CLOSE WINDOW

S11.41: འཕགས་པ་བྱམས་པས་ཞུས་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲེ་ཡ་པྲི་ཙྪ་བ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱམས་པས་ཞུས་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་གཅིག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བརྒེ་ན། ཆུ་སྲིན་བྱིས་པ་གསོད་ལྟ་བུའི་རི་ལ་འཇིགས་སུ་རུང་བའི་ནགས་རི་དགས་ཀྱི་གནས་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ། གནས་བརྟན་ཉན་ཐོས་ཆེན་པོ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་མིང་ཆེན་དང་། ཚེ་དང་ལྡན་པ་བཟང་ལྡན་དང་། ཚེ་དང་ལྡན་པ་དྲི་མ་མེད་པ་དང་། ཚེ་དང་ལྡན་པ་གང་པོ་དང་། ཚེ་དང་ལྡན་པ་བ་གྲང་བདག་དང་། ཚེ་དང་ལྡན་པ་རི་དགས་མགོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང་། ཚེ་དང་ལྡན་པ་ཆུ་ཀླུང་འོད་སྲུངས་དང་། ཚེ་དང་ལྡན་པ་ག་ཡ་འོད་སྲུངས་དང་། ཚེ་དང་ལྡན་པ་བྱིན་པ་འོད་སྲུངས་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་དོན་ཡོད་རྒྱལ་པོ་དང་ཚེ་དང་ལྡན་པ་བློ་གྲོས་བཟང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རི་རྒྱལ་དང་། ཚེ་དང་ལྡན་པ་དགའ་བོ་དང་། ཚེ་དང་ལྡན་པ་ཉེ་དགའ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་དང་། དེ་དག་ལ་སོགས་པ་དགེ་སློང་ལྔ་བརྒྱ་ཙམ་དང་ཐབས་ཅིག་ཏུ་བཞུགས་སོ།། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་མངོན་པར་ཤེས་པ་ཁྲི་དང་ཡང་ཐབས་ཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བློ་གྲོས་འཕེལ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་དང་། བློ་གྲོས་ཡངས་པ་དང་། སྤོབས་པ་བརྩེགས་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་མེ་ཏོག་དཔལ་དང་། འཇམ་དཔལ་དང་། མངོན་པར་ཤེས་པའི་མེ་ཏོག་ཤིན་ཏུ་རྒྱས་པ་དང་། དམིགས་པ་མེད་པ་ཡིད་ལ་བྱེད་པ་དང་། དད་ལྡན་དང་། རིན་པོ་ཆེ་ཏོག་དང་དབང་པོའི་ལྷ་དང་། ཆུ་ལྷ་དང་། སྒྲ་དབྱངས་སྙན་དང་། ཞིང་རྣམ་པར་སྦྱོང་དང་། ལྷུན་པོ་བརྩེགས་དང་། སྤོབས་པ་ཕུན་སུམ་ཚོགས་པ་དང་། དབང་པོའི་དཔལ་དང་། ས་འཛིན་དང་སེམས་ཅན་དམྱལ་བསྙེམས་དང་། ངན་སོང་སྤོང་དང་།། རིན་ཆེན་ཟེ་བ་ཅན་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་ཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་། མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། ། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་དེ་འདུས་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་དྲི་བ་ལུང་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེས།། བྱམས་པ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་སུག་པར་ལྷུང་བར་མི་འགྱུར་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་ཁྱོད་ནི་འདི་ལྟར་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ཚེ་རབས་དྲན་པ། སྤོབས་པ་ཐོབ་པ། ཡུན་རིང་པོ་ནས་ཚངས་པར་སྤྱོད་པ་སྤྱད་པ་སྟེ། བྱམས་པ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་།། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ད་ལྟར་གྱི་དེང་མ་འོངས་པ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཞུགས་ནས། ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཆོས་གཅིག་གང་ཞེ་ནའདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་པོ་དེ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་གཉིས་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཞི་གནས་ཡོངས་སུ་ཚོལ་བ་དང་། ལྷག་མཐོང་ལ་མཁས་པ་སྟེ། བྱང་ཆུབ་སེམས་དཔའ་ཆོས་གཉིས་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་གསུམ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཐོབ་པ་དང་། སྟོང་པ་ཉིད་ཀྱི་ཆོས་ངེས་པར་སེམས་པ་དང་། དེས་ཀྱང་རློམ་སེམས་སུ་མི་བྱེད་པ་སྟེ་བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གསུམ་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ལ་གནས་པ་ཡིན། ཆོས་ཐམས་ཅད་ལ་སོམ་ཉི་མེད་པ་ཡིན། དགེ་བའི་ཆོས་ལ་མངོན་པར་དགའ་བ་ཡིན། ཡང་དག་པར་ཞུགས་ཤིང་། ཡང་དག་པར་བླངས་པ་ལས་མི་གཡོ་བ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་།། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོག་ལྔ་དང་ལྡན་ན། དྲན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་། ལྔ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ལ་གནས་པ་དང་། གཞན་དག་གི་འཁྲུལ་པའི་ཚོལ་བ་དང་། བདག་ལ་རྟོག་པ་དང་། ཆོས་ལ་མངོན་པར་དཀའ་བ་དང་། གཞན་ལ་ཕན་འདོགས་པར་ཞུགས་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་ལྔ་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་དྲུག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། བྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དྲུག་གང་ཞེ་ན། འདི་ལྟ་སྟེ། བརྐས་པ་མེད་པ་ཡིན། སྡང་བ་མེད་པ་ཡིན། རྨོངས་པ་མེད་པ་ཡིན། དྲིས་མ་ཐག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ལན་ལྡོན་པ་ཡིན། བསྙེན་པར་དཀའ་བ་མེད་པ་ཡིན། སྟོང་པ་ཉིད་སྤྱོད་ཡུལ་བ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་དྲུག་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཆང་ཐོང་ཞིང་སྡིག་པའི་ཐོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་ཐ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། བྱམས་པ་གཞན། ཡང་བྱང་ཆུབ་སེམས་དཔའ་ཆོས་བདུན་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ལ་མཁས་པ་ཡིན། ཆོས་ལ་མཁས་པ་ཡིན། བརྩོན་འགྲུས་བརྩམས་པ་ཡིན། དགའ་བ་ཐོབ་པ་ཡིན། ཤིན་ཏུ་སྦྱངས་པ་དང་ལྡན་པ་ཡིན། ཏིང་ངེ་འཛིན་ལ་མཁས་པ་ཡིན། ཤེས་རབ་ཀྱིས་རབ་ཏུ་དབྱེ་བ་ལ་མཁས་པ་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བདུན་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་རྨ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ཅན་ཡིན། ཡང་དག་པའི་རྟོག་པ་ཅན་ཡིན། ཡང་@#དག་པའི་ངག་ཅན་ཡིན། ཡང་དག་པའི་ལས་ཀྱི་མཐའ་ཅན་ཡིན། ཡང་དག་པའི་འཚོ་བ་ཅན་ཡིན། ཡང་དག་པའི་རྩོལ་བ་ཅན་ཡིན། ཡང་དག་པའི་རླན་པ་ཅན་ཡིན།། ཡང་དག་པའི་ཏིང་ངེ་འཛིན་ཅན་ཡིན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅན་ཐོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོལ། སྦྱར། དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་དགུ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དགུ་གང་ཞེ་ན། འདི་ལྟ་སྟེ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ།། རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་རབ་ཏུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་བསྒྲུབས་ཏེ་གནས་སོ།། དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་། དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་དེ། དགའ་བ་མེད་པ་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ། ། བདེ་བའང་སྤངས་ཏེ། སྔ་ནས་སྡུག་བསྔལ་བའང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བའང་ནུབ་པས། བདེ་བའང་མ་ཡིན།། སྡུག་བསྔལ་བའང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ།། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། ། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་དེ་གནས་སོ། རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ། ། རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅིའང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ།། རྣམ་པ་ཐམས་ཅད་དུ་ཅིའི་ང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་སོ།། རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ནས་གནས་པ་སྟེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་དགུ། པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། བྱམས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། གནས་དང་གནས་མ་ཡིན་པ་ལ་མངོན་པར་བརྩོན་པའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། རླབས་ཀྱིས་འགྲོ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། རྣམ་པར་སྣང་བྱེད་ཀྱི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཀུན་ནས་སྣང་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཀུན་ཏུ་གསལ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན།། རིན་ཆེན་ཟླ་བའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཟླ་བ་བློན་མའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ་ཡིན། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་དང་ལྡན་པ་ཡིན་ཏེ།། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན། ངན་སོང་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ཡ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། སྔོན་ཆད་སྦྱིན་པ་སྦྱིན་མཛད་པ། ། སྡུག་པའི་བུ་དང་ཟས་སྐོམ་དང་།། མགོ་དང་མིག་ཀྱང་བཏང