CLOSE WINDOW

S11.16: འཕགས་པ་ཡབ་སྲས་མཇལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །། རྒྱ་གར་སྐད་དུ། ཨཱརྱ་པི་ཏ་པུ་ཏྲ་སཱ་མ་ག་མན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ་འཕགས་པ་ཡབ་སྲས་མཇལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། ། བམ་པོ་དང་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོལ་བགྲོལ་བའི་འཁོར་དང་ལྡན་པ། དུལ་བདུལ་བའི་འཁོར་དང་ལྡན་པ། ཞི་བཞི་པའི་འཁོར་དང་ལྡན་པ། རྒལ་བ་རྒལ་བའི་འཁོར་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་ཕ་རོལ་ཏུ་ཕྱིན་པའི་འཁོར་དང་ལྡན་པ། ཐང་ལ་ཕྱིན་པ་ཐང་ལ་བྱིན་པའི་འཁོར་དང་ལྡན་པ། དབུགས་ཕྱིན་པ་དབུགས་ཕྱིན་པའི་འཁོར་དང་ལྡན་པ། དགེ་སློང་དགེ་སློང་གི་འཁོར་དང་ལྡན་པ། ཉོན་མོངས་པ་བཅོམ་པ་ཉོན་མོངས་པ་བཅོམ་པའི་འཁོར་དང་ལྡན་པ། དགེ་སྦྱོང་དགེ་སྦྱོང་གི་འཁོར་དང་ལྡན་པ།། སྡིག་པ་བསལ་བ་སྡིག་པ་བསལ་བའི་འཁོར་དང་ལྡན་པ། ཚངས་པ་ཚངས་པའི་འཁོར་དང་ལྡན་པ། སྡིག་པ་བསལ་བའི་ཆོས་ཅན་སྡིག་པ་བསལ་བའི་ཆོས་ཅན་གྱི་འཁོར་དང་ལྡན་པ། རིག་པ་ཅན་རིག་པ་ཅན་གྱི་འཁོར་དང་ལྡན་པ། ཁྲུས་བྱས་པ་ཁྲུས་བྱས་པའི་འཁོར་དང་ལྡན་པ། སྒྲོགས་པ་པོ་སྒྲོགས་པ་པོའི་འཁོར་དང་ལྡན་པ། ཉོན་མོངས་པ་བྱང་བ་ཉོན་མོངས་པ་བྱང་བའི་འཁོར་དང་ལྡན་པ། ཡན་ལག་ལྔ་རྣམ་པར་བསལ་བ་ཡན་ལག་ལྔ་རྣམ་པར་བསལ་བའི་འཁོར་དང་ལྡན་པ། སྒྲིབ་པ་དང་རྣམ་པར་བྲལ་བ་སྒྲིབ་པ་དང་རྣམ་པར་བྲལ་བའི་འཁོར་དང་ལྡན་པ། ཡིད་རྣམ་པར་དང་བ་ཡིད་རྣམ་པར་དང་བའི་འཁོར་དང་ལྡན་པ། ཡན་ལག་དྲུག་དང་ལྡན་པ་ཡན་ལག་དྲུག་དང་ལྡན་པའི་འཁོར་དང་ལྡན་པ། བསྙེན་བསྲིང་དང་བྲལ་བ་བསྙེན་བསྲིང་དང་བྲལ་བའི་འཁོར་དང་ལྡན་པ། བསྲུང་བ་གཅིག་པ་བསྲུང་བ་གཅིག་པའི་འཁོར་དང་ལྡན་པ། དྲན་པའི་སྒོ་སྲུངས་ཕུན་སུམ་ཚོགས་བྱ་དྲན་པའི་སྒོ་ཟུངས་དྲན་སུམ་ཚོགས་པའི་འཁོར་དང་ལྡན་པ། པ་བཞི་དང་ལྡན་པ་རྟོན་པ་བཞི་དང་ལྡན་པའི་འཁོར་དང་ལྡན་པ། ཉི་ཚེ་བའི་བདེན་པ་བསལ་བ་ཉི་ཚེ་བའི་བདེན་པ་བསལ་བའི་འཁོར་དང་ལྡན་པ། བཙལ་བ་སྤངས་པ་བཙལ་བ་སྤངས་པའི་འཁོར་དང་ལྡན་པ། མཐར་ཕྱིན་པ་མཐར་ཕྱིན་པའི་འཁོར་དང་ལྡན་པ། དོན་གྱི་མཐར་ཐུག་པ་དོན་གྱི་མཐར་ཐུག་པའི་འཁོར་དང་ལྡན་པ། བདག་ཉིད་བསྒོམས་པ་བདག་ཉིད་བསྒོམས་པའི་འཁོར་དང་ལྡན་པ། ཀུན་ཏུ་རྟོག་པའི་རྙོག་པ་མེད་པ་ཀུན་ཏུ་རྟོག་པའི་རྙོག་པ་མེད་པའི་འཁོར་དང་ལྡན་པ། རྣམ་པར་རྟོག་པ་ཡོངས་སུ་ཆད་པ་རྣམ་པར་རྟོག་པ་ཡོངས་སུ་ཆད་པའི་འཁོར་དང་ལྡན་པ། ལུས་ཀྱི་འདུ་བྱེད་རབ་ཏུ་བསལ་བ་ལུས་ཀྱི་འདུ་བྱེད་རབ་ཏུ་བསལ་བའི་འཁོར་དང་ལྡན་པ། མི་གཡོ་བ་ལ་མངོན་པར་མོས་པ་མི་གཡོ་བ་ལ་མངོན་པར་མོས་པའི་འཁོར་དང་ལྡན་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་འཁོར་དང་ལྡན་པ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བའི་འཁོར་དང་ལྡན་པ། འཕགས་པ་འཕགས་པའི་འཁོར་དང་ལྡན་བ། ཡལ་ག་དང་། ལོ་མ་དང་། འདབ་མ་དང་། ལྕུག་མ་དང་། ཤུན་གྲགས་ཀྱི་སྐྱོན་དང་བྲལ་བ། དག་པ། སྙིང་པོ་ལ་གནས་པ། ཤཱཀྱའི་ཡུལ་ན་སེར་སྐྱའི་གནས་ཤིང་ནྱ་གྲོ་དྷའི་ཀུན་དགའ་། སཱུཛྫ་དདྱ། ཟགས་སྦྱིན་དང། 2ར་དཱང་། བྷཱུ་རྔུས་འོད་གྲུས་ད་། གས་འོད་སྲུས་དང་། རྒུ་ནུ་འོད་སྲུངས་དང་། བོད་སུས་ཅན་པོ་དང་། བུ་དང་། མོའུ་འགལ་གྱི་བུ་ལ་སོགས་པ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཤ་སྟག་དང་ཐབས་ཅིག་སྟེ། དེའི་ཚེ་ནམ་གྱི་ཐོ་རངས་ཀྱི་རེས་ལ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། དགེ་སློང་གི་དགེ་འདུན་གྱིས་མདུན་གྱིས་བལྟས་ཏེ་བླ་གབ་མེད་པ་ན་བཞུགས་སོ། ། དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་བར། ཐམས་ཅད་དང་ལྡན་པའི་དགེ་སློང་གི་དགེ་འདུན་ཅང་མི་སྨྲ་བ་ལ་གཟིགས་སོ།། ཐམས་ཅད་དང་ལྡན་བའི་དགེ་སློང་གི་དགེ་འདུན་ལ་གཟིགས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། དགེ་སློང་གང་གིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་འགྱུར་བ་དེ་ལྟ་བུ་འགའ་ཞིག་ཚོལ་ཆོལ་ཅི། དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ནྣ་སྟན་ལས་ལངས་ཏེ། ཐོགོས་དྲུག་པ་གཅིག་ས་གཟར་ནས། བུས་མོ་གམས་པའི་ལྷངས་པ་བཙུགས་ཏེ། བཅོམ་ལྡན་འདས་གལ་བདེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདིསྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རྒྱལ་པོ་རྫས་གཙང་མ་མངོན་པར་དད་པར་བགྱིའོ། ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀོའུ་དིནྱ་ཁྱོད་ནི་བླ་མ་བླ་མར་བྱ་བའི་ཆོས་དང་ལྡན་པར་བྱ་བ་ཡིན་གྱིས་འདུག་ཅིག། དེ་བཞིན་དུ་ཚེ་དང་ལྡན་པ་རླངས་པ་དང་། མིང་ཆེན་དང་། གྲགས་སྦྱིན་དང་། ལྟེང་རྒྱས་འོད་སྲུངས་དང་། ཆུ་ཀླུང་འོད་སྲུངས་དང་། ག་ཡ་འོད་སྲུངས་དང་། འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ་ཆེན་པོས་ཀྱང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བགྱིའོ། ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་གྱི་བུ་ཁྱོད་ཀྱང་ཐ་མ་བླ་མར་བྱ་བའི་ཆོས་དང་ལྡན་པར་བྱ་བ་ཡིན་གྱིས་འདུག་ཅིག། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱེད་པའི་དགེ་སློང་གང་ཞིག་བཅོམ་ལྡན་འདས་བཞིདདུ་རྣམ་ཧཱ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྷི་བུ་ཆེན་པོས་ཏིང་ངེ་འཛིན་གྱི་རྣམ་པ་དེ་ལྟ་བུ་ལ་མཉམ་པར་བདུག་སྟེ། དེ་ལྟར་མཉམ་པར་བནག་པར། སེམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཚེ་དང་ལྡན་པ་འཆར་ཀ་ལ་གནས་ཤིང་། དགེ་སློང་འཆར་ཀ་འདི་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱེད་དོ་ཞེས་དགོངས་པ་མཐོང་སྟེ། འདི་ལྟ་སྟེ། དཔེར་ན་ཁང་པ་བརྩེགས་པ་འམ། ཁང་པ་བརྩེགས་པའི་ཁྱམས་སྒོ་བྱང་ཕྱོགས་སུ་ལྟ་བའི་ཤར་ཕྱོགས་ཀྱི་བར་ལུང་ནས་ཉི་མའི་འོད་ཟེར་བྱུང་སྟེ། ནུབ་ཕྱོགས་ཀྱི་རྩི་གངོས་ལ་ཤར་བ་དེ་བཞིན་དུ། ཚེཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་དགོངས་པ་ཚེ་དང་ལྡན་པ་འཆར་ཀ་ལ་ཤར་ཅིང་། དགེ་སློང་འཆར་ཀ་འདི་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱེད་དོ་ཞེས་དགོངས་པ་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཏིང་ངེ་འཛིན་དེ་ལས་ལངས་ཏེ། ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་ནས། ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ནི་ཁྱོད་ལ་དགེ་སློང་འཆར་ཀས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱེད་ནུས་སོ་ཞེས་དགོངས་ཤིང་བཞེད་དོ།། ཚེ་དང་ལྡན་པ་འཆར་ཀ་དེ་ལྔ་ཡིན་གྱིས། ཁྱོད་ཀྱིས་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱ་བ་དང་པ་སྐྱེད་ཅིག། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་འཆར་ཀས། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་རིགས་རྣམས་ནི་དད་པར་བྱ་བར་ཤིན་ཏུ་དཀའ་སྟེ། རྒྱལ་པོའི་རིགས་ནི་ལྷག་པར་དཀའའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ནི་མགུ་བར་དཀའ་བ་སྟེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཤིང་ཁུར་བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། ཤིང་ཁུར་བརྒྱའང་རུང་སྟེ། གཤེར་བ་མེད་ཅིང་། སྐམ་ལ་ལོ་མང་དུ་ལོན་པ་ཞིག་ཡོད་ལ། དེ་ལ་མི་ལ་ལ་ཞིག་གིས་མེ་གཏང་ན། མའི་ཕུང་པོ་ཆེན་པོ་འབར་བར་འགྱུར་རོ།། དེ་ལ་ཡང་ལ་ལ་ཞིག་གིས་མར་རམ། འབྲུ་མར་གྱིས་གཏོར་ན། མེའི་ཕུང་པོ་དེ་བས་ཆེས་ཆེ་བར་འབར་ཏེ། དེའི་སྟེ་ངམ། དྲུང་གི་འཁོར་དུ་འགྲོ་བ་ནི་ཤིན་ཏུ་དཀའ་འོ།། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དེ་བཞིན་དུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ནི་མགུ་བར་དཀའ་འོ། ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འདི་ལྟ་སྟེ། དཔེར་ན་གླང་པོ་ཆེ་མཆེ་བ་ཅན་ཁ་གདོངས་པའི་སོ་ཕྲག་ཏུ་འགྲོ་བ་ནི་ཤིན་ཏུ་དཀའ་འོ། ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དེ་བཞིན་དུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྣམས་ཀྱང་མགུ་བར་དཀའ་འོ།། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པོ་འཆར་ཀ་དེ་ནི་དེ་ལྷ་མོད་ཀྱི། འོན་ཀྱང་ཁྱོད་ནི་དགེ་སློང་འཆར་ཀ་འདིས་རྒྱལ་པོ་ཟས་གཙང་མ་མངོན་པར་དང་བར་བྱ་བར་ནུས་སོ། ། ཞེས་བཅོམ་ལྡན་འདས་ཀྱིས་དགོངས་ཤིང་བསྐྱེད་པ་ཡིན་ནོ།། སྨྲས་པ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་ཀྱིས་བདག་ལ་རྒྱལ་པོ་ཟས་གཙང་མ་པ་པར་བྱེད་པར་དགོངས་སམ། སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་འཆར་ཀ་ནི་རྒྱལ་པོ་ཟས་གཙང་མ་དད་པར་བྱེད་དོ་ཞེས་དགོངས་སོ།། དེ་ནས་བཅོམ་ལྡན་འདས་ཉིད་ཀྱིས། ཚེ་དང་ལྡན་པ་འཆར་ཀ་ལ་བཀའ་སྩལ་པ། འཆར་ཀ་རྒྱལ་པོ་ཟས་གཙང་མ་དད་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། འཆར་ཀ་རྒྱལ་པོ་ཟས་གཙང་མ་ནི་ཡང་ན་ངས་དད་པར་བྱའི། ཡང་ན་ཁྱོད་ཀྱིས་དད་པར་བྱའོ།། འཆར་ཀ་ངའི་ཉན་ཐོས་ཇི་སྙེད་ཅིག་ཡོད་པ་དེ་དག་གི་ནང་ན་ཁྱོད་ནི་འདི་ལྟར་རིགས་དད་པར་བྱེད་པའི་མཆོག་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་ཚེ་དང་ལྡན་པ་འཆར་ཀ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། འཆར་ཀ་བཟང་པོ་ང་ལས་མཉན་པར་བྱོས།། ཁྱོད་ནི་རིགས་དང་བྱེད་མཆོག་རབ་ཡིན་གྱིས། ཤཱཀྱའི་རིགས་རྣམས་དགའ་བ་སྐྱེད་པ་ཡི། ། རྒྱལ་པོའི་དམ་པ་མྱུར་དུ་དད་པར་བྱོས།། རྒྱལ་པོའི་རབ་དེ་དད་པར་བྱས་ན་ནི།། རིགས་སུ་ལྷ་དག་དང་ནི་མི་རྣམས་ལ།། མཐའ་དབུས་མེད་པའི་ལེགས་པ་འབྱུང་འགྱུ་གྱིས། ། མི་ཡི་དམ་པ་མྱུར་དུ་དད་པར་བྱོས།། དེ་ལྟ་ན་ནི་ཤཱཀྱའི་བདག་པོ་དོ།། མངོན་པའི་ང་རྒྱལ་རྟོག་པས་དཀྲུགས་ཤིང་ཉམས།། རི་ཡི་ངོས་ནས་དབའ་འདྲིལ་ཇི་བཞིན་དུ།། བརྩོན་འགྲུས་རྩོལ་པ་ཐམས་ཅད་བཏང་སྟེ་གནས། ། དབང་ཕྱུག་ཉམས་པ་རྗེས་སུ་དྲན་བྱེད་པས།། ཡིད་ལ་གནོད་གྱུར་སེམས་དང་ཡིད་ཀྱང་སྟོར།། དཔེར་ན་ཚོང་པ་ནོར་དང་བྲལ་བ་དག། རྗེས་སྲུ་དྲན་ཞིང་ཉོན་མོངས་གནས་པ་བཞིན། ། ལྷ་ཡི་གནས་ནས་ལྷ་དག་ཤི་འཕོས་ཤིང་།། ལྷ་རྫས་འདོད་པ་རྗེས་སུ་དྲན་པ་བཞིན།། རྒྱལ་བའི་བསྟན་པ་མངོན་པར་མི་ཤེས་ཤིང་།། རྒྱལ་པོ་བདེ་ཉམས་སྙིང་རྗེར་སྨྲེ་སྔགས་འདོན། ། ང་ཡི་རིན་པོ་ཆེ་ནི་སྣང་བདུན་དང་།། མི་ཡི་ཕུན་སུམ་ཚོགས་པ་བཞི་པོ་དང་།། ལོངས་སྤྱོད་དག་ཀྱང་རྗེས་སུ་དྲན་བྱེད་ཅིང་།། ས་བདག་དེ་ནི་སྙིང་རྗེར་སྨྲེ་སྔགས་འདོན། ། མདངས་འཕྲོགས་བྱེད་པའི་སྲིན་པོ་སྟོབས་ཅན་གྱིས།། ཇི་ལྟར་མི་ཞིག་ཡོངས་སུ་ནོན་གྱུར་ན།། བདག་ཀྱང་མི་ཤེས་གཞན་ཀྱང་མི་ཤེས་ལྟར།། ས་ཡི་བདག་པོ་དེ་ཡང་དེ་བཞིན་ནོ།། ཏི་སེའི་གངས་ཀྱི་རི་བོས་བསྒྲིབས་གྱུར་ན།། ཇི་ལྟར་མི་དག་བལྟ་བྱ་མི་མཐོང་བ།། དེ་བཞིན་ང་རྒྱལ་ཆེན་པོས་བསྒྲིབས་པས་ན།། རྒྱལ་པོས་བལྟ་བར་བྱ་བ་མི་མཐོང་ངོ་།། གཉིད་ཀྱིས་ལོབ་གམ་ཤི་བས་མྱོས་གྱུར་པའི། ། མིས་ནི་རང་གི་སེམས་ཀྱང་མི་ཤེས་ཏེ།། དེ་བཞིན་ང་རྒྱལ་ཆེན་པོས་མྱོས་གྱུར་པས།། རྒྱལ་པོ་དེས་ཀྱང་དགེ་བ་མི་ཤེས་སོ།། དཔེར་ན་ཁྱིམ་ཐབ་ཤི་བས་མྱོས་པ་ཡིན།། བུད་མེད་སྙིང་རྗེར་སྨྲེ་སྔགས་འདོན་བྱེད་པ།། དེ་བཞིན་ང་རྒྱལ་ཆེན་པོས་མྱོས་གྱུར་པས།། རྒྱལ་པོ་དེ་ཡང་སྙིང་རྗེར་སྨྲེ་སྔགས་འདོན།། དེ་ལྟ་བས་ན་འཆར་ཀ་ཐབས་མཁས་པ།། ཁྱོད་ཀྱིས་འདིར་ནི་རྒྱལ་པོ་དད་པར་གྱིས། ། ང་རྒྱལ་རྒྱལ་མཚན་རབ་ཏུ་བསྐལ་བར་བྱོས།། ཆོས་ཀྱི་རྒྱལ་མཚན་དམ་པ་བསླང་བར་གྱིས།། འཆར་ཀ་ཁྱོད་མ་གཏོགས་པར་སྲིད་པ་ཡི།། འགྲོ་བ་དག་ལ་སལ་འཐུན་སྤྱད་མེད་པས། ། རྒྱལ་པོས་སེམས་ནི་རབ་ཏུ་དད་བྱ་བར།། གང་གིས་ནུས་པའི་དགེ་སྦྱོང་གང་ཡང་མེད།། འཆར་ཀ་སྔོན་གྱི་དུས་ན་བྱུང་བ་ནི།། འདས་པའི་དུས་ནས་ཡི་བདག་པོ་ཞིག། མིང་ནི་བདེན་པ་འཕེལ་ཞེས་བྱ་བ་སྟེ། ། ས་སྐྱོང་བྱེད་པ་རྣམ་པར་གྲགས་པ་བྱུང་།། དེ་ནི་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན།། སྲོག་ཆགས་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་མཆོད།། རྒྱ་མཚོའི་ཐ་མར་ཐུག་པའི་ས་འདི་ནི། ། ཆོས་དང་ལྡན་པའི་རྒྱལ་པོ་དེས་ཀྱང་བསྐྱངས།། གྲོང་དང་གྲོང་ཁྱེར་དག་ཀྱང་འདབ་ཉེ་ཞིང་།། བཟའ་ཤིང་འབྲས་བུ་མེ་ཏོག་རྒྱས་པས་གང་།། འཕགས་པའི་སྐྱེ་བོ་དག་དང་ཤེད་ལས་སྐྱེས།། སྡིག་དང་བྲལ་བ་རྣམས་ཀྱིས་རབ་ཏུ་གང་།། དྲི་ཟ་བརྒྱ་མང་དག་གིས་གང་བ་སྟེ།། སྡོང་དུམ་ཚེར་མ་རྩཝ་ཤིང་ངན་པ་མེད།། འཇམ་ཞིང་དགེ་སྦྱོང་གནས་ཀྱི་ཚོགས་ཀྱིས་སྦས།། ཆུ་ཀླུང་འབབ་སྟེགས་པ་བས་རབ་ཏུ་བརྒྱན། ། དྲང་སྲོང་ཚོགས་བརྒྱ་རྗེས་སུ་རྩུབ་སྟེ།། སྐྱེ་བོའི་དཀར་ཆོས་རྣམས་ཀྱིས་ཀུན་ཏུ་བསྒྲུབས།། ངན་སོང་ལམ་ངན་རྣམས་ནི་རབ་ཏུ་བཅད།། དེ་ནས་སེམས་ཅན་ཐམས་ཅད་ལྷགས་ནས་འདོད་རྒྱལ་པོ་དེ་ལ་བུ་དག་ཡོད་པ་ནི། ། སྔོན་གྱི་སངས་རྒྱས་བྱུང་བ་མཐོང་བ་སྟེ།། དགེ་བའི་རྩ་བ་དག་ནི་བསྐྱེད་པ་ཅན།། ཡོན་ཏན་མང་པོས་བསྐོས་པའི་བློ་གྲོས་ལྡན།། མིང་ནི་བློ་གྲོས་སྙིང་པོ་ཞེས་བྱ་སྟེ།། སྲོས་ཆགས་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་མཆོད། ། འདོད་པ་རྣམས་ལ་སྔོན་དུ་ལྔ་བཙུན།། མི་བདག་ཁྱིམ་ན་གནས་ཀྱང་དབེན་ལ་དགའ།། རྒྱལ་པོ་བདེན་པ་འཕེལ་ཞེས་བྱ་བ་དེས། ལྷ་ཡི་ཕོ་བྲང་འདྲ་བའི་ཁྱིམ་མཆོག་འདིར།། ན་ཆུང་ཚོགས་ཀྱིས་ཀུན་ནས་མདུན་འདར་ཏེ།། འདོད་པའི་ཡོན་ཏན་བཟང་ལ་སྤྱོད་ཅེས་སྤྲས།། བུ་ཡི་དམ་པ་ཁྱོད་ལ་ང་ཡིས་ནི།། ཇི་ལྟར་འདོད་པར་བྱ་བ་གང་མ་བྱས། ། འདོད་པ་རྣམས་ལ་ཁྱོད་ཡིད་ཅི་ཡི་ཕྱིར།། མ་མོས་ངལ་བུ་ཁྱོད་མྱུར་དུ་སྤྲོས།། སྲིད་པའི་འགྲོ་བའི་ཡོན་ཏན་མཁས་ཀྱིས་ཏེ།། བུ་ཁྱོད་རིན་ཆེན་ཁྱིམ་ལ་དགའ་བསྐྱེད།། དུང་མེད་རིན་ཆེན་འཁོར་དང་འགྲོགས་ཀྱིས་ཏེ། ། ཡུལ་ལ་དགའ་ཞིང་མོས་པ་སྐྱེད་པར་གྱིས།། དཀའ་ཐུབ་ནགས་ན་འཁོད་པའི་དྲང་སྲོང་དག། དེ་བཏང་ནས་ནི་ཕྱིར་ཡང་འདི་དག་ན།། དཀའ་ཐུབ་བཏང་ཞིང་འདོད་པའི་དགའ་ལ་སྤྱོད། ། འདོད་པ་དེ་དག་བུ་གཅིག་ཁྱོད་ལ་བསྟབས།། དེ་ལྟ་བས་ན་འདོད་པའི་དགའ་ལ་སྤྱོད།། ང་དང་རྒྱལ་སྲིད་ཐམས་ཅད་ཁྱོད་དང་འཐུན།། རྣམ་ཐོས་བུ་ཡི་གནས་དང་འདྲ་བ་ཡིན།། གཞལ་མེད་ཁང་གི་རྒྱན་ཅན་ཁྱིམ་འདིར་སྤྱོད།། འདི་དག་རྣམས་ཀྱང་མཆོག་གི་གཟུགས་ལྡན་ཞིང་།། ལྷ་མོ་འདྲ་ལ་སྒྱུ་རྩལ་ཚར་ཕྱིན་པ།། རོལ་མོའི་སྒྲ་ཡི་ཚུལ་དང་གླུ་ལ་མཁས།། བསྙེན་བཀུར་སྙོམས་ཤིང་ཡོན་ཏན་ཡིད་ཀྱང་འཕྲོག། མིག་ནི་པདྨའི་ལོ་མ་འདྲ་བ་སྟེ།། བིམ་པའི་མདོག་འདྲ་མཆུ་མཛེས་ཡིད་དུ་འོང་།། སོ་དང་བཞིན་མདོག་དྲི་མ་མེད་ཅིང་བཟང་།། འཕྲལ་བ་སྨིན་མ་ལེགས་ཤིང་མགུལ་པ་སྟུག། བརླ་ནི་གླང་པོ་ཆེ་ཡི་སྣ་ཡང་འདྲ།། ཕྲག་སོ་ཤ་རྒྱས་ཐལ་གོང་ལེགས་དང་ལྡན།། ལག་དང་རྐང་པའི་མཐིལ་ནི་ཟངས་ཀྱི་མདོག། སོར་མོ་བྱིན་གྱིས་ཕྲ་བས་ལེགས་དང་ལྡན།། ལྕེ་ནི་ཟངས་མདོག་འདྲ་ལ་སྲབ་ཅིང་དག། ཚིག་རན་འཇམ་པར་སྨྲ་བའི་ཚུལ་དང་ལྡན།། སོ་ནི་ཐག་བཟང་སོ་རྣམས་རང་རོད་མེད།། མཆེ་བ་རབ་དཀར་མཆོག་གི་རྒྱན་དང་ལྡན།། ལྟོ་བ་ཕྱང་ངེར་འདུག་ཅིང་ལྟེ་བསྡུག། སྟ་ཟུར་ཡངས་ཤིང་རྐེད་པ་རྡོ་རྗེ་འདྲ།། བྱིན་པ་གླང་པོ་ཆེ་ཡི་སོ་འདྲ་ཞིང་།། མདའ་རྒྱུ་སྙིང་པོ་ལེགས་པར་སྐྱེས་པ་བཞིན།། དྲེགས་བཅས་གླང་ཆེན་འདྲ་བའི་འགྲོས་དང་ལྡན།། གཞན་དུ་མི་སེམས་ཡིད་ཀྱིས་ཁྱོད་ལ་ལྟ།། རྩེ་བ་འདོད་ཅིང་དར་ལ་བབ་དང་ལྡན།། གཞོན་ནུ་སྙིང་རྗེ་ལྟོས་ལ་རྩེ་བ་བྱོས།། བུ་ཅིག་ཁྱོད་དང་བུད་མེད་དེ་དག་གི། མདོག་བཟང་བ་དང་དར་ལ་བབ་པ་ཡང་།། ཤིང་གི་རྩེ་མོའི་མེ་ཏོག་བཞིན་ལྟུང་གིས།། ང་རྒྱལ་ཐོང་ལ་འདོད་པ་བསྟེན་པར་གྱིས།། བློ་གྲོས་སྙིང་པོ་ལྡན་དེས་སྨྲེ་བ་ཡིས།། ཕ་དང་འཁོར་རྣམས་ཀུན་ལ་འདི་སྐད་སྨྲས།། ཡབ་གཅིག་ཁྱོད་ནི་མེད་པར་གསུང་བ་ལགས། ། གང་དག་ཚིག་གིས་གྲགས་པ་མ་སྨད་མོད།། ཡོན་ཏན་རྣམས་ལ་མོས་པ་བདག་གི་ཚིག། བསམས་ཏེ་གཏན་ལ་བབལ་རྒྱལ་པོ་གསོན།། ཇི་ལྟར་རྨི་ལམ་ན་ཡང་འདོད་ལ་བདག་སེམས་མི་དགའ་ཞིང་མ་མོས་དེ་འདྲ་གསོན། ། ས་ཡི་བདག་པོས་བཀའ་སྩལ་འདི་དག་ནི།། མཁས་པ་རྣམས་ལ་མཛེས་པ་མ་ལགས་ཏེ།། མི་མཁས་སྐྱེ་བོ་དག་གིས་ཡང་དག་བསམས།། མཁས་པ་རྣམས་ཀྱིས་དེ་དག་རྟག་ཏུ་སྨད། ། འོང་བ་མ་ལགས་ཅི་ཡི་རྒྱུ་ཞིག་གིས། ལོང་བའི་ཚིག་གིས་ལམ་འགོལ་འཛིན་པར་བགྱིད།། ཐངལ་གནས་པསུ་ནིང་ཇི་ལྟར་ན། མགོན་མེད་ཆུས་ཁྱེར་པ་ལ་འདོད་པ་སྐྱེད།། གྲོལ་བ་ཇི་ལྟ་བུར་ནི་བཅིངས་པ་ཡི།། ཚིག་གི་བཙོན་ར་དེར་ནི་འཇུག་པར་བགྱིད།། ས་མཉམ་གནས་ཤིང་མ་འཁྲུལ་ཇི་ལྟར་ན།། ཉམ་ངར་གནས་ལ་འདོད་པབསྐྱེད་པར་བགྱིད། ། ས་བདག་འདོད་པ་རྣམས་ལ་ཆགས་བཅས་ཤིང་།། འདོད་པའི་ལོངས་སྤྱོད་དག་ནི་ཆུར་ཁྱེར་བ།། ལོང་བ་ཆུས་ཁྱེར་བཙོན་རར་གནས་པ་དང་།། ཉམ་ངར་གནས་འདྲར་བདག་ནི་དེ་སྙམ་བགྱིད། ། མི་ཡི་བདག་པོ་ཁྱོད་ནི་ལོང་བ་བཞིན།། བདག་ནི་མིག་ཅན་ཁྱད་པར་མཐོང་བ་ལགས།། ཁྱོད་ནི་འདོད་པའི་ཆུ་བོས་ཁྱེར་བ་ལགས།། བདག་ནི་འདོད་པ་རྣམས་ལ་རྣམ་པར་སྨོད།། འདོད་པ་དག་ནི་དྲུག་གི་ལོ་མ་བཞིན།། ཐུལ་གྱི་མགོ་འདྲ་སྡུག་བསྔལ་བགྱིད་པ་སྟེ།། རྩེ་གསུམ་པ་དང་རལ་གྲི་མདུང་ཐུང་འདྲ།། མེ་ཡི་ཕུང་པོ་ཤིན་ཏུ་འབར་བ་བཞིན།། བློ་གྲོས་སྙིང་པོ་ལྡན་པས་ན་སྐད་དུ། ། སྨྲེ་སྔགས་འདོན་པའི་ཕ་དང་འཁོར་ལ་སྨྲས།། རིན་ཆེན་སྣ་བདུན་དག་ལ་མ་བལྟས་པར།། རྒྱལ་སྲིད་རྣམ་པར་སྤངས་ཏེ་རབ་ཏུ་བྱུང་།། སྦྲུལ་གྱི་པགས་སྙིང་རྗེས་པ་ཅི་འདྲ་དང་།། ངར་སྔསྣབས་བསྡུས་པའི་ཐལ་བ་བཞིན་སྤངས་ཏེ། ། བློ་གྲོས་སྙིང་པོ་ལྡན་པ་ཆགས་མེད་པར།། སྡིག་དང་རྣམ་པར་བྲལ་ཏེ་རབ་ཏུ་བྱུང་།། གཞོན་ནུ་དེ་ལྟར་རབ་ཏུ་བྱུང་གྱུར་ནས།། བློན་པོའི་བུ་ཞིག་རྗེས་སུ་རབ་བྱུང་བ། མིང་ནི་ཟླ་བས་བྱིན་ཞེས་བྱ་བ་སྟེ།། བློ་གྲོས་སྙིང་པོའི་རྗེས་སུ་རབ་ཏུ་བྱུང་།། གཞོན་ནུ་དེ་ལྟར་རབ་ཏུ་བྱུང་གྱུར་ནས།། ཚངས་པའི་གནས་པ་བཞི་པོ་བསྐྱེད་ནས་ནི།། གྲོགས་དང་བཅས་པས་མངོན་པར་ཤེས་པབལྔ། ། མ་ལུས་མཐའ་དག་བསྐྱེད་པར་བྱས་པར་གྱུར།། འདོད་པ་རྣམས་ལ་སྐྱོན་དུ་ལྟ་བས་ན།། མི་ཡི་སེང་གེ་དེ་ནི་འདོད་ཁམས་འདས།། ཚངས་པ་ཡང་དག་ཉིད་ནི་ཐོབ་བྱ་ཕྱིར།། ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་བྱས། ། དེ་ལྟར་གཞོན་ནུ་རབ་ཏུ་བྱུང་བས་ན།། ཕ་དེ་བུ་ལ་མ་དང་གྱུར་པ་དང་།། ཟླ་བས་བྱིན་པ་དེ་ཡི་ག་ན་སོང་ནས།། ལེགས་པར་བཤད་པའི་ཚིག་གིས་དགའ་བར་བྱས། ། འཆར་ཀ་ཁྱོད་ནི་དེ་ལ་ཇི་སྙམ་སེམས།། དེའི་ཚེ་བློ་གྲོས་སྙིང་པོ་གཞན་སྙམ་མམ།། ང་ཉིད་དེ་ཡི་ཚེ་ན་དུར་གྱུར་ཏེ།། འདོད་པའི་ལོངས་སྤྱོད་དོན་དུ་གཉེར་བ་མེད།། འཆར་ཀྲ་ཁྱོད་ནི་དེ་ལ་ཇི་སྙམ་སེམས། ། བདེན་པ་འཕེལ་བ་གཞན་ཞིག་ཡིན་སྙམ་མམ།། ས་བདུག་ཟས་གཙང་འདི་ཉིད་དེ་ཡི་ཚེ།། རྒྱལ་པོ་བདེན་པ་འཕེལ་ཞེས་བྱ་བར་གྱུར།། འཆར་ཀ་ཁྱོད་ནི་དེ་ལ་ཇི་སྙམ་སེམས། ། རྗེས་སུ་རབ་ཕྱུང་ཟླས་བྱིན་གཞན་སྙམ་མམ།། ཁྱོད་ཉིད་དེ་ཚེ་དེ་ཡི་དུས་ན་ནི།། བདེན་པ་འཕེལ་བ་དད་པར་བྱེད་པ་ཡིན།། དེ་ལྟ་བས་ན་འཆར་ཀ་ཁྱོད་ཀྱིས་འདིར། ། རྒྱལ་པོ་ཟས་གཙང་དད་པ་མངོན་སྐྱེད་ཅིག། ས་སྐྱོང་བྱེད་པ་འདི་ནི་དད་གྱུར་ན།། སྐྱིང་པ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར།། དེ་ནས་ཚེ་དང་ལྡན་པ་འཆར་ཀས། ། བཅོམ་ལྡན་འདས་ལ་མི་སྨྲ་བར་ཁས་བླངས་སོ།། དེ་ནས་ཚེ་དང་ལྡན་པ་འཆར་ཀ་ཞག་དེ་འདས་ནས། སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤཱམ་ཐབས་བགོས། ལྷུང་བཟེད་ཐོགས་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོར་སོང་ངོ་།། དེའི་ཚེ་རྒྱལ་པོ་ཟས་གཙང་མ་བཙུན་མོའི་འཁོར་གྱི་མདུན་ན། ཤཱཀྱ་སྟོང་ཙམ་ཞིག་དང་དགོས་པ་ཞིག་གི་ཆེད་དུ་འདུས་ཤིང་འཁོད་དོ། ། རྒྱལ་པོ་ཟས་གཙང་མས་ཀྱང་། བཅོམ་ལྡན་འདས་སེར་སྐྱའི་གནས་སུ་བྱོན་ཅིང་། སེར་སྐྱའི་གནས་འདི་ཉིད་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། གཞོན་ནུ་དེ་རབ་ཏུ་བྱུང་བས། བདག་ནི་དབང་ཕྱུག་གི་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་བྱས་སོ།། གལ་ཏེ་གཞོན་ནུ་དེ་ཁྱིམ་ན་གནས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་དག་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་སྟེ་འདི་བདུན་ནོ།། དེ་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། གཞན་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡང་ཚང་བར་འགྱུར་བ་ཞིག། དེའི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆད་པ་མེད་ཅིང་།། མཆོན། གྱིས་བདའ་བ་མེད་ལ། མཉམ་སྟེ་མི་མཉམ་པ་མེད་ཅིང་། ཆོས་དང་ལྡན་པས་ལེགས་པར་ཕབ་ནས། བསྐལ་པ་རྫོགས་པར་ལེགས་པར་བསྐྱངས་པར་འགྱུར་བ་ཞིག་སྟེ། དེ་ལྟར་གྱུར་ན་བདག་ཅག་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་དབང་ཕྱུག་གི་དབང་དང་ལྡན་ཞིང་། རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། བསྟི་སྟང་དུ་བྱས་པ་དང་། མཆོད་པར་བྱས་པ་དང་། དབང་ཕྱུག་གི་དབང་ཆེན་པོའང་རྙེད་པར་འགྱུར་བ་ཞིག་ན། དེ་ལྟར་བདག་ཅག་ནི་གཞོན་ནུ་དེ་རབ་ཏུ་བྱུང་བས་དེ་ལྟ་བུའི་ལོངས་སྤྱོད་ཀྱི་དབང་ཆེན་པོ་དང་བྲལ་བར་གྱུར་ཏོ་སྙམ་མོ།། དེས་འདི་སྙམ་དུ་བསམས་ནས། ཤཱཀྱ་རྣམས་ལ་བསྒོ་བ། ངའི་བུ་དེ་ལ་བལྟ་བ་འམ། བསྙེན་བཀུར་བྱེད་པར་སུའང་མ་འགྲོ་ཞིག། ལ་ལ་ཞིག་ངའི་བུ་དེ་ལ་བལྟ་བ་འམ། བསྙེན་བཀུར་བྱ་བའི་ཕྱིར་འགྲོ་ན། དེའི་ལུས་ལ་གནོད་པའི་ཆད་པས་གཅད་དོ། ། དེའི་ཚེ་ཤཱཀྱའི་བུ་དགའ་བའི་བཞིན་ཞེས་བྱ་བ་ཞིག་འཁོར་དེ་ནས་བྱུང་ནས་སོང་བར་གྱུར་ཏེ། ཤཱཀྱའི་བུ་དགའ་བའི་བཞིན་གྱིས་ཚེ་དང་ལྡན་པ་འཆར་ཀ་རྒྱང་རིང་པོ་ནས་འོང་བ་མཐོང་ནས། ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་སྟེ། ཚེ་དང་ལྡན་པ་འཆར་ཀ་ལ་ཡང་དག་པར་མགུ་བར་བྱས་ནས། ཚེ་དང་ལྡན་པ་འཆར་ཀ་ཚུར་སྤྱོན། ཚེ་དང་ལྡན་པ་འཆར་ཀ་བྱོན་པ་ལེགས་སོ། ། ཚེ་དང་ལྡན་པ་འཆར་ཀ་ཡུན་ཀྱང་རིང་ཞིག་ནས་བྱོན་ཏོ།། ཚེ་དང་ལྡན་པ་འཆར་ཀ། བཅོམ་ལྡན་འདས་ལ་བསྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བར་བཞུགས་སམ། མི་བདེ་བ་མི་མངའ་འམ། དེ་ལ་ཉམ་ང་བ་ཅིའང་མི་མངའ་འམ། བཅོམ་ལྡན་འདས་བདེ་བར་བྱོན་ཏམ། ཤིན་ཏུ་མ་མཉལ་ཏམ། བསོད་སྙོམས་ཀྱིས་འོམ་བརྒྱལ་ཏམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་འཆར་ཀས། ཤཱཀྱའི་བུ་དགའ་བའི་བཞིན་ལ་འདི་སྐད་ཅེས་སྨྲས་སོ།། དགའ་བའི་བཞིན་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ལ་སྤྱན་མི་མངའ་འོ། ། སྟོབས་དང་ལྡན་ནོ།། བདེ་བར་བཞུགས་སོ།། མི་བདེ་བ་མི་མངའ་འོ།། དེ་ལ་ཉམ་ང་བ་ཅིའང་མི་མངའའོ།། བདེ་བར་བྱོན་ཏོ།། མཉེལ་བ་མེད་དོ།། བསོད་སྙོམས་ཀྱི་ས་འོ་བརྒྱལ་བ་མེད་དོ། ། ཤཱཀྱའི་བུ་ཤིན་ཏུ་ལེགས་པར་སད་ཀྱིས་ཀྱང་། ཤཱཀྱའི་བུ་དགའ་བའི་བཞིན་ཚེ་དང་ལྡན་པ་འཆར་ཀ་དང་ལྷན་ཅིག་དབེན་པ་ན་འཁོད་པ་མཐོང་ནས་འཁོར་དེ་ནས་བྱུང་སྟེ། ཚེ་དང་ལྡན་པ་འཆར་ཀ་ག་ལ་བྱ་དེར་སོང་ནས། ཚེ་དང་ལྡན་པ་འཆར་ཀ་ལ་ཡང་དག་པར་མགུ་བར་བྱས་ཏེ། ཚེ་དང་ལྡན་པ་འཆར་ཀ་ཚུར་སྤྱོན། ཚེ་དང་ལྡན་པ་འཆ་ཀ་བྱོན་པ་ལེགས་སོ། ། ཚེ་དང་ལྡན་པ་འཆར་ཀ་ཡུན་རིང་མོ་ཞིག་ན་བྱོན་ཏོ།། ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ལ་སྤུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བར་བཞུགས་སམ། མི་བདེ་བ་མི་མངའ་འམ། དེ་ལ་ཉམ་ང་བ་ཅིའང་མི་མངའ་འམ། བཅོམ་ལྡན་འདས་བདེ་བར་བྱོན་ཏམ། ཤིན་ཏུ་མ་མཉེལ་ཏམ། བསོད་སྙོམས་ཀྱི་ས་འོ་མ་བརྒྱལ་ཏམ། སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་འཆར་ཀས། ཤཱཀྱའི་བུ་ཤིན་ཏུ་ལེགས་པར་སད་ལ་འདི་སྐད་ཅེས་སྨྲས་སོ།། ཤིན་ཏུ་ལེགས་པར་སད་དེ་དེ་བཞིན་ཏེ། བཅོམ་ལྡན་འདས་བསྟུན་མི་མངའའོ། ། སྟོབས་དང་ལྡན་ནོ།། བདེ་བར་བཞུགས་སོ།། མི་བདེ་བ་མི་མངའ་འོ།། དེ་ལ་ཉམ་ང་བ་ཅིའང་མི་མངའ་འོ།། བདེ་བར་བྱོན་ཏོ།། མཉེལ་བ་མེད་དོ།། བསོད་སྙོམས་ཀྱིསའོ། བརྒྱལ་བ་མེད་དོ།། ཤཱཀྱའི་བུ་མྱ་ངན་མེད་དང་མྱ་ངན་བྲལ་གྱིས་ཀྱང་། ཚེ་དང་ལྡན་པ་འཆར་ཀ་དང་། ཤཱཀྱའི་བུ་དགའ་བའི་བཞིན་དང་། ཤཱཀྱའི་བུ་ཤིན་ཏུ་ལེགས་པར་སང་གནས་དབེན་པ་ན་འཁོད། པ་མཐོང་ནས།། ཚེ་དང་ལྡན་པ་འཆར་ཀ་ག་ལ་བ་དེར་སོང་སྟེ། ཚེ་དང་ལྡན་པ་འཆར་ཀ་ལ་ཡང་དག་པར་མགུ་བར་བྱས་ནས། ཚེ་དང་ལྡན་པ་འཆར་ཀ་ཚུར་སྤྱོན། ཚེ་དང་ལྡན་པ་འཆར་ཀ་བྱོན་པ་ལེགས་སོ།། ཚེ་དང་ལྡན་པ་འཆར་ཀ་ཡུན་ཀྱང་རིང་ཞིག་ན་བྱོན་ཏོ། ། ཚེ་དང་ལྡན་པ་འཆར་ཀ་བཅོམ་ལྡན་འདས་ལ་བསྙུན་མི་མངའ་འམ། སྟོབས་དང་ལྡན་ནམ། བདེ་བར་བཞུགས་སམ། མི་བདེ་བ་མི་མངའ་འམ། དེ་ལ་ཉམ་ང་བ་ཅི་ཡང་མི་མངའ་འམ། བཅོམ་ལྡན་འདས་བདེ་བར་བྱོན་ཏམ། ཤིན་ཏུ་མ་མཉེལ་ཏམ། བསོད་སྙོམས་ཀྱིས་འོ་མ་བརྒྱལ་ཏམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་འཆར་ཀས།། ཤཱཀྱའི་བུ་མྱ་ངན་མེད་དང་། མྱ་ངན་བྲལ་བ་ལ་འདི་སྐད་ཅེས་སྨྲས་སོ།། མྱ་ངན་མེད་དང་མྱ་ངན་བྲལ། བཅོམ་ལྡན་འདས་ལ་བསྙུན་མི་མངའའོ།། སྟོབས་དང་ལྡན་ནོ།། བདེ་བར་བཞུགས་སོ།། མི་བདེ་བ་མི་མངོནའོ།། དེ་ལ་ཉྩ་མ་ང་བ་ཅི་ཡང་མི་མངངའོ།། བདེ་བར་བྱོན་ཏོ།། མཉེལ་བ་མེད་དོ།། བསོད་སྙོམས་ཀྱིས་འོ་བརྒྱལ་བ་མེད་དོ།། དེ་ཅིའི་ཕྱིར་ཞེན་འདི་ལྟར་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དག། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་བྱེད་དོ།། དེ་སྐད་ཅེས་སྦས་པ་དང་། ཤཱཀྱའི་བུ་དེ་དག་གིས་ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་འཆར་ཀ་བདག་ཅག་ནི། བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བར་འདོད་ན། བདག་ཅག་གིས་དེ་ལྟར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྒྱལ་པོ་ཟས་གཙང་མས། ངའི་བུ་ལ་བལྟ་བ་འམ། བསྙེན་བཀུར་བྱ་བའི་ཕྱིར་སུའང་མ་འགྲོ་ཞིག། ལ་ལ་ཞིག་དེ་ལ་བལྟ་བ་འམ། བསྙེན་བཀུར་བྱ་བའི་ཕྱིར་སོང་ན། ལུས་ལ་གནོད་པའི་ཆད་པས་གཅད་དོ་ཞེས་བཀའ་སྩལ་ཏོ།། དེ་བས་ན་འཕགས་པ་འཆར་ཀ་དེ་ལྟར་བདག་ཅག་རྒྱལ་པོས་འཇིགས་པའི་ཕྱིར། བཅོམ་ལྡན་འདས་ལ་བལྟ་བ་འམ། བསྙེན་བཀུར་བྱེད་དུ་འདོང་བར་མི་ནུས་སོ།། དེ་ནས་ཚེ་དང་ལྡན་པ་འཆར་ཀ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་རྒྱལ་པོ་ཟས་གཙང་མ་འདི་ནི་ཤིན་ཏུའང་ང་རྒྱལ་གྱིས་ནོན་པར་གྱུར་ན། ཇི་ལྟར་བདག་གིས་དེའི་དྲུང་དུ་འགྲོ་བར་བྱ་སྙམ་ནས། དེས་འདི་སྙམ་དུ་བསམས་སོ།། འོན་ཏང་བདག་གིས་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ལ་སྟེང་གི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ། རྒྱལ་པོ་ཟས་གཙང་མའི་གན་དུ་འགྲོ་བར་བྱའོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་འཆར་ཀས་ཏིང་ངེ་འཛིན་གྱི་རྣམ་པ་དེ་ལྟ་བུ་ལ་མཉམ་པར་བཞག་སྟེ། སེམས་མཉམ་པར་བཞག་པ་དེས་ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ནས། བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ། རྒྱལ་པོ་ཟས་གཙང་མ་ག་ལ་བ་དེར་སོང་ངོ་།། རྒྱལ་པོ་ཟས་གཙང་མས་ཀྱང་། ཚེ་དང་ལྡན་པ་འཆར་ཀ་རྒྱང་རིང་པོ་ནས་ནམ་མཁའ་ལ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ། རྫུ་འཕྲུལ་གྱིས་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཤིང་འོང་བ་མཐོང་ནས། དེ་ལ་ཐལ་མོ་སྦྱར་ཏེ་ཚིགས་སུ་བཅད་དེ་སྨྲས་པ། ཚོན་བསྒྱུར་གོས་ཅན་ཁྱོད་ནི་གང་ནས་འོངས། ཁྱོད་ལ་ཅི་དགོས་མྱུར་དུ་སྨྲ་བར་བྱོས། ཁྱོད་ལ་གང་དགོས་དེ་ཡང་མྱུར་དུ་སྦྱིན།། བརྟུལ་ཞུགས་གྲུབ་པ་མཐོང་བར་ཤིན་ཏུ་དཀའ།། དེ་སྐད་ཅེས་སྨྲས་པ་དང་།། ཚེ་དང་ལྡན་པ་འཆར་ཀས། རྒྱལ་པོ་ཟས་གཙང་མ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། རྒྱལ་པོ་བདག་ནི་ཁྱོད་ཀྱི་སྲས་ཀྱི་བུ།། བདག་ལ་ཆོས་དགོས་རྒྱལ་པོ་གང་ན་བཞུགས།། བདག་ནི་དེ་བཞིན་གཤེགས་པའི་བཤོས་སྐྱེལ་ཏེ། བདེ་བར་གཤེགས་པ་སྐྱོབ་པའི་བཤོས་བཀུར་རོ།། ཡུལ་འཁོར་བདག་པོ་ཆེ་བའི་དཔལ་མངའ་བ།། ཁྱོད་ལ་མི་མཆོག་སྲས་མངའ་གྲགས་པ་ཐོབ།། གཟི་བརྗིད་ཀྱིས་ནི་ཕྱོགས་རྣམས་ཀུན་ཏུ་འབར། ། སྟོན་གྱི་ཉི་མའི་གུང་གི་འོད་དང་འདྲ།། ཇི་ལྟར་སྤྲིན་མེད་ནམ་མཁའི་ཉི་མ་ནི།། ཕྱོགས་རྣམས་ཀུན་ཏུ་འོད་བྱེད་མངོན་པར་འབར།། དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་སྲས། ། ཡེ་ཤེས་མངའ་བས་ཕྱོགས་རྣམས་ཀུན་ཏུ་སྣང་།། ཇི་ལྟར་སྟོན་གྱི་ཉི་མ་ཤར་བ་ན།། སྲིན་བུ་མེ་ཁྱེར་ཟིལ་གྱིས་མནན་ཅིང་སྣང་།། དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས། ། མུ་སྟེགས་གཞན་རྣམས་ཀུན་བཅོམ་ལམ་མེར་བཞུགས།། ཇི་ལྟར་ཉི་མས་ཟིལ་ནོན་སྐར་མ་རྣམས།། ཉིན་པར་འོད་སྟོར་ལམ་མེར་མི་རུང་བ།། དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་སྲས་ཀྱིས།། ཟིལ་གྱིས་མནན་པས་མུ་སྟེགས་གཞན་མི་སྣང་།། ཇི་ལྟར་ཉི་མས་ཟིལ་ནོན་ཟླ་བ་ནི།། ནམ་མཁའི་དབྱིངས་ན་འོད་སྟོར་ཉིད་མི་སྡང་།། དེ་བཞིན་ཁྱོད་སྲས་ཟིལ་མནྡན་མུ་སྟེགས་རྣམས།། མའི་ཟིལ་ནོན་ཟླ་བཞིན་གསལ་བ་མེ།། སེང་གེའི་ང་རོ་ཐོས་ན་ཕྲ་མོ་རྣམས།། ཤུགས་ཀྱིས་རྨོངས་ནས་བསམ་པ་ཇི་བཞིན་དུ།། རི་སུལ་གསབ་ཏུ་བྱེར་ནས་འཁྲ་ཞིང་གནས།། སྟག་གི་ང་རོ་གསན་གྱིས་བཟོད་པར་དཀའ། ། དེ་བཞིན་རྒྱལ་བ་དྲང་སྲོང་ཆེན་པོའི་གསུང་།། བདག་མེད་ང་རོ་མུ་སྟེགས་གཞན་ཐོས་ན།། ཤེས་རབ་དམན་པ་སྲིད་པའི་རྩེར་ཕྱིན་ཀྱང་།། གསུང་ཐོས་པས་ནི་ཐམས་ཅད་འཇིགས་པར་འགྱུར། ། ལྷ་དང་བཅས་པའི་འཇིག་རྟེན་ལོང་བ་ལ།། སྤྱན་དང་ལྡན་པ་དེས་ནི་མིག་ཀྱང་སྩལ།། སྣང་བ་མཛད་ཅིང་རྡུལ་ཡང་རྣམ་པར་སྦྱངས།། ཡེ་ཤེས་སྣང་བའི་དཀྱིལ་འཁོར་མངོན་པར་ཤར། ། བདེ་དང་མི་བདེ་ལམ་གཉིས་རབ་ཏུབ་ཉན།། ལམ་དང་གོལ་བའི་ལམ་ཡང་རྒྱལ་བས་བསྟན།། ལམ་སྟོར་སྐྱེ་བོ་རྣམས་ནི་ལམ་དུ་བཅུད།། འདམ་དུ་བྱིང་བ་རྣམས་ཀྱང་ཐངལ་བཏོན། ། ཇི་ལྟར་ནོམ་པའི་ས་ལ་སྦྱིན་གྱིས་ནི།། སྐང་དང་གཤོང་བཅས་ཆར་གྱིས་ངོམས་པར་བྱེད།། དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱིསས།། འགྲོ་བ་ལྟར་བཅས་ཆོས་ཀྱིས་ངོམས་པར་མཛད། ། ཇི་ལྟར་ཆར་གྱིས་ངོམས་པའི་རི་ལུང་གནས།། རྩཝ་དང་གེལ་བ་ནགས་ཚལ་ཤིང་རྣམས་དང་།། འཁྲི་ཤིང་སྡོང་པོ་སྤྱན་གྱི་རྣམ་པ་དང་།། མེ་ཏོག་སྣ་ཚོགས་རྣམས་ཀྱིསས་མཛེས་པ།། དེ་བཞིན་སྟོབས་བཅུ་མི་འཇིགས་མངའ་བ་དང་།། མ་འདྲེས་བཅོ་བརྒྱད་ཆོས་མངའི་སྡོང་པོ་ལ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མེ་ཏོག་དང་།། འབྲས་བུས་སྦས་པས་རྒྱལ་པོའི་སྲས་མཛེས་སོ།། ཇི་ལྟར་རྒྱ་མཚོའི་དབུས་ན་ལྷུན་པོའི་རི།། ལྷ་ཡི་གནས་གྱུར་མི་སྐུལ་རྣམ་པར་མཛེས།། དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས།། དགེ་སྦྱོང་རྒྱ་མཚོའི་ནང་ན་རྣམ་པར་མཛེས།། བདེ་སོགས་ཁྱིམ་ཐབས་བརྒྱ་བྱིན་ལྷ་དབང་པོ། ། ལྷ་ཡི་སྟན་ལ་འདུག་ན་མཛེས་པ་ལྟར།། དེ་བཞིན་རྒྱལ་པོ་གླང་པོ་ཁྱོད་ཀྱི་སྲས།། དགེ་སྦྱོང་ཚོགས་ཀྱི་དབུས་ན་རྣམ་པར་མཛེས།། བྱམས་པའི་སྟོབས་ཅན་ཟབ་མོའི་འབྲུག་བསྒྲགས་ཏེ། ། ཐུགས་རྗེ་ཆེན་པོའི་གློག་འཕྲེང་རིར་ལྡན་པས།། དྲན་པ་ཉེར་གཞག་ཆར་རྒྱུན་འདབ་འཁྲིགས་ཏེ།། རྒྱལ་བ་ཀླུ་མཆོག་དེ་ནི་ཆོས་ཆར་འབེབས།། ཡོངས་དག་དཀྱིལ་འཁོར་ཚུལ་ཁྲིམས་རབ་ཀྱི་ཟེར། ། ཏིང་འཛིན་ཉོན་མོངས་ལྷ་མིན་རབ་འཇོམ་ཞིང་།། ཡེ་ཤེས་ཉི་ཟེར་སྲིད་པའི་སྲེད་པ་སྐེམས།། རྒྱལ་བའི་ཉི་ཆེན་འགྲོ་བར་རྣམ་པར་མཛེས།། ཏིང་ངེ་འཛིན་དང་ཚུལ་ཁྲིམས་གཟིངས་དང་གྲུ་ཆེན་ཏེ། ། དྲན་པ་ཉེ་བར་གཞག་པ་ནོར་བུ་རིན་ཆེན་ཚོགས།། བྱང་ཆུབ་ཡན་ལག་རིན་ཆེན་འབྱུང་གནས་བསམ་གཏན་རླབས།། ཐར་པ་འདོད་པས་སངས་རྒྱས་རྒྱ་མཚོ་བསྟེན་པར་བྱ། ། ཚུལ་ཁྲིམས་རྣམ་དག་རྩ་བ་བརྟན་པར་ཟུག། ཏིང་འཛིན་ལོ་མ་དྲན་པ་ཡལ་ག་འདབ།། བྱང་ཆུབ་ཡན་ལག་མེ་ཏོག་སྟོང་པའི་སྡོང་།། བདག་མེད་དྲི་ལྡན་རྒྱལ་བའི་སྡོང་པོ་སྟེ་ན། ། ཚུལ་ཁྲིམས་ནགས་མཐའ་སྟེན་པའི་སྟོབས་ཚོན་པོ།། ཏིང་འཛིན་ཞི་བའི་རི་ཁྲོད་ཕུག་ན་གནས།། སྟོང་པ་མཚན་མེད་སྨོན་མེད་སྤྱོད་ཡུལ་ཅན།། རྒྱལ་བ་སྟོབས་ཅན་སེང་གེ་ཁྱོད་ཀྱི་སྲས། ། ཐུབ་པ་མི་གནས་གནས་ནི་རྣམ་པར་སྟོན།། རྒྱལ་བ་ཁྱུ་མཆོག་བརྗིད་པའི་སྟབས་བཞུད་པས།། བྱིས་པ་སོ་སོ་མུ་སྟེགས་གཞན་སྔངས་ཏེ།། ཁྱོད་ཀྱི་སྲས་ནི་ཁྱུ་མཆོག་སྨྲ་ཡང་འབྱིན། ། ཚུལ་ཁྲིམས་གཏེར་དང་ཡོན་ཏན་དབྱིག་གིས་བརྒྱན།། བསམ་གཏན་དང་བའི་ནི་གནས་ཉེ་བར་བསྐྱབས།། ཡེ་ཤེས་ཀྱིས་བསྲུངས་པར་པའི་སྤྱོད་ཡུལ་ཅན།། རྒྱལ་བ་ཚོང་དཔོན་གཙོ་བོ་ནོར་གཏོང་མཛད། ། དགེ་བ་ཡོངས་སུ་བཟུང་བས་སྡིག་བཅོམ་སྟེ།། ཉོན་མོངས་ཞི་མཛད་དགེ་བསྟེན་བཀའ་སྩོལ་བས།། ལྷ་དང་ལྷ་མིན་བཅས་པའི་འཇིག་རྟེན་ན།། རྒྱལ་པོ་ཁྱོད་ཀྱི་སྲས་མཆོག་རྣམ་པར་མཛེས།། ཚུལ་ཁྲིམས་མཆོག་སྤྲིན་བློ་གྲོས་གློག་འབྱིན་ཅིང་། ། ཡན་ལག་བརྒྱད་ལམ་ཆར་ཆེན་རླན་གྱིས་སྤངས།། ཐུབ་པ་གཅེས་པའི་ལོ་ཏོག་འབྲས་བུ་སྩོལ།། ཁྱོད་ཀྱི་སྲས་ནི་ཀླུ་ཆེན་འབྲུག་སྒྲ་སྒྲོགས།། རྒྱལ་པོས་སྨྲས་པ། གང་ཟག་མཆོག་དེ་བདེ་བར་འོངས་སམ་ཅི།། བསོད་སྙོམས་རྒྱུ་བས་འདྲེན་པ་མངལ་ལམ།། དེ་ཡི་ལུས་ལ་ངལ་བས་དུབ་མེད་དམ།། ཐང་གནས་ཨུཏྤལ་བཞིན་མ་རྙིས་སམ།། འཆར་ཀས་སྨྲས་པ།། རྫ་འཕྲུལ་སྟོབས་མངའ་བསམ་གཏན་སྤྱོད་ཡུལ་ཅན། ། དགོས་ཤིང་བདེ་བས་ཡན་ལག་ཡོངས་རྒྱས་ཏེ།། ཐུབ་པ་ཞི་བའི་སྙོམས་འཇུག་གནས་བཅས་པས།། གསེར་གྱི་པདྨ་ལྟ་བུར་རྒྱལ་མི་རྙིས།། རྒྱལ་པོས་སྨྲས་པ། སྔན་ཆད་རྫ་རྔ་རྔ་བྲན་སྒྲས་བསྐུལ་ཞིང་།། གླིང་བུའི་སྒྲ་སྙན་ང་རོས་བསྐུལ་བྱས་ཏེ།། བུད་མེད་གླུ་ཡི་དབྱངས་ཀྱིས་བསླང་བསླང་ན།། ད་ལྟར་སང་ན་སྡུག་བསྔལ་མི་མྱོང་ངམ།། འཆར་ཀས་སྨྲས་པ། བསམ་གཏན་དགོངས་པས་ཏིང་འཛིན་ཞི་ཡུལ་ཅན།། ཏིང་འཛིན་བསྒྲུབ་པའི་ཚུལ་ལ་མཁས་པ་སྟེ།། མནལ་ཏ་མ་བཞེངས་སམ་བཞུད་དམ་བཞུགས་པ་ན།། སྡུག་བསྔལ་མི་མངའ་རྒྱལ་བ་རྟག་ཏུ་དགྱེས། ། རྒྱལ་པོས་སྨྲས་པ། ཆེ་བའི་རྐྱེན་འོས་མལ་མཆོག་བཤམས་པ་ལ།། མེ་མར་སྡོང་པོས་ཀུན་ནས་མཐའ་བསྐོར་ཏེ།། བུད་མེད་ཚོགས་ཀྱིས་བསྐོར་ཞིང་ཉལ་ཉལ་ན།། ད་ལྟར་མུན་པར་ཉལ་ན་ཅིས་མི་རྨོངས། ། འཆར་ཀས་སྨྲས་པ། ཐུབ་ཆེན་འཕགས་པ་གཟིམས་མལ་གཟིམས་པ་ནི།། བྱམས་པའི་གདན་བཏིང་ཐུགས་རྗེས་བདེ་བར་བཞེངས།། དགའ་བའི་གནས་པས་དགེས་དང་ལྡན་པས་ན།། སྲིད་མེད་བཏང་སྙོམས་ཅན་ལ་རྨོངས་མི་མངའ།། རྒྱལ་པོས་སྨྲས་པ། ཤཱཀྱའི་དཔའ་བོས་དེ་རྟག་མདུན་དུ་བདར།། བསྟན་བཅོས་མཁས་དང་རྩེ་ཞིང་དགའ་རྒྱས་ཏེ།། གཞལ་མེད་ཁང་འདྲའི་ཁྱིམ་དུ་དགའ་བྱས་ན། ། ང་ཡི་བུ་དེ་ནགས་མཐར་ཇི་ལྟར་དགའ།། འཆར་ཀས་སྨྲས་པ། ཆོས་ཀྱིས་བྱུང་བཞི་སེམས་ལྡན་རྣམས་ཀྱིས།། ཞི་བའི་ཐུགས་མངའ་དེ་རྟག་མདུན་དུ་བདར། པའི་དགོན་པར་ཞི་བ་བསྟེན་མཛད་པས།། སྟོན་པ་འཇིགས་བྲལ་དེ་ནི་དེར་དགྱེས་སོ།། རྒྱལ་པོས་སྨྲས་པ། སྔན་ཆད་གཞོན་ནུ་ཁྱིམ་ན་གནས་པའི་ཚེ།། ཡན་ལག་སྤོས་ཀྱི་འབྲུ་མར་ཞིམ་བྱུགས་ཏེ།། རྒྱལ་པོའི་རྐྱེན་དུ་བོས་པས་ཁྲུས་བྱས་ན། ། ནགས་ཀྱི་མཐའ་ན་ཐུབ་པ་སུ་ཡིས་བཀྲུ།། འཆར་ཀས་སྨྲས་པ། ཁྲིམས་གཙང་འབབ་སྟེགས་ཆོས་ཆུ་རྫིང་བུ་སྟེ།། ཐུབ་པ་དེ་བཀྲུ་གཞན་ཡང་བཀྲུ་བ་མཛད།། སྐུ་ལ་མི་གཤེར་སྲས་དང་བཅས་སུ་འབོག། རང་ཡང་རྒལ་ལ་སྐྱེ་བོ་ཕལ་ཆེན་སྒྲོལ།། རྒྱལ་པོས་སྨྲས་པ། གསེར་གྱི་སྐུད་པ་ནོར་བུའི་འཕྲེང་བས་བརྒྱན།། རྒྱལ་པོའི་རྐྱེན་འོས་གོས་མཆོག་བཟང་གྱོན་གྱོན།། ཙན་དན་ཞིམ་པོས་ཤིང་འདབ་ལེགས་པར་བྲིས། ། ནགས་ཆེན་དེ་གསེབ་ཐུབ་པ་སུ་ཡིན་བརྒྱན།། འཆར་ཀས་སྨྲས་པ། ཚུལ་ཁྲིམས་སྤོས་བྱུགས་ཡོན་ཏན་འཕྲེང་བས་བརྒྱན།། ཁྲེལ་ཡོད་ན་བཟའ་ཏིང་འཛིན་བསམ་གཏན་བརྒྱན། ། མངོན་ཤེས་རིག་པ་རྣམ་ཐར་བརྒྱུན་གྱི་སྐུ།། རྣམ་གྲོལ་གཟི་མང་ཐུབ་པ་ནགས་ན་མཛེས།། རྒྱལ་པོས་སྨྲས་པ། རྩེ་གཉིས་མཚོན་དང་རལ་གྲི་མཚོན་ཐོགས་པའི།། དཔའ་བོ་གཡུལ་དུ་མོས་པས་ལུས་བསྲུངས་ཏེ། ། བླ་རེ་གདུགས་ཀྱིས་རྟག་ཏུ་དག་བ་དགབ་པ།། གཅིག་པུ་ནགས་ན་འདུག་པ་སུ་ཡིས་བསྲུང་།། འཆར་ཀས་སྨྲས་པ། བྱམས་པའི་སྟོབས་ཀྱིས་ཐུབ་པ་ཡོངས་བསྲུངས་ཏེ།། དེ་དཔུང་ཡེ་ཤེས་ཉན་ཐོས་ཞམ་རིང་གཡོག། ཡོན་ཏན་ཚོགས་ལ་ངེས་པས་འཇིགས་མི་མངའ།། སྟོབས་བཅུ་དགྱེས་པ་མངའ་ཞིང་མི་འགིས་བརྙེས།། རྒྱལ་པོས་སྨྲས་པ། ང་ཡི་བུ་ཡི་ཡོན་ཏན་ཁྱོད་ཀྱིས་སྨྲས།། ཆོས་ལེགས་སྤྱོད་ཅིང་དུབ་མེད་བརྗོད་པ་ཐོས།། ཁྱོད་ཀྱང་ཟན་ཟོ་བསོད་སྙོམས་བཀུར་བར་གྱིས།། བདག་ཀྱང་མི་ཡི་དབང་པོ་བལྟར་འགྲོའོ།། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་འཆར་ཀས། རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་སྨྲས་སོ། ། རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དེ་ནི་ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག། དགེ་སྦྱོང་གི་ཚོགས་ཡོངས་སུ་སྡུད་པ། དྲང་སྲོང་ཆེན་པོ་སྟེ། དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན། དགེ་སྦྱོང་གི་རྒྱལ་པོ་ལྷམ་མེ་ལྷན་ནེ་ལྷང་ངེའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཟླ་བ་ཡར་གྱི་ཚེས་བཅོ་ལྔ་ལ་ཟླ་བ་ཉ་སྟེ། ཡོངས་སུ་རྒྱས་པའི་ཚེ། སྐར་མའི་ཚོགས་ཀྱིས་ཀུན་ནས་བསྐོར་བ་ནི་ལྷམ་མེ་ལྡན་ནེ་ལྷང་ངེའོ། ། དེ་བཞིན་དུ་བཅོམ་ལྡན་འདས་དེའང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན། ལྷམ་མེ་ལྷན་ནེ་ལྷང་ངེའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཉི་མ་ནི་སྟོན་གྱི་དུས་ན་ཤིན་ཏུ་ལྷམ་མེ་ལྷན་ནེ་ལྷང་ངེའོ། ། དེ་བཞིན་དུ་བཅོམ་ལྡན་འདས་དེའང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན། ཤིན་ཏུ་ལྷམ་མེ་ལྷན་ནེ་ལྷང་ངེའོ།། འདི་ལྟ་སྟེ། དཔེར་ན་རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ན་འདུག་པ་ནི་ལྷམ་མེ་ལྷན་ནེ་ལྷང་ངེའོ། ། དེ་བཞིན་དུ་བཅོམ་ལྡན་འདས་དེའང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན། ལྷམ་མེ་ལྷན་ནེ་ལྷང་ངེའོ།། འདི་ལྟ་སྟེ། དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་ནི་ཆོས་བཟང་ལྷའི་འདུན་ས་ན་གནས་ན། ལྷམ་མེ་ལྷན་ནེ་ལྷང་ངེའོ།། དེ་བཞིན་དུ་བཅོམ་ལྡན་འདས་དེའང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན་ལྷམ་མེ་ལྡན་ནེ་ལྷང་ངེ་།། འདི་ལྟ་སྟེ། དཔེར་ན་ལྷའི་བུ་རབ་འཐབ་བྲལ་དང་། ལྷའི་བུ་ཡོངས་སུ་དགའ་ལྡན་དང་། ལྷའི་བུ་རབ་འཕྲུལ་དགའ་དང་། ལྷའི་བུ་གཞན་འཕྲུལ་དབང་བྱེད་ལྷའི་ཚོགས་ཀྱི་ནང་ན་གནས་ན། ལྷམ་མེ་ལྷན་ནེ་ལྷང་ངེའོ། ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན། ལྷམ་མེ་ལྷན་ནེ་ལྷང་ངེའོ།། འདི་ལྟ་སྟེ། དཔེར་ན་མི་མཇེད་ཀྱི་བདག་པོ་ཚངས་པ་ནི་ཚངས་པ་བྱེ་བ་ཕྲག་སྟོང་གིས་བསྐོར་ན། ལྷམ་མེ་ལྡན་ནེ་ལྷང་ངེའོ།། དེ་བཞིན་དུ་བཅོམ་ལྡན་འདས་དེའང་དགེ་སྦྱོང་གི་ཚོགས་ཀྱི་ནང་ན་བཞུགས་ན། ལྷམ་མེ་ལྷན་ནེ་ལྷང་ངེའོ།། དེ་ནས་རྒྱལ་པོ་ཟས་གཙང་མས། བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་ལྟ་བུ་བརྗོད་པ་འདི་ཐོས་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ནི་བཅོམ་ལྡན་འདས་དེའི་ཉན་ཐོས་སུ་ཟད་ན། འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་ལ། འདི་ལྟར་དབང་ཆེ་བར་གྲགས་ན། བཅོམ་ལྡན་འདས་ཐོག་མ་བཙས་པ་ཉིད་ཀྱི་ཚེ། ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། སྡིག། རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། ཆེམ་ཆེམ། རབ་ཏུ་ཆེམཚིམ། ཀུན་ཏུ་རབ་ཏུ་ཆེམཆེམ། ཟུར་ཟུར། རབ་ཏུའར་བུར་ཏུ་རབ་ཏུ་འུར་འུར། འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་ཤིང་། སྡང་བ་དཔག་ཏུ་མེད་པ་བྱུང་བ་ལྟ་ཅི་ཐོས།། བཙས་མ་ཐག་ཏུ་སུས་ཀྱང་མ་བསྟེན་པར་ས་ལ་གོམ་པ་བདུན་བོར་བ་དང་། སྟེང་གི་བར་སྣང་ལས་ཆུའི་རྒྱུན་གྲང་དྲོ་རྣམ་པ་གཉིས་བྱུང་སྟེ། དེ་གཉིས་ཀྱིས་ཁྲུས་བྱས་པ་དང་། དེའི་ལྷའི་ཁྲི་བཟང་པོ་དབུས་གསེར་ལས་བྱས་པ་བྱུང་བ་དང་། སྟེང་གི་བར་སྣང་ལས་ལྷའི་གདུགས་རྔ་ཡབ་དང་བཅས་པ་བྱུང་བ་ལྟའང་ཅི་སྨོས། བཙས་མ་ཐག་ཏུ་ལྷ་ཐམས་ཅད་ཕྱག་འཚལ་བར་གྱུར་པ་དང་། གང་གི་ཚེ་བཙས་ནས། གང་གི་ཚེ་མངོན་པར་བྱུང་བ་དེའི་བར་དུ་ནམ་ཡང་འཁྲུལ་པ་མེད་པ། རྟག་ཏུ་དམ་བཅས་པ་ལ་བརྟན་པ། ཇི་སྐད་སྨྲས་པ་དེ་ལྟར་བྱེད་པ། རྟག་ཏུ་རྒྱུན་མི་གཅོད་པར་བརྩོན་འགྲུས་བརྟན་པ། ཡང་དག་པར་སྨྲ་བ། སླུ་བ་མེད་པ་ལྟ་ཅི་སྨོས། གང་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བརྒལ་ནས་བསྒྲལ་བར་བྱའོ་ཞེས་སྨྲས་པ་ལྟ་ཅི་སྨོས་སྙམ་སྟེ། དེས་དེ་ལྟར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་དམ་བཅས་པ་དེ་དྲན་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། ། བློ་མཆོག་ལྡན་པ་གང་ཞིག་བལྟམས་མ་ཐག། ནོར་བ་མེད་པའི་གསུང་ནི་བརྗོད་མཛད་དེ།། གང་ཞིག་ལ་ནི་བདེན་པའི་གསུང་མངའ་བ།། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། ། གང་ཞིག་བལྟམས་པར་གྱུར་མ་ཐག་ཉིད་དུ།། འཇིག་རྟེན་གཙོ་བོར་འགྱུར་བར་བྱའོ་ཞེས།། མགོན་པོས་མཉམ་པ་མེད་པར་གསུང་བརྗོད་པ།། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས། ། སུ་ནིག་རྨི་ལམ་རྨི་བའི་དུས་ན་ཡང་།། བརྫུན་གྱི་ཚིག་ནི་ནམ་ཡང་མ་གསུངས་ཏེ།། ཇི་ལྟར་གསུངས་པ་དེ་ལྟར་མཛད་མཛད་པ།། དེ་ལ་མཁས་པ་སུ་མིག་འདི་མི་ཆེས། ། གསེར་གྱི་ཕུང་པོ་གངས་རི་མཉམ་པ་ཡིས།། གང་ཞིག་ཆགས་པར་བྱ་བ་མི་ནུས་ཤིང་།། གང་ཞིག་ཆགས་ལས་རྣམ་པར་འདས་གྱུར་པ།། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས།། མཚོན་རྣོན་འདྲ་བའི་ངག་རྩུབ་ཚིག་རྣམས་ཀྱིས།། གང་ཞིག་ཁྲོ་བར་བྱ་བར་མི་ནུས་སོ།། ཞེ་སྡང་དངོས་པོ་ལས་ནི་རབ་འདས་པ།། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས།། ཆགས་པར་འགྱུར་དང་ཞེ་སྡང་རྨོངས་འགྱུར་བས། ། གང་ཞིག་ཐུལ་བར་ནུས་པར་མ་གྱུར་ཏེ།། ཤེས་རབ་རྒྱལ་པོ་དང་ནི་ལྡན་གྱུར་པ།། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས།། འདོད་པའི་དགའ་དང་བདེ་རྣམས་དུ་མ་དང་། ལོངས་སྤྱོད་དག་ལ་རྟོག་པའི་རྣམ་པ་ཡིས།། གང་ཞིག་བཅིངས་པར་ནུས་པར་མ་གྱུར་པ།། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས།། རྨད་དུ་བྱུང་བ་རྣམ་པ་བརྒྱ་དག་གིས།། ངོ་མཚར་འཛིན་གཞུག་ནམ་ཡང་མ་ནུས་ཏེ། ། དཔལ་སྡུག་ལྡན་ཞིང་རྟག་ཏུ་མི་ངམ་བཱ།། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས།། མཁས་པ་དག་གིས་བརྗོད་པའི་ཚིག་སྙམ་པ།། རྣམ་པ་སྣ་ཚོགས་དུ་མའི་ཚིག་གིས་ཀྱང་།། གང་ཞིག་བཅིང་བར་ནུས་པར་མ་གྱུར་པ། ། དེ་ལ་མཁས་པ་སུ་ཞིག་ཡིད་མི་ཆེས།། དོན་གྱི་ཚུལ་ལ་བརྩོན་དང་ལྡན་པ་དང་།། ཆོས་དང་འདོད་ལ་ངེས་པའི་ཚིག་རྣམས་ཀྱིས།། གང་ཞིག་བཅིང་བར་ནུས་པར་མ་གྱུར་པ། ། དེ་ཡི་གསུང་ལ་སུ་ཞིག་ཡིད་མཆེས།། དྲི་མ་མེད་སྟོབས་མཐའ་ཡས་ལྡན་གྱུར་པ།། གང་ཞིག་གྲོང་ཁྱེར་མཆོག་ནས་འབྱུང་བའི་ཚེ།། དཔུང་རྣམས་ཀྱིས་ནི་ཐུབ་པར་མགྱུར་པ།། ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། བྱང་ཆུབ་དམ་པ་མངོན་པར་བཞེད་པའི་ཕྱིར།། གང་ཞིག་འདོད་པའི་བདེ་བ་སྤངས་ནུས་སུ།། འཆི་མེད་རྒྱུ་ཕྱིར་རི་དགས་སྤྱོད་མཛད་པ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས། ། བྱང་ཆུབ་དམ་པ་མངོན་པར་བཞེད་པའི་ཕྱིར།། ཞན་པ་མ་ཡིན་སེམས་ཅན་གང་ཞིག་གིས།། ལོ་དྲུག་པར་དུ་དཀའ་ཐུབ་དྲག་སྤྱད་པ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། འཇིག་རྟེན་ལ་ནི་ཕན་དང་བདེ་བའི་ཕྱིར།། བྱང་ཆུབ་དམ་པ་དོན་དུ་གཉེར་བ་ན།། ལོ་དྲུག་ལོན་པའི་ཐ་མར་ཆོད་ཁུ་གསོལ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། གང་ལ་ལོ་དྲུག་པར་དུ་བདུད་ཀྱིས་ནི། ། རྟག་ཏུ་ཕྱི་བཞིན་འབྲང་ཏེ་གླགས་བཙལ་ཀྱང་།། དེ་ལ་གླགས་ནི་རྙེད་པར་མ་གྱུར་པ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། གང་ཞིག་འདོད་ཆགས་ཞེ་སྡང་བྲལ་གྱུར་ཅིང་།། ལ་ཅུང་ཟད་ཙམ་ཡང་མི་སྤོང་ལ། ། འཇིག་རྟེན་དག་གི་དོན་ནི་མཛད་གྱུར་པ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། གང་ཞིག་གཞན་ལ་གསན་པ་མ་མཛད་པར།། རྟོག་པར་དཀའ་བ་རབ་ཏུ་ཞི་བ་ཡི།། བྱང་ཆུབ་བླ་མེད་མངོན་རྫོགས་སངས་རྒྱས་པ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། གང་ཞིག་ཚངས་པ་ཉིད་ཀྱིས་གསོལ་བཏབ་པས།། བཅོམ་ལྡན་འདས་ཀྱིས་དེ་ཡི་ཚིག་གསན་ཏེ།། ཉིད་ཀྱིས་ཆོས་ནི་རབ་ཏུ་བཤད་པ་ན། ། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། གང་ཞིག་བདག་ལ་ཐུགས་བརྩེ་དོན་གྱི་ཕྱིར།། ཤཱཀྱའི་གྲོང་ཁྱེར་ཁྱིམ་དུ་བྱོན་གྱུར་ཏེ།། ཤཱཀྱའི་ཚོགས་རྣམས་གྲོལ་བར་མཛད་པ་ན། ། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། བརྒལ་བར་གྱུར་པའི་བཅོམ་ལྡན་འདས་གང་གིས།། སྔོན་གྱི་ཐུགས་དམ་བཅས་པ་དགོངས་མཛད་དེ།། བདག་ཅག་སྲིད་པའི་རྒྱུན་ལས་སྒྲོལ་མཛད་ན། ། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། དེ་དུས་དབབ་ད་ལྟར་དུས་མཁྱེན་པས།། བཅོམ་ལྡན་འདས་ཀྱིས་དེ་ཡི་དུས་མཁྱེན་ཏེ།། འདྲེན་པ་དུས་སུ་ཐུགས་བརྩེ་མཛད་པ་པོ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། མི་ཡི་འདྲེན་པ་ཡི་ནི་སྐུ་མཆོག་ལ།། བལྟ་བའི་དོན་དུ་བདག་ནི་འགྲོ་བྱ་ཞེས།། རྒྱལ་པོ་དེས་ནི་རང་གི་སེམས་ཀྱིས་སུ།། དེ་སྙམ་དུ་ནི་རྗེས་སུ་བསམ་པ་བྱས།། དེ་ནས་རྒྱལ་པོ་ཟས་གཙང་མས་དེ་ལྟར་རིང་ཞིག་ཏུ་རྗེས་སུ་བསམས་ནས།། ཚེ་དང་ལྡན་པ་འཆར་ཀ་ལ་སྨྲས་པ།། དགེ་སློང་ཁྱོད་ལ་ཅི་ཞིག་དགོས།། དེ་སྐད་ཅེས་སྤྲས་པ་དང་། ཚེ་དང་ལྡན་པ་འཆར་ཀས། རྒྱལ་པོ་ཟས་གཙང་མ་ལ་ཚིགས་སུ་བཅད་དེ་སླར་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་དོན་དུ་བསམས་བྱས་ཏེ། ཁྱོད་ཉིད་དད་པར་བྱ་ཕྱིར་བདག་འདིར་འོངས།། སྟོབས་བཅུ་མངའ་ལ་དད་པའི་སེམས་བསྐྱེད་ན། ། སྐྱེས་པ་བུད་མེད་དག་ཀྱང་མཐོ་རིས་འདོད་།། སྟོབས་བཅུ་མངའ་ཞིང་ཡོན་ཏན་ཚད་མེད་ལྡན།། དྲང་སྲོང་ཆེན་པོ་ཤཱཀྱའི་དགའ་མཛད་པ།། འདིར་བྱོན་རྒྱལ་པོ་ཐུགས་དང་སྐྱེད་ཅིག་དང་། ། ཁྱོད་ཀྱི་གྲགས་པ་ཚད་མེད་འཇིག་རྟེན་འབྱུང་།། ཁྱོད་ཀྱི་སྲས་ནི་མི་དབང་དམ་པ་སྟེ།། སྟོབས་བཅུ་ཐུགས་རྗེ་ཐུགས་བརྩེ་ཆེ་མངའ་བ།། ཆུ་ཁྲོད་པདྨ་ཇི་བཞིན་ཆགས་མེད་པར།། སྟོབས་བཅུ་ཆགས་མེད་ཐུགས་མངའ་སྤྱོད་པ་མཛད།། སྲིད་པའི་ཆུ་བོ་བཞི་ལས་བརྒལ་གྱུར་ནས།། འགྲོ་བ་མང་པོ་ཆུ་བོ་ཆེ་ལས་སྒྲོལ།། རྐང་གཉིས་གཙོ་བོ་མི་འཇིགས་ཐང་འདོན་གྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད། ། སྲིད་པའི་ཟུག་རྔུ་བཞི་པོ་ཀུན་བཏོན་ཏེ།། སྨན་པའི་གཙོ་བོ་སྐྱེ་དགུའི་ཟུག་རྔུ་འབྱིན།། གསོ་བ་བྱེད་པ་མཁས་པ་དམ་པའི་མཆོག། འདྲེན་པ་མི་མཆོག་ལ་ནི་དང་པ་སྐྱེད། ། བདུད་ཀྱི་སྡེ་ཆེན་དཔག་མེད་ཕམ་མཛད་དེ།། ནག་པོའི་ཕྱོགས་རྣམས་སྡེར་བཅས་ཡོངས་མནན་ནས།། མཆོག་ཏུ་ཞི་བའི་བྱང་ཆུབ་བརྙེས་གྱུར་གྱིས།། འདྲེན་པ་མི་མཆོག་ལ་ནི་དད་།། པ་སྐྱེད།། འགྲོ་བ་སྒྲོལ་ཞིང་ཆོས་ཀྱང་བསྟན་པ་དང་།། འཆི་མེད་ཞི་བ་མི་ལ་བཤད་གསོལ་ཞེས།། མི་དབང་ལ་ནི་ལྷ་དབང་གསོལ་འདེབ་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། ཕས་ཀྱི་རྒོལ་བའི་ཚོགས་རྣམས་ཟིལ་མནན་ཏེ།། སྟོན་པ་དཔག་ཡས་འཁོར་ལོ་རབ་བསྐོར་ནས།། སེམས་ཅན་བྱེ་བ་ཚད་མེད་འདུལ་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་བསྐྱེད།། རྣམ་དག་སྤྱན་མངའ་དེ་ནི་འགྲོ་བ་དག། མུན་པ་རབ་རིབ་སྟུག་པོས་བསྒྲིབས་པ་ཡི།། མིག་སྦྱོང་རབ་རིབ་སེལ་ཅིང་གསལ་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དང་བསྐྱེད།། རྒ་དང་འཆི་བའི་འཇིགས་པས་ཉོན་མོངས་ལ། ། རྒ་ཤྲཱི་མེད་མཆོག་མི་ལ་སྟོན་མཛད་ཅིང་།། འཆི་མེད་གནས་སྨྲ་སེམས་ཅན་འདོན་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། མེ་ཆེན་གསུམ་གྱིས་བསྲེགས་པའི་འཇིག་རྟེན་འདི།། མེས་ཚོགས་ལ་སྤྲིན་ཆེན་ཆར་བ་བཞིན།། བཞི་གཉིས་དམ་པའི་སྤྲིན་གྱིས་ཆར་འབེབས་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། གསུམ་དྲི་མ་སྤངས་ཤིང་སྐྱོན་བསལ་ཏེ།། དྲི་མ་གསུམ་ལས་སྐྱེ་བོ་འགྲོལ་མཛད་ཅིང་།། སྟོབས་བཅུ་རྣམ་པར་སྣང་བ་སྤྱོད་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་བསྐྱེད།། སྐྱེ་དགུ་ཀུན་ལ་ཕ་བཞིན་ཐུགས་བརྩེ་བས། ། སྟོབས་བཅུ་ཐུགས་རྗེ་མངའ་བ་བྱམས་པར་དགོངས།། ཐུགས་རྗེ་ཐུགས་བརྩེས་སེམས་ཅན་འགྲེལ་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། བཅོམ་ལྡན་དེ་ནི་མ་དུལ་སེམས་ཅན་འདུལ། ། ཐུགས་རྗེ་མངའ་བ་མ་ཞི་ཞི་མཛད་ཅིང་།། རྒོད་པ་རྣམས་ཀྱང་ཉོན་མོངས་ཞི་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་བསྐྱེད།། སྐྱེ་བོ་རྣམས་ཀྱི་སྲིད་པའི་རྩ་མཚོ་སྐེམས། ། རྒྱ་མཚོ་ལས་ནི་ལྷ་བུས་ཇི་ལྟ་བར།། སྟོབས་བཅུ་ཐུགས་རྗེ་ཆེ་མངའ་སྒྲོལ་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད་།། ཚད་མེད་ཡོན་ཏན་ཚོགས་ཀྱིས་མཛེས་གྱུར་པ། ཐུགས་རྗེ་ཆེན་པོ་དང་པའི་ཐུགས་ཀྱིས་སྤྱོད།། ཡུན་རིང་འཁྲུགས་པའི་སྐྱེ་བོ་དང་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། ནོར་བུ་རིན་ཆེན་ཆུ་དང་བྱེད་པ་བཞིན།། རྒྱལ་བསྐྱེ་བོ་དང་བར་སྤྱོད་མཛད་ཅིང་། ། མི་ཡི་འཐབ་རྙོག་རབ་ཏུ་དང་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་བསྐྱེད།། ནོར་བ་རིན་ཆེན་རང་བཞིན་ཡོངས་དག་པ།། མཁས་པའི་སྐྱོ་བ་དགའ་བ་ཡོངས་སུ་སྐྱེད།། རྒྱལ་པ་དེ་བཞིན་སྐྱོན་བསལ་དག་པའི་ཐུགས། ། མཁས་པའི་སྐྱེ་བོ་དགའ་བ་ཡོངས་སུ་སྐྱེད།། འཇིག་རྟེན་གཙོ་ལ་དང་བ་ཐོབ་གྱུར་ན།། ལྷ་དང་མི་དག་སྡུག་བསྔལ་ཁུར་ཡང་འདོར།། སྲིད་པའི་རྒྱུ་སྤངས་ཞི་བ་མཆོག་ཏུ་འདོང་། ། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། བདག་གིས་ཡོན་ཏན་ཕྱོགས་གཅིག་བརྗོད་པ་ནི།། ནམ་མཁའི་དབྱིངས་ལ་མཁའ་ལྡིང་རྗེས་བཞིན་ཏེ།། བདག་ནི་རྒྱལ་བའི་ཡོན་ཏན་མཐར་ཕྱིན་མིན། ། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། དེ་ནས་རྒྱལ་པོ་ཟས་གཙང་མས།། ཚེ་དང་ལྡན་པ་འཆར་ཀ་ལས་ལེགས་པར་བཤད་པའང་ཐོས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཛད་པའི་ཡོན་ཏན་དེ་ལྟ་བུའང་ཉིད་ཀྱིས་མངོན་དུ་མཐོང་། སྔོན་བདག་བརྒལ་ནས་སྐྱེས་བུ་ཁྱུ་མཆོག་ཁྱོད་ཀྱང་བསྒྲལ་བར་བགྱིའོ་ཞེས་ངམ་བཅས་པའང་རྗེས་སུ་དྲན་ནས། དེའི་ཚེ་བཅོམ་ལྡན་འདས་ལ་དད་པ་ཐོབ་པར་གྱུར་ཏོ། ། དེ་ལྟར་དད་པ་ཐོབ་པའི་སེམས་ཀྱིས། ཚེ་དང་ལྡན་པ་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ།། དགེ་སློང་ཁྱོད་ནི་ངའི་བུའི་ཆོས་ལས་སྐྱེས་པའི་བུ་ཡིན་ན།། ཁྱོད་བདག་ཟན་ཟོ་ལ་བཅོམ་ལྡན་འདས་ཀྱི་བཤོས་ཁྱེར་ཏེ་སོང་ཞིག། ངའང་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་ཕྱི་བཞིན་འོང་ངོ་།། དེ་ནས་ཚེ་དང་ལྡན་པ་འཆར་ཀས་དེ་ལྟར་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱས་ནས་ཟན་ཟོས་ཏེ། བཅོམ་ལྡན་འདས་ཀྱི་བཤོས་ཁྱེར་ནས་སོང་ངོ་།། དེའི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ངག་རྒྱལ་པོ་ཟས་གཙང་མ་ནི་དགེ་སློང་འཆར་ཀ་ས་དད་པར་བྱས་ཏེ། དེང་སྐྱེ་བོ་ཕལ་པོ་ཆེའི་དོན་དུ་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་འཆར་ཀས།། བཅོམ་ལྡན་འདས་ཀྱི་བཤོས་ཁྱེར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བདག་གིས་བྱས་པ་རྣམས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་འཆར་ཀ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། འཆར་ཀ་ལེགས་སོ་ལེགས་སོ།། དེ་རིང་རྒྱལ་པོ་ཟས་གཙང་མ་དད་པར་བྱས་པས་ཁྱོད་ཀྱིས་བསོད་ནམས་མང་དུ་བསྐྱེད་དོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་རིང་དགེ་སློང་འཆར་ཀས། རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱས་པའི་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པ་དེ་ལ་གལ་ཏེ་གཟུགས་ཤིག་ཡོད་ན་ནི། ཕྱོག་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུའང་བསོད་ནམས་ཀྱི་ཕུང་པོ་དེ་མི་ཤོང་སྟེ། བསོད་ནམས་ཀྱི་ཕུང་པོ་དེ་ནི་དེ་ཙམ་དུ་དཔག་ཏུ་མེད་དོ།། ། ། བམ་པོ་གཉིས་པ།། །། དེ་ནས་བཅོམ་ལྡན་འདས་བཤོས་གསོལ་ནས། ཕྱག་བཅབས། ལྷུང་བཟེད་བཀྲུས་ཏེ། མཚན་མའི་རྣམ་པ་འདི་ལྟ་བུ་མཛད་དོ།། མཚན་མའི་རྣམ་པ་དེ་མཛད་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་བསྐོར་ཅིང་མདུན་དུ་བ.རར་ནས། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་རང་གི་གནས་ནས་མི་སྣང་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བྱང་ཕྱོགས་སུ་བརྟེན་ཏེ་སྟེང་གི་བར་སྣང་ལ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་ནས། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཡང་དྲི་ཟ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། མ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཤར་ཕྱོགས་ལོགས་སུ་བརྟན་ཏེ། སྟེང་གི་བར་སྣང་ལ་དྲི་ཟའི་ཚོགས་ཀྱིས་བསྐོར་ནས་ཐལ་མོ་སྦྱོར་ཏེ། བཅོམ་ལྡན་འདས་དང་དགེ་སྦྱོང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་འཕགས་སྒྱུས་པོའང་གྲུལ་བུམ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། སྔ་མ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པར་གྱུར་ཏེ། ངེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ལྷོ་ཕྱོགས་ལོགས་སུ་བརྟེན་ཏེ། སྟེང་གི་བར་སྣང་ལ་རྡུལ་བུམ་གྱི་ཚོགས་ཀྱིས་བསྐོར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་མིག་མི་བཟང་ཡང་ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། སྔ་མ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ནུབ་ཕྱོགས་ལོགས་སུ་བརྟེན་ཏེ། སྟེང་གི་བར་སྣང་ལ་ཀླུའི་ཚོགས་ཀྱིས་བསྐོར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ།། ལྷའི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། སྔ་མ་བཞིན་སྟེང་གི་བར་སྣང་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ།། དེ་བཞིན་དུ་ལྷའི་དབང་པོ་རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། རབ་འཕྲུལ་དགའ་དང་། ལྷའི་དབང་པོ་གཞན་འཕྲུལ་དབང་བྱེད་དང་། མི་མཛོད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་གནས་གཙང་མའི་ལྷའི་རིས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སྟེང་གི་བར་སྣང་ལ་རེ་རེ་ཞིང་ཡང་གཡོག་ལྷའི་དབྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ། ། ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱང་ལྷ་མ་ཡིན་ཁྲག་ཁྲིག་ཕྲག་དྲུག་ཅུ་དང་ལྷན་ཅིག་ཏུ་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས། ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ལྷ་མ་ཡིན་གྱི་གནས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ།། ། བྱའི་རྒྱལ་པོ་འང་བ་བཟངས་བརྒྱད་ཁྲི་དྲུག་སྟོང་ཡང་རང་རང་གི་གནས་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་ཅིང་འདུག་པར་གྱུར་ཏོ།། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྒྱལ་པོའི་ཁབ་ཐ་དད་པ་ནས་ལྷགས་པ་བྱེ་བ་ཕྲག་བརྒྱད་ཅུའང་འདུས་པར་གྱུར་ཏོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། ནམ་མཁའ་ཡོངས་སུ་དག་པའི་དབྱིངས་དཀྱིལ་དུ། མ་ལུས་རྫོགས་གྱུར་ཟླ་བ་ཉ་བ་ཡིས། སྐར་མའི་ཚོགས་རྣམས་ཟིལ་གྱིས་མནན་ནས་ནི། ། ནམ་མཁར་ཟླ་བ་བཞིན་དུ་རྣམ་པར་མཛེས།། ཟླ་བ་དྲི་མེད་དཀྱིལ་འཁོར་ཞལ་མངའ་བ།། མུན་པ་རབ་རི་བསེལ་ཅིང་དྲི་གསུམ་འཇོམས།། རྟོག་ས་ཅན་ཚོགས་ཟིལ་གྱིས་མནན་ནས་ནི། ། མཁའ་ལ་སྐར་མའི་བདག་པོ་བཞིན་དུ་མཛེས།། ཉི་མ་འོད་ཟེར་བརྒྱ་ཡི་ལུས་འཛིན་པ།། སྟོན་གྱི་དུས་ན་མུན་སེལ་རྣམ་མཛེས་ཤིང་།། ལྷ་མིན་ཚོགས་རྣམས་ཟིལ་གྱིས་མནན་ནས་ནི། ། ཉི་མ་དེ་ནི་པདྨའི་ཁ་ཡང་འབྱེད།། ཉི་མ་འོད་ཟེར་བརྒྱ་འདྲའི་སྐུ་མངའ་བས།། སྟོང་གསུམ་པོ་དྲག་ཟིལ་གྱིས་མནན་ནས་ནི།། མི་ཡི་ཉི་མ་རྣམ་པར་མཛེས་གྱུར་ཅིང་། ། ཉན་ཐོས་པདྨའི་ཚུལ་མཆོག་ཁ་ཡང་འབྱེད།། ལྷ་ཡི་རྒྱལ་པོ་དབང་པོ་བརྒྱ་བྱིན་ནི།། འདུན་སར་ལྷ་ཡི་ཚོགས་ཀྱིས་ཡོངས་བསྐོར་བ།། ལྷ་ཡི་འཁོར་རྣམས་ཟིལ་གྱིས་མནན་ནས་ནི། ། བདེ་སོགས་ཁྱིམ་ཐབ་སྦྱིན་ལྡན་རྣམ་པར་མཛེས།། རྐང་གཉིས་དབང་པོ་དཔལ་སྡུག་སྟོབས་བཅུ་ཡང་།། དགེ་སྦྱོང་ཚོགས་ཀྱིས་མདུན་བདར་སྟོང་གསུམ་ན། རྟོག་གེ་ཚོགས་རྣམས་ཟིལ་གྱིས་མནན་ནས་ནི།། དགེ་སྦྱོང་ཚོགས་ཀྱི་དབུས་ན་རྣམ་པར་མཛེས།། ལྷ་ཡི་རྒྱལ་པོ་འཐབ་བྲལ་དབང་བྱེད་པ།། འཐབ་བྲལ་བཟང་པོ་ལྷས་མཆོད་བཙུན་བྱས་པ། འཐབ་བྲལ་བཟང་པོ་ལྷ་ཚོགས་ནང་བཞུགས་ཏེ།། འཐབ་བྲལ་རྣམས་ཀྱི་ནང་ན་འདུག་པ་མཛེས།། གཟི་བརྗིད་མཐའ་ཡས་སྟོབས་བཅུ་མངའ་བ་ཡང་།། ལམ་ངན་ངན་འགྲོར་དོང་བ་ཟིལ་མནན་ནས། ཡན་ལག་བརྒྱད་པ་རབ་ཏུ་སྟོན་མཛད་ཅིང་།། སྟོབས་བཅུ་ཡོན་ཏན་རྣམས་ཀྱིས་རབ་ཏུ་མཛེས།། ལྷ་ཡི་རྒྱལ་པོ་ཡོངས་སུ་དགའ་ལྡན་དེ།། དཀའ་ལྡན་གནས་ན་ལྷ་ཡི་ཚོགས་ཀྱིས་བསྐོར།། ཚོགས་མང་པོ་ཟིལ་གྱིས་མནན་ནས་ནི།། སྔོན་གྱི་དགེ་བའི་རྩེ་བས་རབ་ཏུ་མཛེས།། དེ་བཞིན་ལྷ་དང་ལྷ་མིན་བླ་མ་ཡང་། བི་ལྷ་མིན་ཚོགས་ཀྱིས་བླ་མར་བྱས།། འཁོར་བརྒྱད་པོ་དག་ཟིལ་གྱིས་མནན་ནས་ནི། ། སྐྱེས་བུ་སེང་གེ་དམ་པ་འཇིག་རྟེན་མཛེས།། ལྷ་ཡི་དབང་པོ་བདག་པོ་རབ་འཕྲུལ་ནི།། ལྷ་ཚོགས་མང་པོ་ཟིལ་གྱིས་མནན་ནས་སུ།། རང་གི་བསོད་ནམས་མཐུ་ཡིས་ལྷ་གནས་ན། ། གནས་ཤིང་དེ་ནི་རབ་ཏུ་རྣམ་པར་མཛེས།། དེ་བཞིན་ཉོན་མོངས་རྣམས་ལས་རྣམ་གྲོལ་ཞིང་།། སྟོབས་བཅུ་མངའ་བ་ཉོན་མོངས་བྲལ་བ་པོ།། མ་དུལ་འདུལ་མཛད་འདུལ་བའི་རྒྱལ་པོ་ཡང་། སྐྱེ་བོ་ཟིལ་གྱིས་མནན་ནས་རྣམ་པར་མཛེས།། ལྷ་ཡི་རྒྱལ་པོ་དབང་སྒྱུར་བྱེད་པ་ནི།། ལྷ་གནས་འདུག་ཅིང་ལྷ་ཚོགས་ཟིལ་མནན་ཏེ།། སྔོན་གྱི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས།། རྣམ་པར་མཛེས་པར་གྱུར་པ་ཇི་བཞིན་དུ། ། དེ་ལྟར་རྒྱལ་བ་སྟོབས་བཅུའི་སྤྱོད་པ་དག། སྔན་ཆད་སྤྱད་པས་ལྷ་མི་ཟིལ་མནན་ཏེ།། སྔོན་གྱི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས།། རྒྱལ་བ་དེ་ནི་རབ་ཏུ་རྣམ་པར་མཛེས། ། ཚངས་པའི་འཇིག་རྟེན་ན་ནི་ཚངས་པ་ཡང་།། ཚངས་པའི་འཁོར་རྣམས་རང་གིས་ཟིལ་མནན་ཏེ།། ཤིན་ཏུ་སྙན་པ་ཡན་ལག་བརྒྱད་ལྡན་དག། ཡོངས་སུ་རྗོད་པ་བྱེད་ཅིང་མངོན་དུ་མཛེས།། དེ་ལྟར་རྒྱལ་བ་ཚངས་པ་འདྲར་གྱུར་པ།། དགེ་སྦྱོང་རྒྱལ་པོ་དགེ་སྦྱོང་ཚོགས་རྣམས་ཀྱིས།། མདུན་དུ་བདར་ཏེ་བདེན་པའི་གཏམ་གསུང་ཞིང་།། འཇིག་རྟེན་གསུམ་པོ་དག་ན་མངོན་དུ་མཛེས། ། ཉན་པར་འདོད་པ་ལྷ་དང་མི་རྣམས་དང་།། ལྟོ་འཕྱེ་ཆེན་པོ་དག་ནི་འདུས་མཁྱེན་ནས།། སྐྱེས་བུ་ཁྱུ་མཆོག་ཡན་ལག་བརྒྱད་ལྡན་གྱི།། གསུང་རྣམས་ཀྱིས་ནི་རབ་ཏུ་སྟོན་པ་མཛད། ། བྱ་ལམ་ནམ་མཁའ་དཔག་པར་ནུས་ཀྱང་སྲིད