Wylie | e-texts produced with ocr Programm |
། ། རྒྱ་གར་སྐད་དུ། ཨཱརྱ་པཱུརྟ་པ་རི་པྲིཙཱ་ནཱ་མ་མ་ཧཱ་སཱན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདྨོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན། དགེ་སློང་གི་དགེ་འདུན་ཆེན་པོ་མང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངས་མེད་ཚད་མེད་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་སྟན་ལས་ལངས་ཏེ། ཟླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷུང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་ཞུ་བཅུང་ཟད་ཅིག་མཆིས་ན། དེ་བཞིན་གཤེགས་པས་ཐུགས་བརྩེ་བར་དགོངས་ཏེ། རྗེས་སུ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་མའི་བུ་གླང་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཡང་དག་པར་བསྟན་ནས་ཁྱོད་ཀྱི་སེམས་རངས་པར་བྱའོ། ། ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་ཡོན་ཏན་མཆོག་མངོན་པར་བསྒྲུབས་པས། གྲགས་པ་ཤིན་ཏུ་མཐོ་ཞིང་རྒྱང་རིང་བ། རྟག་པར་སེམས་ཅན་གྱི་བདེ་བ་ཡོངས་སུ་གཉེར་བར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སླད་དུ་ཞུ་བ་མཆིས་ལགས་སོ།། དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཚིགས་སུ་བཅད་དེ་གསོལ་པ། ཡོན་ཏན་མཆོག་ནི་རབ་བསྒྲུབས་ནས། གྲགས་པ་མཐོ་ཞིང་རྒྱང་རིང་དང་།། ཚུལ་ཁྲིམས་གཙང་ཞིང་ཆོས་མོས་པའི། སྤོང་བ་གང་ལེགས་བདག་ཞུ་ལགས།། ཇི་ལྟར་སེམས་ནི་སྦྱོང་བར་བགྱི།། ཇི་ལྟར་སྦྱིན་པ་རྒྱ་ཆེར་གཏང་།། ཇི་ལྟར་སེམས་ཅན་རབ་སྒྲོལ་ཅིང་།། དགའ་སེམས་རྟག་ཏུ་ལམ་སྒོམ་ལགས། ཡང་བཅོམ་ལྡན་འདས་ལ། བྱམས་མའི་བུ་གང་པོས་གསོལ་པ། བཅོམ་ལྡན་འདས་དེང་བདག་ནི་སྐྱེས་བུ་དམ་པ་དེ་དག་གི་སླད་དུ་དངོས་པོ་དེ་ལྟ་བུ་དག་ཞུ་བ་ལགས་ན། བྱང་ཆུབ་སེམས་དཔས་ཇི་ལྟར་མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པས་ཡོངས་སུ་གཏུགས་པར་མི་འགྱུར་ལགས། ཇི་ལྟར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས་ཆོས་རྣམས་ལ་ངེས་པའི་དོན་ཐོས་པས། ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་བ་ལགས། དེ་ནས་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས།། མང་ཐོས་རྒྱ་མཚོ་ལྟ་བུ་ཚོལ།། ཆོས་ལ་ངེས་པའི་དོན་ཐོས་ནས།། བྱང་ཆུབ་ལམ་ནི་ལེགས་རྟོགས་འགྱུར།། ཇི་ལྟ་བུར་ན་ཚིག་གཅིག་གིས།། ཚད་མེད་དོན་ནི་རབ་རྟོགས་ཏེ།། འདི་ལྟར་ཤེས་རབ་སྟོབས་དག་གིས། ཆོས་རྣམས་ཐམས་ཅད་རྟོགས་འགྱུར་ལགས།། མང་ཐོས་མཐར་ཐུག་མ་མཆིས་པས།། རྒོལ་བ་མཆིས་ཀྱང་སེམས་མི་གཡོ།། སྙིང་བརྩེ་སླད་དུ་ཆོས་བསྟན་ནས། སེམས་ཅན་ཐེ་ཙོམ་གཅོད་བགྱིད་ལགས། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་དང་བདག་ནི་སའི་རྗེས་སུ་འབྲང་བའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་ཞུ་བ་གསོལ་བ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ལྡོག་པར་མི་འགྱུར་ལགས། དེ་ནས་ཡང་ཚིགས་སུ་བཅད་དེ་གསོལ་པ། ཇི་ལྟར་མི་ཁོམ་ཡོངས་སྤངས་ནས།། སངས་རྒྱས་མང་པོ་བྲད་འགྱུར་ལགས། ། སངས་རྒྱས་མང་པོ་མཐོང་ནས་ཀྱང་།། ཤིན་ཏུ་དང་བམྱུར་འཐོབ་ལགས།། བླ་མེད་དང་བཐོབ་གྱུར་ནས།། ཤིན་ཏུ་གཏོང་དཀའ་གཏོང་བར་འགྱུར།། ཐམས་ཅད་ཡོངས་སུ་གཏང་ནས་ཀྱང་། ། སྟོབས་ཀྱིས་ཐོགས་མེད་ལམ་སྤྱོད་ལགས།། ཇི་ལྟ་བ་བྱུང་མོས་གྱུར་ནས།། དབེན་གནས་སྟོང་པའི་ཡེ་ཤེས་བསྒོམ།། ཇི་ལྟར་ཆོས་དང་འགལ་མི་བགྱིད།། དངོས་པོ་འདི་ནི་བེ་ཀས་བཤད་གསོལ།། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་ཡང་གསོལ་པ། བཅོམ་ལྡན་འདས་བདག་ནི། དེ་བཞིན་གཤེགས་པ་རྣམས་མཁྱེན་པ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། རྫུ་འཕྲུལ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ་དང་། ཁམས་གསུམ་ན་མཆོག་ཏུ་གྱུར་པས། དཔེ་ཟླ་མ་མཆིས་པའི་ཡེ་ཤེས་ཆེན་པོ་གྱ་ནོམ་པ་བརྙེས་ནས། ཆོས་རྣམས་ལ་སྤྱོད་པ་ཐོགས་པ་མི་མངའ་བར་ཁོང་དུ་ཆུད་པས་ན། དེའི་སླད་དུ་དེང་བདག་དངོས་པོ་འདི་དག་ཞུ་བ་ལགས་སོ།། དེ་ནས་ཡང་ཚིགས་སུ་བཅད་དེ་གསོལ་པ། བཅོམ་ལྡན་ཡོན་ཏན་མཆོག་བཞུགས་པས།། རྫུ་འཕྲུལ་ཕ་རོལ་རབ་ཏུ་བྱོན།། ཐོགས་པ་མི་མངའ་མཁྱེན་བརྙེས་པས།། དཔའ་བོ་ཁྱོད་ལ་བང་ག་ཞུལགས། ཆོས་རྣམས་ཐམས་ཅད་ལེགས་སྦྱངས་པས།། ཡོན་ཏན་མཐོ་ཉིང་མངོན་པར་འཕཀླས། མུན་བཅོམ་ཤེས་རབ་སྣང་བསྐྱེད་པས།། འཁོར་མང་ཐམས་ཅན། དགའ་བར་མཛད།། དགྲ་ཟུན་བྱམས་སྡང་མི་མངའ་ཞིང་།། མྱ་ངན་མི་མངའ་སྲུ་མི་མངའ།། འཆི་བདག་ལས་ནི་རབ་རྒྱལ་ཞིང་།། བདུད་དཔུང་དག་ནི་ཕམ་པར་མཛད།། མཚོན་མཐོགས་པ་མི་མངའ་བར།། དཱམ་རྣམས་ཐམས་ཅད་པས་པར་མཛད།། རྟག་པར་བྱམས་པའི་ཐུགས་ལྡན་རིང་།། ཚུལ་ཁྲིམ་པ་རྣ་མ་དག་བརྟན་པར་གནས།། བཅོམ་ལྡན་གཡོ་སྒྱུ་མི་མངའ་ཞིང་། ། ང་རྒྱལ་མི་མངའ་དྲེགས་མི་མངའ།། རྣམ་གྲོལ་རིག་པ་བརྙེས་པས་ན།། ཡོན་ཏན་ཀུན་གྱི་མཆོག་ཏུ་གྱུར།། ཇི་ལྟར་སྣརོན་ནི་ལུམ་སྤྱད་ནས།། མཁྱེན་པ་མཆོག་ནི་བཻ་རྙེས་པ་དང་། ། ཇི་ལྟར་སྤྱད་ནས་སངས་རྒྱས་པ།། བདག་ལ་དེང་ནི་བཀས་བཤད་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཇི་ལྟར་དེ་བཞིན་གཤེགས་པ་ལ་དངོས་པོ་དེ་ལྟ་བུ་དག་ཞུས་པ་ལེགས་སོ་ལེགས་སོ།། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་ཁྱོད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ནས། ཇི་ལྟར་སངས་རྒྱས་རྣམས་ཀྱི་ཆོས་ཚད་མེད་པ་ཐམས་ཅད་མངོན་པར་བསྒྲུབ་པ་ཡང་དག་པར་བསྟན་པར་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་དེང་བྱང་ཆུབ་སེམས་དཔའ་རྣམས།། དང་པོ་བྱང་ཆུབ་སེམས་བསྐྱེད་ནས།། རབ་ཏུ་བརྩོན་པའི་སྟོབས་དག། གིས།། བྱང་ཆུབ་ལམ་སྤྱད་བཤད་པར་བྱ།། བྱང་ཆུབ་སེམས་དཔའ་སྤྱད་པ་ཡི།། ལྷག་པའི་བསམ་པ་སྣ་ཚོགས་ཀྱིས།། སངས་རྒྱས་ལུང་ནི་བསྟོན་གྱུར་པ།། དངོས་པོ་དེ་དག་མདོར་བསྟན་ཏོ། ། ལྷག་པའི་བསམ་པས་ཆོས་མོས་སེམས།། ཚད་མེད་མཐའ་ཡང་ཡོད་མ་ཡིན།། སྤྱོད་པ་སྣ་ཚོགས་སྟོན་བྱེད་པ།། དངོས་པོ་གཅིག་གིས་འགྲུབ་མི་འགྱུར།། དགའ་སེམས་ནང་ནི་རབ་རྒྱས་པས། ། སྦྱིན་པ་དག་ནི་གཏོང་བར་བྱེད།། སྦྱིན་པ་གཏོང་ཡང་འགྱོད་མེད་པས།། དེ་ཡི་སེམས་ནི་དཀའ་བར་འགྱུར།། བྱང་ཆུབ་སེམས་དཔའ་འདི་སྙམ་དུ།། སེམས་ཅན་རྟག་ཏུ་ཆུང་བས་ན། ། མང་དུ་ཐོས་པའི་ནོར་མི་ལྡན།། བདག་གིས་བཙལ་བྱ་སྙམ་དུ་སེམས།། སེམས་ཅན་རྟག་ཏུ་རྒུད་པ་ཡང་།། ལེ་ལོའི་དབང་དུ་གྱུར་པས་ན།། བདག་གིས་བརྩོན་འགྲུས་རབ་བསྐྱེད་དེ། ། བྱང་ཆུབ་འཐོབ་བྱ་སྙམ་དུ་སེམས།། བདག་གིས་སེམས་ཅན་ཆེད་དུ་ནི།། ཡིད་བཞིན་བཟོད་པ་རབ་བསྐྱེད་དེ།། ཚིག་ངན་སྤ་འབེབས་བརྡེགས་གྱུར་ཀྱང་།། ལན་ཡང་མི་སྨྲ་སྙམ་དུ་སེམས། ། བདག་ལ་སྨྲ་འབེབས་སུ་ཞིག་ཡིན།། སྨ་འབེབས་དམིགས་པར་མི་འགྱུར་བས།། སྨ་འབེབས་ཁོང་ཁྲོ་བྱེད་པ་ཡིན།། དངོས་པོ་ཐམས་ཅད་སྟོང་སྙམ་སེམས། དེ་ལྟར་ཡིད་ལ་སེམས་པན།། སེམས་ལ་ཁོང་ཁྲོ་ཁོན་འཛིན་མེད།། རྟག་ཏུ་བཟོད་པ་བསྒོམས་པས་ན།། དེས་ན་མངོན་པར་འཚང་སང་རྒྱ།། སེམས་ཅན་དགེ་སེམས་མེད་པ་ལ།། འཛིན། རྟེན་སྒྲོན་མ་བྱས་ནས་ནི།། མགོན་དང་སྐྱབས་ནི་བྱེད་པས་ན།། ནོར་མེད་ནོར་དང་ལྡན་པར་བྱེད།། སེམས་ཅན་ལམ་ལོག་སྤྱོད་པ་ནི།། དེ་དག་སྙིང་བརྩེའི་གནས་ཡིན་པས།། བདག་གིས་ཡོདྲ་སུ་བཟླས་ནས་ནི། ། མྱ་ངན་འདས་ལ་གཞག་སྙམ་སེམས།། སེམས་ཅན་ཐམས་ཅད་རྒུད་པས་ན།། ཤེས་རབ་ནོར་དང་ཡོང་མི་ལྡན།། བདག་གིས་ཐམས་ཅད་མཁྱེན་ཐོབ་ནས།། དེ་དག་ཚིམ་པར་བྱ་སྙམ་སེམས། ། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས།། སེམས་ཅན་ཡོངས་སུ་བཟླ་བའི་ཕྱིར།། སེམས་བསྐྱེད་བྱང་ཆུབ་འཚོལ་བས་ན།། དེ་འདྲའི་སྨོན་ལམ་འདེབས་པར་བྱེད།། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྒྱུ་རྐྱེན་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ཆོས་སྟོན་པར་བྱེད་ཀྱང་། ཆོས་འགའ་ཙམ་ལའང་གནས་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ཡང་དག་པར་བསླབས་ནས། དེའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་སོ། ། བྱང་ཆུབ་སེམས་དཔའ་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་རྣམ་པ་བཞི་དང་ལྡན་པས། ཆོས་གཞན་གང་ཡང་དངོས་པོ་འདི་ལས་ལྷག་པར་འདི་འདྲིའི་ཆོས་ནི་སྦུབ་བྱེད་ན། ། མྱུར་དུ་གཟུངས་ནི་འཐོབ་འགྱུར་བས།། མང་དུ་ཐོས་པདེ་ལས་སྐྱེ།། ཇི་ལྟར་ནམ་མཁའི་ངོ་བོ་ཉིད།། འཕེལ་ཞིང་འགྲིབ་པ་མེད་པ་ལྟར། ། ཆོས་ཉིད་ཀྱང་ནི་དེ་བཞིན་ཏེ།། འཕེལ་བ་མེད་ཅིང་འགྲིབ་པ་མེད།། ངས་ནི་ཤེས་རབ་སྟོབས་དག་གིས།། བསྐལ་པ་ཚད་མེད་གྲངས་མེད་དུ།། ཆོས་རྣམས་ཡོངས་སུ་བཤད་གྱུར་ཀྱང་། ། འོན་ཀྱང་བཤད་པ་ཞེས་མི་བརྗོད།། སེམས་ཅན་ཉིད་ནི་ཇི་སྙེད་པ།། ཐམས་ཅད་མི་ལུས་ཐོབ་གྱུར་ཏེ།། ཀུན་ཀྱང་རབ་ཏུ་བྱུང་ནས་ནི།། མང་ཐོས་ཀུན་དགའ་བཞིན་གྱུར་ཀྱང་། ། གཟུངས་ཐོབ་བྱང་ཆུབ་སེམས་དཔའ་ཡིས།། སེམས་ཅན་དེ་དག་ཐམས་ཅད་ལ།། བསྐལ་པ་བྱེ་བར་ཆོས་བཤད་ཀྱང་།། དེ་ཡེ་ཤེས་རབ་གཏུགས་མི་འགྱུར།། སངས་རྒྱས་མཁྱེན་པ་མཚུངས་མེད་པས། ། ནམ་མཁའ་འདྲ་བར་ཚད་ཀྱང་མེད།། ནམ་མཁའ་སྐྱེ་འབྱུང་མེད་པ་ལྟར།། མཁྱེན་པ་ཡང་ནི་དེ་བཞིན་ནོ།། ཀླུ་ཡིས་ཆུ་ནི་མ་བླངས་པར།། ཆར་ཆེན་དག་ནི་འབེབས་བྱེད་པ། ། ཆུ་དེ་ལ་ནི་གནས་མེད་ཀྱང་།། ཆར་འབེབས་པ་ལ་མཐར་ཐུག་མེད།། བྱང་ཆུབ་སེམས་དཔའང་དེ་བཞིན་དུ།། གཟུངས་འདི་ཐོབ་པར་གྱུར་པ་ན།། ཆོས་རྣམས་ལ་ནི་གནས་མེད་ཀྱང་། ། རྐྱེན་དེ་བཤད་ན་ཟད་མི་འགྱུར།། དེ་ཕྱིར་མང་ཐོས་བཙལ་བར་བྱ།། བཙལ་ནས་ཚུལ་བཞིན་གནས་བྱ་སྟེ།། ཆོས་དབྱིངས་སངས་རྒྱས་རྗེས་དྲན་ན། ། མང་དུ་ཐོས་པ་དེ་ལས་སྐྱེ།། བྱམས་པས་སེམས་ཅན་ཀུན་བྱ་བ་སྟེ།། སེམས་ཅན་མཚན་མ་ཞི་བྱེད་ཅིང་།། ཆོས་ཀྱི་མཚན་མའང་ཞི་བྱེད་ན།། མང་དུ་ཐོས་པ་དེ་ལས་སྐྱེ།། མང་དུ་ཐོས་པའི་ལེའུ་སྟེ་གཉིས་པའོ། ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་ན། དོན་གྱི་ཚུལ་རབ་ཏུ་སེམས་པར་བྱེད་ཀྱི། འདི་མ་ཡིན་ནོ། ཞེས་སྨྲ་བར་མ་བྱེད་དེ།། བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བདག་གི་ཡིད་དང་མི་འགལ་བའི།། མ་ཐོས་ཆོས་ནི་ཐོས་གྱུར་ན།། དོན་གྱི་ཚུལ་ནི་སེམས་བྱེད་ཀྱི།། ཆོས་མིན་ཞེས་ནི་སྨྲ་མི་བྱེད།། གལ་ཏེ་སྟོང་པའི་ཆོས་ཐོས་ན། ། རྟག་ཏུ་དོན་ཚུལ་འཆོལ་བྱེད་པས།། དེ་ཕྱིར་ཤེས་རབ་འཕེལ་འགྱུར་ཞིང་།། བྱང་ཆུབ་ལམ་ནི་དེ་ནས་སྐྱེ།། མ་ཐོས་ཆོས་ནི་ཐོས་གྱུར་ན།། དོན་གྱི་ཚུལ་ནི་འཆོལ་བྱེད་པས། ། བྱང་ཆུབ་ལས་ནི་མི་ལྡོག་ཅིང་།། ཤེས་རབ་དག་ནི་འཕེལ་བར་འགྱུར།། མ་ཐོས་ཆོས་ནི་ཐོས་གྱུར་ན།། ང་རྒྱལ་ངན་པའི་སེམས་མི་འབྲང་།། གཡོ་སྒྱུ་དག་ཀྱང་སྐྱེད་མི་བྱེད།། གསོ་སྦྱོང་ནི། ཡང་དག་པར་རྗེས་སུ་མི་མཐོང་ངོ་།། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལེ་ལོ་ཅན་རྣམས་ལ། བརྩོན་འགྲུས་རྔོམ་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་མང་དུ་བྱུང་བའི་དངོས་པོ་དང་པོ་ཞེས་བྱའོ། ། ཁོང་ཁྲོ་བའི་སེམས་ཅན་ནན་པོ་ཆེ་དེ་དག་གི་ནང་ན་བཟོད་པ་སྒོམ་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་གཉིས་པ་ཞེས་བྱའོ།། སེམས་ཅན་ལ་མ་ལོག་པ་ལ་སྤྱོད་པ་དག་མཐོང་ནས་བདག་ཉིད་ཡང་དག་པའི་ལམ་ལ་བརྩོན་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་གསུམ་པ་ཞེས་བྱའོ།། སེམས་ཅན་འཁོར་བ་ལས་ཡོངས་སུ་བཟླ་བའི་ཕྱིར་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་གང་ཡིན་པ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བཞི་པ་ཞེས་བྱ་སྟེ། གང་པོ་ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་དངོས་པོ་མཆོག་ཅེས་བྱའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ། སེམས་ཅན་ལེ་ལོ་ཅན་མཐོང་ན། བརྩོན་འགྲུས་སེམས་ནི་སྐྱེད་བྱེད་པས།། བདག་གིས་དེ་ལ་ཆོས་མིན་པའི།། དངོས་པོ་བསྟན་སྙམ་ཡོང་མི་སེམས།། ཁོང་ཁྲོ་སྟོན་པར་མི་བྱེད་དེ། ཁོང་ཁྲོ་སངས་རྒྱས་ལམ་མིན་ཞེས།། རྟག་ཏུ་བྱམས་སེམས་བསྒོམས་པས་ན།། བྱང་ཆུབ་དེ་ལས་སྐྱེ་བར་འགྱུར།། སེམས་ཅན་ལམ་ལོག་མོས་པས་ན།། ལོག་པའི་ལམ་ལ་གནས་པར་བྱེད། བྱང་ཆུབ་སེམས་དཔའི་ཡང་དག་ལམ།། བཙལ་ནས་སེམས་ཅན་འགོད་པར་བྱེད།། འཁོར་བའི་ཉེས་དམིགས་མཐོང་བས་ན།། རྩེ་གཅིག་སངས་རྒྱས་ཡེ་ཤེས་འཆོལ།། བུ་མེད་གཏེར་ནི་ཐོབ་གྱུར་ནས། ། སེམས་ཅན་བཟླ་བྱ་སྙམ་དུ་སེམས།། རྨད་བྱུང་དངོས་པོ་འདི་དག་ལས།། ལྷག་པ་གཞན་ནི་སུ་ཡང་མེད།། དེ་ལྟ་བས་ན་ཐོགས་མེད་ཆོས།། འཐོབ་པར་འགྱུར་པར་རིག་པར་བྱ། ། ལུས་ཀྱི་གོས་ནི་ཚིག་པ་དང་།། མགོ་ཐོད་མེ་ནི་འབར་བ་བཞིན།། ལེ་ལོའི་སེམས་ནི་སྐྱེས་གྱུར་ན།། མྱུར་བ་ཉིད་དུ་སེལ་བར་བྱེད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དགའ་བའི་སེམས་བསྐྱེད་པར་འགྱུར་རོ།། བཞི་གང་ཞེ་ན། སེམས་ཅན་རྣམས་ནི་འཁོར་བ་ན་གནས་ཤིང་། བརྩོན་འགྲུས་མི་རྩོམ་པར་མཐོང་ལ། བདག་ཉིད་ནི་སངས་རྒྱས་ཀྱི་ལམ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སེམས་ཅན་རྣམས་ནི་རྟག་པར་ལེ་ལོ་ཅན་དུ་གྱུར་པར་མཐོང་ལ། བདག་ཉིད་ནི་སངས་རྒྱས་ཀྱི་བསྟན་པ་ལ་གནས་ནས་བརྩོན་འགྲུས་རྩོམ་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སེམས་ཅན་རྣམས་ནི་ཁོང་ཁྲོ་བ་དང་ཁོན་དུ་འཛིན་པ་དང་། ཕྲག་དོག་ཅན་དུ་གྱུར་པར་མཐོང་ལ། བདག་ཉིད་ནི་ཁོང་ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། ཕྲག་དོག་མེད་ཅིང་རྟག་པར་བྱམས་པའི་སེམས་དང་ལྡན་པར་མཐོང་བམ་དཀའ་བའི་སེམས་སྐྱེ་བར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབ་པར་བརྩོན་པར་གཞན་སུའང་བདག་དང་མཚུངས་པ་མེད་པར་མཐོང་བས་དགའ་བའི་སེམས་སྐྱེ་བར་འགྱུར་བ་གང་ཡིན་པའོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། སེམས་ཅན་ལེ་ལོ་ཅན་མཐོང་ན།། བདག་ཉིད་བརྩོན་འགྲུས་རྩོམ་བྱེད་པས། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ།། བདག་ཉིད་དགའ་སེམས་འཐོབ་པར་འགྱུར།། འཁོར་བའི་ཉེས་དམིགས་མཐོང་བས་ན།། སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ།། ཁམས་གསུམ་བཙོན་རྭ་འཇིམ་པས་ན། ། བརྩོན་པའི་སེམས་ཀྱིས་སྤོང་བར་བྱེད།། སེམས་ཅན་ཁོང་ཁྲོ་ཁོན་འཛིན་དགའ།། བདག་ཉིད་བྱམས་སེམས་གནས་པས་ནོ།། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ།། དགའ་བའི་སེམས་ནིསྐྱེ་བར་འགྱུར། ། སེམས་ཅན་རྣམས་ཀྱིས་གང་བྱས་པ།། དེ་དག་ཐམས་ཅད་མི་བྱ་བར།། དེ་ཕྱིར་བདག་གིས་བླ་མེད་པའི།། སངས་རྒྱས་ལམ་ནི་བཙལ་སྙམ་སེམས།། སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། ། བདག་གི་ཡེ་ཤེས་དེ་བསླབས་ནས།། སེམས་ཅན་ཀུན་གྱི་སྐྱབས་བྱ་སེམས།། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ།། རྟག་ཏུ་དགའ་སེམས་སྐྱེ་བས་ན།། འདུས་བྱས་མི་བདེན་དག་ལས་ནི།། ཡང་དག་ཆོས་ནི་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། མི་ཁོམ་ཡང་དག་ཡེ་ཤེས་གང་ཡིན་པ། ། པ་རྣམས་དང་བྲལ་ཏེ། དལ་བུ་ཕུན་སུམ་ཚོགས་པ་ཐོབ་ནས། སངྱས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབ་པ་རྡུང་མ་བར་མི་འགྱུར་རོ།། བཞི་ག་ན། བྱང་ཆུབ་སེམས་དཔའ་དོནི་སེམ་ས་དཔན་ཞིང་ཤིན་ཏུ་མཉེན་པས་ན། སེམས་ཅན་དག་མཐོང་བར་གྱུར་པའི་ཚེ། རྟག་པར་བདེ་བར་འོངས་སམ་ཞེས་མདངས་དང་ལྡན་པས་གསོང་པོར་སྨྲ་ཞིང་། ཕན་ཚུན་ཚིག་སྦྱིན་པར་བྱེད་པས། རྟག་པར་འཛུམ་པ་དང་ལྡན་པ་ཡིན། སེམས་རྩེ་གཅིག་ཏུ་ཆོས་གཉེར་ཞིང་རྟག་པར་དྲི་རྟོག་ལ་རབ་ཏུ་མོས་པས་ན། དགེ་བའི་དོན་ཚོལ་ཞིང་བརྩོན་པ་ལ་ཆོག་ཤེས་པ་མེད་པ་སྨིན། དབེན་པའི་གནས་ལ་མོས་ཤིང་གཅིག་པུ་འདུག་པ་ལ་དགའ་བ་ཡིན། བདག་ཉིད་བྱང་ཆུབ་ཀྱི་ལམ་ལ་གནས་ཤིང་སེམས་ཅན་གཞན་ཡང་བྱང་ཆུབ་ཀྱི་ལམ་ལ་གནས་པར་འཛུད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན། མི་ཁོམ་པ་རྣམས་དང་བྲལ་ཏེ། དལ་བ་ཕུན་སུམ་ཚོགས་པ་ཐོབ་ནས། སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབ་པ་ཆུད་ཟ་བར་མི་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཉན་པའི་སེམས་དང་རབ་ལྡན་ཞིང་།། རྟག་པར་བྱམས་སེམས་བསྒོམས་པས་ན། ། སེམས་ཅན་དག་དང་སྨྲ་བའི་ཚེ།། སེམས་ཅན་གསོང་པོར་སྨྲ་བར་བྱེད།། རྟག་ཏུ་སངས་རྒྱས་བསྔགས་པ་ཡི།། ཟབ་མོ་གྱ་ནོམ་ཆོས་ཀྱང་འཆོལ།། རྟག་པར། ཚུལ་ཁྲིམས་གཙང་སྲུང་ཞིང་།། སྦྱངས་པའི་སྤྱོད་ལ་མོས་པ་ཡིན།། སྦྱངས་པའི་ཆོས་ལ་རབ་གནས་ཀྱང་།། ཤེས་རབ་ཟབ་མོས་སྤྱོད་པས་ན།། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ། ། མོ་ཁོ་མ་རབ་སྤངས་དལ་དང་ལྡན།། རྟག་ཏུ་སངས་རྒྱས་རྣམས་ལ་ནི།། ཆོས་ཟབ་རྣམས་ནི་ནུ་བྱེད་པས།། དེ་ཕྱིར་ཤེས་རབ་འཕེལ་གྱུར་ནསོ།། མི་ཁོམ་གནས་སུ་སྐྱེ་མི་འགྱུར། ། རྟག་པར་དགོན་པར་ཀན་ས་མོས་ཤིང་།། རྣམ་དག་སྦྱངས་པ་སྤྱོད་པས་ན།། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ།། མི་ཁོམ་རབ་སྤངས་ཁོམ་དང་ལྡན།། བློ་ལྡན་མཁས་པ་གང་དག་གིས། ། ཆོས་འདི་བཞི་ལ་རྟེན་བྱེད་ན།། མི་ཁོམ་ཐམས་ཅད་རབ་སྤངས་ནས།། སངས་རྒྱས་མང་པོ་མཐོང་བར་འགྱུར།། སངས་རྒྱས་མང་པོ་མཐོང་ནས་ཀྱང་།། མི་འཇིགས་དང་དང་ལྡན་པས་ན། ། བརྩོན་འགྲུས་མཆོག་ནི་རབ་བསྐྱེད་ནས།། སངས་རྒྱས་ཡེ་ཤེས་འཚོལ་བར་འགྱུར།། དེ་ཕྱིར་ཡེ་ཤེས་གཉེར་བ་དག། ཡང་དག་ཆོས་ནི་བསླབ་པར་བྱ།། ཡང་དག་ཆོས་ནི་བསླབས་གྱུར་ན། ། བྱང་ཆུབ་ལམ་ནི་ཐོབ་མི་དཀའ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་ལེའུ་སྟེ་དང་པོའོ།། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་རབསགོས་པ་ཡིན་པས། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། རྟག་པར་མང་དུ་ཐོས་པའི་གཏེར་རིན་བམ། ཆོས་རྣམས་ས་པ་ན་མས། རྫུ་མས་པར་ཡོ་རྒྱུ་པ་ས་ན། ན་ད་པ་ལ་ཡོངས་སུ་ལ་། བས། གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྟེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་རྣམས་ཡོངས་སུ་འཆོལ་བར་བྱེད་དོ།། ཡོངས་སུ་བཙལ་ནས་ཀྱང་ཀློག་ཅིང་ཁ་ཏོན་དུ་འདོན་པར་བྱེད། ཀློག་ཅིང་ཁ་ཏོན་དུ་བཏོན་ནས་ཀྱང་ཡང་དག་པར་རྗེས་སུ་དྲན་པར་བྱེད། ཡང་དག་པར་རྗེས་སུ་དྲན་པར་བྱས་ནས་ཀྱང་ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་སྒྲུབ་པར་བྱེད་དེ།། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན། མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་བསགས་ནས། ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས། ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ།། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་གནས་པ་མེད་པས། བསམ་གཏན་དང་ཏིང་ངེ་འཛིན་ལ་མཉམ་པར་གཞག་ཀྱང་གནས་པར་བྱ་བ་མེད་དོ།། གནས་པ་མེད་པའི་ཕྱིར་ཆོས་རྣམས་ལ་གནས་པ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་རོ། ། གནས་པ་མེད་པའི་ཡེ་ཤེས་ཐོབ་པས་ཆོས་རྣམས་ལ་ཐོགས་པ་མེད་པའི་ཡེ་ཤེས་དང་མཐོང་བ་ཐོབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གང་པོ་འདོད་ཆགས་ཤིང་ཐོགས་པར་བྱ་བའི་ཆོས་གང་ཡང་མེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པོ་འདི་དང་ལྡན་པར་གྱུར་ན། མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས། ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས། ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་གཉེར་བའི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་རྗེས་སུ་དྲན་ཞིང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དྲན་པར་བྱེད་དོ། ། དེས་ཆོས་ཀྱི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་རྗེས་སུ་དྲན་ཞིང་། སངས་རྒྱས་ཀྱི་ཆོས་རྗེ་སུ་དྲན་པར་གྱུར་པས་ན། འདོད་ཆགས་པར་བྱ་བའི་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། དེས་འདོད་ཆགས་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ལ་སེམས་ཀྱིས་མངོན་པར་ཞེན་པ་མེད་དོ།། དེས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར། དྲིས་པ་རྣམས་ཀྱི་རྗེས་སུ་ལན་འདེབས་པ་ལ་ཐོགས་པ་མེད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པོ་འདི་དང་ལྡན་པར་གྱུར་ན། མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་པ་ཡིན་པས། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས། ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས། ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་དམིགས་པ་མེད་པའི་བྱམས་པ་ཕུན་སུམ་ཚོགས་པར་གྱུར་པས། སྤྱོད་པ་དག་ལ་ཐོགས་པ་མེད་དེ། དམིགས་པ་མེད་པའི་བྱམས་པ་ནི་དངོས་པོ་རྣམས་མི་ལེན་པ་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། གང་པོ་གང་མཚན་མ་འདི་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་ལ། གང་མཚན་མ་དེ་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་པས་སོ།། དངོས་པོའི་མཚན་མ་འམ། རྫས་ཀྱི་མཚན་མ་འམ། ཕུང་པོའི་མཚན་མ་འམ། སྐྱེ་མཆེད་ཀྱི་མཚན་མ་འམ། ཁམས་ཀྱི་མཚན་མའམ། ཆོས་ཀྱི་མཚན་མའམ། ཆོས་མ་ཡིན་པའི་མཚན་མ་ལ་གནས་པར་གྱུར་ན་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེད་པར་བྱེད་པས། དེའི་ཕྱིར་གང་པོ་ཇི་ཙམ་དུ་ལེན་པའི་མཚན་མ་དང་བཅས་པ་དེ་དག་ཐམས་ཅད་ནི་ལོག་པར་ལྟ་བ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ནི་མཚན་མ་དེ་དག་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཆེད་དུ་བྱམས་པའི་སེམས་སྒོམ་པར་བྱེད་པས་སེམས་ཅན་འཇིག་པའི་ཕྱིར་དང་། མཚན་མ་འཇིག་པའི་ཕྱིར་དངོས་པོའང་འཇིག་པ་ཉིད་དོ། ། དངོས་པོ་འཇིག་པའི་ཕྱིར་ལྟ་བའང་འཇིག་པ་ཉིད་དོ།། ཞེས་བྱང་ཆུབ་སེམས་དཔས་དེའི་ཚེ། ཆོས་ཐམས་ཅད་རྣམ་པར་བཤིག་ནས་བྱམས་པབསྒོམ་པར་བྱེད་དེ། དེ་ལྟ་བུའི་བྱམས་པ་གང་ཡིན་པ་འདི་ནི་དམིགས་པ་མེད་པའི་བྱམས་པ་ཞེས་བྱའོ།། དེ་ལྟ་བུའི་དམིགས་པ་མེད་པའི་བྱམས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་བྱམས་པ་ཞེས་བྱའོ། ། དེ་ལྟ་བུའི་ཆོས་ཀྱི་བྱམས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ།། གང་པོ་སངས་རྒྱས་ཀྱི་བྱམས་པ་གང་ཞེ་ན།། མངོན་པར་འདུ་བྱེད་པ་མེད་ཅིང་འཇིག་པ་མེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ། ། གཞན་ཡང་གང་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བྱམས་པ་ཞེས་བྱའོ།། བཅོམ་ལྡན་འདས་ཇི་ལྟར་བགྱིས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་ཞེས་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་རབ་ཏུ་རྟོགས་པ་ཞེས་བྱ་བ་འདི་ནི་ཆོས་སོ་ཞེ་འམ། འདི་ནི་ཆོས་མ་ཡིན་ནོ་ཞེས་སེམས་པར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། གང་པོ་གལ་ཏེ་ཆོས་ཡོད་དོ་ཞེས་ཟེར་ན། དེ་ནི་ཆོས་མ་ཡིན་པ་ཡིན་པས། གལ་ཏེ་ཆོས་མེད་པར་གྱུར་ན་ཆོས་མ་ཡིན་པའང་མེད་པར་འགྱུར་བས། དེ་ལ་སྤྲོས་པ་ཅིའང་མེད་པས་སོ།། སྤྲོས་པ་མེད་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་རབ་ཏུ་བརྟགས་ན་དེ་ཤིན་ཏུ་ཐག་རིང་བ་ཞིག་ཡིན་ནམ། འོན་ཏེ་ཤིན་ཏུ་ཐག་ཉེ་བ་ཞིག་ཡིན། གང་པོས་གསོལ་བ། དེ་ནི་ཐག་རིང་བའང་མ་ལགས་ལ། ཐག་ཉེ་བའང་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟ་བུའི་དོན་དེ་ལ་ནི་ཕྱོགས་ཀྱང་མ་མཆིས།། གནས་ཀྱང་མ་མཆིས། ནང་ཞེས་བགྱི་བའང་མ་མཆིས་ཕྱི་ཞེས་བགྱི་བའང་མ་མཆིས་པས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་པོ་ཁྱོད་ཀྱིས་ཆོས་རྣམས་གྲངས་སུ་བགྲང་བར་བྱའོ།། བཅོམ་ལྡན་འདས་ཆོས་ཇི་ལྟ་བུ་ཞིག་ལ་གྲངས་སུ་བགྲང་བར་བགྱི་ལགས། གང་པོ་ཇི་ཙམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་ཆོས་དེ་དག་ནི། དེ་བཞིན་གཤེགས་པས་དམིགས་པར་མི་མཛད། བསྒྲུབ་པར་མི་མཛད། མངོན་དུ་མི་མཛད་དོ་ཞེས་དེ་ལྟ་བུའི་ཆོས་མི་རྟོག་པ་གང་ཡིན་པ་དེ་ནི་གྲངས་སུ་བགྲང་བ་ཞེས་བྱའོ།། གང་པོ་ཆོས་རྣམས་ཀྱི་གྲངས་དེ་དག་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་མ་ཡིན་པའི་ཕྱིར། གང་པོ་དང་ཁྱོད་ལ་འདི་ལྟར་རབ་ཏུ་དབེན་པའི་ཆོས་མཆོག་དམ་པ་སངས་རྒྱས་ཀྱི་ལམ་ཡོངས་སུ་སྡུད་པར་གྱུར་པ་བཤད་པར་བྱའོ།། གང་པོ་མ་འོངས་བའི་དུས་ན་འཇིག་རྟེན་པའི་རྙེད་པ་ལ་གདུ་བ་དག། གལ་ཏེ་མདོ་སྡེ་འདི་ཐོས་པར་གྱུར་ན། མཉན་པ་དང་ལེན་པར་མོས་པར་མི་འགྱུར་རོ།། གང་པོ་ངས་བྱང་ཆུབ་ཅེས་བརྗོད་པའི་ཚིག་འདི་ཁྱོད་ཀྱིས་སྒྲ་དང་ཚིག་ཙམ་དུ་ཕྱོགས་ཅུང་ཟད་ཅིག་རྟོགས་པར་གྱུར་པར་ཟད་ཀྱི། དེའི་དོན་གྱི་ཚུལ་ནི་ཁྱོད་ཀྱིས་ཤེས་པར་མི་ནུས་སོ།། དོན་འདི་ནི་ཤིན་ཏུ་ཟབ་པས་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་གྱི། མཁས་པ་དག་གིས་རང་གིས་ཤི་པར་བྱ་བ་ཡིན་ནོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་གིས་དོན་ནི་མི་རྟོགས་པ་སངས་རྒྱས་ཆོས་ལ་མྱ་ངན་སྟེ། གལ་ཏེ་དོན་ནི་རིག་གྱུར་ནས། སངས་རྒྱས་དེ་ལ་སྟོན་པར་མཛད། སངས་རྒྱས་སྟོན་པར་གང་སེམས་པ། དེ་ནི་མྱ་ངན་འདས་གཉེར་བས། འཐབ་རྩོད་ས་ནི་མེད་པར་ཡང་། ཡང་དག་ཆོས་ནི་སེམས་པར་བྱེད། འདི་ལ་ཆོས་སྐྱེ་ཡོད་པ་མིན། འགག་པའི་ཆོས་ཀྱང་ཡོད་མིན་ཏེ།། སྐྱེ་དང་འགག་པ་མེད་གྱུར་པ། དེ་ནི་ཆོས་རྣམས་ཡང་དག་མཚན། ། ཆོས་གང་སྐྱེ་བ་མེད་པ་ལ། བྱེད་དང་འབྱུང་བའང་ཡོང་མི་འགྱུར། ཡིན་དང་མ་ཡིན་ཐ་དད་གཅིག། ཆོས་འདི་ལ་ནི་དེ་དག་མེད། དེ་ནི་མྱ་ངན་འདས་ཡིན་ཏེ། དེ་ནི་དེ་ནི་འགག་པར་བྱ་བ་མེད། ཐག་ནི་ཉེ་རིང་གང་ཟེར་བ། དེ་དག་གཉིས་ཀ་སྟོང་པ་ཡིན། གང་ཞིག་སྟོང་པར་རྟོགས་གྱུར་པ། དེ་ནི་མྱ་ངན་འདས་ཤེས་ཡིན།། མྱ་ངན་འདས་པ་གང་ཤེས་པ། ། ང་ཡི་སློབ་མ་ཞེས་བྱའོ།། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དང་ལྡན་པར་གྱུར་ན། མང་དུ་ཐོས་པ་རྒྱ་མཚོ་ཆེན་པོ་ལྟ་བུར་བསགས་བ་ཡིན་པས། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། རྟག་པར་མང་དུ་ཐོས་པའི་གཏེར་རིན་པོ་ཆེ་བསགས་ནས། ཆོས་རྣམས་ལ་ངེས་པའི་དོན་ཐོབ་པས། ཚིག་གི་དོན་རྣམས་ལེགས་པར་ཁོང་དུ་ཆུད་པར་འགྱུར་རོ། ། དེ་ལས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྟག་ཏུ་མང་ཐོས་གཉེར་འདོད་པ། སངས་རྒྱས་རྣམས་ཀྱིས་བསྔགས་འགྱུར་ཞིང་། ཡང་དག་ངེས་དོན་ཐོབ་འགྱུར་བས།། དེ་ཕྱིར་རྒྱ་མཚོ་ལྟ་བུར་འགྱུར།། ཡི་གེ་འབྲུ་ནི་གཅིག་པུ་དང་།། ཚིག་གི་དོན་ནི་གཅིག་ཙམ་ཡང་། བསྐལ་པ་བྱེ་བ་བརྒྱ་སྟོང་དུ། ། བརྗོད་ཀྱང་ཟད་པར་མི་འགྱུར་རོ།། དེ་ཕྱིར་ཡང་དག་ཆོས་གཉེར་བྱ།། གཉེར་ནས་ཚུལ་བཞིན་བསམ་བྱ་ཡི།། ཆོས་ཀྱི་མཚན་ཉིད་མི་བླང་ཞིང་།། སངས་རྒྱས་བསྔགས་ལ་ཞེན་མི་བྱ། ། དེ་བཞིན་གཤེགས་པ་རྗེས་དྲན་ཞིང་།། ཡང་དག་ཆོས་ནི་དྲན་པར་བྱ།། འདོད་ཆགས་རྩོད་མེད་སེམས་ཀྱིས་ནི། འདྲེན་པ་ཡོངས་སུ་བཙལ་བར་བྱ།། རྟག་པར་སེམས་ཅན་རྣམས་ལ་ནི། ། བྱམས་པའི་སེམས་ནི་བསྒོམ་པར་བྱ།། སེམས་ཅན་རྣམས་ལ་ཞེན་མེད་པར། ཆོས་རྣམས་ཐམས་ཅད་ཞི་བར་བྱ།། བྱང་ཆུབ་སེམས་དཔའ་གྲགས་ཆེན་གྱིས་། ཐོད་ཐོས་ཀྱུསདེ་ཡི་དོན་ནི་འཚོ་བྱེད་པས། སྔོན་ཆད་ཐོས་པར་མ་མྱུར་བྱུང་།། རྩེ་གཅིག་ཏུ་ནི་སེམས་པར་བྱེད།། གང་ཟག་དེས་ན་ཆོས་ཐོས་མོ།། ཡང་དག་ཆོས་ནི་ཐོས་འགྱུར་ཞིང་། རྟག་པར་སངས་རྒྱས་མང་མཐོང་བས།། བྱང་ཆུབ་ལས་ནི་ལྡོག་མི་འགྱུར།། སངས་རྒྱས་མང་པོ་མཐོང་ནས་ཀྱང་།། ཚུལ་བཞིན་ནུ་བ་ཞུ་བྱེད་པས།། ཉན་ཐོས་དག་གིས་ཐོས་ན་ཡང་། ། ཐམས་ཅད་རབ་ཏུ་དགའ་བར་འགྱུར།། འདི་ནི་ངོ་མཚར་རྨད་ལྡན་པས།། འདི་འདྲའི་ཞུ་བ་ཞུ་བར་བྱེད།། བདག་ཅག་བསམ་པའང་ཡོད་མིན་ན།། དངོས་པོ་འདི་ཐོས་ཅི་སྤོས་ཟེར། ། ཉན་ཐོས་ངོ་མཚར་བརྗོད་པས་ན།། ལྷ་ཀླུ་ཐམས་ཅད་དགའ་འགྱུར་ཞིང་།། སངས་རྒྱས་བསྔགས་པ་བརྗོད་འགྱི་ག། འདི་ནི་མང་ཐོས་འབྲས་བུ་ཡིན། ། རྩུབ་གང་ཡོད་ཞུས་པའི་ཚེ།། སངས་རྒྱས་དེ་བཞིན་ལན་འདེབས་པས།། འཁོར་འདུས་མང་པོ་ཚད་མེད་པ།། ཐམས་ཅད་ཕན་པ་ཆེ་ཐོབ་འགྱུར།། བྱང་ཆུབ་སེམས་དཔས་ལན་འདེངས་པ། ། མང་ཐོས་འདི་ནི་ཐོས་གྱུར་ན།། འཁོར་མང་ཚད་མེད་ཐམས་ཅད་ཀྱིས།། བླ་མེད་ཆོས་མིག་ཐོབ་པར་འགྱུར།། བཅོམ་ལྡན་འདས་ཀྱིས་ཀའ་སྩལ་པ། དང་པོ་རྒྱུ་དང་རྐྱེན་དེས་ན་བྱང་ཆུབ་སེམས་དཔས་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་པ་ན། མངོན་པར་འདི་ཆེས་པས་དང་དུ་ལེན་ཅིང་འགལ་བ་མེད་པ་སེམས་ཀྱིས་ཚུལ་བཞིན་དུ་བསམས་ནས། འདི་ནི་མ་ཡིན་ནོ་ཞེས་སྦ་བར་མི་བྱེད་ན། དེས་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱེད་པར་འགྱུར་བར་རིག་པར་བྱའོ།། གང་པོ་སྔུན་འདས་པའི་བསྐལ་པ་གྲངས་མེད། ། ཚད་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་བྱུང་སྟེ། ། གང་པོ་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་བརྒྱད་ཅུ་ཐུབ་པར་གྱུར་ཏོ། ། བཅོམ་ལྡན་འདས་དེའི་འཁོར་འདུས་པ་རེ་རེ་ལའང་ཉན་ཐོས་ཀྱི་དགེ་འདུན་གདྷཱའི་ཀླུང་བརྗོད་ཀྱིས་མི་ལང་བའི་བྱེ་མ་སྙེད་ཆོས་རྣམས་ལ་ལེན་པ་མེད་ཅིང་ཟག་པ་ཟད་ནས། སེམས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཤ་སྟག་བྱུང་སྟེ། བྱང་ཆུབ་སེམས་དཔའི་ཚིགས་ཀྱི་གྲངས་ཀྱང་དེ་བཞིན་ནོ།། གང་པོ་བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནི་ལོ་དྲུག་ཁྲིར་གནས་པར་གྱུར་ཏོ།། དེ་ཡོངས་སུ་མྱ་ངན་ལས་འདས་སུ་ཉེ་བའི་ཚེ། བྱང་ཆུབ་སེམས་དཔའ་བྱེབ་རྒྱ་དྲགསང་པོ་བསུ་ཅང་རྫུ་ཧྲུ་གྱི་སྷོ་ཀྱིས་དམ་པའི་ཆོས་བཕྲུལ་གྱི་འཛམ་བུའི་གླིང་བྱེ་བ་བརྒྱ་ཕྲག་མང་པོ་ཀུན་དུ་ཁྱབ་པར་གྱུར་པས། འཛམ་བུའི་གླིང་རེ་རེ་ནའང་བྱང་ཆུབ་སེམས་དཔའ་རེ་རེ་གནས་པར་གྱུསྦྱར་ཏོ། ། གླང་པོ་བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་ཉན་ཐོས་རྣམས་ཁད་ཀྱིས་ལེ་ལོ་དང་སྙོམ་ལས་ཅན་དུ་གྱུར་པས་འདི་ལྟ་བུའི་མདོ་སྡེ་ཟབ་མོ་དག་ཁ་ཏོན་དུ་འདོན་ཅིང་། ཡོངས་སུ་འཛིན་པ་མེད་པར་གྱུར་པས། ཆོས་རྣམས་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་དང་། ཚུལ་ཁྲིམས་རྣམ་པར་དག་ཅིང་སྦྱངས་པའི་ཡོན་ཏན་དང་ལྡན་པའི་མདོ་སྡེ་ཐམས་ཅད་ཀྱི་མཐར་གྱིས་ནུབ་པར་གྱུར་ཏེ། དེ་དག་གིས་ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། རྣམ་པར་བཤད་པ་མ་བྱས་པའི་ཕྱིར། དེའི་བསྟན་པ་ལས་ཆོས་ཀྱི་སྡེ་སྣོད་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་བརྒྱད་ཁྲི་བཞི་སྟོང་ཡོད་ལ། ཆོས་ཀྱི་སྡེ་སྣོད་རེ་རེ་ལའང་མདོ་སྡེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ཡོད་དོ།། མདོའི་སྡེ་རེ་རེ་ལའང་ཆེད་དུ་བརྗོད་པའི་སྡེ་སུམ་ཁྲི་དྲུག་བརྒྱ་ཡོད་དོ། ། ཆེད་དུ་བརྗོད་པའི་སྡེ་རེ་རེ་ལའང་ཚིགས་སུ་བཅད་པ་བྱེ་བ་ཕྲག་དྲུག་ཁྲི་བདུན་བརྒྱ་ཡོད་དོ།། གང་པོ་དེའི་ཚེ་དེའི་དུས་མཐའ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བ་ན། སངས་རྒྱས་ཀྱི་ཆོས་ཀྱི་སྡེ་སྣོད་མང་པོ་དེ་དག་ལས་མདོའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་འབའ་ཞིག་ལུས་པར་གྱུར་ཏོ།། དེའི་ཚེ་ཆོས་སྨྲ་བའི་དགེ་སློང་མཐུ་བོ་ཆེ་ཞེས་བྱ་བ་ཞིག་ཡོད་དེ། འཛམ་བུའི་གླིང་འདིར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་མཐུས་དམ་པའི་ཆོས་བསྲུང་བའི་ཕྱིར། ཆོས་སྨྲབ། མཐུ་ཆེན་ཐོབ་པ་མང་དུ་ཐོས་ཤིང་རྩཝ་ཆེ་བ། ཆོས་ལེགས་པར་སྟོན་པ། ཚིག་གི་རྐྱེན་དང་ལྡན་པ། དོན་གྱི་ཚུལ་གསལ་བར་རྟོགས་པ་དེས་རྟག་པར་སྔོན་མ་ཐོས་པའི་ཆོས་བསྤགས་པ་ལ་མོས་པར་གྱུར་ཏོ།། དེས་ཆོས་བསྒྲགས་པར་གྱུར་པ་ན། སྐྱེ་བོ་མང་པོ་ཕལ་ཆེར་སྐུར་པ་འདེབས་ཤིང་འགལ་བར་བྱས་པར་གྱུར་པས།། ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ་འདི་སྙམ་དུ་འདི་ལྟར་སྐྱེ་བོ་མང་པོ་འདི་དག་སྔོན་མ་ཐོས་པའི་ཆོས་ཐོས་པར་གྱུར་ཀྱང་། མངོན་པར་ཡིད་མི་ཆེས་པས་མཉན་པ་དང་ལེན་པར་མོས་པའང་མེད་ལ། གལ་ཏེ་ཐོས་པར་གྱུར་ནའང་ཁོང་དུ་མི་ཆུད་པས་རྗེས་སུ་འབྲང་བར་མི་བྱེད་ཅིང་། འགལ་བར་བྱས་ནས་སྐྱོན་འབྱིན་པར་བྱེད་པས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ལ། སྟོན་པ་ཆེན་པོའི་བསྟན་པའང་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་སྔོན་ཆུད་ནམ་ཡང་སློབ་དཔོན་དང་མཁན་པོ་ལས་འདི་ལྟ་བུའི་མདོ་སྡེ་མ་ཐོས་ལ། གཞན་ཡང་དགེ་སློང་གནས་བརྟན་རྒན་རབས་གང་ཡང་སློབ་དཔོན་དང་མཁན་པོ་ལས་འདི་ལྟ་བུ་བརྒྱུད་དེ་ཐོས་པར་མི་སྨྲ་བས་སོ། ། ཞེས་དགེ་སློང་མང་པོ་དེ་སྐད་ཀྱང་ཟེར་ལ། མདོའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་ཙམ་ལས་མ་ལུས་པས་དེ་བདག་ཎྜཱིའི་ཕྱིར་གཅིག་པུ་གནས་དབེན་པར་མི་འགྲོ་སྙམ་མོ། ། གང་པོ་རྒྱས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་དེ་དེ་སྒྱུམ་དུ་བསམས་ནམ་གཅིག་པུའི་བྲིག་དབེན་པར་གནས་པར་ཟླར་རོ། ། དེའི་ཚེ་འཛམ་བུའི་གླིང་ན་བསྐལ་པ་ཆགས་ཚུན་ཆད་གྲོང་ཁྱེར་ཆེན་པོ་ཆུང་དཔག་ཆུང་བཅུག་ཉིས་མེད་པ། ཞེང་དུ་དཔས་ཆད་འདུན་མེད་ཅིང་རབ་ཏུ་མསེས་པར་བྱས་པ། ལམ་སྲང་རྣམས་ཐང་ཀར་འབབ་པ། སྐྱེ་བོ་མང་པོས་གང་བ། ལོ་ལེགས་ཤིང་བདེ་བར་གྱུར་པ་དྲུག་ཁྲི་བརྒྱད་སྟོང་ཡོད་པར་གྱུར་ཏོ།། དེའི་འོག་ཏུ་བྱིས་ཡང་གྲོང་ཁྱེར་ཆུང་ངུ་ཁ་ཅིག་ནི་དཔག་ཚད་བདུན་ཡོད་པ། ཁ་ཅིག་ནི་དཔག་ཚད་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་ཡོད་པ། ནང་གི་ཆུང་བའི་ཚད་ཀྱང་དཔག་ཚད་གཅིག་ཡོད་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་བྱས་པབར་གྱུར་ཏེ། གང་པོ་དེའི་ཚེ་འཛམ་བུའི་གླིང་ན་གྲོང་ཁྱེར་ཆེན་པོ་རབ་ཏུ་དབེན་པ་ཞེས་བྱ་བ་ན། ཁྱིམ་བདག་ཤ་ནི་ཞེས་བྱ་བ་ཞིག་བྱུང་བ་དེའི་ནི་བུ་ནི་མ་ཧ་ཤུ་མ་ཏ་ཞེས་བྱ་སྟེ། བྱི་མ་བདག་དེའི་བུ་དེ་དབེན་པ་ན་གནས་པ་ལས། ལྷ་ཞིག་འོངས་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་ནན་ཏན་ཆོས་དག་ལ།། བཙལ་ནས་ཚུལ་བཞིན་སོམས་ཤིག་དང་། བཞིན་གཤེགས་པ་ཡོན་ཏན་རྒྱལ།། ཁྱོད་འཚང་རྒྱ་བར་ལུང་བསྟན་ཏོ།། གང་པོ་ལྷ་དེས་ཚིགས་སུ་བཅད་པ་འདི་སྨྲས་ནས་མི་སྣང་བར་གྱུར་ཏོ།། དེ་ནས་ཁྱིམ་བདག་གི་བུ་དེ་ཕའི་དྲུང་དུ་སོང་ནས་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ། འདི་སྐད་དུ་བདག་ནི་རབ་ཏུ་བྱུང་ནས། བཅོམ་ལྡན་འདས་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བསྟན་པ་ལ་ཚངས་པར་སྤྱོད་པར་འདོད་དོ་ཞེས་སྨྲས་པ་དང་། དེ་ནས་ཁྱིམ་བདག་ཤ་ནིས་ཚིགས་སུ་བཅད་དེ་སྨྲས་པ། ང་ཡི་ཁྱིམ་ན་རིན་ཆེན་མང་། གསེར་དངུལ་དག་ནི་ཚད་ཀྱང་མེད།། འཛམ་བུའི་གླིང་ན་མེད་པ་ཀུན།། ང་ཡི་ཁྱིམ་ན་ལྡན་པར་ཡོད། ། ངས་ནི་རིན་ཆེན་བཙལ་བ་ཡང་། བུ་འདོད་སྤྱོད་ཕྱིར་བཙལ་བཙམ་ན།། ཅི་ཕྱིར་རབ་ཏུ་འབྱུང་བྱེད་ཅིང་།། འཇིག་རྟེན་སྤྱོད་ལ་དགའ་བར་བྱེད།། དེ་ནས་ཁྱིམ་བདག་གི་བུ་དེས་ཚིགས་སུ་བཅད་དེ་པ་ལ་སྨྲས་པ། བདག་ནི་རྟག་ཏུ་ཆོས་འཆོལ་མོས།། བཙལ་ནས་ཡང་དག་ཚུལ་བཞིན་སེམས།། ལོངས་སྤྱོད་མྱོང་བར་མི་དགའ་བས།། འཇིག་རྟེན་འདྲེན་པ་བྱེད་པར་དགའ། ། ཁྱིམ་གྱི་རིན་ཆེན་མི་དགོས་པས།། བདག་ནི་འདོད་པ་ཉུང་ལ་མོས།། ཆོས་ཀྱི་གཏེར་ནི་དབྱུང་བའི་ཕྱིར།། རབ་ཏུ་འབྱུང་བར་མོས་པ་ཡིན།། སངས་རྒྱས་འབྱུང་བར་རབ་ཏུ་དཀོན། ། ཆོས་བསྟན་པ་ཡང་རབ་ཏུ་དཀོན།། དེང་བདག་སངས་རྒྱས་བསྟན་ཕྲད་ན།། ཅི་ཡི་ཕྱིར་ན་གཏང་བར་བྱ།། གང་པོ་དེ་ནས་ཁྱིམ་བདག་གི་བུ་ངེས་པའི་རྐང་པ་ལ་ཕྱག་བྱས་ཏེ། བསྐོར་བ་བྱས་ནས་ཕྱིར་བྱུང་སྟེ། འགྲོ་བའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བ་ནི་བྱེ་བ་འབུམ་ཡོད་ཅིང་།། མ་ནི་བྱེ་བ་བརྒྱ་ཡོད་ཀྱང་དེང་བདག་རབ་ཏུ་འབྱུང་བའི་སེམས། ། གང་གིས་ཀྱང་ནི་བཟློག་མི་ནུས།། དེང་བདག་ལུས་སྲོག་ཕ་མ་དང་།། གཉེན་འདབ་ཀུན་ནི་རབ་སྤངས་ནས།། སངས་རྒྱས་ཆོས་ནི་མི་སྤོང་བར། ། རང་བྱུང་སྤྱོད་པ་གཉེར་བར་བྱེད།། གང་པོ་དེའི་ཚེ་ཁྱིམ་བདག་གི་བུ་དེས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། རབ་ཏུ་བྱུང་བར་གྱུར་ཏེ། ཆོས་སྨྲ་བའི་དགེ་སློང་མཐུ་ཆེན་ཐོབ་པ་ག་ལ་བ་དེར་སོང་ནས། ཆོས་མཉན་པ་གཉེར་བར་གྱུར་པ་དང་། དེ་ནས་དེའི་ཚེ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པས་ཀྱང་། དེ་ལ་སྔོན་མ་ཐོས་པའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། ། དེ་ནས་དགེ་སློང་མ་ཧ་ཤུ་མ་ཏས་སྔོན་མ་ཐོས་པའི་མདོ་སྡེ་ཐོས་པར་གྱུར་ནས། ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ།། བདག་གིས་འདི་ལྟ་བུའི་མདོ་སྡེ་སྔོན་ཆད་མ་ཐོས་ན། མདོ་སྡེ་འདི་ལྟ་བུ་འདི་སུས་ནི་ཀློག་པར་བྱེད། སུས་ནི་འདོན་པར་བྱེད། སུས་ནི་ཡང་དག་པར་བླངས་ནས་འཛིན་པར་བྱེད།། གནས་གང་དུ་ནི་ཐོས་པར་འགྱུར། མཐུ་ཆེན་ཐོབ་པས་སྨྲས་པ། བདག་གིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱི་ཕྱིར། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བྱིན་གྱི་རླབས་ཀྱི་མཐུའི་དབང་གི་ཕྱིར། འདི་ལྟ་བུའི་མདོ་སྡེ་རབ་མོ་རང་གིངང་གིས་སེམས་ལ་གནས་པར་གྱུར་ཏོ།། གང་པོ་དེའི་ཚེ་དགེ་སློང་མ་ཧ་ཤ་མ་ཏས་དེ་སྐད་ཅེས་སྦས་པ་ཐོས་ནས། ། ལྷག་པའི་བསམ་པ་བསྐྱེད་དེ། རྗེས་སུ་བསམ་པས་ཤེས་རབ་ཀྱི་མཐུ་སྐྱེས་པས། ཤེས་རབ་དང་ཐབས་མཁས་པ་ཆེན་པོའི་སྟོབས་ཀྱིས་ཆོས་སྨྲ་བ་ལན་ཐོབ་པ་ལ་དྲི་བ་དྲིས་པ་དང་། མཐུ་ཆེན་ཐོབ་པས་ཀྱང་དོན་གྱི་རྗེས་སུ་ལན་ཡང་དག་པར་བཏབ་ནས། འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་བོལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དེ་ལ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ཡང་དག་པར་ལན་བཏབ་པ་དགེ་སློང་དེས་ཐོས་པར་གྱུར་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ། ། གང་པོ་དེའི་ཚེ་དགེ་སློང་མ་ཧ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་ཡང་དེ་སྐད་དུ་དྲིས་པ་དང་། མཐུ་ཆེན་ཐོབ་པས་ཀྱང་འདི་སྐད་དུ་སྔོན་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལ་དགེ་སློང་ཞིག་གིས་དངོས་པོ་འདི་དེང་ཁྱོད་ཀྱིས་ཇི་སྐད་དྲིས་པ་དེ་བཞིན་དུ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཀྱང་དེ་བཞིན་དུ་ལན་ཡང་དག་པར་བཏབ་པ་དགེ་སློང་དེས་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏོ་ཞེས་སྨྲས་སོ།། གང་པོ་དེའི་ཚེ་དགེ་སློང་མ་ཧ་ཤུ་མ་ཏས། ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལ་ཞུས་པ་དང་། ལན་འདེབས་པའི་དངོས་པོ་འདི་ལྟ་བུ་ལན་དུ་ཞིག་ཐོས་པར་གྱུར། མཐུནན་ཐོབ་པས་སྦས་པ། དངོས་པོ་འདུན་ཤིན་ཏུ་ཡོད་ཅེས་པར་དཀའ་བས། དངོས་པོ་འདི་མ་འདྲི་བར་ཞོག་ཅིག་གཞན་ཡང་གང་ལུས་ཀྱི་ཆོས་ཁྱད་པར་དུ་འཕགས་པ་མངོན་སུམ་དུ་མ་བྱས་པ་དག་གིས་ཀྱང་ཤིན་ཏུ་ཡིད་ཆེས་པར་དཀའ་འོ། ། དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་མ་ཧ་ཤུ་མ་ཏས་ཀྱེ་སྐྱེས་བུ་དམ་པ་སྔོན་དེ་བཞིན་གཤེགས་པ་ལ་ཞུས་པ་དང་། ལན་འདེབས་པའི་དངོས་པོ་འདི་ལྟ་བུ་ལན་དུ་ཞིག་ཐོས་པར་གྱུར། མཐུ་ཆེན་ཐོས་པས་སྨྲས་པ།། དངོས་པོ་འདི་མ་འདྲི་བར་ཞོག་ཅིག། གལ་ཏེ་ཁོང་དུ་མ་ཆུད་པར་གྱུར་ན། དེང་ཁྱོད་ལ་དཔེས་ཉེ་བར་མཚོན་པར་བྱ་སྟེ། བློ་དང་ལྡན་པ་དག་ནི་དཔེས་ཉེ་བར་མཚོན་ན་རབ་ཏུ་རྟོགས་པར་འགྱུར་རོ།། དགེ་སློང་བདག་གིས་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོ་ལས་སེམས་ཅན་གྱི་རང་བཞིན་ཐོས་པ་ནི་ས་ཆེན་པོའི་རྣམ་པབས་ཆེས་མང་ངོ་། ། དགེ་སློང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་བོཔོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་སེམས་ཅན་གྱི་རྣམ་པ་གཟུགས་ཅན་ནམ། ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་མིའི་ལུས་ཐོབ་ནས་ཤེས་རབ་ཀྱི་སྟོབས་དང་ལྡན་པར་གྱུར་ལ། སེམས་ཅན་དེ་དག་རེ་རེས་ཀྱང་ཡུན་སེ་གོལ་གཏོག་པ་གཅིག་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དྲི་བ་སོ་སོ་ནས་མི་མཐུན་པ་དག་དྲིས་པར་གྱུར། དགེ་སློང་དེ་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་དྲི་བ་མང་པོ་དེ་ལྟ་བུ་དྲིས་པར་གྱུར། གཞན་ཡང་གང་ཟག་གཅིག་གིས་སེ་གོལ་གཏོགས་པ་གཅིག་ལ་གང་ཟག་དེ་སྙེད་ཀྱི་དྲོ་བ་ཐ་དད་ཅིང་མི་མཐུན་པ་ཐམས་ཅད་དྲིས་པར་གྱུར། ། དེ་བཞིན་དུ་གཞན་ཡང་གང་ཟག་གཅིག་གིས་སེམས་ཅན་མ་ལུས་པ་མཐར་ཐུག་པ་སྙེད་ཀྱི་དྲི་བ་སྣ་ཚོགས་བསྐལ་པ་གཅིག་གམ། ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་དྲིས་པར་གྱུར་ན། འདི་ཇི་སྙམ་དུ་སེམས།། དྲི་བ་དེ་དག་ཅི་མང་བ་ཡིན་སྙམ་མམ། སྨྲས་པ། དེ་ཤིན་ཏུ་མང་བས་དཔེར་སླ་བའང་མ་ཡིན་ནོ། ། མཐུ་ཆེན་ཐོབ་པས་དགེ་སློང་མ་ཧ་ཤུ་མ་ཏ་ལ་སྨྲས་པ། བདག་གིས་དེང་ཁྱོད་ལ་ཡང་དག་པར་སྨྲས་པ་ཡིན་གྱིས་ཐེ་ཚོམ་མ་ཟ་ཞིག། ཇི་ལྟར་སེམས་ཅན་མ་ལུས་པ་དེ་དག་ཐམས་ཅད་ཀྱིས་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ལྷག་པའི་བར་དུ་ཐེ་ཚོམ་དྲིས་པ་བས། བདག་གིས་དེ་བཞིན་གཤེགས་པ་ལས་ཆོས་ཀྱི་རྣམགྲངས་གཅིག་ཐོས་པའི་སྒོ་ནས་ལན་བདབ་བདེ་བས་ཀྱང་ཆེས་མང་ངོ་། ། དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་ནས། བརྒྱ་དང་། སྟོང་དང་། ཁྲི་དང་། འབུམ་ལ་སོགས་པའི་བར་དུའང་དེ་བཞིན་ཏེ། དགེ་སློང་བདག་གིས་མདོ་ཙམ་དུ་བསྟན་ན་བགྲང་བའི་མིང་དང་ཡི་གེ་ཇི་སྙེད་པ་ཐམས་ཅད་ནི་ཚད་མེད། མཐར་ཐུག་པ་མེད། བསམ་གྱིས་མི་ཁྱབ་པས། གྲངས་དེ་དག་ལས་ཡང་དག་པར་འདས་པར་གྱུར་ཀྱང་། བདག་གིས་མ་ལུས་པར་ཁ་ཏོན་དུ་བཏོན་ནས་ཡོངས་སུ་བཟུང་ངོ་།། དགེ་སློང་དྲིས་པ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་རྣམ་གྲངས་གཅིག་ཏུ་འདུས་པར་བདག་གིས་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་ཡང་དག་པར་གསུངས་པའི་ལམ་གྱི་ཚིག་དང་། སྒོའི་ཚིག་དང་། ཕྱག་རྒྱའི་ཚིག་དང་། དངོས་གཞིའི་ཚིག་དང་རྡོ་རྗེ་ལྟ་བུའི་ཚིག་དང་། རབ་ཏུ་ལྕི་བའི་ཚིག་དང་། མི་གཡོ་བའི་ཚིག་དང་། གཏིང་དཔག་དཀའ་བའི་ཚིག་གང་ཡིན་པའོ།། དགེ་སློང་སྒོ་གཅིག་ཏུ་ཆོས་ཐམས་ཅད་སྡུད་པ་ནི་འདི་ལྟ་སྟེ། མངོན་པར་འདུ་བྱེད་པ་མེད་པའི་སྒོ་དག་ཡིན་པས། ཆོས་ཐམས་ཅད་དང་། ཚིག་ཐམས་ཅད་ཀྱང་སྒོ་དེས་གཞི་བྱེད་པས། ཐམས་ཅད་སྒོ་དེར་འཇུག་པར་འགྱུར་རོ། ། མདོའོ་སྡེ་དང་ཆེད་དུ་བརྗོད་པའི་སྡེ་ཐམས་ཅད་ཀྱང་སྒོ་དེར་ཞུགས་ནས། ཡི་གེ་གཅིག་རྣམ་པར་ཕྱེ་ནས་ཡི་གེ་མང་པོ་ལ་འཇུག་པར་འགྱུར་རོ།། དགེ་སློང་དེ་བཞིན་དུ་བཟུངས་ཀྱི་སྒོ་བདུན་ཁྲི་བརྒྱད་སྟོང་པོ་ཐམས་ཅད་ལའང་འཇུག་པར་འགྱུར་ཏེ། དེ་ལའང་དབང་པོ་རྣམས་ཀྱི་བྱེ་བྲག་དགུ་ཁྲི་ཉོས་སྟོང་ཡོད་དོ།། སེམས་ཅན་གྱི་སྤྱོད་པའི་སྒོ་ནས་ཀྱང་གཟུངས་ཁ་དོག་བརྒྱད་ཁྲི་ཡོད་དེ། ལམ་གྱི་བྱེ་བྲག་གིས་ཐ་དད་པའི་གཟུགས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་མིང་གང་ཡིན་པའང་བདག་གིས་རབ་ཏུ་ཤེས་སོ།། གཟུགས་དེ་དག་རེ་རེ་ལ་མིང་བརྒྱ་ཡོད་པ་དང་། དེ་བཞིན་དུ་མིང་ཉིས་བརྒྱ་དང་མིང་སུམ་བརྒྱ་ཡོད་པ་ནས། མིང་བརྒྱ་སྟོང་དུ་མ་ཡོད་པའི་བར་དག་ཀྱང་བདག་གིས་རབ་ཏུ་ཤེས་སོ།། འཛམ་བུའི་གླིང་ན་ཡོད་པ་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ལས་འདས་པའི་བར་དག་ན་ཡོད་པའི་དམིགས་པ་ཐ་དད་པ་དང་། མིང་ཐ་དད་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་བདག་གིས་རབ་ཏུ་ཤེས་སོ། ། མདོར་ན་དེ་བཞིན་གཤེགས་པའི་མཐུས་ཆོས་རྣམས་སོ་ལོ་ཐ་དད་པའི་བྱེ་བྲག་དང་། དྲིས་པ་དང་། ལན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་རྣམས་ཀྱང་། ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོའི་བྱིན་གྱི་རླབས་ཀྱི་མཐུས་བདག་གིས་རབ་ཏུ་ཤེས་སོ།། གང་པོ་དེའི་ཚེ་དགེ་སློང་མ་ཉ་ཤུ་མ་ཏས་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་འདི་སྐད་ཅེས་སྨྲས་སོ། ། སྐྱེས་བུ་དམ་པ་སླར་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དུ་གཤེགས་ཏེ། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་ཡང་དག་པར་གསུངས་པའི་ཆོས་ཀྱི་འཁོར་ལོ་ཡང་དག་པར་རྗེས་སུ་བསྐོར་ཅིང་། བདག་གིས་གསོལ་བ་བཏབ་པ་བཞིན་དུ་གནང་བར་མཛད་དུ་གསོལ། བདག་གིས་ཡང་དག་པར། བསྲུང་ཞིང་ཆོས་མཉན་པར་འཚལ་ལོ།། མཐུ་ཆེན་ཐོབ་པས་སྤྲས་པ། ད་ལྟར་གྱི་དུས་ཀྱི་དགེ་སློང་རྣམས་ནི་ཐམས་ཅད་ཀྱང་ལེ་ལོ་དང་སྙོམ་ལས་ཅན་དུ་གྱུར་ཏེ། དགེ་བའི་ཆོས་བསོགས་པའི་ལྷག་བའི་བསམ་པ་མེད་པས་ཁྱོད་དེ་སྐད་མ་ཟེར་ཅིག། མ་ཧ་ཤུ་མ་ཏས་སྨྲས་པ། བདག་ནི་དེང་ཕྱིན་ཆད་དགེ་བའི་ཆོས་ལ་ལྷག་པའི་བསམ་པ་བསྐྱེད་ནས། ཆོས་དེ་གཉེར་བར་བགྱིད་པས་ལེ་ལོ་མི་འགྱིད་དོ། ། གང་པོ་དགེ་སློང་མ་ཧཱ་ཤྱཱ་མ་ཏས་མཐུ་ཆེན་ཐོབ་པགྲོང་དང་། ཟོང་ཁྱེར་དང་། གྲོང་རྡལ་དུ་འཇུག་ཅིང་ཡང་དག་པོའི་ཆོས་བཤད་པར་གསོལ་བ་བཏབ་ནས་རྗེས་སུ་བསྲུང་བར་བྱས་ཏེ། སྔོན་མ་ཐོས་པའི་ཆོས་ཡང་དག་པར་མཉན་ཏོ།། གང་པོ་དེའི་ཚེ་དགེ་སློང་ཤུ་མ་ཏ་སྐྱེ་བོ་རྣམས་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཏེ། མང་པོ་ཀུན་གྱིས་ཚུལ་ཁྲིམས་བསྲུང་བ་དང་། ཤེས་རབ་དང་ལྡན་པ་དང་། མང་དུ་ཐོས་པའི་ཡོན་ཏན་མཆོག་ཚད་མེད་པ་དང་ལྡན་པའོ་ཞེས་བརྗོད་པར་གྱུར་ཏོ།། དེའི་ཚེ་དགེ་སློང་ཤུ་མ་ཏས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དག་ཏུ་སོང་ནས་སེམས་ཅན་མང་པོ་ཡང་དག་པའི་ཆོས་ལ་གཟུད་བ་དང་། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་སྤེལ་བའི་ཆེད་དུ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའི་བསྔགས་པའང་རབ་ཏུ་བརྗོད་པར་གྱུར་ཏོ། ། གང་པོ་དེའི་ཚེ་དགེ་སློང་ཤུ་མ་ཏས་སྐྱེ་བོ་མང་པོ་རྣམས་ཡང་དག་པར་བསྐུལ་ནས། ཆོས་ལ་མཆོད་པ་བྱ་བ་དང་། དམ་པའི་ཆོས་མཉན་པའི་ཕྱིར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པ་ལ་བསྙེན་བཀུར་དང་། ། རིམ་གྲོ་དང་། ཡང་དག་པར་སྲུང་བར་བྱེད་དུ་བཅུག་གོ། གང་པོ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའང་དགེ་སློང་ཤུ་མ་ཏས་ཡང་དག་པར་བསྲུང་བ་བྱས་པས། ། ཕྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དག་ཏུ་སོང་ནས། དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་ཀྱི་འོད་ཟེར་གྱི་རྒྱལ་པོས་བསྐལ་པ་གྲངས་མེད་པ་རྣམས་སུ་བྱང་ཆུབ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་དག་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རྒྱ་ཆེར་ཡང་དག་པར་བཤད་དེ། ཀུན་ཏུ་རྒྱ་ཆེར་རབ་ཏུ་སྤེལ་ཏོ།། གང་པོ་འདི་ལྟར་དགེ་སློང་ཤུ་མ་ཏས་ཀྱང་ལོ་བརྒྱའི་བར་དུ་རྟག་པར་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའི་རྗེས་སུ་འབྲངས་ནས། ཆོས་རྣམས་ཡང་དག་པར་དྲིས་ཀྱང་རྟག་པར་གསར་དུ་ཐཱ་དད་པའི་ཆོས་ཡང་དག་པར་བསྟན་གྱི། ནམ་ཡང་ཟློས་བུ་སྨྲས་པར་མ་གྱུར་ཏོ།། གང་པོ་ཆོས་སྨྲ་བ་མཐུ་ཆེན་ཐོབ་པའང་དགེ་སློང་ཤུ་མ་ཏས་ཡང་དག་པར་རབ་ཏུ་བསྲུངས་པའི་ཕྱིར། སེམས་ཅན་ཚད་མེད་པ་སྙེད་འཕགས་པའི་བསྟན་པ་ལ་ཡང་དག་པར་བཙུད་ནས། སེམས་ཅན་ཚད་མེད་པ་སྙེད་སངས་རྒྱས་ཀྱི་བྱང་ཆུབ་ལ་ཡང་དག་པར་བཀོད་དོ།། གང་པ་ཨོ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཆོས་སྨྲ་བ་མཐུ་ཆེན་ཐོབ་པས་དམ་པའི་ཆོས་ཡང་དག་པར་བསྲུངས་ཤིང་ཆོས་ལེགས་པར་བཤད་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ཉིད་ཡིན་ནོ།། གང་པོ་དགེ་སློང་ཤུ་མ་ཏའང་ཆོས་སྨྲ་བ་ཡང་དག་པར་བསྲུངས་ཤིང་གསོལ་བ་བཏབ་བ་དང་གྲོགས་བྱས་པའི་བསོད་ནམས་ཀྱི་མཐུས་ཤི་བའི་འོག་ཏུ་འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བཅུ་པ་དེ་བཞིན་གཤེགས་པ་འཁོར་མཆོག་ཏུ་གྱུར་པ་ཞེས་བྱ་བའི་ཞིང་དུ་སྐྱེས་ནས། དེ་བཞིན་གཤེགས་པ་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཡོངས་སུ་གཅོད་པ་ཞེས་བྱ་བའི་མདོ་སྡེ་འདི་ཡང་དག་པར་ཞུས་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལན་བརྒྱ་སྟོང་དུ་མ་བརྗོད་ནས། དེ་ལ་ཆོས་ཐམས་ཅད་སྡུད་ཅིང་འབྱུང་བར་བྱེད་པའི་སྒོ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་བསྟན་ཏོ།། མདོ་སྡེ་འདི་ཡང་དག་པར་བསྟན་པ་ན། སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཡང་དག་པ་ཉིད་དུ་སེམས་པ་ལ་རབ་ཏུ་ཞུགས་པར་གྱུར་ཏོ།། གང་པོ་དགེ་སློང་ཤུ་མ་ཏ་འཆི་བའི་དུས་བྱས་པའི་འོག་ཏུ་གཞན་ཡང་དེ་བཞིན་གཤེགས་པ་རི་རབ་ཅེས་བྱ་བ་དང་ཕྲད་ནས། དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་སྡུད་ཅིང་འབྱུང་བར་བྱེད་པ་ས་བྱ་བ་མ་རྗེ་ས་ག་པར་ཐུས་པད། ཚ་ཅན་ཤེགས་པ་དས་ཀྱང་ལེགས་སོ་ཞེས་བྱ་པའི་བསྔགས་པ་ལན་པཿ་སྟོད་དུས་བཛིན་ནས། མཚམ་ཐམ་ཅིང་འབྱུང་བར་བྱེད་པའི་སྒོ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་བསྟན་ཏོ། ། མདོ་སྡེ་འདི་ཡང་དག་པར་བསྟན་པ་ན། སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རྗེ་པར་གྱུར་ཏོ། ། དེ་ནས་ཡང་འཆི་བའི་དུས་བྱས་ཏེ། དེ་བཞིན་གཤེགས་པ་རིའི་རྒྱལ་པོ་ཞེས་བྱ་བ་དང་ཕྲད་ནས། དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་ཞུས་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལན་བརྒྱ་སྟོང་དུ་མ་བརྗོད་ནས། དེ་ལ་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། ། མདོ་སྡེ་འདི་ཡང་དག་པར་བསྟན་པ་ན། སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། ། དེ་ནས་ཡང་མཆི་བའི་དུས་བྱས་ཏེ། དེ་བཞིན་གཤེགས་པ་ཚངས་པའི་དབྱངས་ཞེས་བྱ་བ་དང་ཕྲད་ནས།། དེ་བཞིན་གཤེགས་པ་དེ་ལ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཞེས་བྱ་བའི་མདོ་སྡེ་ཡང་དག་པར་ཞུས་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་དེས་ཀྱང་ལེགས་སོ་ཞེས་བྱ་བའི་བསྔགས་@པ་བརྗོད་ནས། ། དེ་ལ་ཆོས་ཐམས་ཅད་ཡང་དག་པར་སྡུང་བ་ཞེས་བྱ་བའི་མདོ་སྡེ་རྒྱ་ཆེར་ཡང་དག་པར་བསྐྲུན་ཏོ།། མདོ་སྡེ་འདི་ཡང་དག་པར་བསྟན་པན།། སེམས་ཅན་ཚད་མེད་པ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། ། གང་པོ་དགེ་སློང་ཤུ་མ་ཏས་དེ་བཞིན་གཤེགས་པ་གཅིག་ནས་གཅིག་ཏུ་སངས་རྒྱས་མང་པོ་དང་ཕྲད་ནས་མདོ་སྡེ་མང་པོ་ཞུས་པ་དང་། སེམས་ཅན་ཡོངས་སུ་བཟླས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་གང་ཡིན་པ་དེ་དག་ངས་གལ་ཏེ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་བརྗོད་པར་གྱུར་ནའང་། སངས་རྒྱས་མང་པོ་དེ་དག་གི་མཚན་དང་། སེམས་ཅན་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཀོད་པ་དེ་དག་མཐར་ཐུག་པར་མི་འགྱུར་རོ། ། གང་པོ་དགེ་སློང་ཤུ་མ་ཏས་ཇི་ཙམ་དུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་མངོན་དུ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་ཀངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་བསྟན་པ་རྣམས་ཡང་དག་པར་བསྲུངས་པའི་གྲངས་ནི་བརྗོད་ཀྱིས་ཀྱང་མི་ལང་ངོ་། ། གང་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྒྲོན་མ་ཐོས་པའི་ཆོས་ཐོས་ནས་དོན་གྱི་ཚུལ་ཡིད་ལ་སེམས་པར་བྱེད་ན། ཡོན་ཏན་རྒྱ་ཆེན་པོ་དེ་ལྟ་བུ་དག་ཐོབ་པར་རིག་པར་བྱའོ།། གང་པོ་ཁྱོད་ཀྱིས་དེའི་དུས་ན་དགེ་སློང་མ་ཤུམཐས་ཆོས་སྒྲུབ་མཐུ་ཆེན་ཐོབ་པ་ལས་སྔོན་མ་ཐོས་པའི་ཆོས་ཐོས་ནས་དོན་གྱི་རྩ་ཙ་རྗེས་སུ་ཟས་བཅུར་པ་དེ་གཞན་ཡིན་སྙམ་དུ་སེམས་ན་དེ་ལྟར་མིབས་། ། དོན་བྱང་ཆུབ་སེམས་དཔ་ཀཻཀེརུ་ཝེར་དུ་ཞེས་བྱ་བ་འདི་ཉིད་ཡིན་ཏེ། དེའི་ཚེ་དགེ་སློང་མ་ཉ་ཤུ་མ་ཉས་ཡང་དག་པའི་ཆོས་བསྲུངས་པདང་སྐྱོན་མཐོས་པའི་ཆོས་མཉན་ནས། དོན་མྦྷི་རྗེས་སུ་འབྱུང་ཞིང་ཚིག་ལ་མངོན་པར་ཞེན་པ་མེད་པའི་རྒྱུ་དང་རྐྱེན་གྱིས་སངས་རྒྱས་མང་པོ་དང་ཕྲད་ནས། མདོ་སྡེ་ཟབ་མོ་ཤིན་ཏུ་གྱ་ནོམ་པ་མང་པོ་ཐོས་པ་དང་། སྔོན་གྱི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་དེང་འདིར་ང་ལའང་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་རྒྱ་མཚོ་ལྟ་བུའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བའི་མདོ་སྡེ་ཞུས་པ་ལས། ངས་ཀྱང་ཡང་དག་པར་བསྟན་པ་ནི་སེམས་ཅན་ཚད་མེད་པ་སྙེད་ཕན་པ་ཆེན་པོ་ཐོབ་པར་གྱུར་པ་ཡིན་ནོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚོགས་སུ་བཅད་དེ་བཀའ་སྩལ་པ།། བྱང་ཆུབ་སེམས་དབས་མ་ཐོས་ཆོས། ། ཐོས་ནས་དོན་ཚུལ་སེམས་བྱ་ཡི།། བདག་གི་སྔོན་ཆད་མ་ཐོས་ཞེས།། དེ་སྐད་དུ་ནི་སྨྲ་མི་བྱ།། མ་ཐོས་ཆོས་ནི་ཐོས་གྱུར་ནས།། ཡང་དག་དྲན་པས་དོན་སེམས་ན། ། རྒྱ་མཚོར་འབད་ཆུ་ཤོང་བ་བཞིན།། དེ་ཕྱིར་ཤེས་རབ་འཕེལ་བར་འགྱུར།། མང་དུ་ཐོས་པ་འཕེལ་འགྱུར་ཞིང་།། ཤེས་རབ་དག་ཀྱང་འཕེལ་བར་འགྱུར།། སངས་རྒྱས་མཛད་པ་ཐོས་འགྱུར་ཞིང་། ། རྒྱ་ཆེར་སེམས་ཅན་ཕན་ཡང་འདོགས།། མང་ཐོས་རྒྱ་མཚོ་སོགས་འགྱུར་ཞིང་།། ཤེས་རབ་དག་ཀྱང་གཟུགས་མི་འགྱུར།། ཚིགགི་ནན་རབ་ཤེས་པས། ། ཁྱད་པར་ནང་ན་མཆོག་ཏུ་འགྱུར།། དེ་ཕྱིར་སྔོན་ཆད་མ་ཐོས་ཆོས།། ཡང་དག་པར་ནི་མཉན་པར་བྱ།། མ་ཐོས་ཆོས་ནི་མཉན་བྱེད་ན།། དེ་འདྲིའི་རྣམ་སྨིན་འཐོབ་པར་འགྱུར།། བམ་པོ་གཉིས་པ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མང་དུ་ཐོས་པ་ཡོངས་སུ་གཉེར་བ་ལ་ཤིན་ཏུ་འདུན་པའི་བསམ་པ་བསྐྱེད་ཅིང་། གནས་དབེན་པར་གནས་པ་ལ་མོས་པའི་བསམ་པ་རབ་ཏུ་བསྐྱེད་ནས། སེམས་རྩེ་གཅིག་ཏུ་ནན་ཏན་བརྩོན་འགྲུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་བྱའོ། ། ཡོངས་སུ་གཉེར་ནས་ཀྱང་ཞེ་སྡང་ཡོངས་སུ་སྤང་བའི་ཕྱིར། བྱམས་པ་བསྒོམ་པར་བྱའོ།། འདོད་ཆགས་ཡོངས་སུ་སྤང་བའི་ཕྱིར། མི་སྡུག་པ་བསྒོམ་པར་བྱའོ། གཏི་མུག་ཡོངས་སུ་སྤང་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པར་བྱའོ།། གང་པོ་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི་གང་ཡིན། བྱང་ཆུབ་སེམས་དཔའ་ཇི་ལྟར་ན་བརྩོན་འགྲུས་རྩོམ་པར་བྱེད་ཅེ་ན། གང་པོ་བྱང་ཆུབ་སེམས་དཔའ་གིང་ལ་ལ་ཞིག་བསྐལ་པ་གཅིག་གམ། བསྐལ་པ་གཅིག་ལས་ཉུང་བ་གཅིག་ཏུ་འགྲོ་འམ། འདུག་པ་དག་ཏུ་རྟག་པར་བརྩོན་གྲུམ་བསྐྱེད་པར་བྱའོསམདུ་སེམས། གང་ཟེར་ལ་དུ་ག་ཡིན་པ་དེ་ནི་ཡང་དག་པའི་ཅོན་འགྲུས་ཞེས་མཐའོ།། རླུང་ཆུ་སེམས་དཔ་གང་ལལ་ནིག་བཞལ་ས་ག། བསྐལ་པ་གཅིག་ལས་ཉུང་བ་ཞིག་ཏུ་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་བ་དང་། དཀའ་ཐུབ་སྤད་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པར་གྱུར་ཀྱང་། དམིགས་པའི་དངོས་པོར་འདོད་པའི་སེམས་སུ་བསྐྱེད་ནས། ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་དང་བྲལ་བར་གྱུར་ན། འདི་ལྟ་བུ་འདི་ཡང་དག་པའི་བརྩོན་འགྲུས་ཞེས་མི་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་གླང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཡང་དག་པའི་བརྩོན་འགྲུས་དེ་བཞིན་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་ཞིང་འཇིག་རྟེན་པའི་མཁས་པ་རྣམས་ཀྱིས་སྨོད་པར་མི་འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔས་སྔོན་མ་ཐོས་པའི་ཆོས་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། མཚན་མ་ཅུང་ཟད་ཙམ་ཡང་མེད་ཅིང་དོན་དམ་པའི་རྗེས་སུ་མཐུན་པ་དེ་ལྟ་བུའི་མདོ་སྡེ་ཟབ་མོ་ཐོས་པར་གྱུར་ན། མི་མཐུན་ཞིང་འགལ་བ་མེད་པར་དེའི་དོན་གསལ་བར་རྟོགས་པར་བྱ་བའི་ཕྱིར། ནན་ཏན་བརྩོན་འགྲུས་བསྐྱེད་ནས། སེམས་ལ་ནུར་བ་མེད་པར་ཉན་པ་དང་། ལེན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། གཞན་ལ་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་ཡང་དག་པའི་བརྩོན་འགྲུས་ཞེས་བྱའོ།། མདོ་སྡེ་ཟབ་མོ་ཐོས་ནས་དེའི་དོན་རབ་ཏུ་རྟོགས་ཏེ། མི་མཐུན་པ་མེད་ཅིང་འགལ་བ་མེད་པའི་བརྩོན་འགྲུས་དེ་ལྟ་བུ་དེ་ལ་ནི། སངས་རྒྱས་རྣམས་ཀྱིས་བསྔགས་པར་འགྱུར་ཞིང་། འཇིག་རྟེན་པའི་མཁས་པ་རྣམས་ཀྱིས་ཀྱང་སྨོད་པར་མི་འགྱུར་བས། དེ་ཕྱིར་གང་པོ་བྱང་ཆུབ་སེམས་དཔའ་ཇི་ལྟར་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱིས་གཏིང་མི་རྙེད་པ་གང་ཡིན་པ་དེ་བདག་གིས་འདིར་གཏིང་གི་མཐར་ཐུག་པར་བྱའོ། ། འཇིག་རྟེན་པའི་སེམས་ཅན་རྣམས་བྱང་བར་གྱུར་པའི་གནས་གང་ཡིན་པ་དེར་བདག་གིས་བྱིང་བར་མི་བྱའོ།། འཇིག་རྟེན་པའི་སེམས་ཅན་རྣམས་ཀྱིས་འཇིགས་པ་གང་ཡིན་པ་དེ་དག་ལ་དག་གི་ལེགས་པར་མི་བྱའོ་སྙམ་པའི་གོ་ཆ་བགོ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། བདག་གིས་གོ་ཆུ་བགོས་པ་ནི་འཇིག་རྟེན་པ་དང་རྗེས་སུ་མཐུན་པ་མ་ཡིན་པས་འཇིག་རྟེན་པའི་ཆོས་སྤང་བདི་དྷི་གོ་ཆུ་བགོས་པ་ཡིན། ། འཛག་རྟེན་པར་ཆོས་སྤྱད་པའི་ཕྱིར་པོ་ཆ་བགོས་པ་མ་ཡིན་། འཇིག་རྟེན་པའི་ཆོས་མི་སྤྱང་བར་བྱ་བའི་བྱོར་ཀོ་ཆ་བགོས་བ་ཡིན། འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འབྲང་བར་བྱ་བའི་ཕྱིར་གོ་ཆ་བགོས་པ་མ་ཡིན་གྱི། འཇིག་རྟེན་པའི་ཆོས་བཟློག་པའི་ཕྱིར་གོ་ཆ་བགོས་པ་ཡིན་ནོ་སྙམ་དུ་སེམས་བསྐྱེད་པ་གང་ཡིཞི་འདི་ནི། གང་བྱང་ཆུབ་མེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡང་དག་པའི་བརྩོན་འགྲུས་ཞེས་བྱ་སྟེ།། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན། བླ་ན་མ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ་བྱང་ཆུབ་སེམས་དཔའ་ཆོས་གཉེར་བ། ། རྟག་པར་བརྩོན་འགྲུས་རབ་བསྐྱེད་དེ།། དོན་གྱི་ཚུལ་ནི་སེམས་བྱེད་པས།། སྭ་ཡི་རྗེས་སུ་ཡོངས་མི་འབྲང་། བྱང་ཆུབ་སེམས་དཔའ་ཚིག་མ་འབྲང་། ། ཆོས་རྣམས་སྟོང་པར་ཤེས་པའི་ཕྱིར།། དགེ་བའི་ཚིག་ནི་འཆོལ་བར་བྱེད།། བསྐུལ་པ་དག་ནི་གྲངས་མེད་པ།། བྱེ་བ་སྟོང་ཕྲག་མང་པོར་ནི།། ཉིན་མཚན་རྟག་པར་འདུག་གྱུར་ཏེ། ། སེམས་བསྐྱེད་དཀའ་བ་རབ་སྤྱད་ཀྱང་།། སྔོན་ཆད་མ་ཐོས་མདོ་སྡེ་དག། ཡིད་མི་ཆེས་ན་བརྩོན་འགྲུས་མིན།། དོན་ཟབ་གཏིང་ནི་གང་རྙེད་པ།། ལེ་ལོ་ཅན་ཞེས་མི་བྱ་འོ། ། དེ་འདྲིའི་བརྩོན་འགྲུས་གང་ཡིན་པ།། སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས།། འཇིག་རྟེན་གཏིང་ནི་མི་རྙེད་པ།། དེ་གཏིང་བྱང་ཆུབ་སེམས་དཔས་འཐོབ།། འཇིག་རྟེན་འཇིགས་ཤིང་བྱིང་གྱུར་ཀྱང་། ། བྱང་ཆུབ་སེམས་དཔའ་འཇིགས་བྱིང་མེད།། བརྩོན་པའི་སེམས་ཀྱིས་རྟག་ཏུ་ནི།། སྟོང་དབེན་བྱང་ཆུབ་འཚལ་བར་བྱེད། སྟོང་པའི་ཆོས་ལ་འཇིགས་མེད་པས། ལྐོག་ཙང་མྱོང་བར་འགྱུར་པའང་མེད།། བདག་ཆོས་མཚན་ཉིད་གནས་པ་ལས།། དེ་ཕྱིར་འཇིགས་ཀྱིང་རབ་ཏུ་སྐྱེ།། ཆོས་རྣམས་ཐམས་ཅད་ཛི་འཐོར་བ། ། དེ་ནི་བྱང་ཆུབ་ལམ་ཞེས་བྱ།། ནན་ཏན་བརྩོན་འགྲུས་གང་བསྐྱེད་པ།། མ་ཐོས་རྒྱ་མཚོ་མྱུར་དུ་འགྲུབ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔས་ཕུང་པོ་ལྔ་ལ་མཁས་པར་བྱསྐྱེ་མཆེད་བཅུ་གཉིས་ལ་མཁས་པར་བྱ། ཁམས་བཅོ་བརྒྱད་ལ་མཁས་པར་བྱ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་མཁས་པར་བྱའོ།། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་།། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལ་རབ་ཏུ་མཁས་པར་གྱུར་ན། གནས་པ་མེད་པའི་ཡེ་ཤེས་ཡོངས་སུ་འགྲུབ་པར་འགྱུར་རོ། ། གནས་པ་མེད་པའི་ཡེ་ཤེས་ཐོབ་པའི་ཕྱིར། ཆོས་ཐམས་ཅད་ལ་མི་སེམས་ཤིང་། རྣམ་པར་རྟོག་པར་ཡང་མི་བྱེད་དོ།། མི་སེམས་ཤིང་རྣམ་པར་མི་རྟོག་པར་སེམས་ཅན་རྣམས་ལ་ཆོས་བསྟན་ནས། ལྟ་བ་ཐམས་ཅད་འཇུག་ཅིང་འཇིག་ཚེགས་ལ་ལྟ་བ་རབ་ཏུ་འདུལ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔས་ཕུང་པོ་ལྔ། ཀྱི་མཆེད་བཅུ་གཉིས་སྟོང་པར་ཤེས།། ཁམས་ནི་བཅོ་བརྒྱད་རབ་འབྱེད་ཅིང་།། རྟེན་འབྲེལ་བཅུ་གཉིས་རབ་ཏུ་རྟོགས།། ལྔ་བུང་རྗེས་སུ་མི་འབྲང་ཞིང་།། ལུས་ནི་མི་བདེན་ཉིད་དུ་རིག། བྱི་ན་མཆེད་ཐམས་ཅད་ཀུན། ། རང་བཞིན་དག་ནི་སྟོང་པར་ཤེས།། དེ་ལྟར་ཆོས་རྣམས་ཤེས་ནས་ཀྱང་།། གཞན་དག་ལ་ནི་སྟོན་བྱེད་པས།། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ།། ཤེས་རབ་རྒྱ་ཆེར་འཕེལ་བར་འགྱུར། ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཇི་ལྟར་ཚུལ་ཁྲིམས་བཅས་པ་དང་། ཇི་ལྟར་འདུལ་བ་ཡང་དག་པར་བསྟན་པ་བཞིན་དུ་ལེགས་པར་རྗེས་སུ་སློབ་པར་བྱེད་པས། ཡོངས་སུ་ཉམས་པར་མི་བྱེད་དོ།། བྱང་ཆུབ་སེམས་དཔས་ཇི་ལྟར་ཚུལ་ཁྲིམས་སློབ་པར་བྱེད་ཅེ་ན། ཆོས་ཐམས་ཅད་སློབ་པར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལ་སློབ་པ་ཞེས་བྱའོ། ། དེ་ཅིའི་བྱོར་ཞེ་ན། གང་པོ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སློབ་པར་བྱེད་པ་གང་ཡིན་པ་དེས་ནི། ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་ལ།། ཆོས་ཤེས་པ་དེས་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཐོབ་པར་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་དེས་དངོས་པོ་ཐམས་ཅད་ཤེས་པར་འགྱུར་བས་སོ།། ཇི་ལྟར་དངོས་པོ་ཐམས་ཅད་ཤེས་པར་འགྱུར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ནང་གི་དངོས་པོ་ཐམས་ཅད་དང་། ཕྱི་རོལ་གྱི་དངོས་པོ་ཐམས་ཅད་རབ་ཏུ་ཤེས་པ་གང་ཡིན་པའོ།། གང་པོ་ཅིའོ་བྱོར་ནང་ཞེས་བྱ་ཞེ་ན། ནང་ཞེས་བྱ་བ་ནི་ཇི་ཙམ་དུ་མྱོང་བ་དང་བཅས་པ་འདོད་ཆགས་པར་བྱ་བའི་གནས། འདི་ལྟ་སྟེ། ནང་གི་ལུས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པ་ལས་སྐྱེས་ཤིང་དེ་ལ་ཀུན་རྫོབ་ཏུ་བཏགས་པའི་མོ་ཙམ་དུ་ཡོད་པ་འདི་ནི་མིག་གོ། ། འདི་ནི་རྣ་བའོ།། འདིན་སྣའོ།། འདྲི་ནི་ལྕེའོ།། འདི་ནི་ལུས་སོ།། འདི་ནི་ཡོད་དོ་ཞེས་བརྗོད་པ་གང་ཡིན་པ་འདི་དག་ནི་ནང་ཞེས་བྱའོ། ། ཆོས་དེ་དག་ལ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མངོན་པར་ཞེན་པར་བྱེད་པའི་ཕྱིར་ནང་ཞེས་བྱ་སྟེ། འདི་སྐད་དུ་བདག་གིས་མིག་འདི་ལྟ་བུ་ཐོབ་པར་བྱའོ་ཞེས་བརྗོད་ཀྱང་།། དེ་ལྟ་བུའི་མིག་མངོན་པར་འདུ་བྱེད་པ་མེད་ལ། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཐོབ་པར་བྱའོ་ཞེས་བརྗོད་ཀྱང་། འདི་ལྟར་རྣ་བ་དང་། སཱུ་དང་། ལྕེ་དང་། ལུས་དང་། ཡིད་མངོན་པར་འདུ་བྱེད་པ་མེད་པར་ཡང་དེ་ན་ལས་ཀྱི་རྐྱེན་སྤོང་ཞིང་རྣམ་པར་སྨིན་པ་རབ་ཏུ་བསྐྱེད་པས་དེའི་ཕྱིར་ནང་ཞེས་བྱའོ།། དེའི་ཕྱིར་བྱེ་བྲག་ལ་སོ་སོའི་སྤྱི་བོས་མངོན་པར་ཞེན་ནས་འདི་ནི་མིག་གོ། ། འདི་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དོ་ཞེས་ཟེར་བ་ཐམས་ཅད་ནི་ནང་ཞེས་བྱའོ།། གཞན་ཡང་གང་པོ་ནང་ཞེས་བྱ་བས་དངོས་པོ་འདི་གཉིས་མངོན་པར་འདུ་བྱེད་པའང་མི་བདེ་མ་ཅིང་ལྦུ་བར་བྱེད་པ་ཡིན་ན། བྱིས་པ་སེ་མོའི་སྐྱེ་བོ་མངོན་པར་ཞེན་པས་ཡང་དག་པར་བླངས་ནས་རྩོད་པ་སྐྱེད་པར་བྱེད་ཀྱི། གང་པོ་དེ་བཞིན་གཤེགས་པས་ནི་འདི་དག་གཟོད་མ་ཉིད་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པས་མངོན་པར་ཞེན་པར་མི་མཛད་དོ། ། དེ་བཞིན་གཤེགས་པ་ཇི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས་མངོན་པར་ཞེན་པར་མི་མཛད་ཅེ་ན། དེ་བཞིན་གཤེགས་པ་ནི་ཆོས་འདག་ལ་ཕྱོགས་པར་མི་མཛད་དོ།། གང་ཞིག་ལ་ཕྱོགས་པར་མི་མཛད་ཅེ་ན།། འདི་ལྟ་སྟེ། མིག་འདི་ནི་སྲིད་པ་འཆིང་བ་ཡིན་ནོ་ཞེས་ཕྱོགས་པར་མི་མཛད་ལ། མིག་དང་བྲལ་བ་ལའང་ཕྱོགས་པར་མི་མཛད་དོ།། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལའང་ཕྱོགས་པར་མི་མཛད་ལ། ཡིད་དང་བྲལ་བ་ལའང་ཕྱོགས་པར་མི་མཛད་དོ། ། དེ་ཅིའི་ཕྱིར་ཞེ་ན། གང་པོ་དེ་བཞིན་གཤེགས་པ་ནི་ཆོས་འདི་དག་ལ་ནང་ཞེས་བྱ་བའང་མི་དམིགས་ལ། ཕྱི་རོལ་ཞེས་བྱ་བའང་མི་དམིགས་པས་དེའི་ཕྱིར་དེ་བཞིན་གཤེགས་པས་ཆོས་འདི་དག་ལ་ཕྱོགས་པར་མི་མཛད་དོ། ། དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུང་བ་ཡིན་པས། འདི་སྐད་དུ་དགེ་སློང་དག་མིག་ནི་བདག་ཀྱང་མ་ཡིན་ལ། གཞན་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ།། ཆོས་གང་ནི་མིག་ཡིན། མིག་ནི་སུའི་ཡིན།། ཆོས་གང་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཡིན། ཡིད་ནི་སུའི་ཡིན་ཏེ།། དེ་ཅིའི་ཕྱིར་ཞེ་ན། རང་གི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པས་སོ།། མ་ཚག་ཀྱང་དེང་སོ་སོར་རབ་ཏུ་བརྣགས། ནུ་བ་དང་། སྭ་དང་། ལྲྀ་ང། ལུས་དང་། ཡིད་ཀྱང་དེང་སོ་སོར་བརྟགས་ན། ཆོས་གང་ལའང་མངོན་པར་ཆེན། ཅིང་ལེན་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གང་གིས་ཇི་ཙམ་དུ་ཆོས་ལ་ལེན་པ་དང་བཅས་པ་དེས་ནི་སྡུག་བསྔལ་སྦེད་པར་བྱེད་ལ། སྡུག་བསྔལ་སྐྱེས་པའི་ཕྱིར་ནི་བདེ་བ་མེད་པར་གྱུར་པབས། དེའི་ཕྱིར་གང་པོ་ཇི་ཙམ་དུ་ཆོས་ལ་ལེན་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་མྱོང་བར་གྱུར་ལ། གང་སྡུག་བསྔལ་མྱོང་བར་གྱུར་པ་དེས་ནི་སྡུག་བསྔལ་སྤོང་བར་མི་བྱེད་པས་གང་པོ་འདི་ནི་མིག་སོ་སོར་བརྟགས་པ་དང་། རྣ་བ་དང་། སྣ་དང་།། ལྕེ་དང་།། ལུས་དང་། ཡིད་འཇུག་པའི་གནས་མེད་པར་སོ་སོར་བརྟགས་པ་ཞེས་བྱའི།། དེ་ཅིའི་ཕྱིར་ཞེ་ན། གང་པོ་གལ་ཏེ་འཇུག་པའི་གནས་ཡོད་པར་གྱུར་ན། འབྱུང་བའི་གནས་ཀྱང་ཡོད་པར་གྱུར་པས། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མིག་ནི་སྟོང་ཞིང་བདག་དང་བདག་གི་བ་མེད་དེ་རང་བཞིན་གྱིས་དེ་འདྲ་ཞིང་། རྣ་བ་དང་། སཱུ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་སྟོང་ཞིང་བདག་དང་བདག་གི་བ་མེད་དེ། རང་བཞིན་གྱིས་དེ་འདྲ་བས་ངོ་བོ་ཉིད་མེད་དེ་འདི་ལྟར་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ལ་ནི་མངོན་པར་འདུ་བྱ་བའང་མེད་ལ། འཇིག་པའང་མེད་དོ་ཞེས་གསུངས་སོ།། གང་པོ་ཆོས་ཉིད་འདི་ལྟ་བུ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་བྷུང་ཡང་རུང་དེ་བཞིན་གཤེགས་པ་མབྱུང་ཡང་ཆུང་སྟེ། ཇི་མ་ད་འདོན་རྟག་ཏུ་གནས་པཉིད་དོ།། དབནན་ག་ཤེགས་པན་ཆོས་རྣམས་སྟེའང་མི་སྲེ་གདི་དུ་ཐུགས་སུ་ཆུད་པས། ཕྱིར་དེ་བཞིན་གཤེགས་པ་ནི་ཡང་དག་པར་གསུངས་པ་ཡིན་པས། འདི་སྐད་དུ་དེ་བཞིན་གཤེགས་པ་བྱུང་ཡང་རུང་།། དེ་བཞིན་གཤེགས་པ་མ་བྱུང་ཡང་རུང་སྟེ། ངོ་བོ་ཉིད་འདི་ནི་རྟག་ཏུ་གནས་པ་ཉིད་དོ་ཞེས་གསུང་ངོ་། ། གང་པོ་ཅིའི་ཕྱིར་མི་སྐྱེ་བ་ཞེས་བྱ། ཅིའི་ཕྱིར་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱ་ཞེ་ན། གང་པོ་ཆོས་རྣམས་མཉམ་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ།། ལམ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱའོ།། སྡུག་བསྔལ་ཟད་པ་གང་ཡིན་པ་དེ་ནི་མི་སྐྱེ་བ་ཞེས་བྱའོ།། ལམ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཡེ་ཤེས་ཞེས་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པས་བདེན་པ་གཉིས་པོ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཡོད་པར་གསུངས་པ་ཞེས་བྱའོ།། གང་པོ་དེ་བཞིན་གཤེགས་པས་སྡུག་བསྔལ་གྱི། མཚན་ཉིད་ཅེས་གང་གསུངས་པ་དེ་ཉིད་ནི་མཚན་ཉིད་མེད་པ་ཞེས་གསུངས་སོ།། སྡུག་བསྔལ་གྱི་མཚན་ཉིད་ཅེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། འདུས་མ་བྱས་ཀྱི་མཚན་ཉིད་གང་ཡིན་པའོ།། འདུས་མ་བྱས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་ཉིད་མེད་པ་ཡིན་པས། མཁས་པ་རྣམས་ཀྱིས་འདུས་མ་བྱས་དེ་ཉིད་མཚན་ཉིད་མེད་པ་ཡིན་པར་རབ་ཏུ་ཤེས་སོ།། གང་པོ་མཁས་པ་རྣམས་ཀྱིས་ལྟར་འདུས་མ་བྱས་དེ་ཉིད་མཚན་མ་མེད་པ་ཡིན་པར་རབ་ཏུ་ཤེས་པར་འགྱུར་ཞེ་ན། འདི་ལྟར་འདུས་མ་བྱས་ཀྱི་ཆོས་ནི་སྟོང་པར་ཡང་ཤེས། རབ་ཏུ་དབེན་ཡིན་པར་ཡང་ཤེས། སྐྱབས་སུ་འགྲོ་བའི་གནས་ཡིན་པར་ཡང་ཤེས། ཕན་པ་མཆོག་ཡིན་པར་ཡང་ཤེས། ཡོངས་སུ་བདུད་པ་མེད་པར་ཡང་ཤེས་ཏེ། མཁས་པ་རྣམས་ཀྱིས་དེ་ལྟར་འདུས་མ་བྱས་རབ་ཏུ་ཤེས་ཀྱང་ཡེ་ཤེས་དེ་ལ་སྐྱེ་བའི་མཚན་མ་མེད་པའོ། ། གང་པོ་མཁས་པ་རྣམས་ནི་མཚན་མ་རྣམས་ཡོངས་སུ་སྤངས་པས། དོན་མཆོག་དམ་པ་མངོན་པར་འདུ་བྱེད་པ་མེད་པ་འཇིགས་པ་མེད་པ་ཐོབ་པར་འགྱུར་རོ། ། གླང་པོ་མངོན་པར་འདུ་བྱེད་པ་དང་བཅས་པ་དེ་ལ་ནི་འཇིགས་པ་ཡོད་ཀྱི། མངོན་པར་འདུ་བྱེད་པ་མེད་པ་དེ་ལ་འཇིགས་པའང་མེད་དོ། ། འཇིགས་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ནོ།། འཇིགས་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་མཚན་མ་མེད་པ་ཡིན་ནོ།། འཇིགས་པ་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་སྨོན་པ་མེད་པ་ཡིན་ནོ། ། གང་གིས་ཀྱང་མངོན་པར་འདུས་མ་བྱས་ལ། གང་གིས་ཀྱང་འཇིགས་པ་མེད་པར་དབྱེར་མེད་པ་གང་ཡིན་པ་དེ་ནི་གང་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འཇིགས་པའི་མཚན་ཉིད་ཅེས་བྱའོ། ། དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་གང་ཡིན་པའོ།། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མ་མཆིས་པ་དེ་ཉིད་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དམིགས་སུ་མེད་པ་ཡིན་ནོ། ། བཅོམ་ལྡན་འདས་གལ་ཏེ་དེ་ལྟ་ན་ནི། ཆོས་ཐམས་ཅད་ཀྱང་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལགས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ཏེ། ཆོས་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ཡང་། བྱང་ཆུབ་དེ་ནི་ཆོས་ཐམས་ཅད་ཅེས་མི་བྱའོ།། ཆོས་ཐམས་ཅད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཡིན་ནོ། ། ཞེས་བྱ་བའང་ཀུན་རྫོབ་ཏུ་བཏགས་པ་ཙམ་དུ་བརྗོད་པར་ཟད་དེ། དེ་ནི་ལེ་ལོ་ཅན་རྣམས་ཀྱིས་རྟོགས་པར་དཀའ་ཞིང་རིག་པར་དཀའ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལེ་ལོ་ཅན་གང་ཡིན་པ་དེ་དག་ཐམས་ཅད་ནི་ཆོས་རྣམས་མཉམ་པ་ཉིད་དུ་མངོན་པར་སྒྲུབ་པར་མི་བྱེད་ལ། མཉམ་པར་མ་གྱུར་པ་གང་ཡིན་པ་དེ་དག་ནི་སངས་རྒྱས་དང་རྩོད་པར་བྱེད་པས་སོ། ། གང་པོ་གང་དག་མཉམ་པ་ཉིད་མངོན་པར་སྒྲུབ་པར་མི་བྱེད་ཅེ་ན། གང་པོའི་ཇིག་རྟེན་པ་ཐམས་ཅད་ནི་མཉམ་པ་ཉིད་མངོན་པར་སྒྲུབ་པར་མི་བྱེད་དོ།། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་ནི་མཉམ་པའང་མེད་མི་མཉམ་པའང་མེད་དོ། ། གང་པོངས་ལམ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ན། ། རྒྱུ་དང་རྐྱེན་གྱིས་དེའི་ཕྱིར་མདོ་སྡེ་འདི་དག་ལས་ཆོས་ཐམས་ཅད་ནི་ཡང་དག་པའི་གནས་སུ་ཐམས་ཅད་དུ་ངེས་པ་ཉིད་དུ་ཞུགས་པ་ཡིན་པས། དེ་ནི་ངེས་པར་བྱང་ཆུབ་ཀྱི་སྒོར་ཞུགས་པ་ཞེས་བསྟན་པ་ཡིན་ཏེ། དེའི་ཕྱིར་གང་པོ་ཆོས་ཐམས་ཅད་བྱང་ཆུབ་ཅེས་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ལགས་པ་དེ་ནི་ངེས་པའང་ལགས།། མ་ངེས་པའང་ལགས། ཚིག་འབྲུ་དང་ཡི་གེར་ཞུགས་པའང་ལགས། ཚིག་འབྲུ་དང་ཡི་གེར་མ་ཞུགས་པའང་ལགས། ཚིག་འབྲུ་ལ་ཞུགས་པའང་ལགས། ཚིག་འབྲུ་ལ་མ་ཞུགས་པའང་ལགས་པ་དེ་ནི་ཤིན་ཏུ་ངོ་མཚར་ཆེ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དང་བདག་གིས་བཅོམ་ལྡན་འདས་ལས་མདོ་སྡེ་འདི་ལྟ་བུ་ཐོས་པས་ཆོས་ཐམས་ཅད་ལ་རྣམ་པར་ངེས་པའི་སྣང་བ་ཐོབ་པ་ལགས་སོ། ། བཅོམ་ལྡན་འདས་དེང་བདག་གིས་ཆོས་རྣམས་ལ་རྣམ་པར་ངེས་པའི་སྣང་བ་ཐོབ་པས་དངོས་པོ་གཅིག་ལས་ཀྱང་དངོས་པོ་ཐམས་ཅད་རྟོགས་པར་གྱུར་ལ།། དངོས་པོ་ཐམས་ཅད་ལས་ཀྱང་དངོས་པོ་གཅིག་རྟོགས་པར་གྱུར་པས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་འང་ལྟར་མྱུར་བ་ཁོ་ནར་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་དོན་ལ་རབ་ཏུ་ཞུགས་པར་གྱུར་པ་ལེགས་སོ་ལེགས་སོ། ། འདིའང་ཁྱོད་ཀྱིས་སྔོན་འདས་པའི་དུས་སུ་སངས་རྒྱས་མང་པོ་རྣམས་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང་། དགེ་བའི་རྩ་བ་རྣམས་བསྐྱེད་ནས་ཉེ་བར་བསྟན་ཏེ་ཞུ་བ་དག་ཞུས་པ་ལས་གྱུར་པ་ཡིན་པར་རིག་པར་བྱའོ།། གང་པོ་ངས་མངོན་པར་དྲན་ཏེ། འདས་པའི་དུས་ཀྱི་ཞིང་འ་དི་ཉིད་ཀྱི་ནམ་མཁའི་ཕྱོགས་གཅིག་ན་ཁྱོད་ཀྱིས་སངས་རྒྱས་དྲུག་ཁྲི་བརྒྱད་སྟོང་ལས་མདོ་སྡེ་འདི་ཐོས་པའི་དགེ་བའི་རྩ་བའི་ཡོན་ཏན་གྱི་རྒྱུ་དང་རྐྱེན་གྱི་དབང་གིས་ཁྱོད་ཆོས་རྣམ་པར་ངེས་པའི་སྣང་བ་ཐོབ་པ་ཡིན་ནོ། ། བཅོམ་ལྡན་འདས་གལ་ཏེ་བདག་གིས་སངས་རྒྱས་མང་པོ་ལས་མདོ་སྡེ་འདི་སྔོན་ཐོས་པར་གྱུར་པ་ཞིག་ལགས་ན། ཅིའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་དྲན་པའི་བསམ་པ་གཅིག་ཙམ་ཡང་མ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ངས་མངོན་པར་དྲན་ཏེ། འདས་པའི་དུས་ཀྱི་ཚེ་ཁྱོད་ཀྱིས་བསྐལ་པ་གཅིག་གོ་བར་དུ་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སླར་ལྡོག་ཅིང་ཉམས་པར་གྱུར་ཀྱང་། དེའི་བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་ངས་དེང་འདིར་ཁྱོད་ཆོས་སྨྲ་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་བ་ཞེས་བརྗོད་པ་ཡིན་ནོ། ། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་གང་པོས་གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་མི་དགེ་བའི་ལས་ཅི་ཞིག་བགྱིས་ན། བསྐལ་པ་གཅིག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སླར་ལྡོག་ཅིང་ཉམས་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་མི་དགེ་བའི་གྲོགས་པོ་ལ་བརྟེན་པའི་ཕྱིར་དང་། གཞན་ཡང་ཁྱོད་ཀྱིས་དམ་པའི་ཆོས་རྒྱ་ཆེར་མ་སྤེལ་བའི་ཕྱིར་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སྨྲར་ལྡོག་ཅིང་ཉམས་པར་གྱུར་པ་ཡིན་ནོ། ། གང་པོ་ཆོས་བཞི་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ཅིང་ཉམས་ནས་ཉན་ཐོས་ཀྱི་ཐེག་པར་འགྱུར་རོ།། བཞི་གང་ཞེ་ན་བྱང་ཆུབ་སེམས་དཔའ་སྡིག་པ་མི་དགེ་བའི་གྲོགས་པོ་ལ་བརྟེན་པའི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་སྤངས་ནས། འདི་སྐད་དུ་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅི་དགོས། འཁོར་བའི་མཐའ་ནི་ཤིན་ཏུ་ཐག་རིང་སྟེ། འགྲོ་བ་ལྔ་པོ་རྣམས་སུ་ཁ་བརྒྱུད་ཅིང་སྡུག་བསྔལ་ཚད་མེད་པ་མྱོང་བས། ཁོམ་པ་དང་ཕྲད་པའང་ཤིན་ཏུ་དཀོན་སངས་རྒྱས་འབྱུང་བ་དང་ཕྲད་པའང་ཤིན་ཏུ་དཀོན། ཤིན་ཏུ་དང་བའི་དེད་པ་ཐོབ་པའང་ཤིན་ཏུ་དཀོན། སངས་རྒྱས་འབྱུང་བ་དང་ཕྲད་པར་གྱུར་ནའང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཆེས་ཤིན་ཏུ་དཀའ་བས། དེང་ཁྱོད་ཁོམ་པ་དང་ལྡན་པ་ཆུང་མ་གསན་ཅིག། ཁྱོད་དེ་བཞིན་གཤེགས་པ་རྣམས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་བསྟན་པ་ཐོབ་པའང་མ་ཡིན་ལ། དགེ་བའི་རྩ་བ་ངེས་པར་གྱུར་པའང་མ་ཡིན་པས་ཡོངས་སུ་མྱ་ངན་ལས་འདའ་བབང་མི་ཐོབ་ཅིང། འགྲོ་བ་ལྔ་པོ་རྣམས་སུ་འཁོར་བར་འགྱུར་རོ་ཞེས་སྨྲས་པས། གང་ཟག་དེས་དེ་སྐད་སྦས་པ་ཐོས་པའི་དབང་གིས་སེམས་བྱིང་ནས་བྱང་ཆུབ་ཀྱི་ལམ་ལས་ལྡོག་ཅིང་ལེ་ལོས་མོས་པར་མི་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན། བླ་ན་མེད་པའི་བྱང་ཆུབ་ལས་སླར་ལྡོག་ནས་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་རོ།། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་དཔའི་རྗེས་སུ་མཐུན་པའི་མདོ་སྡེ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་དང་། བྱང་ཆུབ་སེམས་དཔའི་བྱ་བ་ཡང་དག་པར་སྡུད་པའི་མདོ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་སུ་མཐུན་པའི་མདོ་ཐོས་པར་མ་གྱུར་ན། འདི་ལྟར་ཐོས་པར་མ་གྱུར་པའི་ཕྱིར། ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་མི་འགྱུར། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་སློབ་པར་མི་འགྱུར་བས། དེས་བྱང་ཆུབ་སེམས་དཔས་ཆོས་གང་ནི་བསྟེན་པར་བྱ།། ཆོས་གང་ནི་ཡོངས་སུ་སྤང་བར། ། ཆོས་གང་ནི་ཡང་དག་པར་བྱུང་བར་བྱ་བའི་རིགས། ཆོས་གང་ནི་ཡང་དག་པར་བླང་བར་བྱ་བའི་མོ་རིགས། ཆོས་གང་ན་བྱང་ཆུབ་སེམས་དངཔའི་ཆོས་ཡིན། ཆོས་གང་ནི་ཉན་ཐོས་ཀྱི་ཆོས་ཡིན་པ་དག་རབ་ཏུ་མི་ཤེས་སོ།། འདི་ལྟར་མི་ཤེས་ཤིང་རབ་ཏུ་འབྱེད་པར་མི་ནུས་པའི་ཕྱིར། བསྟེན་པར་བྱ་བར་རིགས་པའི་ཆོས་ནི་སྟེན་པར་མི་བྱེད་ལ། ། བསྟེན་པར་བྱ་བར་མི་རིགས་པའི་ཆོས་ལ་ནི་རབ་ཏུ་སྟེན་པར་འགྱུར་རོ།། དེས་བསྟེན་པར་བྱ་བར་རིགས་པའི་ཆོས་ནི་སྟེན་པར་མི་བྱེད་ལ། བསྟེན་པར་བྱ་བར་མི་རིགས་པའི་ཆོས་ལ་ནི་རབ་ཏུ་སྟེན་པར་བྱེད་པའི་ཕྱིར། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ལས་རབ་ཏུ་ཉམས་ཤིང་ལོག་པར་གྱུར་པས། སེམས་ཀྱང་ཞུམ་སྟེ་ལེ་ལོ་ཅན་དུ་གྱུར་ནས་སྔོན་གྱི་སྨོན་ལམ་རྣམས་ཀྱང་ཡོངས་སུ་གཏོང་བར་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན། བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་རོ། ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་རྣམས་ཡོད་པ་ཉིད་དུ་འཛིན་ཅིང་། བདག་ཏུ་མངོན་པར་ཞེན་པ་དང་། ལོག་པར་ལྟ་བ་རྣམས་སྤྱོད་ཅིང་མཐར་འཛིན་པའི་ལྟ་བར་ལྟུང་བ་དང་། ལོག་པའི་སྡིག་པ་རྣམས་སུ་བྱིང་སྟེ་དྲང་དཀའ་བར་གྱུར་ནས། མདོ་སྡེ་ཟབ་མོ་དོན་དམ་པའི་རྗེས་སུ་མཐུན་པ་དག་ཐོས་པར་གྱུར་ནའང་། མངོན་པར་ཡིད་ཆེས་པའི་རྟགས་ཅུང་ཟད་ཙམ་ཡང་མེད་ཅིང་འགལ་བར་བྱེད་པ་དང་། མངོན་པར་མ་རྟོགས་ནས་ཡང་དག་པའི་ཆོས་འཇིག་པའི་ཁ་ན་མ་ཐོ་བ་དག་སློང་བར་བྱེད་ན་རྒྱུ་དང་རྐྱེན་དེས་མ་ཁོམ་པའི་གནས་སུ་སྐྱེས་ནས། སངས་རྒྱས་རྣམས་དང་ཡང་ཕྲད་པར་མི་འགྱུར།། དམ་པའི་ཆོས་ཀྱང་ཐོས་པར་མི་འགྱུར།། སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ཡང་ཕྲད་པར་མི་འགྱུར། དགེ་བའི་བཤེས་གཉེན་ཡང་རྙེད་པར་མི་འགྱུར་རོ།། དེས་སངས་རྒྱས་རྣམས་མི་མཐོང་བའི་ཕྱིར་ཡང་དག་པའི་ཆོས་ཀྱང་ཐོས་པར་མི་འགྱུར་རོ།། ཡང་དག་པཔའི་ཆོས་མ་ཐོས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པ་དག་དང་ཡང་ཕྲད་པར་མི་འགྱུར་རོ། ། སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པའི་ཆོས་དང་ཕྲད་པར་མ་གྱུར་པ་ཕྱིར། དགེ་བའི་བཤེས་གཉེན་རྙེད་པར་མི་འགྱུར་རོ།། དགེ་བའི་བཤེས་གཉེན་མ་རྙེད་པའི་ཕྱིར། ཁོམ་པའི་གནས་དང་བྲལ་ནས་མི་ཁོམ་པའི་གནས་སུ་སྐྱེ་བར་འགྱུར་རོ།། མོ་ཁོམ་པའི་གནས་སུ་སྐྱེས་པའི་ཕྱིའོ།། དགེ་བའི་བཤེས་གཉེན་དང་བྲལ་ནས། མི་དགེ་བའི་གྲོགས་པོ་དང་ཕྲད་པར་འགྱུར་རོ།། མི་དགེ་བའི་གྲོགས་པའི་རྗེས་སུའི་གྲངས་པའི་བྱོར་སྔོན་གྱི་མོ་མ་བརྗེད་ཅིང་སྐོར་བར་འགྱུར་རོ། ། དེས་སྔོན་གྱི་ཡི་དམ་བརྗེད་ཅིང་སྟོར་བར་གྱུར་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཀྱང་སྤོང་བར་བྱེད། བྱང་ཆུབ་སེམས་དཔའི་ཐེག་པའང་སྤོང་བར་བྱེད་པས་སླར་ལྡོག་པར་འགྱུར་ཞིང་། བྱང་ཆུབ་ཀྱི་བསམ་པའང་གཏན་དུ་སྐོར་ནས། འཁོར་བའི་ཆོས་འབའ་ཞིག་སྤྱོད་ཅིང་།། ཐེག་པ་ཆེན་པོའི་སྤྱོད་པའི་ཆོས་མངོན་པར་བསྒྲུབ་པར་མི་འགྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན། བླ་ན་མེད་པའི་བྱང་ཆུབ་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་རོ། ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་མདོ་སྡེ་ཐོས་པར་གྱུར་ཀྱང་། ལྷག་པའི་བསམ་པས་གཞན་དག་ལ་ཡང་དག་པར་སྟོན་པར་མི་བྱེད་ཅིང་སེམས་ཞུམ་པར་གྱུར་ནས། གཅིག་ཏུ་འགྲོ་བ་ལ་དགའ་ཞིང་ཆོས་ཀྱི་སེར་སྣ་བྱས་ནས་གཞན་དག་ལ་བསྟན་པའི་འདུན་པ་མེད་པ་དང་། ཆོས་ཀྱིས་གཞན་དག་རྒྱ་ཆེར་ཡོངས་སུ་སྡུད་པར་མི་བྱེད་ན། མི་དགེ་བའི་རྩ་བ་དེའི་རྒྱུ་དང་རྐྱེན་གྱིས་ཤེས་རབ་དང་དྲན་པ་རབ་ཏུ་ཉམས་པར་འགྱུར་རོ།། ཤེས་རབ་དང་དྲན་པ་ཉམས་པར་གྱུར་པའི་དབང་གིས་ཞེན་པ་དག་དང་ལྷན་ཅིག་མདོ་སྡེའི་ཆོས་ཀློག་ཅིང་འདོན་པར་མི་བྱེད་ལ། ཆོས་ཀྱིས་གཞན་དག་དང་མཐུན་པར་མི་བྱེད་པས། གང་ཟག་དེ་ལུས་བརྗེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་ཀྱང་སྐོར་བར་གྱུར་ལ། བྱང་ཆུབ་སེམས་དཔའི་བསམ་པའང་བརྗེད་པ་གྱུར་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་དེ་དང་ལྡན་པར་གྱུར་ན།། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལས་སླར་ལོག་ནས་ཉན་ཐོས་ཀྱི་ཐེག་པ་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་དག་པར་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་བ། མི་དགེའི་གྲོགས་པོ་སྟེན་བྱེད་ཅིང་། བྱང་ཆུབ་ལ་ནི་མི་བརྩོན་ན།། རྒྱུ་དང་རྐྱེན་ནི་དེ་ཡི་ཕྱིར།། བླ་མེད་བྱང་ཆུབ་སེམས་སྒོར་འགྱུར།། སྡིག་པའི་བདག་ལྟ་རབ་བསྐྱེད་ནས་མཐའ་དང་ལོག་ལྟར་གང་ལྟུང་བ། ། ཆོས་འཇིག་སྡིག་ནི་བླང་བས་ན།། མི་ཁོམ་གནས་སུ་སྐྱེ་བར་འགྱུར།། མི་ཁོམ་གནས་སུ་སྐྱེས་ནས་ཀྱང་།། བྱང་ཆུབ་སེམས་ནི་གཅོད་བྱེད་ཅིང་། ། སྔོན་གྱི་ཡི་དམ་སྟོར་འགྱུར་བས།། དེ་ཕྱིར་བྱང་ཆུབ་སེམས་ཀྱང་ཉམས།། དེ་ཡིས་བྱང་ཆུབ་སེམས་སྐྱེ་བའི།། ཆོས་ནི་ཐོས་པར་ཡོང་མི་འགྱུར།། དེ་ཡི་སེམས་ནི་འཕེལ་གྱུར་ན།། བྱང་ཆུབ་སེམས་ནི་བསྒྲུབས་པར་འགྱུར།། དམ་ཆོས་རྒྱ་ཆེན་ཐོས་གྱུར་ཀྱང་།། སེར་སྣས་གཞན་ལ་སྟོན་མི་སོས།། རྒྱུ་དང་རྐྱེན་མོ་ཡི་ཕྱིར། ། བྱང་ཆུབ་ལས་ནི་ལྡོག་པར་འགྱུར།། བྱང་ཆུབ་སེམས་དཔའ་ཐེག་ཆེན་གཉེར།། ཆོས་འདི་བཞི་ནི་ཤེས་པར་བྱ།། ཆོས་འདི་བཞི་ནི་ཤེས་གྱུར་ན། བྱང་ཆུབ་སེམས་ནི་སྐྱེ་བར་འགྱུར། ། དེ་ཕྱིར་སྡིག་པའི་ཆོས་འདི་བཞི།། ནན་ཏན་གྱིས་ནི་རབ་སྤངས་ནས།། སྟོང་ཉིད་ཆོས་ནི་སྦོམ་བྱེད་ན།། དགེ་བའི་བཤེས་གཉེན་སྟེན་པར་འགྱུར། ། འདི་ལྷའི་མདོ་སྡེ་ཐོས་གྱུར་ན།། སེར་སྣ་དག་ནི་མོ་སྐྱེད་པར།། ནན་ཏན་གཞན་ལ་བསྟན་པར་བྱ།། དེ་ལས་བྱང་ཆུང་རབ་ཏུ་སྐྱེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་སླར་ལྡོག་པ་མི་འགྱུར་ཞིང་། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་ཉམས་པར་མི་འགྱུར་རོ།། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་ཡོངས་སུ་བསྲུངས་ནས་བསམ་པ་རྣམས་མངོན་པར་གྲུབ་པར་བྱེད་པ་དང་། དྲན་པ་དང་ལྡན་ཞིང་ཤེས་རབ་ལ་ཡང་དག་པར་གནས་པ་དང་། རབ་ཏུ་བརྩོན་པའི་སེམས་ཀྱིས་བརྩོན་ཞིང་ལེ་ལོ་མེད་པ་དང་། མང་དུ་ཐོས་པ་ཕུན་སུམ་ཚོགས་ཤིང་ཤེས་རབ་འཕེལ་བར་གྱུར་པ་དག་ཡིན་ཏེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དག་དང་ལྡན་པར་གྱུར་ན། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་བྱང་ཆུབ་ཀྱི་སེམས་ལས་ཡོངས་སུ་ལྡོག་པར་མི་འགྱུར་ཞིང་། ཇི་ལྟར་ཡོངས་སུ་བསྔོས་པ་བཞིན་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་ཉམས་པར་མི་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསལ་བར་རབ་ཏུ་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན།། དྲན་པ་ཟབ་ཅིང་ཐག་ཀྱང་རིང་། བརྩོན་པའི་སེམས་ཀྱིས་རབ་བརྩོན་ཞིང་། ། མང་ཐོས་ཤེས་རབ་རྒྱན་དང་ལྡན། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི།། ཆོས་འདི་བཞི་ལ་སྟེན་བྱེད་ན།། ཡིད་ལ་བསམ་པའི་དངོས་པོ་ཀུན།། ཐམས་ཅད་རབ་ཏུ་གྲུབ་པར་འགྱུར། ། དེ་ཕྱིར་རྟག་ཏུ་ཁྲིམས་བསྲུང་ཞིང་།། ནན་ཧན་བརྩོན་འགྲུས་ལྡན་པར་བྱ།། ཆོས་དྲན་རྒྱུན་ནི་མི་གཅོད་ཅིང་།། རྟག་པར་མང་ཐོས་གཉེར་བར་བྱ།། ཁྲིམས་བསྲུང་གནས་གཙང་རབ་ཏུ་སྐྱེ།། དྲན་པས་ཤེས་རབ་སྦྱོང་བར་འགྱུར།། བརྩོན་འགྲུས་སངས་རྒྱས་ཆོས་ཀྱང་སྤྱོད།། མང་ཐོས་ཤེས་རབ་ཆེན་པོ་སྟེ།། དེ་ཕྱིར་བྱུང་ཆུབ་སེམས་དཔའ་རྣམས། ། དེ་འདྲའི་ཆོས་ནི་བསླབ་པར་བྱ།། དེ་འདྲའི་ཆོས་ནི་རབ་བསླབས་ན།། ཐ་མེད་འཁོར་ལོ་སྐོར་བར་འགྱུར།། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན། བྱང་ཆུབ་ལ་ཕན་འདོགས་པར་འགྱུར་རོ།། བཞི་གང་ཞེ་ན། ཚུལ་ཁྲིམས་སྲུང་བ་ནི་བྱང་ཆུབ་ལ་འམ་འདོགས་པའི་ཆོས་སོ།། བཟོད་པ་སྒོམ་པ་ནི་བྱང་ཆུབ་ལ་ཕན་འདེགས་པའི་ཆོས་སོ།། བརྩོན་འགྲུས་རྩོམ་པ་ནི་བྱང་ཆུབ་ལ་ཕན་འཛེགས་པའི་ཆོས་སོ།། མང་དུ་ཐོས་པ་ནི་བྱང་ཆུབ་ལ་ཕན་འས་པའི་ཆོས་ཏེ། གང་པོ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་ལ་ཕན་འདོགས་པ་ཞེས་བྱའོ།། དེ་མས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་ཡང་དེ་དག་འ་སྩལ་པ། བྱང་ཆུབ་སེམས་དཔའ་ཁྲིམས་ཟུང་བ། བྱང་ཆུང་ལན་པན་འདོགས་ཏེ།། བརྩོན་འདུས་དང་ནི་བཟོད་པདང་།། མང་དུ་ཐོས་པ་ནོ། ། ཚུལ་ཁྲིམས་དག་པ་གང་སྲུང་བ།། སྨོན་ལམ་ཐམས་ཅད་འགྲུབ་པར་འགྱུར།། ཁྲིམས་གཙང་ཕན་འདོགས་མང་བས་ན།། བྱང་ཆུབ་ཐོབ་པར་ཡོང་མི་དཀའ།། བྱང་ཆུབ་སེམས་དཔའ་བཟོད་སྒོམ་པ། ། ལུས་ཀྱི་མཚན་དང་ཤེས་རབ་འགྲུག།། དེ་ཕྱིར་བཟོད་པ་རབ་བསྒོམས་ན།། སངས་རྒྱས་མཚན་དང་ཤེས་རབ་གཏེར།། བརྩོན་འགྲུས་ཀྱང་ནི་དེ་བཞིན་དུ། བྱང་ཆུབ་མང་དུ་ཕན་འདོགས་པས།། རྟག་ཏུ་བརྩོན་འགྲུས་གང་རྩོམ་པ།། བྱང་ཆུབ་ཐོབ་པར་ཡོང་མི་དཀའ།། མང་ཐོས་ཀྱིས་ཀྱང་ཕན་འདོགས་པས།། ཐོས་ནས་ཆོས་ལ་རབ་བརྟེན་ཅིང་། ། ཆོས་མིན་དག་ནི་སྤོང་བྱེད་པས།། བྱང་ཆུབ་ཐོབ་པར་ཡོང་མི་དཀའ།། ཆོས་བཞིན་ས་བོན་ཡིན་པས་ན།། དེ་ལས་བྱང་ཆུབ་རབ་ཏུ་སྐྱེ།། དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། ། ཆོས་ཀྱི་ཕན་ལ་བརྟེན་པར་བྱ།། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་བཞི་དང་ལྡན་པར་གྱུར་ན།། ལུས་ཀྱི་དོག་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་།། འཁོར་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར། ནམས་ཀྱང་རྟག་པར་སྡིག་པ་མི་དགེ་བའི་གནས་མི་ཁོམ་པ་རྣམས་སུ་སྐྱེ་བར་མི་འགྱུར། རྟག་པར་སངས་རྒྱས་རྣམས་དང་ཕྲད་པར་འགྱུར། སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་པར་འགྱུར་རོ།། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བྱམས་པ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་གནོད་པ་མི་བྱེད་པ་ཡིན་ཏེ། གང་པོ་བྱང་ཆུབ་སེམས་དཔའ་བྱམས་པ་བསྒོམས་པས་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་ཅིང་གནོད་པ་མི་བྱེད་པ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་བྱམས་བསྒོམ་པ་ནི། སེམས་ཅན་རྣམས་ལ་བདག་གིས་ཡོངས་སུ་བསྐྱབ་པར་བྱའོ་སྙམ་པའི་བྱམས་པ་བསྐྱེད་པས།། སེམས་ཅན་ལུས་དང་སེམས་སྡུག་བསྔལ་བར་གྱུར་པ་དག་མཐོང་ན། འདི་སྙམ་དུ་བདག་གིས་ནན་ཏན་བརྩོན་འགྲུས་ཀྱིས་སེམས་ཅན་དེ་དག་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བཟླས་ནས། སེམས་ཅན་དེ་དག་ལ་བདག་གིས་བདེ་བ་སྦྱིན་པར་བྱའོ།། བདག་གིས་དྲངས་ནས་འཁོར་བའི་སྡུག་བསྔལ་དང་དབྲལ་བར་བྱའོ།། ཞེས་སེམས་ཅན་རྣམས་ལ་དེ་ལྟ་བུའི་སེམས་སྐྱེད་པར་བྱེད་དོ། ། དེ་ལྟ་བུའི་སེམས་བསྐྱེད་ནས་ཀྱང་ནན་ཏན་བརྩོན་འགྲུས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཡོངས་སུ་གོམས་པར་བྱེད་དོ།། གང་པོ་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས། ཕ་རོལ་ཏུ་ཕྱིན་པ་དྲ་པོ་ག་ཀུན་སུ་མཆོགས་པར་བྱེད་དོ། ཅང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་ནན་ངན་རྩོན་འགྲུས་སྐྱེད་པར་བྱེད་ཅེ་ན། གང་པོ་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་ཆོས་གང་ནི་བདག་ཅེས་བྱ་བ་ཡིན། ཆོས་གང་ནི་བདག་གི་ཞེས་བྱ་བ་ཡིན་སྙམ་དུ་སེམས་ཤིང་འཇལ་བར་བྱེད་དེ། དེ་ལྟར་སེམས་ཤིང་འཇལ་བ་ན་བདག་ཅེས་བྱ་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ལ། བདག་གི་ཞེས་བྱ་བའི་ཆོས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་སྙམ་དུ་སེམས་པས། ཆོས་འདི་ལ་ནི་བདག་ཅེས་བྱ་བའི་ཆོས་ཀྱང་མེད་ལ། བདག་གི་ཞེས་བྱ་བའི་ཆོས་ཀྱང་མེད་དོ་སྙམ་དུ་སེམས་སོ།། བྱང་ཆུབ་སེམས་དཔའ་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་ལུས་སྟོང་པ་ཉིད་རབ་ཏུ་ཤེས་སོ། ། ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་ངོ་སྙམ་མོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ལ་བདག་དང་བདག་གིར་འཛིན་པའང་སྟོང་པ་ཡིན་ན། སེམས་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་པས་སོ། ། བྱང་ཆུབ་སེམས་དཔས་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། སེམས་ཅན་སྟོང་པའི་ཕྱིར་གཟུགས་ཀྱི་ཕུང་པོའང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། ། གཟུགས་ཀྱི་ཕུང་པོ་སྟོང་པའི་ཕྱིར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དེ་ལྟར་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར་ལུས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། ལུས་སྤྱོད་པའི་ཕྱིར་སེམས་ཅན་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ། ། སེམས་ཅན་སྟོང་པའི་ཕྱིར་ཕུང་པོ་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། ཕུང་པོ་རྣམས་སྟོང་པའི་ཕྱིར། འདི་ལྟ་སྟེ། ས་དང་། ཆུ་དང་། མེདང། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་ཏེ། སའི་ཁམས་ཀྱང་སའི་ཁམས་ཀྱི་མཚན་ཉིད་ཀྱིས་སྟོང་། ཆུ་དང་། མེ་དང་། རླུང་དང་། ནམ་ས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱིས་སྟོང་པས། ཁམས་འདི་དག་ལ་ནི་བྱེད་པའང་མེད་ལ། བྱང་ཆུབ་ཀྱང་མེད་དོ།། གང་བྱེད་པ་མེད་པའི་ཆོས་དེ་ལ་ནི་སྟོང་པ་ཉིད་ཡིན་སྙམ་མོ། ། གང་པོ་བྱང་ཆུབ་སེམས་དཔའ་འདི་དག་ལ་བདག་དང་བདག་གིར་འཛིན་པ་སྤངས་པའི་ཕྱིར། ལུས་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། ལུས་སྟོང་པའི་ཕྱིར་སེམས་ཅན་ཡང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། སེམས་ཅན་སྟོང་པའི་ཕྱིར། ཕུང་པོ་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། ཕུང་པོ་རྣམས་སྟོང་པའི་ཕྱིར། ཁམས་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། ཁམས་རྣམས་སྟོང་པའི་ཕྱིར། སྐྱེ་མཆེད་རྣམས་ཀྱང་སྟོང་པ་ཉིད་དུ་རིག་པར་འགྱུར་རོ།། སྐྱེ་མཆེད་རྣམས་སྡོད་པར་གྱུར། སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ཀྱང་སྤོང་ཞིང་། སྐྱེ་མཆེད་རྣམས་ལ་བྱེད་པ་མེད་པ་དང་། བྱ་བ་མེད་པ་ཉིད་དུ་རིག་པར་འགྱུར་ཏེ། ཆོས་གང་བྱེད་འདུང་། བྱ་བ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཡིན་ནོ་སྙམ་མོ།། གང་པོ་བྱང་ཆུབ་སེམས་དཔའ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བར་བྱེད་དོ།། ཆོས་ཐམས་ཅད་སྟོང་པར་ལྟ་བའི་ཚེ། ཆོས་རྣམས་ལ་ངོ་བོ་ཉིད་ཀྱིས་ཞེ་སྡང་སྐྱེ་བའི་གནས་ཡང་དག་པར་རྗེས་སུ་མི་མཐོང་སྟེ།། གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱམས་པ་ཆེན་པོས་ལུས་སྟོང་པ་ཉིད་དུ་རིག་པའི་བྱམས་པ་དང་། སེམས་ཅན་སྟོང་པ་ཉིད་དུ་རིག་པའི་བྱམས་པ་དང་། ཕུང་པོ་དང་། སྐྱེ་ཆེད་དང་། ཁམས་རྣམས་སྟོང་པ་ཉིད་དུ་རིག་པའི་བྱམས་བ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་བྱམས་པ་བསྒོམ་པ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བྱམས་པ་བསྒོམ་པ་ཞེས་བྱ་སྟེ། གང་པོ་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་བསྒོམ་པ་ཞེས་བྱའོ། ། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་སེམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་འདུན་པ་སྐྱེས་ནས། སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་པས། སེམས་ཅན་གང་འདི་ལྟར་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ཁོང་དུ་མ་ཆུད་པ་དག་ཁོང་དུ་ཆུད་པར་བྱ་བའི་ཕྱིར། གོ་ཆ་ཆེན་པོ་བགོས་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་སྤྱོད་པ་ཞེས་བྱ་སྟེ། བདག་གིས་བསྒྲུབ་པར་བྱའོ་སྙམ་དུ་སེམས་པའི་ཕྱིར་བྱམས་པ་ཞེས་བྱའོ། ། བདག་གིས་དྲང་བར་བྱའོ་སྙམ་དུ་སེམས་པའི་ཕྱིར་སྙིང་རྗེ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུའི་བྱམས་པ་ཆེན་པོ་དང་ལྡན་པ་གང་ཡིན་པ་དེས་ནི་སེམས་ཅན་རྣམས་ཀྱི་མགོན་དང་། སྐྱབས་དང་། གནས་དང་། གླིང་དང་། མཐར་ཕྱིན་པའི་གནས་བྱེད་པར་གྱུར་པས། དེའི་ཕྱིར་བྱང་ཆུབ་སེམས་དཔས་དེ་ལྟ་བུའི་བྱམས་པ་ཆེན་པོ་བསྒོམ་པར་བྱའོ། ། སེམས་ཅན་རྣམས་ལ་རྗེས་སུ་ཆགས་པའང་མེད་ལ། ཁོང་ཁྲོ་བའང་མི་རྙེད་པ་གང་ཡིན་པའདི་ནི་བྱང་ཆུབ་སེམས་དཔའི་སེམས་ཅན་སྟོང་པའི་བྱམས་པ་ཞེ་སྡང་མེད་པ་ཞེས་བྱའོ།། གང་པོ་བྱང་ཆུབ་སེམས་དཔའ་གང་བྱམས་པའི་རྒྱུ་དང་བྲལ་བའི་རྒྱུ་དང་། སྟོང་པའི་རྒྱུས་ཆོས་རྣམས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་འཇུག་པར་འགྱུར་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་བསྒོམ་པ་ཞེས་བྱའོ། ། བྱང་ཆུབ་སེམས་དཔའ་གང་གིས་དེ་ལྟར་ཆོས་རྣམས་རབ་ཏུ་རྟོགས་པར་གྱུར་པ་དེ་ལ་བདུད་དང་བདུད་ཀྱི་འཁོར་རྣམས་ཀྱིས་ཚུགས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་པ་དེས་ནི་ཡོན་ཏན་ཐམས་ཅད་ལ་སྒྲིབ་པའི་འཆིང་བ་རྣམས་ཡོངས་སུ་གཅོད་པར་བྱེད་དོ།། ཡོན་ཏན་གྱི་འཆིང་བ་ཡོངས་སུ་བཅད་པའི་ཕྱིར། མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་འཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ།། བྱང་། ཆུབ་སེམས་དཔས་ཕུང་པོ་དང་།། ཁམས་དང་སྐྱེ་མཆེད་དེ་དག་ལ།། བདག་མེད་པར་ནི་རྟག་ཤེས་པ།། བྱམས་བསྒོམ་སྟོང་པར་ལྟ་བར་བྱེད།། བདག་དང་བདག་གི་ཆོས་གཉིས་དག། ངེས་པར་ཡང་དག་དམིགས་སུ་མེད། ། ཆོས་རྣམས་དམིགས་སུ་མེད་པས་ན།། བྱམས་པའི་སེམས་ཀྱིས་སྒོམ་པར་བྱེད།། ཆོས་རྣམས་ལ་ནི་མི་གནས་ཏེ།། མི་གནས་པ་ཡང་མ་ཡིན་པ།། འདི་ནི་སངས་རྒྱས་རྣམས་ཀྱི་ལམ།། ཆོས་རྣམས་མི་གནས་པ་ཞེས་བྱ།། བླ་མེད་བཟོད་པ་གང་ཐོབ་པ།། ཆོས་རྣམས་ཡང་དག་མཚན་ཉིད་བཟོད།། ཆོས་རྣམས་སྐྱེ་འགག་མེད་དོ་ཞེས།། དོན་གྱི་ཚུལ་ནི་རབ་ཏུ་རྟོགས།། བློ་གྲོས་ཆེན་པོ་ལྡན་པ་དག། ཆོས་འདི་ལ་ནི་སྟེན་བྱེད་ན།། རྟག་ཏུ་གྱ་ནོམ་གཟུངས་ཐོབ་ཅིང་།། སྤོབས་པ་དག་ཀྱང་ཐོབ་པར་འགྱུར།། རྟག་པར་སངས་རྒྱས་ཕྲད་པར་འགྱུར། ། ཆོས་རྣམས་ཀུན་གྱི་དོན་རིག་འགྱུར།། དེ་ཕྱིར་བྱང་ཆུབ་སེམས་དཔའ་དེ།། བླ་མེད་བྱང་ཆུབ་ཐོབ་པར་འགྱུར།། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ནན་ཏན་བརྩོན་འགྲུས་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་རྟེན་དག་ལ་མཆོད་པར་བྱེད་པས། གུས་པའི་སེམས་ཀྱིས་མེ་ཏོག་དང་། སྤོས་དང་འཕྲེང་བ་དང་། བྱུག་པ་དང་། སྤོས་ཀྱི་ཕྱེ་མ་དང་། གདུགས་དང་། བདན་དང་། རོལ་མོ་སེལ་སྟན་དང་། མཆོད་པའི་ཡོ་བྱད་གྱ་ནོམ་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པོ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་མེ་ཏོག་སྤོས།། བ་དན་དང་ནི་གདུགས་མཆོག་གིས།། བློ་མཆོག་མཆོད་རྟེན་རབ་མཆོད་ནས།། ཤེས་རབ་མཆོག་ནི་འཆོལ་བར་བྱེད། ། བསོད་ནམས་དེ་ཡི་རྐྱེན་རྒྱས་ནི།། བྱང་བཞིན་དག་ནི་མཛེས་པར་འགྱུར།། ནོར་ཕྱུགས་རིན་ཆེན་རབ་ཏུ་མང་།། འཁོར་ནི་ཕུན་སུམ་ཚོགས་པར་འགྱུར།། བྱང་ཆུབ་ཉིད་དུ་ངེས་འགྱུར་ཞིང་། ། རྟག་ཏུ་ཆོས་ལ་རབ་ཏུ་གནས།། སྐྱེ་བ་དག་ནི་ཐམས་ཅད་དུ།། ཡོན་ཏན་འཕེལ་ཞིང་མཐོན་པོར་འགྱུར།། རྒྱལ་པོ་རྣམས་ནི་བཀུར་བྱེད་ཅིང་།། ལཱ་ཀླུ་རབ་ཏུ་དྲན་པར་འགྱུར། ། སེམས་ཅན་ཐམས་ཅད་ཀུན་གྱིས་ཀྱང་།། བཀུར་སྟི་དག་ནི་བྱེད་པར་འགྱུར།། འདས་དང་ད་ལྟར་བཞུགས་པ་ཡི།། སངས་རྒྱས་དག་ལ་མཆོད་བྱེད་ན།། སྐྱེ་བ་ཀུན་དུ་མཆོད་པ་འཐོབ། ། རྟག་པར་མི་ཁོམ་མེད་པར་སྟེ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རྟག་པར་བརྩོན་པའི་སེམས་ཀྱིས་ཆོས་ལ་མཆོད་པར་བྱེད་དོ། ། ཆོས་ཞེས་བྱ་བ་ནི་གང་། ཇི་ལྟར་ན་ཆོས་ལ་མཆོད་པར་བྱེད་ཅེ་ན། དེ་ལ་ཆོས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། བསམ་གཏན་བ་ནི་དང་ཞི་གནས་དང་། ལྷག་མཐོང་དང་། རིག་པ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། ཟད་པའི་ཡེ་ཤེས་དང་། མི་སྐྱེ་བའི་ཡེ་ཤེས་གང་ཡིན་པ་འདི་ནི་ཆོས་ཞེས་བྱའོ། ། ཇི་ལྟར་མཆོད་པར་བྱེད་ཅེ་ན། ཆོས་དེ་དག་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་བསྒྲུབ་ཅིང་རྗེས་སུ་འབྲངས་ནས་འགལ་བ་མེད་པར་འདུན་པ་དང་། བརྩོན་འགྲུས་བསྐྱེད་དེ་ཕུན་སུམ་ཚོགས་པར་མངོན་པར་བསྒྲུབ་པ་གང་ཡིན་པ་འདི་ནི་ཆོས་ལ་མཆོད་པ་ཞེས་བྱའོ། ། གཞན་ཡང་གང་པོ་ཆོས་ལ་མཆོད་པ་ཞེས་བྱ་བ་ལ། ཆོས་ནི་མདོ་སྡེ་འདི་ལྟ་བུ་དག་ཡིན་ལ་དེ་ལ་མངོན་པར་ཡིད་ཆེས་ཤིང་ཡིད་ལ་སེམས་པ་དང་། རྣམ་པར་འབྱེད་པ་དང་། རྗེས་སུ་འབྲང་ཞིང་སེམས་ཀྱིས་འགལ་བར་མི་བྱེད་པ་གང་ཡིན་པ་འདི་ནི་ཆོས་ལ་མཆོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པོ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིདདི་རང་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྟག་ཏུ་ཆོས་མཆོད་བརྩོན་བྱེད་པས།། ཇི་སྐད་བསྟན་པ་བཞིན་དུ་གནས།། ཟབ་མོ་སྟོང་པའི་ཆོས་ཐོས་ན།། སེམས་ཀྱིས་འགལ་བར་ཡོང་མི་བྱེད། ། དེ་ཕྱིར་ལུས་ནི་རྟག་མཛེས་ཤིང་།། སྤོབས་པ་དག་ཀྱང་ཐོབ་པར་འགྱུར།། ངས་ནི་ཇི་སྐད་བསྔགས་པའི་ཆོས།། དེ་ཡིས་རབ་ཏུ་འཕེལ་བར་བྱེད། ། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་རབ་ཏུ་བརྩོན་པའི་སེམས་ཀྱིས། དེ་བཞིན་གཤེགས་པའི་འཕགས་པའི་ཚོགས་རྣམས་ལ་མཆོད་པར་བྱེད་པས། མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། འཚེ་བའི་ཡོ་བྱད་དག་དང་། གཙུག་ལག་ཁང་དང་། ཀུན་དགའི་ར་བ་དང་། འཆག་ས་དང་། ཁྲུས་ཀྱི་རྫིང་བུ་དང་ཁྲོན་པ་དང་། ལས་བྱེད་པའི་མི་དང་། འདི་ལྟ་བུ་ལ་སོགས་པ་གཞན་ཡང་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་འདི་ལྟར་འཕགས་པའི་ཚོགས་རྣམས་ལ་མཆོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པོ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། མཆོད་པའི་ཡོ་བྱད་མཆོག་དམ་པས།། འཕགས་པའི་ཚོགས་ནི་མཆོད་བྱེད་པས།། བསོད་ནམས་འཛིན་རྐྱེན་གྱིས་ནི། ། སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན།། ལུས་ཀྱི་ཁ་དོག་རབ་མཛེས་ཤིང་།། སྤོབས་པ་དག་ཀྱང་ཐོབ་པར་འགྱུར།། ཡོན་ཏན་རྣམས་ནི་ཕུན་ཚོགས་ཤིང་།། ཤེས་རབ་ངག་ནི་འཕེལ་བར་འགྱུར། ། དྲང་པོའི་སེམས་ཀྱིས་མཆོད་བྱས་ཤིང་།། བདག་དང་བདག་གི་མེད་པས་ན།། ཤེས་པ་འདི་ཡི་རྒྱུ་རྐྱེན་གྱིས།། སྐྱེ་བ་ཀུན་ཏུ་མཆོད་པ་ཐོབ།། སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། ། ཆོས་བཞི་དག་ལ་རྟག་བརྟེན་མ།། སྐྱེ་བ་ཀུན་ཏུ་ཚེ་རིགས་བཙུན།། ཡོན་ཏན་དག་ནི་མངོན་ཐོབ་འཕགས།། ཕྱིར་མི་ལྡོག་པའི་ལེའུ་སྟེ་གསུམ་པའོ། ། །། བམ་པོ་གསུམ་པ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པས། རྟག་པར་ཆོས་བཞི་པོ་འདི་དག་ལ་བརྟེན་ཅིང་གོམས་པར་བྱས་ན། དགེ་བའི་ཆོས་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་ཡོངས་སུ་སྡུད་པར་འགྱུར་ལ། དགེ་བའི་རྩ་བ་ཐམས་ཅད་དང་ཡང་རབ་ཏུ་ལྡན་པར་འགྱུར་རོ།། བཞི་གང་ཞེ་ན། གང་པོ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་ཐེག་པ་ཆེན་པོར་སེམས་བསྐྱེད་པས། བཟོད་པ་བསྒྲུབ་པའི་ཆོས་ལ་བརྟེན་ཅིང་བསྒོམ་པར་བྱའོ།། དེ་ལྟར་ན་བཟོད་པའི་ཆོས་བསྒོམ་པ་ན། གལ་ཏེ་སེམས་མཉམ་པར་གྱུར་ན། ཤིན་ཏུ་མཉམ་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་ཐོབ་པར་འགྱུར་ལ། ། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཐོབ་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་སེམས་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པར་གྱུ་པ་ན། གལ་ཏེ་འགྲོ་འམ། འགྲེང་ངམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། སད་པའི་ཚེའང་རུང་སྟེ། གཅིན་གྱི་བུམ་པའམ། དུག་གི་བུམ་པའམ། ཆུ་ཚན་གྱི་བུམ་པའམ། ཕྱག་དར་རྣམས་སམ། མེ་དང་ཐལ་བའམ། བཤང་གཅིའམ། ཐལ་བ་ཚ་བ་ཐོགས་པ་ཞིག་འོངས་ནས། མགོའི་སྟེང་དུ་བླུགས་སམ། ལུས་ཀྱི་ཡན་ལག་ཀུན་ཏུ་བརྡུངས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ཞེ་སྡང་དང་ཁོན་གྱི་བསམ་པ་བསྐྱེད་ནས། སེམས་རྣམ་པར་གཡེང་ཞིང་། ཁོང་ཁྲོབ་བསྐྱེད་པར་ཡང་མི་བྱའོ།། འདི་སྐད་དུ་བདག་ལ་ཉེས་པ་ཅི་ཡོད་ཅེས་ཀྱང་སྨྲ་བར་མི་བྱའོ།། གཞན་ཡང་ངན་སེམས་ཀྱིས་དེ་ལ་བལྟ་བར་མི་བྱའོ། ། སེམས་རྩེ་གཅིག་ཏུ་རང་གི་ཆོས་དོན་དུ་གཉེར་ཞིང་གང་བསྒྲུབ་པར་བྱ་བའི་དངོས་པོ་སེམས་རྩེ་གཅིག་ཏུ་མི་བསྤང་བར་དེ་ལྟར་སེམས་ཡོངས་སུ་གདུལ་བར་བྱའོ།། གང་ཟག་དེས་རྒྱུ་དང་རྐྱེན་གང་གཱ་དྷོར། གཅིན་གྱི་བུམ་པ་དང་། དུག་གི་བུམ་པ་དང་། ཐལ་བ་དང་། མེ་དྲུག་ཐོགས་ཏེ་འོངས་ནས། བདུག་གི་ལུས་ལ་གནོད་པར་བྱེད་པ་ན། བདག་གི་ལུས་ནི་དངོས་པོ་འདི་དག་གི་རྒྱུ་རྐྱེན་གྱིས་ན་བ་དང་གནོད་པར་མི་འགྱུར་རོ།། ཞེས་བྱང་ཆུབ་སེམས་དཔའ་དེའི་ཚེ་འདི་ལྟར་རྒྱུ་དང་རྐྱེན་མང་པོའི་ཆོས་ལ་སོ་སོར་བརྟགས་ནས། སུ་ཞིག་ནི་དངོས་པོ་འདི་སྦྱིན་པར་བྱེད། དངོས་པོ་འདི་ནི་སུ་ལ་སྦྱིན་པར་བྱེད། དངོས་པོ་གང་ནི་སྦྱིན་པར་བྱེད་ཅེས་དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པ་ན། སྦྱིན་པར་བྱེད་པ་ནི་སུ་ཡིན།། ལེན་པར་བྱེད་པ་ནི་སུ་ཡིན། ཆོས་ནི་གང་ཡིན་ཞེས་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེ་ལྟར་ཡང་དག་པའི་དྲན་པས་ཡིད་ལ་བྱེད་ཅིང་སོ་སོར་རྟོག་པའི་ཚེ། འདི་དང་དེ་ཞེས་བྱ་བ་མི་དམིགས་པའི་ཕྱིར། ཆོས་ཐམས་ཅད་དམིགས་པར་ཡང་མི་འགྱུར་ལ། མཐོང་བར་ཡང་མི་འགྱུར་རོ།། བྱང་ཆུབ་སེམས་དང་འདེས་ཆོས་ཐམས་ཅད་མི་དམིགས་ཤིང་མི་མཐོང་བའི་ཕྱིར། ཞེ་སྡང་དང་ཁོན་དུ་འཛིན་པའང་སྐྱེད་པར་མི་བྱེད་དོ།། གང་པོ་བྱང་ཆུབ་སེམས་དཔས་གལ་ཏེ་དེ་ལྟར་བསམས་ཀྱང་། ཞེ་སྡང་དང་ཁོན་དུ་འཛིན་པའི་བསམ་པ་སྐྱེས་པར་གྱུར་ན། གཞན་ཡང་འདི་ལྟར་ཡང་དག་པའི་དྲན་པས་འདི་སྙམ་དུ་རེག་བྱ་གང་གི་རྒྱུ་དང་རྐྱེན་གྱིས་བདག་གི་ལུས་ལ་ན་བར་བྱེད། རེག་བྱ་དེ་དག་གིས་གང་དུ་ནི་རིག་པར་འགྱུར། ལུས་ལ་གནོད་པར་འགྱུར། འོན་ཏེ་སེམས་ལ་གནོད་པར་འགྱུར། གལ་ཏེ་ལུས་ལ་གནོད་པར་གྱུར་པ་ཡིན་ན་ནི། ལུསྭཱ་ནཱིནྟ་དང་ཤིང་དང་། གྱོ་མོ་དང་། རྡོ་དང་། གཟུགས་བརྙན་ལྟ་བུ་ཡིན་པས། རྟོག་པ་མེད་པ། ཤེས་པ་མེད་པ་ཡིན་པས། བདག་ཀྱང་མ་ཡིན། གཞན་ཡང་མ་ཡིན་ནོ།། གལ་ཏེ་སེམས་ལ་གནོད་པར་གྱུར་པ་ཡིན་ན་ནི། སེམས་ནི་ཁ་དོག་དང་གཟུགས་མེད་པ། སྐད་ཅིག་མར་སྐྱེ་ཞིང་འགུག་པ། ཐང་ཅིག་ཙམ་ཡང་མི་གནས་པས། བདག་ཀྱང་མ་ཡིན་གཞན་ཡང་མ་ཡིན་པས། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་རྣམ་པར་བརྟགས་ནས། འདི་ནི་སྡུག་བསྔལ་ལོ།། འདི་ནི་བདེ་བའོ།། འདི་ནི་སྡུག་བསྔལ་བའང་མ་ཡིན། ། བདེ་བའང་མ་ཡིན་པའོ་ཞེས་ཟེར་བར་ཟད་པས། དེང་བདག་གིས་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པས་རྣམ་པར་བརྟགས་པ་འདི་བསྐྱེད་པར་མི་བྱའོ།། དེང་བདག་གིས་མཉམ་པ་ཉིད་ཀྱིས་ཡང་དག་པའི་མཚན་ཉིད་དུ་བལྟས་ནས། འཕགས་པའི་བྱ་བ་རྣམས་བསྒྲུབ་པར་བྱའི། བྱིས་པ་སོ་སོའི་སྐྱེ་བོའི་བྱེ་བའི་རྗེས་སུ་འབྲང་བར་མི་བྱའོ། ། འཕགས་པའི་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ལས་ཐག་རིང་དུ་གྱུར་ཅིང་། རྣམ་པར་གྲོལ་བ་གང་ཡིན་པའོ།། བདག་ནི་ཐག་བསྲིང་བའི་ཕྱིར་སློབ་པ་ཡིན། མི་འཕྲོད་པར་བྱ་བའི་ཕྱིར་སློབ་པ་ཡིན་ན། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་འདི་དག་ནི། ཐམས་ཅད་ཀྱང་འཕྲོད་པར་བྱེད་པ་ཡིན་ཏེ། སུ་དང་འཕྲོད་པར་བྱེད་པ་ཡིན་ཏེ། འདོད་ཆགས་དང་འཕྲོད་པར་བྱེད་པ་ཡིན།། ཞེ་སྡང་དང་གཏི་མུག་དང་འཕྲོད་པར་བྱེད་པ་ཡིན་ནོ། ། ཇི་ལྟར་ན་འདོད་ཆགས་དང་།། ཞེ་སྡང་དང་། གཏི་མུག་དང་འཕྲོད་པར་བྱེད་པ་ཡིན་ཞེ་ན། ལུས་ལ་རྨོངས་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་རྨོངས་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་ལུས་ཀྱི་སྡུག་བསྔལ་མྱོང་བའི་ཚེ། གཞན་དག་ལ་མནར་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་ཞེ་སྡང་དང་འཕྲོད་པ་ཞེས་བྱའོ།། འཇིག་ཚོགས་ལ་ལྟ་བའི་རྨོངས་པ་དང་བཅས་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པའི་ཕྱིར་དང་། ཡིད་དང་མི་མཐུན་པར་གྱུར་པའི་གཞན་དག་ལ་མནར་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་གཏི་མུག་དང་འཕྲོད་པ་ཞེས་བྱའོ། ། གང་དག་འདི་ལྟ་བུའི་དུག་གསུམ་གྱིས་རྩ་བ་བཅིངས་ནས། འདི་ལྟ་བུའི་ཁ་ན་མ་ཐོ་བའི་ལས་ཀྱི་རྒྱུ་དང་རྐྱེན་སྤོང་བར་བྱེད་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཡོངས་སུ་སྐྱོ་པར་མི་སྤྱོད་ན། གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེང་བདག་གིས་རྒྱུ་དང་རྐྱེན་གྱི་ཆོས་རྣམས་ཤིན་ཏུ་ལེགས་པར་སོ་སོར་བརྟགས་ནས། ཆོས་སྟོང་པ་ཉིད་དུ་ལྟ་བར་བྱའོ་སྙམ་དུ་བསམ་པར་བྱའོ། ། བྱང་ཆུབ་སེམས་དཔའ་དེ་ལྟར་རྗེས་སུ་མཐུན་པར་ཡང་དག་པར་ལྟ་བས་རྒྱུ་དང་རྐྱེན་ཀྱིས་ཆོས་རྣམས་སོ་སོར་རྟོག་པར་བྱེད་པ་ན། ཆོས་འགའ་ཙམ་ཡང་སུས་བྱིན་པའམ། སུ་ས་ལེན་པ་འམ། དངོས་པོ་གང་ཡིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེའི་ཚེ་བྱང་ཆུབ་སེམས་དཔའ་གཞན་ཡང་འདི་སྙམ་དུ་ཆོས་ཐམས་ཅད་ནི་རྒྱུ་རྐྱེན་མང་པོ་ལས་སྐྱེས་པ་ཡིན་པས། རང་བཞིན་གྱིས་གཟོད་མ་ཉིད་ནས་སྟོང་པ་ཡིན་ཏེ། ངེས་པར་དམིགས་སུ་མེད་པར་སྟོན་པ་ཡིན་ན། བདག་ཅིའི་ཕྱིར་ཡང་དག་པ་མ་ཡིན་པའི་ཆོས་དམིགས་སུ་མེད་པ་དག་ལ་ལས་མངོན་པར་འདུས་བྱས་ནས་ཞེ་སྡང་བསྐྱེད་དེ། འདུ་བྱེད་ཀྱི་རྒྱུ་རྐྱེན་སློང་བར་བྱེད། དེང་བདག་གིས་ཞེ་སྡང་དང་ཁོན་དུ་འཛིན་པ་མེད་པའི་བསམ་པ་བསྐྱེད་ནས་མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། སྐྱེ་བ་མེད་པའི་ཆོས་མངོན་པར་བསྒྲུབས་ནས་སྟོང་པ་ཉིད་ཀྱི་ཆོས་ཉིད་དུ་བལྟ་བར་བྱའི། བདག་ཉིད་ཀྱི་སེམས་ཀྱི་རྗེས་སུ་འབྲང་བར་མི་བྱའོ།། དེང་བདག་གིས་མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། སྐྱེ་བ་མེད་པའི་ཆོས་ལ་བལྟ་བར་བྱའི། མངོན་པར་འདུ་བྱ་བ་དང་། འབྱུང་བའི་ཆོས་ལ་གནས་པར་མི་བྱའོ།། བདག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་བསམ་པར་བྱའི། དེང་བདག་གིས་ཡང་དག་པ་མ་ཡིན་པ་ཡོད་པ་མ་ཡིན་པ་འདི་ལ་ནན་ཏན་གྱིས་ཆོས་སུ་འདུ་ཤེས་བསྐྱེད་པར་མི་བྱ་སྟེ། ཡང་དག་པ་མ་ཡིན་པས་ནན་ཏན་གྱིས་མངོན་པར་འདུ་བྱེད་པ་ནི་ཞེ་སྡང་དང་ཁོན་དུ་འཛིན་པ་དག་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ངོ་བོ་ལ་གནས་པ་ལ་ནི་ནི་སྡསྔ་དང་ཁོན་དུ་འཛིན་པ་ཡོད་ཀྱིཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་མཐར་སྟོང་པ་ཉིད་ལ་ནི་གནས་པར་བྱ་བའི་ཆོས་ཀྱི་ངོ་བོ་གཟོད་མ་ཉིད་ནས་མེད་པས་སོ་སྙམ་དུ་བསམ་པར་བྱའོ། ། བྱང་ཆུབ་སེམས་དཔས་དེ་ལྟར་ཆོས་རྣམས་ཡིད་ལ་བྱས་པས་གྱུར་ན། དེའི་སེམས་རབ་ཏུ་དབེན་པར་གྱུར་ནས་ཞེ་སྡང་དང་ཁོན་དུ་འཛིན་པ་སྐྱེ་བར་མི་འགྱུར་རོ།། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་འགྲོ་འམ། འགྲེང་ངམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། སད་པའི་ཚེའང་རུང་སྟེ། འགའ་ཞིག་འོངས་ནས་སྤོས་དྲི་ཞིམ་པའམ། སྤོས་ཀྱི་ཕྱེ་མའམ། བྱུག་སྤོས་སམ། མེ་ཏོག་མཆོག་དམ་པ་དག་ལུས་ལ་གཏོར་རམ། ཡང་ན་སྤོས་དང་། མེ་ཏོག་མཆོག་དམ་པ་དང་། སེ་མོ་དོ་དང་།། མེ་ཏོག་ཙམ་བཀའི་འབྲེང་བ་དང་། མེ་ཏོག་པ་རི་ཤ་ཀའི་འཕྲེང་བ་དང་། མེ་ཏོག་མང་པོའི་འཕྲེང་བ་དག་གིས་ལུས་ལ་གཡོགས་པར་གྱུར་ཏམ། ཡང་ན་གོས་མཆོག་དམ་པ་ཤིན་ཏུ་ཕྲ་ཞིང་འཇམ་པ་འདི་ལྟ་སྟེ། ཀ་ཤི་ཀ་འམ། ཀུ་ཤ་ཀའམ་ཀུ་ཤ་བའམ། ཀུ་ཤ་མའི་པ་འམ། ཀོ་ཤ་ཡ་ཤ་འམ། ཆུ་མ་འམ། ཀ་པ་འམ། དེ་དག་ལ་སོགས་པ་གོས་ཕྲ་ཞིང་འཇམ་པ་དག་གིས་ལུས་ལ་གཡོགས་པར་གྱུར་ཏམ། ཡང་ན་དར་གྱི་ལྡ་ལྡི་མཆོག་དམ་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་བདག་ཉིད་ཀྱི་སྟེང་དུ་བྲེས་པར་གྱུར་ཏམ། ཡང་ན་ལྷའི་མེ་ཏོག་དང་། སྤོས་དང་། གོས་མཆོག་དམ་པ་དང་། རིན་པོ་ཆེའི་འཕྲེང་བ་དག་གིས་ལུས་ལ་གཡོགས་པར་གྱུར་ཏམ། ཡང་ན་ལྷའི་ཁ་ཟས་མཆོག་དམ་པ་བདུད་རྩིའི་རོ་མཆོག་དང་ལྡན་པ་དག་ཁྱེར་ཏེ་འོངས་ནས་བྱིན་པར་གྱུར་ན། བྱང་ཆུབ་སེམས་དཔས་མཆོད་པ་རྣམ་པ་སྣ་ཚོགས་པ་འདི་དག་ལ་སྲེད་པའི་སེམས་བསྐྱེད་ནས་མངོན་པར་ཞེན་པར་མི་བྱའོ། ། རྐྱེན་དེས་གང་ཟག་དེ་དག་ལ་བརྟེན་ནས་ཡིད་དང་མཐུན་པར་བྱས་ཏེ། ཕན་ཚུན་འགྲུལ་ཞིང་གཏམ་སྨྲ་བར་ཡང་མི་བྱའོ།། ཕྱོགས་གཅིག་པའི་སེམས་ཀྱིས་རྗེས་སུ་ཆགས་པར་ཡང་མི་བྱའོ། ། བྱང་ཆུབ་སེམས་དཔའ་དེ་དག་ལ་སེམས་སྙོམས་པར་བྱ་ཞིང་།། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རབ་ཏུ་རྟོགས་པར་བྱས་ནས་འདི་སྙམ་དུབདག་གིས་སེམས་ཅན་རྣམས་ལ་ཁོང་ཁྲོ་བར་ཡང་མི་བྱ། རྗེས་སུ་ཆགས་པར་ཡང་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱམས་སྡང་གི་དངོས་པོ་གཉིས་ཀའང་ཉོན་མོངས་པ་ཡིན་པས་སོ། ། དེང་བདག་གིས་དེ་དག་ལ་སྲེད་པ་མི་སྐྱེད་པར་ཆོས་རྣམས་ཀྱི་ཡང་དག་པ་ཉིད་ལེགས་པར་རྟོགས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་རྣམས་ཀྱི་ནང་ན་སྲེད་པའི་རྐྱེན་གྱིས་ཕྲད་པར་གྱུར་པ་འདི་ལྕིབས་སོ། ། འདི་ལྟར་ཉོན་མོངས་པ་དེ་ནི་རུས་པ་དང་རླུང་ལས་ཀྱང་ཐལ་ཏེ་འགྲོ་བ་ཀུན་ཏུ་སྦྱོར་བ་སྦེད་བའི་ཆོས་ཀྱི་ནང་ན་སྲེད་པའི་སེམས་ཀྱིས་ནི་ཤིན་ཏུ་མངོན་པར་ཞེན་པར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་པར་བྱ་བའི་དངོས་པོ་གལ་ཏེ་ཡིད་བཞིན་དུ་ཐོབ་པར་མ་གྱུར་ན་ན་སྡང་སྐྱེ་བར་འགྱུར་བས་སོ། ། སྐྱེ་བོ་རྣམས་ནི་རང་གི་ལུས་ལ་འདོད་ཆགས་ཀྱི་སྲེད་པ་སྐྱེ་བར་བྱེད་པས། དེ་དག་གལ་ཏེ་འགའ་ཞིག་གིས་གནོད་པར་བྱས་པར་གྱུར་ན་ཞེ་སྡང་སྐྱེ་བར་འགྱུར་བས། དེའི་ཕྱིར་ཞེ་སྡང་ནི་སྲེད་པའི་འབྲས་བུ་རྣམ་པར་སྨིན་པ་ཡིན་ལ། མངོན་ཞེན་པ་ནི་གཏི་མུག་གི་འབྲས་བུ་རྣམ་པར་སྨིན་པ་ཡིན་པར་རིག་པར་བྱའོ།། དེང་བདག་ནི་སྲིད་པས་གོས་པའི་སེམས་སྤངས་ནས། ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པར་བྱའོ།། བདག་ནི་འདོད་ཆགས་ཀྱི་ཕྱིར་སློབ་པ་མ་ཡིན། ཞེ་སྡང་གི་ཕྱིར་སློབ་པ་མ་ཡིན། གཏི་མུག་གི་ཕྱིར་སློབ་པ་མ་ཡིན་གྱི། བདག་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་རྒྱ་ཆེར་སློབ་པ་ཡིན་པས། ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟས་ནས་ཇི་སྐད་སྟན་པ་བཞིན་དུ་ཡང་དག་པ་ཉིད་དུ་སྤྱད་ནས། ལས་དང་རྣམ་པར་སྨིན་པའི་རྒྱུ་རྐྱེན་ལ་བརྟེན་ནས། མཆོད་པ་དང་། སྡུག་བསྔལ་གྱི་དངོས་པོ་རྣམས་ཀྱང་སྔོན་གྱི་ལས་ཀྱི་སྤྱོད་པའི་རྐྱེན་ལས་གྱུར་བ་ཡིན་པར་རིག་པར་བྱས་ནས། དེའི་ཕྱིར་རྗེས་སུ་མཐུན་པར་གྱུར་པའི་ཆོས་རྣམས་ལའང་དགའ་ཞིང་སྲེད་པ་མི་བསྐྱེད། དགེ་བའི་ཆོས་དང་འགལ་བ་ལའང་ཞེ་སྡང་མི་བསྐྱེད་པར་སེམས་ཡོངས་སུ་སྦྱངས་ཏེ། མ་ནུར་སེམས་མེད་པར་བྱས་ནས། འདོད་ཆགས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱ། ཞེ་སྡང་གི་རྗེས་སུ་འབྲང་བར་ཡང་མི་བྱ། གཏི་མུག་གི་རྗེས་སུ་འབྲང་བར་ཡང་མི་བྱ། སྡིག་པའི་ཆོས་ཀྱི་རྗེས་སུ་འབྲང་བར་ཡང་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་དང་པོ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་ནི་རྟག་ཏུ་ཤེས་རབ་བསྔགས།། ཚུལ་ཁྲིམས་བསྲུང་བའང་བསྔགས་པ་ཡིན།། བཟོད་པ་བསྒོམ་ལ་བསྔགས་བྱེད་ཅིང་།། མང་དུ་ཐོས་པའང་བསྔགས་པ་ཡིན།། ང་ནི་དགེ་བའི་ཆོས་སྤྱོད་དང་། ། བྱམས་སེམས་ཚིག་སྙན་སྒྲ་ལ་བསྔགས།། སེམས་ཅན་ལ་ནི་ཕན་གདགས་ཕྱིར།། ཡོན་ཏན་མང་པོ་ཅི་རིགས་བསྔགས།། ང་ནི་རྟག་ཏུ་འདོད། ལྔ་དང་ཁོང་ཁྲོ་ཁོ་ན་འཛིན་གཏི་མུག་ཅན།། ཕྲག་དོག་ང་རྒྱལ་གཡོ་སྒྱུ་དང་།། འཁྲུག་ལོང་སེམས་ཅན་གནོད་བྱེད་སྨོད།། ལེ་ལོ་དང་ནི་སྙོམས་ལས་དང་།། བཀའ་བློ་མི་བདེ་སྒྲ་དཀའ་དང་། བྱ་དཀའ་མི་བཟོད་ལེ་ལོ་ཅན།། ཉེས་པ་ཆུང་ལ་ཆེར་ཁྲོ་དང་།། རྙེད་པ་ལ་ནི་གདུ་བ་དང་། བདག་ནི་རྙེད་པར་རབ་དགའ་ཞིང་།། གཞན་གྱི་རྙེད་ལ་མི་དགའ་བ། ། འདི་དག་ལ་ནིང་མི་བསྔགས།། བློ་ཆུང་རྙེད་པ་དགག་འདོད་ཅིང་།། གཞན་གྱི་རྙེད་ལ་ཕྲག་དོག་ཆེ།། གཞན་གྱི་ཁྱིམ་ལ་སེར་སྣ་བྱེད།། འདི་དག་ལ་ནིང་མི་བསྔགས། ། རྙེད་པ་དག་ནི་འཆོལ་བའི་ཕྱིར།། སྤྱོད་ལམ་དག་ནི་འཆོས་བྱེད་པ།། འདི་ནི་འཚེ་བདག་མིན་པས།། ང་ཡི་ཆོས་ལས་ཤིན་ཏུ་རིང་།། ལམ་མི་བསྒོམ་པ་དག་ལ་ནི་ཉེས་པ་འདི་དག་ཐམས་ཅད་ཡོད། ། འདྲི་ནི་ངན་འགྲོའི་རྐྱེན་ཡིན་པས།། དངོས་པོ་འགའ་ཡང་བསྔགས་སུ་མེད།། སྡིག་པ་བདག་ལྷ་མ་སྤངས་ན།། འདོད་སྲེད་སེམས་ནི་རབ་ཏུ་མང་འདོད་སྲེད་སེམས་ནི་མང་བའི་ཕྱིར། ། རྙེད་པ་དག་ལ། དུ་བར་འགྱུར།། བྱང་ཆུབ་སེམས་དཔའ་འདི་སྙམ་དུ།། བཟོད་བསྒོམས་སེམས་ཅན་ཕན་གདགས་ཤིང་།། ཁོངས་པར་སེམས་ནི་རབ་དུལ་ནས། ། མྱུར་དུ་སངས་རྒྱས་བྱ་བར་སེམས།། བདག་གིས་བྱམས་སེམས་རབ་བསྒོམས་ཏེ།། བཟོད་པས་སེམས་ཅན་བརྩེ་བར་བྱ།། ཆོས་རྣམས་སྟོང་ཞིང་རྐྱེན་ལས་བྱུང་། ། འབྲེལ་བ་མེད་ཅི་ཤེས་པར་བྱ།། རྐྱེན་གང་གིས་ན་ཆོས་རྣམས་ཡོད།། ཆོས་དེ་སེམས་ལས་བྱུང་བ་ཡིན།། མི་བདེན་འདུ་ཤེས་ཁོང་ཁྲོ་སྦྲེ་མཁས་པ་ཐམས་ཅད་སྟོང་པ་ཡིན། ། མི་བདེན་འདུ་ཤེས་ཁམས་གསུམ་བསྐྱེད།། ལུས་ཀྱི་རྒྱུན་ནི་འཆད་མི་འགྱུར།། མི་བདེན་འདུ་ཤེས་མི་རྟོག་ན།། ཉེས་དམིགས་འདི་དག་ཡོད་མི་འགྱུར།། རྟག་ཏུ་ཆོས་རྣམས་སེམས་པས་ན།། རྐྱེན་ལས་བྱུང་བ་རབ་ཏུ་ཤེས།། རྟག་ཏུ་ཆོས་རྣམས་སྟོང་ལྟ་བས།། ཐམས་ཅད་ཡོང་སུ་བཟློག་པར་ནུས།། ཁྲིམས་སྤངས་སེམས་ཅན་སྡུག་བསྔལ་བ། ། ང་རྒྱལ་དག་གིས་སྨྲས་པ་ལ།། སྡུག་བསྔལ་ཉེར་ཞེ་ཆོས་སྟོན་པས།། ཕན་པ་མང་པོ་རབ་ཏུ་བྱེད།། གང་ཞིག་ཤར་ནུབ་ལྷོ་བྱང་དང་།། ཕྱོགས་མཚམས་བཞི་པོ་དག་ནས་ནི། ། མི་གཙང་དུག་གི་བུམ་ཐོགས་ནས།། མགོ་ཡི་སྟེང་དུ་བླུགས་གྱུར་ཀྱང་།། སུས་བྱིན་སུས་ནི་ལེན་བྱེད་ཅེས།། བདག་ནི་ཁོང་ཁྲོའི་སེམས་མི་སྐྱེད།། ཆོས་གང་ཞིག་ནི་བདག་ཡིན་ཞེས། ། བརྟགས་ནས་བརྩོན་འགྲུས་རྩོམ་པར་བྱེད།། ཉེས་པ་ཅི་ཡོད་གནོད་བྱས་ཅེས།། ངན་སེམས་གཞན་ལ་ལྟ་མི་བྱེད།། ཤིན་ཏུ་བརྟན་པའི་བཟོད་བསྐྱེད་ནས། ། བྱམས་སེམས་དེ་ལ་ཕན་འདོགས་བྱེད།། སྔོན་གྱི་ལས་ལས་གྱུར་ཤེས་པས།། རྣམ་སྨིན་འདི་མྱོང་སྙམ་དུ་སེམས།། དང་དུ་བླངས་ཏེ་བཟོད་བྱེད་པས། བྱང་ཆུབ་ལམ་ལ་གནས་པར་བྱེད།། སྨོད་དང་སྡུག་བསྔལ་དངོས་པོ་འདི།། གཞན་གྱིས་བྱས་པ་མ་ཡིན་གྱི།། འདི་ནི་ངེས་པར་ལས་ཀྱི་རྐྱེན།། ཡུན་རིང་ལོན་ཀྱང་ཆུང་མི་ཟ། ། སེམས་ཅན་འཇིག་རྟེན་གནས་པ་དག། རྟག་ཏུ་དགེ་སྡིག་ལས་སློང་བས།། དེང་བདག་སྡུག་བསྔལ་འདི་མྱོང་ཡང་།། ལས་རྐྱེན་ཡིན་པར་རབ་ཏུ་ཤེས། ། གལ་ཏེ་ངན་པས་ལན་བྱས་ན།། ཕྱིས་ཀྱང་སྡུག་བསྔལ་མྱོང་འགྱུར་ན།། ཅིའི་ཕྱིར་དངོས་པོ་ངན་པ་ཡིས།། དེ་དག་ལ་ནི་གནོད་བྱ་སྙ་མ།། བླ་ན་མེད་པའི་ཆོས་གཉེར་ནས།། གཞན་དག་ལ་ནི་སྟོན་བྱེད་པས། ། སེམས་ཅན་སྡུག་བསྔལ་ཇི་སྙེད་པ།། ཐམས་ཅད་ལས་ནི་ཐར་པར་བྱེད།། གལ་ཏེ་འགའ་ཞིག་མེ་ཏོག་སྤོས།། འཕྲེང་བ་དག་གིས་བདག་མཆོད་ཀྱང་།། རྗེས་སུ་ཆགས་པ་མི་སྐྱེད་པར།། མཉམ་པར་བསྒོམ་པ་བསྒྲུབ་བྱ་སྙམ།། བྱམས་སྡང་བདག་ནི་ལམ་མིན་པས།། རྟག་ཏུ་བཏང་སྙོམས་སྤྱོད་པར་བྱེད།། སུས་བྱིན་སུས་ནི་ལེན་བྱེད་ཅེས། ། ཆོས་རྣམས་ཡང་དག་རྟོག་པར་བྱེད། སྦྱོང་བས་བྱིན་ཞིང་སྟོང་ལེན་ན།། ཕྱི་ནང་གཉིས་ཀ་སྟོང་པས་ན།། སྟོང་ལ་བྱིན་དང་ལེན་མེད་པས།། ཐམས་ཅད་ཀུན་ལ་བདག་མེད་དོ། ། སྟོང་ལ་འདོད་ཆགས་བྲལ་བ་མེད།། སྟོང་ལ་ཀུན་ནས་ཉོན་མོངས་མེད།། རྣམ་པར་བྱང་བའང་མེད་པས་ན།། དྲི་བྲལ་ཟླུམ་དག་སྟོང་པ་ཡིན།། སྡོང་ལ་རྣམ་པར་རྟོག་པ་མེད། ། སྟོང་ལ་ངོ་བོ་ཉིད་རྣམས་མེད།། སྟོང་ནི་རྟག་སྟོང་མཚན་མ་མེད།། དེ་ནི་རྣམ་དག་ལམ་ཡིན་ནོ།། གལ་ཏེ་འགའ་ཞིག་འོངས་གྱུར་ནས།། ལུས་ནི་དུམ་བུར་བཅད་བྷུར་ཟང་། ། ལས་ཀྱི་རྐྱེན་ལས་བྱུང་རིག་པས།། དེ་ལ་ཞེ་སྡང་སོང་མི་སྐྱེད།། སེམས་ཅན་དགེ་སྡིག་སྤོང་བས་ན།། ལས་བཞིན་རང་འདི་འབྲས་བུ་ལེན།། བདག་ཀྱང་ངེས་པར་སྔ་མའི་སྡིག། སྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ།། སྡིག་པའི་རྣམ་སྨིན་འདི་མྱོང་ཡང་།། ལུས་བརྟགས་གཟུགས་བརྙན་ཆུ་བུར་དང་།། སྒྱུ་མ་སྤྲུལ་པ་སྨིག་རྒྱུ་འདྲ།། སྟོང་ཞིང་མེད་པས་མཐར་ཡང་སྟོང་། ། ཁ་ཅིག་ལུས་ཀྱི་ཡན་ལག་གཅོད།། ཁ་ཅིག་དྲིན་ནི་དྲན་གྱུར་ནས།། མཆོད་པ་དག་ནི་བྱས་གྱུར་ཀྱང་།། དགའ་དང་མི་གར་ཡོང་མོ་བྱེད།། རྙེད་པ་ཐོབ་ཀྱང་དགའ་བ་མེད། ། ཁ་ངན་བྱས་ཀྱང་ཁོང་མི་ཁྲོ།། འདི་གཉིས་སྒྲིབ་པ་ཡིན་པས་ན།། སངས་རྒྱས་ཡང་དག་ལམ་མིན་སེམས།། འདོད་ཆགས་ཞེ་སྡང་གཏི་མུག་སེམས།། དེ་དག་ཐམས་ཅད་སྤོང་བར་བྱེད། ། རྟག་ཏུ་སྟོང་དབེན་བསྒོམས་པས་ན།། སྒྲིབ་པ་རྣམས་ནི་སྤོང་བར་བྱེད།། བཟོད་པ་སྟོབས་བཅུའི་གཞི་ཡིན་ཏེ།། སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་གནས།། ཐོགས་མེད་ཡེ་ཤེས་སྙིང་རྗེ་ཡི།། རྩུ་བ་དག་ནི་བཟོད་པ་ཡིན།། བདེན་བཞི་དྲན་དང་ཡང་དག་སྤོང་།། དབང་སྟོབས་བྱང་ཆུབ་ལམ་ཡན་ལག། ཐམས་ཅད་བཟོད་པས་གཞི་བྱེད་པས། མཁས་པ་གང་ཞིག་བཟོད་མི་སྒོམ།། ངས་ཀྱང་ཝཱ་རཱ་ཎཱ་སིར་ནི། བླ་མེད་འཁོར་ལོ་བསྐོར་བ་ཡང་།། བཟོད་བདག་གིས་གཞི་བྱས་པས།། སངས་རྒྱས་རྟག་ཏུ་བཟོད་པ་བསྔགས། ། ཁྱེད་ཀྱང་སྟོང་བཟོད་ཐ་མེད་ག་ནི།། ཡོངས་སུ་སྒོམ་པར་བྱེད་ན་ནི།། ཆོས་ཀྱི་ཆོས་ཉིད་དེ་ཡིན་པས།། སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་འདོད་པ་ལྔ་པོ་དག་སྤངས་ནས། རྟག་པར་རབ་ཏུ་བྱུང་བར་མོས་པས་སེམས་ཀྱིས་རབ་ཏུ་བྱུང་བའི་རྗེས་སུ་འབྲང་བར་བྱེད། རབ་ཏུ་བྱུང་བ་ལ་གཞོལ་བར་བྱེད་པས། འདོད་པ་ལྔ་པོ་དག་ལ་མངོན་པར་ཞེན་པར་མི་བྱེད་དོ།། རབ་ཏུ་བྱུང་ནས་ཀྱང་འདུ་འཛི་རྣམས་སྤངས་ནས་ཤིན་ཏུ་ཐག་རིང་བའི་རི་དང་ནགས་ཚལ་དབེན་པ་དག་ཏུ་གནས་ཤིང་། དགེ་བའི་ཆོས་ཆུད་མི་ཟ་བར་བྱེད་དོ།། བྱང་ཆུབ་སེམས་དཔའ་གང་ཆོས་གཉིས་པ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། རབ་ཏུ་བྱུང་ལ་རྟག་མོས་པས།། རྟག་ཏུ་རབ་ཏུ་བྱུང་བར་འགྱུར། ། རི་དང་ནགས་ཚུལ་གནས་མོས་པས།། ཡོན་ཏན་འབྱུང་གནས་འཕེལ་བར་བྱེད།། དབེན་པར་གནས་ལ་རྟེན་བྱེད་པས།། འདོད་ལྔའི་ཆགས་པ་ཡོངས་སུ་སྤོང་དེ་ན་འདུ་འཛི་མེད་པས་ན། ། དགེ་ཆོས་རྐྱེན་ནི་ཉམས་མི་འགྱུར།། ཕན་ཚུན་འཕྲུལ་ཞིང་གཏམ་འདྲི་དང་།། ཚིག་གིས་སྨྲ་བར་མི་བྱེད་པས།། སྟོང་དབེན་ཉེར་ཞིང་དབེན་པ་ལ། སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས།། དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས།། རྟག་པར་ཡོངས་སུ་བསྟེན་བྱ་ཞིང་།། གྲོང་ཁྱེར་ལ་ནི་ཆགས་མི་བྱ།། བསྟེན་ན་རྙེད་སེམས་སྐྱེ་བར་འགྱུར། ། རྙེད་པ་ཐོབ་ན་རབ་ཏུ་དགའ།། སྟོར་བར་གྱུར་ན་མྱ་ངན་སྐྱེ།། དེ་ཡིས་སངས་རྒྱས་མཆོད་བྱས་ཀྱང་།། མཆོད་པ་བྱས་ཞེས་མི་བརྗོད་དོ།། དེ་འདྲའི་ཉེས་དམིགས་སྤོང་འདོད་ན།། རྙེད་པ་རྣམས་ནི་སྤང་བར་བྱ། ། སྤངས་ནས་གནས་དབེན་རབ་གནས་ནས།། སྟོང་པའི་ཆོས་ནི་བསྒོམ་པར་བྱ།། གཞན་ཡང་གང་པོ་བྱང་ཆུབ་སེམས་དཔའ་ནི་རྟག་པར་ཆོས་གཉེར་བ་ཡོངས་སུ་སློབ་པར་བྱེད་པས། ཡོངས་སུ་གཉེར་ནས་ཀྱང་ཀློག་ཅིང་ཁ་ཏོན་དུ་བཏོན་ནས། འདི་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། སྦྱངས་པའི་ཡོན་ཏན་ཤིན་ཏུ་ཕྲ་བའི་ཆོས་ཡོངས་སུ་འཆོལ་བར་བྱེད་ཀྱི་འདོད་པ་མང་བ་དང་། ཆོག་མི་ཤེས་པའི་ཆོས་ཡོངས་སུ་འཆོལ་བར་མི་བྱེད་དོ།། འདོད་ཆགས་ཉེ་བར་ཞི་བ་ཡོངས་སུ་འཆོལ་བར་བྱེད་ཀྱི། འདོད་ཆགས་སྤེལ་བར་མི་བྱེད་དོ།། ཞེ་སྡང་གཞོམ་པ་ཡོངས་སུ་འཆོལ་བར་བྱེད་ཀྱི། ཞེ་སྡང་འཕེལ་བར་མི་བྱེད་དོ།། གཏི་མུག་གཅོད་པ་ཡོངས་སུ་འཆོལ་བར་བྱེད་ཀྱི་གཏི་མུག་སྐྱེད་པར་མི་བྱེད་དོ།། ཁེངས་པ་བཅོམ་པ་ཡོངས་སུ་འཆོལ་བར་བྱེད་ཀྱི། ཁེངས་པ་སློང་བ་ཡོངས་སུ་འཆོལ་བར་མི་བྱེད་དོ།། ང་རྒྱལ་གཞོམ་པ་ཡོངས་སུ་འཆོལ་བར་བྱེད་ཀྱི། ང་རྒྱལ་འཕེལ་བ་ཡོངས་སུ་འཆོལ་བར་མི་བྱེད་དོ།། བདག་དང་བདག་གིར་འཛིན་པའི་ཆོས་སྤོང་བ་ཡོངས་སུ་འཆོལ་བར་བྱེད་ཀྱི། བདག་དང་བདག་གིར་འཛིན་པའི་ཆོས་འཕེལ་བར་བྱེད་པ་ཡོངས་སུ་འཆོལ་བར་མི་བྱེད་དོ།། བདག་མེད་པའི་རློས་ཡོངས་སུ་འཆོལ་བར་བྱེད་ཀྱི། བདག་དང་། གང་ཟག་དང་། སེམས་ཅན་དང་། སྲོག་ལ་གནས་པའི་ཆོས་ཡོངས་སུ་འཆོལ་བར་མི་བྱེད་དོ།། རྟག་པར་ཤེས་རབ་ཆེན་པོ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་འཆོལ་བར་བྱེད་ཀྱི། ཤེས་རབ་ཆེན་པོ་ཉམས་པར་འགྱུར་བའི་ཆོས་ཡོངས་སུ་འཆོལ་བར་མི་བྱེད་དོ།། རྟག་པར་མཚུངས་པ་མེད་པའི་ཤེས་རབ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་འཆོལ་བར་བྱེད་ཀྱི། ཤེས་རབ་རྒྱ་ཆུང་ངུ་ཐོབ་པར་འགྱུར་བའི་ཆོས་ཡོངས་སུ་འཆོལ་བར་མི་བྱེད་དོ།། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བའི་ཆོས་རྣམས་ཡོངས་སུ་འཆོལ་བར་བྱེད་ཀྱི། ཡོན་ཏན་རྣམས་ཕུན་སུམ་ཚོགས་པར་མི་འགྱུར་བའི་ཆོས་ཡོངས་སུ་འཆོལ་བར་མི་བྱེད་དོ།། དེ་ལྟར་ཆོས་ཡོངས་སུ་བཙལ་ནས་ཀྱང་། ཀློག་པར་བྱེད། ཁ་ཏོན་དུ་འདོན་པར་བྱེད། ། ཚུལ་བཞིན་དུ་ཡང་དག་པར་ཡིད་ལ་བྱེད། ཇི་སྐད་བསྟན་པ་བཞིན་དུ་ཡང་དག་པར་ཡིད་ལ་བྱེད། སྒྲུབ་པར་བྱེད། གཞན་དག་ལ་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ཀྱང་། འཇིག་རྟེན་པའི་ཁེའང་ཡོངས་སུ་འཆོལ་བར་མི་བྱེད་ལ། ཐན་ལེགས་སོ་ཞེས་བྱ་བའི་བསྔགས་པ་བརྗོད་པ་ཙམ་ཡང་ཡོངས་སུ་འཆོལ་བར་མི་བྱེད་པས། སེམས་ཅན་མང་པོ་ཆོས་དེ་ལ་དགོད་པར་བྱེད་དེ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རབ་བྱུང་ནི།། ཚུལ་ཁྲིམས་སྦྱངས་པ་དག་ལ་མོས།། དེས་ན་ཤེས་རབ་ཡོངས་འཕེལ་ནས། ཡེ་ཤེས་ཆར་ནི་འབེབས་པར་བྱེད།། རྣམ་དག་ཆོས་ཟབ་དེ་ཐོས་ནས།། ཡང་དག་དྲན་པས་དོན་སེམས་བྱེད།། ཇི་སྐད་བསྟན་པ་བཞིན་དུ་ནི།། དེ་བཞིན་ཡང་དག་སྒྲུབ་པར་བྱེད།། རྟག་ཏུ་རྣམ་དག་སེམས་ཀྱིས་ནི། ། གཞན་ལ་རྒྱ་ཆེར་རབ་བསྟན་ནས།། སེམས་ཅན་མངལ་ཕན་འདོགས་ཀྱང་།། སེམས་ལ་རེ་བ་ཅུང་ཟད་མེད།། ཡོན་ཏན་རྣམས་ཀྱི་རོ་རྙེད་ནས།། བདག་ཉིད་ཆོས་དེ་རབ་གནས་ཤིང་།། གཞན་ཡང་དེ་ལ་འགོད་བྱེད་པས།། དེ་ཕྱིར་སངས་རྒྱས་ཆོས་འཕེལ་འགྱུར།། བསྐལ་པ་ཚད་མེད་རྣམས་སུ་ནི།། ཡོན་ཏན་མང་པོ་ཅི་བསགས། པ།། ཐམས་ཅད་མངོན་དུ་གྱུར་ནས་ནི།། བྱང་ཆུབ་ལམ་དུ་བདུད་འཇུག་འགྱུར།། དེ་ཕྱིར་སངས་རྒྱས་བསྔགས་པ་ཡི།། ཆོས་ཟབ་དག་ནི་ཡོངས་བཙལ་ནས།། རྟག་པར་སེམས་ཅན་བསྟན་པར་བྱ། ། ཡོན་ཏན་རྣམས་ནི་དེ་ལས་སྐྱེ།། གང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཡོངས་སུ་སྲུང་ཞིང་སྦྱངས་པའི་ཆོས་ལ་རབ་ཏུ་གནས་པར་གྱུར་ན། དགེ་བའི་རྩ་བ་ཐམས་ཅད་དུན་སུམ་ཚོགས་པའི་བསོད་ནམས་དང་ལྡན་པར་འགྱུར་རོ།། གླང་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་ཨ་ཚད་མེད་ཅིང་མཐའ་ཡས་པ་བསམ་གྱིས་མི་ཁྱབ་པའི་ཡང་ཆེས་བསམ་གྱིས་མི་ཁྱབ་པ་བྱུང་བ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མེ་རོགན་ད་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བཅོམ་ལྡན་འདས་དེའི་སྐུ་ཚེའི་ཚད་ནི་ཚེ་ལོ་དྲུག་ཅུ་ཐུབ་པར་གྱུར་ཏོ།། འདུས་པ་རེ་རེ་ལ་ཆོས་བསྟན་པའི་ཚེ་ཉན་ཐོས་བྱེ་བ་ཕྲག་བརྒྱད་ཅུང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། ། གང་པོ་དེ་བཞིན་གཤེགས་པ་མེ་རོ་གན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཞག་བདུན་ཚུན་ཆད་ཉན་ཐོས་ཆེན་པོ་ཇི་སྙེད་པ་ཕལ་ཆེར་དེ་བཞིན་གཤེགས་པའི་རྗེས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། ། གང་པོ་དེ་བཞིན་གཤེགས་བདེའངང་ཇི་ལྟ་བ་བཞིན་དུ་སྙིགས་མ་ལྔའི་དུས་ཀྱི་ཆེ་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། ཉན་ཐོས་ཆེན་པོ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། དེའི་ཚེ་སྐྱེ་བོ་རྣམས་ཕལ་ཆེར་འདི་སྙམ་དུ་དགེ་སྦྱོང་གི་ཆོས་ནི་རབ་ཏུ་བདེ་ཞིང་སྐྱིད་པ་ཡིན་ན། བདག་ཅག་ཅིའི་ཕྱིར་སོ་སོ་ནས་རབ་ཏུ་མི་འབྱུང་སྙམ་དུ་བསམས་ནས། སོ་སོ་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། ། རབ་ཏུ་བྱུང་ནས་ཀྱང་དངོས་པོ་གསུམ་པོ་རྟག་པར་ཁྱིམ་པའི་ཁྱིམ་དུ་འགྲོ་ཞིང་འགྲུལ་བར་བྱེད་པ་དང་། རྙེད་པ་ལ་མངོན་པར་ཞེན་ནས་བདག་ཉིད་འཚོ་བར་བྱེད་པ་དང་། བདག་ཉིད་ཉམ་ཚིག་འཚོ་བ་འབའ་ཞིག་ཏུ་སྦྱོར་ཞིང་། བསོད་ནམས་དང་མྱི་ལྡན་པ་འབའ་ཞིག་སྤྱོད་པར་གྱུར་པས། དངོས་པོ་གསུམ་པོ་འདི་འབའ་ཞིག་སྤྱོད་པར་བྱེད་ཀྱི། ལས་གཞན་ནི་མངོན་པར་མི་སྒྲུབ་པར་གྱུར་ཏོ།། ལོ་བརྒྱ་འདས་པའི་འོག་ཏུ་ཉན་ཐོས་ཆེན་པོ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ཏེ་མ་ལུས་པར་གྱུར་ནས། དགེ་སྐྱོསློང་མང་པོ་དེ་དག་ཁྱིམ་པ་རྣམས་དང་མཐུན་པར་བྱེད་ཅིང་། སངས་རྒྱས་ཀྱི་མདོ་སྡེ་ཟབ་མོ་རྣམས་དང་། ཚུལ་ཁྲིམས་བསྲུང་བ་དང་། སྦྱངས་པའི་ཡོན་ཏན་སྤྱོད་ལམ་ཞིབ་མོ་གྱ་ནོམ་པའི་ཆོས་རྣམས་ནི་ཕལ་ཆེར་སྤངས་ནས་སུའང་ཀློག་ཅིང་འདོན་པ་མེད་པར་གྱུར་ཏོ། ། གང་པོ་དེའི་ཚེ་དགེ་སློང་རྣམས་འདོད་པ་མང་པོ་གང་ལ་སྤྱོད་པར་མོས་ཤིང་བཟའ་བ་དང་བཏུང་བའི་རོ་ལ་ཆགས་པར་གྱུར་པས། དེའི་ཚེ་རྒྱལ་པོའི་བུ་ད་མ་ཤི་རྀ་ཞེས་བྱ་བ་རྒྱལ་པོ་ཤིན་ཏུ་བྱམས་ཤིང་གཅེས་པར་བྱེད་པ་ཞིག་ཡོད་དོ།། དེས་གནས་དབེན་པ་ཞིག་ཏུ་གནས་ནས། འདི་སྙམ་དུ་དེ་བཞིན་གཤེགས་པ་མེ་རོགན་དས་ཆོས་ཇི་ལྟ་བུ་ཞིག་བརྙེས་ན། དེང་དེའི་ཉན་ཐོས་རྣམས་བག་མེད་པར་སྤྱོད་ཅིང་། ཁྱིམ་པ་རྣམས་དང་བྱེ་བྲག་མེད་པར་གྱུར་ཅེས་དེ་སྙམ་དུ་སེམས་ཤིང་ཐེ་ཚོམ་དུ་གྱུར་པ་དང་། དེའི་ཚེ་ལྷ་ཞིག་དེའི་ཐད་དུ་འོངས་ནས་ལུས་མི་སྣང་བར་བྱས་ཏེ་འདི་སྐད་དུ། ཀྱེ་རྒྱལ་བུ་དེ་བཞིན་གཤེགས་པ་མེ་རོག་ན་དས་བརྙེས་པའི་ཆོས་ནི་ཤིན་ཏུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པ་ཡིན་ནོ་ཞེས་སྨྲས་སོ། ། དེ་ནས་རྒྱལ་བུ་དེས་ལྷས་དེ་སྐད་སྨྲས་པ་ཐོས་པ་དང་། འདི་སྐད་དུ་ཀྱེ་དེ་བཞིན་གཤེགས་པ་མེ་རོ་གན་ངས་བརྙེས་པའི་ཆོས་ཤིན་ཏུ་ཟབ་ཅིང་ཡོངས་སུ་དག་ལ་རྣམ་པར་ངེས་པར་གྱུར་པའི་ཆོས་ཀྱི་དངོས་པོ་དེ་ཇི་ལྟ་བུ་ཞིག་ཡིན། ལྷས་སྨྲས་པ། རྒྱལ་བུ་ཆོས་དེ་ནི་གཟུགས་ཀྱང་མེད། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་མེད། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱང་མེད་འདོད་པ་ལྔའང་མེད། འདོད་པའི་སེམས་ཀྱང་མེད་དེ། བཞིན་ག་ཤེགས་པན་སྔོན་དུས་དེ་ལྟ་ར་ཆུ་ན་ནུ་པ་ཅིང་ཡོངས་སུ་གས་རྣས་པར་ངས་པ་རྗེས་པ་སེམས་ཅན་རྣམས་ལའང་དག་པར་རབ་ཏུ་ལྡན་ཏོ།། དེན་རྒྱམ་ད་མ་སྨྲས་པ། བདག་གིས་དེ་ཝཱ་བུའི་ཆོས་ཐོས་ཤིང་ཁོང་དུ་ཆུང་པར་གྱུར་ནས་ཇི་སྐང་བསྟན་པ་བཞིན་དུ་བསྒྲུབ་ཏུ་རུང་ངས། ཝས་སྦས་པ། ཙེ་རྒྱལ་བུ་ཀྱང་སེམས་རྩེ་གཅིག་ཏུ་ནན་ངན་བརྩོན་འགྲུས་བྱོས་ཤིག་དང་། ཐོབ་པར་དཀའ་བ་མེད་དོ།། གང་པོ་དེའི་ཚེ་རྒྱལ་བུ་དེ་འདི་སྙམ་དུ་ངེས་པར་ལྷས་ཀྱང་བསྐུལ་ཏེ། བདག་གིས་ཁོང་དུ་ཆུད་པར་བྱས་ནས། བདག་རབ་ཏུ་བྱུང་སྟེ་ཆོས་ཟབ་མོ་དེ་རབ་ཏུ་ཡོངས་སུ་གཉེར་བར་བྱའོ་སྙམ་དུ་བསམས་ནས། ཕ་མ་ག་ལ་བ་དེར་སོང་སྟེ་མགོས་གཏུགས་ཏེ་ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ།། ཡབ་ཡུམ་དེང་བདག་ནི་དེ་བཞིན་གཤེགས་པ་མེ་རོག་ན་དའི་བསྟན་པ་ལ་རབ་ཏུ་བྱུང་ནས་ལམ་ཡོངས་སུ་གཉེར་བར་འཚལ་ལོ། ། ཕ་མས་སྨྲས་པ། ཁྱོད་དེང་ངེད་སྤངས་ནས་རབ་ཏུ་བྱུང་བ་དེ་ཅི་དགོས་ད་ལྟར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ནི་ཁྱིམ་པ་རྣམས་དང་བྱེ་བྲག་ཏུ་གྱུར་པ་ཅིའང་མེད་དོ། ། དེ་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ད་ལྟར་དགེ་སློང་མང་པོ་རྣམས།། བག་མེད་འདོད་པ་ལྔ་ཡང་སྤྱོད།། ཞིང་རྨོ་ད་ཉོ་འཚོང་བྱེད་པས་ན།། ཁྱིམ་པ་རྣམས་དང་བྱེ་བྲག་མེད།། དབུལ་པོ་སྡུག་བསྔལ་རབ་མང་ཞིང་།། བདག་ཉིད་གསོ་བར་མི་ནུས་པ། དེ་འདྲའི་སྐྱེ་བོ་མང་པོ་རྣམས།། ལུས་གསོའི་ཕྱིར་ནི་རབ་ཏུ་བྱུང་། ། ཁྱོད་ནི་རྒྱལ་རིགས་ཁྱིམ་དུ་སྐྱེས།། བྱུག་ཅིང་འདོད་ལྔའི་བདེ་བ་མྱོང་།། ནོར་དང་རིན་ཆེན་རབ་མངན།། རབ་ཏུ་བྱུང་བས་ཅི་ཞིག་བྱ།། དེ་ནས་རྒྱལ་བུང་མ་ཤི་རིས། ཕ་མ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་ནི་དབང་ཕྱུག་མི་འཆོལ་ཏེ།། གལ་ཏེ་ཐོབ་ཀྱང་སྤོང་བར་བགྱིད།། དེང་བདག་སངས་རྒྱས་ཆོས་ཟབ་དང་།། རྣམ་དག་ཚུལ་ཁྲིམས་འབའ་ཞིག་འཆོལ། ། ལྷ་ཞིག་བདག་ནི་གོ་གྱིས་ཏེ།། རབ་ཏུ་བྱུང་བར་བསྐུལ་བས་ན།། སངས་རྒྱས་གསུངས་པའི་ཟབ་མོ་ཆོས།། བདག་ནི་རབ་ཏུ་རྟོགས་པར་འཚལ། ། ལྷས་སྨྲས་བདག་གིས་ཐོས་པས་ན།། སེམས་ནི་རབ་ཏུ་དགའ་བར་གྱུར།། སངས་རྒྱས་བསྟན་པ་ནུབ་ཏུ་ཉེ།། བདག་ནི་གྲོགས་བགྱི་བསྲུང་བར་སེམས།། དེ་ནས་ཕ་མས་ཚིགས་སུ་བཅད་དེ་ད་མ་ཤི་རི་ལ་སྨྲས་པ། མདོ་སྡེ་ཟབ་མོ་ཟད་ནུབ་པས།། ཁ་ཏོན་འདོན་པའང་ཡོང་མེད་ན།། དི་རིང་ཁྱོད་ཀྱིས་སུ་ལས་ནི།། སངས་རྒྱས་ཆོས་ཟབ་ཐོས་པར་འགྱུར། ། གལ་ཏེ་འཁོར་ནི་བཞི་པོ་ལས།། དོན་ཟབ་འདོན་པ་ཡོད་གྱུར་ན།། དེ་ལས་ཁྱོད་ཀྱིས་སྔར་མཉན་ནས།། དེ་འོག་རབ་ཏུ་བྱུང་བའི་རིགས།། ད་མ་ཤི་རིས་ཚིགས་སུ་བཅད་དེ་བ་མ་ལ་སྨྲས་པ། ། དེང་བདག་ནན་ཏན་བརྩོན་འགྲུས་ཀྱིས།། ཚུལ་ཁྲིམས་བསྲུང་ཞིང་སྦྱངས་པ་སྤྱོད།། ཐག་རིང་རི་དང་ནགས་ཚལ་ནས།། སངས་རྒྱས་ཆོས་ཟབ་རྣམ་དག་འཆོལ།། གང་པོ་ད་མ་ཤི་རིས་ཚིགས་སུ་བཅད་དེ་ཕ་མ་ལ་སྨྲས་ནས། མགོ་བོས་ཕྱག་བྱས་ཏེ་རབ་ཏུ་བྱུང་བར་གསོལ་བ་བཏབ་པ་དང་། ཕ་མ་གཉིས་ཀྱང་ཅང་མི་སྨྲ་བར་གནང་ངོ་།། དེ་ནས་དེ་དགེ་སློང་རྣམས་ཀྱི་ཐད་དུ་སོང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། ཆོས་གོས་ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་སྟེ། བསླབ་པའི་དངོས་པོ་རྣམས་ཡང་དག་པར་བླངས་ནས་གུས་པའི་སེམས་ཀྱིས་དགེ་སློང་རྣམས་པ་དེ་བཞིན་གཤེགས་པ་མེ་རོ་གན་དས་རྫས་སུ་བསྟན་པ་འི་ཝཱ་བུ་ལོག་གིས་སློབ་མ་རྣམས་ལ་རྗེས་སུ་བསྟན་པར་མཛད། བདག་གིས་ཐོས་པརབྷརཱན། ཛ་སྐད་བསྟན་པ་བཞིན་དུ་བཅུ་པར་འཚལ་ལོ་ཞེས་སྨྲས་པ་དང་། གང་པོ་དགེ་སློང་མང་པོ་རྣམས་ཀྱིས། དགེ་སྦྱོང་དམ་ཤི་རོལ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་དེ་བཞིན་གཤེགས་པ་ལས་ཆོས་ཐོས་པ་ནི་མེད་ཀྱི། མཁན་པོ་དང་སློབ་དཔོན་རྣམས་ཀྱི་རྗེས་སུ་སྤྱོད་པར་ཟད་པས། དེང་ཁྱོད་ཀྱང་འདི་ལྟ་བུའི་ཆོས་ལ་སྤྱོད་ཅིག། དེ་ནས་དགེ་སློང་དམ་ཤི་རིས། དགེ་སློང་རྣམས་ལ་སྨྲས་པ། ཁྱོད་ནི་གདོན་མི་ཟ་བར་དབུལ་པོ་སྨད་རིམས་ལས་རབ་ཏུ་བྱུང་བ་ཡིན་པས། དེའི་ཕྱིར་དེང་ཁྱོད་གོས་ཟས་འབའ་ཞིག་ལྷུར་ལེན་པས་སྤྱོད་པ་རྣམས་ཁྱིམ་པ་དག་དང་བྱེ་བྲག་ཏུ་གྱུར་པ་ཅིའང་མེད་པས་ན། དེང་ཁྱེད་བདག་དང་ལྷན་ཅིག་ཏུ་སངས་རྒྱས་ཀྱི་ཆོས་ཟབ་མོ་ཡོངས་སུ་དག་པ་བཙལ་བར་བྱའོ།། དེ་ནས་དེའི་ཚེ་དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བཅད་དེ་དགེ་སློང་དམ་ཤི་རྀ་ལ་སྨྲས་པ། བདག་ཅག་གིས་ནི་གང་བསྒྲུབས་པ།། དངོས་པོ་དེ་ནི་ཐོབ་གྱུར་པས།། གོས་ཟས་དག་ནི་འབྱོར་ཅིང་ལྡན།། རྒྱལ་པོས་བཀོལ་བ་ལས་ཀྱང་ཐར། ། ཤིན་ཏུ་བདེ་ཞིང་རབ་ཏུ་སྤྱོད།། བརྙས་ཤིང་ང་རྒྱལ་བྱེད་པ་མེད།། ཁྱིམ་པའི་སྡུག་བསྔལ་གང་ཡིན་པ།། དེ་དག་ད་ལྟར་གང་ཡང་མེད།། འདི་ཉིད་མྱ་ངན་འདས་ཡིན་པས། ། མཆོག་ཏུ་བདེ་བར་གྱུར་པ་ཡིན།། དངོས་པོ་འདི་ལས་ལྷག་པ་ནི།། བདག་ཅག་ལ་ནི་དགོས་པ་མེད།། ཁྱིམ་པས་རྟན་དུ་སྦྱོར་འབུལ་བས།། @་ཅག་ཆོས་གོས་ལྷུང་བཟེད་མང་། ། སྨན་དང་ནོར་ཟས་ཤིན་ཏུ་མང་།། སྦྱིན་བདག་ཁྱིམ་ཡང་རབ་ཏུ་མང་།། གང་པོ་དེའི་ཚེ་དགེ་སློང་དམ་ཤི་རིས། དགེ་སློང་མང་པོ་རྣམས་ཀྱིས་ཚིགས་སུ་བཅད་དེ་དེ་སྐད་སྨྲས་པ་ཐོས་པ་དང་། སེམས་ལ་རབ་ཏུ་གདུང་བ་སྐྱེས་ནས་མཚམ་བྲགས་ཏེ་དུས་ནས། གཙུག་ལག་ཁང་གཞན་དག་ཏུ་སོང་སྟེ། ཡང་དངོས་པོ་དེས་དགེ་སློང་མང་པོ་རྣམས་ལ་དེ་བཞིན་གཤེགས་པ་མེ་རོ་ག་ན་དས་རྗེས་སུ་བསྟན་པ་ཇི་ལྟ་བུ་ཞིག་གིས་སློབ་མ་རྣམས་ལ་རྗེས་སུ་བསྟན་པར་མཛད། བདག་གིས་ཐོས་པར་གྱུར་ན། ཇི་སྐད་བསྟན་པ་བཞིན་དུ་བསྒྲུབ་པར་འཚལ་ལོ་ཞེས་སྨྲས་པ་དང་། དགེ་སློང་མང་པོ་རྣམས་ཀྱིས་ཀྱང་སྔ་མ་བཞིན་དུ་ལན་བཏབ་པར་གྱུར་ཏོ།། དེ་ནས་དགེ་སློང་ད་མ་ཤི་རིས་དགེ་སློང་མང་པོ་དེ་དག་སྤངས་ནས་གཅིག་པུ་རི་དང་ནགས་ཚལ་དབེན་པའི་གནས་སུ་སོང་ནས། སེམས་རྩེ་གཅིག་ཏུ་ཆོས་ཟབ་མོ་གཉེར་བ་ལ་འདུན་པར་གྱུར་པ་དང་། དེའི་ཚེ་སྔོན་དེ་བཞིན་གཤེགས་པ་མེ་རོ་ག་ན་ངའི་ཉན་ཐོས་རྣམས་ཀྱི་ནང་ན་ཉན་ཐོས་ཆེན་པོ་ཤིན་ཏུ་བརྟན་པ་ཞེས་བྱ་བ་རབ་ཏུ་དབེན་པའི་སྤྱོད་པ་མངོན་པར་བསྒྲུབས་པ། གཅིག་པུ་རི་ཕུག་དབེན་པར་གནས་པ། འདོད་པ་ཉུང་ཞིང་ཆོས་ཤེས་པ། ཡོངས་སུ་སྤོང་བ་ལ་སེམས་མངོན་པར་སྔོ་བ། བྱ་བ་བྱས་པ། མངོན་པར་ཤེས་པ་དྲུག་དང་། རིག་པ་གསུམ་དང་ལྡན་པའི་དགྲ་བཅོམ་པ་ཆེན་པོ་ཞིག་བྱུང་བར་གྱུར་ཏེ། ཇི་ལྟར་ད་ལྟར་ངའི་བསྟན་པ་ལས་འོད་སྲུངས་ཆེན་པོ་ཇི་ལྟ་བ་བཞིན་ནོ།། དེའི་ཚེ་དགེ་སློང་ཤིན་ཏུ་བརྟན་པ་དེས་བདག་ཉིད་གནས་པའི་རི་དྲུག་གི་བྲག་ངོས་ལ་ཚིགས་སུ་བདུད་པ་འདི་དག་ཡི་གེར་བྲིས་པར་གྱུར་ཏེ། འདི་ལྟ་སྟེ། འདོད་པའི་རོ་ནི་མྱངས་པའི་ཕྱིར།། འཁོར་བ་དག་ནི་རྒྱུན་མི་གཅོད།། དགྲ་ན་གསོས་ནས་དུར་ཁྲོད་འཇུག་མེད་སྡུག་བསྔལ་མང་པོ་མྱོང་། ། ལུས་འདི་མི་གཙང་རོ་དང་འདྲ།། བུ་ག་དགུ་ནས་མི་གཙང་འཛག། སྲིན་བུ་མི་གཙང་མྱོས་པ་བཞིན།། བླུན་པོ་ས་ལུས་སྲེད་དེ་དང་འདྲ།། ཡང་དག་མ་ཡིན་ཀུན་རྟོག་པ།། དེས་ནི་འདོད་ལྔའི་རྩ་བ་ཡིན།། མཁས་པ་དག་ནི་མི་རྟོག་པས།། འདོད་ལྔ་དག་ནི་འགག་པར་འགྱུར།། ལོག་རྟོག་ལས་ནི་འདོད་ཆེན་སྐྱེ། ། འདོད་ཆེན་ལས་ནི་ཉོན་མོངས་སྐྱེ།། ཡང་དག་དྲན་ལ་ཞེན་མེད་པས།། ཉོན་མོངས་ལྕུག་མའང་ཟད་པར་འགྱུར།། ། བྲམ་པོ་བཞི་པ།། གང་པོ་དགེ་སློང་ཤིན་ཏུ་བརྟན་པས་རི་ཕུག་གི་བྲག་ངོས་ལ་ཚིགས་སུ་བཅད་པ་བཞི་པོ་འདི་ཡི་གེར་བྲིས་པ། དགེ་སློང་དམ་ཤི་རི་རི་ཕུག་དབེན་པར་སོང་བས་ཡུན་རིང་ཞིག་ལོན་ནས་རི་ཕུག་གི་བྲེག་ངོས་ལ་ཚིགས་སུ་བཅུད་པ་བཞི་པོ་འདི་དག་ཡི་གེར་བྲིས་པ་མཐོང་ན་སྨྲ་ཁ་ཏོན་དུ་བསྒྲུབས་ཏེ། དེའི་དོན་གང་ཡིད་ལ་བྱས་བདུང་རིང་པོ་མ་ལོན་པར་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པ་མེ་རོ་གནད་སྔོན་ཞུགས་ལ་བཞེན་པའི་གནས་སུ་ཕྱིན་ནས། ཕྱག་བྱས་ཏེ་ལན་གསུམ་བསྐོར་བ་བྱས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་འདི་སྐད་ཅེས། བདག་གིས་གནས་འདིར་དེ་བཞིན་གཤེགས་པའང་མ་མཐོང་། ཆོས་གཞན་ཡང་མ་ཐོས་ཀྱི་བར་དུ་འདི་ལས་མི་ལྡང་ངོ་ཞེས་ཡི་དམ་བཅས་སོ། ། གང་པོ་དེ་བཞིན་གཤེགས་པ་མེ་རོ་གནདས་གསུངས་པའི་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་ཞེས་བྱ་བ་བརྒྱ་བྱིན་ལྷའི་དབང་པོས་མདོ་སྡེ་དེ་ཁ་ཏོན་དུ་ཤེས་པས། བརྒྱ་བྱིན་ལྷའི་དབང་པོས་དགེ་སློང་ད་མ་ཤི་རིའི་ལྷག་པའི་བསམ་པ་སེམས་ཀྱིས་རྟོགས་ནས་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་བབས་ཏེ། དེའི་དྲུང་དུ་ཕྱིན་ནས། དེ་ལ་མདོ་སྡེ་སྒོ་སྟོང་ཕྲག་བརྒྱད་བརྒྱ་པ་དེ་ཡང་དག་པར་བཤད་དོ། ། གཞན་ཡང་མང་དུ་ཐོས་པའི་དངོས་གཞིའི་ཚིག་བཞི་དང་། རྣམ་པ་སྣ་ཚོགས་ཀྱི་ཚིག་བདུན་དང་། སྒོའི་ཚིག་བཅུ་བཞི་པ་ཞེས་བྱ་བའི་གཟུངས་ཀྱང་བྱིན་ནོ།། དགེ་སློང་དུ་མ་ཤི་རིས་ཐོས་ནས་ཀྱང་ཁ་ཏོན་དུ་བཏོན་ཏེ་ཡོང་སུ་བཟུང་བས་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་ནས། དེ་བཞིན་གཤེགས་པ་མེ་རོ་གན་དས་གསུངས་པའི་མདོ་སྡེ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པ། བྲལ་བའི་རྗེས་སུ་མཐུན་པ། ཟབ་མོ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་རང་གི་ངང་གིས་སེམས་ལ་སྣང་བར་གྱུར་ཏོ།། གཞན་ཡང་དེ་བཞིན་གཤེགས་པ་མེ་རོག་ན་དའི་དགེ་སློང་གི་དགེ་འདུན་འཁོར་དང་བཅས་པ་བཞུགས་པའི་གནས་དྲི་གཙང་ཁང་དང་། གདན་ཁྲི་དང་། འཁོར་བཞི་པོ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། རྡོ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དང་བཅས་པའི་འཁོར་ཐམས་ཅད་ཀྱང་མཐོང་བར་གྱུར་ཏོ།། དགེ་སློང་དམ་ཤི་རིའིང་ཆོས་རྣམས་ལ་ཤེས་རབ་ཀྱི་སྣང་བ་ཐོབ་པར་གྱུར་པས། འདུག་པའི་སྟན་ལས་ལངས་ནས་མཐར་གྱིས་རང་ཡུལ་དུ་སོང་སྟེ། ཕ་མའི་དྲུང་དུ་ཕྱིན་ནས།། ཕ་མ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པ། བྲལ་བའི་རྗེས་སུ་མཐུན་པ། ཟབ་མོ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་རྣམས་ཡང་དག་པར་བཤད་ནས། སངས་རྒྱས་དང་། ཆོས་དང་དགེ་འདུན་གྱི་ཡོན་ཏན་གྱི་བསྔགས་པ་རབ་ཏུ་བརྗོད་པས། གང་པོ་དེའི་ཚེ་དགེ་སློང་དམ་ཤྲཱི་རོའི་ཡ་མདང་། ནང་གི་བཙུན་མོ་དང་། བློན་པོ་ཆེན་པོ་དང་། འཁོར་རྣམས་ཀྱིས་ཆོས་དེ་ཐོས་ནས་ཤིན་ཏུ་མངོན་པར་ཡིད་ཆེས་པར་གྱུར་པས། གུས་པའི་སེམས་ཀྱིས་དགེ་སློང་དམ་ཤི་རོལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་བདག་ཅག་ཡོངས་སུ་བསྐྱབ་ཅིང་དེ་བཞིན་གཤེགས་པ་མེ་རོགན་དའི་བསྟན་པ་ལ་རབ་ཏུ་དབྱུང་དུ་གསོལ་ཞིང་། གང་པོ་དེའི་ཚེ་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་རྒྱལ་པོ་དང་བཙུན་མོ་རབ་ཏུ་བྱུང་བའི་རྗེས་སུངས་གཅིག་ཏུ་རབ་ཏུ་བྱུང་བར་གྱུར་ཏོ། ། རབ་ཏུ་བྱུང་ནས་ཐམས་ཅད་ཀྱི་མིང་ད་མ་ཤི་རིའི་ཚོགས་ཀྱི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ།། གང་པོ་དགེ་སློང་དམ་ཤི་རོས་དེ་ལྟར་དེ་བཞིན་གཤེགས་པ་མེ་རོག་ན་དའི་བསྟན་པ་སླར་རྒྱས་པར་བྱས་ནས། སེམས་ཅན་མང་པོ་དེ་དག་བདེ་བ་ལ་ཡང་དག་པར་བཀོད་དོ།། སྔོན་གྱི་ཚེ་རབས་ཀྱི་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་ཀྱིས་དམ་པའི་ཆོས་བསྲུང་བར་སྨོན་ལམ་བཏབ་པའི་ཕྱིར། དེའི་ཚེ་དགེ་སློང་དམ་ཤི་རི་ལྗོངས་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས་དེ་བཞིན་གཤེགས་པ་མེ་རོ་གནད་དང་། དེའི་ཉན་ཐོས་ཀྱི་བསྔགས་པའང་བརྗོད། གཞན་ཡང་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པ། བྲལ་བའི་རྗེས་སུ་མཐུན་པ་ཟ་ཨབ་མོ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་རྣམས་ཀྱང་སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པས་དེའི་ཚེ་དགེ་སློང་དམ་ཤི་རི་འང་སྐྱེ་བོ་མང་པོ་ཀུན་གྱིས་མཆོད་ཅིང་རིམ་ཟོ་དང་། ཀུར་སྟི་དང་། བླ་མར་བྱས་ཤིང་བསྔགས་པ་བརྗོད་པས་སྙན་པའི་གྲགས་པའང་ཀུན་ཏུ་གྲགས་པར་གྱུར་ཏོ།། གང་པོ་དགེ་སློང་དམ་ཤི་རིས་དེ་ལྟར་སེམས་ཅན་མང་པོའི་དོན་རྒྱ་ཆེར་བྱས་ནས། དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང་། དེའི་སློབ་མ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ལྷན་ཅིག་འདུས་ཏེ། སྤོས་ཀྱི་ཤིང་ཐམས་ཅད་སྤུངས་ནས་མཆོད་པ་བྱས་ཏེ་བསྲེགས་ནས་རིང་བསྲེལ་གྱི་མཆོད་རྟེན་ཆུ་ཞེང་དུ་རྒྱང་གྲགས་གཉིས་ཡོད་པ་བརྩིགས་ཏེ། མེ་ཏོག་དང་སྤོས་དང་།། བྱུག་པ་དང་སྤོས་ཀྱི་ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་གུས་པར་མཆོད་ཅིང། རིམ་གྲོ་དང་བླ་མར་བྱས་ནས་བསྔགས་པ་བརྗོད་པར་གྱུར་ཏོ།། གང་པོ་དགེ་སློང་དམ་ཤི་རིའི་ཚ་ཀའི་དུས་ཀྱི་ཚེ་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། སྨོན་ལམ་བཏབ་པ་བཞིན་དུ་རྒྱལ་རིགས་སུ་སྐྱེས་ནས་དྲན་པ་ཐོབ་པ་ཞེས་བྱ་བར་གྱུར་ཏོ། ། དེ་བཞིན་གཤེགས་པ་མེ་རོ་ག་ན་ད་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་སུམ་བརྒྱ་ལོན་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། སྔོན་གྱི་སྨོན་ལམ་དང་ཚེ་རབས་དྲན་པའི་ཤེས་པའི་དབང་གིས་སྒོ་རྣམས་ཀྱི་ཚིག་ཅེས་བྱ་བའི་གཟུངས་ཀྱི་ཚིག་ཀྱང་རང་གི་ངང་གིས་སླར་ཐོབ་པར་གྱུར་ཏོ། ། གཟུངས་ཐོབ་པའི་སྟོབས་ཀྱི་དབང་གིས་སྔོན་མ་ཐོས་པའི་མདོ་སྡེ་རྣམས་སེམས་ཅན་ལ་རྒྱ་ཆེར་ཡང་དག་པར་བསྟན་གྱི། ཚེ་རབས་སྔ་མ་ལ་སྔར་བཤད་པར་གྱུར་པ་དག་ནི་མ་བསྟན་ཏོ།། གང་པོ་དེའི་ཚེད་མ་ཤི་རིའི་དགེ་སློང་མང་པོ་རྣམས་ལས་གང་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང་། དགེ་བའི་རྩ་བ་ལྷུན་སྟུག་པོ་གང་ཡིན་པ་དེ་དག་ནི་དྲན་པ་ཐོབ་པས་བསྟན་པའི་མདོ་སྡེ་རྣམས་ཐོས་པར། གྱུར་ན་སེམས་ཀྱིས་རྗེས་སུ་ཡི་རང་ནས་མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྱེད།། གུས་པས་མཆོད་པ་བྱས་ནས་དགེ་སློང་དྲན་པ་ཐོབ་པ་ལའང་ཡོངས་སུ་སྲུང་བར་བྱེད་དོ།། དགེ་སློང་དེ་དག་ལས་གང་གཟི་བྱིན་དང་ཡོན་ཏན་མེད་པ་དང་། དབང་པོ་རྟུལ་ཞིང་མོ་གསལ་བ་དང་། དགེ་བའི་རྩང་ཆུང་བ་དེ་དག་ནི་དགེ་སློང་དྲན་པ་ཐོབ་པས་གསར་དུ་བཤད་པའི་ཆོས་ཐོས་པར་གྱུར་ན། མངོན་པར་ཡིད་ཆེས་པའང་མེད། དང་དུ་ལེན་པའང་མེད། འགལ་བདག་བྱས་ནས་སྐྱོན་འབྱིན་ཅིང་འདི་སྐད་དུ་འདི་ལྟ་བུའི་མདོ་སྡེ་འདི་དག་ནི། བདག་ཅག་གིས་མཁན་པོ་དང་སྤོང་དཔོན་ལས་ཀྱང་མ་ཐོས། ། སྔོན་སློབ་དཔོན་ཆེན་པོ་ད་མ་ཤི་རི་ལས་ཀྱང་མ་ཐོས་སོ་ཞེས་ཟེར་རོ།། གང་པོ་དེ་དག་ལས་གང་ཤེས་རབ་ཟབ་ཅིང་ཡང་དག་པའི་དོན་ལ་རྟོན་པ་དེ་དག་ནི་ཚིག་གི་རྗེས་སུ་མི་འབྲང་བར་དོན་ལ་རྟོན་པའི་ཕྱིར། སེམས་ཀྱིས་འགལ་བར་མི་བྱེད་དོ།། འགལ་བར་མི་བྱེད་པའི་ཕྱིར་དེ་བཞིན་གཤེགས་པ་མེ་རོག་ན་དའི་བསྟན་པ་ལའང་ཡང་དག་པར་སྲུང་བར་བྱེད་ལ་གུས་པས་དགེ་སློང་དྲན་པ་ཐོབ་པ་ལའང་སྲུང་བར་བྱེད་དོ། ། གང་པོ་དེའི་ཚེ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་ཁྲག་ཁྲིག་ཕྲག་བརྒྱང་ཅུང་དགེ་སློང་དྲམ་པ་ཐོབ་པས་བསྟན་པའི་མདོ་སྡེའི་ཆོས་ཀྱི་རྗེས་སུ་ཞུགས་པར་གྱུར་ཏོ། ། གང་པོ་དེའི་ཚེ་ད་མ་ཤི་རིའི་སློབ་མ་འཁོར་རྣམས་ལོགས་ཤིག་ཏུ་སྡེ་གཉིས་སུ་གྱེས་པར་གྱུར་ཏེ། གཅིག་གི་མིང་ནི་ད་མ་ཤི་རིའི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཏོ། ། གཅིག་གི་མིང་ནི་དྲན་པ་ཐོབ་པའི་དགེ་སློང་གི་དགེ་འདུན་ཞེས་བྱ་བར་གྱུར་ཀྱང་། དེའི་ཚེ་དགེ་སློང་དྲན་པ་ཐོབ་པས་བདག་ནི་ད་མ་ཤི་རི་ཡིན་ནོ། ཞེས་མ་སྨྲས་སོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་དགེ་སློང་དམ་ཤི་རི་ནི་མང་པོ་ཀུན་གྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་གྱི། བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ་ཞེས་ཟེར་བས། གལ་ཏེ་བདག་ཉིད་ཀྱིས་སྨྲས་པར་གྱུར་ན་མང་པོ་ཀུན་ཐེ་ཚོམ་ཟ་བར་གྱུར་པ་དང་། དགེ་སློང་དྲན་པ་ཐོབ་པ་ནི་དེའི་ཚེ་མང་པོ་ཀུན་གྱིས་འདི་ནི་བྱང་ཆུབ་སེམས་དཔའ་ཡིན་གྱི། དགྲ་བཅོམ་པ་ནི་མ་ཡིན་ནོ་ཞེས་ཟེར་བས་སོ། ། གང་པོ་དགེ་སློང་དྲན་པ་ཐོབ་པས་དེ་ལྟར་རྒྱ་ཆེར་སེམས་ཅན་རྣམས་ལ་ཕན་བཏགས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པར་གྱུར་པ་དང་། དེའི་སློ་མ་མང་པོ་རྣམས་ཀྱིས་སྤོས་ཀྱི་ཤིང་ཐམས་ཅད་སྤུངས་ནས་མཆོད་པ་བྱས་ཏེ་བསྲེགས་སོ། ། འཁོར་བཞི་པོ་རྣམས་འདུས་ནས་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དེ་ལ་མཆོད་པ་བྱ་བའི་ཕྱིར་རིང་བསྲེལ་གྱི་མཆོད་རྟེན་ཆུ་ཞེང་དུ་རྒྱང་གྲགས་གཅིག་ཡོད་པ་བརྩིགས་ནས། སྤོས་དང་། མེ་ཏོག་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་པ་དང་། འཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བདུན་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟི་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ།། གང་པོ་དགེ་སློང་དྲན་པ་ཐོབ་པའི་ཆི་ཀའི་དུས་ཀྱི་ཚེབདག་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། སྨོན་ལམ་བཏབ་པ་བཞིན་དུ་ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུར་གྱུར་ཏེ།། དེའི་མིང་ནི་ཡ་ཤ་ཞེས་བྱ་བར་གྱུར་ཏོ། ། སྔོན་གྱི་སྨོན་ལམགྱི་དབང་གིས་སྔོན་གྱི་གནས་རྗེས་སུ་དྲན་པ་ཐོབ་པར་གྱུར་པས། དེ་བཞིན་གཤེགས་པ་མེ་རོག་ན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བརྒྱ་པའི་བསྟན་པ་ལས་ལོ་བདུན་ལོན་ཏེ། རབ་ཏུ་བྱུང་ནས་གཟུངས་རྣམས་ཐོབ་པར་གྱུར་ཏོ།། གཟུངས་ཐོབ་པའི་མཐུས་སྐྱེ་བོ་མང་པོ་ལ་སྔོན་མ་ཐོས་པའི་མདོ་སྡེ་རྣམས་ཡང་དག་པར་བསྟན་ཏོ། ། དེའི་ཚེ་དགེ་སློང་དྲན་པ་ཐོབ་པའི་དགེ་སློང་རྣམས་དང་། ད་མ་ཤི་རིའི་དགེ་སློང་རྣམས་ལས་གང་དགེ་བའི་རྩ་བ་ལྷུན་སྡུག་པ་དེ་དག་ནི་ཡེ་ཤེས་བསྟན་པའི་ཆོས་རྣམས་ཐོས་ནས་སེམས་རབ་ཏུ་དགའ་ཞིང་། ཐམས་ཅད་ཀྱིས་ཆོས་ཀྱི་བདེ་བ་ཐོབ་པར་གྱུར་ཏོ།། གང་པོ་དགེ་སློང་མང་པོ་དེ་དག་ཡང་དག་པའི་དོན་ལ་རྟོན་ཅིང་ཚིག་གི་རྗེས་སུ་འབྲང་བར་ཅང་མི་བྱེད་པས། དེའི་ཕྱིར་དགེ་སློང་ཡ་ཤས་སྔོན་མ་ཐོས་པའི་མདོ་སྡེ་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་ཞིང་ཤིན་ཏུ་ཟབ་ལ། དོན་དམ་པའི་རྗེས་སུ་མཐུན་པ་དག་ཡང་དག་པར་བསྟན་པ་ཐོས་པར་གྱུར་ན། མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པར་བྱེད། འགལ་བ་མེད་པར་ཡང་དག་པར་ལེན་ཅིང་ཁ་ཏོན་དུ་འདོན་པར་བྱེད་དེ། ཇི་སྐད་བསྟན་པ་བཞིན་དུ་རྗེས་སུ་བསྒྲུབས་པར་གྱུར་ཏོ། ། གང་པོ་དགེ་སློང་དེ་དག་ལས་གང་དབང་པོ་ནུལ་ཞིང་མི་གསལ་བ་དང་། དགེ་བའི་རྩ་བ་ལྡན་མི་སྡུག་པ་དེ་དག་ནི་དགེ་སློང་ཡ་ཤ་ལས་སྔོན་མ་ཐོས་པའི་མ་སྡེ་དོན་དམ་པའི་རྗེས་སུ་མཐུན་པ། སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་ཞིང་ཤིན་ཏུ་ཟབ་པ་དག་ཐོས་པར་གྱུར་ན། མངོན་པར་ཡིད་ཆེས་ཤིང་དང་དུ་ལེན་པའང་མི་བྱེད། འགལ་བར་བྱས་ནས་འཇིག་ཅིང་སྦེད་པར་བྱེད་དེ་འདི་སྐད་དུ། འདི་ལྟ་བུའི་ཆོས་འདི་ནི་བདག་ཅག་གིས་མཁན་པོ་དང་སློབ་དཔོན་ལས་ཀྱང་མ་ཐོས། སྔོན་སྟོན་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དྲན་པ་ཐོབ་པ་ལས་ཀྱང་མ་ཐོས་སོ་ཞེས་ཟེར་རོ། ། གང་པོ་དེའི་ཚེ་དགེ་སློང་ཡ་ཤ་ལས་ཆོས་ཐོས་ནས། རབ་ཏུ་དགའ་བ་དང་སེམས་ཀྱིས་མངོན་པར་ཡིད་ཆེས་ཤིང་དང་དུ་བླངས་པ་དེ་དག་ཐམས་ཅད་ནི། ད་མ་ཤི་རོའི་དགེ་སློང་རྣམས་དང་། དྲན་པ་ཐོབ་པའི་དགེ་སློང་རྣམས་ཀྱིས་སྡང་ཞིང་ཕྲག་དོག་གིས་སྨད་ནས་ལྷན་ཅིག་གནས་སུའང་མི་སྟེར། ལྷན་ཅིག་ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་།། ཆོས་བཤད་དུའང་མི་སྟེར་ཏེ། སྐུར་པ་བཏབ་ནས་འདི་སྐད་དུ།། འདི་ནི་སངས་རྒྱས་ཀྱི་ཆོས་ཀྱང་མ་ཡིན། སྟོན་པ་ཆེན་པོའི་བསྟན་པའང་མ་ཡིན་ནོ་ཞེས་ཟེར་རོ།། གང་པོ་དེའི་ཚེ་དགེ་སློང་ཡ་ཤས་དེ་བཞིན་གཤེགས་པ་མེ་རོག་ན་དའི་བསྟན་པ་རྒྱ་ཆེར་ཡང་དག་པར་སྤེལ་ནས། གྲོང་ཁྱེར་གཅིག་ནས་གྲོང་ཁྱེར་གཅིག་ཏུ་རྒྱུ་ཞིང་སོང་ནས། སེམས་ཅན་རྣམས་ལ་ཆོས་བསྟན་ཅིང་ཕན་པ་མང་པོ་བྱས་པས། སྲོག་ཆགས་ཁྲག་ཁྲིག་ཕྲག་བརྒྱད་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་རོ། ། དགེ་སློང་ཡེ་ཤས་དེ་ལྟར་ཕན་པ་མང་པོ་བྱས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་པ་དང་། དགེ་སློང་ལ་ཤའི་རྗེས་སུ་ཕྱོགས་པའི་སྐྱེ་བོ་བདུན་ཁྲི་ཡོད་པ་དེ་དག་གིས་དགེ་སློང་ཡ་ཤའི་ཕྱིར་རིང་བསྲེལ་གྱི་མཆོད་རྟེན་འདུན་ཁྲི་བརྩིགས་ནས། སྤོས་དང་། མེ་ཏོག་དང་། སྤོས་ཀྱི་ཕྱེ་མ་དང་བྱུག་པ་དང་། འཕྲེང་བ་དང་གདུགས་དང་། རྒྱལ་མཚན་དང་། བི་དན་མང་པོ་སྣ་ཚོགས་ཀྱིས་མཆོད་ཅིང་བཀུར་སྟི་བྱས། ཐ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ།། གང་པོ་དགེ་སློང་ཡ་ཤ་འཆི་ཀའི་དུས་ཀྱི་ཆེ་སླར་འཛམ་བུའི་གླིང་འདི་ཉིད་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། འཆི་བའི་དུས་བྱས་པའི་འོག་ཏུ་སྨོན་ལམས་ལྔ་པ་བཞིན་དུ་ཡང་རྒྱལ་རིགས་སུ་སྐྱེས་པར་གྱུར་ཏེ། དེའི་ཚེ་ལྷ་མང་པོ་རྣམས་ཀྱིས་སྒྲ་ཆེན་པོ་ཕྱུང་སྟེ། འདི་སྐད་དུ་ཀྱེ་དེང་རྒྱལ་པོའི་བུ་བཙས་པ་འདི་ནི་སེམས་ཅན་ལ་ཕན་པ་མང་པོ་བྱེད་པ་ཡིན་ནོ་ཞེས་བསྒྲགས་པས། སྒྲ་དེའི་རྗེས་སུ་མང་ཡང་རབ་ཏུ་འདྲེན་པ་ཞེས་བཏགས་སོ།། དེ་ལ་བཅུ་བནི་ལོན་པ་དང་། དེ་བཞིན་གཤེགས་པ་མེ་རོག་ནད་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བརྒྱ་པའི་བསྟན་པ་ལ་རབ་ཏུ་བྱུང་བར་སྦྱར་ཏོ། ། དགེ་སློང་རབ་ཏུ་འདྲེན་པདེའང་མདོ་སྡེ་དང་བསྟན་བཅོས་མང་པོ་རྒྱ་ཆེར་ཁ་ཏོན་པ་འདོན་པ་དང་། མང་དུ་ཐོས་ཤིང་ཐ་མོ་ལ་འཇུག་པ་དང་། ཚིག་འབྲུ་དང་། སྤོབས་པ་ཡོངས་སུ་དག་པ་དང་། ཆོས་བསྟན་པའི་ཐབས་ལ་རབ་ཏུ་མཁས་པར་གྱུར་ཏོ། གང་པོ་དགེ་སློང་རབ་ཏུ་འདྲེན་པ་དེ་གྲོང་རྡལ་གཅིག་ནས་གཅིག་ཏུ་གྲོང་ཁྱེར་གཅིག་ནས་གཅིག་ཏུ། ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས། དེ་བཞིན་གཤེགས་པ་མེ་རོ་གན་ངའི་བསྟན་པ་རྒྱ་ཆེར་སྤེལ་ནས་བན་པ་མང་པོ་བྱས་སོ། ། དེའི་ཚེད་མ་ཤི་རི་དང་། དྲན་པ་ཐོབ་པ་དང་། ཡ་ཤའི་དགེ་སློང་གི་ཚོགས་རྣམས་ལྡན་ཅིག་ཏུ་འདུས་ནས་རབ་ཏུ་འདྲེན་པའི་ཐང་དུ་འོངས་ཏེ་དེདེས་བསྟན་པ་དག་གཞིག་ཅིང་སྐུར་པ་གདབ་པར་བཤམས་སོ། ། དེ་ནས་དེའི་ཚེ་དགེ་སློང་རབ་ཏུ་འདྲེན་པས་དགེ་སློང་མང་པོ་འོངས་པར་རིག་ནས། འདི་སྐད་དུ་ཀྱེ་དགེ་སློང་མང་པོ་ཁྱེད་དངོས་པོ་ཅི་ཞིག་གིས་ནི་རྒོལ་བར་སེམས། དངོས་པོ་གང་ཞིག་གིས་ནི་འདྲི་བར་སེམས་ཞེས་སྨྲས་པ་དང་། དགེ་སློང་མང་པོ་རྣམས་དེ་སྨྲས་པ་ཐོས་ནས་མྱ་ངན་ཀྱིས་ནོན་ཅིང་མི་བདེ་བར་གྱུར་པས་ཅང་མི་ཟེར་བར་གྱུར་ཏོ། ། དགེ་སློང་རབ་ཏུ་འདྲེན་པ་ལ་བགེགས་བྱ་བར་ཡང་མ་ནུས་སོ།། ཁང་པོ་བྱང་ཆུབ་སེམས་དཔའ་དེ་ཇི་སྤྱོད་དུ་འཇིག་རྟེན་ན་གནས་བདེ་སྲིད་དུ་སངས་རྒྱས་ཀྱི་བསྟན་པའང་རྒྱས་ཤིང་རབ་ཏུ་འཕེལ་བར་གྱུར་ཏོ། ། དེ་ཡོངས་སུ་མྱ་ངན་ལས་འདས་པའི་རྗེས་སུ་སངས་རྒྱས་ཀྱི་བསྟན་པའང་ནུབ་པར་གྱུར་ཏོ།། དགེ་སློང་རབ་ཏུ་འདྲེན་པ་དེ་མ་འོངས་པའི་དུས་ཐུ་མ་ལ་དམ་པའི་ཆོས་ནུབ་ཏུ་ཉེ་བའི་ཚེ། གྲོང་རྡལ་གཅིག་ནས་གཅིག་ཏུ། གྲོང་ཁྱེར་གཅིག་ནས་གཅིག་ཏུ་ཡུལ་གཅིག་ནས་གཅིག་ཏུ་རྒྱུ་ཞིང་སོང་ནས། སེམས་ཅན་མང་པོའི་ཆེད་དུ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པའི་མདོ་སྡེ་ཟབ་མོ་ཡང་དག་པར་བསྟན་པས། སྲོག་ཆགས་བྱེ་བ་ཕྲག་བརྒྱད་ནུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་འཆི་བའི་དུས་བྱས་པའི་འོག་ཏུ་ཐམས་ཅད་ཀྱང་མཐོ་རིས་ལྷའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏོ།། གང་པོ་དགེ་སློང་རབ་ཏུ་འདྲེན་པས་དེ་ལྟར་ཕན་པ་བྱས་ནས། དེ་གང་གི་ནུབ་མོ་འཆི་བའི་དུས་བྱས་པ་དེའི་ཕྱི་དེ་ཉིན་པར་སངས་རྒྱས་ཀྱི་བསྟན་པའང་ནུབ་པར་གྱུར་ཏོ།། གང་པོ་དེ་བཞིན་གཤེགས་པ་མེ་རོགན་དའི་བསྟན་པ་ནུབ་པར་གྱུར་པའི་ཕྱིར། མདོ་སྡེ་ཟབ་མོ་ཡོངས་སུ་དག་ཅིང་སྟོང་པ་ཉིད་ཀྱི་རྗེས་སུ་མཐུན་པའི་ཆོས་རྣམས་ཀྱང་ནུབ་པར་གྱུར་ཏོ།། གང་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མདོ་སྡེ་ཟབ་མོ་དེ་ལྟ་བུས་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་། བདག་ཉིད་ཀྱི་དགེ་བའི་རྩ་བ་དང་བསོད་ནམས་ཀྱང་ཕུན་སུམ་ཚོགས་པར་བྱེད་པ་ཡིན་གང་པོ་བྱང་ཆུབ་སེམས་དཔའ་རབ་ཏུ་འདྲེན་པ་དེ་འཆི་བའི་དུས་བྱས་པའི་འོག་ཏུ་ཞིང་དེ་ཉིད་ཀྱི་སྟོང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཅུ་པར་སྐྱེས་པར་གྱུར་ཏེ། དེའི་ཚེ་ཞིང་དེའི་སངས་རྒྱས་ཀྱི་མཚན་ནོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་པར་རྫོགས་པའི་སངས་རྒྱས་ལེགས་པའི་སྤྱན་ཞེས་བྱ་སྟེ།། དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་རབས་སྔ་མའི་དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་རྒྱུ་དང་རྐྱེན་གྱིས་ཤེས་རབ་ཟབ་ཅིང་གསལ་ལ་རྣོ་བ་དང་། སྤོབས་པ་གཏུགས་པ་མེད་ཅིང་མྱུར་ལ་ཐོགས་པ་མེད་པར་གྱུར་ཏོ།། དགེ་སློང་རབ་ཏུ་འདྲེན་པ་དེ་དེ་བཞིན་གཤེགས་པ་ལེགས་པའི་སྤྱན་གྱི་བསྟན་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དགེ་བའི་ཆོས་རྣམས་མངོན་པར་བསྒྲུབས་ནས་འཆི་བའི་དུས་བྱས་པ་དང་། སླར་ཡང་དེ་ཉིད་དུ་དེ་བཞིན་གཤེགས་པ་རབ་ཏུ་འཕེལ་བའི་དཔུང་བ་ཞེས་བྱ་བ་དང་ཕྲད་པར་གྱུར་ནས། སངས་རྒྱས་དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ།། དགེ་བའི་རྩ་བ་རྣམས་མངོན་པར་བསྒྲུབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ།། དེ་ནས་འཆི་བའི་དུས་བྱས་པའི་འོག་ཏུ་སླར་ཡང་ཞིང་དེ་ཉིད་དུ་སྐྱེས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གདོན་མི་ཟ་བའི་སྤྱོད་པ་དང་ཕྲད་པར་གྱུར་ཏེ། སངས་རྒྱས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས། ལོ་བདུན་ཁྲིའི་བར་དུ་ནན་ཏན་བརྩོན་འགྲུས་ཀྱིས་དགེ་བའི་རྩ་བ་མངོན་པར་བསྒྲུབས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་གྱུར་ཏོ།། དེནི་ཚེ་དེའི་མིང་ནི་ཤུ་ལ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་གདོན་མི་ཟ་བའི་སྤྱོད་པ་དེས་འདི་སྐད་དུ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དགེ་སློང་ཤུ་ལ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མི་མངའ་བའི་སྤྱན་ཞེས་བྱ་བར་འགྱུར་རོཞེས་ལུང་བསྟན་ཏོ། ། གང་པོ་བྱང་ཆུབ་སེམས་དཔའ་གང་ཆོས་གསུམ་པ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཟབ་མོ་ཡིས།། རྣམ་དག་དེས་བའི་ཆོས་ཐོས་ན། ། བདག་ཉིད་དེ་ལ་གནས་བྱེད་ཅིང་།། གཞན་དག་ལ་ཡང་སྟོན་པར་བྱེད།། འཇིག་རྟེན་གཏིང་ན་མོ་བོགས་ཀྱང་།། བྱང་ཆུབ་སེམས་དཔའ་བྱིང་མི་འགྱུར། ཚུལ་ཁྲིམས་རྣམ་དག་རབ་གནས་ནས།། རྒྱ་ཆེར་སེམས་ཅན་ཕ་ན་ཡང་འདོགས།། གླེང་གཞི་དང་ནི་རྟོགས་པ་བརྗོད།། སངས་རྒྱས་ལམ་ཞེས་འཁོར་བ་སྟོན།། སངས་རྒྱས་རྣམས་ཀྱིས།། གསུངས་པས་ན།། འདི་ནི་ངེས་པའི་ཆོས་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཕན་སྤྱོད་པ།། སེམས་ཅན་ལ་ནི་ཕན་ཡང་འདོགས།། སངས་རྒྱས་ཆོས་རྣམས་སྲུང་བྱེད་ཅིང་།། འཁོར་ལ་བྱང་ཆུབ་འདེམས་པར་བྱེད། ། སེམས་ཅན་དག་གི་ཆོས་བཞིན་དོན།། བྱང་ཆུབ་སེམས་དཔས་ཐམས་ཅད་བྱེད།། འཁོར་ལ་སངས་རྒྱས་ལམ་སྟོན་པས། བྱང་ཆུབ་སེམས་ནི་བར་འགྱུར། ། སངས་རྒྱས་ལམ་ནི་སྲུང་བྱེད་ཅིང་། སེམས་ཅན་རྒྱ་ཆེར་ཕན་འདོགས་པས།། ལྔ་དང་ཀླུ་དང་འདྲེ་སྲིན་དང་།། གང་ཟག་ཆེན་པོས་བཀུར་བར་འགྱུར།། དེའི་ཕྱིར་རྣམ་པར་དག་པ་ཡི། ། སྟོང་ཟབ་གྱ་ནོམ་ཆོས་ཐོས་ནས།། རྩེ་ཅིག་སེམས་ཤིང་གཉེར་བྱེད་ན།། ཤེས་རབ་དག་ནི་འཕེལ་བར་འགྱུར།། གཞན་ཡང་གང་བོཔོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་བྱེད་དེ། སྤྱོད་པ་རྣམས་ཕུན་སུམ་ཚོགས་པར་གྱུར་པའི་ཕྱིར། དགེ་བའི་རྩ་བ་དང་བསོད་ནམས་ཕུན་སུམ་ཚོགས་པར་འགྱུར་རོ། ། དེ་ལ་སྤྱོད་པ་གང་ཞེ་ན། གང་པོ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་བཤེས་གཉེན་ལ་བསྙེན་ནས། སྦྱིན་པ་ཡོངས་སུ་གཏོང་བར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། བསམ་གཏན་ལ་མཉམ་པར་འཇོག་པར་བྱེད། ཤེས་རབ་དང་ཐབས་མཁས་པ་སྒོམ་པར་བྱེད་དོ། ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་གང་ཞེ་ན། བྱང་ཆུབ་སེམས་དཔས་གང་ལས་མདོ་སྡེ་དེ་ལྟ་བུ་དག་རྗེས་སུ་སྟོན་པའི་ཐབས་མཁས་པ་ཐོབ་པར་གྱུར་པ། སངས་རྒྱས་དང་། ཉན་ཐོས་དང་། ལྷག་པའི་བསམ་པས་བྱང་ཆུབ་དོན་དུ་གཉེར་བར་བྱེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་གང་ཆོས་བཞི་པ་འདི་དང་ལྡན་པར་གྱུར་ན། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་རབ་ཏུ་འཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་ནི་བྱང་ཆུབ་སེམས་དཔའི་རྣམས།། སྤྱད་པར་བྱ་བའི་ཆོས་དག་ནི།། སྦྱིན་པ་བཏང་བས་རབ་དགའ་ཞིང་འགྱོད་པ་མེད་པ་ཡིན་ཞེས་བཤད། ། དེ་ལ་དགའ་བ་གང་ཞེ་ན།། དགའ་བས་ལུས་ཀུན་ཁྱབ་པ་ཡིན།། རྟག་ཏུ་དགའ་སེམས་འདི་ཡིས་ནི།། བྱང་ཆུབ་ལམ་ནི་སྤྱད་པར་བྱ།། བྱང་ཆུབ་སེམས་དཔས་སྦྱིན་བཏང་ནས། ། བྱང་ཆུབ་ཏུ་ནི་སྔོ་བྱེད་ཅིང་།། སེམས་ཅན་རྣམས་ལ་ཕན་འདོགས་ན།། རང་དོན་དཔག་མེད་ཐོབ་པར་འགྱུར།། སྤོང་བདག་ནི་མཐོང་གྱུར་། སངས་རྒྱས་འདུ་ཤེས་རབ་བསྐྱེད་དེ།། དེ་རིང་འདིར་ནི་འདི་འོངས་པས།། བདག་ལ་བྱང་ཆུབ་ལམ་ཡང་བྱིན།། བདག་ནི་འདི་ཡི་དབང་གིས་ནི།། རྣམ་དག་ཞིང་ནི་ཐོབ་པར་འགྱུར།། འདི་ཡིས་བདག་ལ་སངས་རྒྱས་བསྟན།། བདག་ལ་སངས་རྒྱས་ལམ་སྟོན་བྱེད།། དེང་བདག་འདི་དང་ཕྲད་པས་ན།། རྙེད་པ་ཆེན་པོ་རབ་རྙེད་ཅེས།། དགའ་བས་ལུས་ཀུན་ཁྱབ་ནས་ནི།། ། དངོས་པོ་གཞན་ལ་མོས་མི་བྱེད།། དགའ་ཞིང་དྲུང་དུ་འོངས་གྱུར་ན།། རྒྱང་ནས་གསོང་པོར་སྨྲ་བར་བྱེད།། ཁྱོད་ནི་དངོས་པོ་ཅི་ཞིག་འདོད།། བདག་གིས་ཟད་པར་སྦྱིན་ཞེས་ཟེར། གལ་ཏེ་དགོས་པ་མེད་ཟེར་ན།། བྱང་ཆུབ་སེམས་དཔའ་རབ་དགའ་ཞིང་།། འདིས་བདག་གདུལ་བར་འདོད་པའི་ཕྱིར།། དགོས་པ་མེད་ཅེས་ཟེར་བར་ཟད།། འཕགས་པ་འདིས་ནི་གང་མོས་པ། ། འདོད་ཉུང་ཆོག་ཤེས་ཆོས་ཀྱིས་ནི།། འདིར་འོངས་བདག་ལ་གོ་བྱས་ནས།། བྱང་ཆུབ་རྐྱེན་ནི་ཐོབ་པར་བྱེད།། དེང་བདག་གང་ཟག་འདི་ཡི་རྒྱུས།། རྗེས་སུ་བསྟན་པའི་ཆོས་ཀྱང་ཐོབ། ། ཁྱོད་ཀྱིས་དགོས་མེད་གང་ཟེར་བ།། ཚིག་འདི་ལེགས་པ་ཡིན་ཞེས་ཟེར།། དངོས་པོ་འདི་ནི་འདོད་ཟེར་ཞིང་།། བདག་ལ་བྱིན་ཅིག་ཟེར་ན་ཡང་།། བྱང་ཆུང་སེམས་དཔས་ཅི་བདོག་པ། ། དགའ་བས་ཁྱོད་ཀྱིས་ཁྱེར་ཞེས་ཟེར།། གལ་ཏེ་སྦྱིན་པ་བཏང་ནས་ནི།། ཕྱིས་ཀྱང་འགྱོད་པ་མེད་གྱུར་ན།། སངས་རྒྱས་ལམ་ནི་དྲན་པའི་ཕྱིར།། སེམས་ནི་རྟག་ཏུ་དགའ་བ་ཐོག།། སེམས་ཅན་ཀུན་ལ་སྐལ་ཡོད་པས།། ཐམས་ཅད་འཕོངས་པ་མེད་འགྱུར་ཞིང་།། མ་ལུས་ཐམས་ཅད་ཚིམ་བྱ་ཞེས།། སྦྱིན་པ་གཏོང་ཚེ་སྔོ་བར་བྱེད། ། བྱང་ཆུབ་ལམ་ནི་སྤྱོད་པའི་ཚེ།། སེམས་ཅན་བདག་གི་མིང་ཐོས་པ།། རང་གི་ངང་གིས་ཆོག་ཤེས་ཤིང་།། སེར་སྣ་རླུགས་སེམས་མེད་པར་ཤོག། བདག་གི་ཡུལ་གྱི་སེམས་ཅན་ཀུན། ། ལམ་སྤྱོད་ཐམས་ཅད་ཆོས་ཤེས་ཤིང་།། འདོད་ལྔ་ཆགས་པ་ཀུན་སྤངས་ནས།། ཐམས་ཅད་རབ་འབྱུང་མོས་པར་ཤོག། དེ་འདྲའི་སྤྱོད་པ་ཚད་མེད་དང་། ། སྦྱིན་པ་ཡོངས་སུ་བསྔོས་པ་ཡིས།། རྟག་པར་སྦྱིན་པ་རབ་གཏོང་ཞིང་།། སེམས་ཅན་བདག་རྗེས་སློབ་པར་ཤོག། བྱང་ཆུབ་སེམས་དཔས་སྦྱིན་གཏོང་ཚེ།། བྱམས་སེམས་སེམས་ཅན་ཁྱབ་པས་ན། ། འཇིག་རྟེན་དག་ནི་ཐམས་ཅད་ན།། དེ་འདྲའི་བདེ་བ་ཡོང་མེད་དོ།། དཔེར་ན་ཁྱིམ་བདག་ཕྱུག་པོ་ཞིག། ནོར་དང་རིན་ཆེན་ཤིན་ཏུ་མང་།། བུ་ནི་གཅིག་གཅིག་ཡོད་པ་ལས། ། ལོ་ནི་མང་པོར་ལམ་རིང་སོང་།། ཁྱིམ་བདག་བུ་འོངས་ཐོས་གྱུར་ནས།། དགའ་བས་ལུས་ཀུན་ཁྱབ་འགྱུར་ཞིང་།། སུན་རིངས་ལོན་ནས་དེ་འོངས་ཤེས།། དགདོང་བཙས་བཞིན་རབ་ཏུ་དགའ།། བྱང་ཆུབ་སེམས་དཔས་སྤོང་མཐོང་ན།། དེ་ཡི་སེམས་ནི་རབ་ཏུ་དག་ར།། ཁྱིམ་བདག་དེ་ཡི་དགའ་བས་ན།། བཅུ་དྲུག་ཆར་ཡང་མི་འོད་དོ། ། སྦྱིན་པ་གཏོང་བར་ཐོས་གྱུར་ན།། དེ་ཡི་སེམས་ནི་རབ་དགའ་བས།། བྱམས་སེམས་ལས་བྱུང་དགའ་བ་ཡི།། དཔེ་ཟླ་དག་ནི་ཡོང་མེད་དོ།། ཇི་ལྟར་རྒྱལ་པོས་ཉེས་བྱུང་ན།། ཡན་ལག་གཏུབས་ཞེས་བསྒོ་བས་ན། ། གསོད་པས་བསད་གནས་ཁྲིད་ནས་ནི།། མཚོན་གྱིས་གདབ་པར་གཟས་པ་དང་།། རྒྱལ་པོས་ལོངས་སྤྱོད་ཐབས་བྱིན་ན།། མི་དེ་རབ་ཏུ་དགའ་བས་ཀྱང་། ། བྱང་ཆུབ་སེམས་དཔས་འཕོངས་པ་ལ།། སྦྱིན་བཏང་དགའ་བ་ཙམ་མི་འོད།། བྱང་ཆུབ་སེམས་དཔའ་ལམ་སྒོམ་ཚེ།། བསོད་ནམས་ཞིང་ནི་མི་འཚལ་གྱི།། སྤོང་བ་ཡོད་ན་གཏོང་བྱེད་པས། ། དེ་ཕྱིར་དགའ་བ་ཆེན་པོ་ཐོབ།། བྱང་ཆུབ་སེམས་དཔའ་སངས་རྒྱས་དང་།། དགྲ་བཅོམ་རང་རྒྱལ་མཐོང་གྱུར་ན།། གུས་སེམས་ཕྲད་དཀའ་རིག་པས་ན།། དེའི་ཕྱིར་དྲུང་འགྲོ་མཆོད་པར་བྱེད།། བྱང་ཆུབ་སེམས་དཔའ་གཟི་བྱོན་ལྡན།། གསཔ་རྣོ་སེམས་ནི་དུལ་བས་ན།། ཡོན་ཏན་མོས་ཤིང་ལམ་གཉེར་ཕྱིར།། སངས་རྒྱས་དགེ་འདུན་མཆོད་པར་བྱེད། ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་།། དེ་ཡི་ཉན་ཐོས་མ་གཏོགས་པར།། ལྷག་པའི་བསམ་དང་གུས་སེམས་ཀྱིས།། ལྷ་འདྲེ་གཞན་ནི་མཆོད་མི་བྱེད། ། གལ་ཏེ་རང་རྒྱལ་འགའ་ཞིག་གིས།། རང་བྱུང་མྱ་ངན་འདས་ཐོབ་པ།། དེ་འདྲའི་ཡོན་ཏན་ལྡན་མཐོང་ན།། དེ་ལ་ཡང་ནི་མཆོད་པ་བྱེད། བྱང་ཆུབ་སེམས་དཔའ་བསོད་ནམས་ཞིང་། ། དགེ་དང་མི་དགེ་རིག་པས་ན།། འཇིག་རྟེན་མཁས་པ་གང་ཡིན་པ།། མུ་སྟེགས་སྡིག་ཅན་མཆོད་མི་བྱེད།། རྡུལ་ཁྲིམས་ཕྱོགས་ལ་རབ་གནས་ཤིང་། ། བྱམས་སེམས་སེམས་ཅན་ཀུན་ལ་ཁྱབ།། བརྩོན་འགྲུས་དག་ཀྱང་དཔེ་ཟླ་མེད།། བཟོད་ཤེས་མང་ཐོས་རྒྱ་ཡང་ཆེ།། དེ་འདྲའི་ཡོན་ཏན་ལྡན་པས་ན།། འཇིག་རྟེན་ཀུན་གྱི་གཙོར་གྱུར་ནས། ། སངས་རྒྱས་བྱང་ཆུབ་མངོན་བྱས་ཏེ།། བླ་མེད་འཁོར་ལོ་སྐོར་བར་བྱེད།། བྱང་ཆུབ་སེམས་དཔའ་དེ་འདྲ་ཡི།། ཆོས་བཞི་དག་ནི་སྒྲུབ་བྱེད་ན། དགེ་བའི་རྩ་བ་ཇི་སྙེད་པ།། ཐམས་ཅད་ཀུན་ནི་མངོན་དུ་གྱུར།། བསྐལ་པ་བྱེ་བ་གྲངས་མེད་དུ།། ཡོན་ཏན་རྣམས་ནི་གང་བསྒྲུབས་པ།། དེ་ཀུན་བྱང་ཆུབ་སེམས་དཔའི་ལམ།། འདིར་ནི་བསྡུ་བར་བྱ་བ་ཡིན།། དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས།། རྟག་ཏུ་བྱམས་སེམས་བསྒོམ་པར་བྱ།། རང་བྱུང་རི་དང་ཚལ་གནས་ཤིང་།། དགོན་པའི་གནས་ལ་མོས་པར་བྱ། ། རྟག་པར་ཤིན་ཏུ་རྣམ་དག་ཅིང་།། ཟབ་མོ་ངེས་པའི་ཆོས་བཙལ་ཏེ།། བྱང་ཆུབ་སྤྱོད་དང་ལྡན་བྱས་ནས།། དེ་ཡིས་བདག་ཉིད་འཕེལ་བར་བྱ།། དགེ་བའི་རྩ་བ་དང་ལྡན་པའི་ལེའུ་སྟེ་བཞི་པའོ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་མཐུས་སུའི་བུ་གཀུན་ནས་འོད་ཟེར་བྱེ་བ་ཕྲག་བརྒྱ་སྟོང་དུ་མ་བཀྱེའོ།། གཞན་ཡང་སྤུའི་བུ་ག་རེ་རེ་ཀུན་ནས་མེ་རབ་ཏུ་འབར་བའི་ཕུང་པོ་རི་རིབ་ལྷུན་པོ་དང་མཉམ་པ་དག་བྱུང་བར་གྱུར་རོ།། གཞན་ཡང་སྤུའི་བུག་རེ་རེ་ཀུན་ནས་དེ་བཞིན་གཤེགས་པ་ཆོས་སྟོན་པར་མཛད་པ་ག་ཏཱའི་ཀླུང་གི་བྱེ་མ་སྙེད་བྱུང་བར་གྱུར་ཏོ། ། འཁོར་འདུས་པ་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་རྫུ་འཕྲུལ་གྱི་མཐུ་བསྟན་པ་མཐོང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གང་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་ནས། ཚེ་དང་ལྡན་པ་གང་པོ་ལ་བཀའ་སྩལ་པ། གང་པོ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྤུའི་བུ་ག་ནས་བྱུང་བའི་རྫུ་འཕྲུལ་གྱི་མཐུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། གང་པོ་དེ་བཞིན་གཤེགས་པ་ནི་རྟག་པར་འདི་ལྟ་བུའི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པས་རྒྱུན་ཆད་པ་མེད་པ་ཡིན་ན། དེང་ཉན་ཟློས་རྣམས་ནི་དེ་བཞིན་གཤེགས་པ་འདི་འབའ་ཞིག་ཏུ་བཞུགས་ནས་ཆོས་འཆད་པར་མཐོང་སྟེ། ང་ནི་ཡང་དག་པར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀངྐའི་ཀླུང་གི་བྱེ་མ་སྙེད་ཀུན་ཏུ་ཆད་པ་མེད་པར་སངས་རྒྱས་ཀྱི་མཛད་པ་མཛད་ཅིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་དུ་དེ་བཞིན་དུ་ཆོས་སྟོན་པར་མཛད་དུ། གང་པོ་ག་ཨལ་ཏེ་འགའ་ཞིག་ཡང་དག་པའི་ཚིག་གིས་འདི་སྐད་དུ་མཚུངས་པ་མེད་ཅིང་དཔེ་ཟླ་མེད་པ་རྐང་གཉིས་ཀྱི་མཆོག་བསོད་ནམས་ཀྱི་ཞིང་ཤིན་ཏུ་ཟབ་ཅིང་དདག་པར་འདའབ་སྤྱོད་པ་དཔག་ཏུ་མེད་པ་དང་ལྡན་པ། གོམ་པ་གཅིག་བོར་ནའང་སེམས་ཅན་ཐམས་ཅད་ཀྱིས་སེམས་གང་དང་སྤྱོད་པ་གང་གིས་རྐང་པ་བཏེག་ཅིང་བཞག་པ་ཤེས་པར་ཡང་མི་འགྱུར་ལ་གཞལ་བར་ཡང་མི་ནུས་པ་དེ་གང་ཡིན་ཞེས་ཟེར་ན། དེ་ནི་ང་ཡིན་ནོ་ཞེས་སྨྲ་བར་བྱ་སྟེ།། གང་པོ་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པས་དགོངས་པ་གང་དང་། བསམ་པ་གང་དང་། སྤྱོད་པ་གང་གིས་ཞབས་བཏེག་པ་དང་། ཞབས་བཞག་པ་གཞལ་བར་མི་ནུས་པས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བཅོམ་ལྡན་དགོངས་པ་གང་དག་དང་།། སྤྱོད་པ་གང་གིས་ཞབས་བཏེག་བཞག། གཡོ་དང་མི་གཡོ་སེམས་ཅན་གྱིས།། དངོས་པོ་འདི་ནི་རྟག་མི་རིག། རྫུ་འཕྲུལ་མཐུ་ཡང་ཚད་མེད་དེ།། སྤྱོད་པ་དག་ཀྱང་ཚད་མེད་དོ།། ཡོན་ཏན་དག་ནི་ཚད་མེད་ཕྱིར།། མཆོག་ཏུ་མཐོང་ཞིང་གཙོ་བོར་གྱུར།། བློ་གྲོས་ཆེན་པོ་ཚད་མེད་པས། ། སུས་ཀྱང་མཐར་ཐུག་ཤེས་མི་འགྱུར།། གལ་ཏེ་སེམས་ཅན་ཐམས་ཅད་ཀུན།། ཤེས་རབ་དང་ནི་རྫུ་འཕྲུལ་སྟོབས།། ཐམས་ཅད་ཤཱ་རིའི་བུ་དང་ནོ།། མོའུ་འགལ་ལྟ་བུར་གྱུར་ཀྱང་ནི། ། ང་ཡིས་རྐང་པ་བཏེག་བཞག་པའི།། དངོས་པོ་དག་ནི་རིག་མི་འགྱུར།། གལ་ཏེ་སེམས་ཅན་ཐམས་ཅད་ཀུན།། རང་རྒྱལ་བྱང་ཆུབ་གྲུབ་གྱུར་ཀྱང་།། ད་ཡི་གོམ་གཅིག་མི་རིག་ན། ། ཆོས་ཟབ་གཞན་ལྟ་སྤོས་ཅི་དགོས།། ཉི་ཟླ་ཚད་མེད་ཇི་སྙེད་པ།། ཉི་མའི་དཀྱིལ་འཁོར་གཅིག་གྱུར་ཀྱང་།། དེ་བཞིན་གཤེགས་པའི་སྤུ་ཁུང་གཅིག། འོད་ཟེར་ཙམ་ཡང་མི་བོད་དོ།། གལ་ཏེ་འཇིག་རྟེན་ཁམས་བྱེ་བ། ། ཁྲག་ཁྲིག་ཕྲག་ནི་བདུན་ཁྲི་ཡི།། ཉི་མའི་དཀྱིལ་འཁོར་ཀུན་ཏུ་ཡང་།། ཞིང་ནི་ཚད་མེད་སྣང་བྱེད་པ།། དེ་འདྲའི་ཉོ་མ་ཆེན་པོ་དག། ཕྱོགས་བཅུའི་གངྒཱའི་བྱེ་མ་སྙེད།། ཐམས་ཅད་ཉི་མ་གཅིག་ཏུ་གྱུར།། འོད་ཟེར་གཅིག་ཀྱང་རི་རབ་ཙམ།། དེ་འདྲའི་ཉི་མ་ཆེན་པོ་དག། རྟག་པར་ཕྱོགས་བཅུགས་ལ་བྱེད་པ།། སངས་རྒྱས་འོད་དང་སྤུན་གྱུར་ན།། སྡོང་པོ་ཚིག་བཞིན་སྣང་མི་འགྱུར། ། སིམ་ཆེན་པོ་དེ་ཡི་འོད།། ལྗོན་ཤིང་ལོ་མ་མི་ཐལ་ཞིང་།། རི་དང་ཀླུང་དང་བྲག་རྣམས་ལ།། ཐམས་ཅད་དུ་ནི་ཐོགས་པར་འགྱུར།། དེ་བཞིན་གཤེགས་པའི་འོད་ཟེར་ནི། ། རྀ་རབ་དང་ནི་ལྕགས་རི་དིང་།། རྡོ་རྗེ་རི་ནི་ཐམས་ཅད་ལ།། ཐལ་བར་འགྲོ་ཞིང་ཐོགས་པ་མེད།། འོད་ཟེར་རྫུ་འཕྲུལ་མཐུ་སྟོབས་དང་།། གཟི་བྱིན་དག་ནི་ཚད་མེད་པས།། ཡིད་ཆེས་མེད་པ་མ་གཏོགས་པར།། མཐོང་བ་སུ་ཞིག་སེམས་མི་སྐྱེད།། སེམས་ཅན་དེ་འདྲའི་འོད་ཟེར་དང་།། རྫུ་འཕྲུལ་མཐུ་ཆེན་ཐོབ་འགྱུར་ན།། བདག་ཅག་ཀྱང་ནི་ཐོབ་འགྱུར་ཞེས། ། ཕལ་ཆེར་བླ་མེད་སེམས་ཀྱང་བསྐྱེད།། དེ་ཚེ་བཅོམ་ལྡན་འཛུམ་མཛད་ནས།། ཀུན་དགའ་བོས་ནི་འདི་སྐད་གསོལ།། གང་སླད་བཅོམ་ལྡན་འཛུམ་པ་མཛད།། ཐོགས་མེད་མཁྱེན་པས་བཀས་བཤད་གསོལ།། བཅོམ་ལྡན་ཀུན་དགའ་བཀའ་སྩལ་པ།། སེམས་ཅན་རྣམས་ཀྱི་དེང་ང་ཡི།། རྫུ་འཕྲུལ་མཐུ་ལྡན་མཐོང་བས་ན། བསྐྱེད་སངས་རྒྱས་གྲུབ་པར་སྨོན།། འཁོར་འདིར་སྲོག་ཆགས་སུམ་ཁྲི་ཡིས།། ཆོས་འདི་བསྲུང་བར་དམ་ཡང་བཅས།། བདག་ཅག་སངས་རྒྱས་འདས་འོག་ཏུ།། མདོ་སྡེ་འདི་ནི་གདོན་བྱ་སེམས།། དེ་དག་ང་ནི་འདས་པའི་འོག། མདོ་སྡེ་འདི་ནི་ཐོས་གྱུར་ནས།། བར་དང་ཐ་མིའི་དུས་ཀྱི་ཚེ།། ཇི་སྐད་བསྟན་བཞིན་བསྒྲུབ་པར་འགྱུར།། བྱང་ཆུབ་སེམས་བསྐྱེད་ཤིན་ཏུ་དཀའ།། སངས་རྒྱས་ཆོས་མོས་པ་ཡང་དཀའ།། ཐ་མའི་དུས་ཚེ་མདོ་སྡེ་འདི།། འཛིན་ཅིང་འདོན་པ་དེ་བས་དཀའ།། བསྐལ་པ་བྱེ་བ་བརྒྱ་སྟོང་དུ།། སངས་རྒྱས་འབྱུང་བ་ཤིན་ཏུ་དཀོན།། མ་འོངས་ཐ་མ་དུས་ཀྱི་ཚེ། ། མདོ་སྡེ་འདི་བཤད་དེ་བས་དཀོན།། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།། ཀུན་དགའ་བོ་ངས་ཁྱོད་ལ་མདོ་སྡེ་འདི་ཡོངས་སུ་གཏད་དོ། ། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་ན་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་གནས་པ་དེ་སྲིད་དུ་སངས་རྒྱས་ཀྱི་ཆོས་ཀྱང་གནས་པར་འགྱུར་བས་སོ།། ཀུན་དགའ་བོ་འདི་ལྟ་བུའི་མདོ་སྡེ་ཟབ་མོ་འདི་ནུབ་པར་གྱུར་པའི་ཕྱིར། ཇི་སྐད་བསྟན་པ་བཞིན་དུ་མངོན་པར་བསྒྲུབ་པར་བྱ་བའི་ཆོས་ཀྱང་ནུབ་པར་འགྱུར་རོ།། ཇི་སྐད་བསྟན་པ་བཞིན་དུ་བསྒྲུབས་པའི་ཆོས་ནུབ་པར་གྱུར་པའི་ཕྱིར། སངས་རྒྱས་ཀྱི་བསྟན་པའང་ནུབ་པར་འགྱུར་རོ།། ཀུན་དགའ་བོ་དེང་ཁྱོད་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་བྱའོ།། ཇི་ལྟར་ན་ཉན་ཐོས་རྣམས་ཀྱིས་མཆོད་པའི་ཡོ་བྱད་མཆོག་དམ་པས་ང་ལ་མཆོད་པར་འགྱུར་ཞེ་ན། ཁྱོད་ཀྱིས་འདི་སྙམ་དུ་མེ་ཏོག་དང་། སྤོས་དང་། སྤོས་ཀྱི་ཕྱེ་མ་དང་། བྱུག་སྤོས་དང་། གདུགས་དང་རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། རོལ་མོའི་སིལ་སྙན་མཆོག་དམ་པ་དང་། དེ་བཞིན་གཤེགས་པ་ལ་བསྔགས་པ་བརྗོད་པ་ནི་མཆོད་པ་མཆོག་དམ་པ་ཡིན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། ཀུན་དགའ་བོ་དེ་ལྟ་བུ་དེ་དག་ནི་མཆོད་པ་མཆོག་དམ་པ་ཞེས་མི་བྱའི། གང་གིས་མདོ་སྡེ་ཟབ་མོ་འདི་ལྟ་བུ་ཐོས་ནས། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཇི་སྐད་བསྟན་པ་བཞིན་དུ་མངོན་པར་བསྒྲུབས་པ་གང་ཡིན་པ་དེ་ནི་མཆོད་པའི་ཡོ་བྱད་མཆོག་དམ་པས། དེ་བཞིན་གཤེགས་པ་ལ་མཆོད་ཅིང་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བླ་མར་བྱས་པ་དང་། བསྔགས་པ་བརྗོད་པར་བྱས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་ལ་མཆོད་ཅིང་རིམ་གྲོ་དང་བསྙེན་བཀུར་མཛད་ཀྱི། འཇིག་རྟེན་པའི་མཆོད་པའི་ཡོ་བྱད་རྣམས་ལ་ནི་བཙུན་པར་མི་མཛད་པས་སོ།། དེ་ལྟ་བས་ན་ཀུན་དགའ་བོ་དེང་མདོ་སྡེ་འདི་ནན་ཏན་བརྩོན་འགྲུས་ཀྱིས་ཁྱོད་ལ་ཡོངས་སུ་གཏད་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ངས་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་པས། དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བ་ཡིན་ནོ།། འདས་པའི་སངས་རྒྱས་རྣམས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་མདོ་སྡེ་འདི་ཡང་དག་པར་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ།། མ་བྱོན་པའི་སངས་རྒྱས་རྣམས་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་ཡོངས་སུ་བསྐོར་བར་འགྱུར་རོ། ། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ཡང་དག་པར་བསླབས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེང་ཆོས་ཀྱི་འཁོར་ལོ་ཡོངས་སུ་སྐོར་བར་མཛད་པ་ཡིན་པས། དེའི་ཕྱིར་ཀུན་དགའ་བོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ནི་ཆོས་ཀྱི་འཁོར་ལོའི་མདོ་སྡེ་ཞེས་བྱ་བར་ཡོངས་སུ་གཟུང་བར་བྱའོ། ། ངས་ཡུལ་ཝཱ་རཱ་ཎཱ་སི་རི་དགས་རྒྱུ་བའི་ཚལ་དུའང་ཉན་ཐོས་རྣམས་ལ་འདིས་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏོ། ། ཀུན་དགའ་བོ་ངས་དེང་འོད་མའི་ཚལ་འདིར་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་ཕྱིར་མི་ལྡོག་པའི་འཁོར་ལོ་འདི་ཡོངས་སུ་བསྐོར་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་ཡོངས་སུ་བཅད་དོ། ། ཀུན་དགའ་བོ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་གསུང་སོ། ། མ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ནམ་མཁའི་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་གསུང་པར་འགྱུར་རོ།། ངས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ནམ་མཁའ་ས་མཚམས་འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་ཡང་དག་པར་བཤད་པས། དེའི་ཕྱིར་ས་གཞི་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོད་རྟེན་ཆེན་པོ་ལྷ་དང་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པ་བྱ་བའི་གནས་སུ་གྱུར་པར་རིག་པར་བྱའོ། ། ཀུན་དགའ་བོ་ས་གཞི་འདི་འབའ་ཞིག་ཐུན་མོང་མ་ཡིན་པའི་ཡོན་ཏན་འདི་ལྟ་སྟེ། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་འདིར་མདོ་སྡེ་ཟབ་མོ་འདི་ཡང་དག་པར་གསུངས་པ་དང་ལྡན་པས། ཀུན་དགའ་བོ་འདི་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་བཅས་པའི་སེམས་ཅན་ཇི་སྙེད་པ་དེ་དག་འོད་མའི་ཚལ་འདིར་ཞུགས་པར་གྱུར་ན། འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་སློང་བར་མི་འགྱུར་རོ།། ཀུན་དགའ་བོ་དེ་བཞིན་གཤེགས་པ་གཙུག་ལག་ཁང་གཞན་ནའང་བཞུགས་པར་གྱུར་མོད་ཀྱི། དེ་དག་གང་ལའང་འདི་ལྟ་བུའི་ཡོན་ཏན་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཀ་ལན་ཏ་ཀ་འོད་མའི་ཚལ་འདིར་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དག་ཞུགས་པར་གྱུར་ན་ནི་འདོད་ཆགས་སྐྱེ་བར་མི་འགྱུར་ལ་བྱ་མང་པོ་ཞུགས་པར་གྱུར་ན་ནི་དུས་མ་ཡིན་པར་སྒྲ་མི་འབྱིན་པས་སོ། ། ཇི་ལྟ་ཞེ་ན། ཡུལ་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་སྤྱི་བོ་ནས་དབང་བསྐུར་ནས་དང་པོ་རྒྱལ་སར་ཞུགས་པའི་ཚེ་བ་ཙུན་མོའི་འཁོར་དང་བཅས་ཏེ་སྐྱེད་མོས་ཚལ་འདིར་ཞུགས་ནས་ལྷན་ཅིག་ཏུ་རྩེ་བར་བྱས་པ་ལས་ཞུགས་མ་ཐག་ཏུ་བདག་ཉིད་འདོད་ཆགས་ཀྱི་རྩེད་མོ་བྱ་བའི་བསམ་པ་མེད་པར་གྱུར་པར་ཚེར་བར་གྱུར་ཏོ། ། བཙུན་མོའི་འཁོར་རྣམས་ཀྱང་སོ་སོ་ནས་འདོད་ཆགས་ཀྱི་སེམས་ཀྱི་རྩེད་མོ་བྱ་བའི་བསམ་པ་མེད་པར་གྱུར་པར་ཚོར་བར་གྱུར་པ་དང་། དེའི་ཚེ་རྒྱལ་པོ་རབ་ཏུ་དགའ་བར་གྱུར་ནས་འདི་སྙམ་དུ་འཇིག་རྟེན་ན་སངས་རྒྱས་འབྱུང་ཞིང་བདག་གི་ཡུལ་དུ་བྱུང་བར་གྱུར་ནས་བདག་གིས་མཐོང་བར་གྱུར་ཅིག། མཐོང་ནས་ཀྱང་སེམས་ཀྱིས་མངོན་པར་ཡིད་ཆེས་པར་གྱུར་རྩེན་མངོན་པར་ཡིད་ཆེས་པར་གྱུར་ནས་ཀྱང་མཆོད་པ་བྱེད་པར་གྱུར་ལ། སྐྱེད་མོས་ཚལ་འདི་དེ་བཞིན་གཤེགས་པ་ལ་ཕུལ་ཏེ། དེ་བཞིན་གཤེགས་པའང་འདིར་བཞུགས་པར་གྱུར་ནས་བདག་གིས་ཆོས་ཐོས་པར་གྱུར་ཅིག། དེ་ཅིའི་ཕྱིར་ཞེ་ན། སྐྱེད་མོས་ཚལ་འདི་ནི་མཆོད་གནས་སུ་གྱུར་པ་དག་གི་གནས་ཡིན་གྱི། འདོད་པ་ལྔ་དང་མ་བྲལ་བ་རྣམས་ཀྱི་གནས་ནི་མ་ཡིན་ནོ།། སྙམ་དུ་སེམས་པས་སོ།། ཀུན་དགའ་བོ་རྒྱལ་པོ་གཟུགས་ཅན་སྙིང་པོ་སྐྱེད་མོས་ཚལ་འདིར་ཞུགས་པ་ན། དེ་ལྟ་བུའི་དགེ་བའི་སེམས་བསྐྱེད་པའང་འདས་པའི་དུས་སུ་དེ་བཞིན་གཤེགས་པ་རྣམས་སྐྱེད་མོས་ཚལ་འདིར་ཞུགས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་སྡེ་འདི་གསུངས་པས་ན། དེའི་ཕྱིར་སྐྱེད་མོས་ཚལ་འདིའོ་ཡོན་ཏན་ཇི་སྙེད་ཡོད་པ་དེ་དག་ནི་གཞན་དག་དང་ཐུན་མོང་དུ་མ་གྱུར་པས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་གུས་པས་ཕྱག་བྱེད་པ་ཡིན་ནོ།། ཀུན་དགའ་བོ་སྐྱེད་མོས་ཚལ་འདི་ན་སྦྲུལ་གདུག་པ་དང་། རྣངས་པ་དང་། སྤང་མ་དང་། སྦྲང་བུ་མཆུ་རིངས་ལ་སོགས་པ་མེད་དོ།། གལ་ཏེ་གནས་པར་གྱུར་ནའང་གདུག་པའི་སེམས་མེད་དོ།། འདིའང་འོད་མའི་ཚུལ་གྱི་ཐུན་མོང་མ་ཡིན་པ་ཡོན་ཏཱན་ཡིན་ཏེ། གལ་ཏེ་ལོ་བརྒྱའི་བར་དུ་ཚལ་འདིའི་ཡོན་ཏན་བརྗོད་ནའང་མཐར་ཐུག་པར་མི་འགྱུར་རོ།། དེ་ཅིའི་ཕྱི་ཞེ་ན། ཀུན་དགའ་བོ་འོད་མའི་ཚལ་གྱི་དྲོ་གཙང་ཁང་འདི་ནི་ཡོན་ཏན་ཚད་མེད་པ་སྙེད་དང་ལྡན་གྱི། གཞན་ནི་དེ་ལྟ་བུ་མ་ཡིན་པས་སོ།། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་བ།། བཅོམ་ལྡན་འདས་བདག་གིས་སྔོན་འོད་མའི་ནལ་འདི་འདུ་ལྟ་བུའི་ཡོན་ཏན་དང་ལྡན་པར་མ་འཚལ་ལགས་སོ། ། བཅོམ་ལྡན་འདས་བདག་གིས་ཐར་བཅོམ་ལྡན་འདས་ཀྱི་སམ་རིང་བགྱི་བར་མ་མོས་པའི་སྡིག་པསྩུ་འས་བདེང་བདག་བཤགས་པར་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཀུན་དགའ་བོ་ཁྱོད་ཀྱིས་དང་པོ་ཆོས་རྣམས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་པ་ནི་ཉིད་ཀྱི་ཆེ། སྡིག་པ་དེ་དག་བྱུང་བར་གྱུར་ཏོ།། རྫུ་འཕྲུལ་གྱི་སྟོབས་ཀྱི་ལེའུ་སྟེ་ལྔ་པའོ།། བམ་པོ་ལྔ་པ། དེ་ནས་ཚེ་དང་ལྡན་པ་ཨོའུ་འགལ་ཀྱི་སུ་ཆེན་མོ་འདུ་སྙས་དུ། བཅོམ་ལྡན་འདས་ནི་འདི་ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་པས་བྱང་ཆུབ་སེམས་དཔར་སྤྱོད་པ་རྣམས་ལེགས་པར་བསྟན་པར་མཛད་པས། བཅོམ་ལྡན་འདས་ནི་ཤིན་ཏུ་ངོ་མཚར་ཆེ་བཡིན་ནོ།། དེ་ཅི་འབྱོར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པར་སྤྲུ་ཅིང་།། ཀྱེ་འགག་མེད་པའི་དོན་སེམས་ཅན་གྱིས་ཁོང་དུ་ཆུད་པར་བྱེད་པས་སོ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོའི་སེམས་ཀྱིས་བསམ་པ་ཐུགས་ཀྱིས་མཁྱེན་ནས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ།། གལ་ཏེ་ངའི་ཉན་ཐོས་གང་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དོན་ཐོས་པར་གྱུར་ན་སེམས་གྱོ་མྱོ་པོར་འགྱུར་ཞིང་མོས་པར་ཡང་མི་འགྱུར་རོ། ། མོའུ་འགལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ལྟ་རེ་ཞིག་ཞོག་གི། ངས་གལ་ཏེ་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་དང་ལྡན་པ་ཡོངས་སུ་རྫོགས་པ་བརྗོད་པར་གྱུར་ན་ཡང་། ཁྱོད་ཀྱི་སེམས་མྱོ་མྱོ་བོར་འགྱུར་ཞིང་མོས་པར་ཡང་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། ལེགས་སོ་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཐུགས་རྗེ་ཆེན་པོ་ལས་ཕྱོགས་ཅུང་ཟད་ཙམ་ཞིག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་འགལ་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ཁྱོད་ལ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་ལས་ཕྱོགས་ཅུང་ཟད་ཅིག་དཔེས་བསྟན་པར་བྱའོ། ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་རྗེ་ཆེན་པོ་ཇི་སྙེད་ཅིག་སྤྱད་པ་བརྗོད་ཀྱིས་མི་ལོང་མོད་ཀྱི། སྙིང་རྗེ་ཆེན་པོ་དེ་ནི་དངོས་བོཔོ་རྣམ་པ་བཞི་ལ་གནས་པར་འགྱུར་རོ། ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་ཇི་ཙམ་དུ་སྙིང་རྗེ་ཆེན་པོ་ལ་གནས་པ་དེ་ཙམ་དུ་སངས་རྒྱས་ཀྱི་ཆོས་མངོན་པར་བསྒྲུབས་པར་གྱུར་པ་གང་ཡིན་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། ། མོའུ་འགལ་ང་ནི་སྔོན་སེམས་ཅན་རྣམས་ལ་འདི་ལྟ་བུའི་སྙིང་རྗེ་ཆེན་པོ་དང་ལྡན།། འདི་ལྟ་བུའི་སྨོན་ལམ་ཆེན་པོ་དང་ལྡན་པས་སེམས་ཅན་ཇི་སྙེད་ཅིག་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན་སྡུག་བསྔལ་རྣམས་མྱོང་བར་གྱུར་པ་དང་། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དང་། བསྡུས་འཇོམས་དང་། ཡང་སོས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དག་ན་སྡུག་བསྔལ་མྱོང་བར་གྱུར་པ་དག་འའང་། ངས་རྟག་ཏུ་སེམས་ཅན་དེ་དག་གི་ཆེད་དུ་སེམས་ཅན་དམྱལ་བ་ཆེན་པོ་ན་སྡུག་བསྔལ་ཇི་སྙེད་ཡོད་པ་དག་སྡིག་པའི་ལས་མ་བྱང་བ་དེ་སྲིད་དུ་སྡུག་བསྔལ་རྣམས་མྱོང་བར་གྱུར་ཀྱང་། སེམས་ལ་འགྱོད་པ་མེད་པར་གྱུར་ཏོ། ། མོའུ་འགལ་གལ་ཏེ་སེམས་ཅན་གྱི་དོན་དུ་གྱུར་པའི་རྒྱུ་དང་རྐྱེན་ཞིག་ཡོད་པར་གྱུར་ན། ངས་དེ་དག་ཐམས་ཅད་དང་དུ་བླངས་ནས་སེམས་ཅན་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་ལས་ཐར་པར་བྱས་ནས། ང་ཉིད་སྡུག་བསྔལ་དང་དུ་ལེན་པར་བྱེད་པས། སེམས་ཅན་གཅིག་གི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་སེམས་ཅན་རྣམས་ཀྱི་སྒྲིབ་པའི་ལས་མཐར་ཐུག་པའི་བར་དུ་དང་དུ་བླངས་ཀྱང་དེའི་ཚེ་ངའི་སེམས་ལ་འགྱོད་པ་ཅིའང་མེད་དོ། ། མོའུ་འགལངས་ནི་འདི་ལྟ་བུའི་སྨོན་ལམ་དང་། བརྩོན་འགྲུས་ཆེན་པོ་བསྐྱེད་ནས་བློ་དང་ལྡན་པ་འདི་ལྟ་སྟེ། སངས་རྒྱས་དང་དེའི་ཉན་ཐོས་དག་ལ་འདི་ལྟར་རིགས་པའི་ཚུལ་འདྲི་བའི་རྒྱུ་དང་རྐྱེན་ཡོད་པར་གྱུར་ན། སྡུག་བསྔལ་དང་དུ་བླངས་ནས་སེམས་ཅན་རྣམས་སེམས་ཅན་དམྱལ་བ་ལས་ཐར་བར་བྱེད་པས། མོའུ་འགལ་མཁས་པ་དག་གིས་ཐོས་པར་གྱུར་ན། ངའི་མང་དུ་ཐོས་པའི་བསྔགས་པ་བརྗོད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྦྱིན་པ་གཏོང་བར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། བཟོད་པ་སྒོམ་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། དགེ་བའི་བཤེས་གཉེན་ལ་བསྟེན་པའི་བསྔགས་པ་རྗོད་པར་བྱེད་དོ།། མོའུ་འགལ་ངས་དེ་ལྟ་བུ་ཐོས་ནས། བརྩོན་འགྲུས་ཆེན་པོ་བསྐྱེད་དེ། ཆོས་ཡོངས་སུ་གཉེར་བའི་ཕྱིར། ལྷག་པའི་བསམ་པ་བསྐྱེད་ནས་སངས་རྒྱས་རྣམས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཆེན་པོ་ཐོབ་པར་བྱ་བའི་ཆེད་དུ་བརྩོན་འགྲུས་བརྩམས་སོ། ། ཕ་རོལ་ཏུ་ཕྱིན་པ་རྣམས་ཕུན་སུམ་ཚོགས་པར་བྱ་བའི་ཆེད་དུ་བཟོད་པ་ཡོངས་སུ་བསྒོམས་སོ། ། མོའུ་འགལངས་སྔོན་ཇི་ལྟར་བཟོད་པ་ཡོངས་སུ་བསྒོམས་ཤེ་ན། སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། འདི་ལྟར་སེམས་བསྐྱེད་དེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་ཡོད་པའི་སེམས་ཅན་ཇི་སྙེད་པ་གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མིན་ཡང་རུང་སྟེ། སེམས་ཅན་དེ་དག་ཐམས་ཅད་མ་ལུས་པར་མིའི་ལུས་ཐོབ་པར་གྱུར་ནས་ཐམས་ཅད་བདག་གི་དྲུང་དུ་འོངས་ཏེ་འདི་སྐད་དུ། ཀྱེ་ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། བདག་ཅག་ནི་འདོད་པ་ལྔའི་བདེ་བ་དང་། འཚོ་བའི་ཡོ་བྱད་ཀྱིས་མང་དུ་འཕོངས་པ་ཡིན་ཏེ། ཁྱོད་གལ་ཏེ་བདག་ཅག་ལ་སྦྱིན་པར་མི་ནུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ཞེས་སེམས་ཅན་དེ་དག་གིས་དེའི་ཚེ་ཚིག་བདྲང་པོས་རྒྱུད་བཀགསམ།། མི་བདེན་པས་སྐྱོན་སྨོས་སམ། ཡིད་དང་མི་མཐུན་པའི་ཕྱིར་རལ་གྲི་དང་། དབྱིག་པ་དང་། གྱོ་མོ་དག་གིས་བདག་གི་ལུས་ལ་གནོད་པ་བྱས་ཀྱང་། བདག་དེའི་ཚེ་ཞེ་སྡང་དང་འགྱོད་པ་མི་སྐྱེད་པར་བདག་གིས་འདི་ལྟར་སེམས་རབ་ཏུ་གདུལ་བར་བྱའོ། ། སེམས་ཅན་འདི་དག་ནི་གླེན་ཞིང་གཏི་མུག་པ་དང་། ཤེས་པ་མེད་པས་གཏི་མུག་ལས་བྱེད་པ་ཡིན་ན། གལ་ཏེ་བདག་གིས་ཀྱང་སེམས་ཅན་གླེན་ཞིང་གཏི་མུག་མུག་པ་འདི་དག་ལ་ཞེ་སྡང་དང་ཁོན་དུ་འཛིན་པ་བསྐྱེད་པར་གྱུར་ན། འོ་ན་ནི་བདག་འདི་དག་དང་ཐ་དད་པའང་ཅི་ཡོད། འདི་དག་ནི་ལམ་དུ་མ་ཞུགས་པ་ཡིན་ལ། བདག་ནི་དགེ་བབའི་ལམ་དུ་ཞུགས་པ་ཡིན་པས། དེང་བདག་གིས་སེམས་ཅན་འདི་དག་ལས་སྡུག་བསྔལ་དང་དུ་བླངས་ཏེ། ཞེ་སྡང་གི་བསམ་པ་མི་སྐྱེད་པར། ས་ཆེན་པོ་བཞིན་དུ་བཟང་པོ་དང་ངན་པ་ཤོང་བར་བྱའོ་སྙམ་ནས། མོའུ་འགལ་ངས་སྔོན་བཟོད་པ་འདི་ལྟ་བུ་ཡོངས་སུ་བསྒོམས་སོ།། གཞན་ཡང་མོའུ་འགལ་ངས་ནི་ཡུན་རིང་པོ་ནས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བལྟས་སོ། ། འདི་ལྟ་སྟེ། དཔེར་ན་ཁྱིམ་བདག་ཤིན་ཏུ་ཕྱུག་ཅིང་ནོར་མང་བ། རིན་པོ་ཆེ་རབ་ཏུ་མང་བ། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་ལྡན་པ་ཞིག་ཡོད་ལ། དེས་བརྟུལ་ཞུགས་རྣམ་པ་བརྒྱད་སྤྱད་དེ། བུ་གཅིག་པ་རྙེད་པར་གྱུར་པ་ནས། སེམས་ལ་སྡུག་ཅིང་བལྟ་བས་མི་ངོམས་པར་གྱུར་ན། མོའུ་འགལ་ཁྱིམ་བདག་དེ་ནི་རྟག་པར་བུ་དེའི་ལེགས་པའི་དངོས་པོ་འཆོལ་བར་བྱེད་དེ། རྟག་པར་ལེགས་པའི་དངོས་པོ་སྦྱིན་པར་བྱེད། རྟག་པར་ཕན་པ་སྦྱིན་པར་བྱེད་ཀྱི། གནོད་པ་དང་ཕན་པ་མ་ཡིན་པ་སྦྱིན་པར་མི་བྱེད་དོ།། དེ་བཞིན་དུ་མོའུ་འགལ་ངའང་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་བུ་གཅིག་པ་བཞིན་དུ་ལྟ་བར་བྱེད་པས། ངས་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་ལེགས་པའི་དངོས་པོ་ཡོངས་སུ་བཙལ་ནས་ཕན་འདོགས་པར་བྱེད་ཀྱི། གནོད་པ་དང་ཕན་པ་མ་ཡིན་པ་སྦྱིན་པར་མི་བྱེད་དོ།། མོའུ་འགལ་ངས་ནི་ཡུན་རིང་པོ་ནས་ལམ་ནོར་བའི་སེམས་ཅན་རྣམས་དང་། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་ནས་ཡང་དག་པའི་ལམ་ལ་ཡང་དག་པར་རབ་ཏུ་བཀོད་དོ། ། མོའུ་འགལ་རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་ཤིན་ཏུ་དང་བའི་བསམ་པས་བུ་གཅིག་པ་བརྩེ་ཞིང་འཕངས་པ་ལ་བལྟ་བ་བཞིན་དུ་གཟིགས་པ་ཡིན་པར་རིག་པར་བྱའོ། ། མོའུ་འགལ་སྔོན་འདས་པའི་དུས་ན། ཚོང་པ་ཕལ་པོ་ཆེ་ཞིག་མཚན་མོ་ལམ་དུ་ཞུགས་ཏེ་སོང་བ་ལས། ལམ་སྟོར་ནས་ལ་མགོལ་བར་ཞུགས་པ་དང་། མཚན་མོ་མུན་ནག་ཏུ་གྱུར་པའི་ཕྱིར་གར་འགྲོ་བར་མ་ཤེས་ནས་ཐམས་ཅད་ཀྱིས་འདི་སྐད་དུ་བདག་@ཅག་ནི་ལ་མ་སྦྱོར་ཏེ། མགོན་བྱེད་པའང་མེད། སྐྱབས་བྱེད་པའང་མེད། གནས་བྱེད་པའང་མེད་ན། སེམས་ཅན་རྣམས་ལས་སུ་ནིག་ལྦའམ། གྲཝའམ། གནོད་སྦྱིན་ནམ། མི་འམ། མི་མ་ཡིན་པ་གང་ཞིག་གིས་བདག་ཅག་ལམ་བསྟན་ནས་ལམ་མ་ནོར་བ་ཐོབ་པར་འགྱུར། སུ་ཞིག་བདག་ཅག་ལ་སྙིང་བརྩེབས་ཕན་འདོགས་ཤིང་མཚན་མོ་མུན་ནག་ལམ་གོལ་ཞིང་ཉམང་བར་ཞུགས་པ་འདིར་སྣང་བ་སྦྱིན་པར་འགྱུར་ཞེས་སྨྲས་སོ། ། མོའུ་འགལ་དེའི་ཚེ་དཀོན་པའི་ནགས་ཚལ་ཞིག་ན་མུ་སྟེགས་ཅན་གྱི་དྲང་སྲོང་གཅིག་རྩཝའི་སྤྱིལ་ལོའི་ནང་ན་འདུས་པ་ལས། མཚན་མོ་མུན་པའི་ནང་ན་རློང་པ་མང་པོ་རྣམས་སྙིང་རྗེ་རྗེ་སྐད་དུ་འབོད་པའི་སྒྲ་ཐོས་ནས། དེ་འདི་སྙམ་དུ་དེང་ཚོང་པ་མང་པོ་རྣམས་མཚན་མོ་མུན་ནག་ཏུ་གྱུར་པས་དགོན་པའི་གནས་ནགས་ཚལ་འདིར་ལམ་སྟོར་བར་གྱུར་ཏེ། གལ་ཏེ་བདག་གིས་སྐྱབས་མ་བྱས་ན་ཚུལ་ཡང་མ་ཡིན་ལ། ཚོང་པ་མང་པོ་རྣམས་ཀྱང་སྟག་གམ། སེང་གེ་འམ། སྤྱང་ཀི་འམ། གླང་པོ་ཆེའམ། ཝ་འམ། གཅན་གཟན་མ་རུངས་པ་རྣམས་ཀྱིས་གཙེས་ཤིང་སྲོག་འཕྲོག་པར་འགྱུར་རོ་སྙམ་ནས། མོའུ་འགལ་དེའི་ཚེ་དྲང་སྲོང་དེས་སྒྲ་ཆེན་པོ་ཕྱུང་སྟེ། ཚོང་པ་རྣམས་ལ་སྨྲས་པ། ཀྱེ་ཚོང་པ་རྣམས་ཁྱེད་མ་འཇིགས་ཤིག། དེང་བདག་གིས་ཁྱེད་ཀྱི་སྐྱབས་བྱ་ཞིང་སྣང་བས་ཁྱེད་ལ་ལམ་ཡང་དག་པར་བསྟན་པར་བྱའོ།། ཞེས་དེའི་ཚེ་དྲང་སྲོང་དེས་ཚོང་པ་རྣམས་ཚིག་གིས་སྤྲོ་བ་བསྐྱེད་དེ། རས་ཀྱིས་ལག་པ་གཉིས་དཀྲིས་ནས། འབྲུ་མར་གྱིས་ཀུན་ཏུ་ཁྱབ་པར་བླུགས་ཏེ། མེ་སྤར་ནས་སྒྲོན་མེ་བྱས་ཏེ། ཚེང་པ་རྣམས་ལ་ལམ་བསྟན་ཏོ།། མོའུ་འགལ་དེའི་ཚེ་ཚོང་པ་རྣམས་སོ་སོ་ནས་འདི་སྙམ་དུ་དྲང་སྲོང་འདི་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཡིན་ཏེ། བདག་ཅག་གི་ཕྱིར་ལུས་དང་སྲོག་ལའང་འཕངས་པ་མེད་པར་གྱུར་ཏོ་སྙམ་མོ།། མོའུ་འགལ་དེའི་ཚེ་དྲང་སྲོང་དེས་ལག་པ་བསྲེགས་པའི་སྣད་བས་ཚོང་པ་རྣམས་ལ་ལམ་བསྟན་ནས་ཀྱང་སེམས་ཅན་ལ་སྙིང་རྗེ་ཆེར་སྐྱེས་པར་གྱུར་ནས། འདི་སྙམ་དུ་ན་མང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྣང་བ་བྱས་ནས་ཡང་དག་པའི་ལམ་སྟོན་པར་གྱུར་ཅིག་སྙམ་མོ།། མོའུ་འགལ་དེའི་ཚེ་དེའི་དུས་ན་ལག་པ་གཉིས་བསྲེགས་པར་གྱུར་ཀྱང་ལུས་དང་སེམས་ལ་འགྱོད་པར་གྱུར་པ་ཅུང་ཟད་ཀྱང་མེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་ཡོངས་སུ་གཉེར་བ་ན། ལུས་དང་སྲོག་ལའང་མངོན་པར་ཞེན་པ་མེད་པས་སོ།། བསམ་པ་རྣམ་པར་དག་པས་སྦྱིན་པ་ཡོངས་སུ་བཏང་བའི་རྒྱུ་དང་རྐྱེན་གྱིས་དེའི་ལག་པའང་སྔ་མ་ཁོ་ན་བཞིན་དུ་གྱུར་ཅིང་རྨའང་མེད་པར་གྱུར་ཏོ། ། ཚོང་པ་རྣམས་ཀྱང་ལམ་རྙེད་པར་གྱུར་ཏེ། ནམ་ལངས་ནས་དྲང་སྲོང་གི་ལག་པ་གཉིས་ལ་རྨའང་མེད་པར་མཐོང་བ་དང་། ངོ་མཚར་གྱི་བསམ་པ་བསྐྱེད་ནས་འདི་སྙམ་དུ་དྲང་སྲོང་འདི་ནི་རྫུ་འཕྲུལ་གྱི་མཐུ་ཆེན་པོ་དང་ལྡན་པས་མཚན་ཐོག་ཐག་ལག་པ་གཉིས་སྦར་ནས་བདག་ཅག་གི་སྣང་བ་བྱས་ཏེ། ལམ་ཡང་དག་པར་བསྟན་ཀྱང་འདིའི་ལག་པ་ལ་ཚིག་པ་ཅུང་ཟད་ཀྱང་མེད་པས། གདོན་མི་ཟ་བར་འདི་ནི་སྤྱོད་པ་ཆེན་པོ་གྲུབ་ཅིང་ཡོན་ཏན་ཆེན་པོ་དང་ལྡན་པ་ཡིན་ནོ་སྙམ་ནས། མོའུ་འགལ་དེའི་ཚེ་ཚོང་པ་རྣམས་ཀྱིས་དྲང་སྲོང་དེ་ལ་འདི་སྐད་ཅེས་སྨྲས་སོ། ། དྲང་སྲོང་ཁྱོད་ཀྱིས་མཆོག་ཏུ་དཀའ་བའི་དཀའ་བ་སྤྱད་པར་གྱུར་པ་ནི་ཤིན་ཏུ་ལེགས་སོ།། དེང་སྤྱོད་པ་འདས་དངོས་པོ་གང་ཞིག་ཐོབ་པར་སྨོན་ལགས། ། དྲང་སྲོང་གིས་སྨྲས་པ། ཀྱེ་ཚོང་པ་རྣམས་བདག་ནི་དངོས་པོ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཁྱེད་ལ་སོགས་པ་ཁོར་བའི་སྡུག་བསྔལ་ལས་བཟླས་ཏེ། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པར་སྨོན་ཏོ།། དེའི་ཚེ་ཚོང་པ་རྣམས་སེམས་རབ་ཏུ་དགའ་བར་གྱུར་ནས། ཐམས་ཅད་ཀྱིས་འདི་སྐད་དུ་བདག་ཅག་གིས་དངོས་པོ་ཇི་ལྟ་བུ་ཞིག་གིས་དྲང་སྲོང་འདི་ལ་ལན་བླན་པར་བྱ་ཞེས་སྨྲས་པ་དང་། དྲང་སྲོང་གིས་སྨྲས་པ། ཁྱེད་རྣམས་རྩེ་གཅིག་ཏུ་དགེ་བའི་ཆོས་སྤྱོད་ལ་བག་མེད་པར་མ་བྱེད་ཅིག། ཚེང་པ་རྣམས་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་འཚལ་ལོ་ཞེས་སྨྲས་ནས། ཚོང་པ་རྣམས་རབ་ཏུ་དགའ་ཞིང་གུས་པས་ཕྱག་བྱས་ཏེ། དེ་ནས་གྱེས་པར་གྱུར་ཏོ། ། མོའུ་འགལ་ཁྱོད་ཀྱིས་དེའི་ཚེ་དུས་ན་མུ་སྟེགས་ཅན་གྱི་དྲང་སྲོང་ཚོང་བ་རྣམས་ཀྱི་ཆེད་དུ་ལག་པ་སྦྱར་ནས། ལམ་སྣང་བར་བྱས་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ།། དེའི་ཚེ་དེའི་དུས་ཀྱི་ཚོང་པ་རྣམས་ནི་ད་ལྟར་གྱི་དགེ་སློང་སྤྱོང་ཉིས་བརྒྱ་ལྔ་བཅུ་པོ་འདི་དེགཉིད་ཡིན་ནོ།། མོའུ་འགའ་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་འཇིགས་ཤིང་སྐྲག་པར་གྱུར་པའི་སེམས་ཅན་རྣམས་ལ་མི་འཇིགས་པ་བྱིན་པ་དང་། ལམ་ལོག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པ་དང་། མིག་མེད་པའི་སེམ་ཅན་དག་ཡོངས་སུ་དག་པའི་མིག་ཐོབ་པར་བྱས་པ་དང་། ནད་ཚབས་ཆེ་བའི་སེམས་ཅན་རྣམས་གསོས་ནས་སོས་པར་བྱས་པའི་རྒྱུ་དང་རྐྱེན་དེས་དེ་བཞིན་གཤེགས་པ་ནི་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ཏུ་མངའ་བ་ཡིན་པར་རིག་པར་བྱའོ། ། གཞན་ཡང་མོའུ་འགལ་སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ་འཛམ་བུའི་གླིང་འདིར་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་བས་སེམས་ཅན་རྣམས་ནད་ཀྱིས་ཉོན་མོངས་པར་གྱུར་ཏོ། ། དེའི་ཚེ་འཛམ་བུའི་གླིང་གི་རྒྱལ་པོ་དབང་ཕྱུག་གི་སྡེ་ཞེས་བྱ་བ་གྲོང་ཁྱེར་ཆེན་པོ་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་ཅིང་མཐུ་ཆེན་པོ་དང་ལྡན་པ་ཞིག་བྱུང་པབར་གྱུར་ཏོ། ། དེའི་ཚེ་རྒྱལ་པོ་དེའི་བཙུན་མོ་དམ་པ་སེམས་ཅན་དང་ལྡན་པར་གྱུར་ཏོ།། དེའི་ལུས་ཀྱི་ཡན་ལག་གམ། ལག་པས་སེམས་རྣམས་ལ་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་པར་གྱུར་ཏོ། ། ཟླ་བ་ཚང་ནས་བུ་ཁྱེའུ་ཞིག་བཙས་པ་དང་། བཙས་མ་ཐག་ཏུ་འདི་སྐད་དུ་བདག་ནི་ནད་པ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་སོ།། གཞན་ཡ་ཨང་བཅས་པའི་ཚེ་འཇམ་བུའི་ཀློང་གི་ལྦ་འདྲི་རྣམས་ཀྱིས་མཐུན་པར་འདི་སྐད་དུ་དེང་རྩལ་བའི་དུ་བཅས་པ་འདིན་མོའི་སྤྲིན་ལེན་ནོ་ཞེས་སྨྲས་པས་དེ་སྐད་ཅེས་སྨྲས་པའི་སླ་ཀུན་ཏུ་གྲགས་པའི་ཕྱིར་མིང་ཡང་མིའི་སྨན་ཞེས་བཏགས་སོ། ། དེའི་ཚེ་མི་རྣམས་ཀྱང་གང་ནད་ཀྱིས་བཏབ་པ་རྣམས་ཁྲིད་ནས་རྒྱལ་བུ་དེ་ལ་བསྟན་པ་དང་། ནད་པ་གང་རྒྱལ་བུའི་དྲུང་དུ། བྱིན་པ་དེ་དག་རྒྱལ་བུའི་ལག་པས་རེག་པར་གྱུར་ཏམ། ལུས་ཀྱིས་རེག་པར་གྱུར་ཀྱང་རུང་སྟེ། ཐམས་ཅད་ནད་སོས་ནས་བདེ་བ་ཐོབ་པར་གྱུར་ཏོ།། དེ་བཞིན་དུ་འཛམ་བུའི་གླིང་ག་ན་ས་པ་ཀུན་གྱིས་ནད་པ་ཁྲིད་ནས་རྒྱལ་བུ་ལ་བསྟན་པ་དང་། རྒྱལ་བུའི་ལག་པས་རེག་པ་ཙམ་གྱིས་ནད་ཐམས་ཅད་སོས་ནས་མཆོག་ཏུ་བདེ་བ་ཐོབ་པར་གྱུར་ཏོ།། མོའུ་འགལ་རྒྱལ་བུ་མིའི་སྨན་གྱིས་ལོ་སྟོང་གི་བར་དུ་དེ་ལྟར་ནད་གསོས་ནས་དེའི་འོག་ཏུ་འཆི་བའི་དུས་བྱས་སོ། ། འཆི་བའི་དུས་བྱས་པའི་འོག་ཏུ་ནད་པ་རྣམས་དེར་འོངས་ནས་འཚོ་བའི་དེས་བྱས་པ་ཐོས་པ་དང་། མྱ་ངན་དང་སྨྲེ་སྔགས་བཏོན་ཏེ་ངུས་ནས་སུ་ཞིག་བདག་ཅག་ན་བའི་སྡུག་བསྔག་ལས་ཐར་པར་བྱེད་ཅེས་སྨྲས་སོ།། ནད་ཀྱིས་བཏབ་པ་རྣམས་རྒྱལ་པོ་མའི་སྨན་གང་དུ་བསྲེགས་པ་རྨས་ནས། གང་དུ་བསྲེགས་པ་ཤེས་པར་གྱུར་པ་དང་། བསྲེགས་པའི་གནས་དེར་རུས་བབླངས་ཏེ་ཕྱེ་མར་བཏགས་ནས་ལུས་ལ་བསྐུས་པ་དང་། ཐམས་ཅད་ནད་སོས་པར་གྱུར་ནས་སྐད་དུ་རྒྱལ་བུ་མིའི་སྨན་གྱིས་ད་དུང་ཡང་ན་བ་རྣམས་གསོ་བར་ནུས་སོ་ཞེས་སྨྲས་སོ། ། མོའུ་འགལ་དེ་ལྟར་ནད་པ་རྣམས་གསོས་པའི་རྒྱུ་དང་རྐྱེན་གྱིས་རུས་པ་རྣམས་ཀྱང་མཐར་གྱིས་ཟད་པར་གྱུར་ཏོ། ། རུས་པ་རྣམས་ཟད་པའི་འོག་ཏུ་བསྲེགས་པའི་གནས་དེར་སོང་ནས་ས་དང་། ཐལ་བ་དང་། སོལ་བ་རྣམས་བླངས་ཏེ་མོ་སོ་ནས་ལུས་ལ་བསྡུས་པ་དང་ནད་ཐམས་ཅད་སོས་པར་གྱུར་ཏོ། ། མོའུ་འགལ་དེ་ལྟར་རྒྱལ་བུ་མིའི་སྨན་གྱིས་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་བ་ན་ཐབས་མཁས་པས་ནད་ཀྱིས་བཏབ་པ་རྣམས་གསོས་པ་ཡིན་ནོ།། མོའུ་བགལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་རྒྱལ་བུ་མིའི་སྨན་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ཏེ། ངས་ནད་ཀྱིས་སྡུག་བསྔལ་མང་བའི་སེམས་ཅན་མགོན་མེད་པ་སྐྱབས་མེད་པ་དག་གི་ནད་གསོས་སོ། ། ངས་དེང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ཤེས་རབ་ཆེན་པོའི་སྨན་གྱིས་སེམས་ཅན་རྣམས་གསོས་ནས་སྡུག་བསྔལ་ལས་ཐར་པར་བྱས་སོ། ། མོའུ་འགལ་ང་ནི་སེམས་ཅན་དག་གི་ཆེད་དུ་ལུས་གང་བླངས་པས་ཕན་འདོགས་པར་གྱུར་པ་དེ་བཞིན་ལེན་ཅིང་ཕན་འདོད། བར་བྱེད་པས། མོའོ་འགལ་རྒྱུ་དང་རྐྱེན་དེས་ན་ཆེད་དུ་སེམས་ཅན་གྱི་ཕྱིར་ལུས་བླངས་ནས་ཕན་འདོགས་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་མོརུ་འགལ་སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ། ང་གཅིག་པུ་གྲོགས་མེད་པར་སོང་བ་ལས་གཅན་གཟན་མ་རུངས་པ་གཅིག་འོངས་ཏེ་ངའི་སྲོག་བཅད་ནས། ངའི་ཤ་བཟའ་བར་འདོད་པ་ལས། ང་འཆི་ཀའི་དུས་ཀྱི་ཚེ་སེམས་བསྐྱེད་ནས་འདི་སྐད་དུ་བ་དག་འཆི་བའི་དུས་བྱས་པའི་འོག་ཏུ་དགོན་པའི་ནགས་ཚལ་འདིར་དུད་འགྲོ་ལུས་པོ་ཆེ་ཞིག་ཏུ་སྐྱེས་ནས་གཅན་གཟན་མ་རུངས་པ་གང་བདག་གི་སྲོག་གཅད་པ་དེ་དག་འགྲངས་ཤིང་ཚིམ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། ། དེ་ཅིའི་ཕྱིར་ཞེ་ན། གཅན་གཟན་མ་རུངས་པ་དེ་དག་ནི་རྟག་པར་སྲོག་ཆགས་ཕྲ་མོ་གསོད་ཅིང་ཤ་ཟ་བར་བྱེད་པས་སྲོག་གཅོད་པའི་ཁ་ན་མ་ཐོ་བ་མང་དུ་བསྐྱེད་ཀྱང་འགྲངས་ཤིང་ཚིམ་པར་མི་འགྱུར་བས། ངས་འདི་སྙེད་དུ་བདག་འདིར་དུད་འགྲོ་ལུས་པོ་ཆེར་སྐྱེས་ནས་ཤ་ཟ་ཞིང་ཁྲག་འཐུང་བའི་སེམས་ཅན་རྣམས་འགྲངས་ཤིང་ཚིམ་པར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ན། འཆི་བའི་དུས་བྱས་མ་ཐག་ཏུ་དེར་དུད་འགྲོ་ལུས་པོ་ཆེར་རྫུས་ཏེ་སྐྱེས་ནས་གཅན་གཟན་མ་རུངས་པ་ཤ་ཟ་ཞིང་ཁྲག་འཐུང་བ་རྣམས་འགྲངས་ཤིང་ཚིམ་པར་བྱས་པ་ཡིན་ནོ། ། དེ་བཞིན་དུ་ཚེ་རབས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་དུ་ཆེད་དུ་ལུས་བླངས་ནས་སེམས་ཅན་རྣམས་ལ་ཕན་པ་བྱས་ཏེ། མོའུ་འགལ་ངས་གལ་ཏེ་བསྐལ་པ་གཅིག་གམ། བསྐལ་པ་ལས་ལྷག་པར་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་བཀྲེས་ཤིང་སྐོམ་པ་རྣམས་ལ་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་པ་དང་བརྗོད་ནའང་མཐར་ཐུག་པར་མི་འགྱུར་རོ། ། མོའུ་འགལ་དེ་ལྷུར་ན་ངས་སྔོན་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྙིང་རྗེའི་སེམས་རབ་ཏུ་བསྐྱེད་བ་ཡིན་ནོ། ། གཞན་ཡང་མོའུ་འགལངས་མངོན་པར་དྲན། སྔོན་བྱུང་བ་འདས་པའི་དུས་ཀྱི་ངས་སེམས་ཅན་སྡུག་བསྔལ་གྱིས་ཉོན་མོངས་པ་མཐོང་བ་དང་། འདི་སྙམ་དུ་བདག་གིས་སྤངས་ཏེ་ཡོངས་སུ་མི་བསྐྱབ་པའི་མི་རིགས་སོ་སྙམ་དུ་བསམས་ནས། དེ་དག་གི་ཐད་དུ་སོང་ནས་འདི་སྐད་དུ། ཀྱེ་ཁྱེད་ལ་སྡུག་བསྔལ་ཇི་ལྟ་བུ་ཞིག་ཡོད། ཅི་ཞིག་འདོད། ཅེས་དྲིས་པ་དང་། དེ་དག་གིས་སྨྲས་པ། དེང་བདག་ཅག་ནི་ཤིན་ཏུ་བཀྲེས་ཤིང་སྒོམ་མོ།། ངས་དེ་སྐད་སྨྲས་པ་ཐོས་ནས་འདི་སྐད་ཅེས་སྨྲས་སོ།། ཁྱེད་བཟའ་བ་དང་བཏུང་བ་ཇི་ལྟ་བུ་ཞིག་འདོད། ། དེ་དག་གིས་ང་ལ་བདག་ཅག་ནི་ཤ་ཟ་ཞིང་ཁྲག་འཐུང་བ་ཡིན་པས། གལ་ཏེ་ལུས་ཀྱི་ཤ་དང་ཁྲག་བདག་ཅག་ལ་བྱིན་ན་ནི་བདག་གདོད་པ་དེ་ཞིང་ནད་མེད་པར་འགྱུར་རོ་ཞེས་སྨྲས་པ་དང་། ངས་དེ་དག་ལ་དེ་བཞིན་དུ་གནང་ནས། རང་ཉིད་ཀྱི་ཤ་བ་ཅད་ཁྲག་ཕྱུང་ནས་སེམས་ཅན་དེ་དག་ལ་བྱིན་ཡང་། མོའུ་འགལ་དེའི་ཚེ་ངའི་སེམས་ལ་འགྱོད་པ་མེད་ཅིང་འཕངས་པའང་མེད་མྱ་ངན་ཡང་མེད། བྱིང་བའང་མེད་ཀྱི་འདི་སྙམ་དུ་དེང་བདག་གིས་ལུས་ཀྱི་ཤ་ཇི་ཙམ་དུ་བཅད་པ་དེ་ཙམ་དུ་འཁོར་བའི་སྡུག་བསྔལ་གྱི་ཕྱོགས་ཀྱང་དེ་ཙམ་ཞིག་འགག་པར་འགྱུར་རོ་སྙམ་དུ་བསམས་ནས། ངས་ཡུན་རིང་པོར་རྟག་པར་དེ་ལྟར་སྦྱིན་པ་ཡོངས་སུ་གཏང་བ་ལ་མོས་པར་གྱུར་ཏོ།། དེ་ལྟར་སྦྱིན་པ་བཏང་ཡང་རབ་ཏུ་དགའ་ཞིང་བདེ་བ་ཐོབ་པར་གྱུར་པ་ཡིན་ཏེ། རྒྱུ་དང་རྐྱེན་དེས་ན་དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་ཏུ་མང་བ་ཡིན་པར་རིག་པར་བྱའོ།། གཞན་ཡང་མོའུ་འགལ་ངས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བ་ཡོན་ཏན་གྱི་མཐུ་ཆེན་པོ་དང་ལྡན་པ་དགེ་བའི་རྩ་བ་རབ་ཏུ་བསགས་པ་ཞིག་བྱུང་ངོ་། ། དེའི་ཚེ་རྒྱལ་པོ་སྟོབས་པོ་ཆེ་འདི་སྙམ་དུ་དེང་བདག་གིས་ཅིའི་ཕྱིར་མཆོད་སྦྱིན་ཆེན་པོ་བཤམས་ནས་སེམས་ཅན་རྣམས་ཚིམ་པར་མི་བྱེད་སྙམ་མོ། ། དེ་སྙམ་དུ་བསམས་ནས་མཆོད་སྦྱིན་ཆེན་པོ་བཤམས་ཏེ། བཟའ་བ་འདོད་པ་ལ་བཟའ་བ། བཏུང་བ་འདོད་པ་ལ་བཏུང་བ། ཀོས་དང་། མལ་ཆ་དང་། གསེར་དང་། དངུལ་དང་། རིན་པོ་ཆེའི་དངོས་པོ་དང་། ཤིང་རྟ་དང་། བཞོན་པ་དང་། ནོར་དང་། སྤུག་དང་། རྡོའི་སྙིང་པོ་དང་། ཤེ་དང་བཻ་ནུརྨ་དང་། བྱུ་རུ་དང་། མན་ཤེལ་ལ་སོགས་པའི་རིན་པོ་ཆེ་དང་། མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། སྤོས་ཀྱི་ཕྱེ་མ་དང་། དར་གྱི་ལྡ་ལྡི་དང་། གདུགས་དང་། རྒྱལ་མཚན་དང་། བུ་དང་། བུ་མོ་དང་། བྲམ་པོ་དང་། བྲན་མོ་དང་། ལས་བྱེད་པ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་དང་། ལུག་དང་། ཞིང་གི་དངོས་པོ་འདོད་པ་དག་འའང་ཇི་ལྟར་འདོད་པ་བཞིན་དུ་དགའ་མགུར་སྦྱར་ནས་ཐམས་ཅད་ཡོངས་སུ་བཏང་ངོ་། ། མོའུ་འགལ་རྒྱལ་པོ་སྟོབས་པོ་ཆེས་དེ་ལྟར་སྦྱིན་པ་རྒྱ་ཆེར་བཏང་བ་དང་། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་འདི་སྙམ་དུ་བདག་གིས་ཅིའི་ཕྱིར་རྒྱལ་པོ་འདི་འ་བར་ཆད་བྱས་ཏེ་འབྲས་བུ་མོ་ཐོབ་པར་བྱ་སྙམ་དུ་བསམས་ནས། དེ་ནས་བྲམ་ཟེ་ཞིག་ཏུ་སྤྲུལ་ཏེ། རྒྱལ་པོ་དེ་ག་ལ་བ་དེར་སོང་ནས། རྒྱལ་པོ་དེ་ལ་འདི་སྐད་ཅེས་དྲིས་སོ།། ཀྱེ་མཆོད་སྦྱིན་ཆེན་པོའི་འདུས་པ་འདིར་དངོས་པོ་ཇི་ལྟ་བུ་ཞིག་ཡོངས་སུ་གཏོང་། ། རྒྱལ་པོས་སྨྲས་པ། བྲམ་ཟེ་བདག་ལ་ནོར་ཅི་བདོག་པ་ཐམས་ཅན་ཡོངས་སུ་བཏང་བས་འཕངས་པ་ཅིའང་མེད་དོ།། བྲམ་ཟེས་སྨྲས་པ། ཁྱོད་ཀྱི་ཡིད་མ་དེ་ལྟ་བུ་ཡིན་ན་དེང་བདག་གིས་སློང་བ་གང་ཡིན་པ་དེ་སྦྱིན་པར་ནུས་སམ། རྒྱལ་པོ་སྟོབས་པོ་ཆེས་སྨྲས་པ། བདག་གིས་ཅི་བདོག་པ་ཐམས་ཅད་ཟད་པར་གཏོང་ངོ་ཞེས་མ་སྨྲསས་ས། བྲམ་ཟེ་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་དེ་ལྟ་ན་རེང་བདག་ནི་རྒྱལ་པོའི་ལུས་ཀྱི་ཡན་ལག་འདོད་དོ།། རྒྱལ་པོས་བསམས་པ། བྲམ་ཟེ་འདི་ནི་ནོར་ཟས་འདོད་པ་མ་ཡིན་གྱི། དེང་འདིར་འོངས་ནས་བདག་གི་མཆོད་སྤྲིན་ཆེན་པོ་གཞིག་པར་འདོད་པ་ཡིན་ཏེ། ། གལ་ཏེ་བདག་གི་ལུས་ཀྱི་ཡན་ལག་མ་བྱིན་ན་ནི། བདག་ཉིད་ཀྱིས་རང་གི་མཆོད་སྦྱིན་ཆེན་པོ་བཤིག་པར་འགྱུར་རོ་སྙམ་དུ་བསམས་ནས། བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལ་ལུས་ཀྱི་ཡན་ལག་སྦྱིན་གྱིས་ཆོད་ལ་ཁྱེར་ཅིག། བྲམ་ཟེས་སྨྲས་པ། རྒྱལ་ཆེན་པོ་དང་དེ་སྐད་སྨྲས་པ་འདིལ་འརྗོད་པར་གྱུར་པ་ལྟ་མེད་དམ། རྒྱལ་པོ་སྟོབས་པོ་ཆེས་སྨྲས་པ། བདག་གི་སེམས་ལ་འགྱོད་པ་མེད་དེ། དེང་སློང་བ་མང་པོ་ཕྱོགས་བཞི་ནས་འདུས་ཏེ་འོངས་ནའང་བདག་གིས་ཐམས་ཅད་ཚིམ་པར་བྱའོ་སྙམ་མོ།། བྲམ་ཟེས་སྨྲས་པ། དེང་བདག་གཅིག་པུ་ཚིམ་པར་བྱ་བའང་དགའ་ན་གཞན་མང་པོ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་རྒྱལ་པོ་སྟོབས་པོ་རྗེས་མཚོན་རྣོན་པོས་རང་གི་ལག་པ་བཅད་ནས། བྲམ་ཟེ་ལ་ཁྱོད་ཀྱིས་ལག་པ་འདི་གཅིག་ཁྱེར་ཅིག་ཅེས་སྨྲས་སོ། ། མོའུ་འགལ་རྒྱལ་པོ་སྟོབས་པོ་ཆེས་རང་གི་ལག་པ་བཅད་པའི་ཚེ་སེམས་ལ་གྱུར་ཅིང་འགྱོད་པ་མེད་པར་གྱུར་ཏེ། དེ་ལྟར་སེམས་རྩེ་གཅིག་ཏུ་སྦྱིན་པ་ཡོངས་སུ་བཏང་བའི་ཕྱིར་དང་། ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་ལག་པའང་སྔ་མ་ཁོ་ན་བཞིན་དུ་གྱུར་ཏོ།། དེའི་ཚེ་རྒྱལ་པོ་སྟོབས་པོ་ཆེས་མཚོན་གྱིས་ལུས་ཀྱི་ཡན་ལག་བཅད་ནས་བྲམ་ཟེ་ལ་བྱིན་ཡང་སླར་སྐྱེས་པར་གྱུར་ཏོ། ། མོའུ་འགལ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ཡང་རྒྱུ་དང་རྐྱེན་དེས་ན་ལྷའི་བསོད་ནམས་ཟད་ནས་སེམས་ཡོངས་སུ་གདུང་ཞིང་སྡུག་བསྔལ་བས་འོ་དོད་ཆེན་པོ་བོས་ཏེ། ལུས་དེ་ཉིད་ཀྱིས་མངོན་དུ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བར་གྱུར་ཏོ།། མོའུ་འགལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན། རྒྱལ་པོ་སྟོབས་པོ་ཆེས་ལུས་ཡོངས་སུ་བཏང་བ་དེ་གཞན་ཞིདི་མིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་། ། དེ་ནིང་ཉིད་མིན་ནོ།། དེའི་ཚེ་དེའི་དུས་ནུབརྒྱ་བྱིན་ལྔའི་དབང་པོ་མཆོད་སྦྱིན་ཆེན་པོའི་བར་ཆང་བྱ་བར་འདོད་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་བལྟ་སྟེ། དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ནོ།། མོའུ་འགལ་དེའི་འཚེའང་ལྔ་སྦྱིན་བླུན་པོ་ཕྲག་དོག་དང་ཞེ་སྡང་གི་བསམ་པས་ངའི་སྦྱིན་པའི་བར་ཆད་བྱ་བར་འདོད་པ་ལས་གཞིག་པར་མ་ནུས་ཏེ། མ་ཅན་དམྱལ་བ་ཆེན་པོར་ལྷུང་བར་གྱུར་ཏོ། ། ངས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་མཆོད་སྦྱིན་བཤམས་པ་ནའང་ལྷ་སྦྱིན་བླུན་པོང་དུང་ཞེ་སྡང་དང་ཕྲག་དོག་གི་བསམ་པས་རྙེད་པ་ལ་མངོན་པར་ཞེན་པའི་ཕྱིར་འཁོར་མང་པོ་ཁ་བསྡུས་ནས་ང་ལ་གསོད་པར་འདོད་པ་ཡིན་ནོ། ། ང་སྔོན་བྱ་རྒོང་ཕུང་པོའི་རའི་ཤོད་དུ་འཆག་པ་ལས་ལྷ་སྦྱིན་བདག་ཉིད་རིའི་སྟེང་དུ་འཛེགས་ནས་འཁྲུལ་འཁོར་གྱི་རྡོ་འའངས་ཏེ་བདག་ཉིད་ཀྱི་དགེ་བའི་རྩ་བ་བཤིག་ནས་ངལ་ངན་སེམས་བསྐྱེད་པས། བདག་ཉིད་ཀྱི་རྙེང་པ་དང་འབྱོར་པའི་མཐུ་ཉམས་པར་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བ་ཡིན་ནོ། ། མོའུ་འགལངས་ནི་ལྷ་སྦྱིན་བླུན་པོ་ལ་ལུས་དང་། ངག་དང་། ཡིད་ཀྱིས་པ་བྱས་པ་མེད་ཀྱང་ཡུན་རིང་པོ་ནས་ང་ལ་དཟར་འདུ་ཤེས་སོ། ། ཚེ་རབས་ཐམས་ཅད་དུ་ངས་དགེ་བའི་ཆོས་མངོན་པར་བསྒྲུབས་པའི་བར་ཆད་བྱ་བར་བརྩམས་ཀྱང་། དགེ་བ་སྤྱོད་པའི་བར་ཆད་བྱ་བར་མ་ནུས་སོ། ། ངས་ནི་ཡུན་རིང་པོ་ནས་རྟག་པར་བྱམས་པ་དང་སྙིང་རྗེས་ངན་བཏགས་ཀྱང་། ང་ལ་ཉེས་པའི་འདུ་ཤེས་སྐྱེད་པར་བྱེད་དོ།། མོ་རུ་འགལ་ལྷ་སྦྱིན་ནི་ཚེ་རབས་ཐམས་ཅད་དུ་ངས་བྱས་པའི་དྲིན་མི་གཟོ་བས། ངས་དེང་ལྷ་སྦྱིན་དང་འདྲ་བ་དག་ལའང་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་དྲིན་མི་ཤེས་པར་བསྟན་ཏེ། དེ་ལྟ་བུའི་སྐྱེ་བོ་དེ་དག་ནི་ལོག་པ་ཉིད་དུ་ངེས་པའི་གནས་སུ་ཞུགས་པ་ཡིན་ནོ།། མོའུ་འགལ་ལྷ་སྦྱིན་ཕྱིས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་འཇུག་པའི་ཚེ། གདོད་པ་ལ་ལྷག་པའི་བསམ་པ་བཟང་པོ་སྐྱེས་པར་གྱུར་ཏེ། འདིའང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱི་མཐུ་ཡིན་ནོ།། ལྷ་སྦྱིན་པའི་དྲིན་མི་ཤེས་པའི་མཆོག་ཏུ་གྱུར་པས། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་འཇུག་ཏུ་ཉེ་བའི་ཚེ། སྒྲ་ཆེན་པོ་འདི་སྐད་དུ་ལྷ་སྦྱིན་བླུན་པོ་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་ཞེ་སྡང་གི་སེམས་བསྐྱེད་པ་དང་། གསད་པར་བྱ་བ་མ་ཡིན་པ་ལ་ནན་གྱིས་གསོད་སེམས་བསྐྱེད་པའི་ཁ་ན་མ་ཐོ་བའི་རྒྱུ་དང་རྐྱེན་གྱིས་དེང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བ་ཡིན་ནོ།། ཞེས་བསྒོ་བ་ཐོས་པས་ཤིན་ཏུ་སྐྲག་ནས་གདོད་དུལ་བར་གྱུར་ཏེ། འདི་སྐད་དུ་དེང་བདག་ཤ་དང་རུས་པ་གཏུབས་ཏེ་སེམས་རྩེ་གཅིག་ཏུ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་ཞེས་སྨྲས་པས། སེམས་བདེ་བ་ཐོབ་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ལ་མངོན་པར་ཡིད་ཆེས་པ་བསྐྱེད་ནས་སྒྲ་ཆེན་པོ་ཕྱུང་སྟེ། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ཞུགས་པའི་རྒྱུ་དང་རྐྱེན་དེས་ན། ཕྱིས་སེམས་ཅན་དམྱལ་བ་ཆེན་པོ་ལས་ཐར་ནས་མིར་སྐྱེས་ཏེ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ལམ་ཡང་དག་པར་བསྒོམས་པས། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་གྱུར་ཏེ། མིང་ཡང་རུས་པ་ཅན་ཞེས་བྱ་བར་འགྱུར་རོ།། མོའུ་འགལ་བས་དེང་ལྷ་སྦྱིན་ལ་རང་སངས་རྒྱས་སུ་འགྱུར་བར་ལུང་བསྟན་པ་ཉིད་ཀྱིས་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བཟླས་པ་ཡིན་ནོ། ། མོའུ་འགལ་ངས་ལྷ་སྦྱིན་ཡོངས་སུ་བཟླས་པ་ནི་ངའི་སྔོན་གྱི་སྨོན་ལམ་ཇི་ལྟ་བ་བཞིན་དུ་གྱུར་པ་ཡིན་ནོ།། དེ་ཅིའི་ཕྱིན་ཞེ་ན། ངས་ཚེ་རབས་སྔ་མ་ལ་ལྷ་སྦྱིན་ཡོངས་སུ་བཟླ་བར་དམ་བཅས་པས། ངས་ཁྱོད་ཡོངས་སུ་བཟླ་བར་བྱའི། གཞན་གྱིས་བཟླ་བར་བྱ་བ་མེད་དོ་ཞེས་སྨྲས་བས་སོ། ། མོའུ་འགལ་ལྷ་སྦྱིན་ནིང་འབའ་ཞིག་ལས་མྱ་ངན་ལས་འདས་པའི་རྒྱུ་དང་རྐྱེན་བསྐྱེད་པ་ཡིན་གྱི། གཞན་ལས་བསྐྱེད་པ་མ་ཡིན་པས། ལྷ་སྦྱིན་ནི་དེང་ཕྱིན་ཆད་ཀྱང་གཞན་ལས་དགེ་བའི་རྩ་བ་སྐྱེད་པར་མི་བྱེད་ཀྱི། ང་འབའ་ཞིག་ལ་ཡོངས་སུ་དང་བའི་སེམས་སྐྱེད་པར་བྱེད་དོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཞེས་སྨྲས་པའི་དགེ་བའི་རྩ་བའི་རྒྱུ་དང་རྐྱེན་གྱིས་ན་བྱིས་ཀྱང་རང་སངས་རྒྱས་ཀྱི་ལམ་ཐོབ་པར་འགྱུར་བ་ཡིན་ནོ། ། མོའུ་འགལང་ནི་ཡུན་རིང་པོ་ནས་རྟག་པར་སེམས་ཅན་རྣམས་ལ་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས་གང་མགོན་མེད་ཅིང་སྐྱབས་མེད་པ་རྒུད་ཅིང་ནོར་དང་མི་ལྡན་པ། ། འཁོར་བར་ཡང་དང་ཡང་ཁ་བརྒྱུད་ཅིང་ལམ་ངན་པར་ཞུགས་པ། གླེན་ཞིང་གཏི་མུག་པས་ཤེས་པ་མེད་པ་རྟག་པར་དམུས་ལོང་དུ་གྱུར་ཅིང་མིག་དང་མི་ལྡན་པ་དག་སུ་ཞིག་བདག་ཅག་གི་འདྲེན་པར་འགྱུར། སུ་ཞིག་མགོན་དང་སྐྱབས་བྱེད་པར་འགྱུར་སྙམ་དུ་སེམས་པ་དག་ལང་གཅིག་བུས་སྙིང་བརྩེ་བའི་བས་མགོན་དང་སྐྱབས་བྱ་བར་དམ་བཅས་པས་ན། མོའུ་འགལ་ངས་དེ་རྗེས་སུ་དྲན་པའི་ཕྱིར་སེམས་ཅན་གང་ལ་ལ་ཞིག་ངག་རྩུབ་མོས་ང་ལ་ཁ་མི་སྙན་པ་བརྗོད་ཀྱང་ངས་སླར་ལན་མི་བྱེད་དོ། ། ཚིག་ན་བསང་ལ་སྨོས་ཀྱང་ངས་སླར་ལན་མི་བྱེད་དོ།། ཁྲོས་སམ་བརྡེགས་ཀྱང་རུང་སྟེ། ནམས་ཀྱང་ངས་ལན་མི་བྱེད་དོ།། དེ་རྩིའི་ཕྱིར་ཞེ་ན། ང་ནི་རྟག་པར་སེམས་ཅན་ཐམས་ཅད་ལ་ངེས་པའི་བདེ་བ་སྦྱིན་ཞིང་སྡུག་བསྔལ་གྱི་མི་བདེ་བ་ཐམས་ཅད་ཡོངས་སུ་བསལ་བར་བྱ་བའི་རིགས་ཀྱི། ངས་དེ་དག་ལ་གནོད་པ་རྣམས་སྦྱིན་པ་མི་རིགས་པས་སོ། ། སེམས་ཅན་རྣམས་ལས་སུ་ཞིག་བཟོད་པར་ནུས་པ་ཡིན་ཞེ་ན། དེ་ནི་ང་གཅིག་པུ་ཁོ་ནས་བཟོད་པར་ནུས་པ་ཡིན་པས། ངས་དེང་སེམས་ཅན་བཟོད་པའི་ཆོས་དང་། ཤིན་ཏུ་ཉེ་བར་ཞི་བའི་ཆོས་དང་། རབ་ཏུ་དུལ་བའི་ཆོས་བསླབས་ནས། གླང་པོ་ཆེ་ཅང་ཤེས་ལྟ་བུར་དུལ་བར་བྱའི།། གླང་པོ་ཆེ་མ་དུལ་བ་ལྟ་བུར་མི་བྱའོ་སྙམ་དུ་སེམས་ཏེ། མོའུ་འགལ་འདི་ལྟ་སྟེ། དཔེར་ན་གླང་པོ་ཆེ་ཤིན་ཏུ་དུལ་བ་ནི་གཡུལ་ངོར་འཇུག་པའི་ཚེ། སེམས་ལ་ནུར་བ་མེད་ཅིང་རྔ་བོ་ཆེའི་སྒྲ་དང་། དུང་གི་སྒྲ་དང་། རབ་ཏུ་འབོད་པའི་སྒྲ་དག་བཟོད་པས། འདི་ལྟ་བུའི་འཇིགས་སུ་རུང་བའི་སྒྲ་དག་ཐོས་པར་གྱུར་ན་སྐྲག་ཅིང་འཇིགས་པ་མེད་ལ། ཟང་བ་དང་། ཚ་བ་དང་། སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་གྲདུག་པ་ཟ་བ་དང་། རླུང་དང་། ཆར་པ་དང་། བཀྲེས་པ་དང་། སྐོམ་པ་དག་ཀྱང་བཟོད་པར་ནུས། རལ་གྲི་ཤིན་ཏུ་རྣོན་པོ་སྣ་ཚོགས་བཏབ་པ་དང་། མདའ་དང་། མདུང་དང་མདུང་ཐུང་དང་། ལྕགས་ཀྱི་འཁོར་ལོ་འཕངས་པ་དང་། ལྕུག་གིས་གཞུས་པ་དག་ཀྱང་བཟོད་ཅིང་སྐྲག་པ་དང་འཇིགས་པ་མེད་པར་ཐད་ཀར་གཡུལ་ངོར་མཆོང་ཞིང་ནུར་བ་དང་འགོང་བ་མེད་པས། མོའུ་འགལ་གླང་པོ་ཆེ་ཤིན་ཏུ་དུལ་བ་ནི་འདི་སྙམ་དུ་བདག་དགྲའི་གཡུལ་དུ་འཇུག་པར་མི་བྱའོ་སྙམ་དུ་མི་སེམས་ཀྱི། བདག་དགྲའི་གཡུལ་འདི་ལས་རྒྱལ་བར་བྱའོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ། ། མོའུ་འགལ་དེ་བཞིན་དུ་ངའང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་ནས། སེམས་ཅན་རྣམས་ཀྱི་སེམས་དུལ་བར་བྱེད་པས། གལ་ཏེ་སེམས་ཅན་རྣམས་ཀྱི་ངག་རྩུབ་པོས་ང་ལ་མི་སྙན་པ་བརྗོད་ནའང་ངས་ལན་དུ་གནོད་པ་མི་བྱེད་དོ།། ང་དང་རྩོད་པར་བྱེད་ནའང་ངས་ལན་མི་བྱེད་དོ། ། གལ་ཏེ་མཚོན་ཆ་དང་། དབྱིག་པ་དང་། གྱོ་མོ་དང་། རྡོ་དག་གི་ང་ལ་གནོད་པ་བྱས་ནས་ངའི་སྲོག་འབྲོག་པར་བྱེད་ནའང་། ང་དེའི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ནུར་བར་གྱུར་པའང་མེད་ལ། འདི་ནི་དང་དུ་བླང་བའི་རིགས་སོ།། འདི་ནི་དང་དུ་བླང་བའི་མི་རིགས་སོ།། འདི་ནི་བསྟེན་པར་བྱ་བའི་རིགས་སོ།། འདི་ནི་བསྟེན་པར་བྱ་བའི་མི་རིགས་སོ་ཞེས་རྣམ་པར་རྟོག་པར་ཡང་མི་བྱེད་པས། དངོས་པོ་དེ་ལ་མྱ་ངན་དང་འགྱོད་པའང་མེད། ཁོང་ཁྲོ་བ་དང་ཁོན་དུ་འཛིན་པའང་མེད།། བྱང་ཆུབ་སེམས་དཔའི་ལམ་ལ་ཡོངས་སུ་སྐྱོ་བའང་མེད་པས། འདི་སྙམ་དུ་དེང་བདག་དགྲའི་གཡུལ་འདིར་འཇུག་པར་མི་བྱའོ་སྙམ་དུ་མི་སེམས་ཀྱི། བདག་གིས་སྡིག་པའི་དགྲའི་གཡུལ་ཡང་དག་པར་བཅོམ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱས་ནས། ཁམས་གསུམ་གྱི་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟླ་བར་བྱའོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ།། མོའུ་འགའང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བཟོད་པ་ཇི་སྙེད་སྤྱད་པ་དང་། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་ཇི་སྙེད་བསྐྱེད་པ་གལ་ཏེ་ཚིག་གིས་བརྗོད་པར་གྱུར་ན་ནམས་ཀྱང་མཐར་ཐུག་པར་མི་འགྱུར་རོ། ། གཞན་ཡང་མོའུ་འགལ་གྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། མུ་སྟེགས་ཅན་གྱི་དྲང་སྲོང་བཟོད་པའི་སྟོབས་ཞེས་བྱ་བ་ཞིག་བྱུང་སྟེ། དེས་བདག་གིས་སེམས་ཅན་ལ་ཞེ་སྡང་མི་སྐྱེད་དོ་སྙམ་པའི་ཆོས་ཡང་དག་པར་བླངས་སོ།། དེའི་ཚེ་སྡིག་པའི་ཡིད་ཅེས་བྱ་བའི་འདུད་ཅིག་ཡོད་དེ། དེ་འདྲ་སྙམ་དུ་བདག་དེང་ཅིའི་ཕྱིར་དྲང་སྲོང་དེའི་དྲུང་དུ་སོང་ནས་བཟོད་པའི་ཆོས་བཤིག་སྟེ། ། ཁོང་ཁྲོ་བ་བསྐྱེད་ནས་བཟོད་པ་དང་དུ་ལེན་པའི་བསམ་པ་ལས་ལྡོག་པར་བྱ་སྙམ་དུ་བསམས་ནས། དེ་ནས་སྤྲོ་བ་ལ་མཁས་པའི་མི་སྟོང་བཀྱེ་ནས། དེ་ཡོངས་སུ་བསྐོར་ཏེ་ངག་རྩུབ་པོས་སྨྱོས་ནས་མི་བདེན་པར་སྐྱོན་ནས་སྨོས། འབྱུང་བར་མི་འོས་པའི་རླིག་ངན་པ་ན་པབ་སྣ་ཚོགས་ཀྱིས་སྤྱོས་ཏེ། འགྲོ་བའི་ཚེའང་ཚིག་གིས་སྨྱོས།། གྲོང་ཁྱེར་དུ་ཕྱིན་པའི་ཚེའང་སྤྱོས། གྲོང་ཁྱེར་དུ་འཇུག་པའི་ཚེའང་སྤྲོས། ཟན་ཟ་བའི་ཚེའང་སྤྱོས། ཟན་ཟོས་ཟིན་པའི་འོག་ཏུའང་སྨོས། སྟན་ལས་ལངས་པའི་ཚེའང་སྤྱོས། གྲོང་ཁྱེར་ནས་འབྱུང་བའི་ཚེའང་སྤྱོས། རང་གི་གནས་ནགས་ཚལ་དག་ཏུ་ཕྱིན་པའི་ཚེའང་སྤྲོས། འགྲེང་བའི་ཚེའང་སྤྱོས། འདུག་པའི་ཚེའང་སྤྱོས། ཉལ་བའི་ཚེའང་སྤྱོས།། འཆག་པའི་ཚེའང་སྤྱོས། ཐན་དབུགས་རྔུབ་པ་དང་དབུགས་འབྱུང་བའི་ཚེའང་སྤྱོས་ཏེ། རྟག་པར་རྗེས་སུ་འབྲངས་ནས་ཚིག་ངན་སྣ་ཚོགས་ཀྱིས་རྒྱུན་ཆད་པ་མེད་པར་སྤྱོས་སོ། ། དེའི་ཚེ་མི་སྟོང་པོ་དེ་དག་བདུད་ཀྱིས་བསྔགས་པས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ངག་རྩུབ་པོས་དྲང་སྲོང་བཟོད་པའི། སྟོབས་ལ་སྤྱོས་སོ།། དེ་ནས་བདུད་སྡིག་པའི་ཡིད་ཀྱིས་དྲང་སྲོང་བཟོད་པའི་སྟོབས་གྲོང་ཁྱེར་དུ་འཇུག་པའི་ཚེ་བདག་ཉིད་ཀྱི་གཅིན་གྱིས་དེའི་མགོའི་སྟེང་དུ་བླུགས། ལྷུང་བཟེད་ཀྱི་ནང་དུ་བླུགས་ཆོས་གོས་དང་ལྷུང་བཟེད་ལའང་བསྐུས། ལུས་ལའང་བསྐུས། ཕྱག་དར་གྱིས་ཀྱང་མགོ་ལའང་གཏོར་ཏོ།། དེའི་ཚེ་དྲང་སྲོང་བཟོད་པའི་སྟོབས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྐྱོ་བ་ལ་དཔའ་བའི་མི་སྟོང་གིས་ངག་རྩུབ་པོས་སྤྱོས་ཤིང་སྨད་པར་གྱུར་ཀྱང་། དེའི་སེམས་ལ་ཞེ་སྡང་དང་ཁོན་དུ་འཛིན་པའང་མེད་ལ། ཐ་ན་སེམས་ལ་ནུར་ཞིང་ཞུམ་པར་གྱུར་པའང་མེད་དོ།། བདག་ཉིད་ཀྱང་འདི་སྐད་དུ་བདག་གིས་ཉེས་པ་ཅི་བྱས་ཞེས་ཀྱང་མི་ཟེར་ལ། ཁོན་དུ་འཛིན་པའང་མེད་དོ།། ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྔ་མིག་གིས་བདུད་སྡིག་པའི་ཡིད་ལ་བལྟས་པའང་མེད་ལ། བདག་ལ་ཉེས་པ་ཅི་ཡོད་ཅེས་སྨྲས་པའང་མེད་དོ།། མོའུ་འགལ་སྤྱོ་བ་ལ་དཔའ་བའི་མི་སྟོང་པོ་དེ་དག་གིས་དྲང་སྲོང་བཟོད་པའི་སྟོབས་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལས་འདས་པའི་བར་དུ་སྤྱོས་ཀྱང་གཞིག་མི་ནུས་པར་རིག་ནས་ཤིན་ཏུ་དང་བའི་བསམ་པ་བསྐྱེད་དེ། ཁ་ན་མ་ཐོ་བ་རྣམས་ཀྱང་བཤགས་ནས།། འདི་སྐད་དུ་ཁྱོད་ཀྱིས་དངོས་པོ་འདིས་ཆོས་ཇི་ལྟ་བུ་ཞིག་ཡོངས་སུ་འཆོལ། བདག་ཅག་ཀྱང་ཆོས་དེ་ཐོབ་པར་འཚལ་ལོ་ཞེས་སྨྲས་སོ།། མོའུ་འགལ་སྤྱོ་བ་ལ་དབའ་བའི་མི་སྟོང་པོ་དེ་དག་དྲང་སྲོང་ལ་ཤིན་ཏུ་དང་བ་ཐོབ་པས་གུས་པའི་སེམས་ཀྱིས་མཆོད་ཅིང་རིམ་གྲོ་བྱས། བླ་མར་བྱས་ཤིང་བསྔགས་པ་བརྗོད་པར་གྱུར་ཏོ།། དྲང་སྲོང་ཡང་དེ་དག་གིས་རིམ་གྲོ་དང་བསྙེན་བཀུར་བྱས་པ་ཉམས་སུ་བླངས་ཀྱང་སེམས་ལ་མངོན་པར་ཞེན་ཅིང་ཆགས་བཅིའང་མེད་པར་གྱུར་ཏོ། ། མོའུ་འགལ་ཁྱོད་ཀྱིས་དེའི་དེའི་དུས་ན། དྲང་སྲོང་བཟོད་པའི་སྟོབས་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ།། ངས་དེའི་ཚེ་བཟོད་པའི་ཆོས་དེ་ལྟ་བུ་ཡང་དག་པར་བླངས་པས་འདུད་སྡིག་པའི་ཡིད་ཀྱིས་མི་སྟོང་བཀྱེ་སྟེ།། རྒྱུན་ཆད་པ་མེད་པར་ངག་རྩུབ་པོས་སྤྱོས་ཤིང་རྟག་པར་ང་ལ་སྨད་པར་གྱུར་ཀྱང་ངའི་སེམས་ལ་གཡོ་ཞིང་གྱུར་པ་ཅིའང་མེད་དོ། ། མོའུ་འགལ་སྤྱོ་བ་ལ་དཔའ་བའི་སྐྱེས་བུ་སྟོང་པོ་དེ་དག་དྲང་སྲོང་བཟོད་པའི་སྟོབས་ལ་ཤིན་ཏུ་དང་བ་སྐྱེས་ཏེ། སྡིག་པ་བཤགས་ནས། དྲང་སྲོང་བཟོད་པའི་སྟོབས་ཀྱི་རྗེས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས་དེའི་ཚེ་ངས་ཡོངས་སུ་བཏུལ་ནས། སངས་རྒྱས་ཀྱི་བསྟན་པ་ལ་ཡང་དག་པར་བཀོད་དེ། སྐྱེས་བུ་སྟོང་པོ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཕུན་སུམ་ཚོགས་པར་སྤྱད་པས་མཐར་གྱིས་མངོན་པར་རྫོགས་པར་སངས་རྒྱས་ནས།། ཐམས་ཅད་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། ། མོའུ་འགལ་ཁྱོད་ཀྱིས་དེའི་ཚེ་དེའི་དུའན། བདུད་སྡིག་པའི་ཡིད། ཀྱིས་སྐྱེས་བུ་སྟོང་བཀྱེ་ནས་ང་ལ་སྦྱོར་བཅུག་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ལྷ་སྦྱིན་འདི་ཉིད་ཡིན་ནོ།། བམ་པོ་དྲུག་པ་སྟེ་ཐ་མའོ། ། གཞན་ཡང་མོའུ་འགལ་བས་མངོན་པར་དྲན་ཏེ། སྔོན་བྱུང་བ་འདས་པའི་དུས་ན། ངས་རང་གྱི་ལུས་སེམས་ཅན་རྣམས་ལ་ཡོངས་སུ་བཏང་ནས་འཇིག་རྟེན་གྱི་སྐྱེ་བོ་རྣམས་ཀྱི་བྲན་དང་གཡོག་བྱས་པས། དེའི་ཚེ་སྐྱེ་བོ་མང་པོ་དེ་དག་གིསེང་ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་སྟེ། ཁ་ཅིག་གིས་ནི་བཤང་གཅི་འདོར་དུ་བཅུག་གོ། ། ཁ་ཙོག་གིས་ནི་ང་ལུང་འདོར་དུ་བཅུག་གོ།། ཁ་ཅིག་གིས་ནི་ང་ས་འདོར་དུ་བཅུག་གོ།། ཁ་ཅིག་གིས་ནིང་རྩ་ལེན་དུ་བཏང་ངོ་།། ཁ་ཅིག་གིས་ནི་ང་འབྲུ་དང་། ཞོ་དང་འོ་མ་དང་། མར་དང་། འབྲུ་མར་དང་། སྦྲང་རྩི་ལེན་དུ་བཏང་ངོ་།། བ་ཅིག་གིས་ནིང་ཤིང་དང་། སོལ་བ་དང་། མེ་དང་། ཆུ་ལེན་དུ་བཅུག་སྟེ། འདི་ལྟ་བུ་ལ་སོགས་པའི་ལས་རྣམ་པ་སྣ་ཚོགས་བྱེད་དུ་བཅུག་ཀྱང་། མོའུ་འགལ་ང་དེའི་ཚེ་གང་གིས་བཤང་གཅི་འདོར་དུ་བཅུག་པ་དེའི་རྗེས་སུ་མི་བྱའོ་སྙམ་པའི་སེམས་བསྐྱེད་པ་མི་དྲན་ནོ།། གང་གིས་པ་མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུག་སྤོས་དང་། སྤོས་ཀྱི་བྱེ་མ་དང་། བཟའ་བ་དང་། བཏུང་བ་དང་། འབྲས་བུ་ལེན་དུ་བཏང་བ་ལས་དེ་རྡོ་རྗེས་སུ་མ་སོང་བ་མི་དྲན་ནོ། ། མོའུ་འགལ་གང་གིས་ལེགས་པ་བྱེད་དུ་བཅུག་པའི་རྗེས་སུ་ནི་འགྲོ་བར་བྱ། ལེགས་པ་མ་ཡིན་པ་བྱེད་དུ་བཅུག་པའི་རྗེས་སུ་ནི་འགྲོ་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པངས་ཡང་དག་པར་རྗེས་སུ་མི་དྲན་ནོ། ། མོའུ་འགལ་ངས་དེའི་ཚེ་རྒྱལ་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། བྲམ་ཟེའི་རྗེས་སུ་ནི་འབྲང་བར་མི་བྱ། བྲམ་ཟེའི་རྗེས་སུ་ནི་འབྲང་བར་བྱ་རྒྱལ་རིགས་ཀྱི་རྗེས་སུ་མི་འབྲང་བར་མི་བྱ། དམངས་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། གདོལ་པའི་རྗེས་སུ་ནི་འབྲང་བར་མི་བྱ། བདོལ་པའི་རྗེས་སུ་ནི་འབྲང་བར་བྱ་དམངས་རིགས་ཀྱི་རྗེས་སུ་ནི་འབྲང་བར་མི་བྱ། རྒྱལ་རིགས་དང་བྲམ་ཟེའི་རིགས་ཀྱི་རྗེས་སུ་ནི་འབྲང་བར་བྱ། དམངས་རིགས་དང་གདོལ་པའི་རྗེས་སུ་ནི་འབྲང་བར་མི་བྱའོ་སྙམ་དུ་སེམས་བསྐྱེད་པར་ཡང་མི་དྲན་ལ། གང་ཟག་འདི་ནི་རྗེའོ།། གང་ཟག་འདི་ནི་ཆུང་ངོ་ཞེས་དེ་དག་གི་ཁྱད་པར་དང་། གང་ཟག་འདིའོ་རྗེས་སུ་ནི་འབྲང་བར་བྱ།། གང་ཟག་འདིའི་རྗེས་སུ་ནི་འབྲང་བར་མི་བྱའོ་སྙམ་དུ་སེམས་པའང་མེད་ཀྱི། མོའུ་འགལ་གང་གིསང་སྔར་བོས་པའི་རྗེས་སུ་དགའ་བའི་སེམས་ཀྱིས་འགྲོ་བ་ཁོ་ནར་ཟད་དོ།། མོའུ་འགལ་ངས་མངོན་པར་དྲན་ཏེ། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པའི་ཚེ། གང་གིས་ཆོས་བཞིན་གྱི་བྱ་བ་དགང་བྱེད་དུ་བཅུག་པ་ལས་ནུས་བཞིན་དུ་མ་བྱས་པ་ཡོད་པར་ནམ་ཡང་མདྲེན་ནོ།། མོའུ་འགལ་ངས་མངོན་པར་དྲན་ཏེ་ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བྱ་བའི་དངོས་པོ་དག་ངེས་པར་མཐར་མ་ཕྱིན་པའམ། དགེ་བའི་ལས་མངོན་པར་འདུ་བྱ་བའི་དགེ་བགང་ཡང་མཐར་མ་ཕྱིན་པ་ཡོད་པ་རྗེས་སུ་མི་དྲན་ནོ། ། མདོར་ན་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ནམ་ཡང་ལུས་ལ་མངོན་པར་ཞེན་པར་གྱུར་པའང་མེད་ན། ནོར་གྱི་དངོས་པོ་ལ་ལྟ་སྨོས་ཀྱང་ཅི་དགོས། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ལོངས་སྤྱོད་ཀྱི་དངོས་པོ་དག་ལ། འདི་ནི་བདག་གི་ལོངས་སྤྱོད་ཡིན་ནོ་སྙམ་པའི་འདུ་ཤེས་བསྐྱེད་པ་མེད་ཀྱང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ལོངས་སྤྱོད་དང་ལྡན་པར་གྱུར་པར་ཟད་པས། ལོངས་སྤྱོད་ཀྱི་དངོས་པོ་དག་ལ་འདི་སྙམ་དུ་སེམས་ཏེ། དངོས་འདི་དག་ནོ་སེམས་ཅན་རྣམས་དང་ཐུན་མོང་དུ་ལོངས་སྤྱད་པར་བྱ་སྟེ། དངོས་པོ་འདི་ལ་བདག་གི་སྐལ་བ་ཡོད་པ་བཞིན་དུ་སེམས་ཅན་རྣམས་ལའང་སྐལ་བ་ཡོད་དོ་སྙམ་དུ་སེམས་སོ།། མོའུ་འགལ་ངས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་དབང་གིས་སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་ཀྱང་། བདག་གི་ལོངས་སྤྱོད་ལ་བདག་ཀྱང་སྐལ་བ་ཡོད། སེམས་ཅན་ལའང་སྐལ་བ་ཡོད་དོ་སྙམ་དུ་མི་སེམས་ཀྱི། ལོངས་སྤྱོད་འདི་དག་ནི་སེམས་ཅན་རྣམས་ཀྱི་ཡིན་པས་བདག་ལ་སྐལ་བ་ཅིའང་མེད་དོ་སྙམ་དུ་སེམས་པ་ཁོ་ནར་ཟད་དོ།། མོའུ་འགལ་སངས་རྒྱས་ཀྱི་ཆོས་དང་ཉེ་བར་གྱུར་པ་རྗེས་སུ་ཐོབ་པར་གྱུར་ཀྱང་དེ་ལ་མངོན་པར་ཞེན་པའང་མེད། ཡོངས་སུ་སྡུད་ཅིང་ལེན་པར་ཡང་མི་བྱེད་པས་ཆོས་རྣམས་ཡོངསུ་སྤོང་བ་ལ་མོས་པར་བྱེད་ཀྱི། ཆོ་རྣམས་དང་དུ་ལེན་པ་ལ་མོས་པར་མི་བྱེད་དོ། ། སྟོང་པའི་ཆོས་ཐམས་ཅད་ལ་མོས་པར་བྱེད་ཀྱི། ཡོད་པའི་ཆོས་ཐམས་ཅད་ལ་མོས་པར་མི་བྱེད་དོ།། ཉེ་བར་ཞི་བའི་ཆོས་ཐམས་ཅད་ལ་མོས་པར་བྱེད་ཀྱི། ཆོས་རྣམས་ཀྱི་དངོས་པོའི་མཚན་ཉིད་ལ་མོས་པར་མི་བྱེད་དོ།། གཟོད་མ་ནས་མེད་པ་ཉིད་ལ་མོས་པར་བྱེད་ཀྱི། གཟོད་མ་ནས་ཡོད་པ་ཉིད་ལ་མོས་པར་མི་བྱེད་དོ།། མོའུ་འགལ་ངས་མངོན་པར་དྲན་ཏེ། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ།། ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་མཚན་མོ་མུན་པའི་ནང་ན་རང་གི་ལུས་མེ་སྤར་ནས་ལམ་ལྷོར་བའི་སེམས་ཅན་རྣམས་སྣང་བར་བྱས་ཏེ་ལམ་བསྟན་ཏོ། ། མོའུ་འགལ་ངས་མངོན་པར་དྲན་ཏེ། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ཤ་ཟ་བའི་སེམས་ཅན་རྣམས་ལ་རང་གི་ཤ་བཅད་ནས་སྦྱིན་པ་ཡོངས་སུ་བཏང་ངོ་། ། མོའུ་འགལ་བས་མངོན་པར་དྲན་ཏེ། ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ། ཚེ་རབས་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ཁྲག་འཐུང་བའི་སེམས་ཅན་རྣམས་ལ་ལུས་ལས་ཁྲག་ཕྱུང་སྟེ། བྱིན་པ་ཡོངས་སུ་བཏང་ནས་རབ་ཏུ་ཚིམ་པར་བྱས་སོ། ། མོའུ་འགལ་མདོར་ན་འཇིག་རྟེན་པའི་ནོར་རྫས་སམ། ལོངས་སྤྱད་པར་བྱ་བ་ཅིའང་རུང་སྟེ། སེམས་ཅན་རྣམས་ལ་ནམ་ཡང་འཕངས་ཤིང་སེར་སྣ་བྱས་མ་མྱོང་སྟེ། ཐམས་ཅད་ཀྱང་སེམས་ཅན་རྣམས་ལ་འཚེ་བ་མེད་པ། བནོད་པ་མེད་པ། མཁས་པ་རྣམས་ཀྱིས་གནང་བ། འཕགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པར་གྱུར་པ་དེ་ལྟར་ངས་ཡུན་རིང་བོར་བརྟགས་ཏེ་སེམས་ཅན་རྣམས་ལ་སྙིང་རྗེའི་བསམ་པ་རབ་ཏུ་བསྐྱེད་ནས་བཏང་ངོ་། ། གཞན་ཡང་མོའུ་འགལ་བས་མངོན་པར་དྲན་ཏེ། འདས་པའི་དུས་ཀྱི་ཚེ་ཚོང་དཔོན་ལེགས་པར་རྙེད་པ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེ་རྒྱ་མཚོ་ཆེན་པོར་ཞུགས་ནས་རིན་པོ་ཆེ་ལེན་དུ་སོང་བ་ལས་བདེ་བར་སླར་ལོག་སྡེ། རང་གི་ཡུལ་དུ་ཕྱིན་ནས་གྲོང་ཁྱེར་དུ་ཞུགས་ཏེ་ཁྱིམ་གྱི་སྒོར་ཕྱིན་པ་དང་། དེའི་ཚེ་གྲོང་ཁྱེར་ན་གནས་པའི་ཚེ། སློང་མོ་པ་མང་པོ་རྣམས་ཀྱིས་དེ་ཡོངས་སུ་བསྐོར་ནས། དེའི་མདུན་དུ་འདི་སྐད་ཅེས་སྨྲས་སོ།། ལེགས་པར་རྙེད་པ་བདེ་བར་བྱོན་ཏམ། སྦྱིན་བདག་ཆེན་པོ་བདག་ཅག་སློང་བ་མཆིས་ཏེ། གལ་ཏེ་གནང་བར་གྱུར་ན་བདག་ཅག་བསླང་བར་འཚལ་ལོ།། མོའུ་འགལ་དེའི་ཚེ་ལེགས་པར་རྙེད་པས་སློང་མོ་པ་དེ་དག་ལ་འདི་སྐད་དུ་ཁྱེད་སྤོངས་ཤིག་དང་། བདག་ལ་ཅི་བདོག་པ་འའངས་པ་མེད་པར་སྦྱིན་པར་བྱའོ་ཞེས་སྨྲས་སོ།། དེ་ནས་སྤོང་མོ་པ་རྣམས་ཀྱིས་ལེགས་པར་རྙེད་པ་ལ་སྨྲས་པ། ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་ནས་རྙེད་པའི་ནོར་བུ་རིན་པོ་ཆེ་རྣམས་བདག་ཅག་ལ་བྱིན་ཅིག་དང་། དེས་ན་བདག་ཅག་རབ་ཏུ་བདེ་བར་འགྱུར་རོ།། མོའུ་འགལ་དེའི་ཚེ་ལེགས་པར་རྙེད་པས་ནོར་བུ་རིན་པོ་ཆེ་གཅིག་ལའང་གསེར་སྲང་བརྒྱ་སྟོང་དུ་མ་རིབ་བྱེ་བ་ཕྲག་བརྒྱད་ཅུ་སྙེད་ཀྱི་རིན་པོ་ཆེ་རྣམས་མ་ལུས་པར་སློང་མོ་པ་རྣམས་ལ་བྱིན་ཏེ། མོའུ་འགལ་ལེགས་པར་རྙེད་པ་དེས་དེ་ལྟར་ནོར་མང་པོ་རྣམས་ཡོངས་སུ་བཏང་བར་གྱུར་ཀྱང་། སེམས་ལ་གྱུར་པའམ། འགྱོད་པར་གྱུར་པ་ཅིའང་མེད་དོ།། དེའི་ཚེ་ལེགས་པར་རྙེ་པས་རིན་པོ་ཆེ་མང་པོ་སློང་མོ་པ་རྣམས་ལ་ཡོངས་སུ་བཏང་ནས། ཁྱིམ་དུའང་མ་ཞུགས་པར་སླར་ལོག་སྟེ། རྒྱ་མཚོར་ཞུགས་ནས་རིན་པོ་ཆེ་ལེན་དུ་སོང་བ་ལས།། སྔ་མ་བས་ཕྱིད་འགྱུར་གྱིས་བཟང་བའི་རིན་པོ་ཆེ་མང་པོ་ཐོབ་པར་གྱུར་ཏེ། ལོ་བརྒྱད་ཅུ་འདས་ནས་སླར་ཡང་རང་གི་ཡུལ་དུ་ཕྱིན་ནས་གྲོང་ཁྱེར་དུ་འཇུག་པ་ལས། དེའི་ཚེ་ཉེས་པ་བྱས་བའི་མད་གཅིག་གཤེད་མ་པས་བཟུང་སྟེ། བཅིངས་ནས་མི་སྙན་པའི་སྒྲ་བསྒྲགས་པའི་རྔའང་བརྡུངས། ལམ་གྱི་བཞི་མདོ་རྣམས་སུ་བསྒྲགས་པའང་བྱས་ནས། གསད་པའི་གནས་སུ་ཁྲིད་དེ་གསད་པར་བྱས་པ་ལས། དེའི་ཚེ་གསད་པ་ལ་ཐུག་པ་དེ་དག་གིས་རྒྱང་ནས་ལེགས་པར་རྙེད་པ་མཐོང་བ་དང་འདི་སྐད་ཅེས་སྨྲས་སོ།། ཆོང་དཔོན་བདག་ཅག་ལ་མི་འཇིགས་པ་བྱིན་ཅིག། བདག་ཅག་གསད་པའི་ཉེས་པ་ལས་སྐྱོབས་ལ། བདག་ཅག་ལ་སྲོག་བྱིན་ཅིག། ཁྱོད་ནི་སྦྱིན་བདག་ཆེན་པོ་སྐྱེས་བུ་དམ་པ་ལགས་སོ། ། ལེགས་པར་རྙེད་པས་དེ་སྐད་ཅེས་སྨྲས་པ་ཐོས་པ་དང་། གསད་པ་ལ་ཐུག་པ་དེ་དག་ལ། ཀྱེ་ཁྱེད་ལ་མི་འཇིགས་པ་སྦྱིན་ཞིང་། ཁྱེད་གསད་པའི་ཉེས་པ་ལས་ཡོངས་སུ་བསྐྱབ་པར་བྱའོ་ཞེས་སྨྲས་ནས། གཤེད་མ་པ་དེ་དག་གི་དྲུང་དུ་སོང་ནས། རེ་རེ་ལའང་ནོར་བུ་རིན་པོ་ཆེ་གསེར་སྲང་བྱེ་བ་རི་བ་རེ་རེ་བྱིན་ནས། ཁྱེད་ཅག་དེང་བདག་རྒྱལ་པོའི་དྲུང་ནས་སླར་མ་འོངས་ཀྱི་བར་དུ་སྐད་ཅིག་སྡོད་ཅིག་ཅེས་སྨྲས་ཏེ། དེ་ནས་ལེགས་པར་རྙེད་པ་མྱུར་ཞིང་རིངས་པར་རྒྱལ་པོའི་དྲུང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་བདག་ནི་རིན་པོ་ཆེ་བཟང་པོ་དག་གིས་མི་འདི་དག་གི་སྲོག་འཇལ་བར་འཚལ་ལོ།། རྒྱལ་པོས་སྨྲས་པ། ལེགས་པར་རྙེད་པ་མི་འདི་དག་གི་ཉེས་པ་ནི་གཏང་དུ་མི་རུང་བིས་བཙོང་དུ་མི་རུང་ངོ་། ། གལ་ཏེ་སྙིང་ཟག་པ་ནས་ཉོ་བར་འདོད་ན་ཁྱོད་ལ་ནོར་གྱི་བདོག་པ་ཐམས་ཅད་ཟད་པར་ང་ལ་བྱིན་ལ། བདག་ཉིད་ཀྱང་ཤི་བར་ཁས་ལེན་ན་གདོད་བཏང་ངོ་།། མོའུ་འགལ་དེའི་ཚེ་ལེགས་པར་རྙེད་པས་དེ་སྐད་སྨྲས་པ་ཐོས་པ་དང་རབ་ཏུ་དཀའ་བར་གྱུར་ནས། བདག་ནི་རྙེད་པ་ཆེན་པོ་ཐོབ་པས་སྨོན་པ་རྣམས་ཀྱང་ཡོངས་སུ་རྫོགས་པར་གྱུར་ཏེ། མི་འདི་དག་གི་སྟབས་བྱས་པར་གྱུར་པ་ནི་བདག་གི་ཡིད་ཚིམ་པར་གྱུར་ཏོ་ཞེས། དེ་ནས་ལེགས་པར་རྙེད་པས་མི་དེ་དག་བསྐྱབས་ཏེ་གསད་པའི་ཉེས་པ་ལས་ཐར་པར་བྱ་བའི་ཕྱིར་ཁྱིམ་ན་ནོར་ཅི་བདོག་པ་དང་། རྒྱ་མཚོ་ཆེན་པོ་ནས་ཐོབ་པའི་ནོར་བུ་རིན་པོ་ཆེ་གསེར་དང་དངུལ་ལ་སོགས་པ་བྱེ་བ་སྟོང་ཕྲག་ཚད་མེད་པ་རྣམས་རྒྱལ་པོ་ལ་བུལ་ནས་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་མཽ་དེ་དག་གདང་དུ་གསོལ། བདག་ལ་ནོར་ཅི་བདྲེག་པ་ནིབས་པར་འདིར་མཆིས་ལགས་སོ།། རྒྱལ་པོས་ནོར་རྣམས་བླངས་ནས། གཤེད་མ་དག་ལ་བསྒོ་བ། ལེགས་པར་རྙེད་པ་འདི་ཁྲིད་ལ་སོད་ཅིག་དང་། ལྷ་དེ་བཞིན་དུ་འཚལ་ལོ་ཞེས་རྒྱལ་པོའི་བཀའ་མཉན་ནས་ལེགས་པར་རྙེད་པར་བཅིངས་ཏེ་གསོད་པའི་གནས་སུ་ཁྲིད་ནས། ལག་པ་གཡས་པ་བཏེག་སྟེ་ལེགས་པར་རྙེད་པ་ལ་མཚོན་གདབ་པར་གཟས་པ་ལས། ལག་པ་རེངས་ནས་གདབ་ཏུ་མ་བཏུབ་པ་དང་། སྐྲག་ཅིང་ངོ་མཚར་དུ་གྱུར་ནས་ལེགས་པར་རྙེད་པ་སྲིད་དེ་རྒྱལ་པོ་ལ་དངོས་པོ་འདི་ཞིབ་ཏུ་གསོལ་ཏོ། ། མོའུ་འགལ་རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས། བདག་ཉིད་མཚོན་ཐོགས་ཏེ་ལེགས་པར་རྙེད་པ་གསང་པར་འདོད་པའི་ཕྱིར་མཚོན་བཏེག་སྟེ་གང་བ་བར་གཟས་པ་ལས། དེའི་རྗེ་རྒྱལ་པོ་དེའི་ལག་པ་གཉིས་ས་ལ་ལུང་སྟེ། སྡུག་བསྔལ་གྱི་གནོད་པ་ཆེན་པོ་ཐོབ་ནས་གང་ངན་བྱུང་སྟེ་འཆི་བའི་དུས་བྱས་སོ།། མོའུ་འགལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན་ཚོང་དཔོན་ལེགས་པར་རྙེད་པ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ནུ་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ།། དེའི་ཚེ་དེའི་དུས་ན་རྣལ་བོར་གྱུར་པ་དེ་ནི་ལྷ་སྤྲིན་བླུན་པོ་འདི་ཉིད་ཡིན་ནོ། ། མོའུ་འགལ་དེའི་ཚེ་དེའི་དུས་ནའང་ལྷ་སྦྱིན་གྱིས་པའི་སྲོག་འཕྲོག་པར་བྱས་པ་ལས་དབྲོག་པར་མ་ནུས་སོ།། དེ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེལ་བ་འི་སྲོག་འཕྲོག་པར་བྱས་པ་ལས་དབྲོག་པར་མ་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་གནོད་པར་བྱེད་པར་མི་ནུས་ན། ལྷ་སྦྱིན་བླུན་པོས་ལྟ་སྨོས་ཀྱང་ཅི་དགོས་པས་སོ། ། ལྷ་སྦྱིན་ནི་ད་ལྟར་ཡང་གྲོགས་པོ་མ་རུངས་པ་བསྡུས་ནས་ང་ལ་གསོད་པར་ཡང་འདོད་ལ། བདག་ཉིད་ཀྱང་ཐབས་ཀྱིས་ང་གསོད་པར་འདོད་པས་རྙེད་པ་དང་། གྲགས་པ་དང་མཐུ་སྤོབས་ཉམས་ནས་གསོན་པོར་ལུས་འདི་དང་བཅས་པར་སེམས་ཅན་དམྱལ་བ་མནར་མེད་པར་ལྟུང་བར་གྱུར་ཏོ། ། མོའུ་འགལང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་གང་ལའང་ལྷ་སྦྱིན་ལྟ་བུར་བན་བཏགས་པ་ཡང་དག་པར་རྗེས་སུ་མ་མཐོང་ན། ལྷ་སྦྱིན་ནི་བྱས་པ་དྲིན་དུ་མི་གཟེའོ།། ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་སེམས་ཅན་རྣམས་ལ་ཕ་མ་ལྟ་བུར་གྱུར་པའི་རྒྱུ་དང་རྐྱེན་དེས་ན། དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེན་པོ་རབ་དང་ལྡན་པ་ཡིན་པར་རིག་པར་བྱའོ།། གཞན་ཡང་མོའུ་འགལ་སྔོན་བྱུང་བ་འདས་པའི་དུས་ན། གཱ་ས་རིའི་རྒྱལ་པོའི་དྲུང་ན་གླང་པོ་ཆེ་ལྔ་བརྒྱ་ཞིག་གནས་ཏེ།། དེའི་ནང་ན་གླང་པོ་ཆེའི་རྒྱལ་པོ་བདག་པོར་གྱུར་པ་བྱང་བཞིན་སྡུག་ཅིང་ཡིད་དུ་འོང་བ་སྟོབས་པོ་ཆེ་ཤེས་པ་དང་ལྡན་པ་གཅིག་ཡོད་དེ། དེའི་ཚེ་གླང་པོ་ཆེ་མང་པོ་རྣམས་རི་སྲང་ཉམ་ང་ཞིང་དོག་པ་ལམ་གཅིག་ལས་མེད་པ་ཞིག་ཏུ་མཚན་མོ་གནས་པར་གྱུར་པ་རྔོན་པས་མཐོང་ནས། མཚན་ཐོག་ཐག་ལ་མ་ཉམ་ང་བ་དེར་རླབས་ཆེན་པོ་བརྐོས་ནས། འདི་སྙམ་དུ་གླང་པོ་ཆེ་མང་པོ་འདི་དག་ནི་འདིར་ལྷུང་བར་འགྱུར་བས་ཐམས་ཅད་བདག་དབང་སྟེ། བདག་གིས་དགའ་མགུར་བླང་བར་བྱའོ་སྙམ་མོ།། མཚན་ཐོག་ཐག་རླབས་བརྐོས་ཟིན་ནས་གླང་པོ་ཆེ་མང་པོ་རྣམས་བཏང་སྟེ། ལམཉམ་ང་ཞིང་རླབས་ཡོད་པའི་སྟེང་དུ་བཏང་ངོ་།། གླང་པོ་ཆེ་མང་པོ་རྣམས་འབྱུང་བར་བྱས་པ་ལས་རླབས་ཆེན་པོ་ཡོད་པར་མཐོང་ནས་རྒལ་བར་མ་ནུས་སོ།། མོའུ་འགལ་དེའི་ཚེ་གླང་པོ་ཆེའི་བདག་པོ་དེས་བདག་ཉིད་ཀྱི་ལུས་རླབས་ཀྱི་སྟེང་དུ་འཕྲེང་དུ་ཉལ་ཏེ་ཟམ་པ་བྱས་ནས། གླང་པོ་ཆེ་ལྔ་བརྒྱས་རྒྱབ་ཀྱི་སྟེང་དུ་བརྫིས་ནས། དེ་ལས་བརྒལ་ཏེ་དོང་ངོ་།། གླང་པོ་ཆེ་མང་པོ་བཟླས་ནས་བདག་ཉིད་ཀྱི་མཐུས་མཆོངས་པ་བྱས་ཏེ་སོང་བ་དང་། དེའི་ཚེ་རིའི་ལྷ་ཞིག་གིས་ཚིགས་སུ་བཅད་དེ་སྤྲས་པ། སྡིག་ཅན་རླབས་ཟབ་བརྐོས་གྱུར་ཀྱང་།། དེ་ནས་གླང་བདག་བློ་ལྡན་གྱིས།། བདག་དང་གཞན་གྱི་ས་བཟླས་པས་ན། ། དོན་མེད་རླུབས་ཟབ་བརྐོས་པར་གྱུར།། མོའུ་འགལ་ཁྱོད་ཀྱིས་དེའི་ཚེ་དེའི་དུས་ན། གླང་པོ་ཆེའི་རྒྱལ་པོ་དབང་པོ་རྣོ་ཞིང་མཐུ་ཆེན་པོ་དང་ལྡན་པར་གྱུར་པ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། དེ་ནི་ང་ཉིད་ཡིན་ནོ།། དེའི་ཚེ་དེའི་དུས་ན། གླང་པོ་ཆེ་ལྔ་བརྒྱ་བྱུང་བ་དེ་དག་ནི་ད་ལྟར་གྱི་དགེ་སློང་ལྔ་བརྒྱའོ་ལྷ་སྦྱིན་གྱིས་གཞིག་པར་བརྩམས་པ་དག་ཡིན་ནོ། ། དེའི་ཚེ་དེའི་དུས་ན། རྔོན་པར་གྱུར་པ་དེ་དག་ནི་ལྷ་སྦྱིན་ལ་སོགས་པ་དགེ་སློང་ལྔ་པོ་འདི་ལྟ་སྟེ། ཁན་ད་དྲ་བྱ་དང་། ཀ་ཏ་མོ་ར་ཀ་ཏི་ཤ་དང་། རྒྱ་མཚོ་བྱིན་དང་། ཀོ་ཀ་ལི་ལ་སོགས་པ་ཡིན་ནོ།། མོའུ་འགལ་ངས་ནི་ཡུན་རིང་པོ་ནས་རྟག་པར་སེམས་འཇིགས་ཤིང་སྐྲག་པ་རྣམས་མཐོང་བར་གྱུར་ན་དེ་དག་ལ་མི་འཇིགས་པ་བྱིན་ནོ། ། སེམས་ཅན་སྡུག་བསྔལ་བ་དག་མཐོང་ན་བདེ་བ་བྱིན་ནོ།། སེམས་ཅན་དབུལ་འཕོངས་པ་དག་ལ་ནི་ཟང་ཟིང་ཡོངས་སུ་བཏང་ངོ་།། སེམས་ཅན་གང་ལམ་ལོག་པར་ཞུགས་པ་དག་ལ་ནི་ཡང་དག་པའི་ལམ་བསྟན་ཏོ།། སེམས་ཅན་གང་ནད་ཀྱིས་གཟིར་བ་དག་ལ་མི་ནད་ཀྱི་སྡུག་བསྔལ་ཡོངས་སུ་བསལ་ཏོ།། སེམས་ཅན་གང་བཀྲེས་ཤིང་སྐོམ་པ་རྣམས་ལ་ནི་བཟའ་བ་དང་བཏུང་བ་ཡོངས་སུ་བཏང་ངོ་། ། སེམས་ཅན་གང་ཤ་ཟ་ཞིང་ཁྲག་འཐུང་བ་དག་ལ་ནི་ལུས་ཀྱི་ཤ་དང་ཁྲག་གིས་ཚིམ་པར་བྱས་སོ།། མོའུ་འགལ་བ་ནི་སྨོན་ལམ་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཡང་དག་པར་བྱས་པས་ངས་སེམས་ཅན་རྣམས་ལ་ཁས་བླངས་པ་གང་ཡིན་པ་དེ་དག་ལེ་ལོ་དང་སྙོམ་ལས་མེད་པར་བྱས་ཏེ། མོའུ་འགལ་ན་གས་སེམས་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་བདེན་ཚིག་ཇི་སྙེད་པ་དེ་དག་ཐམས་ཅད་ལ་ཐ་དད་པར་གྱུར་པ་ཙའང་མེད་དེ། བརྩོན་འགྲུས་བརྩམས་པ་ཡང་ཡིན་པ་དེ་དག་ལེ་ལོ་དང་སྙོམ་ལས་ཀྱིས་བར་ཆད་བྱས་པར་གྱུར་ན། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་ཞིག་ནུ། མོའུ་འགལ་ང་ནི་ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་ལ།། ཇི་ལྟར་སྤྱོད་པ་བཞིན་དུ་སྨྲས་པ་ཡིན་ནོ།། ཐུགས་རྗེ་ཆེན་པོར་ལེའུ་སྟེ་དྲུག་པའོ། ། དེ་ནས་དེའི་མ་འཁོར་འདུས་འདི་ཉིད་དུ་དགེ་སློང་གླང་པོ་ཆེའི་ལག་ཅེས་བྱ་བ་ཞིག་འདུས་ཏེ་འདུན་པར་གྱུར་བ་སྟན་ལས་ལངས་ཏེ། ཐརྐོ་ཕྲག་པ་གཅིག་ཏུ་གབར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་དེ་བཞིན་གཤེགས་པ་ལས་དཀའ་བ་སྤྱོད་པའི་དངོས་པོ་འདི་དག་ཐོས་པས་ལུས་ཀྱི་སྐུའང་ལྡང་ཞིང་མཆི་མ་བྱུང་བར་གྱུར་ཏོ། ། དེང་བདག་གི་དངོས་པོ་གཅིག་ཞུ་བར་འཚལ་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་འདི་སྐད་དུ་ངས་སྔོན་བྱང་ཆུབ་སེམས་དཔའ་སྤྱོད་པ་མཛད་པའི་ཚེ། ཇི་སྐད་སྨྲས་པ་བཞིན་དུ་སྤྱོད་ལ། ཇི་ལྟར་སྤྱད་པ་བཞིན་དུ་སྨྲས་པ་ཡ་ནི་ནོ་ཞེས་གསུངས་པས། བཅོམ་ལྡན་འདས་ནི་དང་པོ་ཐུགས་བསྐྱེད་པ་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་ཐུགས་དམ་པ་ཞེས་པ་ལགས་ཏེ། གལ་ཏེ་ལྟ་བུའི་ཐུགས་དམ་པ་ཞེས་པ་ལགས་པར་གྱུར་ན། ད་ལྟར་ཡོངས་སུ་བཟླ་བར་མཛད་པའི་སེམས་ཅན་དདུང་མ་བས་པར་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་པས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་གལ་ཏེ་འགའ་ཞིག་མཆིས་ནས། དགེ་སློང་རྣམས་ལ་འདི་སྐད་དུ་ཁྱེད་ཀྱི་སྟོན་པ་ཆེན་པོ་སྔོན་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་ཐུགས་དམ་བཞེས་སོ་ཞེ་ན། སེམས་ཅན་ད་དུང་མ་ཟད་པར་བདག་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་ཅིའི་ཕྱིར་ཞེས་རྒོལ་བ་ཞིག་མཆིས་པར་གྱུར་ན། དེ་ལ་ཇི་སྐད་དུ་ཕན་གདབ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་དགེ་སློང་གླང་པོ་ཆེའི་ལག་ལ་བཀའ་སྩལ་བ།། གལ་ཏེ་འགའ་ཞིག་དེ་སྐད་དུ་རྒོལ་བ་ཞིག་ཡོད་པར་གྱུར་ན། དེ་ཉིད་ལ་སླར་འདི་སྐད་དུ་དྲིས་ཤིག། ཁྱོད་ཀྱིས་ཆོས་ཇི་ལྟ་བུ་ཞིག་ལ་སེམས་ཅན་ཡིན་པར་འདོད།། དེས་གལ་ཏེ་འདི་སྐད་དུ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་གང་ཡིན་པ་དེ་དག་ལ་སེམས་ཅན་ཡིན་པར་འདོད་དོ་ཞེས་ཟེར་ན། དེ་ཉིད་ལ་སླར་འདི་སྐད་དུ་དྲིས་ཤིག། ཅི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་འདུས་ཤིང་ཚོགས་པ་ལ་སེམས་ཅན་ཡིན་པར་འདོད་དམ། འོན་ཏེ་བྲལ་ཞིང་གྱེས་པར་གྱུར་པ་ལ་སེམས་ཅན་ཡིན་པར་འདོད། དེས་གལ་ཏེ་འདི་སྐད་དུ་ཕུང་པོ་དང་།། སྐྱེ་མཆེད་དང་། ཁམས་འདུས་པ་ལ་སེམས་ཅན་ཡིན་པར་འདོད་དོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་སྨྲོས་ཤིག། ཁྱོད་བདག་ཉིད་ཀྱིས་ལན་བཏབ་ཟིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདུས་པ་ནི་སེམས་ཅན་ཡིན་ལ། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ནི་སེམས་ཅན་མ་ཡིན་པས།། བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའང་བྲལ་ཞིང་གྱེས་པར་བྱ་བའི་ཆེད་དུ་གསུངས་པ་ཡིན་གྱི། ཚོགས་ཤིའི་འདུ་བར་བྱ་བའི་ཕྱིར་ནི་མ་ཡིན་ནོ། ། བཅོམ་ལྡན་འདས་ནི་བྲལ་ཞིང་གྱེས་པའི་སྤྱོད་པ་ལ་དགྱེས་པ་ཡིན་གྱི། འདུས་ཤིང་ཚོགས་པ་ལ་དགྱེས་པ་མ་ཡིན་ཏེ། འདུས་ཤིང་ཚོགས་པ་ལ་སེམས་ཅས། པས་སོ།། དེ་གལ་ཏེ་འདི་སྐད་དུ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཉིད་སེམས་ཅན་ཡིན་ནོ་ཞེས་ཟེར་ན།། དེ་ལ་སླར་འདི་སྐད་དུ་སྨྲོས་ཤིག། གལ་ཏེ་དེ་ལྟར་ན་རྩ་དང་། ཤིང་དང་། གྱོ་མོ་དང་། རྡོ་བ་ཐམས་ཅད་ཀྱང་སེམས་ཅན་ཡིན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཉིད་སེམས་ཅན་ཡིན་ནོ་ཞེས་ཟེར་ལ། དེ་དག་ལའང་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཡོད་པས་སོ།། དེ་གལ་ཏེ་འདི་སྐད་དུ་དེ་དག་ལ་སེམས་ཀྱང་མེད། སེམས་ལས་བྱུང་བའི་ཆོས་ཀྱང་མེད་པའི་ཕྱིར་སེམས་ཅན་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་སྨྲོས་ཤིག། གལ་ཏེ་དེ་ལྟར་ན་སེམས་ཅན་ཐམས་ཅད་ནི་སེམས་ཅན་གཅིག་ཡིན་པ་ཉིད་དུ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དག་ལ་ཐ་དད་པར་ཡོད་པར་མི་གསུང་བས་སོ།། དེ་གལ་ཏེ་འདི་སྐད་དུ་དེ་བཞིན་གཤེགས་པའི་གསུང་རབ་ལས་སེམས་ཅན་ཡོད་པར་གསུངས་པས། དེའི་ཕྱིར་སེམས་ཅན་ཡོད་དོ་ཞེས་ཟེར་ན།། དེ་ལ་འདི་སྐད་དུ་སྨྲོས་ཤིག། ཁྱོད་ཉིད་ཀྱིས་ལན་བཏབ་ཟིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་ལས་ཡོད་པ་དང་མེད་པ་ལས་དབེན་པ་ཞེས་གསུངས་པས་སོ།། དེས་གལ་ཏེ་འདི་སྐད་དུ་གལ་ཏེ་དེ་ལྟར་ན། འོ་ན་ནི་ལམ་གྱི་འབྲས་བུའང་མེད་པར་འགྱུར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་ཁྱོད་ཀྱིས་གང་ཞིག་ལ་འབྲས་བུ་ཡིན་པར་འདོད་ཅེས་དྲིས་ཤིག། དེས་གལ་ཏེ་འདི་སྐད་དུ་བདག་ནི་དོན་དམ་པ་ངེས་པར་གྱུར་པ་གང་ཡིན་པ་དེལ་འབྲས་བུ་ཡིན་པར་འདོད་དོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་རྣམ་པར་ངེས་པའི་དོན་དམ་པ་ལ་ནི་སྒྲ་དང་ཚིག་མེད་ལ། སྤྲ་དང་ཚིག་མེད་པ་ལ་ནི་ངེས་པ་ཡོད་ཅེའམ། མེད་ཅེས་བརྗོད་དུ་མེད་པས། ། ཁྱོད་ཀྱིས་ནི་རྣམ་པར་ངེས་པའི་དོན་དམ་པ་ལ་འབྲས་བུ་ཡིན་པར་འདོད་ལ། རྣམ་པར་ངེས་པའི་དོན་དམ་པ་ལ་ནི་སེམས་ཅན་ཡང་མེད། སེམས་ཅན་རྒྱ་མིང་ཡང་མེད་པས། དེའི་ཕྱིར་ཁྱོད་ཀྱིས་སེམས་ཡོད་དོ་ཞེས་གང་སྨྲས་པའི་ཚིག་དེ་རང་ཉིད་ཀྱིས་བཤིག་པ་ཡིན་ནོ་ཞེས་སྨྲོས་ཤིག། གཞན་ཡང་གླང་པོ་ཆེའི་ལག་དེ་བཞིན་གཤེགས་པའི་བསྟན་པ་ལས་ཆོས་རྣམས་འགག་པ་མེད་པར་གསུངས་པའང་སྡུག་བསྔལ་ཉེ་བར་ཞི་བར་མཛད་པ་ཡིན་ཏེ། ངས་དེ་ལྟར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་རབ་ཏུ་རྟོགས་པས། ཇི་ལྟར་ཐུགས་སུ་ཆུད་པའི་ཆོས་རྣམས་ལ་མངོན་པར་ཞེན་པ་མེད་པ་དང་། རབ་ཏུ་དབེན་པ་དང་། སྤྲོས་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་ཅིང་འབྱུང་པ་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། ། གླང་པོ་ཆེའི་ལག་གང་གིས་དེ་ལྟར་ངས་བསྟན་པའི་ཆོས་ཀྱི་དོན་ཤེས་པ་དེས་ཅི་ཡོད་པ་དང་མེད་པའི་ཆེད་དུ་ལས་ཀྱི་སྤྱོད་པ་སློང་བར་མི་བྱེད་དོ།། གང་གིས་ཡོད་པ་དང་མེད་པའི་ཚད་དུ་ལས་ཀྱི་སྟོད་པ་མི་སློང་བ་དེས་ཇི་ལྟར་སེམས་ཅན་ཡོད་པ་དང་སེམས་ཅན་མེད་པར་མཐོང་བར་འགྱུར།། གླང་པོ་ཆེའི་ལག་འདི་ན་ཏ་པར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ་གནས་པ་ཞེས་བྱ་སྟེ། འདི་ལ་ནི་རྗེས་སུ་དྲན་པའི་འདུ་ཤེས་ཀྱི་རྣམ་པར་རྟོག་པའང་མེད། དྲིའིའང་མེད་ཡོངས་སུ་དག་པའང་མེད། འོང་བའང་མེད། འགྲོ་བའང་མེད། ལམ་ཡང་མེད། ལམ་གྱི་འབྲས་བུའང་མེད།། རིང་པོའང་མེད། ཐུང་ངུའང་མེད། གྲུ་བཞིའང་མེད། ཟླུམ་པོའང་མེད། དབྱིངས་ཀྱང་མེད། ཁ་དོག་ཀྱང་མེད་པས། དེའི་ཕྱིར་ཆོས་རྣམས་ནི་སྒོ་གཅིག་ཁོ་ན་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་སྒོ་ཞེས་བསྟན་པ་ཡིན་ནོ།། གླང་པོ་ཆེའི་ལག་འདི་ནི་ཆོས་ཀྱི་སྒོ་མཐོང་བབ་ཞེས་བྱ་སྟེ། གང་གིས་ཆོས་མཐོང་བའི་སྒོར་ཞུགས་པ་འདི་ནི་སངས་རྒྱས་མཐོང་བ་ཞེས་བྱའོ།། གླང་པོ་ཆེའི་ལག་འདི་ཇི་སྙམ་དུ་སེམས། ཆོས་གང་གིས་སངས་རྒྱས་མཐོང་བར་གྱུར་པའི་ཆོས་དེ་ཅི་འགགས་པ་དང་། འགག་པ་དང་།། འགག་པར་འགྱུར་བའི་འགག་པའི་མཚན་ཉིད་གཅིག་ཡིན་སྙམ་འམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། འདི་ཇི་སྙམ་དུ་སེམས། ཆོས་གང་གིས་སངས་རྒྱས་མཐོང་བར་འགྱུར་བའི་ཆོས་དེ་ཅི་སྐྱེས་པའམ། སྐྱེ་བའམ། སྐྱེ་བར་འགྱུར་བའི་སྐྱེ་བའི་མཚན་ཉིད་གཅིག་ཡིན་སྙམ་མམ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། གླང་པོ་ཆེའི་ལག་གལ་ཏེ་དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འགག་པ་ཞེས་མི་བྱའོ།། བཅོམ་ལྡན་འདས་དེ་དེ་ལྟ་ལགས་སོ།། གླང་པོ་རྨད་ལ་ཨག་དེས་གལ་ཏེ་འདི་སྐད་དུ་སྐུའི་མཚན་དང་ལྡན་པས་བདག་དེའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་ཞུགས་ནས་སླར་ལྡོག་པར་མི་འགྱུར་རོ་ཞེས་སྨྲས་པའང་སྐུའི་མཚན་ཉིད་ཕྱིར་མི་ལྡོག་པར་མཐོང་བའི་ཕྱིར། དེ་བཞིན་གཤེགས་པ་འགགས་པ་ཞེས་བྱའོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་དྲིས་ཤིག། ཅི་ཁྱོད་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བར་འདོད་དམ། དེས་གལ་ཏེ་འདི་སྐད་དུ་བདག་ནི་སྐུའི་མཚན་ཡོངས་སུ་གྲུབ་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བར་འདོད་དོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་སྨྲོས་ཤིག། དེ་བཞིན་གཤེགས་པས་གསུངས་པའི་གསུང་རབ་ལས་ནི་སྐུའི་མཚན་ལ་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་མ་གསུངས་ཏེ། གལ་ཏེ་སྐུའི་མཚན་ཡང་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བརྗོད་ན་ནི། གྱོ་མོ་དང་། རྡོ་ང་། རི་དང་། ཀླུང་དང་། རྩཝ་ཤིང་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ཡིན་པར་འགྱུར་རོ།། དེ་གལ་ཏེ་འདི་སྐད་དུ་གྱོ་མོ་དང་། རྡོ་དང་། རི་དང་། ཀླུང་དང་། རྩ་ཤིང་ཐམས་ཅད་ལ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མེད་པས་དེ་བཞིན་གཤེགས་པ་ཞེས་མི་བྱའོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་སྨྲོས་ཤིག། ཁྱོད་ཀྱིས་སྨྲས་པ་ལྟར་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་ན་ནི། འཁོར་ལོ་སྒྱུར་བའི་རྒྱལ་པོའང་དེ་བཞིན་གཤེགས་པ་ཡིན་པའི་རིགས་སོ། ། དེ་ཅིའི་ཕྱིར་ཞེ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པས་སོ།། དེས་གལ་ཏེ་འདི་སྐད་དུ་མཚན་ནི་མཚན་གྱི་ཆོས་ལ་འཇུག་པར་འགྱུར་བས། མཚན་ཤེས་པའི་བྲམ་ཟེས་ཀྱང་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པའི་དངོས་པོ་དེ་བདེན་པས་སོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་སྨྲོས་ཤིག། གལ་ཏེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དེ་བཞིན་གཤེགས་པ་ཡིན་ན་ནི། ཁྱོད་བདག་ཉིད་ཀྱིས་མཚན་མཁན་གྱིས་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་བས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་ལུང་བསྟན་པ་ཡིན་ནོ་ཞེས་སྨྲས་པས། དེང་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པའི་མཚན་ཤོད་ཅིག། དེ་གལ་ཏེ་འདི་སྐད་དུ་བདག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། ཟག་པ་མེད་པའི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སོགས་པ་དེ་བཞིན་གཤེགས་པའི་མཚན་ཉིད་དུ་སྟོན་ཏོ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་སྨོས་ཤིག། ཁྱོད་ཀྱི་སྟོབས་བཅུ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཡིན་ནོ་ཞེས་སྨྲས་སྨྲས་པས། དེང་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་རང་བཞིན་ཇི་ལྟ་བུ་ཡིན་པ་ཤོད་ཅིག། དེ་གལ་ཏེ་འདི་སྐད་དུ་ནི་སངས་རྒྱས་དང་མཚན་ཐ་དད་པ་ཞིག་ཡིན་ན་མ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་ཁྱོད་ཉིད་མཚན་སངས་རྒྱས་ཡིན་ཞེས་ཟེར་བར་ཟད་ཀྱི། མཚན་ནི་སངས་རྒྱས་མ་ཡིན་ནོ་ཞེས་སྨྲོས་ཤིག། དེས་གལ་ཏེ་ཡང་འདི་སྐད་དུ་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་གཞན་ཞིག་སངས་རྒྱས་ཀྱི་སྟོབས་བཅུ་ལ་སོགས་པའི་མཚན་ཉིད་བྱེད་པར་འགྱུར་རམ་ཞེས་ཟེར་ན། དེ་ལ་འདི་སྐད་དུ་སྨྲོས་ཤིག། དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ཇི་ལྟར་དབྱིབས་དང་བཅས་ཤིང་ཁ་དོག་དང་བཅས་པའི་མཚན་ཉིད་དུ་བྱེད་པར་འགྱུར། གཞན་ཡང་ཁྱོད་ཀྱིས་གལ་ཏེ་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ལ་སངས་རྒྱས་ཞེས་བྱ་ཞེས་ཟེར་ན། འོ་ན་ནི་གཞན་དབྱིབས་མེད་ཅིང་ཁ་དོག་མེད་པའི་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཡིན་པར་འགྱུར་བའི་རིགས་སོ། ། གལ་ཏེ་ཆོས་དེ་དག་སངས་རྒྱས་ཡིན་པར་གྱུར་ན་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅཝོ་བརྒྱད་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སོགས་པའང་དེའི་མཚན་ཉིད་བྱེད་འགྱུར་བའི་རིགས་སོ་ཞེས་བརྗོད་པར་བྱའོ། ། གླང་པོ་ཆེའི་ལག་ངའི་ཉན་ཐོས་རྣམས་ནི་དེ་ལྟར་སྐྱེས་བུ་བླུན་པོ་རྣམས་རབ་ཏུ་འདུལ་བར་བྱེད་དོ།། གཞན་ཡང་གླང་པོ་ཆེའི་ལག་ངས་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བཟླ་བར་བྱའོ་ཞེས་སྨོན་ལམ་བཏབ་མོད་ཀྱི། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། སེམས་ཅན་ཡང་མ་དམིགས། སེམས་ཅན་གྱི་མིང་ཡང་མ་དམིགས་པས། ང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་ཚེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པའི་ཆོས་དངོས་པོ་འདི་ཡོད་པའི་ཕྱིར་དངོས་པོ་འདི་ཡོད་དོ། ། དངོས་པོ་འདི་མེད་པའི་ཕྱིར་དངོས་པོ་འདི་མེད་པར་རྟོགས་པ་ཁོ་ནར་ཟད་དོ།། དངོས་པོ་གང་ཡོད་པའི་ཕྱིར་དངོས་པོ་གང་ཡོད། དངོས་པོ་གང་མེད་པའི་ཕྱིར་དངོས་པོ་གང་མེད་པར་གྱུར་ཅེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡོད་པར་གྱུར། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི། རྒ་ཤིའི་རྐྱེན་གྱིས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཡོད་པར་གྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ།། མ་རིག་པ་འགག་པའི་ཕྱིར་འདུ་བྱེད་རྣམས་འགག། འདུ་བྱེད་རྣམས་འགག་པའི་ཕྱིར་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགག་པའི་ཕྱིར་མིང་དང་གཟུགས་འགག། མིང་དང་གཟུགས་འགག་པའི་ཕྱིར་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགག་པའི་ཕྱིར་རེག་པ་འགག། རེག་པ་འགག་པའི་ཕྱིར་ཚོར་བ་འགག། ཚོར་བ་འགག་པའི་ཕྱིར་སྲེད་པ་འགག། སྲེད་པ་འགག་པའི་ཕྱིར་ལེན་པ་འགག། ལེན་པ་འགག་པའི་ཕྱིར་སྲིད་པ་འགག། སྲིད་པ་འགག་པའི་ཕྱིར་སྐྱེ་བ་འགག་སྐྱེ་བ་འགག་པའི་ཕྱིར་རྒ་ཤི་འགག། རྒ་ཤི་འགག་པའི་ཕྱིར་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་གྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འགག་པར་འགྱུར་རོ། ། གང་དེ་ལས་མིག་དང་། ཡེ་ཤེས་དང་། རིག་པ་དང་། བློ་སྐྱེས་པས་འདི་ལྟར་དབུས་དང་མཐའ་མེད་པ་དང་། འཇིགས་པ་མེད་པའི་རྣམ་པར་གྲོལ་བ་རབ་ཏུ་རྟོགས་པར་གྱུར་ཏོ། ། དེ་བཞིན་གཤེགས་པ་རྣམ་པར་གྲོལ་བ་དེ་རབ་ཏུ་རྟོགས་པའི་ཕྱིར་ཆོས་གཞན་གང་ཡང་ཐོབ་པར་གྱུར་པ་མེད་ཀྱི། རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་དམིགས་པ་ཁོ་ནར་ཟད་དོ། ། གླང་པོ་ཆེའི་ལག་དེ་བཞིན་གཤེགས་པ་ནི་ཇི་ལྟར་ཆོས་རྣམས་རབ་ཏུ་རྟོགས་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་ཡང་དག་པར་རབ་ཏུ་སྟོན་ཏོ།། གླང་པོ་ཆེའི་ལག་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་འགྱུར་བ་མེད་པར་རྟག་ཏུ་གནས་པས། འདི་ལྟ་སྟེ། མིང་དང་གཟུགས་ཀྱང་སྟོང་པར་མི་འགྱུར་ལ།། ཕན་ཚུན་འགལ་བའང་མེད། སྐྱེ་བའང་མེད། འབྱུང་བའང་མེད་དོ།། གླང་པོ་ཆེའི་ལག་ང་ནི་རྟག་པར་དེ་ལྟར་ཆོས་སྟོན་པས། ཁྱེད་ཀྱིས་ཀྱང་ངའི་དགོངས་པ་བཞིན་དུ་རིག་བར་བྱའོ། ། ངས་ཁྱེད་ལ་དེ་ལྟ་བུའི་ཆོས་བསྟན་ན། ཁྱེད་ཀྱིས་ཀྱང་དེ་བཞིན་དུ་ནན་ཏན་གྱིས་བསྒྲུབ་པར་བྱའོ།། གླང་པོ་ཆེའི་ལག་སྟོན་པ་ཆེན་པོས་སློབ་མ་རྣམས་ལ་གང་བྱའི་རིག་པ་དེ་དག་ངས་མ་ལུས་པར་བྱས་ཟིན་པས། ཁྱེད་ཀྱིས་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་བསྒྲུབས་ནས། ཆོས་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་ཐོབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་གླང་པོ་ཆེའི་ལག་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གལ་ཏེ་འགའ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་གསུངས་པའི་ཡང་དག་པའི་ཆོས་ནུབ་པར་གྱུར་པ་ཞིག་ཡིན་ན་སུ་ཞིག་ལམ་སྟོན་པར་འགྱུར། ལམ་སྟོན་པ་མེད་པའི་ཕྱིར་དམ་པའི་ཆོས་ནུབ་པ་ཞེས་བྱའོ།། དམ་པའི་ཆོས་ནུབ་པར་གྱུར་པའི་ཕྱིར་དེ་བཞིན་གཤེགས་པ་ཡང་ནུབ་པ་ཞེས་བྱ་བས། འདིའང་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཟླས་པ་ཞེས་བྱའོ་ཞེས་མཆི་ན། དེ་ལ་ཇི་སྐད་དུ་ལན་གདབ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་ལག་གལ་ཏེ་དེ་སྐད་དུ་འདྲི་བ་ཡོད་ན་དེ་ལ་འདི་སྐད་དུ་ལན་གདབ་པར་བྱའོ། ། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་ཡིན་པར་སྐྱེ་བོ་མང་པོ་ཀུན་གྱིས་ཀྱང་ཤེས་ཤིང་མཐོང་ལ། རྟག་པར་སེམས་ཅན་བཟླ་བའི་དུས་ལ་གཞེས་པས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་ད་དུང་ཕན་པ་མཛད་ཡིན་ནོ། ། གཞན་ཡང་དེ་བཞིན་གཤེགས་པས་མ་འོངས་པའི་དུས་སུ་སངས་རྒྱས་རྣམས་ལ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ལུང་སྟོན་པར་མཛད་པས། དེ་ཉིད་སངས་རྒྱས་ཀྱི་གདུང་བསྲབ་ཅིང་རྒྱུནི་མི་གཅད་པར་མཛད་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ནི་སྤངས་རྒྱས་གཅིག་གི་ཆོས་ཡིན་པས། དེའི་ཕྱི་དེ་བཞིནག་དྷཱཿ་པའི་ཆོས་ཞེས་བྱའོ་ཞེས་བསྟན་ཏོ། ། དེ་བཞིན་གཤེགས་པའི་ཆོས་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཡིན་པས། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཇི་སྐད་བསྟན་པ་བཞིན་དུ་སྤྱོད་ཅིང་། ཇི་ལྟར་སྤྱོད་པ་བཞིན་དུ་གསུངས་པ་ཡིན་པར་རིག་པར་བྱའོ་ཞེས་བརྗོད་པར་བྱའོ།། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་གླང་པོ་ཆེའི་ལག་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཡོངས་སུ་འཚོལ་བ་ལེགས་པར་ཐུགས་སུ་ཆུད་པ་ལགས་ཏེ། ཆོས་ཐམས་ཅད་ལེགས་པར་ཐུགས་སུ་ཆུད་པའི་སླད་དུ་སྐུ་དང་། གསུང་དང་། ཐུགས་ཀྱི་འཕྲིན་ལས་མཁྱེན་པ་མངོན་དུ་གཏོང་ཞིང་མཁྱེན་པའི་རྗེས་སུ་འབྲང་བས་ན། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཇི་ལྟར་བསྟན་པ་བཞིན་དུ་མཛད་ཅིང་། ཇི་ལྟར་མཛད་པ་བཞིན་དུ་གསུང་བར་གྱུར་པ་ནི་ཤིན་ཏུ་ངོ་མཚར་ཆེ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླང་པོ་ཆེའི་ལག་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། གླང་པོ་ཆེའི་ལག་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་དུང་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་བ་སྤྱོད་པའི་རྗེ། ཇི་སྐད་བསྟན་པ་བཞིན་དུ་སྤྱོད་ཅིང་། ཇི་ལྟར་སྤྱོད་པ་བཞིན་དུ་སྨྲ་བར་གྱུར། པ་ཡིན་ནོ།། གླང་པོ་ཆེའི་ལག་ཡང་དག་པར་སྨྲ་བ་གང་ལ་ལ་ཞིག་འདི་སྐད་དུ་སུ་ཞོག་ནོར་བ་མེད་པར་འཇིག་རྟེན་དུ་བྱུང་ནས་སེམས་ཅན་ལ་ཕན་འདོགས་པསོ།། ལྷ་དང་མིའི་བདེ་བོ་ལ་འགོད་པ་དང་། ཐམས་ཅད་ཀུན་གྱི་སྟོན་པ་ཆེན་པོར་གྱུར་ནས་ཡང་དག་པའི་ལམ་སྟོན་པ་དང་། ཡང་དག་པའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བས་སྤྲོས་པ་མི་མངའ་བར་ཕ་རོལ་ཏུ་བྱོན་ནས་ད་དུང་མ་བརྒལ་བ་དག་ཡོངས་སུ་ཟློས་ཤེས་ཟེར་བ་ལ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ང་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ།། གླང་པོ་ཆེའི་ལག་ཡང་དག་པར་སྨྲ་བ་གང་ལ་ལ་ཞིག་འདི་སྐད་དུ་སུ་ཞིག་བསླུ་བ་མེད་ཅིང་། བྱ་བ་བྱས་པའི་དྲིན་བཟོ་བ་ཡིན་ཞེས་ཟེར་བ་ལ། དེ་ནི་ང་ཡིན་ནོ་ཞེས་སྨྲ་བ་གང་ཡིན་པ་དེ་ནི་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ། སེམས་ཅན་གང་ལ་ལ་ཞིག་ང་ལ་བྱ་བ་ཅུང་ཟད་ཅིག་བྱས་པའི་དངོས་པོ་དེའང་ཆུད་ཟ་བར་མི་འགྱུར་རོ། ། གླང་པོ་ཆེའི་ལག་ང་ནི་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཚུན་ཆད་པར་དེར་ནམ་ཡང་སེམས་ལྡོག་ཅིང་གྱུར་པའང་མེད་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་མངོན་པར་ཞེན་ཅིང་མོས་པར་གྱུར་པ་ཡང་དག་པར་རྗེས་སུ་མི་དྲོན་ཡང་ངས་ཆོས་དེ་ཐོས་ནས། སེམས་རྩེ་གཅིག་ཏུ་འཁོར་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲསྡུ་བུ་ཡོངས་སུ་གཉེར་བ་ལ་གཟུང་བའི་ཕྱིར་འདུན་པར་གྱུར་པ་ཁོ་ནར་ཟུང་ངོ་། ། གླང་པོ་ཆེའི་ལག་སྔོན་བྱུང་བ་འདས་པའི་དུས་ན་ང་མུ་སྟེགས་ཅན་གྱི་དྲང་སྲོང་དུ་གྱུར་པའི་ཚེཤེས་རབ་གསལ་ཞིང་རྣོལ་མང་དུ་ཐོས་ཤིང་སྤོབས་པ་དང་ལྡན་པར་གྱུར་པས། ཆོས་ཟབ་མོའི་བཟོད་པ་ཐོབ་པར་གྱུར་ཏོ།། དེའི་ཚེ་བྲམ་ཟེ་གཞོན་ནུ་ལྔ་བརྒྱ་ཞིག་ཁྱིམ་ན་གནས་པ་དང་། འདོད་པ་ལྔའི་ཉེས་དམིགས་མཐོང་ཞིང་རབ་ཏུ་བྱུང་བའི་ཕན་ཡོན་མཐོང་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ལམ་བསྒོམས་པར་གྱུར་ཏོ།། དེ་དག་ཐམས་ཅད་ངའི་ཐད་དུ་འོངས་པ་དང་། ངས་ཆོས་བསྟན་པས་རང་སངས་རྒྱས་ཀྱི་ལམ་ཐོབ་པར་གྱུར་ནས། མངོན་པར་ཤེས་པ་དྲུག་དང་ལྡན་ཞིང་སེམས་ལ་རང་དབང་ཐོབ་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པར་གྱུར་པས། རྟག་པར་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནམ་མཁའ་ལ་མངོན་པར་འཕགས་ནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དག་ཏུ་ཞུགས་ཏེ་བསོད་སྙོམས་བླངས་ནས་ང་ལ་རིམ་གྲོ་བྱས་སོ།། ང་དེའི་ཚེ་འདི་སྙམ་དུ་འདི་ལྟར་འདི་དག་ནི་ཡོངས་སུ་དག་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ་ཡིན་པས། བདག་གིས་འདི་དག་གི་མཆོད་པ་བླང་བ་མི་རིགས་སོ་སྙམ་དུ་སེམས་པར་གྱུར་ཏོ།། དྲང་སྲོང་དེ་དག་ངས་རྗེས་སུ་བསྟན་པའི་ཕྱིར་དེ་ལྟ་བུའི་ཆོས་ཐོབ་པར་གྱུར་ཀྱང་། ངས་ཐོབ་པར་མ་གྱུར་པས་ཆོས་དེ་ཐོབ་པར་བྱ་ཞིང་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་ཕྱིར། ནན་ཏན་བརྩོན་འགྲུས་བསྐྱོད་པར་གྱུར་ཏོ།། གླང་པོ་ཆེའི་ལག་ངས་ནན་ཏན་བརྩོན་འགྲུས་བསྐྱེད་ནས་ཆོས་དེ་མངོན་སུམ་དུ་བྱས་པའི་ཚེ། གནས་གཙང་མའི་རིས་ཀྱི་ལྷ་ཞིག་འོངས་ཏེ། མངོན་དུ་ལུང་བསྟན་ནས་ངལ་འདི་སྐད་དུ་ཀྱེ་ཡེ་ཤེས་འདི་ལ་མངོན་པར་ཞེན་པར་མ་བྱེད་ཅིག། ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཚད་མེད་དཔག་ཏུ་མེད་པ་རྣམས་ཡོངས་སུ་ཟློས་པར་འགྱུར་རོ་ཞེས་བསྒོའོ།། ། གླང་པོ་ཆེའི་ལག་ང་དེའི་ཚེ་དེ་སྐད་བསྒོ་བ་ཐོས་ནས་ལམ་བསྒོམ་པ་བཏང་ནས། སེམས་མཆོག་ཏུ་དགའ་བ་ཐོབ་པར་གྱུར་ནས། ཟླ་བ་ཕྱེད་ཀྱི་བར་དུ་དབེན་པར་འདུག་པའི་ཚེ་དགའ་བས་ལུས་ཀུན་ཁྱབ་པར་གྱུར་ཏོ། ། གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པར་གྱུར་ན། ལྷ་རྣམས་ཀྱིས་གོ་བར་བྱེད་ཅིང་རབ་ཏུ་དགའ་བའི་སེམས་ཀྱང་ཐོབ་པར་གྱུར་ལ། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་བདག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་ནས། གཞན་དག་ཀྱང་སེམས་བསྐྱེད་པར་སྐུལ་བ་ཡིན། ཐེག་པ་ཆེན་པོར་སེམས་བསྐྱེད་པ་དག་མཐོང་ན་ཕྲག་དོག་ཀྱང་མི་བྱེད་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བདག་གཅིག་པུས་ཐོབ་པར་བྱ་བ་ཡིན་གྱི། གཞན་གྱིས་ནི་ཐོབ་པར་བྱ་བ་མ་ཡིན་ནོ་སྙམ་དུ་མི་སེམས་པ་ཡིན། སེམས་ཅན་ཉེས་པ་སྤྱོད་པ་དག་ལ་དུས་དུས་སུ་རྗེས་སུ་འདེམས་ཤིང་སེམས་བཟང་པོས་གཏམ་དག་སྨྲས་ནས། དེ་དག་གི་དགེ་བ་ཡོངས་སུ་སྲུང་བར་བྱེད་པ་ཡིན། བདག་ཉིད་རྟག་པར་རབ་ཏུ་བརྩོན་པའི་སེམས་ཀྱིས་ཆོས་རྣམས་རྒྱ་ཆེར་གཉེར་ཞིང་། གཞན་དག་ལ་བསྟན་ནས་སེར་སྣ་མེད་པར་གྱུར་པ་ཡིན་ཏེ། གླང་པོ་ཆེའི་ལག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚྭ་བཞི་པོ་འདི་དག་དང་ལྡན་པར་གྱུར་ན། ལྷ་རྣམས་ཀྱིས་ཀྱང་གོ་བར་བྱེད་ལ། བདག་ཉིད་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་རིག་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་བསྟན་སེམས་ཀྱིས།། བླ་མེད་ཐེག་ལ་རབ་གནས་ཤིང་།། སེམས་ཅན་དག་ཀྱང་བསྐུལ་བྱས་ནས།། ཐེག་པ་དེ་ལ་འགོད་པར་བྱེད།། བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་ཚེ།། རྟོག་པར་ཕྲག་དོག་ཁོང་ཁྲོ་མེད།། ནན་ཏན་བརྩོན་འགྲུས་རྩོམ་བྱེད་པས།། དགའ་པའི་སེམས་ནི་འཕེལ་བར་འགྱུར། ། སེམས་ཅན་སྡིག་སྤྱོད་མཐོང་གྱུར་ན།། འདུ་ཤེས་རྗེས་སུ་འདོམས་པར་བྱེད།། རྟག་པར་བྱམས་དང་སྙིང་རྗེར་ལྡན།། ཁོང་ཁྲོ་དག་ནི་མེད་པ་ཡིན།། རྟག་པར་ནན་ཏན་ཆོས་གཉེར་ནས། ། སེམས་ཅན་རྣམས་ལ་སྤེལ་བར་བྱེད།། ཇི་ལྟར་ཆར་ནི་རླན་བྱེད་ལྟར།། ཆོས་ཀྱིས་ཐམས་ཅད་ཚིམ་པར་བྱེད།། ཆོས་བཞི་འདི་དག་གང་སྤྱོད་པ།། ཁྱོད་ནི་སངས་རྒྱས་འགྲུབ་འགྱུར་བས། ། ཐེ་ཙོམ་སེམས་ནི་མ་སྐྱེད་ཅེས།། ལྷ་རྣམས་ཀྱིས་ནི་གོ་བར་བྱེད།། བྱང་ཆུབ་སེམས་དཔས་དེ་ཐོས་ནས།། ནན་ཏན་བརྩོན་འགྲུས་སྐྱེད་པར་བྱེད།། དངོས་པོ་འདི་ནི་ངེས་བདེན་བས། དུ་བདག་ནི་སངས་རྒྱས་ངེས་འགྲུབ་སེམས།། བྱང་ཆུབ་སེམས་དཔའ་དེ་དག་ནི།། བརྩོན་འགྲུས་དང་ནི་སྨོན་ལམ་དྲང་།། དྲན་པ་དང་ནི་ཤེས་རབ་དག། བདག་ཉིད་རྒྱ་ཆེར་འཕེལ་བར་འགྱུར། ། གལ་ཏེ་དེ་བཞིན་གཤེགས་པ་རྣམས།། འཇིག་རྟེན་དུ་ནི་འབྱུང་འགྱུར་ན།། བྱང་ཆུབ་སེམས་དཔའ་དེ་དག་ནི།། འདི་འདྲའི་ཡོན་ཏན་ལྡན་པར་འགྱུར།། གང་ཟག་ཆེན་པོས་བཀུར་འགྱུར་ཞིང་། ། རྒྱལ་པོ་བློན་པོ་དམངས་རྣམས་ཀྱང་།། ཐམས་ཅད་སེམས་ནི་རབ་དགའ་ཞིང་།། ལམ་ལྡན་ཡིན་པར་རིག་པར་འགྱུར།། བསྟན་བཅོས་གཙུག་ལག་ཚིག་དང་དོན།། ཚིག་འབྲུ་ཚིག་བཅད་བརྩིས་དང་གྲངས། ། དེ་དག་ཐམས་ཅད་ལེགས་རྟོགས་པས།། སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར།། དབང་པོ་རྣོ་ཞིང་ཤེས་རབ་ལྡན།། བྱ་བ་སྟོབས་ལ་མི་ལྟོས་པར།། ཐབས་དང་ལྡན་པ་འབའ་ཞིག་གིས། ། ཐམས་ཅད་ཡོངས་སུ་གྲུབ་པར་ནུས།། དགྲ་རྣམས་རབ་ཏུ་གདུལ་བ་ཡང་།། ལུས་ཀྱི་ཞོ་ཤ་མི་ལྟོས་པར།། ཤེས་རབ་སྟོབས་ནི་འབའ་ཞིག་གིས།། རང་གི་སེམས་ནི་འདུལ་བར་བྱེད། ། སེམས་ཅན་རབ་ཏུ་བརྩེ་བའི་ཕྱིར།། འཇིག་རྟེན་དུ་ནི་སྐྱེས་པས་ན།། རྒྱལ་པོ་བློན་པོ་དམངས་རྣམས་ཀྱང་།། ངོ་མཚར་ཆེ་ཞེས་བསྔགས་པར་འགྱུར།། ལྷ་རྣམས་ཀུན་དང་སྨྲ་བས་ནི། ། དེ་ཡི་ཡ་མཚན་ཀུན་གྱིས་རིག། ཅི་ཕྱིར་དེ་ལྟར་རིག་ཅེ་ན།། བདག་སེམས་ཤེས་ཞེས་སེམས་ཕྱིར་རོ།། བྱང་ཆུབ་སེམས་དཔའ་དེ་རྟག་ཏུ།། སངས་རྒྱས་རྣམས་ནི་མཐོང་བས་ན། ། དེར་སོང་ཆོས་ནི་རབ་ཞུས་ནས།། སེམས་ཅན་རྒྱ་ཆེར་ཕན་ཡང་འདོགས།། སངས་རྒྱས་ནུས་ལན་གསུངས་པས་ན།། ཐེ་ཙོམ་དག་ནི་ཆུད་པར་འགྱུར།། སེམས་ཅན་རྣམས་ནི་ཕན་འདོགས་པས། ། ཐམས་ཅད་དགའ་བ་ཐོབ་པར་འགྱུར།། སངས་རྒྱས་རྫུ་འཕྲུལ་མཐུ་བསྟན་ནས།། སངས་རྒྱསུ་འགྱུར་བར་ལུང་སྟོན་པས།། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ།། སེམས་ནི་དགའ་བ་ཐོབ་པར་འགྱུར། ། ཤིན་ཏུ་འཕགས་པའི་ནོར་རྣམས་དང་།། ཕྱི་ནང་ཀུན་ལ་ཆགས་མེད་པས།། དེའི་ཕྱིར་དགའ་བ་ཆེན་པོ་ཡིས།། བྲྀ་གོ་ཉིད་སངས་རྒྱས་འགྲུབ་པར་ཤེས།། སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི།། བཟོད་པ་གྱ་ནོམ་ཐོབ་པས་ན།། དེའི་ཕྱིར་དགའ་བ་ཆེན་པོ་ཡིས།། བདག་ཉིད་སངས་རྒྱས་འགྲུབ་པར་ཤེས།། ཆོས་རྣམས་ཀུན་ལ་མི་གནས་ཤིང་། ། ཆོས་བརྟན་མི་རུང་རིག་པས་ན།། དེ་འདྲའི་ཤེས་རབ་ཐོབ་གྱུར་ནས།། ལུས་ནི་མཁའ་ལ་འཕགས་པར་འགྱུར།། དེ་ཡི་སེམས་ནི་ནང་མི་གནས།། ཕྱི་རོལ་ནུ་ཡང་མི་གནས་ཏེ།། འདུ་ཤེས་ཐམས་ཅད་འདས་པས་ན།། དེ་ཕྱིར་བཟོད་པ་བླ་མེད་འཐོབ།། ཡུན་རིངས་བྱམས་དང་སྙིང་རྗེ་ཡིས།། སེམས་ཅན་ཀུན་ལ་སེམས་པས་ན།། དེ་ཕྱིར་བསོད་ནམས་དེ་ཡི་དབང་།། སངས་རྒྱས་ཚད་མེད་མཐོང་བར་འགྱུར། ། དེ་ཡི་ལུས་ནི་ཐམས་ཅད་ཀུན།། སངས་རྒྱས་སྐུ་དང་ཁྱད་པར་མེད།། དེ་འདྲའི་བཟོད་པ་ཐོབ་པས་ན།། ཆོས་ཀྱི་བདག་ཉིད་འཕེལ་བར་བྱེད།། བྱང་ཆུབ་ཏུ་ནི་སམ་བསྐྱེད་ལྔ། ། སུ་ཞིག་རྗེས་སུ་སློབ་མི་བྱེད།། རབ་བརྟན་དམ་ཆོས་གང་གནས་པ།། དེ་འདྲའི་ཡོན་ཏན་ཐོབ་པར་འགྱུར།། དེ་ཕྱིར་ལམ་ནི་གཉེར་བ་དག། རྟག་པར་ནན། ཏན་ཆོས་གཉེར་བྱ།། ཆོས་ཀྱིས་བདག་གི་ཁེ་བཙལ་ནས།། བྱང་ཆུབ་ལ་ནི་ཕན་གདགས་བྱ།། བརྒོལ་བའི་ལན་བཏབ་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་འདས་པའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དགེ་བའི་ཆོས་རྣམ་པ་སྣ་ཚོགས་ལ་ཤིན་ཏུ་བརྟན་པར་གནས་པར་གྱུར་པ་ནི་ངོ་མཚར་ཆེ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ང་ནི་ཡུན་རིང་པོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དགེ་བའི་ཆོས་ལ་ཤིན་ཏུ་བརྟན་པར་གནས་པར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རབ་ཏུ་གསལ་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་གཉེར་ཆོས་ནི་གང་ཐོབ་པ།། ད་ནི་སངས་རྒྱས་ལམ་གཞི་ཡིན།། རྟག་ཏུ་ཆོས་ལ་གང་བརྩོན་པ།། ཆོས་མ་ཡིན་པ་སྤོང་བར་འགྱུར།། རྟག་ཏུ་ཡང་དག་ལམ་སྤྱོད་པ། ། ལོག་པའི་ལམ་ནི་སྤོང་བར་བྱེད།། སངས་རྒྱས་ཆོས་ལ་རྟག་རྟེན་པ།། དེ་ནི་ལམ་ལ་རྟེན་པར་འགྱུར།། དེས་ན་མི་ཁོམ་རྣམ་སྤངས་ནས།། ཁོམ་ལྡན་དག་ནི་ཐོབ་པར་འགྱུར།། ཁོམ་ལྡན་གནས་ནི་ཐོབ་གྱུར་ན།། བརྩོན་འགྲུས་བརྩམས་པ་ཆུད་མི་ཟ།། གནས་གཉིས་སུ་ནི་མཆོག་ཏུ་བཙུན།། ཁ་དོག་གཟུགས་ནི་མཆོག་ཏུ་འགྱུར།། གཡོག་འཁོར་དག་ནི་ཕུན་ཚོགས་ཤིང་། ། ཐམས་ཅད་ཀུན་གྱི་མཆོག་ཏུ་འགྱུར།། བརྟན་པའི་སེམས་ཀྱིས་རྟག་ཏུ་ན།། ཚུལ་ཁྲིམས་བཟོད་པའི་ཕྱོགས་ལ་གནས།། བརྩོན་འགྲུས་ཕྱོགས་ལ་རབ་གནས་ཤིང་།། བསམ་གཏན་ཤེས་རབ་འཕེལ་བར་བྱེད། ། རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི།། གཙོ་མཆོག་དག་ནི་བྱེད་པར་འགྱུར།། ཡོན་ཏན་ཀུན་གྱི་མཆོག་གྱུར་པས།། དོན་རིག་འཇིགས་པ་ཅི་ཡང་མེད།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་གང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་བུའི་ཆོས་གྱ་ནོམ་པ་དག་ལ་སུ་ཞིག་སློབ་པར་མི་བགྱིད་དེ། བདག་ཅག་ནི་སྔོན་དང་ཁོ་ནས་ལེ་ལོ་ཅན་དུ་གྱུར་པས། ། སངས་རྒྱས་ཀྱི་མཁྱེན་པ་ལ་རེ་བ་མ་མཆིས་ཤིང་། བདག་ཅག་སངས་རྒྱས་ཀྱི་མཁྱེན་པ་འདི་ལྟ་བུ་ཐོབ་པར་གྱུར་པ་མངོན་པར་ཡིད་ཆེས་པ་མ་མཆིས་པས་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པས་བདག་ཉིད་ངེས་པར་བྱུང་བར་གྱུར་པ་ལགས་སོ་སྙམ་དུ་སེམས་ལགས་སོ། ། བཅོམ་ལྡན་འདས་བདག་ནི་དེང་སྨན་ཆུད་བྱང་ཆུབ་སེམས་དཔའ་རྣམས་ལ་གཟེངས་བསྟོད་ཅིང་སྤྲོ་བ་བསྐྱེད་ནས། སངས་རྒྱས་ཀྱི་ཆོས་ལ་དགོད་པར་བགྱིད་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་དཀའ་བ་མཛད་པ་ལགས་པས། བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་གྱི་ཆེད་དུ་རྟག་པར་དེ་ལྟ་བུའི་ཤིན་ཏུ་དཀའ་བའི་དངོས་པོ་ཤ་སྟག་མཛད་དེ། དེ་ལྟ་བུའི་དངོས་པོ་དེ་ནི་དགྲ་བཅོམ་པ་དང་། རང་སངས་རྒྱས་ཐམས་ཅད་ལའང་མ་མཆིས་ན། སེམས་ཅན་གཞན་ལ་ལྟ་སྨོས་ཀྱང་ཅི་འཚལ་བས་སོ།། བཅོམ་ལྡན་འདས་དེ་ལྟ་བུའི་ཤིན་ཏུ་དཀའ་བའི་དངོས་པོ་ཆེན་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་གྱུར་པ་འབའ་ཞིག་གིས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སླད་དུ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ།། ཤིན་ཏུ་དཀའ་བའི་དངོས་པོ་དེ་ལྟ་བུ་ཆེ་དེ་མ་མཆིས། དཔག་ཏུ་མ་མཆིས། གྲངས་མ་མཆིས་པ་དང་ལྡན་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དེ་དག་དེ་ལྟ་བུའི་ཤིན་ཏུ་དཀའ་བའི་དངོས་པོ་ཆེན་པོ་སྤྱད་དེ། བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏེ། སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་རྣམས་ཡོངས་སུ་བཟླ་བར་བགྱིད་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་པོ་དེ་དེ་བཞིན་ནོ།། དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་ཡོངས་སུ་གཉེར་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དེ་ལྟ་བུའི་སྨོན་ལམ་ཆེན་པོ་དང་། དཀའ་བའི་དངོས་པོ་ཆེན་པོ་ཤིན་ཏུ་ཟབ་པ། ཤིན་ཏུ་དཀའ་བ། ཚད་མེད་པ། དཔག་ཏུ་མེད་པ། གྲངས་མེད་པ་དང་ལྡན་པར་གྱུར་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་གང་པོ་དང་། འཁོར་བཞི་པོ་རྣམས་དང་། ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དུ་བཅས་པ་ཐམས་ཅད། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་ཞིང་ཡིད་ཆེས་པས་མངོན་པར་བསྟོད་དོ། ། གང་པོའི་ལེའུ་སྟེ་བརྒྱད་པའོ།། ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། གང་པོའི་འདུས་པ་སྟེ། འདུས་པ་བཅུ་བདུན་པ་རྫོགས་སོ།། @རྒྱ་གར་སྐད་དུ། ཨཱརྱ་རཥྚ་པཱ་ལ་པ་རི་བྲིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ།
CLOSE WINDOW