གྲངས་འདས་སྙམ་དུ་སེམས། ནམ་མཁའ་དེ་བསལ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དེ་རྔོ་མི་ཐོགས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་གང་དག་སྟོང་པ་ཉིད་ཀྱིས་སྐྲག། རབ་ཏུ་སྡུག་ན། དེ་དག་ནི་སེམས་འཁྲུགས་པ་ཆེན་པོར་འགྱུར་རོ་ཞེས་ངས་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན། འོད་སྲུངས་དེ་དག་ནི་སྟོང་པ་ཉིད་ལ་སྤྱོད་ལ། དེ་ཉིད་ཀྱིས་སྐྲག་པའི་ཕྱིར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ནམ་མཁས་འཇིགས་པས་ཉེན་པའི་མི།། ཐུན་པོ་ནམ་མཁའ་འདི་ནི་སོལ་ཞེས་ཟེར།། ནམ་མཁའ་བསལ་བར་ནུས་པ་མ་ཡིན་ཡང་།། རྨོངས་པས་བྱིས་པ་དགུ་ནི་དེ་སྐད་སྨྲ། ། དེ་བཞིན་དགེ་སྦྱོང་བྲམ་ཟེ་གང་དག་ཅིག།། སློང་པ་ཉིད་ཀྱིས་སྐྲག་ཅིང་སེམས་འཁྲུགས་པ།། བྱིས་པ་དེ་དག་སྟོང་པ་ཉིད་སྤྱོད་པ།། སྟོང་པ་ཉིད་ནི་གང་དུའང་ག་ནི་མི་ནུས། འོད་སྲུངས་འདི་། @དཔེར་ན་རི་མོ་མཁམ་ཤིག་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ནས། དེས་འཇིགས་སྐྲག་སྟེ་ཁས་བུབ་ཏུ་འགྱེལ་ནས་བརྒྱལ་བར་རྒྱུར་པ་དེ་བཞིན་དུ། འོད་སྲུངས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་བདག་ཉིད་ཀྱིས་བྱས་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་འཁོར་བ་ན་འཁོར་ཡང་ཆོས་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རི་མོ་མཁན་ཞིག་གིས། གནོད་སྦྱིན་འཇིགས་པའི་གཟུགས་བྱས་ནས། དེ་ཡིས་འཇིགས་ཏེ་ཁས་བུབ་ཏུ།། འགྱེལ་ནས་བརྒྱལ་བར་གྱུར་པ་ལྟར།། བྱིས་པ་སོ་སོའི་སྐྱེ་བོ་ཀུན། ། བདག་ཉིད་ཀྱིས་ནི་བྱས་པ་ཡི།། གཟུགས་སྒྲ་ལ་སོགས་རྨོངས་གྱུར་ནས།། འགྲོ་བ་དྲུག་ཏུ་འཁྱམས་པར་འགྱུར།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་སྒྱུ་མ་མཁན་ཞིག་གིས་སྒྱུ་མ་སྤྲུལ་ནས། སྤྲུལ་པ་ངེས་སྒྱུ་མ་མཁན་དེ་ཉིད་ཟོས་པ་དེ་བཞིན་དུ། འོད་སྲུངས་དགེ་སློང་རྣལ་འབྱོར་སྤྱོད་པའང་གང་དང་གང་ཡིད་ལ་བྱེད་པ་དེ་ཐམས་ཅད་དེ་ལ་གསོག་ཏུ་སྣང་ངོ་།། གསོབ་དང་། སྟོང་པ་དང་། སྙིང་པོ་མེད་པ་ཉིད་དུ་སྣང་ངོ་།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྒྱུ་མ་མཁན་གྱིས་མངོན་སྤྲུལ་པ།། སྒྱུ་མ་བྱས་པ་དེ་ཡིས་དེ་ཟོས་ལྟར།། རྣལ་འབྱོར་པས་ནི་ཡིད་ལ་གང་བྱེད་པ།། དེ་ནི་དེ་ལ་གསོབ་དང་གསོག་ཏུ་སྣང་། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུལ་པ་དེ་ལས་མེ་བྱུང་སྟེ། བྱུང་ནས་ཤིང་དེ་གཉིས་སྲེག་པ་དེ་བཞིན་དུ།། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུལ་བ་ལས་ཨེ་བྱུང་ནས་ནི། དེ་ཉིད་སྲེག་པར་བྱེད།། དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་།། སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མར་མེ་བུས་ན་མུན་པ་མུན་ནག་ཐམ་ཅད་མེད་པར་འགྱུར་ཡང་། མུན་པ་མུན་ནག་དེ་གང་ནས་ཀྱང་འོང་བ་འམ་འགྲོ་བ་མེད་དེ། ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་འང་འགྲོ་བ་འམ་འོང་བ་མེད་དོ།། ཡང་བོད་སྲུངས་མར་མེ་དེ་འདི་སྙམ་དུ་བདག་གིས་མུན་པ་མུན་ནག་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་མར་མེ་ལ་བརྟེན་ནས། མུན་པ་མུན་ནག་མེད་པར་འགྱུར་རོ།། འོད་སྲུངས་དེ་ལ་མར་མེ་གང་ཡིན་པ་དང་། མུན་པ་མུན་ནག་གང་ཡིན་པ་དེ་གཉིས་ཀ་སྟོང་པ་སྟེ། གཟུང་དུ་མེད་ཅིང་བྱེད་པ་མེད་དོ།། འོད་སྲུངས་དེ་བཞིན་དུ་ཡེ་ཤེས་སྐྱེས་ན་མི་ཤེས་པ་མེད་པར་འགྱུར་ཡང་། མི་ཤེས་པ་དེ་གང་ནས་ཀྱང་འོང་བའམ་འགྲོ་བ་མེད་དེ། ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུའང་འགྲོ་བ་འམ་འོང་བ་མེད་དོ།། ཡང་འོད་སྲུངས་ཡེ་ཤེས་ཀྱང་འདི་སྙམ་དུ་བདག་གིས་མི་ཤེས་པ་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ཡེ་ཤེས་ལ་བརྟེན་ནས་མི་ཤེས་པ་མེད་པར་འགྱུར་རོ། ། འོད་སྲུངས་དེ་ལ་ཡེ་ཤེས་གང་ཡིན་པ་དང་། མི་ཤེས་པ་གང་ཡིན་པ་དེ་གཉིས་ཀ་སྟོང་པ་སྟེ། གཟུང་དུ་མེད་ཅིང་བྱེད་པ་མེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྒྲོན་མས་མུན་པ་མུན་ནག་ཀུན། ། མེད་པར་གྱུར་ཀྱང་འོང་བ་འམ་འགྲོ་བ་མེད།། དེ་བཞིན་ཤེས་བྱུང་མི་ཤེས་མེད་གྱུར་ཀྱང་།། དེ་ནི་གང་ནས་འོང་བ་འམ་འགྲོ་བ་མེད།། སྒྲོན་མས་མུན་པ་བསལ་སྙམ་མི་སེམས་ཀྱང་། ། སྣང་བ་བྱུང་ནས་མུན་པ་མེད་པར་འགྱུར།། སྟོང་པ་གཟུང་མེད་ནམ་མཁའི་མེ་ཏོག་འདྲ།། དེ་བཞིན་ཡེ་ཤེས་མི་ཤེས་གཉིས་ཀ་སྟོང་།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཁྱིམ་མམ། ཁང་པ་འམ། ཁང་ཕྲན་ལོ་འབུམ་འདས་པར་སུས་ཀྱང་ལན་འགའ་ཡང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མར་མེ་བུས་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། མུན་པ་མུན་ནག་དེ་འདི་སྙམ་དུ་བདག་ནི་ལོ་འབུམ་དུ་བསགས་པ་ཡིན་ཏེ། བདག་འདི་ནས་མི་འགྲོའོ་སྙམ་དུ་སེམས་སམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་སེམས་ལགས་ཏེ། མར་མེ་བུས་ན་མུན་པ་མུན་ནག་ལ་མི་འཆི་བའི་མཐུ་མ་མཆིས་ཀྱི། གདོན་མི་འཚལ་བར་མ་མཆིས་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ལས་དང་ཉོན་མོངས་པ་བསྐལ་པ་འབུམ་དུ་བསགས་པའང་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་མེད་པར་འགྱུར་རོ། ། འོད་སྲུངས་མར་མེ་ཞེས་བྱ་བ་དེ་ནི་འཕགས་པའི་ཤེས་རབ་ཀྱི་དབང་པོའི་ཚིག་བླ་དགས་སོ།། འོད་སྲུངས་མུན་པ་མུན་ནག་ཅེས་བྱ་བ་དེ་ནི་འཕགས་པ་མ་ཡིན་པའི་ལས་དང་ཉོན་མོངས་པའི་ཚིག་བླ་དགས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཁྱིམ་དུ་མི་འགའ་ལ་ལ་ཡིས།། རིང་ཞིག་ལོན་ནས་མར་མེ་བུས་བྱས་ན།། དེ་ལ་མུན་པ་བདག་གནས་རིང་ལོན་གྱིས། ། འདི་ནས་མི་འགྲོ་སྙམ་དུ་སེམས་པ་མེད།། མར་མེ་ཕྱུང་ནས་མུན་པ་མུན་ནག་ལ།། མེད་པར་མི་འགྱུར་བ་ཡི་ནུས་མེད་དེ།། མར་མེ་བརྟེན་ནས་མུན་པ་མེད་པར་འགྱུར།། གཉིས་ཀ་སྟོང་པ་རློམ་སེམས་ཅི་ཡང་མེད། ། དེ་བཞིན་ཟག་མེད་འཕགས་པའི་ཡེ་ཤེས་བརྟེན།། མི་ཤེས་ཉོན་མོངས་བསགས་པ་མེད་པར་འགྱུར།། ཡེ་ཤེས་དང་ནི་ཉོན་མོངས་རྟག་པར་ཡང་།། དེ་དག་ལན་འགའ་ཙམ་ཡང་འགྲོགས་པ་མེད། ། ཡེ་ཤེས་མི་ཤེས་མེང་བྱ་མི་སེམས་ཀྱང་།། ཡེ་ཤེས་བརྟེན་ནས་མི་ཤེས་མེད་པར་འགྱུར།། གཉིས་ཀ་གཟུང་མེད་ནམ་མཁའི་མེ་ཏོག་བཞིན།། དེ་བཞིན་ཡེ་ཤེས་མི་ཤེས་གཉིས་ཀ་སྟོང་། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་ས་བོན་རྣམས་མི་སྐྱེའོ།། འོད་སྲུངས་དེ་བཞིན་དུ་གང་འདུས་མ་བྱས་ལས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ནི་མ་བྱུང་། མི་འབྱུང་ངོ་།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མཁའ་ལས་ས་བོན་སྐྱེ་བ་ནི།། འདས་དང་མ་འོངས་པ་དང་ད་ལྟར་མེད།། དེ་བཞིན་འདུས་མ་བྱས་ལས་སངས་རྒྱས་ཆོས།། སྐྱེ་བ་གང་དུའང་མ་བྱུང་འབྱུང་མི་འགྱུར། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ལུད་ཀྱིས་གང་བའི་ས་ལ་ནི་ས་བོན་ཐམས་ཅད་སྐྱེའོ།། འོད་སྲུངས་དེ་བཞིན་དུ་ཉོན་མོངས་པའི་ལུང་ཀྱིས་གང་བ་འཇིག་རྟེན་གནས་པ་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམ་སྐྱེའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ལུང་བཅས་མཚན་དང་བཅས་པ་ལ།། ས་བོན་སྐྱེ་ཡི་དགོན་དུང་རྣམ་ན་མིན།། དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ། ། རྒྱལ་སྲས་རྣམ་ཀྱི་རྒྱལ་བའི་ཆོས་རྣམས་སྐྱེ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་འབྲོག་དགོན་པ་དགོན་དུང་རྣམཱན་ནི་པདྨ་མི་བྱའོ།། འོད་སྲུངས་དེ་བཞིན་དུ་གང་འདུས་མ་བྱས་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་བ་ནི་མ་བྱུང་མི་འབྱུང་ངོ་།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་པདྨ་ཆུ་རྫིང་རྣམས་ན་སྐྱེ།། དགོན་དུང་དག་ན་ནམ་ཀྱང་སྐྱེ་མི་འགྱུར། ། དེ་བཞིན་འདུས་མ་བྱས་ལ་སངས་རྒྱས་རྨོས།། སྐྱེ་བ་གང་དུའང་མ་བྱུང་འབྱུང་མི་འགྱུར།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ལུད་ཡོད་པའི་འདམ་རྫབ་ནས་པདྨ་སྐྱེའོ། ། འོད་སྲུངས་དེ་བཞིན་དུ་ཉོན་མོངས་པའི་ལུང་ཡོད་པའི་འདམ་རྫབ་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་རྣམས་སྐྱེའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ལུད་བཅས་པ་དམ་རྫབ་ཆུ་ལས་ནི།། པདྨ་སྐྱེ་ཡི་ཐང་ལས་ནམ་ཡང་མིན།། དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ།། རྒྱལ་སྲས་རྣམས་ཀྱི་རྒྱལ་བའི་ཆོས་ལ་སྐྱེ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བཞི་མར་གསར་གྱིས་ཡོངས་སུ་གང་བར་གྱུར་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་ལ་བལྟ་བར་བྱའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྒྱ་མཚོ་བཞི་པོ་མར་གསར་གྱིས། ། ཡོངས་གང་གཙང་ཞིང་ཀུན་ནས་ཡིད་དུ་འོང་།། དེ་བཞིན་བྱང་ཆུབ་སེམས་དཔའ་བདེ་གཤེགས་སྲས།། དགེ་བའི་ཀླུང་གིས་རྟག་ཏུ་གང་བར་བལྟ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་སྒྲ་ཚལ་པ་བརྒྱར་གཤེགས་པའི་རྩེ་མོས་རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་ཐིགས་པ་གཅིག་བླངས་པ་དེ་བཞིན་དུ། འོད་སྲུངས་ཉན་ཐོས་ཀྱི་དགེ་བའི་རྩ་བ་མངོན་པར་འདུས་བྱས་པ་བལྟ་བར་བྱའོ།། དེ་ལ་འདི་སྐད་བྱ་སྟེ། དཔེར་ན་ཆུ་ཡི་ཕུང་པོ་དེ་ལས་ནི།། སྒྲ་ཚལ་བརྒྱ་ཡི་རྩེ་མོས་ཐིགས་བླངས་པ།། དེ་བཞིན་ཉན་ཐོས་རྣམས་ཀྱིས་དགེ་བྱས་པའི།། དགེ་བ་དག་དང་ལྡན་པར་བལྟ་བར་བྱ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཡུངས་འབྲུ་སྲིན་བུས་ཟོས་པའི་ནང་གི་ནམ་མཁའ་བཞིན་དུ་ཉན་ཐོས་ཀྱི་འདུས་མ་བྱས་ཤེས་པ་བལྟ་བར་བྱའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཡུངས་འབྲུ་སྲིན་བུས་ཟོས་པ་ཡི།། ནང་གི་ནམ་མཁའ་དེ་ནི་ཆུང་བ་ཡིན། ། ཉན་ཐོས་འདུས་མ་བྱས་པ་ཤེས་པ་ཡང་།། དེ་བཞིན་ཆུད་ཞིང་ཤིན་ཏུ་ཆུང་བར་བལྟ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཕྱོགས་བཅུའི་ནམ་མཁའི་ཁམས་བཞིན་དུ་བྱང་ཆུབ་སེམས་དཔའི་འདུས་མ་བྱས་ཤེས་པ་བལྟ་བར་བྱའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན།། ནམ་མཁའི་ཁམས་ནི་སྒྲིབ་པ་མེད་པར་འདུག། བྱང་ཆུབ་སེམས་དཔའི་ཡེ་ཤེས