།། རྒྱ་མཚོ་བུམ་པས་གཞལ་དུ་རུང་ཡང་སྲིད།། རི་རབ་སྲང་བརྒྱར་གཞལ་དུ་རུང་ཡང་སྲིད།། སངས་རྒྱས་ཡོན་ཏན་མཐའ་རྟོགས་མི་ནུས་སོ། ། རྒྱལ་པོ་མངོན་པར་དད་པར་བྱས་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་ཚེ་དང་ལྡན་པ་འཆར་ཀ་སོང་ནས། རིང་པོ་མ་ལོན་པ་རྒྱལ་པོ་ཟས་གཙང་མས། ཤཱཀྱ་རྣམས་ལ་བསྒོ་བ། གྲོགས་པོ་དག་འདི་ལྟ་སྟེ། དཔེར་ན་ཉི་མ་འཆར་བའི་སྔ་ལྟས་ནི། གང་འདི་དམར་རེངས་འཆར་བའོ།། དམར་རེངས་ཤར་ན་ཉི་མ་འཆར་བར་ཤེས་སོ།། གྲོགས་པོ་དག་དེ་བཞིན་དུ་དགེ་སློང་འཆར་ཀའང་། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་སྔ་ལྟས་ཡིན་ཏེ། དགེ་སློང་འཆུར་ཀས་ཡོན་ཏན་གང་བརྗོད་པ་དེ་དག་ནི་ངེས་པར་ཐམས་ཅད་མཁྱེན་པའི་ཡོན་ཏན་ཡིན་ནོ། ། གྲོགས་པོ་དག་དེ་ལྟ་བས་ན། བཞོན་པའི་མཆོག་མཆོག་རྣམས་རྟོད་དེ་སྟ་གོན་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། དེ་རིང་ཁོ་ན་བདག་ཅག་བཅོམ་ལྡན་འདས་མཆོག་ཏུ་བལྟ་ན་སྡུག་པ་དེ་ལྟ་ཞིང་འདོང་ངོ་དོ། ། ལྷ་ལེགས་སོ་ཞེས་གསོལ་ནས། ཤཱཀྱ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་མའི་ལྟར་མཉན་ཏེ། ཐེག་པའི་མཆོག་རྣམས་མྱུར་དུ་བསྙད་དོ།། དེའི་ཚེ་རྒྱལ་པོ་ཟས་གཙང་མས་སེར་སྐྱའི་གནས་དང་། ནྱ་གྲོ་དྷའི་ཀུན་དགའ་ར་བའི་བར་དེ་དག་ཐམས་ཅད་རྒྱལ་པོའི་གཤེགས་ཤུལ་དུ་མཉམ་པར་བྱེད་དུ་བཅུག་ཅིང་། བྱེ་མ་གཙང་མ་འདལ་དུ་བཅུག་སྟེ། ཉམས་དགའ་བ་དང་མེ་ཏོག་སིལ་མས་གང་བ་དང་། དར་གྱི་ལྡ་ལྡི་དང་། འཕྲེང་བ་མང་པོས་བརྒྱན་ཏེ། སྐབས་སྐབས་སུ་གར་མཁན་དང་། གླུ་མཁན་དང་། གྱད་དང་། བུམ་རྔ་ཐོགས་པ་དང་། སིལ་སྙན་དང་། རོལ་མོ་དང་། གླུའི་ཆུ་བྱད་དང་། ཡོ་བྱད་ཐམས་ཅད་ཐོགས་པ་དག་བཀོད་པར་གྱུར་ཏོ།། དེ་ནས་རྒྱལ་པོ་ཟས་གཙང་མ་བཞོན་པའི་མཆོག་དང་ཆས་པ་རྣམས་དང་། བདག་ཉིད་ཀྱང་བཞོན་པའི་མཆོག་ལ་ཞོན་ཏེ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་།། དེའི་ཚེ་ཤཱཀྱལ་ལའི་བཞོན་པའི་མཆོག་ནི་རྣམ་པ་འདི་ལྟ་བུ་སྟེ། འདི་ལྟར་ཤིང་རྟ་དག་ཀྱང་ཐམས་ཅད་སྔོལ། རྟ་སྔོན་པོ་རྣམས་ཀྱིས་དྲངས་ཤིང་། རྒྱན་རྣམས་ཀྱང་སྔོལ། དྲིལ་བུ་གཡེར་ཀའི་དྲ་བས་བརྒྱན་པ། འཁོར་རྒྱན་སྔོན་པོ་ཅན་གྱིས་བསྐོར་བ་གདུགས་དང་། རལ་གྲི་དང་། ཟོད་དང་། ནོར་བུ་ཅན་གྱི་རྔ་ཡབ་དང་། ལྷམ་རྒྱན་ཅན་སྔོན་པོ་དང་ལྡན་པ། ཁ་ཚར་མ་གཅད་པའི་རས་སྔོན་པོ་གྱོན་ཅིང་། རྒྱན་སྔོན་པོ་ཐོགས་པའི་ཞལ་ཏ་པ་རྣམས་ཞལ་དབྱེད་པ། རྒྱན་སྔོན་པོ་ཅན་གྱི་ལྕག་ཐོགས་དང་ཁྲིད་པ་དུ་མ་དང་ལྡན་པ། རྒྱལ་མཚན་སྔོན་པོ་བསྒྲེང་བ་ཤ་སྟག་སྟེ། ཤིང་རེ་རེ་ཞིང་ཡང་རྒྱན་སྔོན་པོ་ཅན་གྱི་མི་བརྒྱ་ཕྲག་རེ་རེས་བསྐོར་བར་གྱུར་ཏོ། ། ཤཱཀྱ་ལ་ལའི་བཞོན་པ་ནི་རྣམ་པ་འདི་ལྟ་བུ་སྟེ། འདི་ལྟར་ཤིང་རྟ་དག་ཀྱང་ཐམས་ཅད་དུ་སེར་བ་ནས། ཐམས་ཅད་དུ་དམར་བ་དང་། ཐམས་ཅད་དུ་དཀར་བ་དང་། ཐམས་ཅད་དུ་བཀྲ་བ་དང་། ཤིང་རྟ་རེ་རེ་ཞིང་ཡང་རྒྱན་ཁྲ་བོ་ཅན་གྱི་མི་བརྒྱ་ཕྲག་རེ་རེས་བསྐོར་བའི་བར་སྡུ་སྔ་མ་བཞིན་ནོ།། ཤིང་རྟ་དེ་དག་རེ་རེའི་ཕྱི་བཞིན་དུའང་གླང་པོ་ཆེ་བརྒྱད་ཁྲི་གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་དྲ་བས་གཡོགས་པ་ཤ་སྟག་བཤམས་ཏེ། གླང་པོ་ཆེ་བརྒྱད་ཁྲི་བོ་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་བཀྲ་བ་བལྟ་ན་སྡུག་པ་བརྒྱད་ཁྲི་བཞག་ནས་འདོང་བར་གྱུར་ཏོ། ། གླང་པོ་ཆེ་བརྒྱད་ཁྲི་བོ་དེ་དག་གི་ཕྱི་བཞིན་རྟ་གསེར་གྱི་རྒྱན་གྱིས་བརྒྱན་པ། གསེར་གྱི་དྲིལ་བུ་གཡེར་ཁ་བརྒྱུས་པ་རིན་པོ་ཆེ་སྣ་བདུན་གྱི་རྒྱན་དང་ལྡན་པ་བརྒྱད་ཁྲི་བཤམས་ཏེ་འདོང་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་དང་། ཤཱཀྱ་རྣམས་རྒྱང་རིང་པོ་ནས་འོང་བ་གཟིགས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་གང་དག་གིས་སུམ་ཅུ་རྩ་གསུམ་གྱི་ལྷ་སྐྱེད་མོས་ཚལ་དུ་འདོང་བ་མ་མཐོང་བ་དེ་དག་གིས། ཤཱཀྱ་སེར་སྐྱའི་གནས་ནས་འོང་བ་འདི་དག་ལ་ལྟོས་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཤཱཀྱ་རྣམས་སེར་སྐྱའི་གནས་ནས་བྱུང་བ་དེ་དག་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་སྐྱེད་མོས་ཚལ་དུ་འདོང་བ་དང་རྗེས་སུ་འཐུན་ནོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སེར་སྐྱ་ཞེས་བྱའི་གྲོང་ཁྱེར་དམ་པ་ནས།། རྒྱལ་པོ་ཟས་གཙང་མི་ཡི་ཁྱུ་མཆོག་དེ།། འཁོར་དང་བཅས་ཏེ་ཇི་ལྟར་འོད་གྱུར་པ།། དེ་ལྟར་བསྟན་གྱིས་ཁྱེད་རྣམས་དེ་ཉོན་ཅིག། ཤིང་བརྒྱ་སྟོང་མཆོག་དང་བཅས་པ་དག། ལེགས་པར་བརྒྱན་ཅིང་མཛེས་པར་སྤྲས་ནས་ནི།། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དམ་པ་ནས།། མི་ཡི་དབང་པོ་དམ་པ་བྱུང་བར་གྱུར།། ཤིང་རྟ་སྔོ་ཞིང་རྒྱན་ཀྱང་སྔོ་བ་དང་། རྟ་ཡང་སྔོ་ཞིང་སྔོ་བའི་འཁོར་དང་བཅས།། མཚན་མ་སྔ་བོ་དག་ཀྱང་སྔོ་བ་སྟེ།། དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་སྔོ།། ལྕག་ཀྱང་སྔོ་ཞིང་ཐག་སྲང་རྣམས་ཀྱང་སྔོ།། དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། ། མི་རྣམས་ཀྱང་ནི་སྔོན་པོའི་གོས་ཅན་ཏེ།། རྒྱལ་མཚན་སྔོན་པོ་བསྒྲེང་བས་མཛེས་པར་བྱས།། ཤིང་རྟ་སེར་ཞིང་རྒྱན་ཀྱང་སེར་བ་དང་།། རྟ་ཡང་སེར་ཞིང་སེར་པོའི་འཁོར་དང་བཅས། ། མཚན་མ་སྔ་པོ་དག་ཀྱང་སེར་པོ་སྟེ།། དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་སེར།། ལྕག་ཀྱང་སེར་ཞིང་ཐག་སྲང་རྣམས་ཀྱང་སེར།། དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས།། མི་རྣམས་ཀྱང་ནི་སེར་པོའི་གོས་ཅན་ཏེ།། རྒྱལ་མཚན་སེར་པོ་བསྒྲེང་བས་མཛེས་པར་བྱས།། ཤིང་རྟ་དམར་ཞིང་རྒྱན་ཀྱང་དམར་བ་དང་།། རྟ་ཡང་དམར་ཞིང་དམར་པོའི་འཁོར་དང་བཅས། མཚན་མ་སྔ་པོ་དག་ཀྱང་དམར་པོ་སྟེ།། དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་དམར།། ལྕག་ཀྱང་དམར་ཞིང་ཐག་སྲད་རྣམས་ཀྱང་དམར།། དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། ། མི་རྣམས་ཀྱང་ནི་དམར་པོའི་གོས་ཅན་ཏེ།། རྒྱལ་མཚན་དམར་པོ་བསྒྲེང་བས་མཛེས་པར་བྱས།། ཤིང་རྟ་དཀར་ཞིང་རྒྱན་ཀྱང་དཀར་བ་དང་།། རྟ་ཡང་དཀར་ཞིང་དཀར་པོའི་འཁོར་དང་བཅས། ། མཚན་མ་ལྔ་པོ་དག་ཀྱང་དཀར་པོ་སྟེ།། དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་དཀར།། ལྕག་ཀྱང་དཀར་ཞིང་ཐག་སྲད་རྣམས་ཀྱང་དཀར།། དྲིལ་བུ་གཡེར་ཀའི་དྲ་བརྣམས་དང་བཅས། ། མི་རྣམས་ཀྱང་ནི་དཀར་པོའི་གོས་ཅན་ཏེ།། རྒྱལ་མཚན་དཀར་པོ་བསྒྲེང་བས་མཛེས་པར་བྱས།། ཤིང་རྟ་བཀྲ་ཞིང་རྒྱན་ཀྱང་བཀྲ་བ་དང་།། ཧཱ་ཡང་བཀྲ་ཞིང་བཀྲ་བའི་འཁོར་དང་བཅས། ། མཚན་མ་ལྔ་པོ་དག་ཀྱང་བཀྲ་བ་སྟེ།། དེ་བཞིན་གོས་ཀྱི་དམ་པ་དག་ཀྱང་བཀྲ།། ལྕག་ཀྱང་བཀྲ་ཞིང་ཐག་སྲད་རྣམས་ཀྱང་བཀྲ།། དྲིལ་བུ་གཡེར་ཀའི་དྲ་བ་རྣམས་དང་བཅས། ། མི་རྣམས་ཀྱང་ནི་འཀྲབའི་གོས་ཅན་ཏེ།། རྒྱལ་མཚན་ཁྲ་བོ་བསྒྲེང་བས་མཛེས་པར་བྱས།། ཤིང་རྟ་དེ་དག་རྣམས་ཀྱི་ཕྱི་བཞིན་དུ།། གླང་པོ་བརྒྱད་ཏྲིར་ཚང་བ་བཤམ་པ་ནི། གསེར་གྱི་རྒྱལ་མཚན་རྣམས་ཀྱིས་ལེགས་པར་བརྒྱན།། གླང་ཆེན་རྣམས་ནི་གསེར་གྱིས་ཆལ་པར་བརྒྱན།། དེ་དག་སྟེང་དུ་རིན་ཆེན་སྣ་བདུན་གྱི།། ཁང་པ་བརྩེགས་པ་དག་ནི་བཞག་ནས་སུ། ། རྣམ་པ་སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཡི།། ཤིང་རྟ་རྣམས་ནི་ཕྱི་བཞིན་འབྱུང་བར་བཤམས།། དེ་བཞིན་རྟ་མཆོག་སྟོང་ཕྲག་བརྒྱད་ཅུ་ཡང་།། རིན་ཆེན་སྣ་བདུན་རྒྱན་གྱིས་ལེགས་པར་བརྒྱམ།། རྒྱལ་པོའི་ཆ་འོས་རྒྱལ་པོ་འཚམ་སྟབས་ཅན།། གླང་པོ་དེ་དག་རྣམས་ཀྱི་ཕྱི་བཞིན་འབྲང་།། རབ་ཏུ་དྲི་ཞིམ་ཁ་དོག་ལྔ་པ་ཡི།། མེ་ཏོག་སིལ་མ་རྒྱལ་པོའི་ལམ་དུ་བཀྲམ།། དར་གྱི་ལྡ་ལྡི་དག་ཀྱང་། རབ་ཏུ་བྲེས།། བདུག་སྤོས་སྣོད་རྣམས་ཀྱིས་ནི་ལེགས་པར་བརྒྱན།། གླུ་མཁན་གར་མཁན་རྣམས་དང་གྱང་རྣམས་དང་།། དུམ་རྔ་ཐོགས་པ་རྣམས་ཀྱིས་མཛེས་པར་བྱས།། རོལ་མོ་རྣམ་པ་སྣ་ཚོགས་བྱེད་པ་ཡང་། ། རབ་ཏུ་དགའ་ཞིང་རྒྱལ་པོའི་ཕྱི་བཞིན་འབྲང་།། རྒྱལ་པོ་གཤེགས་པའི་ལེའུ་སྣ་གཉིས་པའོ།། ། དེ་ནས་རྒྱལ་པོ་ཟླས་གཙང་མ་དང་། རྣམས་རྟ་བབས་སའི་བར་དུ་བཞོན་པ་དང་དོང་སྟེ་ཕྱིན་ནས། བཞོན་པ་ལས་བབས་ཏེ། རྐང་ཐང་གི་འཁོར་གྱིས་ཡོངས་སུ་བསྐོར་ཅིང་མདུན་དུ་བ་དར་ཏེ། ནྱ་གྲོ་དྷའི་ཀུན་དགའ་ར་བར་དོང་ངོ་།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ང་རྒྱལ་ཆེ་བར་མཁྱེན་ནས། མི་གང་ལྷག་ཙམ་གྱི་སྟེང་གི་བར་སྣང་གི་ནམ་མཁའ་ལ་རྒྱལ་པོ་ཟས་གཙང་མ་མངོན་པར་དད་པར་བྱ་བའི་ཕྱིར་འཆག་ཅིང་བཞུགས་པར་གྱུར་ཏོ། ། དེའི་ཚེ་བཅོམ་ལྡན་འདས་དེ་ལྟར་འཆག་པའི་གཡས་ཕྱོགས་ནས། མི་མཇེད་ཀྱི་བདག་པོ་ཚངས་པ་ཞམ་རིང་དུ་འཆག་ཅིང་འགྲོའོ།། གཡོན་ཕྱོགས་ནས་ལྷའི་དབང་པོ་བརྒྱ་བྱིན་ཞམ་རིང་དུ་འཆག་ཅིང་འགྲོའོ། ། དེ་ལྟར་བཅོམ་ལྡན་འདས་འཆག་པའི་ཞམྦྷ་རིང་དུ་ལྷགས་པའི་རྒྱལ་པོ་རབ་འཐབ་ཐུལ་དང་། ཡོངས་སུ་དགའ་ལྡན་དང་། རབ་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར། གདུགས་འཛིན་ཅིང་བསིལ་ཡབ་ཀྱིས་གསོབ་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། ཡུལ་འཁོར་སྲུང་གཉིས་ཀྱང་། བཅོམ་ལྡན་འདས་འཆག་པའི་ཤར་ཕྱོགས་ལོགས་ཀྱི་ཐོག་མ་ལ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་སྨད་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། མིག་མི་བཟང་གཉིས་ཀྱང་། བཅོམ་ལྡན་འདས་འཆག་པའི་ནུབ་ཕྱོགས་ལོགས་ཀྱི་ཐོག་མ་ལ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་སྨད་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ།། དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སྟེང་གི་བར་སྣང་ལ་གནས་ཏེ། ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུམྲ་ད་དང་། པདྨ་དཀར་པོ་དང་། ལྔའི་མན་ད་ར་བ་དང་། མན་དར་བ་ཆེན་པོ་དང་། ལྷའི་སྤོས་ཀྱི་ཕྱེམ་རབ་ཏུ་འཐོར་བར་གྱུར་ཏོ།། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་རོལ་མོ་ས་སྙན་དང་། གླུ་དབྱངས་དག་ཀྱང་སྟེང་གི་བར་སྣང་ལས་སྒྲ་འབྱིན་པར་གྱུར་ཏོ།། མིའི་ལས་འདས་པའི་གླུའི་ང་རོའང་སྟེང་གི་བར་སྣང་ལས་བྱུང་བར་གྱུར་ཏོ།། སྤྲིན་ལས་སྤོས་ཀྱི་ཆར་ཟམ་ཟིམ་ཡང་འབབ་བར་གྱུར་ཏོ། ། ལྷའི་མེ་ཏོག་ཨུཏྤལ་དང་། ལྷའི་ཙན་དན་གྱི་ཕྱེ་མའི་ཆར་ཡང་འབབ་པར་གྱུར་ཏོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་རྣམ་པ་གང་མངོན་པར་མཛད་པས། ལྷ་དང་མི་རྣམས་ཀྱང་གཅིག་གིས་གཅིག་མཐོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་མཛད་དོ། ། དེ་ནས་རྒྱལ་པོ་ཟས་གཙང་མས་ལྷ་དེ་དག་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པའང་མཐོང་། ལྷའི་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པའི་ཁང་པ་བརྩེགས་པས་ཀྱང་བར་སྣང་གང་བར་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དེ་ནི་ངོ་མཚར་ཆེ་སྟེ། སྔོན་བཅོམ་ལྡན་འདས་གཞོན་ནུར་གྱུར་པའི་ཚེ། འདི་སྐད་དུ་ང་ལ་ནི་གླིང་ཆེན་པོ་བཞིའི་དབང་ཕྱུག་ལྔ་དབང་བར་འགྱུར་བ་ངོ་མཚར་མི་ཆེ་སྟེ། ངས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ལྷ་དང་མིའི་ནང་དུ་ཆོས་ཀྱི་དབང་ཕྱུག་ལ་དབང་བར་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་དབང་ཕྱུག་ལ་དབང་བ་དེ་ནི་འདི་ཡིན་པ་ལྟ་སྟེ། བདག་ནི་མིའི་འཁོར་ཅན་དུ། ཟད། བཅོམ་ལྡན་འདས་ནི་ལྷ་དང་མིའི་འཁོར་ཅན་དུ་གྱུར་ཏོ་སྙམ་མོ།། དེ་ནས་རྒྱལ་པོ་ཟས་གཙང་མས་བླ་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་རྒྱུ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚིག་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་བལྟམས་མ་ཐག་ཏུ་སུས་ཀྱང་མ་བསྟེན་པར་ས་ཆེན་པོ་ལ་གོ་བ་བདུན་བཞུད་དེ། ཕྱོགས་བཞིར་གཟིགས་ནས་གསུང་བརྗོད་པ། ང་ནི་འཇིག་རྟེན་ན་མཆོག། ད་ནི་འཇིག་རྟེན་ན་གཙོ། ང་ནི་འཇིག་རྟེན་ར་རབ་སྟེ། ངས་སྐྱེ་བ་དང་། རྒ་བ་དང་། ནབ་དང་། འཆི་བ་མཐར་དབྱུང་ངོ་ཞེས་གསུང་བ་དེའི་ཚེའང་བདག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་གཏུགས་ཏེ་ཕྱག་བགྱིས་སོ།། གང་གི་ཚེ་བཅོམ་ལྡན་འདས་ཞིང་བའི་གྲོང་དུ་བཞུད་ནས། འཛམ་བུའི་གྲིབམ་བསིལ་བ་ལ་བཞུགས་པའི་ཚེ། ཉི་མ་ཡོལ་ཡང་འཛམ་བུའི་གྲིབ་མས་བཅོམ་ལྡན་འདས་ཀྱི་སྒྱུམ་གཏང་སྟེ། ལྷའི་བུ་གཞོན་ནུ་དྲུག་ཐལ་མོ་སྦྱར་ནས་ཕྱག་འཚལ་ཞིང་འཁོད་པར་གྱུར་པ་དེའི་ཚེ། ཡང་བདག་གིས་བཅོམ་ལྡན་འདས་ལ་ཕྱག་བགྱིས་སོ།། ད་ཡང་བཅོམ་ལྡན་འདས་ལ་འདི་དང་ལན་གསུམ་དུ་ཕྱག་འཚལ་ལོ་ཞེས་སྨྲས་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ།། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ནས།། ས་ཆེན་འདི་ལ་གོམ་པ་བདུན་བཞུད་དེ།། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།། དེ་ཚེ་མཁས་པཁྱོད་ལ་བདག་ཕྱག་འཚག། གང་རྗེཆུབ་ཆེན་ཞིང་བའི་གྲོང་བཅུད་དེ། འཛམ་བུའི་གྲིབ་མས་བཞུགས་པ་མ་གཏང་ཤིང་།། ནཱ་དྷ་གཞོན་ནུ་དྲུག་ཀྲིས་བཏུད་སྒྱུར་བ།། དེ་ཆེ་མཆོད་འོ་ག་། ལ་བདག་ཕྱག་འཚལ།། ད་ཡང་འདི་དང་ཁྱོད་ལ་ལན་གསུམ་དུ།། ཐུབ་པ་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ།། ཐུགས་རྗེ་ཆེ་མངའ་ལྷ་མིས་མཆོད་པ་གཙོ།། ཁྱོད་འདྲ་འཇིག་རྟེན་མ་མཆིས་ལྷག་ཅི་སྨོས། ། མཚན་ནི་དོན་གྲུབ་ལགས་ཞེས་སྔོན་བརྗོད་པ།། ཕ་དང་མ་ཡིས་བསམས་ཏེ་བཏགས་པ་ལགས།། ཁྱོད་ཀྱི་བསམ་རྫོགས་བདུད་རྩི་བརྙེས་པས་ན།། དོན་གྲུབ་ལགས་པར་བདག་གིས་ད་གདོད་འཚལ། ། དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སེང་གེའི་ཁྲི་ལྷའི་ཡིད་བཞིན་གྱི་རས་བཅོས་བུ་བཏིང་བ་རྣམ་པ་སྣ་ཚོགས་སུ་སྤེལ་བ་བཤམས་སོ། ། ཐམས་ཅད་དང་ལྡན་པའི་ནྱ་གྲོ་དྷའི་ཀུན་དགའ་ར་བར་ཡང་ལྷའི་ཡིད་བཞིན་གྱི་རས་བཅོས་བུས་ཡོག་པར་བཏིང་ངོ་།། སྟེང་དུའང་ལྷའི་ཡིད་བཞིན་གྱི་རས་བཅོས་བུའི་བླ་རེ་བྲེས་སོ།། དེ་ནས་བཅོམ་ལྡན་འདས་པར་སྣང་གི་འཆགས་དེ་ནས་བབས་ཏེ། ཀཱདན་ཁྲི་བཤམས་པ་ལ་བཙུགས་སོ།། རྒྱལ་པོ་ཟས་གཙང་མའང་འཁོར་དང་བཅས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བར་སྣང་བ་འཁོད་པར་གྱུར་ཏོ། ། འདི་ལ་འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། སེར་སྒྲ་ཞེས་བྱ་གྲོང་ཁྱེར་དམ་པ་མི།། ནྱ་གྲོ་དྷ་སི་ར་བ་ཉམས་དགའ། བར།། རྒྱལ་པོ་ཟས་གཙང་དེ་དང་གང་གི་ཚེ།། འཇིག་རྟེན་མགོན་པོ་ཕྲད་པ་དེ་ཡི་ཚེ།། སྐྱེ་བོ་མང་པོ་དག་ནི་འདུས་གྱུར་ཏེ།། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དབང་པོ།། ཀླུ་ཚོགས་རྣམས་དང་དེ་བཞིན་གྲུལ་བུམ་དང་། ། དྲི་ཟའི་རྒྱལ་པོ་རྣམས་ཀྱང་འདུས་པར་གྱུར།། དེ་བཞིན་གསང་བའི