་མཛད་དེ།། སངས་རྒྱས་སྦྱིན་ཀུན་ཕ་རོལ་ཕྱིན།། གཡག་རྔ་བཞིན་དུ་ཡུན་རིང་ནས།། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་བསྲུངས། ། ཁྲིམས་ཀྱིས་ཁྱོད་འདྲ་མ་མཆིས་ཏེ།། སངས་རྒྱས་ཁྲིམས་ལེགས་ཕ་རོལ་ཕྱིན།། བཟོད་པའི་སྟོབས་ནི་བསྐྱེད་མཛད་ནས།། བྱིས་པས་ནོངས་པ་བགྱིས་པ་བཟོད། ། བཟོད་པའི་སྟོབས་རྣམས་ཀུན་དང་ལྡན།། སངས་རྒྱས་བཟོད་ལེགས་ཕ་རོལ་ཕྱིན།། བརྩོན་འགྲུས་སྟོབས་ནི་བསྐྱེད་མཛད་ནས།། ཞི་བདེ་བླ་ན་མེད་པ་བརྙེས།། བརྩོན་འགྲུས་སྟོབས་ཀྱི་སྟོབས་དང་ལྡན།། སངས་རྒྱས་བརྩོན་ལེགས་ཕ་རོལ་ཕྱིན།། སྡིག་པ་ཐམས་ཅད་བསྲེག་མཛད་ནས།། འདྲེན་པ་སྐྱེས་ཆེན་བསམ་གཏན་དགྱེས། བསམ་གཏན་སྟོབས་ཀྱིས་སྟོབས་དང་ལྡན། ། སངས་རྒྱས་བསམ་ལེགས་ཕ་རོལ་ཕྱིན།། ཆོས་རྣམས་དེ་དག་རང་བཞིན་སྟོང་།། ངོ་བོ་ཉིད་ཀྱིས་གང་མི་སྐྱེ།། ཤེས་རབ་ཀྱིས་ནི་ཕ་རོལ་གཤེགས། ། སངས་རྒྱས་ཤེས་ལེགས་ཕ་རོལ་ཕྱིན།། མཁྱེན་ཆེན་བྱང་ཆུབ་ཤིང་དྲུང་དུ།། སྡེར་བཅས་བདུད་ནི་ཁྱོད་ཀྱིས་གཏུལ།། དོན་གྱི་མཆོག་ཀྱང་བརྙེས་པར་གྱུར། ། སངས་རྒྱས་བདུད་ཀྱི་ཚོགས་ངན་འཇོམས།། སྐྱེས་ཆེན་ཝཱ་རཱ་ཎཱ་སིར་ནི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། མུ་སྟེགས་ཚོགས་ངན་སྐྲག་པར་མཛད།། སངས་རྒྱས་མུ་སྟེཀྲ་ཅན་ཚོགས་འཇོམས། ། ཤེས་རབ་ཆེན་པོ་བླ་ན་མེད།། ཀུན་ནས་ཟླ་དཔེ་ཡོངས་མ་མཆིས།། དཀོན་མཆོག་ཆོས་དེ་སྟོན་པར་མཛད།། འདྲེན་པ་སངས་རྒྱས་འོད་མཛད་ལགས།། སྦྱིན་པ་དང་ནི་ཁྲིམས་སྟོབས་དང་། ། བཟོད་བརྩོན་ཁྱོད་དང་འདྲ་མ་མཆིས།། ཀུན་གྱི་ཕ་རོལ་ཕྱིན་པར་གྱུར།། སངས་རྒྱས་ཡོན་ཏན་མང་པོས་འཕགས།། དེ་ནས་བྱང་ཆུབ་སེམས་དཔའ་སེམ་དཔའ་ཆེན་པོ་བྱམས་པས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི། འདི་ལྟར་སྤོབས་པ་ཕུན་སུམ་ཚོགས་པ་དང་། འདི་ལྟར་ཤིན་ཏུ་རྣམ་པར་ངེས་པའི་ཚིག་གིས་ཆོས་སྟོན་པ་དང་། འདི་ལྟར་ཚིག་དང་ཡི་གེ་མཚུངས་པའི་ཆོས་སྟོན་པ་དང་། འདི་ལྟར་ཟབ་མོའི་ཚིག་གིས་ཆོས་སྟོན་པ་དང་། འདི་ལྟར་ལེགས་པར་འབྲེལ་བའི་ཚིག་གིས་ཆོས་སྟོན་པ་དང་། དྲན་པའི་ཚིག་གིས་ཆོས་སྟོན་པ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ།། ཛ་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་སྤོབས་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། བྱང་ཆུབ་སེམས་དཔའ་བྱམས་པ་ཤིན་ཏུ་རྣམ་པར་ངེས་པའི་ཚིག་གིས་ཆོས་སྟོན་པ་ནས་རྗེས་སུ་དྲན་པའི་ཚིག་གི་བར་གྱིས་ཆོས་སྟོན་པ་ནི་ངོ་མཚར་ཏོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་བྱམས་པ་ནི་ད་ལྟར་ང་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པར་ཡང་མ་ཟད་དེ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བཅུར་ཚང་བར་གྱུར་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་ཡོད་པ་དེ་སྐྱེད་མོས་ཚལ་དུ་འགྲོ་སྟེ། གྲོང་བར་དུ་ཕྱིན་པ་དང་། དེ་བཞིན་གཤེས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་མཛེས་པ། དད་པར་བྱ་བ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་ཀྱི་མཆོག་བརྙེས་པ། དུལ་བ་དང་ཞི་གནས་ཀྱི་དམ་པ་བརྙེས་པ། དབང་པོ་བསྲུངས་པ། གླང་པོ་ཆེ་དབང་པོ་ཐུལ་བ་ལྟ་བུ། མཚོ་ལྟར་དང་ཞིང་རྙོག་པ་མེད་ལ་གསལ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་གིས་སྐུ་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་དེ་དག་གིས་སྐུ་ལེགས་པར་སྤྲས་པ། ཤིང་ས་ལའི་རྒྱལ་པོ་མེ་ཏོག་ཤིན་ཏུ་རྒྱས་པ་འདྲ་བ། རིའི་རྒྱལ་པོ་རི་རབ་ལྟར་མངོན་པར་འཕགས་པ། ཞལ་ཟླ་བའི་དཀྱིལ་འཁོར་ལྟར་ཞི་བ། ཉི་མའི་དཀྱིལ་འཁོར་ལྟར་ལྷམ་མེ། ལྷན་ནེ། ལྷང་ངེ་བ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་ག་པ། འོད་འབར་བའི་སྐུས་དཔལ་ཆེན་པོ་འབར་བ་མཐོང་ངོ་།། མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ཏོ།། དེ་སེམས་དང་ནས་འདི་སྙམ་དུ་སེམས་ཏེ། ཨ་ལ་ལ་དེ་བཞིན་གཤེགས་པའི་སྐུ་འདི་རྣམ་པར་སྤྲས་ཤིང་། ཁ་དོག་དང་། གཟི་བརྗིད་དང་། དཔལ་དང་། མཚན་རྣམས་ཀྱིས་འབར་ཞིང་ལྷམ་མེ། ལྷན་ནེ། ལྒང་ངེ་བ་ངོ་མཚར་ཏོ་སྙམ་མོ།། དེ་ནས་བྲམ་ཟེའི་ཁྱེའུ་བཟང་དག་གིས་འདི་སྐད་ཅེས་སྨྲས་ཏེ། ཨ་ལ་ལ་བདག་ཀྱང་མ་འོངས་པའི་དུས་ན་ལུས་འདི་འདྲ་བ་དང་ལྡན་པར་གྱུར་ཅིག། ཁ་དོག་དང་། གཟི་བརྗིད་དང་། དཔལ་དང་མཚན་རྣམས་ཀྱིས་འདི་ལྟར་འབར་ཞིང་། ལྷམ་མེ། ལྷན་ནེ། ལྷང་ངེ་བར་གྱུར་ཅིག་ཅེས་དེས་སྨོན་ལམ་དེ་སྐད་བཏབ་ནས། ས་ལ་ཉལ་ཏེ་འདི་སྙམ་དུ་བསམས་སོ།། གལ་ཏེ་བདག་ཀྱང་མ་འོངས་པའི་དུས་ན་འདི་ལྟ་བུའི་ལུས་དང་ལྡན་པར་འགྱུར་ཏེ། ཁ་དོག་དང་། གཟི་བརྗིད་དང་། དཔལ་དང་། མཚན་རྣམས་ཀྱིས་འབར་ཞིང་ལྷམ་མེ། ལྷན་ནེ། ལྷང་ངེར་འགྱུར་ཞེ་ན། དེ་བཞིན་གཤེགས་པའི་ཞབས་བདག་གི་ལུས་ལ་རེག་པར་གྱུར་ཅིག་སྙམ་མོ།། ཀུན་དགའ་བོ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེ་བ་དེས། བྲམ་ཟེའི་ཁྱེའུ་བཟང་དག་གི་ལྷག་པའི་བསམ་པ་མཁྱེན་ནས། བྲམ་ཟེའི་ཁྱེའུ་བཟང་དག་ག་ལ་བ་དེར་གཤེགས་ཏེ། བྲམ་ཟེའི་ཁྱེའུ་བཟང་དག་ལ་ཞབས་ཀྱིས་རེག་པར་མཛད་དོ། ། དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེས། བྲམ་ཟེའི་ཁྱེའུ་བཟང་དག་ལ་ཞབས་ཀྱིས་རེག་པར་མཛད་མ་ཐག་ཏུ། དེ་ནས་དེའི་ཚེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཀུན་དགའ་བོ་དེ་ནས་དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་ས་སྣམ་ལོགས་སུ་ཟིགས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་གང་གིས་ཀྱང་བྲམ་ཟེའི་ཁྱེའུ་བཟང་དག་དེའི་ལུས་ལ་རྐང་པས་པ་རྫི་ཞིག། དེ་ཅིའི། ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ།། དེ་ནས་དེ་ཉིད་ཀྱི་ཚེ་བྲམ་ཟེའི་ཁྱེའུ་བཟང་དག་གིས་ལྷའི་མིག་དང་ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མངོན་སུམ་དུ་བྱ་བའི་ཤེས་པ་ཐོབ་བོ།། རྫུ་འཕྲུལ་ཡང་མངོན་པར་བསྒྲུབས་སོ།། དེས་དེ་བཞིན་གཤེགས་པ་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དག་གིས་ཀྱང་མངོན་པར་བསྟོད་དོ། ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་བསྐོར་ཏེ་བཙལ་གྱིས་ཀྱང་། ། འཇིག་རྟེན་དག་ན་མི་དབང་ཁྱོད་འདྲ་ཡོངས་མ་མཆིས།། འགྲོ་བ་ཀུན་ནས་རྫོགས་པའི་སངས་རྒྱས་མངོན་པར་འཕགས།། རྣམ་པར་འདྲེན་པ་རང་བྱུང་ཁྱོད་ལ་བདག་ཕྱག་འཚལ། ། དཔེར་ན་བར་སྣང་ལ་ནི་ཉི་མ་ལྷན་ནེ་ལྟར།། ཕྱོགས་དང་ཕྱོགས་མཚམས་ཀུན་གྱི་འཇིག་རྟེན་ཁམས་རྣམས་ན།། འཇིག་རྟེན་འདི་དག་ཐམས་ཅད་འོད་ཀྱིས་ལྷམ་མེར་འགྱུར། ། སངས་རྒྱས་ཡོན་ཏན་གཟི་མངའ་ཁྱོད་ལ་བདག་ཕྱག་འཚལ།། ཇི་ལྟར་སེང་གེ་ནགས་ཁྲོད་དག་ན་སྒྲ་སྒྲོགས་པ།། ཝ་ཚོགས་ཕལ་ཆེར་ཐམས་ཅད་ཟིལ་གྱིས་གནོན་པར་བགྱིད། ། དེ་ལྟར་མི་ཡི་དམ་པ་མཐུ་ཆེན་མངའ་བ་ཡང་།། མུ་སྟེགས་ཅན་མང་འདུས་པ་ཐམས་ཅད་ཟིལ་གྱིས་གནོན།། བདེ་བར་གཤེགས་པ་སྲིན་མཚམས་པར་གྱི་མཛོད་སྤུ་དཀར། ། དངུལ་དང་ཁ་བའི་ཚོགས་བཞིན་མཐའ་ཡས་གཟི་བརྗིད་ཅན།། དེས་ནི་འཇིག་རྟེན་འདི་དག་ཐམས་ཅད་སྣང་བར་བགྱིས།། འཇིག་རྟེན་ཀུན་ན་སངས་རྒྱས་ཁྱོད་ནི་མི་མཉམ་མཉམ། ། སྐྱེས་བུ་ཁྱུ་མཆོག་ཞབས་ལ་ལྷ་ཡི་འཁོར་ལོ་མངའ།། གསལ་ཞིང་མཛེས་ལ་རྩིབས་སྟོང་ཚང་ཞིང་མུ་ཁྱུད་འཁོར།། དེ་དག་གིས་ནི་རི་དང་ནགས་བཅས་ས་འདི་རྣམས།། རབ་ཏུ་གཡོ་བགྱིད་ཐུབ་པ་གང་ཟག་མཚུངས་མེད་པ།། ཉོན་མོངས་ཤས་ཆེན་དོར་བར་བགྱི་བ་ཐམས་ཅད་བོར།། འཕགས་པ་ངེས་པར་འབྱིན་པའི་ལམ་ནི་རབ་ཏུ་བརྙེས།། ནོར་རྣམས་ཀུན་དང་ལྡན་ཞིང་ཡོན་ཏན་རྣམས་ཀྱིས་ཕྱུག། བསམ་པ་བཞིན་དུ་འཕགས་པའི་ནོར་རྣམས་བཀོད་པ་མཛད།། ས་དང་མཚུངས་ཤིང་སྦྱིན་པའི་གནས་གྱུར་མཚུངས་མ་མཆིས།། ཡོན་ཏན་ཀུན་ལ་མངབ་བརྙེས་ཚུལ་ཁྲིམས་རྣམ་དག་པ། ། ཇི་ལྟར་ནམ་མཁའ་ལག་པ་མི་ཐོགས་མི་ཆགས་ལྟར།། འཇིག་རྟེན་དག་ན་ཁྱོད་ལ་རྗེས་ཆགས་ཁྲོ་མི་མངའ།། བཟོད་པ་ཟད་ཀྱིས་གཟུགས་པ་དོན་དང་ཆོས་རྣམས་ཀུན། ། སྙིང་པོ་མ་མཆིས་པ་དང་གསོལ་དང་གསོག་ཏུ་མཁྱེན།། སྲིད་པའི་འགྲོ་བ་ཐམས་ཅད་དག་ན་གང་རྣམས་ལ།། རློམ་སེམས་འགྱུར་བའི་སེམས་ཅན་ཐོག་དང་དངོས་མ་བརྙེས། ། ཁམས་དང་སྤྱོད་པ་དག་དང་སྦྱོར་དང་བསམ་པ་མཁྱེན།། རྨད་དུ་བྱུང་དང་རྣམ་པར་འབྱེད་མཛད་སྨོན་པར་གྱུར།། ཆུ་བོ་ཆེན་པོར་དང་། པའི་འགྲོ་བ་གཟིགས་གྱུར་ནས།། སྔོན་ཆད་བརྩོན་འགྲུས་སྟོབས་བརྟན་མཐུ་ནི་བསྙེན་པ་མཛད།། སྐྱེ་བ་སྤངས་ཤིང་ཉོན་མོངས་ཞི་བའི་ཐུགས་དང་ལྡན།། ཐུགས་རྒྱ་ཆེན་པོ་སྐྱེ་དང་ན་ཤི་མཐའ་མར་འབྱིན། ། ནམ་མཁའི་དཀྱིལ་དང་མཚུངས་པར་ཆགས་པ་མི་མངའ་རྒྱུ།། འཇིག་རྟེན་ཆོས་ཀྱིས་མི་གོས་འཇིག་རྟེན་གསུམ་ན་རྒྱུ།། བདག་ཉིད་ཆེན་པོ་ཤེས་རབ་ཀྱིས་ནི་སྣང་བར་མཛད། ། མུན་པ་མུན་ནག་གྱུར་པ་ཐམས་ཅད་རྣམ་པར་སེལ།། འདོད་ཆགས་རྡུལ་ཞི་མཛད་ཅིང་ཞེ་སྡང་གཏི་མུག་གི། དྲི་མ་སྣ་ཚོགས་མུན་བསལ་ཁྱོད་ལ་ཕྱག་འཚལ་ལོ།། ཀུན་དགའ་བོ་དེ་ཚུན་ཆད་ཟམ་ཟེའི་ཁྱེའུ་བཟང་དག་དེའི་རྫུ་འཕྲུལ་རྣམས་སམ། མངོན་པར་ཤེས་པ་རྣམས་ཡོངས་སུ་ཉམས་པར་མ་གྱུར་ཏོ།། ཀུན་དཀའ་བོ་དེའི་ཚེ་དེའི་དུས་ན་ཟམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་སམ། རེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ཉིད་དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བས་རྣམ་པར་རོལ་པའི་མངོན་པར་ཤེས་པ་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་སྟོད་དོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དཀའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་གལ་ཏེ་ཡུན་རིང་པོ་དེ་སྲིད་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ལགས་ན། ཅིའི་སླད་དུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་པ་རྒྱས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀོད་པ་དང་། ཡོངས་སུ་གཟུང་བ་ནི་གཉིས་པོ་འདི་དག་སྟེ་གཉིས་གང་ཞེ་ན། སེམས་ཅན་བཀོད་པ་དང་། སེམས་ཅན་ཡོངས་སུ་གཟུང་བ་དང་། ཞིང་བཀོད་པ་དང་། ཞིང་ཡོངས་སུ་གཟུང་བ་དང་གཉིས་པོ་འདི་དག་ཡིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཞིང་བཀོད་པ་རྣམ་པར་སྦྱངས་ཤིང་། ཞིང་ཡོངས་སུ་གཟུང་བ་ཡོངས་སུ་བཟུང་ངོ་།། ཀུན་དགའ་བོ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ངས་ནི་སེམས་ཅན་བཀོད་པ་རྣམ་པར་སྦྱངས། སེམས་ཅན་ཡོངས་སུ་གཟུང་བ་ཡོངས་སུ་བཟུང་། ཞིང་བཀོད་པའང་རྣམ་པར་སྦྱངས། ཞིང་ཡོངས་སུ་གཟུང་བའང་ཡོངས་སུ་བཟུང་ངོ་།། ཀུན་དགའ་བོ་ངས་མངོན་པར་ཤེས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཡང་དག་པར་ཞུགས་ནས། བསྐལ་པ་བཞི་བཅུ་རྩ་གཉིས་ལོན་པའི་འོག་ཏུ་ངས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཀུན་དགའ་བོ་བསྐལ་པ་བཟང་པོ་འདི་འདས་ནས། བསྐལ་པ་དགུ་བཅུ་རྩ་བཞིན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་རིགས་པ་ལས། ཀུན་དགའ་བོ་ངས་བརྩོན་འགྲུས་འབར་བར་བྱས་ནས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཀུན་དགའ་བོ་ངས་བརྩོན་འགྲུས་རླབས་པོ་ཆེས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཀུན་དགའ་བོ་ཆོས་བཅུ་པོ་འདི་དག་གིས་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅུ་གང་ཞེ་ན། བདོག་པ་འཕངས་པ་ཐམས་ཅད་ཡོངས་སུ་བཏང་བ་དང་། ཆུང་མ་འཕངས་པ་ཡོངས་སུ་བཏང་བ་དང་། བུ་འཕངས་པ་ཡོངས་སུ་བཏང་བ་དང་། མགོ་འཕངས་པ་ཡོངས་སུ་བཏང་བ་དང་། མིག་འཕངས་པ་ཡོངས་སུ་བཏང་བ་དང་། རྒྱལ་སྲིད་འཕངས་པ་ཡོངས་སུ་བཏང་བ་དང་། ལོངས་སྤྱོད་འཕངས་པ་ཡོངས་སུ་བཏང་བ་དང་། ཁྲག་འཕངས་པ་ཡོངས་སུ་བཏང་བ་དང་། རུས་པ་དང་རྐང་འཕངས་པ་ཡོངས་སུ་བཏང་བ་དང་། ཡན་ལག་འཕངས་པ་ཐམས་ཅད་ཡོངས་སུ་བཏང་བས། ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཀུན་དགའ་བོ་ཆོས་བཅུ་པོ་དེ་དག་གིས་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཀུན་དགའ་བོ་གཞན་ཡང་ངས་ཆོས་བཅུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅུ་གང་ཞེ་ན། ཀུན་དགའ་བོ་ང་ཚུལ་ཁྲིམས་ཀྱི་ཡོན་ཏན་གྱི་ཆོས་ལ་གནས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཀུན་དགའ་བོ་ང་བཟོད་པའི་སྟོབས་དང་ལྡན་པས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཀུན་དགའ་བོ་ང་བརྩོན་འགྲུས་འབར་བ་བརྩམས་པས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཀུན་དགའ་བོ་ང་བསམ་གཏན་གྱི་ཡོན་ཏན་ལ་གནས་དེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཀུན་དགའ་བོ་ང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཀུན་དགའ་བོ་ངས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཀུན་དགའ་བོ་ང་ཐབས་ལ་མཁས་པ་ལ་གནས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཀུན་དགའ་བོ་ང་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཀུན་དགའ་བོ་ངས་སྟོང་པ་ཉིད་ཀྱི་ཆོས་རྟོགས་པས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཀུན་དགའ་བོ་ངས་མཚན་མ་མེད་པ་དང་སྨོན་པ་མེད་པའི་ཆོས་རྟོགས་པས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཀུན་དགའ་བོ་ཆོས་བཅུ་པོ་དེ་དག་གིས་ང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། ། ཀུན་དགའ་བོ་ངས་ཚོར་བ་སྡུག་བསྔལ་བ། དྲག་པ་རྩུབ་པ་ཇི་ལྟ་བུ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་གལ་ཏེ་ཁྱོད་ཀྱིས་ཤེས་སུ་ཟིན་ན། ཀུན་དགའ་བོ་ཁྱོད་སྤོབས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པ་ཞིག་ཡོད་པ་དེ་སྐྱེད་མོས་ཚལ་དུ་འགྲོ་སྟེ། གྲོང་བར་དུ་ཕྱིན་པ་དང་། གནོད་པས་ཉེན་ཅིང་སྡུག་བསྔལ་ལ། ནད་ཚབས་ཆེན་པོས་བཏབ་པའི་མི་ཞིག་མཐོང་ངོ་།། མཐོང་ནས་ཀྱང་དེ་སྙིང་རྗེ་བར་གྱུར་ཏེ། དེ་མི་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ།། ཀྱེ་མི་ཁྱོད་ཅི་སྡུག་བསྔལ་ལམ་དེས་སྨྲས་པ། ལྷ་བདག་ནི་ནད་ཀྱིས་བཏབ་བོ།། དེས་སྨྲས་པ། ཀྱེ་མི་ཁྱོད་ཀྱི་ནད་ཅིས་ཞི་བར་འགྱུར། ཁྱོད་ལ་ཅི་ཞིག་སྦྱིན། དེས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་གིས་ལྷ་ཁྱོད་ཀྱི་ལུས་ལས་ཇི་ཙམ་གྱིས་ཚིམ་པར་འགྱུར་བའི་ཁྲག་ཅིག་བཏུང་དུ་ཐོབ་པ་ལྟ་ན་བདག་གི་ནད་ཞི་བར་འགྱུར་རོ།། ཀུན་དགའ་བོ་དེ་ནས་རྒྱལ་པོ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པ་དེས་མཚོན་རྣོན་པོ་བླངས་ཏེ། རང་གི་ལུས་ཕུག་ནས་ཁྲག་གཟགས་ཏེ། མི་དེ་ལ་བཏུང་བར་བྱིན་ནོ།། ཀུན་དགའ་བོ་དེས་དེ་འཐུངས་མ་ཐག་ཏུ་མི་དེའི་ནད་སོས་པར་གྱུར་ཏོ།། ཀུན་དགའ་བོ་རྒྱལ་པོ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པས་རང་གི་ལུས་ཕུག་སྟེ་ཁྲག་ཐམས་ཅད་གཟུགས་ཀྱང་འགྱོད་པའི་སེམས་གཅིག་ཀྱང་མེད་དོ།། ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་ཕྱིན་པར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་པ་འམ། ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པ་ཞེས་བྱ་བར་གྱུར་ཏོ། ། ཀུན་དགའ་བོ་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་ནི་ཚད་གཟུང་དུ་ཡོད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་ཞིང་ངས་སྔོན་སེམས་ཅན་རྣམས་ལ་ཁྲག་བྱིན་པ་ནི་ཚད་མེད་དོ། ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པ་ཞིག་ཡོད་པ་དེ་སྐྱེད་མོས་ཚལ་གྱི་སར་འགྲོ་སྟེ། གྲོང་བར་དུ་ཕྱིན་པ་དང་། སྱ་ཐབ་ཀྱི་ནད་ཀྱིས་བཏབ་པའི་མི་གནོད་པས་ཉེན་པ། སྡུག་བསྔལ་བ། ནད་ཚབས་ཆེན་པོ་ཞིག་མཐོང་ངོ་།། དེས་དེ་མཐོང་ནས་ཀྱང་སྙིང་རྗེ་བར་གྱུར་ཏེ། དེ་པི་དེ་ཀ་ལ་བ་དེར་སོང་ནས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཅི་ཞིག་གིས་མི་ཁྱོད་ཀྱི་ནད་འདི་ཞི་བར་འགྱུར། ཁྱོད་ལ་ཅི་ཞིག་སྦྱིན། དེས་འདི་སྐད་ཅེས་སྨྲས་སོ།། ། གལ་ཏེ་བདག་གིས་ལྷ་ཁྱོད་ཀྱི་ལུས་ལས་ཇི་ཙམ་གྱིས་ཚིམ་པར་འགྱུར་བའི་རྐང་ཞིག་ཐོབ་པ་ལྟ་ན་བདག་གི་ནད་ཞི་བར་འགྱུར་རོ།། དེ་ནས་རྒྱལ་བུ་གཞོན་ནུ་མེ་ཏོག་དེ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་བདེ་བ་དང་ཡིད་བདེ་བ་སྐྱེས་ཏེ། རང་གིས་ལུས་བརྡུངས་ནས་རྐང་བྲུས་ཏེ་མི་དེའི་ལུས་ལ་བསྐུས་སོ།། ཀུན་དགའ་བོ་ངས་བསྐུས་མ་ཐག་ཏུ་མི་དེའི་ནད་སོས་པར་གྱུར་རོ།། ཀུན་དགའ་བོ་རྒྱལ་བུ་གཞོན་ནུ་མེ་ཏོག་དེས་རང་གི་ལུས་བརྡུངས་ཏེ་རྐང་གཟགས་ཀྱང་སེམས་ལ་འགྱོད་པ་མེད་པར་གྱུར་ཏོ།། ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་ཟ་འམ། ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་མེ་ཏོག་ཅེས་བྱ་བར་གྱུར་ཏོ། ། ཀུན་དགའ་བོ་རྒྱ་མཚོ་ཆེན་པོ་བཞིའི་ཆུའི་ཕུང་པོ་ནི་ཚད་གཟུང་དུ་ཡོད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་ཞིང་ངས་སྔོན་སེམས་ཅན་རྣམས་ལ་རྐང་བྱིན་པ་ནི་ཚད་མེད་དོ། ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པ་ཞིག་ཡོད་པ་དེ་སྐྱེད་མོས་ཚལ་དུ་འགྲོ་སྟེ། གྲོང་བར་དུ་ཕྱིན་པ་དང་། མི་མིག་མེད་པ། ལོང་བ། དབུལ་པོ། བཀྲེན་པ། སློང་མོ་བྱེད་པ་ཞིག་མཐོང་ངོ་།། མཐོང་ནས་ཀྱང་དེ་སྙིང་རྗེ་བར་གྱུར་ཏོ།། དེ་ནས་མི་དེ་རྒྱལ་པོ་ཟླ་བོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་སྨྲས་། ཥྨཱ་།། འ་། སྨྲའོ།། 9།། །། མགོན་མ་མཆིས་སོ།། ཀུན་དགའ་བོ་དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་མི་དེའང་མཐོང་། ཚིག་ཀྱང་ཟོས་ནས་དུས་ཏེ་མཆི་མ་ཟག་བཞིན་དུ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་མི་ཁྱོད་ལ་ཅི་དགོས་ཁྱོད་ལ་བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། རྒྱན་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེ་སྣ་ཚོགས་སྦྱིན་པར་བྱ་འམ། ཁྱོད་ལ་དགོས་པ་དེ་སྤོས་ཤིག། མི་དེས་སྨྲས་པ། བདག་ལ་མིག་མ་འཚུལ་ན། བདག་ལ་མིག་སྩལ་བར་གསོལ།། ཀུན་དགའ་བོ་དེ་ནས་རྒྱལ་པོ་ཟླ་འོད་དེས་རང་གི་མིག་ཕྱུང་སྟེ། མི་དེ་ལ་བྱིན་ནོ། ། ཀུན་དགའ་བོ་རྒྱལ་པོ་ཟླ་འོད་ཀྱིས་རང་གི་མིག་ཕྱུང་སྟེ་མི་དེ་ལ་བྱིན་ཡང་། དེའི་སེམས་ལ་འགྱོད་པ་མེད་པར་གྱུར་ཏོ།། ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཡིད་གཉིས་ཟ་འམ། ཐེ་ཚོམ་ཟ་ན་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་བོད་ཅེས་བྱ་བར་གྱུར་ཏོ། ། ཀུན་དགའ་བོ་རིའི་རྒྱལ་པོ་རི་རབ་ལ་ནི་ཚད་གཟུང་དུ་ཡོད་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཡོངས་སུ་ཚོལ་ཞིང་ངས་སེམས་ཅན་རྣམས་ལ་མིག་བྱིན་པ་ནི་ཆེས་མང་སྡེ་ཚད་མེད་དོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཐེག་པ་བདེ་བ་འཇུག་པ་བདེ་བ། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ལག་པ་ཡོངས་སུ་བཏང་བ་མ་བྱས། རྐང་པ་ཡོངས་སུ་བཏང་བ་མ་བྱས། རྐང་ཡོངས་སུ་བཏང་བ་མ་བྱས། ཆུང་མ་འཕངས་པ་ཡོངས་སུ་བཏང་བ་མ་བྱས། ། བུ་འཕངས་པ་ཡོངས་སུ་བཏང་བ་མ་བྱས། གྲོང་དང་། གྲོང་རྡལ་དང་།། གྲོང་ཁྱེར་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་འཕངས་པ་ཡོངས་སུ་བཏང་བ་མ་བྱས་ཏེ། ཀུན་དགའ་ཕོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཐབས་མཁས་པས་ཡོངས་སུ་ཟིན་པས་ཐེག་པ་བདེ་བ། འཇུག་པ་བདེ་བ། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་སོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཐབས་ལ་མཁས་པ་གང་ལ་གནས་ནས།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པའི་ཐབས་ལ་མཁས་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ། བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དེ་ཉིན་ལན་གསུམ། མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གབར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ཏེ་ཚིག་འདི་སྐད་ཅེས་སྨྲས་སོ།། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། དྲང་ཟོང་ལྷ་མིག་ལྡན་པ་ཡི། ། བྱང་ཆུབ་སེམས་དཔའ་རྣམས་དང་ཡང་།། ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ།། ངན་འགྲོ་ཐམས་ཅད་ཟློག་བགྱིད་ཅིང་།། མཐོ་རིས་ལམ་ནི་རབ་སྟོན་ལ།། རྒ་ཤི་མེད་པར་འཛིན་བགྱིད་པ། ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། སེམས་ཀྱི་དབང་དུ་གྱུར་པས་ན།། བདག་གིས་སྡིག་པ་ཅི་བགྱིས་པ།། སངས་རྒྱས་སྤྱན་སྔར་མཆིས་ནས་སུ།། བདག་གིས་དེ་དག་བཤགས་པར་བགྱི། ། བདག་ལས་རྣམ་པ་གསུམ་གང་གིས།། བསོད་ནམས་ཚོགས་ནི་སྐྱེས་པ་དེ།། བདག་གི་ཀུན་མཁྱེན་པ་བོན་ཏེ།། བདག་གི་བྱང་ཆུབ་མི་ཟད་ཤོག། ཕྱོགས་བཅུ་དག་གི་ཞིང་རྣམས་སུ། ། སངས་རྒྱས་མཆོད་པ་གང་འབྱུང་བ།། སངས་རྒྱས་མཁྱེན་པ་ཡི་རངས་པ།། དེ་ལ་བདག་ནི་ཡི་རང་ངོ་།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། བསོད་ནམས་ཀུན་ལ་ཡི་རང་ངོ་།། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ།། བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག། ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན།། ས་བཅུ་དག་ལ་གནས་པ་ཡི།། བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག། འཚང་རྒྱ་བགྱིད་པར་སྐུལ་མ་འདེབས།། བྱང་ཆུབ་དམ་པར་སངས་རྒྱས་ཤིང་།། སྡེ་དང་བཅས་པའི་བདུད་བཏུལ་ནས།། སྲོག་ཆགས་ཀུན་ལ་སྨན་སླད་དུ།། ཆོས་འཁོར་ལོ་སྐོར་གྱུར་ཅིག། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི།། སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག། བསྐལ་པ་བྱེ་བ་བསམ་ཡས་སུ།། ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག། འདོད་པའི་འདམ་དུ་བྱིང་གྱུར་ཅིང་། ། སྲེད་པའི་སྲད་བུས་དམ་བཅིངས་པ།། འཆིང་བ་ཀུན་གྱིས་བཅིངས་དག་ལ།། རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ།། སེམས་ཀྱི་དྲི་མར་བགྱིས་པ་ལ། སངས་རྒྱས་རྣམས་ནི་སྨོད་མི་མཛད།། སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན།། སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། རྫོགས་པའི་སངས་རྒྱས་གང་བཞུགས་དང་གང་དགྲ་འདས་དང་མ་བྱོན་པ། ། དེ་དག་རྗེས་སུ་བདག་སློབ་ཅིང་།། བྱང་ཆུབ་སྤྱད་པ་སྤྱོད་གྱུར་ཅིག། ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས།། འགྲོ་དྲུག་སེམས་ཅན་ཐར་བསྲིད་ཤོཿ་མངོན་ཤེས་དྲུག་པོ་མངོན་བགྱིས་ནས། ། བླ་མེད་བྱང་ཆུབ་རེག་གྱུར་ཅིག། མ་སྐྱེས་པ་དང་མི་འབྱུང་དང་།། རང་བཞིན་མ་མཆིས་གནས་མ་མཆིས།། རྣམ་རིག་མ་མཆིས་དངོས་@#། མཆིས།། སྟོང་པའི་ཆོས་ནི་རྟོགས་པར་ཤོག། སངས་རྒྱས་དྲང་སྲོང་ཆེན་པོ་ལྔར།། སེམས་ཅན་མ་མཆིས་གྲོག་ས་མཆིས།། གང་ཟག་ས་མཆིས་གསོམ་མཆིས། བདག་མ་མཆིས་པའི་ཆོས་རྟོགས་ཤོག། བདག་འཛིན་བདག་ཀིར་འཛིན་པ་ཡི།། དངོས་པོ་ཀུན་ལ་མི་གནས་པར།། སེམས་ཅན་ཀུན་ལ་བདེ་སྐད་དུ།། སེར་སྣ་མ་མཆིས་སྦྱིན་གཏོང་ཤོག། དངོས་པོ་དངོས་པོ་མ་མཆིས་པས།། བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག། དངོས་པོ་ཐམས་ཅད་རྣམ་འཇིག་པས།། སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། ། ཚུལ་ཁྲིམས་རྣམ་པར་དག་དང་ལྡན།། རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས།། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། ས་འམ་ཡང་ན་ཆུའམ་མེ།། རླུང་གི་ཁམས་ལྟར་མི་གནས་ཤིང་།། བཟོད་པ་ཁྲོ་བ་མ་མཆིས་པར།། བཟོད་པའི་ཕ་རོལ་ཕྱིན་རྫོགས་ཤོག། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས།། བརྟན་སྤྲོ་ལོ་ལོ་མ་མཆིས་ཤིང་། ། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། སྒྱུ་མ་ལྟ་བུའི་ཏིང་འཛིན་དང་།། དཔའ་བར་འགྲོ་བའི་ཏིང་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག། རྣམ་པར་ཐར་པའི་སྒོ་གསུམ་དང་།། དུས་གསུམ་མཉམ་པ་ཉིད་དང་།། རིག་གསུམ་མངོན་སུམ་བགྱིས་པ་ཡིས། ། ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག། སངས་རྒྱས་ཀུན་གྱིས་བསྔགས་པ་དང་།། འོད་དང་གཟི་བརྗིད་འབར་བ་དང་།། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས།། བདག་བསམ་པ་རྫོགས་གྱུར་ཅིག། དེ་ལྟར་སྤྱད་པ་སྤྱོད་བྱེད་ཅིང་།། བྱམས་པ་གྲགས་དང་ལྡན་པ་ཡིས།། ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས།། ས་བཅུ་པོ་ལ་རབ་ཏུ་གནས།། ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་གང་ལ་གནས་ནས་ཐབས་ལ་མཁས་པས། ཐེག་པ་བདེ་བ། འཇུག་པ་བདེ་བ། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པའི་ཐབས་ལ་མཁས་པ་ནི་དེ་ཡིན་ནོ། ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་རྣམས་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཅི་མ་རུང་ཞེས་དེ་ལྟར་ཞིང་རྣམ་པར་སྦྱངས་སོ། ། ཀུན་དགའ་བོ་དུས་དེ་དང་ཚོད་དེ་འབྱུང་བ་ཡོད་དེ། དེའི་ཚེ་དེའི་དུས་ན་སེམས་ཅན་གང་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་དག་འབྱུང་བར་འགྱུར་ཏེ། དེའི་འོག་བ་ཨུ་བྱང་ཆུབ་མེ་ས་པ་སས་དཔའ་ཆེན་པོ་བྱམས་པ་རྩོན་པ་ས་བྱེ་བང་གིས་བླན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འབྱུང་རྒྱབར་འགྱུར་ཀུན་དགའ་བོ་ངས་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་དུ་སྤྱོད་པ་ན། སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གནས་པའི་ཚེ། སེམས་ཅན་འདོད་ཆགས་ཀྱི་ཤས་ཆེ་བ་དང་། ཞེ་སྡང་གི་ཤས་ཆེ་བ་དང་། གཏི་མུག་གི་ཤས་ཆེ་བ་དང་། འདོད་ཆགས་བདོ་བ་དང་། ཞེ་སྡང་བདོ་བ་དང་། གཏི་མུག་བདོ་བ་དང་། ཆོས་མ་ཡིན་པ་ལ་ཆགས་ཞེན་པ་དང་ཆགས་པ་ཡང་བས་ཟིལ་གྱིས་ནོན་པ་དང་། ཆོས་ལོག་པས་ཡོངས་སུ་ཟིན་པ་དང་། པ་ལ་འཁྲུ་བ་དང་། མ་ལ་འཁུ་བ་དང་། སྤུན་ལ་འཁུ་བ་དང་། མིང་སྲིང་ལ་འཁུ་བ་དང་། ཁྱོ་ཤུགས་ལ་འཁུ་བ་དང་། ཉེ་དུ་ལ་འཁུ་བ་དང་། འཕགས་པ་ལ་འཁུ་བ་དང་། མཁན་པོ་དང་ཐོབ་དཔོན་ལ་འཁུ་བ་དང་། བདག་ལ་འཁུ་བ་དང་། མི་ལ་འཁུ་བ་དང་། མི་དྲྀ་ཅན་དང་། མིང་དབུ་རྒོད་དང་། མི་ཅང་ཤེས་མ་ཡིན་པ་རྣམས་ཀྱི་ནང་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཅི་མ་རུང་ཞེས་དེ་ལྟར་བློན་ལམ་ཡོངས་སུ་སྦྱངས་ཏེ། དུས་ཡང་བ་འདི་ལྟ་བུ་ལ་གནས་ནས། ཀུན་དགའ་བོ་ངས་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ངད་ལྟར་གྲོང་དང་། ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་ཞུགས་ཏེ། ཆོས་སྟོན་པ་ནང་ལ་ལ་ངན་ཟེར་ཞིང་གཤེ་ནྱ་སྟེ། ཚོགས་པར་མི་དབྱུང་བ་རྩུབ་པ་བརླང་པོས་སྨྲ་བར་བྱེད་དོ། ། ཀུན་དགའ་བོ་ང་ལ་ཆད་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ།། རྟག་པར་སྨྲ་བ་ཡིན་ནོ་ཞེས་ཀྱང་ཟེར་རོ།། འཁོར་འདོད་པ་མང་ངོ་ཞེས་ཀྱང་གླང་ངོ། འདོད་པ་ཆེའོ་ཞེས་ཀྱང་གླེང་ངོ་།། ཁྱིམ་གྱི་ནང་དུ་ཞུགས་ནའང་ང་ལ་སས་ཀྱང་འཐོར་རོ།། དུག་དང་བསྲེས་པའི་ཁ་ཟས་ཀྱང་བྱིན་ནོ།། མེའི་ཕུང་པོའང་ཉེ་བར་བསྒྲུབས་སོ། ། འདི་ལྟ་སྟེ། སངས་རྒྱས་སུ་གྱུར་ཀྱང་མཛེས་ལྡན་པ་དང་ཞེས་བྱ་བ་ལྟ་བུ་འཁྲིག་པའི་ཆོས་དང་ལྡན་པས་ང་ལ་སྐུར་པའང་བཏབ་བོ།། ཀུན་དགའ་བོ་ང་ནི་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ཏེ་སྙིང་རྗེ་ཆེན་པོ་དང་ལྡན་པས། ད་ལྟར་སེམས་ཅན་དེ་ལྟ་བུ་དེ་དག་ལ་ཆོས་སྟོན་ཏོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སེམས་ཅན་དེ་ལྟ་བུ་དེ་དག་ལ་ཆོས་སྟོན་པ་མཛད་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་དུལ་བ་འདུལ་བ། ཁུར་ཆེན་པོ་བསྔ་པ། དཀའ་བ་མཛད་པ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་དེ་དེ་བཞིན་ནོ།། @ངི་གང་སྨྲས་པ་བཞིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དམ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་དུལ་པ་འདུལ་བ། ཟུར་ཆེན་པོ་བསྡམས་པ་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་གང་དག་སེམས་ཅན་དེ་འདྲ་བ་དག་ལ་ཆོས་སྟོན་པ་ནི་དཀའ་བ་མཛད་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་ཕྱིར་རོ།། དེསྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཤིང་བཅོམ་ལྡན་འདས་ཀྱི་ཁྱུ་མཆོག་གི་གནས་འདི་ཐོས་ནས་སྤུ་ཟིང་ཞེས་བགྱིད་པ་ནི་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་སྨོན་ལམ་ཡང་དག་པར་འཕགས་པ་ཞེས་བྱ་བར་ཟུང་ཞིག། དེ་བཞིན་གཤེགས་པ་ཡང་དག་པར་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཞིག། བྱང་ཆུབ་ཀྱི་དགོངས་པ་འབྱུང་བ་ཞེས་བྱ་བར་ཡང་ཟུང་ཞིག། བྱམས་པས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། དགེ་སློང་ལྔ་བརྒྱ་པོ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཇི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བཅུ་པ་ལས། བྱམས་པས་ཞུས་པ་ཞེས་བྱ་བ་སྟེ། འདུས་པ་བཞི་བཅུ་རྩ་གཅིག་པ་རྫོགས་སོ།།

CLOSE WINDOW