་འདུས་མ་བྱས། ། འགྲོ་བ་ཀུན་གྱི་མཆོག་ཀྱང་དེ་ལྟར་བལྟ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་བཙུན་མོ་དམ་པ་སྐྱེས་པ་དབུལ་པོ་དང་ཉལ་ནས། ཕྱིས་དེ་ལས་བུ་བྱུང་བར་གྱུར་ན། བོད་སྲུངས་འདི་ཇི་སྙམ་དུ་སེམས། དེ་རྒྱལ་པོའི་བུ་ཞེས་བྱ་བ་འམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་། བཀའ་སྩལ་པ། འོད་སྲུངས་དེ་བཞིན་དུ་ངའི་ཉན་ཐོས་རྣམས་ཆོས་ཀྱི་དབྱིངས་ལས་སྐྱེས་མོད་ཀྱི། དེ་དག་དེ་བཞིན་གཤེགས་པའི་སྲས་དབང་བསྐུར་བའི་འོས་ཤེས་མི་བྱའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྒྱལ་པོའི་བཙུན་མོ་ཡིད་འོང་མ།། སྐྱེས་པ་དབུལ་པོ་དང་ནི་ཉལ་གྱུར་ཏེ།། དེ་ཕྱིར་དེ་ལ་བུ་བྱུང་གང་ཡིན་པ།། དེ་ནི་རྒྱལ་པོའི་བུ་མིན་དབང་བསྐུར་མིན།། དེ་བཞིན་ཉན་ཐོས་འདོད་ཆགས་བྲལ་གྱུར་པ། ། དེ་དག་དབུ་དབང་བསྐུར་འོས་མ་ཡིན།། འདི་ལྟར་དེ་དག་བདག་ལ་ཕན་ཕྱིར་བརྩོན།། བདག་གཞན་གཉིས་ཀའི་དོན་བྱེད་སངས་རྒྱས་སྲས།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་བྲན་མོ་ངན་པ་དང་ཉལ་བ་དེ་ལས་དེའི་བུ་བྱུང་ན། འོད་སྲུངས་དེ་བྲན་མོ་ངན་པ་ལས་བྱུང་དུ་ཟིན་ཀྱང་། དེ་ལ་རྒྱལ་པོའི་སྲས་ཞེས་བྱའོ།། འོད་སྲུངས་ད་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་འཁོར་བ་ན་འཁོར་ཞིང་སེམས་ཅན་རྣམས་འདུལ་བའི་མཐུ་མ་ཐོབ་ཏུ་ཟིན་ཀྱང་། དེ་ནི་དེ་བཞིན་གཤེགས་པའི་སྲས་ཞེས་བྱའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་འཁོར་ལོས་སྒྱུར་བ་བྲན་མོ་དང་།། ཉལ་བར་གྱུར་པ་དེ་ལས་བུ་བྱུང་བ།། བྲན་མོ་ལས་ནི་བྱུང་བར་གྱུར་ཀྱང་དེ།། རྒྱལ་པོའི་སྲས་ཤེས་འཇིག་རྟེན་ཟེར་བ་ལྟར།། བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ།། སྲིད་པ་གསུམ་ན་འཁོར་ཞིང་མཐུ་རླུང་སྟེ།། སྦྱིན་དང་ཐབས་ཀྱིས་སེམས་ཅན་མི་འདུལ་ཡང་།། སེམས་ཅན་དག་པ་རྒྱལ་བའི་སྲས་ཤེས་བྱ།། ། བམ་པོ་གཉིས་པ་སྟེ་ཟ་མའོ།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བུ་གཞོན་ནུ་སྟོབས་ཆེ་ཞིང་མགྱོགས་པའི་ཤུགས་དང་ལྡན་པ། མཐུ་རྙེད་པ་སྟོང་ཡོད་པར་གྱུར་ལ། དེ་དག་གང་ཡང་འཁོར་ལོས་སྒྱུར་བའི་མཚན་དང་། མི་ལྡན་ན། དེ་དག་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་སུ་འདུ་ཤེས་མི་སྐྱེད་པ་དེ་བཞིན་དུ། འོད་སྲུངས་དེ་བཞིན་གཤེགས་པའི་ཞམ་རིང་བ་ཉན་ཐོས་བྱེ་བ་བརྒྱ་སྟོང་དེ་དག་གང་ཡང་བྱང་ཆུབ་སེམས་དཔར་མ་གྱུར་ན། དེ་དག་ལ་དེ་བཞིན་གཤེགས་པའི་སྲས་སུ་འདུ་ཤེས་མི་བསྐྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་བདག་རྒྱལ་པོའི་སྲས་སྟོང་པོ།། འགའ་ཡང་བུ་ཡི་མཚན་དང་མི་ལྡན་ན།། དེ་ཕྱིར་དེ་དག་གཅེས་བྱེད་མི་ནུས་པས། ། དེ་ལ་མི་མཆོག་བུ་ཡི་འདུ་ཤེས་མེད།། དེ་བཞིན་སངས་རྒྱས་ཞམ་འབྲིང་བྱེ་བ་མང་།། འགའ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་ན།། དེ་ན་བྱང་ཆུབ་སེམས་དཔའ་འགབ་མེད་ཕྱིར།། དེ་ལ་བདེ་གཤེ་སྲས་སུ་དགོངས་མི་མཛད། འོད་སྲུངས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་ཆགས་ནས་ཞག་བདུན་ལོན་ཏེ། འབྱུང་བ་ཆེན་པོ་མེར་མེར་པོར་འདུག་ཀྱང་ཤིན་ཏུ་སྟོབས་དང་ལྡན་པས། དེ་ལ་ལྷ་རྣམས་རེ་བ་སྐྱེད་ཀྱི། གཞོན་ནུ་སྟོབས་ཆེ་ལ་མགྱོགས་པའི་ཤུགས་དང་ལྡན་ཞིང་མཐུ་རྙེད་པ་དེ་དག་ལ་ནི་མ་ཡིན་ན་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཁོར་ལོས་སྒྱུར་བའི་རིགས་མི་འཆད་པར་གནས་པའི་ཕྱིར་རོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་དབང་པོ་ཡོངས་སུ་མ་སྨིན་པ། ཉོན་@མོངས་པའི་འབྱུང་བ་ཆེན་པོ་མེར་མེར་པོར་གྱུར་པ། འཁོར་བ་ན་འཁོར་ཞིང་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པའང་ཤིན་ཏུ་སྟོབས་དང་ལྡན་པས། དེ་ལ་སྔོན་སངས། རྒྱས་མཐོང་བའི་ལྷ་རྣམས་རེ་བསྐྱེད་ཀྱི། དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དེ་དག་ལ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་ཀྱི་གདུང་མོ་འཆད་པར་གནས་པའི་ཕྱིར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་བཙུན་མོ་མཆོག། དེ་མངལ་བསོད་ནམས་མཚན་ལྡན་སེམས་ཅན་ཆགས།། སྟོབས་དང་ལྡན་པས་ལྷ་རྣམས་རེ་བསྐྱེད།། གཞོན་ནུ་མཐུ་ཐོབ་རྣམས་ལ་མ་ཡིན། ལྟར།། བྱང་ཆུབ་སེམས་དཔའ་རྩེ་གཅིག་སེམས་གནས་ཤིང་།། འཁོར་བར་གནས་ཏེ་བྱང་ཆུབ་ཚོལ་བྱེད་པ།། དེ་ལ་ལྷ་དང་ཀླུ་རྣམས་རེ་བ་སྐྱེད།། རྣམ་ཐར་བརྒྱད་པོ་བསམ་གཏན་བྱེད་ལ་མིན།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་བཻ་ཌཱུན་གཅིག་གིས་མཆིང་བུའི་ནོར་བུའི་ཕུང་པོ་རི་རབ་ཙམ་ཟིལ་གྱིས་གནོན་ཏོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པས་ཀྱང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་འོད་གསལ་རིན་ཆེན་བཻ་ཌཱུརྨས།། མཆིང་བུའི་ནོར་བུ་མང་པོ་ཟིལ་གྱིས་གནོན།། བྱང་ཆུབ་སེམས་དཔའ་ཐོག་མར་སེམས་བསྐྱེད་པས། ། ཉན་ཐོས་སྟོང་ཡང་དེ་ལྟར་ཟིལ་གྱིས་གནོན། འོད་སྲུངས་འདི་ལྟ་སྟེ། དཔེར་ན་བྱ་ཀ་ལ་བིང་ཀའི་ཕྲུག་གུ་སྒོ་ངའི་སྦུབས་ན་འདུག་པ་མིག་མ་བྱེ་བའང་འདི་ལྟ་སྟེ། ཟབ་ཅིང་སྙན་པའི་སྒྲ་སྐད་ཀྱིས་བྱའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་མ་རིག་པའི་སྒོ་ངའི་སྦུབས་ན། འདུག་པ་ལས་དང་ཉོན་མོངས་པའི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་གིས་མིག་ཁེབས་པའང་འདི་ལྟ་སྟེ། དགེ་བའི་རྩ་བ་ཡོངས་སུ་སྔོ་བའི་སྦྱོར་བའི་སྒྲ་སྐད་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཏོ། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པ་ལས་གཞོན་ནུ་འཁོར་ལོས་སྒྱུར་བའི་མཚན་དང་ལྡན་པ་བཙས་མ་ཐག་ཏུ། ཚོང་དཔོན་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་ཐམས་ཅད་དང་། རྒྱལ་ཕྲན་ཐམས་ཅད་ཕྱག་འཚལ་བར་འགྱུར་རོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ལའང་ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚ་ལོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ས་བདག་ཆེན་པོ་རྒྱལ་པོ་ལ།། མཚན་གྱིས་ལུས་སྤྲས་བུ་ཞིག་ཡོད་གྱུར་ན།། གཞོན་ནུ་དེ་ནི་བཙས་པར་མཐོང་མ་ཐག། གྲོང་ཁྱེར་མི་དང་རྒྱལ་ཕྲན་ཐམས་ཅད་འདུད།། དེ་བཞིན་བྱང་ཆུབ་སེམས་ནི་བསྐྱེད་མ་ཐག། མཚན་ལྡན་རྒྱལ་བའི་སྲས་པོ་དེ་ལ་ནི།། ལྷ་དང་བཅས་པའི་འཇིག་རྟེན་ཕྱག་འཚལ་ཞིང་།། བའི་སེམས་ཀྱིས་ཤིན་ཏུ་གཅེས་པར་འཛིན།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་གངས་རི་ལ་སྨན་གང་དག་སྐྱེ་བ་དེ་དག་ཐམས་ཅད་ནི་ང་ཡིར་བྱ་བ་མེད། རིས་སུ་བཅད་པ་མེད། རྣམ་པར་རྟོག་པ་མེད་དེ། ནད་གང་ལ་བཏང་ཡང་ནང་དེ་རབ་ཏུ་ཞི་བར་བྱེད་དོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་སྨན་གང་ཡང་དག་པར་སྒྲུབ་པ་དེ་ཐམས་ཅད་རྣམ་པར་མི་རྟོག་པར་སྒྲུབ་ཅིང་། སེམས་ཅན་ཐམས་ཅད་ལ་སྙོམས་པའི་སེམས་ཀྱིས་གསོ་བར་རབ་ཏུ་སྦྱོར་རོ།། ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རི་རྒྱལ་གངས་ཀྱི་རི་བོ་ལ།། སྨན་སྐྱེས་དེ་དག་མི་རྟོག་ངར་འཛིན་མེད།། གང་ལ་བཏང་བ་དེ་ཀུན་ཞི་བར་བྱེད།། ཁ་ཅིག་ནད་དང་རྒ་བའང་སེལ་བར་བྱེད།། དེ་བཞིན་རྒྱལ་བའི་སྲས་པོ་ཤེས་སྨན། ། ཡང་དག་སྒྲུབ་པའང་རྣམ་པར་རྟོག་སྤངས་ནས།། སེམས་ཅན་ཕན་ཕྱིར་ཐམས་ཅད་ཡང་དག་སྒྲུབ།། སྙོམས་པའི་སེམས་ཀྱིས་སེམས་ཅན་གསོ་བར་བྱེད།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར། ཉལ་བ་ལ་ནི་མ་ཡིན་ནོ།། འོད་སྲུངས་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི།། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་།། དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམ་ཅད་བྱུང་ངོ་།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཟླ་བ་ཚེས་ལ་ཐམས་ཅད་ཕྱག་འཚལ་གྱི།། ཟླ་བ་ཉ་ལ་དེ་ལྟར་ཕྱག་མི་འཚལ།། དེ་བཞིན་གང་དག་ང་དང་དེ་དག་གིས།། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཕྱག་ཚོལ་ཅིག། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཡི་གེའི་ཕྱི་མོ་རྣམས་ནི་བསྟན་ཆོས་ཐམས་ཅད་འཛིན་པ་ཤེས་པའི་སྔོན་དུ་འགྲོའོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པའང་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་དང་། བྱིན་གྱིས་བརླབས་ཐམས་ཅད་བཛིན་པའི་ཡེ་ཤེས་བླ་ན་མེད་པའི་སྔོན་དུ་འགྲེའ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་བཏང་སྟེ། སུས་ཀྱང་སྐར་མའི་གཟུགས་ལ་ནེམ་ཡང་སྔོན་ཕྱག་མ་བྱས་སོ། ། འོད་སྲུངས་དེ་བཞིན་དུ་མཁས་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་བདག་ལ་ཕན་པ་དང་། གཞན་ལ་ཕན་པ་སྙིང་རྗེ་ཆེན་པོ་དང་ལྡན་པ་ངའི་བསླབ་པ་ལ་ཞུགས་པ་བཏང་སྟེ། ཉན་ཐོས་ལ་ནམ་ཡང་ཕྱག་མི་འཚལ་ལོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སུས་ཀྱང་ཟླ་བ་རྣམ་པར་སྤངས་ནས་སུ།། སྐར་མའི་ཚོགས་ལ་ནམ་ཡང་ཕྱག་མ་བྱས།། དེ་བཞིན་བསླབ་ལ་ཞུགས་པ་ནམ་དུ་ཡང་ངསྲས་བཏང་སྟེ་ཉན་ཐོས་ཕྱག་མི་འཚལ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆིང་བུའི་ནོར་བུ་བྱི་ངོར་བྱས་ཀྱང་། མཆིང་བུའི་ནོར་བུ་ནམ་ཡང་ནོར་བུ་རིན་པོ་ཆེ་བཻཌཱུརྨར་མི་འགྱུར་རོ། ། འོད་སྲུངས་དེ་བཞིན་དུ་ཉན་ཐོས་ཚུལ་ཁྲིམས་དང་། བསླབ་པ་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་དང་། ཏིང་ངེ་འཛིན་ཐམས་ཅད་དང་ལྡན་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནམ་ཡང་མི་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས།། མཚང་བུའི་ནོར་བུ་བྱི་དོར་བྱས་ཀྱང་ནི། ། མཆིང་བུ་དག་སྟེ་བཻ་ཌཱུཪྻར་མི་འགྱུར།། འདི་འདྲ་དེ་ཉིད་དེ་ཡི་རང་བཞིན་ཡིན།། དེ་བཞིན་ཉན་ཐོས་ཁྲིམས་དང་ཐོས་པ་དང་།། བསམ་གཏན་ལྡན་ཞིང་སྦྱངས་པ་ཀུན་ལྡན་ཡང་།། བྱང་ནུབ་སྙིང་པོར་འདུག་སྟེ་བདུད་བཏུལ་ནས། བྱང་ཆུབ་རེག་སྟེ་བདེ་གཤེགས་འགྱུར་བ་མེད། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་བཻ་ནྡན་གྱི་དོར་བྱས་ན། དེཀར་ཤ་པ་ཎ་བརྒྱ་སྟོང་མང་པོ་འབྱུང་བའི་སྒོར་འགྱུར་རོ།། འོད་སྲུངས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་བྱི་དོར་བྱས་ན། དེ་ཉན་ཐོས་དང་རང་སངས་རྒྱས་བརྒྱ་སྟོང་མང་པོ་འབྱུང་བའི་སྒོར་འགྱུར་རོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རིན་ཆེན་བཻ་ཌཱུཪྻ་ནི་སྦྱངས་བྱས་ན། ཀར་ཤ་པ་ཎ་མང་པོ་འབྱུང་བར་འགྱུར།། དེ་བཞིན་སངས་རྒྱས་སྲས་ཀྱི་སྦྱངས་བྱས་ན།། ཉན་ཐོས་མང་པོ་འབྱུང་བའི་སྒོར་འགྱུར་རོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུངས་ཡུལ་གང་དུ་སྲིན་བུ་རྔ་མོ་དུད་ཀ་ཞེས་བྱ་བ་མགོ་ནག་གན་རྒྱལ་དུ་ཉལ་བ་བྱུང་ན། ཡུལ་དེ་འཇིགས་པ་དང་བཅས། འཚེ་བ་དང་བཅས། ཉེ་བའི་ཉོན་མོངས་པ་དང་བཅས། འཁྲུགས་པ་དང་བཅས་པར་འགྱུར་རོ།། འོད་སྲུངས་གལ་ཏེ་ཡུལ་དེར་བྱང་ཆུབ་སེམས་དཔའ་བྱུང་ན། ཡུལ་དེ་འཇིགས་པ་མེད་པ་དང་། འཚེ་བ་མེད་པ་དང་། ཉེ་བའི་ཉོན་མོངས་པ་མེད་པ་དང་། འཁྲུག་པ་མེད་པར་འགྱུར་རོ།། འོད་སྲུངས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དོན་ལ་བརྩོན་པར་བྱ་སྟེ། དེ་དགེ་བའི་རྩབ་ཐམས་ཅད་ཡང་དག་པར་བསྒྲུབ་པར་བྱའོ།། དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་ནས། སེམས་ཅན་ཐམས་ཅད་ལ་གཏང་བར་བྱའོ།། ཡེ་ཤེས་ཀྱི་སྨན་གང་ཚོལ་བ་དེས་ཕྱོགས་བཞིར་སོང་སྟེ། སེམས་ཅན་རྣམས་ལ་ཡང་དག་པའི་གསོ་བ་བྱའོ།། ཡང་དག་པའི་གསོ་བའི་སེམས་ཅན་རྣམས་གསོ་བར་བྱའོ།། འོད་སྲུངས་དེ་ལ་ཡང་དག་པའི་གསོ་བ་གང་ཞེས་ན། འདི་ལྟ་སྟེ། འདོད་ཆགས་ལ་མི་སྡུག་པ་དང་། ཞེ་སྡང་ལ་བྱམས་པ་དང་། གཏི་མུག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ལྟ་བར་གྱུར་པ་ཐམས་ཅད་ལ་སྟོང་པ་ཉིད་དང་། རྟོག་པ་དང་། རྣམ་པར་རྟོག་པ་དང་། མཚན་མའི་དམིགས་པ་ཡིད་ལ་བྱེད་པ་ཐམས་ཅད་ལ་མཚན་མ་མེད་པ་དང་། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་ལ་གནས་པ་སྤང་བའི་ཕྱིར། སྨོན་པ་མེད་པ་དང་། ཕྱིན་ཅི་ལོག་ཐམས་ཅད་སྤང་བའི་ཕྱིར། ཕྱིན་ཅི་མ་ལོག་པ་བཞི་སྟེ། བཞི་གང་ཞེ་ན། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། བདག་མེད་པ་ལ་བདུག་ཏུ་འདུ་ཤེས་པ་ལ་ཆོས་ཐམས་ཅད་ལ་བདག་མེད་པ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་ལ་མྱ་ངན་ལས་འདས་པ་ཞི་བས་གསོ་བ་དང་། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་གནས་པ་རྣམས་ལ་དྲན་པ་ཉེ་བར་གཞག་པ་བཞི་སྟེ། དེ་ལ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་། ལུས་ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བ་དང་། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་། ཚོར་བའི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བ་དང་། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་། སེམས་ཀྱི་རྫས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བ་དང་། ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཅན་དུ་གནས་ཀྱང་། ཆོས་ཀྱི་རྗེས་སུ་ལྟ་བས་བདག་ཏུ་ལྟ་བར་མི་ལྟུང་བས་གསོ་དང་། ཡང་དག་པར་སྤོང་བ་བཞིས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིས་ནི་ལུས་དང་སེམས་ལ་རོལ་པོར་འཛིན་པ་འདོར་བར་འགྱུར་བ་དང་། དབང་པོ་ལྔ་དང་། སྟོབས་ལྔས་ནི་མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མེད་པ་རྣམས་གསོ་བ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ནི་ཆོས་ལ་ཤིན་ཏུ་རྨོངས་ཤིང་མི་ཤེས་པ་གསོ་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་ནི་འཚལ་བའི་ཤེས་རབ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། ལམ་ངན་པར་ཞུགས་པ་རྣམས་གསོ་བ་སྟེ། འོད་སྲུངས་འདི་ནི་ཡང་དག་པའི་གསོ་བ་ཞེས་བྱའོ། ། འོད་སྲུངས་བྱང་ཆུབ་སེམས་དཔས་གསོ་བ་འདི་ལ་བསླབ་པར་བརྩོན་པར་བྱའོ།། འོད་སྲུངས་འཛམ་བུའི་གླིང་ན་སྨན་པ་དང་། སྨན་པའི་སློབ་མ་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་འཚེ་བྱེད་ནི་མཆོག་ཅེས་བྱའོ། ། འོད་སྲུངས་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྨན་པའི་རྒྱལ་པོ་འཚེ་བྱེད་དང་འདྲ་བར་གྱུར་ཀྱང་། དེ་དག་ལ་ལ་ལ་ཞིག་གིས་ལྟ་བ་དང་འགྱོད་པ་ལ་གནས་པ་གསོ་བའི་སྨན་གང་ཡིན་ཞེས་དྲིས་ན། དེ་དག་གིས་ཤེས་པ་འམ། བསྟན་པ་འམ། བསྒོ་བར་མི་ནུས་སོ།། འོད་སྲུངས་དེ་ལ་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བདག་ནི་འཇིག་རྟེན་གྱི་སྨན་གྱིས་ཆོག་པར་མི་བྱའི། བདག་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་ཡོངས་སུ་བཙལ་བར་བྱའོ།། དགེ་བའི་རྩ་བ་ཐམས་ཅད་ཀྱང་ལེགས་པར་ཡང་དག་པར་བསྒྲུབ་པར་བྱའོ་སྙམ་དུ་བརྟག་པར་བྱའོ།། དེ་ལྟར་བརྟགས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྨན་གང་ཚོལ་བ་དེས་ཕྱོགས་བཞིར་སོང་ལ། སེམས་ཅན་རྣམས་ལ་ཡང་དག་པའི་གསོ་བ་བྱ་སྟེ། ཡང་དག་པའི་གསོབས་སེམས་ཅན་རྣམ་གསོ་བར་བྱའོ།། འོད་སྤངས་དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་ཀྱི་སྨན་གང་ཞེ་ན། འདི་ལྟ་སྟེ། རྒྱ་རྐྱེན་ལ་འཇུག་པ་ཤེས་པ་དང་། བདག་མེད་པ་དང་། སེམས་རྐྱེན་མེད་པ་དང་། སྲོག་མེད་པ་དང་།། གསོ་བ་མེད་པ་དང་། གང་ཟག་མ་པའི་ཆོས་རྣམས་ལ་མོས་པའི་ཤེས་པ་དང་། སྟོང་པ་ཉིད་ཀྱི་མི་དམིགས་པའི་ཆོས་རྣམས་ལ་མི་སྡང་བ་དང་། སེམས་ཡོངས་སུ་ཚོལ་བའི་བརྩོན་འགྲུས་སོ།། དེ་འདི་ལྟར་ཡོངས་སུ་ཚོལ་ཏེ། འདོད་ཆགས་པར་འགྱུར། བ་འམ། ཞེ་སྡང་བར་འགྱུར་བ་འམ། གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན། ཅི་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་ཞིག་ཡིན་ནམ། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ།། མ་འོངས་པ་གང་ཡིན་པ་དེ་ནི་མ་ཕྱིན་པའོ།། ད་ལྟར་བྱུང་བ་ནི་གནས་པ་མེད་དོ་སྙམ་མོ།། འོད་སྲུངས་སེམས་ནི་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ།། འོད་སྲུང་སེམས་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ།། འོད་སྲུངས་སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས། གཟིགས་པར་མི་འགྱུར་རོ།། ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས། གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་བལྟ་ཞེ་ན། འོད་སྲུངས་སེམས་ནི་སྒྱུ་མ་དང་མཚུངས་ཏེ། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ། ། འོད་སྲུངས་སེམས་ནི་བབབ་ཆུའི་རྒྱུན་དང་མཚུངས་ཏེ། མི་གནས་པ་སྐྱེས་ནས་འཇིག་ཅིང་འཇུ་བའོ།། འོད་སྲུངས་སེམས་ནི་རླུང་དང་མཚུངས་ཏེ། རིང་དུ་འགྲོ་ཞིང་གཟུང་དུ་མེད་པར་རྒྱུ་བའོ།། བོད་སྲུངས་སེམས་ནི་མར་མེའི་འོད་འཕྲོ་བ་དང་མཚུངས་ཏེ། རྒྱུ་དང་རྐྱེན་ལས་འབྱུང་བའོ།། འོད་སྲུངས་སེམས་ནི་ནམ་མཁའ་དང་མཚུངས་ཏེ། ཉེ་བའི་ཉོན་མོངས་པ་གློ་བུར་བ་རྣམས་ཀྱིས་ཉེ་བར་ཉོན་མོངས་པའོ། ། འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ། སྐད་ཅིག་ཏུ་འཇིག་ཅིང་མི་གནས་པའོ།། འོད་སྲུངས་སེམས་ནི་སྒྱེའུ་དང་མཚུངས་ཏེ། ཡུལ་ཐམས་ཅད་འདོད་པའོ།། འོད་སྲུངས་སེམས་ནི་ལས་རྣམ་པ་སྣ་ཚོགས་མངོན་པར་འདུ་བྱེད་པའི་ཕྱིར། རི་མོ་མཁན་དང་མཚུངས་སོ།། འོད་སྲུངས་སེམས་ནི་ཉོན་མོངས་པ་ཐ་དད་པ་འབྱུང་བའི་ཕྱིར། མི་གནས་པའོ།། འོད་སྲུངས་སེམས་ནི་གཉིས་པ་མཚམས་སྦྱོར་བ་མེད་པའི་ཕྱིར། གཅིག་པུ་རྒྱུ་སྟེ་གཉིས་སུ་མེད་པའོ།། འོད་སྲུངས་སེམས་ནི་ཆོས་ཐམས་ཅད་ལ་དབང་བྱེད་པའི་ཕྱིར། རྒྱལ་པོ་དང་མཚུངས་སོ།། འོད་སྲུངས་སེམས་ནི་སྡུག་བསྔལ་ཐམས་ཅད་སྐྱེད་པའི་ཕྱིར། མི་མཛའ་པ་དང་མཚུངས་སོ།། འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར། བྱེ་མའི་ཁང་པ་དང་མཚུངས་སོ།། འོད་སྲུངས་སེམས་ནི་མི་རྟག་པ་ལ་རྟག་པར་འདུ་ཤེས་པའི་ཕྱིར། ཟིལ་པ་དང་མཚུངས་སོ།། འོད་སྲུངས་སེམས་ནི་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པའི་ཕྱིར། ཉའི་མཆིལ་པ་དང་མཚུངས་སོ།། འོད་སྲུངས་སེམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར། རྨི་ལམ་དང་མཚུངས་སོ།། འོད་སྲུངས་སེམས་ནི་མི་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིར། སྦྲང་མ་སྔོན་པོ་དང་མཚུངས་སོ།། འོད་སྲུངས་སེམས་ནི་གནོད་པ་རྣམ་པ་མང་པོ་བྱེད་པས། ཕྱིར་རྒོལ་བ་དང་མཚུངས་སོ།། འོད་སྲུངས་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར། གནོད་སྦྱིན་མདངས་འཕྲོག་པ་དང་མཚུངས་སོ།། བོད་སྲུངས་སེམས་ནི་རྟག་ཏུ་གླགས་ལྟ་བས། དང་མཚུངས་སོ།། འོད་སྲུངས་སེམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་ལྡན་པས། རྟག་པར་མཐོན་དམན་ཅན་ནོ།། འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་རྐུ་བས། ཆོམ་རྐུན་དང་མཚུངས་སོ།། འོད་སྲུངས་སེམས་ནི་གཟུགས་ལ་དགའ་བས། ཕྱི་བྱི་ཞོ་ལའི་མིག་དང་མཚུང་སོ།། འོད་སྲུངས་སེམས་ནི་སྒྲ་ལ་དགའ་བས། གཡུལ་གྱི་རྔ་དང་མཚུངས་སོ།། འོད་སྲུངས་སེམས་ནི་ཕག་མི་གཙང་བའི་དྲི་ལ་དགའ་བ་བཞིན་དུ་དྲི་ལ་དགའ་འོ། ། འོད་སྲུངས་སེམས་ནི་རོ་ལ་དགའ་བས། ཟས་ཀྱི་ལྷག་མ་ཟ་བའི་བྲན་མོ་དང་མཚུངས་སོ།། འོད་སྲུངས་སེམྦ་ནི་རེག་པ་ལ་དགའ་བས། སྦྲང་མ་འབྲུ་མར་གྱི་སྣོད་ལ་ཆགས་པ་དང་མཚུངས་སོ།། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དོ། ། གང་མི་རྙེད་པ་དེ་ནི་མི་དམིགས་པའོ།། གང་མི་དམིགས་པ་དེ་ནི་འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ནོ།། གང་འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དག་པར་འདས་པའོ།། གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པའང་མ་ཡིན། མེད་པའང་མ་ཡིན་ནོ།། གང་ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་དེ་ནི་མ་སྐྱེས་པའོ།། གང་མ་སྐྱེས་པ་དེ་ལ་ངོ་བོ་ཉིད་མེད་དོ།། གང་ངོ་བོ་ཉིད་མེད་པ་དེ་ལ་འབྱུང་བ་མེད་དོ།། གང་འབྱུང་བ་མེད་པ་དེ་ལ་འགག་པ་མེད་དོ། ། གང་འགག་པ་མེད་དེ་ལ་འབྲལ་བ་མེད་དོ།། གང་འབྲལ་བ་མེད་པ་དེ་ལ་འོང་བའང་མེད། འགྲོ་བའང་མེད། འཆི་འཕོའང་མེད། སྐྱེ་བའང་མེད་དོ།། གང་ལ་འོང་བའང་མེད།། འགྲོ་བའང་མེད། འཆི་འཕོའང་མེད། སྐྱེ་བའང་མེད་པ་དེ་ལ་འདུ་བྱེད་གང་ཡང་མེད་དོ།། གང་ལ་འདུ་བྱེད་གང་ཡང་མེད་པ་དེ་ནི་འདུས་མ་བྱས་པའོ།། གང་འདུས་མ་བྱས་པ་དེ་ནི་འཕགས་པ་རྣམས་ཀྱི། རིགས་སོ།། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་བསླབ་པའང་མེད། བསླབ་པ་ལས་འདས་པའང་མེད་དོ།། གང་ལ་བསླབ་པའང་མེད། བསླབ་པ་ལས་འདས་པའང་མེད་པ་དེ་ལ་རྒྱུ་བའང་མེད། མི་རྒྱུ་བའང་མེད། རབ་ཏུ་རྒྱུ་བའང་མེད་དོ།། གང་ལ་རྒྱུ་བའང་མེད། མི་རྒྱུ་བའང་མེད། རབ་ཏུ་རྒྱུ་བའང་མེད་པ་དེ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་དོ།། གང་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མེད་པ་དེ་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པའང་མེད་དོ།། གང་ལ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པའང་མེད་པ་དེ་ལ་བདེ་བའང་མེད། སྡུག་བསྔལ་ཡང་མེད་དོ།། གང་ལ་བདེ་བའང་མེད། སྡུག་བསྔལ་ཡང་མེད་པ་དེ་ནི།། འཕགས་པ་རྣམས་ཀྱི་རིགས་ཏེ། འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ནི། ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པའང་མེད་དོ།། གང་ལ་ལས་ཀྱང་མེད། ལས་མངོན་པར་འདུ་བྱེད་པའང་མེད་པའི་རིགས་དེ་ལ་ནི། ལུས་ཀྱི་ལས་བྱེད་པའང་མེད་དོ།། ངག་གིས་མ་ཡིན། ཡིད་ཀྱིས་མ་ཡིན་ནོ།། རིགས་དེ་ལས་མཐའ་མ་དང་། འབྲིང་དང་། མཆོག་ཏུ་རྣམ་པར་གཞག་པའང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་དེ་ནི་ནམ་མཁའ་དང་མཚུངས་པའི་ཕྱིར་མཉམ་པའོ།། རིགས་དེ་ནི་ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་ཁྱད་པར་མེད་པའོ།། རིགས་དེ་ནི་ལུས་དང་སེམས་དབེན་པའི་ཕྱིར་དབེན་པའོ།། རིགས་དེ་ནི་མྱ་ངན་ལས་འདས་པ་དང་མཐུན་པའོ། ། རིགས་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་བའི་ཕྱིར་དྲི་མ་མེད་པའོ།། རིགས་དེ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པས་ངའི་བ་མེད་པའོ།། རིགས་དེ་ནི།། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་མཉམ་པ་ལས་བྱུང་བ་སྟེ། མི་མཉམ་པ་མེད་པའོ།། རིགས་དེ་ནི་དོན་དམ་པའི་བདེན་པ་ཡིན་པས་བདེན་པའོ།། རིགས་དེ་ནི་གཏན་དུ་མི་སྐྱེ་བའི་ཕྱིར་མི་ཟད་པའོ།། རིགས་དེ་ནི།། རྟག་ཏུ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ཕྱིར་རྟག་པའོ།། རིགས་དེ་ནི་མྱ་ངན་ལས་འདས་པ་མཆོག་གི་ཕྱིར་བདེ་བའོ།། རིགས་དེ་ནི་རྣམ་པ་ཐམས་ཅད་དུ་དྲི་མ་མེད་པའི་ཕྱིར་དགེ་བའོ།། རིགས་དེ་ནི་བདག་ཡོངས་སུ་བརྩལ་ཏེ་མ་རྙེད་པའི་ཕྱིར་བདག་མེད་པའོ། ། རིགས་དེ་ནི་རབ་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པའོ།། འོད་སྲུངས་ནང་དུ་ཡོངས་སུ་ཚོལ་ལ་ཕྱི་རོལ་དུ་མ་རྒྱུ་གཅིག། འོད་སྲུངས་མ་འོངས་པའི་དུས་ན། དགེ་སློང་ཁྱི་རྡོ་ལ་སྙེག་པ་དང་མཚུངས་པ་དག་འབྱུང་ངོ་།། འོད་སྲུངས་ཇི་ལྟར་ན་དགེ་སློང་ཁྱི་རྡོ་ལ་སྙེག་པ་དང་མཚུངས་པ་ངག་ཡིན་ཞེ་ན། འོད་སྲུངས་འདི་ལྟ་སྟེ། དཔེར་ནི་ཁྱིན་རྡོས་འཇིགས་ལ། རྡོ་དེ་ཉིད་ཀྱི་ཕྱིར་སྙེག་གི་རྡོ་དེ་སུས་འཕངས་པ་དེ་ལ་ནི་མི་སྙེག་གོ། ། འོད་སྲུངས་དེ་བཞིན་དུ་འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱས་འཇིགས་ཤིང་སྐྲག་ནས། དགོན་པའི་གནས་རྣམས་ན་གནས་ཤིང་། དེ་དག་དེ་ན་གཅིག་པུ་གཉིས་སུ་མེད་པར་ལུས་རབ་ཏུ་དབེན་པར་འཇུག་སྟེ། ཆགས་པར་འགྱུར་བའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སྣང་བར་གྱུར་ན། དེ་དག་དེ་ལ་བཏང་སྙོམས་སུ་འཇོག་ཅིང་། བསོད་ཉམས་སུ་སྦྱོར་བ་དང་ལྡན་པར་གནས་ཀྱི། ནང་དུ་སོ་སོར་རྟོག་པ་ལ་མངོན་པར་མི་བརྩོན་ཏེ། དེ་དག་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལས་ཅིས་འབྱུང་བ་མི་ཤེས་ཤིང་ཁོང་དུ་མི་ཆུད་དོ། ། དེ་དག་གིས་དེ་མ་ཤེས་ཤིང་ཁོང་དུ་མ་ཆུད་པས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་སོང་ནའང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཀྱིས་གནོད་པར་འགྱུར་རོ།། གལ་ཏེ་དེ་དག་དགོན་པ་ལ་གནས་པ་ལས་འཆི་བའི་དུས་བྱས་པར་གྱུར་ན། འཇིག་རྟེན་པའི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེར་ཡང་དེ་དག་ལྷའི་འདོད་པའི་ཡོན་ཏན་ལྔ་པོ་དག་གོས་གནོད་པར་འགྱུར་རོ།། དེ་དག་དེ་ནས་ཤོ་འཕོས་ནས་ངན་སོང་བཞི་ལས་ཡོངས་སུ་མ་གྲོལ་བར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་མ་ཡིན་ནོ།། འོད་སྲུངས་དེ་ལྟར་ན་དགེ་སློང་ཁྱི་རྡོལ་སྙེག་པ་དང་མཚུངས་པ་དག་ཡིན་ནོ། ། འོད་སྲུངས་ཇི་ལྟར་ན་ཁྱི་རྡོ་ལ་སྙེག་པ་དང་མི་འདྲ་བ་ཡིན་ཞེ་ན། འོད་སྲུངས་གང་གཤེའང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ།། མཚང་བྲུས་ཀྱང་སླར་མཚང་མི་འདྲུ། བརྡེགས་ཀྱང་སླར་མི་རྡེག། བསྡོགས་ཀྱང་སླར་མི་སྡིག། སྨད་ཀྱང་སླར་མི་སྨོད་ཅིང་། ནང་དུ་སེམས་ལ་སོ་སོར་རྟོག་སྟེ། འདི་ལ་གཤེ་བ་འམ། ཁྲོས་པ་འམ། བརྡེགས་པ་འམ། བསྡིགས་པ་འམ། སྨད་པ་འམ།། མ་ཚང་བྲུས་པ་དེ་དག་གང་ཡིན་སྙམ་དུ་སོ་སོར་རྟོག་པའོ། ། འོད་སྲུངས་དེ་ལྟར་ན་དགེ་སློང་ཁྱི་རྡོ་ལ་སྙེག་པ་དང་མི་འདྲ་བ་ཡིན་ནོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཁྱི་ནི་རྡོ་བས་སྐྲག་གྱུར་ཀྱང་། སུས་འཕངས་མི་སྙེག་རྡོ་ལ་སྙེག་པར་བྱེད། དེ་བཞིན་དགེ་སྦྱོང་བྲམ་ཟེ་ལ་ལ་དག། གཟུགས་ལ་སོགས་པས་སྐྲག་ནས་དགོན་པར་གནས།། དེ་དག་དགོན་པ་དེ་ལ་གནས་གྱུར་ཀྱང་།། གཟུགས་ལ་སོགས་པ་སྡུག་པ་མཐོང་གྱུར་ན། ། བཏང་སྙོམས་འཇོག་ཅིང་ནང་གི་ཚུལ་མི་ཤེས།། དེ་ཡི་ཉེས་ལས་བྱུང་བ་གང་ཡིན་པ།། མི་ཤེས་པས་ན་སླར་ཡང་གྲོང་དུ་གནས།། གཟུགས་ལ་སོགས་པས་དེར་ཡང་གནོད་པར་འགྱུར། འདིར་ཡང་རྒྱ་ཡོ་ལོངས་སྟོད་བྱུང་གྱུར་ཏེ།། ལྷ་དང་མི་ལས་བཅིག་ཤི་ཕོས་ནས།། དེ་དག་ངན་སོང་སར་ནི་ལྟུང་བར་འགྱུར།། བླུན་པོ་དེ་དག་ཤིའི་ཕོས་སྡུག་བསྔལ་འགྱུར་དེ་ལྟར་སྡུག་བསྔལ་བརྒྱ་ལྡན་དེ་དག་ནི། ། ཁྱི་རྡོ་སྒེག་པ་འདྲ་ཞེས་བདེ་གཤེགས་གསུངས།། སྤྱོས་ཀྱང་མིག་ཤེ་བརྡེག་ཀྱང་མི་རྡེག་དང་། སུ་ཞིག་སྨད་ཀྱང་སྨོད་པར་མི་བྱེད་དང་།། དེ་བཞིན་མཚང་བྲུས་མཚང་འདྲུ་མོ་བྱེད་དང་། ། ཟོས་ཀྱང་ངེས་པ་ཁྲོ་བར་མི་བྱེད་ཅིང་།། ནང་གི་སེམས་ཀྱི་གཉེན་པོར་གྱུར་པ་དག་། ཚིལ་ཞིང་ཡིང་གི་དྲན་དང་ལྡན་གྱུར་པ།། དེ་འདྲའི་ཚུལ་ཁྲིམས་བརྟུལ་ཞུགས་ལྡན་པ་ནི།། རྡོ་སྟེག་གྱོ་མ་ནིས་རྒྱལ་བས་གསུངས། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་རྟའི་འདུལ་སྦྱོང་ལ་མཁས་པས་རྟ་གང་དང་གང་དུ་གཡོ་བྱེད་ཅིང་མ་བྱུང་བ་དེ་དང་དེ་རབ་ཏུ་སྟོང་ངོ་།། འོད་སྲུངས་དེ་བཞིན་དུ་དག་སློ་རྣལ་འབྱོར་སྤྱོད་པའང་གང་དང་གང་དུ་སེམྦུ་འགྱུར་བར་མཐོང་བ་དེ་དང་དེར་རབ་ཏུ་སྦྱོང་བ་ལ་འཇུག་སྟེ། དེ་ཅི་ནས་ཕྱིས་འཁྲུགས་པར་མི་འགྱུར་བ་དེ་ལྟར་སེམྦ་རབ་ཏུ་འཆོས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་ཏེ་ཡོ་དུལ་སྦྱོད་མི་ཁྲ་པ་ཞིག་བྱུང་ཤིང་གིས་མིང་ཚུལ་དུ་རབ་ཏུ་འདུལ། ། ཞལ་འབྱོར་པ་ཡང་སེམས་ནི་འགྱུར་མཐོང་ནས།། ཇི་ལྟར་ཕྱིས་པ་བྲུག་མི་འགྱུར་དེ་ལྟར་འཆོས་འོད་སྲུང་བ་དཔེར་ན་སྒོག་ནད་ལྷ་གོང་གྱིས་ནི་སྲོག་གི་དབང་པོ་འགག་པར་བྱེད་དེ། ། དེད་སྲུངས་དེ་བཞིན་དུ་ལྟ་བར་གྱུར་པ་ཐམ་ཅད་ཀྱི་ནང་ན་བདག་ཏུ་འཛིན་པ་ནི་ཆོས་ཀྱི་སྲོག་གི་དབང་པོ་འགག་པར་བྱེད་པའོ།། དེ་ལ་འད་སྐད་ཅེསཿ་སྟེ། དཔེར་ན་ལྷ་གོར་སྲོག་གི་དབང་པོ་ལ།། གནོད་ཅིང་དེ་ལ་བདེ་བ་སྦྱིན་པ་མིན།། དེ་བཞིན་ལྟར་གྱུར་ནང་ན་བདག་ལྟ་བ།། དེ་ནི་ཆོས་སྲོག་རྣམ་པར་འཇིག་པར་བྱེད། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་ནི་གང་དང་གང་དུ་བཅིངས་པ་དེ་དང་དེ་ཉིད་ལས་དགྲོལ་བར་བྱ་བ་ཡིན་ནོ། ། འོད་སྲུངས་དེ་བཞིན་དུ་རྣལ་འབྱོར་སྤྱོད་པའི་སེམས་གང་དང་གང་ལ་ཆག་པ་དེ་དང་དེ་ལས་དགྲོལ་བར་བྱ་བ་ཡིན་ནོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་ནི་གང་དུ་བཅིངས་གྱུར་པ།། དེ་དང་དེ་ལས་དགྲོལ་བར་བྱ་བ་ཡིན།། དེ་བཞིན་སེམ་རྨོངས་གང་དང་གང་ཆགས་པ།། རྣལ་འབྱོར་པས་ནི་དེ་དང་དེ་ལས་དགྲོལ།། འོད་སྲུང་འདི་གཉིས་ནི། རབ་ཏུ་བྱུང་བའི་ནམ་མཁའ་ལ་ཡོངས་སུ་ཆགས་པ་སྟེ། གཉིས་གང་ཞེ་ན། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་ཡོངས་སུ་ཚོལ་བ་དང་། ལྷུང་བཟེད་དང་ཆོས་གོས་ལྷག་པར་འཆང་བ་སྟེ། འདི་གཉིས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། འཇིག་རྟེན་རྒྱང་འཕེན་གོམས་བྱེད་བརྩོན་པ་དང་།། ལྷུང་བཟེད་ཆོས་གོས་ལྷག་པར་འཆང་བྱེད་པ།། འདི་གཉིས་ནམ་མཁའ་ལ་ནི་ཆགས་པ་སྟེ།། དེ་དག་བྱང་ཆུབ་སེམས་དཔས་སྤང་བར་བྱ།། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་འཆིང་བ་དམ་པོ་སྟེ། གཉིས་གང་ཞེ་ན། ལྟ་བར་གྱུར་པའི་འཆིང་བ་དང་། རྙེད་པ་དང་། བཀུར་སྟི་དང་། ཚོགས་སུ་བཅད་པའི་འཆིང་བ་སྟེ། འདི་གཉིས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ལྟ་གྱུར་འཆིང་དང་རྙེད་དང་བཀུར་སྟི་དང་།། གྲག་པའི་འཆིང་བ་རབ་ཏུ་བྱུང་བ་ཡི།། འཆིང་བ་དམ་ཞེས་འཕགས་པ་རྣམས་ཀྱིས་གསུངས།། དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང་།། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་བར་དུ་གཅོད་པའི་ཆོས་ཏེ། གཉིས་གང་ཞེ་ན། ཁྱིམ་པའི་ཕྱོགས་ལ་རྟེན་པ་དང་། འཕགས་པའི་ཕྱོགས་ལ་གནོད་པར་སེམས་པ་སྟེ། འདི་གཅིས་སོ། དེ་ལ་འདི་སྐད་ཅེས་བྱ་སྟེ། ཁྱིམ་པའི་ཕྱོགས་ལ་རྟེན་པར་བྱེད་པ་དང་།། འཕགས་པའི་ཕྱོགས་ལ་རྣམ་པར་སྤོང་བྱེད་པ།། འདི་གཉིས་རབ་བྱུང་བར་ཆད་བགེགས་བྱེད་ཡིན།། བྱང་ཆུབ་སེམས་དཔས་དེ་དག་རྣམ་པར་སྤང་། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་དྲི་མ་སྟེ། གཉིས་གང་ཞེ་ན། ཉོན་མོངས་པ་ལ་མི་མཛད་པ་དང་། མཛའ་བོའི་ཁྱིམ་དང་ཟས་སྟེར་བའི་ཁྱིམ་ཡོང་སུ་འཛིན་པ་སྟེ། འདི་གཉིས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། རབ་ཏུ་བྱུང་བ་ཉོན་མོངས་མི་མཇེད་དང་།། མཛའ་བོའི་ཁྱིམ་དང་ཟས་སྟེར་ཁྱིམ་རྟེན་པ།། དེ་གཉིས་དྲི་མར་རྒྱལ་བའི་དབང་པོས་གསུངས།། བྱང་ཆུབ་སེམ་པས་དག་རྣམ་པར་སྤང་། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་སེར་བ་འབབ་པ་སྟེ།། གཉིས་གང་ཞེ་ན། དམ་པའི་ཆོས་སྤོང་བ་དང་། ཚུལ་ཁྲིམས་ལས་ཉམས་ཀྱང་དད་པས་བྱིན་པ་ཡོངས་སུ་སྤྱོད་པ་སྟེ། འདི་གཉིས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དམ་པའི་ཆོས་ནི་སྤོང་བ་དང་།། ཚུལ་ཁྲིམས་ཉམས་ཀྱང་སྤྱོད་པ་སྟེ།། སེར་བ་འབབ་པ་འདི་གཉིས་ནི།། རྒྱལ་སྲས་རྣམས་ཀྱིས་སྤང་བར་བྱ། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་རྨ་ཡིན་ཏེ། གཉིས་གང་ཞེ་ན། ཕ་རོལ་གྱི་ཉེས་པ་ལ་སོ་སོར་རྟོག་པ་དང་། བདག་གོཉེས་པ་འཆབ་པ་སྟེ། འདི་གཉིས་སོ།། དེ་ལའདི་སྐད་ཅེས་བྱ་སྟེ། བདག་གི་སྐྱོན་ནི་འཆབ་བྱེད་དང་།། ཕ་རོལ་ཉེས་ལ་རྟོག་བྱེད་པ།། འདི་གཉིས་དུག་གི་མེ་དང་འདྲ།། རྟོགས་པ་རྣམས་ཀྱིས་རྨ་འདི་སྤང་།། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ཡོངས་སུ་གདུང་བ་སྟེ། གཉིས་གང་ཞེ་ན། རྙོག་པ་དང་བཅས་པའི་སེམས་ཀྱིས་ངུར་སྨྲིག་འཆང་བ་དང་། ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་ལྡན་པ་ལས་བསྙེན་བཀུར་དང་རིམ་གྲོ་བྱ་བ་བདག་གིར་བྱེད་པ་སྟེ། འདི་གཉིས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། རྙོག་དང་བཅས་པའི་སེམས་ཀྱིས་ངུར་སྨྲིག་འཆུང་བ་དང་།། བསྙེན་འཀུར་རིམ་གྲོ་བྱེད་དང་གུས་པར་སྨྲ་བ་དག། ཚུལ་ཁྲིམས་ལྡན་པ་རྣམས་ལས་སྟེན་པར་བྱེད་པ་སྟེ། ཆོས་གཉིས་འདི་དག་ཡོངས་སུ་སྤང་བར་བྱ་བ་ཡིན། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ཟུག་རྔུ་སྟེ། གཉིས་གང་ཞེ་ན། བསླབ་པའི་གཞི་ལས་གཡོ་བ་དང་། སྙིང་པོ་མ་བླངས་པར་འ་བའི་དུས་བྱེད་པ་སྟེ། འདི་གཉིས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། བསླབ་པའི་གཞི་ལྔ་འགལ་བར་གྱུར་པ་དང་།། སྙིང་པོ་མ་བླངས་པར་ནི་དུས་བྱེད་པ།། འདི་གཉིས་རབ་ཏུ་བྱུང་བའི་ཟུག་རྔུ་ཞེས།། ལྷ་མིའི་སྟོན་པ་ཐམས་ཅད་མཁྱེན་པས་གསུངས། འོད་སྲུངས་འདི་གཉིས་ནི་རབ་ཏུ་བྱུང་བའི་ནད་གསོར་མི་རུང་བ་སྟེ། གཉིས་གང་ཞེ་ན། མངོན་པའི་ང་རྒྱལ་གྱིས་སེམས་ངེས་པ་སེམས་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་རྣམས་ཀྱི་འདུན་པ་ཟློག་པ་སྟེ། འདི་གཉིས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། མངོན་པའི་ང་རྒྱལ་སེམས་ལ་ངེས་སེམས་དང་།། སངས་རྒྱས་ཐེག་པ་ལས་ནི་འདུན་པ་ཟློག། འདི་གཉིས་རབ་ཏུ་བྱུང་བའི་ནང་ཡིན་ཞེས།། གང་ཟག་མཚུངས་པ་མེད་པའི་རྒྱལ་བས་གསུངས། འོད་སྲུངས་དགེ་སྦྱོང་དགེ་སྦྱོང་ཞེས་བྱ་བ་ཇི་ཙམ་གྱིས་ན་ངགེ་སློང་དགེ་སྦྱོང་ཞེ་བྱ་ཞེ་ན། འོད་སྲུངས་བཞི་པོ་འདི་དག་ནི་དགེ་སྦྱོང་སྟེ། བཞི་གང་ཞེ་ན། ཁ་དོག་དང་རྟགས་ཀྱི་དབྱིབས་ཀྱི་དགེ་སྦྱོང་དང་། ཆོ་ག་སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་དང་། བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་དང་། ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ངོ་།། འོད་སྲུངས་དེ་ལ་ཁ་དོག་དང་རྟགས་ཀྱི་དབྱིབས་ཀྱི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སྦྱོང་ཁ་ཅིག་ཁ་དོག་དང་རྟགས་ཀྱི་དབྱིབས་དང་ལྡན་པར་གྱུར་ཏེ། ཆོས་གོས་སྣམ་སྦྱར་གྱོན་ཅིང་མགོ་བྲེགས་ཏེ། ལག་ན་ལྷུང་བཟེད་ཐོགས་མོད་ཀྱི། དེ་ལུས་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད། ངག་གི་ལས་ཡོངས་སུ་མ་དག་པར་སྤྱོད་། ཡིད་ཀྱི་ལས་ཡོངས་སུ་མ་དག་པར་སྤྱོད་ཅིང་། མ་དུལ་བ། མ་ཞི་བ། མ་བསྲུངས་པ། མ་བྱང་བ། འཚོ་བ་ཡོངས་སུ་མ་ངག་པ། བརྐམ་པ། ལེ་ལོ་ཅན། ཚུལ་ཁྲིམས་འཆལ་པོ། སྡིག་པའི་ཆོས་ཅན་ཡིན་ཏེ། འོད་སྲུངས་དེ་ནི་ཁ་དོག་དང་། རྟགས་ཀྱི་དབྱིབས་ཀྱི་དགེ་སྦྱོང་ཞེས་བྱའོ།། འོད་སྲུངས་དེ་ལ་ཆོ་ག་སྲུང་ཞིང་ཚུལ་འཆོས་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སྦྱོང་ཁ་ཅིག་ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་ཕུན་སུམ་ཚོགས་ཤིང་སྤྱོད་ལམ་བཞིར་ཤེས་བཞིན་དུ་སྤྱོད་ལ། ཟས་དང་སྐོམ་ངན་པ་ཟ་འཐུང་།། འཕགས་པའི་རིགས་བཞི་པོ་དག་གིས་རློག་པར་འཛིན། བས་མཐའི་གནས་མལ་ལ་མངོན་པར་དགའ་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ལ་ཚིག་ཉུང་ཞིང་སྨྲ་བ་ཉུང་མོད་ཀྱི། དེའི་སྤྱོད་ལམ་དེ་དག་ཀྱང་ཚུལ་འཆོས་པ་དང་ཁ་གསག་གིས་ཡོངས་སུ་བརྟགས་པ་ཡིན་ཏེ། སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་མ་ཡིན། དུལ་བར་བྱ་བའི་ཕྱིར་མ་ཡིན།། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན་གྱི། དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་ཤིང་། སྟོང་པ་ཉིད་ཀྱིས་མི་དམིགས་པའི་ཆོས་རྣམས་ལ་གཡང་ས་ར་འདུ་ཤེས་པ་ཡིན། སྟོང་པ་ཉིད་སྨྲ། བའི་དགེ་སློང་རྣམ་ལའང་དགྲར་འདུ་ཤེས་པ་ཡིན་ཏེ། འོད་སྲུངས་དེ་ནི་ཆོ་ག་སྲུངས་ཞིང་ཚུལ་འཆོས་པའི་དགེ་སྦྱོང་ཞེས་བྱའོ།། འོད་སྲུངས་དེ་ལ་བརྗོད་པའི་སྒྲ་ཚིགས་སུ་བཅད་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སྦྱོང་ཁ་ཅིག་ཇི་ལྟར་བདག་ཚུལ་ཁྲིམས་དང་ལྡན་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཚུལ་ཁྲིམས་སྲུངས།། ཇི་ལྟར་མང་དུ་ཐོས་པར་གཞན་གྱི་ས་བར་འགྱུར་སྙམ་དུ་སོ་སོར་བརྟགས་ནས་ཐོས་པ་འཛིན། ཇི་ལྟར་བདག་དགོན་པ་པར་གཞན་གྱིས་ཤེས་པར་འགྱུར་སྙམ་དུ་སོ་སོར་བརྟགས་ནས། དགོན་པ་ལ་གནས་ཤིང་སོ་སོར་བརྟགས་ནས། འདོད་པ་ཉུང་ལ་ཆོག་ཤེས་པ་དང་། རབ་ཏུ་དབེན་པར་གྱུར་ཏེ། འདི་ལྟར་གཞན་ལ་བསྟན་པའི་ཕྱིར་ཡིན་གྱི། སྐྱོ་བར་བྱ་བའི་ཕྱིར་མ་ཡིན། འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་མ་ཡིན། འགོག་པར་བྱ་བའི་ཕྱིར་མ་ཡིན། ཉེ་བར་ཞི་བར་བྱ་བའི་ཕྱིར་མ་ཡིན།། རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་མ་ཡིན། དགེ་སྦྱོང་གི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། མྱ་ངན་ལས་འདས་པའི་ཕྱིར་མ་ཡིན་ཏེ། འོད་སྲུངས་དེ་ནི་བརྗོད་པའི་སྒྲ་ཚོགས་སུ་བཅད་པའི་དགེ་སྦྱོང་ཞེས་བྱའོ། ། འོད་སྲུངས་དེ་ལ་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་གང་ཞེ་ན། འོད་སྲུངས་གང་ལུས་དང་སྲོག་ལའང་མི་ལྟ་བ་ཡིནན། རྙེད་པ་དང་། བཀུར་དྷི། དང་། ཚིགས་སུ་བཅད་པ་ལ་ལྟ་ཅི་སྨོས། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ཐོས་ན་དགའ་ཞིང་དེ་བཞིན་ཉིད་དུ་ཞུགས་པ་ཡིན། མྱ་ངན་ལས་འདས་པ་ལའང་འདོད་པ་མེད་པར་སྤྱད་པ་སྤྱོད་ན་ཁམས་གསུམ་པ་ལ་མངོན་པར་དགའ་བ་ལྟ་ཅི་སྨོས། སྟོང་པ་ཉིད་དུ་ལྟ་བའང་མི་འདོད་པ་ཡིན་ན། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ལྟ་ཅི་སྨོས། དོན་ལ་རྟོན་གྱི། ཚིག་འབྲུ་ལ་རྟོན་པ་མ་ཡིན། ཉོན་མོངས་པ་རྣམས་ལས་རྣམ་པར་ཐར་པ་ནང་དུ་ཚེལ་གྱི། ཕྱི་རོལ་དུ་རྒྱུག་པ་མ་ཡིན། ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་ཅིང་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མཐོང་བས། བདག་ཉིད་སྐྱབས་ཡིན་ཏེ། གཞན་སྐྱབས་མ་ཡིན།། དེ་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུའང་མི་ལྟ་ན། གཟུགས་ཀྱི་སྐུར་ལྟ་ཅི་སྨོས། ཆོས་ལ་འདོད་ཆགས་དང་བྲལ་བར་ཡང་མི་ལྟ་ན། སྨྲ་བའི་ཚིག་གི་ལམ་ནས་བརྗོད་པར་ལྟ་ཅི་སྨོས། འཕགས་པ་འདུས་མ་བྱས་པའི་དགེ་འདུན་ལའང་རྣམ་པར་མི་རྟོག་ན། མང་པོ་འདུས་པར་ལྟ་ཅི་སྨོས། ཆོས་གང་སྤང་བར་བྱ་བའི་ཕྱིར་བརྩོན་པ་མ་ཡིན། བསྒོམ་པར་བྱ་བའི་ཕྱིར་མ་ཡིན། མངོན་སུམ་དུ་བྱ་བའི་ཕྱིར་མ་ཡིན། འཁོར་བར་ཡང་མི་སྐྱེ། མྱ་ངན་ལས་འདས་པ་ལའང་མངོན་པར་དགའ་བ་མ་ཡིན། ཐར་པའང་མི་དམིགས། བཅིངས་པའང་མ་ཡིན་ལ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་རིག་ནས། ཀུན་ཏུ་མི་འཁོར་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཡིན་ཏེ། འོད་སྲུངས་དེ་ནི་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་ཞེས་བྱའོ། ། འོད་སྲུངས་ཡང་དག་པར་སྒྲུབ་པའི་དགེ་སྦྱོང་དུ་འགྱུར་བར་བརྩོན་པར་བྱའི། མིང་གིས་གནོད་པར་ནི་མི་བྱ་སྟེ། འོད་སྲུངས་དགེ་སྦྱོང་ནི་བཞི་པོ་འདི་དག་གོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཞིག་ལུས་དང་ངག་དང་སེམས་མ་དག། མ་དུལ་མ་བསྲུངས་མ་བྱང་འདོད་ཆེན་ཅན།། མགོ་བྲེགས་ཆོས་གོས་ལྷུང་བཟེད་ལག་ན་ཐོགས།། དེ་ནི་དབྱིབས་རྟགས་དགེ་སྦྱོང་ཡིན་ཞེས་བསྟན།། ཆོ་ག་སྤྱོད་པ་ལ་སོགས་ལྡན་གྱུར་ཅིང་། ། ཁ་ཟས་ངན་ཟ་ཚུལ་འཆོས་ལ་སོགས་སྟེན།། འདུ་འཛི་རྒྱང་རིང་ཡོངས་སུ་སྤོང་བྱེད་ཅིང་།། སྤྱོད་ལམ་པ་ཕགས་པའི་རིགས་དང་ལྡན་གྱུར་ཀྱང་།། དེ་ཡི་དེ་ཀུན་དུལ་བར་བྱ་ཕྱིར་མི་མ།། ཞི་ཕྱིར་མ་ཡིན་སྐྱོ་བར་བྱ་ཕྱིར་མིན།། སྟོང་པ་མཚན་མེད་གཡང་སར་འདུ་ཤེས་པ།། ཆོ་ག་སྲུང་ཞིང་ཚུལ་འཆོས་གཉིས་པ་ཡིན།། ཚུལ་ཁྲིམས་ཏིང་འཛིན་སྦྱངས་པའི་ཡོན་ཏན་ཐོས།། གཞན་དག་ངོ་མཚར་འཛིན་དུ་གཞུག་ཕྱིར་བྱེད། ། ཞི་ཕྱིར་མ་ཡིན་སྐྱོ་བར་བྱ་ཕྱིར་མིན།། བརྗོད་དང་གྲགས་འདོད་དགེ་སྦྱོང་གསུམ་པ་ཡིན།། གང་ཞིག་ལུས་སྲོག་དོན་དུ་མི་གཉེར་ཞིང་།། རྙེད་དང་བཀུར་སྟི་ལ་ནི་རྒྱབ་ཀྱིས་ཕྱོགས།། རྣམ་པར་ཐར་པ་བསྐྱེད་པའི་སྒོ་ཐོས་ནས།། སྲིད་པའི་འགྲོ་བ་ཐམས་ཅད་དོན་མི་གཉེར།། ཆོས་རྣམས་ཤིན་ཏུ་སྟོང་པར་ཡོངས་བརྟགས་ནས།། མྱ་ངན་འདས་དང་མ་འདས་མཐོང་མི་འགྱུར།། ཆོས་ལ་འདོད་ཆགས་བྲལ་བར་རྟག་ཏུ་ཏོག། མ་བྱས་ཆོས་རྟོགས་མྱ་ངན་འདས་པར་འགྱུར། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་དབུལ་པོ་ཞིག་ལ་མཛོད་འབྱོར་པ་ནས་མིང་བཏགས་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། མི་དབུལ་པོ་དེ་དང་མིང་དེ་མཐུན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་གང་དགེ་སྦྱོང་དང་བྲམ་ཟེ་གང་དག་དགེ་སྦྱོང་དང་བྲམ་ཟེའི་ཡོན་ཏན་དང་མི་ལྡན་པ་དེ་དག་ནི་གསུང་རབ་འདི་ལས་མི་དབུལ་པོ་ཞེས་ངས་བཤད་དོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་དབུལ་པོར་གྱུར་པའི་མི་ཞིག་ལ། ། མཛོད་ལྡན་མིང་བཏག་དེ་ལ་མཛེས་མ་ཡིན།། དགེ་སྦྱོང་ཉམས་ལ་དགེ་སྦྱོང་མིང་མི་མཛེས།། དབུལ་ལ་ཕྱུག་ཅེས་བཏགས་པའི་དཔེ་དང་མཚུངས།། འོང་སྲུངས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་རྒྱ་མཚོའི་ཆུ་ཆེན་པོས་ཁྱེར་ལ། ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ། འོད་སྲུངས་འདི་ལ་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བླངས་ཏེ་ཀུན་ཆུབ་པར་བྱས་ཀྱང་། འདོད་ཆགས་ལ་སྲེད་པ་མི་སེལ། ཞེས་སྡང་ལ་སྲེད་པ་མི་སེལ། གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག་ཆོས་ཀྱི་རྒྱ་མཚོས་ཁྱེར་ལ། ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་ཞིག་རྒྱ་མཚོའི་ཆུས་ཁྱེར་ལ།། དེ་ནི་སྐོམ་ཞིང་འཆི་བའི་དུས་བྱེད་གྱུར།། དེ་བཞིན་ཆོས་མང་སྲེད་པས་བག་མེད་པ།། ཆོས་ཀྱི་རྒྱ་མཚོར་གནས་ཀྱང་ངན་སོང་འགྲོ། ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྨན་པ་སྨན་སྒྲ་ཐོགས་ཏེ་ཕྱོགས་དང་ཕྱོགས་མཚམས་སུ་རྒྱུ་བ་དེ་ནད་ཅིག་གིས་བཏབ་ནས། ནང་དེ་གསོ་མི་ནུས་ན། དེའི་སྨན་དེ་ནི་དོན་མེད་པ་ཡིན་ནོ། ། འོད་སྲུངས་དེ་བཞིན་དུ་མང་དུ་ཐོས་པའི་ཉོན་མོངས་པའི་ནང་དུ་བལྟ་སྟེ། གང་མང་དུ་ཟོས་པ་དེས་བདག་ཉོན་མོངས་པའི་ནད་ལས་གསོ་མི་ནུས་ན། དེའི་མང་དུ་ཐོས་པ་དེ་ནི་དོན་མེད་ཡིན་ནོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྨན་པའི་སྨད་སྒོར་བཐུག་པའི་སྨན།། འཇིག་རྟེན་ཀུན་ཏུ་ཡོངས་སུ་རྒྱུ་བྱེད་ཀྱང་།། ནད་ཀྱིས་བཏབ་པ་ཟློག་པར་མི་ནུས་ན།། དེ་ཡི་སྨན་དེ་དོན་མེད་གྱུར་པ་ཡིན།། དེ་བཞིན་དགེ་སྦྱོང་ཚུལ་ཁྲིམས་ཡོན་ཏན་ལྡན། ། ཐོས་དང་ལྡན་ཡང་ཚུལ་བཞིན་མ་ཡིན་པའི།། ཉོན་མོངས་བྱུང་བའི་ནད་ནི་མི་སེལ་ན།། དེ་ཡི་ཐོས་ལ་བརྩོན་པ་དོན་མེད་ཡིན།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་ནད་པ་ཞིག་ལ་རྒྱལ་པོ་ལ་འོས་པའོ་སྨན་བཏང་ལ། ཆོ་ག་བཞིན་མ་བྱས་པས་འཆི་བའི་དུས་བྱས་པ་དེ་བཞིན་དུ། འོད་སྲུངས་གང་མི་སྡོམ་པ་དེས་འཆི་བའི་དུས་བྱེད་པ་དེའང་མང་དུ་ཐོས་པའི་ཉོན་མོངས་པའི་ནང་དུ་བལྟའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་རྒྱལ་པོར་འོས་པའི་སྨན་བཏང་ན།། ཆོག་མ་བྱས་མི་དེ་ཤི་བར་གྱུར།། དེ་བཞིན་གང་མི་སྡོམ་པས་འདིར་ཤི་བ།། དེ་ནི་མང་དུ་ཟོས་པའི་ཉོན་མོ་ནད། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་མི་གཙང་བའི་ནང་དུ་ལྷུང་ན་སྨད་པར་འགྱུར་ཞིང་། འཁོར་བར་མི་འགྱུར་རོ།། འོད་སྲུངས་དེ་བཞིན་དུ་མང་དུ་ཐོས་པ་དང་རྙིད་པ་དང་བཀུར་གྱི་མི་གཙང་བའི་ནང་དུ་ལྷུང་བར་བལྟ་སྟེ། ཅིབང་མེད་པ་ལ་ནི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་གཙང་རིན་ཆེན་བྱུང་བ་སྤྱད།། ཇི་ལྟར་རོ།། བཞིན་དུ་ནི་ཕྱིས་མ་ཡིན།། དགེ་སྦྱོང་མང་དུ་ཐོས་པར་གྱུར་པ་ཡང་།། བཀུར་སྟིའི་མི་གཙང་ལྷུང་བ་དེ་འདྲར་བཤད།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མི་རོའི་མགོ་ལ་གསེར་གྱི་བ་ཕྲེང་བ་བཏགས་པ་དེ་བཞིན་དུ། ཚུལ་ཁྲིམས་འཆལ་པ་ངུར་སྨྲིག་གྱོན་པར་བལྟའོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་མི་རོའི་མགོ་ལ་གསེར་འཕྲེང་ངམ།། ཡང་ན་མེ་ཏོག་འཕྲེང་བ་གདགས་བྱས་པ།། དེ་བཞིན་ཁྲིམས་མེད་ངུར་སྨྲིག་གྱོན་པ་ཡང་། ། མཐོང་ནས་དེ་ལ་ཡིད་ནི་དད་མི་འགྱུར།། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཚོང་དཔོན་གྱི་བུ་ཞིག་ལེགས་པར་ཁྲུས་བྱས་ཏེ། ལེགས་པར་རྣམ་པར་བྱུགས་ལ། སྒྲ་དང་སྲིན་མོ་བྲེགས་ནས། གོས་དཀར་པོ་བགོས་ཏེ། ཙན་དན་མཆོག་གིས་བསྐུས་པའི་མགོ་ལ་ཙམ་པ་ཀའི་མེ་ཏོག་གི་འཕྲེང་བ་ཐོགས་པ་དེ་བཞིན་དུ། འོད་སྲུངས་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཟོས་པ་ངུར་སྨྲིག་གྱོན་པར་བལྟའོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ལེགས་བཀྲུས་ལེགས་པར་བྱུགས་པ་ཡི།། ཚོང་དཔོན་བུ་ཡི་མགོ་བོ་ལ།། ཙམ་པ་ཀ་ཡི་མེ་ཏོག་འཕྲེང་།། དྲི་ཞིམ་ཡིད་འོང་བཏགས་པ་མཛེས།། དེ་བཞིན་ཚུལ་ཁྲིམས་ལྡན་གྱུར་ཅི་། མང་ཐོས་ཚུལ་ཁྲིམས་ཕུན་སུམ་ཚོགས།། རྒྱལ་བའི་སྲས་པོ་ཡོན་ཏན་ལྡན།། དེ་ལ་ངུར་སྨྲིག་དེ་བཞིན་མཛེས། འོད་སྲུངས་བཞི་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་ཡིན་ཏེ། བཞི་གང་ཞེ་ན། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚིགས། ཁ་ན་མ་ཐོ་བ་ཕྲ་རབ་རྣམས་ལའང་འཇིགས་པར་ལྟ། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅིང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོང་སུ་དག་པ་དང་ལྡན་པར་གནས་པས། འཚོ་བ་ཡོངས་སུ་དག་ཀྱང་དེ་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུངས་དེ་ནི་ཚུལ་ཁྲིམ་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོའོ།། འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་འདུལ་བ་འཛིན་ཅིང་། ། འདུལ་བ་ལ་ཞུགས་ཏེ། འདུལ་བའི་ཚུལ་ལ་གནས་པ་ཡིན་ཡང་།། འཇིག་ཚེ་ག་ལ་ལྟ་བ་ལས་མ་བསྐྱོད་པ་ཡིན་ཏེ། འོད་སྲུང་ངེ་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམྦ་དང་ལྡན་པ་ལྟར་བཅོས་པ་གཉིས་པའོ། ། འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་བྱམས་པ་ལ་གནས་པ་ཡིན་ཏེ། སེམས་ཅན་ལ་དམིགས་པའི་བྱམ་པ་དང་ལྡན་པ་ཡིན་ཡང་། འདུ་བྱེད་ཐམས་ཅད་ལ་སྐྱེ་བ་མེད་པ་ཐོས་ན་སྐྲག་སྟེ་ཀུན་ཏུ་དངང་བར་འགྱུར་ཞིང་ཀུན་ཏུ་རབ་ཏུ་དངང་བར་འགྱུར་བ་དེ་ནི། འོད་སྲུངས་ཚུལ་ཁྲིམྲ་འཆལ་པ་ཚུལ་ཁྲིམ་དང་ལྡན་པ་ལྟར་བཅོས་པ་གསུམ་པའོ།། འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྤང་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླད་ཀྱང་། དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་གནས་པ་དེ་ནི། འོད་སྲུངས་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་བཞི་པ་སྟེ། འོད་སྲུངས་བཞི་པོ་དེ་དག་ནི་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་ཡིན་ནོ། ། འོད་སྲུངས་ཚུལ་ཁྲིམས་ཚུལ་ཁྲིམས་ཤེས་བྱ་བ་ནི་གང་ལ་བདག་མེད་པ་དང་། བདག་གིབ་མེད་པ་དང་བྱ་བ་མེད་པ་དང་། མི་བྱ་བའང་མེད་པ་དང་། བྱེད་པ་མེད་པ་དང་། བྱེད་པ་མེད་པའང་མ་ཡིན་པ་དང་། རྒྱུ་བ་མ་ཡིན་པ་དང་། མི་རྒྱུ་བའང་མ་ཡིན་པ་དང་། རབ་ཏུ་སྤྱོད་པ་མེད་པ་དང་། རབ་ཏུ་སྤྱོད་པ་མེད་པའང་མ་ཡིན་པ་དང་། མིང་མེད་པ་དང་། གཟུགས་མེད་པ་དང་། མཚན་མ་མེད་པ་དང་། མཚན་མ་མེད་པའང་མ་ཡིན་པ་དང་། རབ་ཏུ་ཞི་བ་མ་ཡིན་པ་དང་། རབ་ཏུ་མ་ཞི་བའང་མ་ཡིན་པ་དང་། འཛིན་པ་མེད་པ་དང་། འདོར་བ་མེད་པ་དང་གཟུང་བ་མེད་པ་དང་། གཟུང་བ་མེད་པའང་མ་ཡིན་པ་དང་། སེམས་ཅན་མེད་པ་དང་། སེམས་ཅན་དུ་འདོགས་པ་མེད་པ་དང་། ཚིག་མེད་པ་དང་། ཚིག་ཏུ་འདོགས་པ་མེད་པ་དང་། སེམས་མེད་པ་དང་། སེམས་སུ་འདོགས་བ་མེད་པ་དང་། འཇིག་རྟེན་མེད་པ་དང་། འཇིག་རྟེན་མེད་པའང་མ་ཡིན་པ་དང་། རྟེན་མེད་པ་དང་། རྟེན་མེད་པའང་མ་ཡིན་པ་དང་། བདག་གི་ཚུལ་ཁྲིམས་ལ་མི་བསྟོད་པ་དང་། གཞན་གྱི་ཚུལ་ཁྲིམས་ལ་མི་སྨོད་པ་དང་། ཚུལ་ཁྲིམས་ཀྱིས་རློམ་སེམས་སུ་མི་བྱེད་པ་དང་།། ཚུལ་ཁྲིམས་ལ་མི་རྟོག་པ་ཡིན་ཏེ། དེ་ནི་འཕགས་པ་རྣམས་ཀྱི་ཚུལ་ཁྲིམས་ཟག་པ་མེད་པ། རྟོག་པ་མ་ཡིན་པ། ཁམས་གསུམ་པ་དང་བྲལ་བ། ཐམས་ཅད་མེད་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོགས་སུ་བཅད་པ་འདི་དག་གསུངས་སོ།། ཚུལ་ཁྲིམས་ལྡན་ལ་དྲི་མ་མེད་ཅིང་ཅི་སང་མེད། ཚུལ་ཁྲིམས་ལྡན་ལ་རྒྱགས་པ་མེད་དེ་རྟེན་པ་མེད།། རྩུ་ཁྲིམས་ལྡན་ལ་མུན་པ་མེད་ཅིང་འཆིང་བ་མེད། ། ཚུལ་ཁྲིམས་ལྡན་ལ་རྡུལ་རྣམས་མེད་དེ་ཉེས་པ་མེད།། ཞི་བ་རབ་ཏུ་ཞི་ཉེ་བར་ཞི་བའི་ཡིད།། རྟོག་དང་རྣམ་པར་རྟོག་དང་བྲལ་ཞིང་ཉོན་མོངས་མེད།། གཡོ་བ་དང་ནི་རློམ་སེམས་ཀུན་དང་རྣམ་བྲལ་བ། ། དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན།། ལུས་ལ་མི་ལྟ་སྲོག་ལ་འཕངས་པར་འཛིན་མི་བྱེད།། སྲིད་པ་རྣམས་སུ་སྐྱེ་བ་ཀུན་ལ་འདོད་པ་མེད།། ཡང་དག་ཞུགས་ཤིང་དེ་ཉིད་ཚུལ་ལ་རབ་གནས་པ། ། དེ་ནི་འོད་སྲུང་སདྲ་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན།། འཇིག་རྟེན་མགོས་འཇིག་རྟེན་དག་ལ་གནས་པ་མེད།། སྣང་བ་ཐོབ་ཅིང་བདག་གི་མེད་དེ་ཅི་ཡང་མེད།། བདག་ཏུ་འདུ་ཤེས་མེད་ཅིང་གཞན་དུ་འདུ་ཤེས་མེད། ། འདུ་ཤེས་ཡོངས་སུ་ཤེས་པས་ཚུལ་ཁྲིམས་རྣམ་པར་དག། གང་ལ་ཚུ་རོལ་མེད་ཅིང་བ་རོལ་དབུས་ཀྱང་མེད།། ཕ་རོལ་ཚུ་རོལ་དག་ལ་ནམས་ཀྱང་མི་ཆགས་ཤིང་།། བཅིངས་དང་ཆགས་མེད་ཚུལ་འཆོས་མེད་ཅིང་ཟག་པ་མེད། ། དེ་ནི་འོད་སྲུངས་སངས་རྒྱས་བསྟན་ལ་ཚུལ་ཁྲིམས་ལྡན།། མིང་དང་གཟུགས་རྣམས་ལ་ནི་ཆགས་པ་མེད་པའི་ཡིད།། དེ་ནི་མཉམ་པར་གཞག་ཅིང་ཤིན་ཏུ་དུལ་བའི་སེམས། ། གང་ལ་བདག་མེད་བདག་གིར་འཛིན་པ་མེད་པ་ནི།། དེ་ཙམ་གྱིས་ནི་ཚུལ་ཁྲིམས་གནས་ཤེས་བརྗོད་པ་ཡིན།། སོ་སོར་ཐར་པ་སློབ་པས་རློམ་སེམས་བྱེད་པ་མེད།། དེས་ནི་འདི་ན་དེ་ལ་ཆགས་པར་ནི་འགྱུར་ཏེ། ། དེ་ཡི་གོང་དུ་འཕགས་པའི་ལམ་རྣམས་ཚོལ་བྱེད་པ།། དེ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་མའོ།། ཚུལ་ཁྲིམས་གཙོ་བོར་མ་ཡིན་ཏིང་འཛིན་དེར་ཆགས་མེད།། དེ་ཡི་གོང་དུ་ཤེས་རབ་བསྒོམ་པ་ཡོངས་སུ་ཚོལ། ། དམིགས་པ་མེད་པ་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ།། ཚུལ་ཁྲིམས་དེ་ནི་བདེ་བར་གཤེགས་པས་རབ་ཏུ་བསྔགས།། འཇིགས་པའི་ཚོགས་ལ་ལྷ་ལས་རྣམ་པར་གྲོལ་བའི་ཡིད། ། དེ་འདིར་ང་དང་ང་ཡི་སྙམ་དུ་འགྱུར་བ་མེད།། སངས་རྒྱས་སྤྱོད་ཡུལ་སྟོང་པ་ཉིད་ལ་ལྷག་པར་མོས།། དེ་ཡི་ཚུལ་ཁྲིམས་དེ་ནི་མཉམ་པ་མེད་པའོ།། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་ཐོབ།། ཏིང་ངེ་འཛིན་རྣམས་ཐོབ་ནས་ཤེས་རབ་ཤིན་ཏུ་སྨོམ།། ཤེས་རབ་ཀྱིས་རྣཾ་མ་ཤེས་རྣམ་པར་དག་པ་འཐོབ། ཡེ་ཤེས་རྣམ་པར་དག་པས་རྡུལ་ཁྲིམས་ཐུན་སུམ་ཚོགས།། རིགས་སུ་བཅད་པ་མངོན་པར་བསྒྲུས་པ་འདི་གསུངས་པའི་ཚེ། ། དགེ་སློང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་རྣམ་པར་དག་གོ། དགེ་སློང་བསམ་གཏན་ཐོབ་པ་ལྔ་བརྒྱ་ནི་ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་པས་སྟན་ལས་ལངས་ཏེ་དོང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དགེ་སློང་བསམ་གཏན་ཐོབ་པ་ལྔ་བརྒྱ་པོ་འདི་དག་ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མ་རྟོགས་མ་མོས་པས་སྟན་ལས་ལངས་ཏེ་མཆི་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་འདི་ལྟར་དགེ་སློང་མངོན་པའི་ང་རྒྱལ་ཅན་འདི་དག་ནི་ཚུལ་ཁྲིམས་རྣམ་པར་དག་པ་ཟག་པ་མེད་པ་འདི་ལ་མི་འཇུག་སྟེ། མི་རྟོགས་མི་མོས་ཤིང་སྐྲག་སྟེ། ཀུན་ཏུ་དངངས། ཀུན་ཏུ་རབ་ཏུ་དངངས་སོ།། འོད་སྲུངས་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་ཟབ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཟབ་སྟེ། དེ་ལ་དགེ་བའི་རྩ་བ་མ་བསྐྱེད་པ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། མོས་པ་མི་མང་བ་དག་གིས་མོས་པར་མི་ནུས་སོ།། འོད་སྲུངས་དགེ་སློང་ལྔ་བརྒྱ་པོ་འདི་དག་ནི་དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལ་མུ་སྟེགས་ཅན་གྱི་ཉན་ཐོས་སུ་གྱུར་ཏེ། དེ་དག་དེ་བཞིན་། གཤེགས་པ་འོད་སྲུངས་ལ་བརྒལ་བའི་བསམ་པས་ཆོས་བསྟན་པ་གཅིག་ཐོས་སོ།། ཐོས་ནས་དད་པའི་སེམས་གཅིག་རྙེད་དེ། ཇི་ཙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་འཇམ་ཞིང་སྙན་པར་གསུང་བ་ངོ་མཚར་ཏོ་སྙམ་མོ། ། དེ་དག་འཆི་བའི་དུས་བྱས་ནས་དད་པའི་སེམས་གཅིག་རྙེད་པ་དེས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ།། དེ་དག་དེ་ནས་ཤི་འཕོས་ནས་འདིར་སྐྱེས་ཏེ། རྒྱུ་དེ་ཉིད་ཀྱིས་ངའི་བསྟན་པ་འདི་ལ་རབ་ཏུ་བྱུང་སྟེ། འོད་སྲུངས་དགེ་སློང་ལྔ་བརྒྱ་པོ་ལྟ་བར་བྱིང་བ་འདི་དག་ནི་ཆོས་བསྟན་པ་ཟབ་མོ་འདི་ལ་མི་འཇུག་སྟེ། མི་རྟོགློ་མོ་མོས་ཤིང་སྐྲག་སྟེ། ཀུན་ཏུ་དངངས། ཀུན་ཏུ་རབ་ཏུ་དངངས་སོ།། ཡང་འདི་དག་ནི་ཆོས་བསྟན་པ་འདིས་ཡོངས་སུ་སྦྱང་བ་བྱས་ཏེ། ཕྱིས་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་ཞིང་། ཕུང་པོ་འདི་དག་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་སོང་ལ་དགེ་སློང་དེ་དག་ཀུན་ཤེས་པར་བྱོས་ཤིག། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཉིད་ཀྱིས་འདི་དག་ལ་བཤད་ནའང་མཐུན་པར་མི་བགྱིད་ན། བདག་ལ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལམ་གང་ནས་འདོང་བའི་ལམ་དེར་དགེ་སློང་གཉིས་ཤིག་སྤྲུལ་པ་སྤྲུལ་ཏོ། ། དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་སྤྲུལ་པའི་དགེ་སློང་དེ་གཉིས་ལམ་གང་ནས་འདོང་བའི་ལམ་དེར་དོང་སྟེ། ཕྱིན་པ་དང་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་གར་འདོང་།། དེ་གཉིས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པར་བྱ་བར་འདོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ནི་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་གང་ཡིན་པའི་ཆོས་བསྟན་པ་དེ་ལ་མི་འཇུག་སྟེ། མི་རྟོགས་མི་མོས་ཤིང་སྐྲག་སྟེ། ཀུན་ཏུ་དང་ངས། ཀུན་ཏུ་རབ་ཏུ་དངངས་པར་གྱུར་ནས། ཁོ་བོ་ཅག་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པ་རྣམས་ཀྱིས་གནས་པར་བྱའོ། ། དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཁོ་བོ་ཅག་ཀྱང་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པ་ལ་མི་འཇུག་སྟེ། མ་རྟོགས་མ་མོས་ཤིང་སྐྲག་སྟེ། ཀུན་ཏུ་དངངས། ཀུན་ཏུ་རབ་ཏུ་དངངས་པར་གྱུར་ཏོ།། དེའི་ཕྱིར་ཁོ་བོ་ཅག་ཀྱང་དགོན་པའི་གནས་རྣམས་སུ་བསམ་གཏན་གྱི་བདེ་བ་ལ་རེག་པར་གནས་པ་རྣམས་ཀྱིས་གནས་པར་བྱའོ།། སྤྲུལ་པ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་དེའི་ཕྱིར་བདག་ཅག་ཡང་དག་པར་འགྲོ་བར་བྱའོ།། རྩོད་པར་མི་བྱའོ།། རྩོད་པ་མེད་པ་ལྷུར་ལེན་པ་ནི་དགེ་སྦྱོང་གི་ཆོས་སོ།། ཚེ་དང་ལྡན་པ་དག་གང་འདི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་གང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་དེ་གང་ལུས་འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ་འམ། སྐྱེས་བུའམ། གང་ཟག་གམ། ཤེད་ལྔ་སྐྱེས་སམ། ཤེད་བུ་འམ། གང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། གང་ཟད་པས་ཡོངས་སུ་མྱ་ངན་ལས་འདའ། དེ་དག་གིས་སྨྲས་པ། འདོད་ཆགས་ཟད། ཞེ་སྡང་ཟད། གཏི་མུག་ཟད་པས་ཡོངྒ་སུ་མྱ་ངན་ལས་འདའོ། ། སྤྲུལ་པ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འདོད་ཆགས་དང་། ཞེ་དང་དང་། གཏི་མུག་ཡོད་པ་ཡིན་ནམ། ཅི་ན་དེ་ཟད་པར་བྱ། དེ་དག་གིས་སྨྲས་པ། དེ་དག་ནི་ནང་ནའང་མེད། ཕྱི་རོལ་ནའང་མེད། གཉིས་ཀ་མེད་པ་ལའང་མི་དམིགས་ཏེ། དེ་དག་ནི་ཡོངས་སུ་མ་བརྟགས་པ་ལས་ཀྱང་མི་སྐྱེའོ།། སྤྲུལ་པ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་དེ་ལྟ་བས་ན་མ་རྟོག་རྣམ་པར་མ་རྟོག་ཅིག། ཚེ་དང་ལྡན་པ་དག་ནམ་མི་རྟོག་རྣམ་པར་མི་རྟོག་པ་དེ་ན་ཆགས་པར་ཡང་མི་འགྱུར། ཆགས་པ་དང་བྲལ་བར་ཡང་མི་འགྱུར་རོ།། ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བའང་མེད་པ་གང་ཡིན་པ་དེ་ནི་ཞི་བ་ཞེས་བྱའོ། ། ཚེ་དང་ལྡན་པ་དག་ཚུལ་ཁྲིམས་ནི་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ།། ཚེ་དང་ལྡན་པ་དག་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའང་མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། ། ཚེ་དང་ལྡན་པ་དག་ཆོས་དེ་དག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་ན། ཆོས་དེ་དག་ཀྱང་སྟོང་པ། དབེན་པ། གཟུང་དུ་མེད་པའོ།། ཚེ་དང་ལྡན་པ་དག་འདི་ལྟ་སྟེ། མྱ་ངན་ལས་འདས་པའི་འདུ་ཤེས་སྤོངས་ཤིག། འདུ་ཤེས་ལའང་འདུ་ཤེས་སུ་མ་བྱེད་ཅིག། འདུ་ཤེས་ལ་འདུ་ཤེས་ཀྱིས་ཡོངས་སུ་ཤེས་པར་མ་བྱེད་ཅིག། གང་འདུ་ཤེས་ལ་འདུ་ཤེས་ཀྱིས་ཡོངས་སུ་ཤེས་པ་དེ་ནི། དེའི་འདུ་ཤེས་ཀྱིས་བཅིངས་པ་ཡིན་ནོ།། ཚེ་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་ཤིག། ཚེ་དང་ལྡན་པ་དག་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལས་གོང་ན་བྱ་བ་མེད་དོ་ཞེས་སྨྲའོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། དགེ་སློང་ལྔ་བརྒྱ་པོ་དེ་དག་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། ། དེ་དག་སེམས་རྣམ་པར་གྲོལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་གར་དོང་དོང་། གང་ནས་ལྷགས། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་གང་དུའང་འགྲོ་བ་མེད་པ་དང་། གང་ནས་ཀྱང་འོང་བ་མེད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ།། སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱི་སྟོན་པ་གང་ཡིན། སྨྲས་པ། གང་མ་སྐྱེས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་བའོ།། སྨྲས་པ། ཁྱེད་ཀྱིས་ཇི་ལྟར་ཆོས་ཐོས། སྨྲས་པ། བཅིང་བའི་ཕྱིར་ཡང་མ་ཡིན། ཐར་པའི་ཕྱིར་ཡང་མ་ཡིན་ནོ།། སྨྲས་པ། ཁྱེད་སུས་བཏུལ། སྨྲས་པ། སུ་ལ་ལུས་མེད་ཅིང་སེམས་མེད་པས་སོ།། སྨྲས་པ། ཁྱེད་ཇི་ལྟར་བརྩོན། སྨྲས་པ། མ་རིག་པ་སྤང་བའི་ཕྱིར་ཡང་མ་ཡིན། རིག་པའི་སྐྱེད་པའི་ཕྱིར་ཡང་མ་ཡིན་ནོ།། སྨྲས་པ། ཁྱེད་ཇི་ལྟར་རྣམ་པར་གྲོལ། སྨྲས་པ། སྦྱོར་བའི་ཕྱིར་ཡང་མ་ཡིན། སྤང་བའི་ཕྱིར་ཡང་མ་ཡིན་ནོ། ། སྨྲས་པ། ཁྱེད་སུའི་ཉན་ཐོས། སྨྲས་པ། གང་གིས་ཐོབ་པ་མེད་ཅིང་མངོན་པར་རྫོགས་པར་སངས་རྒྱས་པ་མེད་པའི་འོ།། སྨྲས་པ། ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་གང་། སྨྲས་པ། གང་དག་ཁམས་གསུམ་ན་མི་རྒྱུ་བ་རྣམས་སོ།། སྨྲས་པ། ཚེ་དང་ལྡན་པ་དག་ཇི་སྲིད་ཅིག་ན་ཡོངས་སུ་མྱ་ངན་ལས་འདའ། སྨྲས་པ། དེ་བཞིན་གཤེགས་པའི་སྤྲུལ་པ་ནམ་ཡོངས་སུ་མྱ་ངན་ལས་འདའ་བ་ནའོ། ། སྨྲས་པ། ཁྱེད་ཀྱིས་བྱ་བ་བྱས་སམ། སྨྲས་པ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ཡོངས་སུ་ཤེས་པས་སོ།། སྨྲས་པ། ཁྱེད་ཀྱི་ཉོན་མོངས་པ་ཟད་དམ། སྨྲས་པ། ཆོས་ཐམས་ཅད་གཏན་དུ་ཟད་པའི་ཕྱིར་རོ། ། སྨྲས་པ། ཁྱེད་ཀྱིས་བདུད་བཏུལ་ཏམ། སྨྲས་པ། ཕུང་པོའི་བདུད་མི་དམིགས་པའི་ཕྱིར་རོ།། སྨྲས་པ། ཁྱེད་ཀྱིས་སྟོན་པ་ལ་བསྙེན་བཀུར་བྱས་སམ། སྨྲས་པ། ལུས་ཀྱིས་ཀྱང་མ་བྱས། ངག་གིས་ཀྱང་མ་ཐས། སེམས་ཀྱིས་ཀྱང་མ་བྱས་སོ།། སྨྲས་པ། ཁྱེད་ཀྱིས་སྦྱིན་པའི་གནས་ཀྱིས་སྦྱངས་སམ། སྨྲས་པ། འཛིན་པ་མེད་ཅིང་སྡུད་པ་མེད་པས་སོ།། སྨྲས་པ། ཁྱེད་འཁོར་བ་ལས་རྒལ་ཏམ། སྨྲས་པ། ཆད་པ་མེད་ཅིང་རྟག་པ་མེད་པའི་ཟིར་རོ།། སྨྲས་པ། ཁྱེད་ཀྱིས་སྦྱིན་པའི་གནས་ཀྱི་སར་ཞུགས་སམ། སྨྲས་པ། འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ།། སྨྲས་པ། ཚེ་དང་ལྡན་པ་དག་གར་འགྲོ་ན། སྨྲས་དུ་ཤྩཀྵྨ་། ང་བརྒྱད་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། ། སྲོག་ཆགས་སུམ་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲིམ་དང་བྲལ་བ་རྣམ་པར་དག་ནོ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་སྣང་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེ་ལྡན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་སྐང་པལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བདུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་གྲོ་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཚར་བཅད་ཅིང་ཚར་བཅད་ནས། ཆོས་ཀྱི་རྣམ་གྲངས་འདིར་བསླབ་པ་བསྟན་ཏེ། ཆོས་ཅི་རྣམ་གྲངས་འདི་ནི་སྐྱེས་བུ་དམ་པ་ནན་ཏུན་སྙིང་པོར་བྱེད་པ་རྣམས་ཀྱི་དོན་ཆེན་པོར་འགྱུར་རོ། ། རིགས་ཀྱི་བུ་འདི་ལྔ་སྟེ། དཔེར་ན་མི་ལ་ལ་ཞིག་ཁམ་པའི་གྲུར་ཞུགས་ཏེ་གངྒཱའི་ཀླུང་ཆེན་པོ་རྒལ་བར་འདོད་པར་གྱུར་ན།། རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། མི་དེས་ཅི་འདྲ་བའི་བརྩོན་འགྲུས་ཀྱིས་གྲུ་དེ་གསར་བར་བྱ། གསོལ་པ། བཅོམ་ལྡན་འདས་སྟོབས་དང་ལྡན་པའི་བརྩོན་འགྲུས་ཀྱིས་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བདག་ནི་ཆུ་བོ་ཆེན་པོའི་ནང་དུ་ཞུགས་ཀྱིས། བདག་འཐམ་དུ་མ་ཕྱིན་པར་བར་མ་དོར་གྲུ་ཞིག་ཏུ་འོང་ངོ་སྙམ་དུ་སེམས་པའི་སླད་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་སྣང་བ་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་བས་ཀྱང་ཆེས་སྟོབས་དང་ལྡན་པའི་བརྩོན་འགྲུས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བསླབ་པར་བྱ་སྟེ། སྟོབས་ཆེན་པོ་དང་ལྡན་པའི་བརྩོན་འགྲུས་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པར་བྱའོ།། ཀྱེ་མའོ། ལུས་འདི་ནི་མི་རྟག་པ་སྟེ། བདག་གིས་སྙིང་པོ་མ་བླངས་པར་བར་མ་དོར་འཆི་བའི་དུས་བྱས་སུ་འོང་ངོ་ཞེས་ཡིད་ལ་བྱེད་པ་དེ་ལྟ་བུས་བདག་ནི་ཆུ་བོ་ཆེན་པོར་ཞུགས་ཀྱིས།། ཆུ་བོ་བཞིར་ཞུགས་པའི་སེམས་ཅན་རྣམས་ཆུ་བོ་ཆེན་པོར་ཞུགས་པ་ལས་བསྒྲལ་བའི་ཕྱིར། དམ་པའི་ཆོས་ཀྱི་གྲུ་གང་གིས་སེམས་ཅན་འཁོར་བའི་རྒྱ་མཚོས་ཁྱེར་བ་ཐམས་ཅད་བསྒྲལ་བར་བྱ་བའི་དམ་པའི་ཆོས་ཀྱི་གྲུ་ཆེན་པོ་སྦྱར་བར་བྱའོ།། ཀུན་ཏུ་སྣང་བ་དེ་ལ་བྱང་ཆུབ་སེམས་དཔས་དམ་པའི་ཆོས་ཀྱི་གྲུ་ཆེན་པོ་སྦྱར་བར་བྱ་བ་དེ་ཅི་འདྲ་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དེ། བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་པ། ཚུལ་ཁྲིམས་ཀྱི་སྣམ་གྱིས་སྦྱར་ད། སྦྱིན་པའི་འཁོར་གྱི་རྒྱན་གྱིས་བརྒྱན་པ། བསམ་པ་དང་ལྷག་པའི་བསམ་པའི་བཅིང་བ་སྲ་བས་དམ་པོར་སྦྲེལ་བ། བཟོད་པ་དང་། ངེས་པ་དང་། དྲན་པའི་སྦྱོར་བ་ཁས་ལེགས་པར་སྦྱར་བ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཚོགས་ཅན། བརྩོན་འགྲུས་བརྟན་པ་དང་། དགེ་བའི་ཆོས་ཀྱི་ཤིང་གིས་ཡང་དག་པར་སྦྱར་བ། བསམ་གཏན་གྱི་སེམས་ས་ས་ང། ན་ས་ནགས་ཡང་དག་པར་ཟིན་པ། བསྡུ་བའི་དངོས་པོ་བཞི་དང་། དཔའ་བར་འགྲོ་བས་གསར་པ། ཤེས་རབ་དང་ཡེ་ཤེས་ཀྱིས་ཕྱིར་རྒོལ་བ་ལེགས་པར་བསྲུངས་པ། ཐབས་མཁས་པས་རྣམ་བསགས་པ། ལེགས་པར་བྱས་པ། ཚངས་པའི་གནས་པ་བཞིས་ལེགས་པར་ཡོངས་སུ་སྦྱངས་པ། དྲན་པ་ཉེ་བར་གཞག་པ་བཞི་ལེགས་པར་རྣམ་པར་བསམས་པའི་ལུས་ཀྱི་བསྟེན་པ། ཡང་དག་པར་སྤོངས་པས། འགྲོ། རྫུ་འཕྲུལ་གྱི་རྐང་པའི་མགྱོགས་པའི་ཤུགས་དང་ལྡན་པ། དབང་པོས་ལེགས་པར་བརྟགས་པས་ལྟ་བ་ངན་པའི་ཤིང་ཡོན་པོ་མེད་པ། སྟོབས་ཀྱི་ཤུགས་ཡང་དག་པར་བྱུང་བས་པར་ཤག་ཤིག་མེད་པ་བྱང་ཆུབ་ཀྱི་ཡན་ལག་གིས་འགྲོ་བ་རྣམ་པར་དག་པ། བཅུགས་ཅན་དགྲ་ཉོན་མོངས་པའི་བདུད་ཀྱི་ལམ་འདོར་བར་བྱེད་པ། ལམ་དུ་འཇུག་པར་བྱེད་པ། ཕ་རོལ་གྱི་ངོགས་སུ་ཕྱིན་པར་བྱེད་པ། མུག་སྟེགས་ཅན་ངན་པའི་མུ་སྟེགས་འདོར་བར་བྱེད་པ། ཞི་གནས་ཀྱིས་ངེས་པར་སེམས་པ་བསྟན་པ། ལྷག་མཐོང་གིས་སྦྱོར་བ། མཐའ་གཉིས་ལ་མ་ཆགས་པར་འཇུག་པ། རྒྱུའི་ཆོས་དང་ཡང་དག་པར་ལྡན་པ། སྒྲ་གྲགས་པ་ཡང་ཤིང་རྒྱ་ཆེ་ལ་མི་ཟད་ཅིང་ཚད་མེད་པར་ཚུར་ཤོག། དམ་པའི་ཆོས་ཀྱིས་གྲུ་ཆེན་པོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ། བདེ་བར་འགྲོ་བ། འཇིགས་པ་མེད་པར་འགྲོ་བ། ལམ་དུ་འགྲོ་བ། འཇིགས་ཚོགས་ལ་ལྟ་བ་འདོར་བར་ཞུགས་ལ། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་ཏུ་ལྟ་བ་ཐམས་ཅད་སེལ་བ། གཙོ་བ་མེད་པའི་མྱ་ངན་ལས་འདས་པར་མྱུར་དུ་སོང་ཞིག་ཅེས་ཕྱོགས་བཅུར་སྨྲས་གོ་བར་བྱེད་པ་སྟེ། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་ཡིད་ཡོངས་སུ་མི་སྐྱོ་བར་བྱང་ཆུབ་སེམས་དཔས་དམ་པའི་ཆོས་ཀྱི་གྲུ་ཆེན་པོ་འདི་འདྲ་བ་དེ་སྦྱར་བར་བྱའོ། ། དམ་པའི་ཆོས་ཀྱི་གྲུ་འདིས་ཆུ་བོ་བཞིས་ཁྱེར་བའི་སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ།། ཀུན་ཏུ་སྣང་བ་དེ་ལ་འདིར་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མྱུར་བ་གང་ཞེ་ན། གང་འདི་སེམས་ཅན་ཐམས་ཅད་ལ་བཅོས་མ་མ་ཡིན་པའི་སྦྱོར་བ་སྟེ། བསམ་པ་དག་པས་རབ་ཏུ་འདུན་པ་དང་། དགེ་བའི་རྩ་ཐམས་ཅད་ཡང་དག་པར་བསྒྲུབ་པའི་ཕྱིར་བརྩོན་འགྲུས་འབར་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་དགེ་བ་ལ་འདུན་པ་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི། ཕྱིར་ཐོས་པས་མི་ངོམས་པ་དང་། ཡེ་ཤེས་བརྟན་པར་བྱ་བའི་ཕྱིར་ང་རྒྱལ་མེད་པ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རབ་ཏུ་འབྱུང་བ་ལ་གཞོལ་བ་དང་། ལུས་དང་སེམས་དབེན་པར་དགོན་པ་ན་གནས་པ་དང་། སྐྱེ་བོ་མོ་བསྲུན་པ་རྣམ་པར་སྤངས་པས་འདུ་འཛི་མེད་པ་དང་། དོན་དམ་པ་ལ་རྟོན་པས་ཆོས་དོན་དུ་གཉེར་བ་དང་། ཤིན་ཏུ་མི་འཁྲུགས་པས་ཡེ་ཤེས་ཀྱི་དོན་དང་། ཡེ་ཤེས་ཀྱི་དོན་ཡིན་པས་ཆོས་ཀྱི་དོན་དང་། མི་འཁྲུགས་པས་དབེན་པའི་དོན་དང་། ཡང་དག་པར་སྦྱོར་བར་བྱ་བས་སྟོང་པ་ཉིད་ཀྱི་དོན་དང་། ཤིན་ཏུ་ཉེ་བར་ཞི་བའི་དོན་ཡིན་པས་དབེན་པའི་དོན་ཏེ། རིགས་ཀྱི་བུ་འདི་ནི་འདིར་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་མྱུར་བའོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། འདི་ལྟར་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་རྣམས་ལ་ཕན་འདོགས་པར་གྱུར་པ་ནི། བཅོམ་ལྡན་འདས་ངོ་མཚར་ཏོ།། བདེ་བར་གཤེགས་པ་ངོ་མཚར་ཏོ།། བཅོམ་ལྡན་འདས་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་བསྟན་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་སྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུངས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་སྦྱིན་པ་བྱིན་པ་དང་། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལ་དེ་བཞིན་གཤེགས་པ་རེ་རེའི་གཙུགས་ལག་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྩིགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ལས་དེ་བཞིན་གཤེགས་པ་རེ་རེའི་ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ་དག་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་དང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལ་བྱས་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དང་ལྡན་པ་གཞན་གང་གིས། དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིགས་སུ་བཅད་པ་གཅིག་ཙམ་ལུང་མནོས་ཏེ། ལུང་མནོས་ནས་ཀྱང་མི་སྤོང་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། ། བུད་མེད་གང་ཞིག་ལུང་འབོག་ན། དེ་ནམ་ཡང་ལོག་པར་ལྟུང་བར་མི་འགྱུར་ཏེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ།། ས་ཕྱོགས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་འམ། བསྟན་པ་འམ། ཡི་གེར་འདྲི་བ་འམ། ཡི་གེར་བྲིས་ནས་གླེགས་བམ་དུ་བྱས་ཏེ་བཞག་པའི་ས་ཕྱོགས་དེ་ལྷ་དང་བཅས་པ་འཇིག་རྟེན་ཀྱི་མཆོད་རྟེན་དང་འདྲ་བར་འགྱུར་རོ། ། སུ་ཏིག་ཆོས་སྨྲ་བ་ལས་ཆོས་མིན་མ་མངས་འདིབྱིན་པའས། འཛིན་པའམ། ཡི་གེར་འདྲི་བ་དེས་འདུས་སྷོ། དེ་བཞིན་གཤེགས་པ་ལ་ཇི་ལྟར་བྱ་བ་དེ་བཞིན་དུ་གུས་པར་བྱའོ།། འོད་སྲུངས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་དེ་བཞིན་གཤེགས་པའི་ཆོས་སྨྲབ་ལ་བཀུར་སྟི་བྲེད་པ་དང་། བཙུན་པར་བྱེད་པ་དང་། རི་མོ་བྲེད་པ་དང་། མཆོད་པ་བྱེད་པ་དེ་ལ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ།། དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། ། དེ་བཞིན་གཤེགས་པ་མཐོང་ནས་ཀྱང་ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཚོར་བས་སེམས་ཀུན་ཏུ་མ་ཟིན་པར་འཆི་བའི་དུས་བྱེད་པ་དང་། དེའི་མིག་འཁྲུལ་བར་མི་འགྱུར་བ་དང་། ལག་པ་གཡོབ་པར་མི་བྱེད་པ་དང་། རྐང་པ་འཕྲ་བར་མི་བྱེད་པ་དང་། གཅིན་མི་སྟོར་བ་དང་། ཕྱི་ས་མི་འབྱུང་བ་དང་། དེའི་སྙིང་ཀར་རྡུལ་མི་འབྱུང་བ་དང་། ཁུ་ཚུར་མི་འཆང་བ་དང་། ནམ་མཁའ་ལ་མི་རློབས་པ་དང་། ཇི་ལྟར་འདུག་པ་དེ་བཞིན་དུ་ཚེའི་འདུ་བྱེད་འདོར་བར་འགྱུར་བ་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་ཐོབ་པར་འགྱུར་རོ།། ངག་གི་ལས་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གདངས་སྙན་པའི་ཚིག་དང་། མཉེན་པའི་ཚིག་དང་། འཇམ་པའི་ཚིག་དང་། དགའ་བའི་ཚིག་དང་། སྣུམ་པའི་ཚིག་དང་། སླར་ཟློག་པ་མ་ཡིན་པའི་ཚིག་དང་། གཟུངས་པར་འོས་བའི་ཚིག་དང་། བཙུན་པའི་ཚིག་དང་། ལྷ་དང་མི་ཡོངས་སུ་གཟུང་བའི་ཚིག་དང་། སངས་རྒྱས་ཀྱིས་ཡོངས་སུ་གཟུང་བའི་ཚིག་སྟེ། ངག་གི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་ཐོབ་པར་འགྱུར་རོ། ། ཡིད་ཀྱི་ལས་ཡོངས་སུ་དག་པ་བཅུ་ཐོབ་པར་འགྱུར་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཁྲོ་བར་མི་འགྱུར་བ་དང་། ཁོན་དུ་འཛིན་པ་མེད་པ་དང་འཆབ་པར་མི་འགྱུར་བ་དང་། འཚིག་པར་མི་འགྱུར་བ་དང་། ཉེས་པ་ལ་མི་དགའ་བ་དང་། ཁོན་གཅུགས་ལ་མི་དགའ་བ་དང་། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་དང་། སྤོང་བས་བག་ཡོད་པར་འགྱུར་བ་དང་། མ་ཞུམ་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཛིན་པ་དང་། ང་རྒྱལ་དང་ཆེ་བའི་ང་རྒྱལ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་བར་བསྒྲུབ་པའི་ཏིང་ངེ་འཛིན་ཐོད་པར་འགྱུར་བ་སྟེ། འདི་ཀྱི་ལས་ཡོངས་སུ་དག་པ་བཅུ་པོ་དེ་དག་ཐོབ་པར་འགྱུར་རོ།། དེ་ལ་འདི་མད་ཅེ་སྱ་ཊྚཿ།། ཚོར་བས་ཞེན་ཆི་འི་དུས་མི་བྱེད། དེ་མི་མིག་པའི་ཐུལ་པར་འགྱུར་བ་མེད།། ལག་པ་མི་ནི་མའི་ནང་པ་འབྲ་མི་གྲོར།། དོནི་བགང་གི་ཀྱི་ཤོར་བར་ཡང་མི་འགྱུར། མ་ཀར་རྡུལ་ཡང་འབྱུང་མི་འགྱུར། ། བ་ཚུར་མི་འཆང་ནམ་མཁའ་རློབས་མི་འགྱུར།། འདུག་བཞིན་བདེ་བར་འཆི་བའི་དུས་བྱེད་དེ།། ལུས་ལས་ཡོངས་སུ་དག་པ་འདི་བཅུ་ཐོབ། ། གདངས་སྤྱན་ཕུན་སུམ་ཚོགས་ཤིང་འཇམ་མཉེན་ཚིག། སྣུམ་ཞིང་ཡིད་འོང་དེ་བཞིན་དགའ་བར་འགྱུར།། གཞན་གྱིས་སླར་མི་ཟློག་ཅིང་གཟུང་འོས་ཚིག། སྐྱེ་བོས་བཙུན་པར་བྱ་བའི་ཚིག་ཏུ་འགྱུར།། དེ་ཡི་ཚིག་ནི་ལྷ་དང་ཀླུ་དག་དང་།། མི་འམ་ཅི་དང་དེ་བཞིན་རྒྱལ་བས་བསྔགས།། དེས་བཤད་པ་ཡི་དོན་ཡང་འཛིན་བྱེད་དེ། ། དེས་ནི་ངག་ལས་དག་པ་དེ་དག་འཐོབ།། ཁྲོ་བ་མེད་ཅིང་ཁོན་དུ་འཛིན་པ་མེད།། བརྟན་པ་འཆབ་པ་མེད་ཅིང་འཚིག་པ་མེད།། ཉེས་ལ་མི་དགའ་ཁོ་ན་གཅུགས་དགའ་བ་མེད། ། དེ་ཡི་འདུ་ཤེས་ཕྱིན་ཅི་ལོག་མི་འགྱུར།། བསླབ་པ་ཡང་དག་བླངས་ལ་སེམས་མི་ཞུམ།། སྤོང་བ་ལ་ནི་བག་མེད་མི་འགྱུར་ཏེ།། ཞུམ་པ་མེད་པའི་སེམས་ཀྱིས་ཞིང་སྦྱོང་བྱེད། ། ང་རྒྱལ་ལས་ཀྱང་ང་རྒྱལ་ཡོངས་སྤངས་ནས།། ཏིང་འཛིན་འབྱོར་པ་ཐམས་ཅད་མངོན་བསྒྲུབས་དང་།། ཡིད་ཀྱིས་མངོན་པར་བསྒྲུབས་པའི་ཆོས་རྣམས་འཐོབ། ། ཆོས་རྣམས་འདི་དག་ལྡན་པར་གྱུར་པ་ལ།། སངས་རྒྱས་དངོས་པོ་དཀོན་པར་མི་འགྱུར་རོ།། འོད་སྲུངས་གང་ལ་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་ང་ལ་བཀུར་སྟི་བྱེད་པར་འདོད་པ་དང་། མཆོད་པ་ཐམས་ཅད་ཀྱིས་མཆོད་པར་འདོད་པ་དེས། དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། ཀུན་ཆུབ་པར་བྱ། ཡི་གེར་བྲི་བར་བྱ། བཀླག་པར་བྱ། བཅང་བར་བྱའོ།། འོད་སྲུངས་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་བླ་ན་མེད་པ་བྱས་པར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་འཕགས་པ་འོད་སྲུངས་ཀྱི་ལེའུ་ཞེས་བྱ་སྟེ། འདུས་པ་བཞི་བཅུ་གསུམ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་རྒྱ་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།
CLOSE WINDOW