་བདག་པོ་རྣམས་འདུས་ཏེ།། མི་འམ་ཅི་ཡི་ཚོགས་དང་མི་རྣམས་དང་།། དེ་བཞིན་འདོད་པ་དག་ན་སྤྱོད་པའི་ལྷ། ། རབ་ཏུ་དགའ་བ་རྣམས་ཀྱང་འདུས་པར་གྱུར།། དེ་བཞིན་གཟུགས་ཀྱི་ཁམས་སུ་གཏོགས་པ་ཡི།། ཚངས་པ་རྣམས་དང་ཚངས་པའི་རིས་རྣམས་དང་།། འོད་གསལ་བ་དང་དགེ་རྒྱས་པ་དག་དང་། ། འབྲས་བུ་ཆེ་བར་གཏོགས་དང་གནས་གཙང་འདུས།། དགེ་སྦྱོང་དག་དང་དེ་བཞིན་བྲམ་ཟེ་དང་།། སྤྱོད་པ་ཅན་དང་ཀུན་ཏུ་རྒྱུ་དག་དང་།། གཅེར་བུ་བ་དང་མུ་སྟེགས་གཞན་མང་པོ། ། ལོག་ལམ་རྗེས་སུ་འབྲང་བ་རྣམས་ཀྱང་འདུས།། སངས་རྒྱས་ཉིད་ཀྱི་གཟི་བརྗིད་དམ་པ་ཡིས།། རྒྱལ་པོ་ཆེན་པོ་ཟས་གཙང་དེ་ཡི་སེམས།། ཡོངས་སུ་སྨིན་པར་བྱ་བའི་དོན་གྱི་ཕྱིར། ། དེ་ཡི་ཚེ་ན་འདུས་པ་ཆེན་པོར་གྱུར།། སྔན་ཆད་བཅོམ་ལྡན་འདས་ཀྱིས་ལེགས་བཤད་པའི།། ཚིག་གིས་འཁོར་རྣམས་ཡོངས་སུ་ཚིམ་པར་མཛད།། ད་ནི་རྒྱལ་བ་རྒྱལ་པོ། ཐས་གཙང་ལ།། རྒྱལ་བའི་མཐུ་ནི་རབ་ཏུ་བསྟན་པར་བཞེད།། བཅོམ་ལྡན་འདས་ལ་རྒྱལ་པོ་ཟས་གཙང་གིས།། གཞོན་ནུ་མྱོད་ནིས་བདག་ཆེན་པོ་ཡི།། རྒྱལ་པོར་འགྱུར་ཞེས་མ་པས་ལུང་བསྟན་གྱིས། ། ཁབ་ནས་མབྱུང་ཞིག་ཅེས་སྔོན་གསོལ་བ།། གླིང་བཞིར་དབང་བའི་འཁོར་ལོས་སྒྱུར་བ་སྟེ།། སྲོག་ཆགས་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་མཆོད།། རིན་ཆེན་སྣ་བརྙན་དག་དང་ལྡན་པར་འགྱུར། ། འབྱོར་པ་བཞི་པོ་དང་ཡང་ལྡན་པར་འགྱུར།། ཆོས་ལ་གནས་ཤིང་ས་ཡང་སྦྱོང་བ་སྟེ།། གླིང་བཞི་དབང་བར་རྒྱལ་རིགས་རྒྱལ་ཆེན་འགྱུར།། མི་ཡི་བདག་དང་མི་ཡིས་མཆོད་པར་འོང་། ། ལྟོ་འཕྱེ་ཆེས་མཆོད་འགྱུར་ཞེས་གསོལ་བ་བཏབ།། དེ་ནས་དེ་ཚེ་བྱང་ཆུབ་སེམས་དཔའ་དེས།། བསྐལ་པ་བྱེ་བ་ཁྲག་ཁྲིག་དཔག་མེད་ནས།། བདག་ནི་རྟག་ཏུ་བདེན་པའི་ཆོ་ག་སྨྲས་ཀྱིས། ། རྒྱལ་པོ་བདག་གི་ཚིག་ལ་གསོན་ཅེས་གསུངས།། འདི་ལྟར་གླིང་བཞི་པ་ཡི་རྒྱལ་སྲིད་ཀྱིས།། བདག་ལ་སླུ་བ་མཛད་པར་བཞེད་པས་ན།། དེ་ལྟའི་ཚུལ་ལས་རྒྱལ་པོ་ཆེན་པོ་ཁྱོད། ། བདག་ལ་ཅུང་ཟད་ཙམ་ཡང་ཐུགས་མི་རེ།། རྒྱལ་པོ་ཆེན་པོ་སྔོན་ཚེ་བྱུང་བ་ནི།། རྒྱ་མཚོའི་རླབས་ཀྱིས་རུས་སྦལ་གཅིག་ཅིག་འཕངས།། རྒྱ་མཚོའི་རླབས་ནི་ཕྱིར་ལོག་གྱུར་པ་དག་རུས་སྦལ་དེ་ནི་ཁྲོན་པའི་ནང་དུ་ལྷུང་། ། དེ་ལ་ཁྲོན་པའི་ནང་གི་རུས་སྦལ་གྱིས།། རྒྱ་མཚོའི་རུས་སྦལ་གང་ནས་འདིར་འོངས་ཀྱེ།། ང་ཡི་ཐེ་ཙོམ་སྐྱེས་པ་གཅད་པའི་ཕྱིར།། མྱུར་ང་ལ་སྨོས་ཤེས་དེ་སྐད་བྷཱུས། ། ཞོན་པའི་ནང་ཀཱི་རུས་སྦལ་དེ་ཉིད་ལ།། རྒྱ་མཚོའི་རུས་སྦྲུལ་རྡོ་ཆེན་དེས་སྨྲས་པ།། ང་ནི་རྒྱ་མཚོའི་རླབས་ཀྱིས་བཀུར་བཀུར་ཏེ།། ཁྲོན་པ་འདིར་ནི་དེ་རིང་བོར་བར་གྱུར། རྒྱ་མཚོའི་རླབས་ཆེན་དེ་ནི་ཕྱིར་ལོག་སོང་།། ང་ནི་སླར་ལོག་འགྲོ་བར་མ་ནུས་ཏེ།། ང་ནི་རླབས་དང་བྲལ་བར་གྱུར་པས་ན།། རུས་སྦལ་ཁྱོད་ཀྱི་ཁྲོན་པར་གནས་འཆབའོ།། དེ་ལ་ཁྲོན་པའི་ནང་གི་རུས་སྦལ་གྱིས། ། རྒྱ་མཚོ་དེ་ནི་ཁྲོན་པ་འདི་ཙམ་མམ།། འོན་ཏེ་ཁྲོན་པ་འདི་བས་ཆེ་བ་ཞིག། དྲིས་ལན་ང་ལ་མྱུར་དུ་སྨྲོས་ཤེས་སྨྲས།། རྒྱ་མཚོའི་རུས་སྦལ་བློ་རྒྱ་ཆེན་པོ་དེས།། ཁྲོན་པའི་རུས་སྦལ་དེ་ལ་ཚིག་སྨྲས་པ། ། ཁྲོན་པའི་རུས་སྦལ་ཁྱོད་ནི་བྱིས་པ་སྟེ།། བློ་རྒྱ་ཆུང་ཞིང་ཤེས་པ་རབ་ཏུ་ཞན།། ང་ནི་ལན་ཚྭ་ཅན་གྱི་ཆུ་དེར་བཙས།། ཡུན་རིང་དུས་ནས་དེ་ན་སྐྱེ་སྐྱེ་ཡང་།། རྒྱ་མཚོའི་མཐའ་མ་ཤེས་པར་མ་ནུས་ན། ། དབུས་ལྟ་ཤེས་པར་ག་ལ་ནུས་ཤེས་སྨྲས།། དེ་ལྟར་མི་ཡི་བདག་པོ་ཁྱོད་ཀྱིས་ཀྱང་།། བདག་གི་མཐུ་ནི་ཐུགས་སུ་མ་ཆུད་དེ།། གླིང་བཞི་པ་ཡི་མཆོད་པ་རྣམས་ཀྱིས་ནི།། ཁྱོད་ཀྱིས་བདག་ལ་སླུ་བ་མཛད་པར་བཞེད། ། བདག་ནི་ཆོས་ཅན་ཆོས་ཀྱི་རྒྱལ་པོར་འགྱུར།། ཆད་པས་མི་གཅད་མཚོན་ཆས་བདའ་མེད་པར།། སྟོང་གསུམ་འཇིག་རྟེན་ཁམས་འདི་བསྐྱང་བར་བྱ།། འཇིག་རྟེན་འདས་པའི་མཆོད་པ་ཐོབ་པར་འགྱུར།། རྫུ་འཕྲུལ་སྟོབས་བསྒོམས་པ་ཡི་བདག་ཉིད་ཅན།། བཅོམ་ལྡན་འདས་ཀྱིས་སྔོན་ཚིག་སྦྱང་བའིང་ནས།། དེ་ཕྱིར་འཁོར་ཆེན་པོ་ནི་དེ་དག་དང་། སེམས་ཅན་རྣམས་ལ་ཐུགས་ཀྱིས་དགོངས་པ་མཛད།། རྒྱལ་པོ་ཟས་གཙང་སེམས་ནི་མགུ་བྱའི་ཕྱིར།། ཐུགས་ཀྱིས་ཡོངས་སུ་བསྐུལ་བ་མཛད་པ་དང་།། འཇིག་རྟེན་གསུམ་པོ་མཐའ་དག། མ་ལུས་པར།། དེ་ཡི་ཚེ་ན་དེར་ནི་འདུས་པར་གྱུར།། རྒྱལ་པོ་འདུན་པར་བྱས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་སེམས་ཐོག་མར་སྐྱེ་བར་འགྱུར་བ་དེ་ལྟ་བུའི་མཚན་མ་མཛད་དོ། ། དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རཱིས། ལྷ་མ་ཡིན་ཁྲག་ཁྲིག་ཕྲག་དྲུག་ཅུ་དང་། ལྷ་མ་ཡིན་གྱི་བུ་མོ་ཁྲག་ཁྲིག་ཕྲག་དྲུག་ཅུ་དང་བཅས་པས། བཅོམ་ལྡན་འདས་ལ་མཆོད་པ་ཐོག་མར་བྱས་ཏེ། དེས་རྒྱ་མཚོ་ཆེན་པོའི་ནང་ན་རིན་པོ་ཆེ་རིན་ཐང་ཡོད་པ་དང་། རིན་ཐང་མེད་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ཕུལ་ལོ།། རིན་པོ་ཆེ་གཞན་རྒྱ་མཚོ་ཆེན་པོ་དེ་ན་མེད་པ་དག་ཀྱང་མངོན་པར་སྤྲུལ་པ་བྱས་མཆོད་པར་ཕུལ་ལོ། ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་གྱི་ཤིང་རྩཝ་ཁྲག་ཁྲིག་ཕྲག་དྲུག་ཅུའང་མངོན་པར་སྤྲུལ་ཏོ།། ཤིང་རྟ་དེ་དག་རེ་རེ་ཞིང་རྟ་ཅང་ཤེས་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏེ། རྟ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡར་ཁའི་དྲ་བ་ཅན་ལ། རྐང་ལག་གི་རྒྱན་གསེར་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱིས་སྦས་པ་དང་ལྡན་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་དབྱར་འདབ་ཅན། གསེར་གྱི་རྒྱན་གྱིས་བརྒྱན་པ་ཤ་སྟག་གོ།། རྟ་ཅང་ཤེས་དེ་དག་གི་རྒྱུན་དུ་བྱ་བའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་བླ་རེ་དག་ཀྱང་མངོན་པར་སྤྲུལ་ཏོ། ། ཤིང་རྟ་དེ་དག་ཀྱང་གསེར་གྱི་རྒྱལ་མཚན་ཅན། གསར་གྱི་རྒྱན་གྱིས་བརྒྱན་པ་ཤྭ་སྟག་གོ། ཡིད་བཞིན་གྱི་ནོར་བུའི་བླ་རེ་དེ་དག་ཀྱང་སྟེང་གི་བར་སྣང་ལས་ཤིང་རྟ་དེ་དག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ཏེ། ཤིང་རྟ་དེ་དག་འདོང་ན་ནི་རྗེས་སུ་འདོད། ཤིང་རྟ་དེ་དག་སྡོད་ན་ནི་སྡོད་པ་ཤ་སྟག་གོ།། ཡིད་བཞིན་གྱི་ནོར་བུའི་བླ་རེ་དག་ལའང་མཛེས་པར་བྱ་བའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་འཕྲེང་བའི་ལྡ་ལྡི་མངོན་པར་སྦྱངས་སོ། ། ཡིད་བཞིན་གྱི་ནོར་བུའི་བླ་རེ་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཁའི་དྲ་བ་དང་ལྡན་པར་མངོན་པར་སྤྲུལ་ཏོ། ། ཤིང་རྟའི་རྒྱན་དང་། རྟའི་རྒྱན་དང་། ཡིད་བཞིན་གྱི་ནོར་བུའི་བླ་རེའི་རྒྱན་དེ་དག་རླུང་གིས་བསྐྱོད་ན་སྒྲ་སྙན་ཅིང་ཡིད་དུ་འོང་ལ་མཉན་ན་བདེ་བ་ཤ་སྟག་འབྱུང་བར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་རོལ་མོ་སིལ་སྙན་ཡན་ལག་བརྒྱད་དང་ལྡན་པ། མཁས་པས་སྒྲ་ཕྱུང་ན་སྒྲ་སྣུན་ཅིང་ཡིད་དུ་འོང་བ་དང་། མཉན་ན་བདེ་བ་འབྱུང་བ་དེ་བཞིན་དུ། ཤིང་རྟའི་རྒྱན་དེ་དག་དང་། རྟའི་རྒྱན་དེ་དག་དང་། ཡིད་བཞིན་གྱི་ནོར་བུའི་བླ་རེའི་རྒྱན་དེ་དག་རླུང་གིས་བསྐྱོད་ན་སྒྲ་སྙན་ཅིང་ཡིད་དུ་འོང་ལ་མཉན་ན་བདེ་བ་ཤ་སྟགཟུང་བར་གྱུར་ཏོ།། ཤིང་རྟ་དེ་དག་གི་འཕང་གིས་ཀྱང་སྟེང་གི་བར་སྣང་ལ་དཔག་ཚད་དྲུག་ཅུ་བསྒྲིབས་ཏེ་འཁོད་པར་གྱུར་ཏོ། ། ཤིང་རྟ་དེ་དག་གི་ཕྱི་བཞིན་ཡང་རོལ་མོ་སིལ་སྙུན་སྣ་ཚོགས་རྗེས་སུ་འབྲང་བར་གྱུར་ཏོ།། ཤིང་རྟ་དེ་དག་ཐམས་ཅད་ལའང་ལྷ་མ་ཡིན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དག་འཁོད་དེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་ལ་ལ་ནི་རོལ་མོ་བྱེད། ལ་ལ་ནི་སིལ་སྙན་ལེན། ལ་ལ་ནི་གླུ་ལན། ལ་ལ་ནི་གར་བྱེད། ལ་ལ་ནི་ཙན་དྲན་དང་ཨུཏྤ་ལའི་ཕྱེ་མས་འཐོར། ལ་ལ་ནི་ཨ་ཀ་རུ་དང་ཏ་མ་ལའི་ལོ་མའི་ཕྱེ་མས་འཐོར། ལ་ལ་ནི་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་ཕྱ་མས་འཐོར། ལ་ལ་ནི་གསེར་དངུལ་གྱི་ཕྱེ་མས་འཐོར། ལལ་ནི་མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མ་ནི་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཤ་ཀ་དང་། པ་རུ་ཤི་ཀ་ཆེན་པོ་དང་། མདོག་དཀར་དང་། མདོག་དཀར་ཆེན་པོ་དང་། སྐྱ་སྣར་དང་། སྐྱ་སྣར་ཆེན་པོ་དང་། སྐྱ་སྣར་ཁྲ་བོ་དང་། སྐྱ་སྣར་བཀྲ་ཅན་གྱི་མེ་ཏོག་མངོན་པར་སྤྲུལ་ཅིང་། བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ།། ལ་ལ་ནི་གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་དང་། ཤེལ་གྱི་མེ་ཏོག་དང་། བེ་ཌཱུཪྻའི་མེ་ཏོག་དང་། སྤུག་གི་མེ་ཏོག་དང་། མུ་ཏིག་དམར་པོའི་མེ་ཏོག་དང་། རྡོའི་སྙིང་པོའི་མེ་ཏོག་གིས་མངོན་པར་འཐོར་རོ།། ལ་ལ་ནི་རིན་པོ་ཆེ་སྣ་བདུན་དང་དབྱིག་གིས་སྙིམ་པ་བཀང་ཞིང་། བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ།། ལ་ལ་ནི་ན་བཟའ་དང་རྒྱན་འབུལ་ལོ།། ལ་ལ་ནི་སྐུ་རགས་དང་། ཞབས་ཀྱི་རྒྱན་དང་། ཕྱག་གི་རྒྱན་དང་། སོར་གདུབ་དང་། གདུ་བུ་དང་། གདུབུ་མམ་པ་དང་། དབུ་རྒྱན་རྩེ་གསུམ་པ་དང་། དཔུང་དྷནཱ་དང་། ཅོད་པནཱ་དང་། གསེར་ཆུད་དང་། མ་ཏིཿ་གི་དོ་ཤལ་དང་། ནོར་བུའི་དོ་ཤལ་དང་། སེ་མོ་དོ་དང་། བྱ་དོ་དང་། མགུལ་རྒྱན་སྣ་ཚོགས་འཐོར་བར་གྱུར་ཏོ།། ལ་ལ་ནི་ཚོང་ཚོང་གཤིབས་པ། ལ་ལ་ནི་མགོ་རྒྱན། ལ་ལ་ནི་རྣ་ཆ་གདུབ་ཀོར། ལ་ལ་ནི་གསེར་གྱི་འཕྲེང་བ་རིན་པོ་ཆེས་སྤྲས་པ། ལ་ལ་ནི་རིན་པོ་ཆེའི་འཕྲེང་བ་གསེར་གྱིས་སྤྲས་པ། ལ་ལ་ནི་གསེར་གྱི་དྲ་བ། ལ་ལ་ནི་གསེར་གྱི་འཕྲེང་བ་དང་། ནོར་བུའི་འཕྲེང་བ་དང་། མུ་ཏིག་གི་འཕྲེང་བ་ཐོགས་སོ།། ལ་ལ་ནི་གསེར་གྱི་གདུགས་དང་། དངུལ་གྱི་གདུགས་དང་། བཻ་ཌཱུཪྻའི་གདུགས་དང་། ཤེལ་གྱི་གདུགས་དང་། སྤུག་གི་གདུགས་དང་། རྡོའི་སྙིང་པོའི་གདུགས་དང་། མུ་ཏིག་དམར་པོའི་གདུགས་དང་། རིན་པོ་ཆེ་སྣ་བདུན་གྱི་གདུགས་དང་། རིན་པོ་ཆེའི་རྒྱལ་མཚན་སྣ་ཚོགས་ཐ་དད་པ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་བ་དན་ཁ་དོག་སྣ་ཚོགས་དང་། ཚོན་སྣ་ཚོགས་ཅན་མང་པོ་ཐོགས་སོ། ། ལ་ལ་ནི་སྤོས་ཆུའི་ཆར་འབེབས་ཤིང་འཁོད་པར་གྱུར་ཏོ།། ལ་ལ་ནི་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པར་གྱུར་ཏོ།། མི་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། མི་ཕུ་ཁྱོད་ལ་ཕྱག་འཚལ་ལོ། ། རྐང་གཉིས་གཅོལ་ཕྱག་འཚལ་ལོ།། ཁྱོད་ལ་ངོ་ཟླ་ཡོང་མ་མཆིས།། འཇིག་རྟེན་གསལ་ལ་ཕྱག་འཚལ་ལོ།། ཡེ་ཤེས་མཚོལ་ཕྱག་འཚལ་ལོ།། དཔལ་དང་ལྡན་ལ་ཕྱག་འཚལ་ལོ།། རྒྱལ་བའི་འོད་ལ་ཕྱག་འཚལ་ལོ།། ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ།། ཉོན་མོངས་སེལ་ལ་ཕྱག་ཚལ་ལོ།། སྤྱོད་དག་ཁྱོད་ལ་ཕྱག་འཚལ་ལོ།། སེམས་དག་ཁྱོད་ལ་ཕྱག་འཚལ་ལོ།། གནས་པ་མི་མངའ་ཞུམ་མི་མངའ། ། ལེ་ལོ་མི་མངའ་རྒོད་མི་མངའ།། བརྩོན་འགྲུས་བརྩམས་ཤིན་རྟུལ་བ་ཉིད།། ངེས་པར་རྟོགས་ལ་ཕྱག་འཚལ་ལོ།། རིན་པོ་ཆེའི་ཕོ་བྲང་གི་རྡལ་བལྟ་ན་སྡུག་པ། མཛེས་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུའང་མངོན་པར་སྤྲུལ་ཏེ། རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་རེ་རེ་ཞིང་ཡང་བཞུགས་ས་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏེ། བཞུགས་ས་དེ་དག་རེ་རེ་ཞིང་ཡང་བ་གམ་བཀྲ་བ། བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་བརྒྱ་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ།། བ་གམ་དེ་དག་རེ་རེ་ལའང་ཁང་པ་བརྩེགས་པ་བཀྲ་བ། བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ།། ཁང་པ་བརྩེགས་པ་དེ་དག་རེ་རེ་ཞིང་ཡང་ཁྱམས་བཀྲ་བ། བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། ། དེ་ལ་གསེར་གྱི་ཁྱིམས་རྣམས་ཀྱི་གདུང་བྱམ་ནི་དངུལ། བྲལ་བུ་དང་སྒོ་འཕར་ནི་བཻ་ཌཱུཪྻ། ཟླུམ་པ་དང་ཁ་ཁྱེར་ནི་ཤེལ། ཀ་བ་ནི་སྡུག། ཀཀུ་ནི་མུ་ཏིག་དམར་པོ། ས་གཞི་ནི་རྡོའི་སྙིང་པོའི་རང་བཞིན་ཅན་ཤ་སྟག་གོ།། དངུལ་གྱི་ཁྱིམས་རྣམས་ཀྱི་གདུང་ཕྱམ་ནི་གསེར། བྲལ་བུ་དང་སྒོ་འཕར་ནི་བཻཌཱུརྱ། ཐེམ་པ་དང་ཁ་ཁྱེར་ནི་ཤེལ། ཀ་བ་ནི་སྤུག་@#ཀཞུ་ནི་མུ་ཏིག་དམར་པོ། ས་གཞི་ནི་རྔའི་སྙིང་པོའི་རང་བཞིན་ཅན་ཤ་སྟག་གོ།། བེ་ཌཱུམྲའི་ཁྱམས་རྣམས་ཀྱི་གདུང་བྱམ་ནི་ཤེལ། བྲལ་བུ་དང་སྒོ་འབར་ནི་གསེར། ཐེམ་པ་དང་ཁྱེར་ནི་དངུལ། ཀ་བ་ནི་སྤུག། ཀ་ཞུ་ནི་མུ་ཏིག་དམར་པོ། ས་གཞི་ནི་རྡོའི་སྙིང་པོའི་རང་བཞིན་ཅན་ཤ་སྟག་གོ།། ཤེལ་གྱི་ཁྱམས་རྣམས་ཀྱི་གདུང་ཕྱ་མ་ནི་བཻ་ཌཱུཪྻ། གྲལ་བུ་དང་སྒོ་འཕར་ནི་སྤུག། ཐེས་པ་དང་ཁ་ཁྱེར་ནི་རྡོའི་སྙིང་པོ། ཀ་བ་ནི་གསེར། ཀ་ཞུ་ནི་དངུལ། ས་གཞི་ནི་མུ་ཏིག་དམར་པོའི་རང་བཞིན་ཅན་ཤ་སྟག་གོ།། སྤུག་གི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་རྡོའི་སྙིང་པོ། གྲལ་བུ་དང་སྒོ་འཕར་ནི་མུ་ཏིག་དམར་པོ། ཐེམ་པ་དང་ཁ་ཁྱེར་ནི་གསེར། ཀ་བ་ནི་དངུལ། ཀཞུ་ནི་ཤལ། ས་གཞི་ནི་བཻ་ཌཱུཪྻའི་རང་བཞིན་ཅན་ཤ་སྟག་གོ།། མུ་ཏིག་དམར་པོའི་ཁྱམས་རྣམས་ཀྱི་གདུང་ཕྱ་མ་ནི་སྤུག། གྲལ་བུ་དང་སྒོ་འཕར་ནི་རྡོའི་སྙིང་པོ། ཐེམ་པ་དང་ཁ་ཁྱེར་ནི་དངུལ། ཀ་བ་ནི་གསེར། ཀཞུ་ནི་བཻ་ཌཱུཪྻ། ས་བཞི་ནི་ཀཻ་ཀེ་རུའི་རང་བཞིན་ཅན་ཤ་སྟག་གོ།། རྡོའི་སྙིང་པོའི་ཁྱམས་རྣམས་ཀྱི་གདུང་ཕྱམ་ནི་མུ་ཏིག་དམར་པོ། གྲལ་བུ་དང་སྒོ་འཕར་ནི་གསེར། ཐེམ་པ་དང་ཁ་ཁྱེར་ནི་དངུལ། ཀཱ་བ་ནི་བཻ་ཌཱུཪྻ། ཀ་ཊུ་ནི་ཀེ་ཀེ་རུ། ས་གཞི་ནི་ཤེལ་གྱི་རང་བཞིན་ཅན་ཤ་སྟག་གོ།། ཁྱམས་དེ་དག་ཏུའང་སེང་གེའི་ཁྲི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་གོས་སྣ་ཚོགས་བཏིང་བ། ཀ་ཙ་ལིན་དའི་སྟེང་ཡོགས་ཅན། མཐའ་གཉིས་སུ་རྟེན་མ་བཟང་པོ་བཀོད་པ་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་བར་སྤྲུལ་ཏོ། ། སེང་གེའི་ཁྲི་དེ་དག་གི་རྐང་རྟེན་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་དག་ལ། རས་བཅོས་བུ་སྣ་ཚོགས་འདྲི་ལྟ་སྟེ། ཤིང་བལ་ལས་བྱས་པ་ཤིན་ཏུ་ཕྲ་བ་དང་། སྲིན་བལ་ལས་བྱས་པཤིན། ཏུ་ཕྲ་བ་དང་། ཟར་མའི་ཤུན་པ་ལས་བྱས་པ་ཤིན་ཏུ་ཕྲ་བ་དང་། ཤུན་བྲགས་ལས་བྱས་པ་ཤིན་ཏུ་ཕྲ་བ་དང་། ཀ་ཤི་ཀ་ལས་བྱས་པ་ཤིན་ཏུ་ཕྲ་བ་བྱེ་བ་ཕྲག་དྲུག་ཅུ་དྲུག་ཅུ་བཏིང་བར་གྱུར་ཏོ།། སེང་གེའི་ཁྲི་དེ་དག་རེ་རེའི་ངོས་གཉིས་སུའང་། ལྷ་མ་ཡིན་གྱི་བུ་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་བསིལ་ཡབ་ཐོགས་པ་གཉིས་གཉིས་མངོན་པར་སྤྲུལ་ཏེ། སེང་གེའི་ཁྲི་དེ་དག་ལ་ལྷ་མ་ཡིན་གྱི་བུ་གཞོན་ནུ་འཁོད་པ་དག་ལ་གཡོབ་བོ། ། ཁྱམས་དེ་དག་རེ་རེ་ཞིང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུགས་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ།། ཁྱམས་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་ཁྲག་ཁྲིག་ཕྲག་དྲུག་ཅུ་དྲུག་ཅུ་མངོན་པར་སྤྲུལ་ཏོ། ། དེ་ལ་གསེར་གྱི་ཁམས་རྣམས་སུ་ནི་རྒྱལ་མཚན་སྔོན་པོ་ལ་ཡུ་བ་སེར་པོ་ཤེལ་གྱིས་སྤྲས་པ་དག་བཙུགས། དངུལ་གྱི་ཁྱམས་རྣམས་སུ་ནི་རྒྱལ་མཚན་སེར་པོ་ཡུབ་དམར་པོ་གསེར་གྱིས་སྤྲས་པ་དག་བཙུགས། བཻཌཱུཪྻའི་ཁྱམས་རྣམས་སུ་ནི་རྒྱལ་མཚན་དམར་པོ་ཡུ་བ་སེར་པོ་ཤེལ་གྱིས་སྦས་པ་དག་བཙུགས། ཤེལ་གྱི་ཁྱམས་རྣམས་སུ་ནི་རྒྱལ་མཚན་དཀར་པོ་ཡུ་བ་བཻ་ནུཪྻ་གསེར་གྱིས་སྦས་པ་དག་བཙུགས། རིན་པོ་ཆེ་སྣ་ཚོགས་ཀྱི་ཁྱམས་རྣམས་སུ་ནི་རྒྱལ་མཚན་ཁྲ་བོ་གསེར་གྱི་ཡུ་བ་བཻ་ཌཱུཪྻས་སྨྲས་པ་དག་བཙུགས་སོ། ། དེ་ལ་རྒྱལ་མཚན་སྔོན་པོ་རྣམས་ནི་ཏོག་སེར་པོ། རྒྱལ་མཚན་སེར་པོ་རྣམས་ནི་ཏོག་སྔོན་པོ། རྒྱལ་མཚན་དམར་པོ་རྣམ་ནི་ཏོག་དཀར་པོ་རྒྱལ་མཚན་དཀར་པོ་རྣམས་ནི་ཏོག་དམར་པོ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱལ་མཚན་རྣམས་ནི་ཏོག་རིན་པོ་ཆེ་སྣ་བདུན་པ་ཤ་སྟག་གོ།། རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་པར་སྣང་གི་ནམ་མཁའ་ལ་ལྡིང་ཞིང་བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱེད་པར་གྱུར་ཏོ། ། དེ་འདི་ལྟ་སྟེ། དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེ་ས་སྲུངས་ཀྱི་བུ་ནི་བར་སྣང་གི་ནམ་མཁའ་ལས་འགྲོ་ཞིང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་ཡོངས་འདུ་ས་བརྟོལ་དུ་ཉེ་བར་འཇོག་གོ། ། དེ་བཞིན་དུ་ཕོ་བྲང་གི་རྡལ་དེ་དག་ཀྱང་བར་སྣང་གི་ནམ་མཁའ་ལ་ལྡིང་ཞིང་། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བ་བྱེད་དོ།། རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་དང་། བ་གམ་དེ་དག་དང་། བཞུགས་ས་དེ་དག་དང་། ཁང་པ་བརྩེགས་པ་དེ་དག་དང་། ཁྱམས་དེ་དག་དང་། སེང་གེའི་ཁྲི་དེ་དག་དང་། གདུགས་དེ་དག་དང་། རྒྱལ་མཚན་དེ་དག་དང་། བ་དན་དེ་དག་ལས་ལྷའི་ཙན་དན་དང་། ཨུཏྤལ་དང་། ཨ་ཀ་རུའི་ཕྱེ་མའི་ཆར་འབབ་པར་གྱུར་ཏོ།། མེ་ཏོག་མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་མན་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཤ་ཀ་དང་། པ་རུ་ཤ་ཀ་ཆེན་པོ་དང་། མདོག་དཀར་དང་། མདོག་དཀར་ཆེན་པོ་དང་། སྐྱ་སྣར་དང་། སྐྱ་སྣར་ཆེན་པོ་དང་། སྱ་སྣར་ཁྲ་བོ་དང་། སྐྱ་སྣར་བཀྲ་ཆན་གྱི་ཆར་ཡང་མངོན་པར་འབབ་པར་གྱུར་ཏོ། ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། སྤུག་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་དང་། དབྱིག་དང་། གསེར་དང་། ཡིད་བཞིན་གྱི་རས་བཅོས་བུའི་ཆར་ཡང་མངོན་པར་འབབ་པར་གྱུར་ཏོ།། ཡིད་བཞིན་གྱི་ནོར་བུའི་བླ་རེ་དེ་དག་གི་མཐུས། ལྷ་མ་ཡིན་གྱི་བུ་རིན་པོ་ཆེ་གང་དང་གང་གི་ཆར་དབབ་པར་འདོད་པ་དེ་དང་དེ་དག་ལས་མངོན་པར་འབབ་པར་གྱུར་ཏོ། ། དེའི་ཚེ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་ཁོར་ཡུག་ཏུ་ནི་དཔག་ཚད་དྲུག་ཁྲི། འཕང་དུའང་དཔག་ཚད་དྲུག་ཁྲིར་ལྷ་མ་ཡིན་གྱི་མཆོད་པ་དེ་ལྟ་བུས་རྒྱས་པར་གང་བར་གྱུར་ཏོ། ། རིན་པོ་ཆེའི་ཕོ་བྲང་གི་རྡལ་དེ་དག་གིས་ཀྱང་། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ཏོ།། སར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་འང་མི་འགྲེང་བདུན་ཙམ་དུ་མེ་ཏོག་མན་ད་ར་བས་རྒྱས་པར་གང་བར་གྱུར་ཏོ། ། སྤྲོས་ཆུས་ཀྱང་རྫབ་ཏུ་གྱུར་ཏོ།། སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྤོས་ཆུའི་རྫབ་ཀྱི་དྲི་དེས་ཁྱབ་པར་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་གང་དག་གིས་སྤོས་ཆུའི་རྫབ་ཀྱི་དྲི་ཚོར་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏེ། བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ་དག་ནི་སྨོས་ཀྱང་མི་དགོས་སོ།། དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཙན་ངན་གྱི་ཕྱེ་མས་མངོན་པར་གཏོར་ཏེ། ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བྱང་ཆུབ་དམ་པ་དོན་དུ་གཉེར་སྡང་དུ། སྐྱབས་ཀྱི་དམ་པ་རབ་ཏུ་མི་སྐུལ་བ།། ལྔར་བཅས་འཇིག་རྟེན་མི་འཇིགས་སྩོལ་བ་པོ།། ཁྱོད་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི།། གང་ལ་དགའ་བའི་ཡིད་ཀྱིས་སྐྱབས་སོང་ན།། ལོག་ལྟུང་དག་ཏུ་ལྟུང་བར་མི་འགྱུར་བ། ། དེ་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི།། དཔེ་མེད་བྱང་ཆུབ་འཚལ་བའི་སླད་དུའོ།། འཁོར་བའི་སྡུག་བསྔལ་དག་ནི་བཤིག་བཅོམ་ཞིང་།། མྱ་ངན་ལས་རྒལ་ཉོན་མོངས་དག་གྱུར་ལ།། འདྲེན་པ་གཞན་གྱི་དྲི་ང་ལ་མི་འཇོག་པ།། ཁྱོད་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི།། རྒ་དང་འཆི་བས་ཉེན་པར་གྱུར་པ་ཡི།། ལྷ་དང་མི་རྣམས་འདྲེན་པ་བཅོམ་ལྡན་འདས།། གང་ལ་སྐྱབས་སོང་ཕྱིས་ཀྱང་མི་སྐྱེ་བ། ། ཁྱོད་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི།། དེ་ནས་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱིས།། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་པའི་ཚེ། རྟའི་རྒྱན་དེ་དག་དང་། ཤིང་རྟའི་རྒྱན་དུ་ངག་དང་། ལྷ་མ་ཡིན་གྱི་རྒྱུན་དེ་དག་དང་། གདུགས་དང་། རྒྱལ་མཚན་དང་། བདན་གྱི་རྒྱུན་དེ་དག་དང་། བླ་རེ་དང་། དྲིལ་བུ་གཡེར་ཁའི་རྒྱུན་དེ་དག་རླུང་གིས་བསྐྱོད་པ་ལས་སྨྲ་སྙན་ཅིང་ཡིད་དུ་བོང་ལ་མཉན་ན་དགའ་བའང་ལྟ་བུ་དག་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་རོལ་མོའི་སིལ་སྙན་ཡན་ལག་བརྒྱ་པ་མཁས་པས་སྒྲ་ཕྱུང་བ་བཞིན་ནོ།། དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐགཟངས་རིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་པའི་ཚེ། སྟེང་གི་བར་སྣང་ལས་ལྷའི་ཙན་དན་དང་། ཨུཏྤལ་དང་། ཨ་ཀ་རུ་དང་། ཏ་མ་ལའི་ལོ་མོའི་ཕྱེ་མའི་ཆར་མངོན་པར་བབ་པར་གྱུར་ཏོ།། ལྷ་མ་ཡིན་གྱི་སྤོས་ཀྱི་ཕྱེ་མ་རྣམ་པ་སྣ་ཚོགས་དུ་མའི་ཆར་མངོན་པར་བབ་པར་གྱུར་ཏོ། ། ལྷའི་མེ་ཏོག་མན་དར་བ་དང་། མན་ད་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཤ་ཀ་དང་། བ་རུ་ཤ་ཀ་ཆེན་པོ་དང་། མདོག་དཀར་དང་། མདོག་དཀར་ཆེན་པོ་དང་། སྱ་བྷར་དང་། སྐྱ་སྣར་ཆེན་པོ་དང་། སྐྱ་སྣར་ཁྲ་བོ་དང་། སྐྱ་སྣར་བཀྲ་ཆེན་གྱི་མེ་ཏོག་རྣམས་དང་། སྤྲུལ་པའི་མེ་ཏོག་སྣ་ཚོགས་ཀྱི་ཆར་མངོན་པར་བབ་བོ། ། སྟེང་གི་བར་སྣང་ལས་གསེར་དང་།། དངུལ་དང་། བཻ་ཌཱུཪྻཱ་དང་། ཤེལ་དང་། སྤུག་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་གི་ཆར་ཡང་མངོན་པར་བབ་བོ། ། ལྷ་དང་ལྷ་མ་ཡིན་གྱི་སྤོས་ཆུའི་ཆར་ཡང་མངོན་པར་བབ་བོ།། སྤོས་ཆུའི་ཆར་དེ་བབ་པས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་སྤོས་ཆུས་རྫབ་ཏུ་གྱུར་ཏོ། ། སྤོས་ཆུའི་རྫབ་ཀྱི་དྲི་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་གང་བར་གྱུར་ཏོ།། སེམས་ཅན་གང་དག་གིས་སྤོས་ཀྱི་དྲི་དེ་ཚོར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་པའི་ཚེ། བར་སྣང་ལས་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་སིལ་སྙན་གྱི་སྒྲ་དག་བྱུང་ངོ་། ། སིལ་སྙན་དེ་དག་གི་སྒྲས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གྲག་པར་གྱུར་ཏོ།། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་བའི་སེམས་ཅན་གང་དག་གིས་སྒྲ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དེ་ལྟར་ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་པའི་ཚེ། ལྷ་མ་ཡིན་གྱི་བུ་མོ་བརྒྱ་སྟོང་དག་བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང་། ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱི་འཁོར་བྱ་བའི་ཕྱིར། ལ་ལ་ནི་གླུ་ལེན། ལ་ལ་ནི་སིལ་སྙན་བྱེད། ལ་ལ་ནི་གར་བྱེད། ལ་ལ་ནི་ལུས་ཀྱི་ཚུལ་སྦྱར། ལ་ལ་ནི་ཙན་དན་དང་། ཨུཏྤ་ལ་དང་། ཨ་ཀ་རུ་དང་། ཏ་མ་ལའི་ལོ་མའི་ཕྱེ་མ་འཐོར། ལ་ལ་ནི་ལྷའི་མེ་ཏོག་མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཤ་ཀ་དང་། པ་རུ་ཤ་ཀ་ཆེན་པོ་དང་། མདོག་དཀར་དང་། མདོག་དཀར་ཆེན་པོ་དང་། སྱ་སྣར་དང་། བྱ་བཱར་ཆེན་པོ་དང་། སྣསྔར་ཁྲ་བོ་དང་། སྱཱ་བཱར་བཀྲ་ཆེན་དང་། སྤྲུལ་པའི་མེ་ཏོག་རྣམས་དང་། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། སྤུག་དང་། རྡོའི་སྙིང་པོ་དང་། མུ་ཏིག་དམར་པོ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་མེ་ཏོག་རྣམས་འཐོར་ཞིང་། བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ།། ལ་ལ་ནི་ན་བཟའ་དང་། རྐང་གདུབ་དང་། སྐུ་རིགས་དང་། ཕྱག་གི་རྒྱན་དང་། གསོར་གདུབ་དང་། གདུ་བུ་དང་གདུ་བྱཐམ་པ་དང་། དབུ་རྒྱན་རྩེ་གསུམ་པ་དང་། དཔུང་རྒྱན་དང་། ཅོད་པན་དང་། གསེར་ཀྲུང་དང་། མུ་ཏིག་གི་དོ་ཤ་ལ་དང་། ནོར་བུའི་དོ་ཤཱལ་དང་། ས་མོ་དོ་དང་། གྱ་དོ་དང་། མགུལ་རྒྱན་སྣ་ཚོགས་དང་། རྣ་ཆ་དང་། རྣ་ཆ་གདུབ་ཀོར་དང་། ཚོང་ཚོང་གཤིབས་པ་དང་། མགོ་རྒྱན་དང་། འཕྲེང་བའི་ལྡ་ལྡི་དང་། སྤོས་ཀྱི་ལྡ་ལྡི་དང་། ནོར་བུའི་ལྡ་ལྡི་དག་འཐོར་ཞིང་མེ་ཏོག་གི་བླ་རེ་དང་། སྤོས་ཀྱི་བླ་རེ་དང་། ནོར་བུའི་བླ་རེ་དག་ཐོགས་སོ།། ལ་ལ་ནི་སྤོས་ཆུའི་ཆར་འབེབས་སོ།། ལ་ལ་ནི་ཕྱེ་མའི་ཆར་འབེབས་སོ།། ལ་ལ་ནི་མུ་ཏིག་དམར་པོས་སྙིམ་པ་བཀང་སྟེ། བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ། ། ལ་ལ་རིན་པོ་ཆེས་སྙིམ་པ་བཀང་།། ལ་ལ་ནི་གསེར་གྱིས་སྙིམ་པ་བཀང་སྟེ། བཅོམ་ལྡན་འདས་ལ་མངོན་པར་འཐོར་རོ།། ཚོགས་སུ་བཅད་པ་འདིའང་སྨྲས་སོ།། གང་བརྟེན་གང་ལ་གནས་བཅས་ནས།། གང་ཟག་མཆོག་ལ་མཆོད་གྱུར་པ།། དེ་འདྲ་བ་ཡི་གྲོགས་པོ་དང་།། རྟག་པར་རྒྱུན་དུ་ཕྲད་པར་ཤོག། ལྷ་མ་ཡིན་གྱི་དབང་པོ་ཐག་ཟངས་རིས་ཀྱི་ཇི་ལྟར་བྱས་པ་དེ་བཞིན་དུ། སྒྱུ་མ་སྲིན་གྱི་དབང་པོ་རབ་སིམ་གྱིས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྡུལ་འོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། སྟོབས་བཅུ་བརྩོན་བདེན་ཁྱོད་ལ་ཕྱག་འཚལ་ལོ།། མི་འཇིགས་འཇིགས་བྲལ་ཁྱོད་ལ་ཕྱག་འཚལ་ལོ།། ཆོས་ལམ་འདྲེས་ངེས་པར་གྱུར་པ་པོ། ། འགྲོ་བའི་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།། ཀུན་སྦྱོར་འཆིང་བ་གཅོད་ལ་ཕྱག་འཚལ་ལོ།། འཁོར་རྒྱུད་མི་གནས་པ་ལ་ཕྱག་འཚལ་ལོ།། མཐར་ཕྱིན་ཐང་གནས་ཁྱོད་ལ་ཕྱག་འཚལ་ལོ།། འགྲོ་བ་བྱིང་བ་སྒྲོལ་ལ་ཕྱག་འཚལ་ལོ།། སེམས་ཅན་འགྲོགས་ཀྱང་རྒོད་པ་མི་མཛའ་ཞིང་།། འགྲོ་བ་ཀུན་ལས་ཐུགས་ནི་རྣམ་གྲོལ་ཏེ།། པདྨ་ཆུ་ཡིས་མི་གོས་འདྲ་བ་པོ། ། བློ་ཟབ་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཐུབ་པ་ཁྱོད་ཀྱིས་སྟོང་ཉིད་བསྟེན།། རྣམ་པ་ཀུན་ཏུ་མཚན་མ་ཐམས་ཅད་བཤིག། ཁྱོད་ནི་གང་དུའང་སྨོན་པ་ཡོང་མི་མངའ།། མི་གནས་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ།། ལྷ་མ་ཡིན་གྱི་དབང་པོ་རབ་སིམ་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་ཤིང་རྟ་བཟང་གིས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། གསེར་ཕྱེ་དག་གིས་གཏོར་ནས། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། ས་དང་བར་སྣང་དང་ནི་ལྷ་ཡུལ་ནའང་། ། བདེ་གཤེགས་ཁྱོད་མཉམ་མ་མཆིས་ལྷག་མ་མཆིས།། མཚན་མར་བཟུང་ནས་ཕྱིན་ཅི་ལོག་ཞུགས་པའི།། འགྲོ་བ་སྨིག་རྒྱུ་འདྲ་བར་ཁྱོད་ཀྱིས་མཁྱེན།། འདི་ན་བྱེད་པ་ཚོར་བ་སེམས་ཅན་མེད། ། གང་ཟག་མེད་ཅིང་བདག་གིར་བྱ་བ་མེད།། ཆོས་ཀུན་སྟོང་ཞིང་བྱེད་པ་ཀུན་ལས་དབེན།། རང་བཞིན་མེད་ཅིང་གཡོ་མེད་ཞི་ཞེས་བསྟན།། སུ་ཞིག་བདེ་གཤེགས་བསྟན་པ་འདིར་མོས་ཏེ། ཆོས་ཀུན་བྱས་པ་མེད་པའི་རྗེས་འབྲང་བ།། དེ་འདིར་འདྲེན་པའི་སྲས་སུ་གྱུར་པ་སྟེ།། ཇི་ལྟར་བསྟན་པ་དེ་བཞིན་ཡང་ལྟར་སྟོད།། རྣམ་འདྲེན་ལྡོང་ལ་བདག་བསྟོང་བསོད་ནམས་གང་སྐྱེས་ཏེ།། ཇི་ལྟར་རྒྱལ་བ་མཁྱེན་པ་ཡིས་ནི་མཁྱེན་གྱུར་པ། ། དགེ་བའི་རྩ་བ་དེ་ཀུན་མ་ལུས་མཐའ་དག་འདིར།། འགྲོ་ལ་སྩལ་གྱིས་ཐམས་ཅད་སངས་རྒྱས་འགྲུབ་པར་ཤོག།། བམ་པ་གསུམ་པ། ། ། ལྷ་མ་ཡིན་གྱི་དབང་པོ་ཤིང་རྟ་བཟང་གིས་ཇི་ལྟར་བྱས་པ་དེ་བཞིན་དུ།། ལྷ་མ་ཡིན་གྱི་དབང་པོ་སྟོབས་ལྡན་གྱིས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། དངུལ་གྱི་མེ་ཏོག་རྣམས་ཀྱིས་གཏོར་ཏེ། ཚོགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། འཁོར་བའི་རྒྱ་མཚོའི་ཆུ་ལས་ཕ་རོལ་རྣམ་རྒལ་བ།། བརྒལ་ནས་སྐྱེ་བོ་རྒྱུན་གྱི་རྗེས་འགྲོ་སྒྲོལ་མཛད་ཅིང་།། བདེ་གཤེགས་ཕ་རོལ་ཐང་བདེ་འཇིགས་པ་མེད་འཇོག་པ།། སྤྱན་མཛེས་བདེ་བར་གཤེགས་པ་ཁྱོད་ཀྱི་ཞབས་ལ་གཏུགས། ། བློ་མཆོག་ཁྱོད་ཀྱིས་འགྲོ་བ་ཐམས་ཅད་ཀུན་ཏུ་མཁྱེན།། ཕྱིན་ཅི་ལོག་ལྔ་ཐིབས་པོར་རབ་ཞིན་བློ་ལྡན་ཏེ།། འཁྲུལ་པསྨིག་རྒྱུ་ལྟ་བུར་མ་ཤེས་གྱུར་རྣམས་ལ།། མཚུངས་པ་མེད་པའི་ཐུགས་རྗེ་བསྐྱེད་ནས་རྟོགས་པར་མཛད། ། མི་མཆོག་ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་།། སྨིག་རྒྱུ་འདྲ་ཞིང་མིག་ཡོར་མཚུངས་ཤེས་རབ་ཏུ་བསྟན།། ཐུབ་པ་དམ་པ་ཁྱོད་ཀྱིས་ཆོས་ཀྱིམས་མཆོག་བསྐྱེད། ། སྲིད་པ་གསུམ་པོ་ན་མི་ཆགས་སྤྱ་དུ་སྤྱོད།། དངོས་པ་ལོག་པའི་དོན་གྱུར་རང་བཞིན་ཐལ་པ་དང་།། གཞན་གྱི་དངོས་པོས་སྤྱོང་བར་མིང་བང་རྗོང་། ཀྱིས་མཁྱེན།། བྱིས་པ་རྨོངས་པའི་བློ་གྲོས་རྨི་ལམ་དགའ་ལྟ་བུར།། མི་དབང་ཁྱོད་ཀྱི་སྲས་ཀྱིས་འཚལ་ནས་སྤྱད་པ་སྤྱོད། ལྷ་མ་ཡིན་གྱིང་དབང་པོ་སྟོབས་ལྡན་གྱིས་ཇི་ལྟར་བྱས་པར་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་སྔ་ག་ཅན་གྱིས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། མེ་ཏོག་སྒྲ་སྣར་ཁྲ་བོ་རྣམས་ཀྱིས་གཏོར་ཏེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། མི་མཆོག་ཁྱོད་ཀྱི་སྐུ་ཡིས་ནི།། ལྷར་བཅས་འཇིག་རྟེན་འདི་ཟིལ་མནན།། རི་རབ་ཀྱིས་ནི་ཡུངས་འབྲུ་དང་།། རྒྱ་མཚོས་པ་རྗེས་ཆུ་བཞིན་ནོ།། གཟུགས་མཛེས་མཚན་གྱིས་རབ་ཏུ་བརྒྱན།། གཟུགས་ཀྱིས་གཟུགས་ཀྱི་དམ་པ་དང་།། གཟུགས་རྣམས་ཐམས་ཅད་ཟིལ་གྱིས་མནན། ། དཔེར་ན་ཉི་མས་མེ་ཁྱེར་བཞིན།། གཟི་བརྗིད་ཕུང་པོ་གཟི་བརྗིད་ཀྱིས།། སེམས་ཅན་གཟི་ལྡན་ཟིལ་གྱིས་མནན།། ཟིལ་མནན་དེ་དག་ལམ་མེ་མིན།། ཉི་མས་མེ་ཁྱེར་ཟིལ་རླག་བཞིན།། ཡེ་ཤེས་རྒྱ་མཚོ་ཡེ་ཤེས་ཀྱིས།། འཇིག་རྟེན་གསུམ་ཀུན་ཟིལ་གྱིས་མནན།། ཟིལ་མནན་དེ་དག་ལམ་མ་མིན།། ཉི་མས་ཟླ་འོད་ཟིལ་རླག་བཞིན། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་གིས་ཀྱང་།། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས།། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། མེ་ཏོག་སྐྱ་སྣར་ཁྲ་བོས་མངོན་པར་གཏོར་ཏེ། ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། འདྲེན་པ་བློ་གྲོས་ཞི་བ་པོ།། ཞི་གནས་དགྱེས་པས་འགྲོ་བ་ཡི།། འདོད་སྡང་གཏི་མུག་རྡུལ་ཞི་མཛད།། ཆར་པས་རྡུལ་རྣམས་ནི་བགྱིད་བཞིན།། འབར་ཞིང་ཆོས་ཚུལ་འབར་བར་མཛད།། ཐུགས་སྦྱིན་གྱིས་ནི་མེ་བཞིན་ནོ།། ནགས་བཏང་ནགས་མེས་ཤིང་སྲེག་ལྷ་དེ་བཞིན་ཉོན་མོངས་དྲ་བ་སྲེག། བསྐལ་པ་བྱེ་བ་ཁྲག་ཁྲིག་ནི།། དཔག་ཏུ་མེད་པར་དགེ་རྩ་འཛིན།། ཉོན་མོངས་ཐམས་ཅད་འཇོམས་མཛད་དོ།། བདུད་རྩིས་ལུས་ཞུགས་དྲུག་བཞིན་ནོ།། མུན་པ་མུན་གནག་སེལ་མཛད་དེ། ། མུན་ཁུང་སྦྲོན་མེ་འབར་བ་བཞིན།། ཆོས་ཀྱི་ཚུལ་ཡང་སྟོན་མཛད་དེ།། ནོར་མཁན་རིན་ཆེན་ཡོན་ཏན་བཞིན།། ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་གིས་ཇི་ལྟར་བྱས་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་གཡུལ་ལ་མངོན་པར་དགའ་བས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོ་བ་བྱེད་ཅིང་། རིན་པོ་ཆེའི་མེ་ཏོག་རྣམས་ཀྱིས་གཏོར་ནས། ཚོགས་སུ་བཅད་བདག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ།། གདུལ་དཀའ་མི་མཛད་སེམས་ནི་ཁྱོད་ཀྱིས་བཏུལ་གཡུལ་ལ་དཔའ་བས་གསུལ་ངོར་དཔའ་བོ་བཞིན། ། ཤིན་ཏུ་ཚར་བཅད་རང་གིས་དབང་དུ་མཛད།། ཐུགས་དུལ་མི་བསྐྱེངས་ཁྱོད་ལ་ཕྱག་འཚལ་ལོ།། ཁྱོད་ཀྱིས་དབང་པོ་སྦྲུལ་ཅིང་དགྲ་ཡང་བཅོམ། ། གང་དུའང་མི་བསྙེངས་མི་བསྐྱོད་བདེ་བ་བརྙེས།། ཁྱོད་ནི་ཉོན་མོངས་རྣམས་ཀྱིས་ཡང་མི་འཁྲུགས།། རྣམ་པ་ཀུན་ཏུ་དུག་ནི་མ་ལུས་བཅོམ།། མཐུ་ཆེན་ཁྱོད་ཀྱིས་བྱམས་པ་ལེགས་བསྒོམས་ཏེ། ། ཁྱོད་ཀྱི་ཐུགས་ནི་དགྲ་དང་བྱམས་ལ་མཉམ།། ཐུབ་པ་ཁྱོད་ཀྱིས་སེམས་ཅན་བློ་གྲོས་པཤིག། འགྲོ་བ་ཀུན་ཏུ་ཁྱོད་ནི་བཞུད་མི་མངའ།། ཤེས་རབ་རྣམ་གྲོལ་སྲིད་པའི་སྲེད་པ་བསྐམས།། ཤེས་རབ་རྣམ་དག་ཁྱོད་ཀྱི་ཐུགས་ཀྱང་དག། ཆོས་རྣམ་ཀུན་ལ་ཐུགས་ནི་ཆགས་མི་མངའ།། ཐམས་ཅད་ཟིལ་མནན་ཐུབ་མཆོག་ཁྱོད་འདྲ་མེད། ལྷ་མ་ཡིན་གྱི་དབང་པོ་གཡུལ་ལ་མངོན་པར་དགའ་བས་ཇི་ལྟར་བྱས་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་མིག་བཟངས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བདུན་དྷི་ཤིང་རྟལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལ་གསུམ་བསྐོར་བ་བྱེད་ཅིང་། བཅོམ་ལྡན་འདས་ལ་གཏེར་ཆེན་པོའང་སྤྲུལ་ནས། ཚིགས་སུ་བཅད་བདག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། དཔའ་བོ་ཆེན་པོ་ཁྱོད་ཀྱིས་ནི།། ཆོས་རྣམས་ཡང་དག་མཚན་ཉིད་མཁྱེན།། འདི་ཆོམ་ཤེས་བརྗོད་པ་ཡང་།། དོ་ནི་བརྡར་བཏགས་ཚིག་ཏུ་ཟང་།། ཆོས་རྣམས་ཆོས་ཀྱི་ཐ་ཐམས།། རྣམ་པ་ཀུན་ཏུ་མི་དམིགས་སོ།། གང་འདི་ཆོས་ཤེས་བརྗོད་པ་ཡང་།། དེ་ནི་མིང་ཙམ་ལད་ཅེས་གསུངས། མིང་ནི་མིང་གིས་དབེན་པསྟེ།། མཚན་ཉིད་ཀྱང་ནི་དེ་བཞིན་ནོ།། ཆོས་རྣམས་མཚན་ཉིད་མེད་པ་སྟེ།། མིང་ཡང་མེད་ཅེས་ཁྱོད་ཀྱིས་བཤད།། རབ་ཏུ་བཤད་ཅེས་བགྱི་བ་ཡང་།། བཤད་པ་ཅི་ཡང་མ་མཆིས་ཏེ། ། གང་གིས་ཀྱང་ནིམ་བཤད་ཅིང་།། སུ་ལའང་བཤད་པ་མ་མཆིས་སོ།། ཁྱོད་ཀྱི་སྲས་པོ་མི་མཆོག་རྣམས།། ཆོས་རྣམས་དེ་ལྟར་འཚལ་ནས་ནི།། ཆོས་རྣམས་ལ་ཡང་མི་ཆགས་པར།། རྣམ་པར་སྤྱོད་དོཐུབ་པ་ཆེ། ལྷ་མ་ཡིན་གྱི་དབང་པོ་མིག་བཟངས་ཀྱིས་ཇི་ལྟར་བྱས་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་འཇིག་རྟེན་གསུམ་རྣམ་པར་གནོན་པས་ཀྱང་།། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། བཅོམ་ལྡན་འདས་ལ་མུ་ཏིག་གི་དྲོ་ཤལ་ཡང་ཕུལ་ནས། ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། དགྲ་ཟླ་མ་མཆིས་ཁྱོད་ལ་བདག་བསྟོད་དོ།། ཚུལ་ཁྲིམས་དང་ནི་གཟུགས་དང་ཡེ་ཤེས་སྟོབས།། དེས་ནི་འཇིག་རྟེན་གསུམ་ན་མཚུངས་མ་མཆིས།། དེ་ཕྱིར་ཁྱོད་ནི་དགྲ་ཐུལ་མཚུངས་མ་མཆིས། ། ཁྱོད་ཀྱི་གཟུགས་ནི་ཆོས་ཀྱིས་བསྐྱེད་པས་ན།། གཟུགས་ཀྱི་སྟོབས་ཀྱིས་ཁམས་གསུམ་ཟིལ་གྱིས་མནན།། བྷིནྡྲ་པའི་སྟོབས་ཀྱིས་མཚན་ནི་ཕྲན་སྣམ་ཚོགས།། དཔེ་བྱང་ཕུན་སུ་ཚོགས་ཤིང་གཟུགས་ཀྱང་ངག། ། ཚུལ་ཁྲིམས་སྟོབས་ཀྱིས་ཁྱོད་ནི་མི་གྱོད་དེ།། སྐྱེ་བོ་མཁས་པས་སོ་སོར་བསམ་མི་ལང་།། ཁྱོད་ནི་ཚུལ་ཁྲིམས་ལྡན་ཞིང་ཐུགས་ཀྱང་དག། མི་ཡི་སེང་གེ་མཛད་པ་ཐམས་ཅད་འབྱོར། ཤེས་ར་བ་སྟོབས་ཀྱིས་སྣོད་སརྒྱས་ག་འམམཆིས།། དེས་ན་མི་བྱིན་འདི་རྟེན་པས་ན། ཝཱ་དྷས་ཅ་བསྔགས་ཏེ།། རྟོག་ཚོགས་ཀྱི་ཟིལ་གྱིས་མནན། ། ལྷ་མ་ཡིན་གྱི་དབང་པོ་འཇིག་རྟེན་གསུམ་རྣམ་པར་གནོན་གྱིས་ཇི་ལྟར་བྱས་པ་དེ་བཞིན་དུ།། ལྷ་མ་ཡིན་གྱི་དབང་པོ་རྣམ་པར་སྣང་བྱེད་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་ལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། རིན་པོ་ཆེས་སྙིམ་པ་བཀང་སྟེ་གཏོར་ནས། ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འད་ལ་མངོན་པར་བསྟོད་པ། ཐུབ་པ་ཆེན་པོ་སྐྱེ་བོ་ཚོགས་པ་འདི། དང་བའི་སེམས་ཀྱིས་ཁྱོད་ཀྱི་ཞལ་དུ་ལྟ།། ཀུན་གྱི་རྒྱལ་བ་མདུན་ན་བཞུགས་པར་མཐོང་།། དེ་ནི་རྒྱལ་བའི་སངས་རྒྱས་མ་འདྲེས་མཚན།། བཅོ་ལྡན་འདས་ཀྱིས་གསུང་གཅིག་བརྗོད་པ་ལ། ། སྐྱེ་བོ་བསམཔ་ཇི་བཞིན་སོ་སོར་འཚལ།། ཐུབ་པ་ཁྱེད་ཀྱི་གསུང་དེ་དེ་ལྟར་འབྱུང་།། དྲི་ནི་རྒྱལ་བའི་སངས་རྒྱས་མ་འདྲེས་མཚན།། བཅོམ་ལྡན་འདས་ཀྱིས་གསུང་གཅིག་བརྗོད་པ་ལ། ། འཁོར་གྱིས་ཐ་དད་གསུང་དུ་རྣམ་འཚལ་ཅིང་།། འགྲོ་བས་རང་དོན་ཇི་ལྟ་བཞིན་དུའང་འཚལ།། དེ་ནི་རྒྱལ་བའི་སངས་རྒྱས་མི་འདྲེས་མཚན།། གསུང་གཅིག་རབ་ཏུ་བརྗོད་པ་མ་བས་ནི། ། གཅིག་ལ་འཇོག་གི་གཞན་ནི་དགག་པ་མཛད།། འདྲེན་པ་སུ་དགམ་བསླབས་རྟོགས་པར་མཛད།། དེ་ནི་རྒྱལ་བའི་སངས་རྒྱས་མ་འདུས་མཚན། ལྷམ་ཡིན་གྱི་བ་རྣམ་པར་སྣང་བྱེད་ཀྱིས་ཇི་སྐར་བྱས་པ་དེ་བཞིན་དྷ། མཱ་མ་སྦྱིན་གྱི་དབང་པོ་བཏང་བཟུང་གིས་ཀྱང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟལ་ཁོན་ཏེ། བཅོམ་ལྡན། འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་། མུ་ཏིག་དམར་པོས་སྙིམ་པ་བཀང་སྟེ་གཏོར་ནས། ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། རྨུགས་དང་ང་རྒྱལ་སྡིག་པའི་ལྟ་བ་སྤྱོད་པ་གང་། ། ཡིད་དགའ་རབ་ཏུ་དང་བས་མི་དབང་བདེ་གཤེགས་ཀྱི།། བློ་ལ་མངོན་པར་དགའ་བ་དེ་དག་བག་མཆིས་ཏེ།། མཚུངས་མེད་བསྙེན་བཀུར་བགྱིད་པ་དེ་དག་སྟོན་པའི་སྲས།། ཆོས་རྣམས་འདི་དག་ངོ་བོ་ཉིད་ཀྱིས་མ་མཆིས་ཏེ། ། རྨི་ལམ་དགའ་བ་ཐམས་ཅད་ཚད་མ་མ་ལགས་འདྲ།། རྨི་ལམ་དགའ་སྤྱོད་མ་མཆིས་ཀྱང་ནི་འདུ་ཤེས་མཆིས།། དེ་ལྟར་རྒྱལ་བས་ཆོས་རྣམས་ཐམས་ཅད་རབ་ཏུ་གཟིགས།། སྟོན་ཀའི་སྤྲིན་དང་མཚུངས་ཤིང་ཆུ་ཡི་ཟླ་བ་འདྲ།། བྱིས་པའི་བློ་ལྡན་རྣམས་ཀྱི་ཡིད་ནི་རྨོངས་པར་བགྱིད།། གང་དག་རྟག་ཏུ་བག་མཆིས་བདེ་གཤེགས་བློ་མངའ་བ།། མཁས་པའི་སྐྱེ་བོ་དག་ལ་འདི་ནི་རྨོངས་མི་བགྱིད། ། རྒྱལ་བ་ཁྱོད་ཀྱི་བསྟན་ལ་རྟག་ཏུ་བག་མཆིས་གང་།། མི་མཆོག་དམ་པ་དེ་དག་མི་ངལ་ཡོང་མི་མཆི།། ཆོས་རྣམས་ཐམས་ཅད་རྨི་ལམ་འདྲ་བར་རྣམ་བརྟགས་ནས།། ཡང་དག་མཐོང་བ་དེ་དག་ཏིང་འཛིན་ཐོབ་པར་འགྱུར། ། དེ་ནས་ཐག་ཟངས་རིས་ལ་སོགས་པ། ལྷ་མ་ཡིན་གྱི་དབང་པོ་བྱེ་བ་ཕྲག་དྲུག་ཅུ་པོ་དེ་དག་གིས་མཆོད་པ་རྣམ་པ་འདི་ལྟ་བུ་བྱས་ནས། བྱང་ཆུབ་ལ་གནོལ་བའི་སེམས་ཀྱིས་ཚིམ་ཞིང་མཅུལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བསྐྱེས་ཏེམལ་མོ་སྦྱར་ནས། བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མ་ཡིན་གྱི་དབང་པོའི་མཆོད་པ་དེ་དག་ཀྱང་གཟིགས། ལྷ་མ་ཡིན་དེ་དག་གི་ལྷག་པའི་བསམ་པའང་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ།། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས། དེ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་སྣང་བས་རྒྱས་པར་བཀང་སྟེ་ཕྱིར་ལོག་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འཛུམ་པ་མཛད་པའི་དོན་ཚིགས་སུ་བཅད་དེ་ཞུས་པ། འཇིག་རྟེན་པ་བཞེད་རྒྱུ་ཞིག་མ་མཆིས་པར། ། མི་ཡི་སེང་གེ་འཛུམ་པ་མི་མཛད་ན།། དྲང་སྲོང་ཆེན་པོ་ཅི་སྨད་འཛུམ་པ་མཛད།། སྐྱེས་བུ་མཆོག་གིས་འཛུམ་པའི་རྒྱུ་ཡང་གསུངས།། ལྷ་མིན་མཆོད་པ་རྒྱ་ཆེན་གཟིགས་མྱུར་ནས། ། འཇིག་རྟེན་ཕན་བཞེད་ཁྱོད་ནི་འཛུམ་མཛད་ན།། ལྷ་མིན་རྣམས་ལ་ལུང་བསྟན་བཀའ་སྩལ་གསོལ།། དེ་ཐོས་བདག་ཅག་རྣམས་ནི་དགའ་བར་འགྱུར།། དེ་རིང་སུ་ཡིས་དོགས་མེད་རྒྱ་ཆེན་སེམས། ། འཁོར་འདིར་ཡང་དག་བསྐྱེད་པར་གྱུར་ཅིག་གུ།། དེ་བཞིན་གཤེགས་པས་གང་གི་བསམ་མཁྱེན་ནས།། མི་ཡི་སེང་གེས་འཛུམ་པ་མཛད་པར་གྱུར།། དེ་རིང་ཡོངས་སུ་དག་པའི་ཡིད་ཀྱིས་སུ།། མི་ཡི་མཆོག་ལ་དད་པ་གང་གིས་བསྐྱེད།། དེ་བཞིན་གཤེགས་པས་གང་གིས་བསམ་མཁྱེན་ཏེ།། ཡིད་དུ་འོང་བའི་འཛུམ་པ་མཛད་པར་གྱུར།། བདེ་གཤེགས་ཞལ་ནས་འཛུམ་པ་དེ་མཐོང་ནས།། འདི་ལྟར་བདེ་གཤེགས་འཛུམ་པ་མཛད་པ་འདི། ། སུ་ཡི་དཔུང་བཅས་བདུད་ནི་དེང་བཅོམ་ཞེས།། འཁོར་འདི་དེ་རིང་ཐེ་ཚོམ་འཚལ་བར་གྱུར།། དྲང་སྲོང་ཆེན་པོ་རྒྱལ་བ་དགྲ་ལས་རྒྱལ།། ཐེ་ཚོམ་འཚལ་བའི་སོམ་ཉི་གཅད་དུ་གསོལ། ། མི་མཆོག་ཁྱོད་ཀྱིས་དེ་རིང་འགྲོ་བ་ཡི།། ཐེ་ཚོམ་སྦྱར་ཏེ་ལེགས་པར་གཅད་དུ་གསོལ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཞུ་བ་ཞུས་པའི་ལན། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་ཚེ་དང་ལྡན་པ་རྟ་ཐུལ་ལ་སླར་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་དྲི་བ་ལེགས་པར་དྲིས།། འཇིག་རྟེན་ཕན་ཕྱིར་འཛུམ་པ་ངས་བྱས་པ།། དེ་ཡི་འབྲས་བུ་མ་ལུས་བསྟན་པར་བྱ།། བསྟན་བ་དེ་ནི་རྩེ་གཅིག་ཡིད་ཀྱིས་ཉོན། ། བླ་ན་མེད་པའི་བྱང་ཆུབ་འདོད་པའི་ཕྱིར།། ལྷ་མིན་རྣམས་ཀྱིས་ང་མཆོད་འདི་བྱས་ཏེ།། དེ་དག་སེམས་ནི་ཅི་ལའང་ཆགས་མེད་པས།། ནམ་མཁའི་ངོས་ལ་ལག་མཐིལ་ཆགས་མེང་བཞིན། ། མིན་ཆོགས་ཀྱིས་དང་པའི་མིང་བྱས་ཏེ།། དེ་དག་ལ་མཆོད་པ་འདི་བྱས་པས། ཐོཅན་དེ་དག་ས་མིན་རིས་པོར་ཏེ།། སོར་དོང་ནུས་ཅ་དྲུག་བར་གྱུ། དེ་དག་ཕྱི་དུས་རྒྱལ་བ་མིའི་སེང་གེ། གདྷཱའི་ཀླུང་གི་བྱེ་མ་བྱེ་བ་སྐྱེད།། བསྙེན་བཀུར་བྱས་ནས་ཡིད་འོང་བསྐལ་པ་ལ།། དེ་དག་ཐམས་ཅད་མཚན་འཐུན་རྒྱལ་བར་འགྱུར།། དེ་ཚེ་བདེ་གཤེགས་ཁྲག་ཁྲིག་དྲུག་ཅུའི་རྣམས། ། འཇིག་རྟེན་སྒྲོན་མ་ཕྱོགས་སུ་གྲགས་པ་སྟེ།། དེ་དག་མི་གནས་ཆོས་ནི་སྟོན་མཛད་ཅིང་།། ལྷ་དང་བཅས་པའི་འཇིག་རྟེན་འགྲེལ་པར་འགྱུར།། འཇིག་རྟེན་མཁས་པ་དེ་དག་རྣམས་ཀྱི་ཞིང་།། ཤིན་ཏུ་ཡངས་ཤིང་སྙིགས་མ་མེད་པར་འགྱུར། ། དེ་ཚེ་ཁྲག་ཁྲིག་དྲུག་ཅུར་ཚང་བ་ཡི།། རྒྱལ་བ་རྣམས་ཀྱིས་སྟོང་གསུམ་སྦྱོང་བར་འགྱུར།། དེ་དག་ངན་སོང་ཐམས་ཅད་སེལ་བར་མཛད།། དེ་དག་ཞིང་དེར་དགའ་བ་། སྦྱོསྤྱོ་བར་འགྱུར།། བརྟན་པ་དེ་དག་མི་ཁོམ་ཐམས་ཅད་སྦྱོང་།། བླ་ན་མེད་པའི་ཐེག་པསྟོན་པར་འགྱུར།། དེ་དག་ཚེ་ཡི་ཚད་དུ་འགྱུར་བ་ནི།། བསྐལ་པ་ཁྲག་ཁྲིག་དྲུག་ཅུ་ཚང་བར་ཡང་།། རྣམ་པར་འདྲེན་པ་དེ་དག་འཚོ་བར་འགྱུར། ། ཆགས་པ་མེད་པའི་ཆོས་ཀྱང་སྟོན་པར་མཛད།། ཐུབ་པ་དེ་དག་མྱ་ངན་འདས་གྱུར་ཏེ།། འཇིག་རྟེན་མཁས་པ་རབ་ཏུ་ཞི་གྱུར་ནས།། བསྐལ་པ་ཁྲག་ཁྲིག་དྲུག་ཅུ་ཚང་བར་ནི།། རང་ཟུང་རྣམས་ཀྱི་དམ་ཆོས་གནས་པར་འགྱུར།། བདེ་བར་གཤེགས་པ་དེ་དག་འགྲོ་བའི་ཚོགས།། གངྒཱའི་བྱེ་མ་སྙེད་ཀྱི་སྐྱེ་བོ་འདུལ།། དགྲལས་རྒྱལ་བའི་རྒྱལ་བར་མཚན་འཐུན་འགྱུར།། ཞིང་དང་ཚེ་དང་ཆོས་གནས་འགྱུར་བའང་འཐུན། ། བདེ་གཤེགས་དེ་དག་ཁྲག་ཁྲིག་དྲུག་ཅུ་ཡི།། སྐྱེས་པ་བུད་མེད་ཡོངས་སུ་སྨིན་མཛད་དེ།། བླ་ན་མེད་པའི་ཐེག་པས་འདེམས་པར་འགྱུར།། མཁས་པ་དག་རྒྱལ་བའི་གདུང་ཡང་འཛིན། ། རྒྱལ་བས་ལྷ་མིན་དེ་དག་ལུང་བསྟན་པ།། འཇིག་རྟེན་ཕན་ཕྱིར་དྲང་སྲོང་ཆེན་པོས་གསུངས།། ལྷ་དང་བཅས་པའི་འཇིག་རྟེན་དེ་ཐོས་ནས།། ཡི་རངས་གྱུར་ཅིང་སྟོབས་ཀྱང་སྐྱེས་པར་གྱུར། ། ལྷ་མ་ཡིན་ལུང་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་ལྷ་མ་ཡིན་གྱི་མཆོད་པ་རྣམ་པ་དེ་ལྟ་བུ་འདི་མཐོང་ནས་ངོ་མཚར་དུགྱུར་ཏེ། འདི་སྙམ་དུ་དེ་བཞིན་གཤེགས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་ཚེ། དགེ་བའི་རྩ་བ་ཇི་ལྟ་བུ་ཞིག་མངོན་པར་འདུ་མཛད་ན། འདི་ལྟ་བུའི་རྣམ་པར་སྨིན་པ་གྲུབ་སྙམ་ནས། ཚེ་སེམས་ཇི་ལྟར་མཉམ་པར་གཞག་པས། བསྐལ་པ་གྲངས་མེད་པའང་རྗེས་སུ་དྲན་ཞིང་། བཅོམ་ལྡན་འདས་ཀྱིས་སྲིད་པའི་རྒྱུད་དེ་དང་དེར་འཆི་འཕོ་དང་སྐྱེ་བ་ན་དགེ་བའི་རྩ་བ་གང་དག་མངོན་པར་འདུ་མཛད་པ་དང་། དགེ་བའི་རྩ་བ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པ་དང་། དགེ་བའི་རྩ་བ་གང་དག་གིས་ཕྱིར་མི་ལྡོག་པ་བརྙེས་པར་གྱུར་པ་དེ་དག་ཐམས་ཅད་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། ། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས། བཅོམ་ལྡན་འདས་ཀྱི་དགེ་བའི་རྩ་བ་བདག་ཉིད་ཆེན་པོ་རྗེས་སུ་དྲན་པར་གྱུར་ནས། འདི་སྙམ་དུ་སེམས་ཏེ་བཅོམ་ལྡན་འདས་ཀྱིས་དགེ་བའི་རྩ་བ་བདག་ཉིད་ཆེན་པོ་དེ་ལྟ་བུ་མཛད་ན། དེའི་ཐུགས་བསྐྱེད་པ་གཅིག་ལའང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་མིའི་ལུས་ཐོབ་པར་གྱུར་ཏེ། ལྷ་མ་ཡིན་གྱི་མཆོད་པ་ཇི་སྙེད་པ་དེ་སྙེད་དུ་སེམས་ཅན་རེ་རེས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་མཆོད་པ་བྱས་ཀྱང་། དེ་དག་གིས་ཐུགས་བསྐྱེད་པ་གཅིག་ལའང་ཡན་ཡོན་པར་མི་ནུས་སོ་སྙམ་མོ། ། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ཏིང་ངེ་འཛིན་དེ་ལས་ལངས་ཏེ་ངོ་མཚར་དང་དད་པ་ཐོབ་པར་གྱུར་ནས། དེའི་ཚེ་བཅོམ་ལྡན་འདས་ལ་ཚོགས་སུ་བཅད་དེ་མངོན་པར་བསྟོད་པ། ། ཐུབ་པ་བྱང་ཆུབ་གཞོལ་བ་ཡི།། ཐུགས་བསྐྱེད་པ་ནི་རེ་རེ་ལའང་།། ལྷ་མ་ཡིན་གྱི་མཆོད་པ་འདིས།། ཆ་ཙམ་མི་སྤྱོད་མིའི་སེང་གེ། དེ་ལྟའི་ཡོན་ཏན་མཐར་ཕྱིན་ཏེ།། ལྷ་དང་མི་ཡིས་མཆོད་གྱུར་པ། ། ཙན་དན་ཕུར་མ་རི་རབ་ཙམ།། མི་མཆོག་ཁྱོད་ལ་མཆོད་པར་འོས།། མི་ཡི་སེང་གེ་ཁྱོད་ལ་ནི།། གངྒཱའི་བྱེ་མ་ཆེས་མང་བའི།། རྒྱ་མཚོ་རབ་ཏུ་བཀང་བ་ཡི།། སྤོས་ཆུ་དག་གིས་མཆོད་པར་འོས། ། ཡོན་ཏན་ཆེན་པོ་མངའ་བ་ལ།། གངྒཱའི་བྱེ་མ་ཆེས་མང་བའི།། མེ་ཏོག་ཚོགས་ནི་རི་བོ་མཆོག། ཁོར་ཡུག་ཆེན་པོ་མཉམ་མཆོད་འོས།། རྒྱལ་བ་སྒྲོན་མ་རང་བྱུང་བ།། མར་མེའི་སྙིང་པོ་རི་རབ་ཙམ།། འབྲུ་མར་རྒྱ་མཚོའི་ཆུ་སྙེད་ཀྱི།། མར་མེ་རྣམས་ཀྱིས་མཆོད་པར་འོས།། མཐུ་ཆེན་མངའ་བ་དེ་ལྟ་བུར།། ཡོན་ཏན་ཕ་རོལ་ཕྱིན་གྱུར་པ།། གངྒཱའི་བྱེ་མ་ཆེས་མང་བའི།། མེ་ཏོག་མཆོད་རྟེན་མཆོད་པར་འོས།། མི་ངས་མཆོད་པས་ཐུགས་བརྩེ་བ། ། རིན་ཆེན་གདུགས་ནི་ཆེ་རྣམས་ཀྱིས།། བསྐལ་པ་ཁྲག་ཁྲིག་རྣམས་སུ་ཡང་།། སེམས་ཅན་མཆོག་ལ་མཆོད་པར་འོས། ཡོན་ཏན་མཐའ་ཡས་མངའ་བ་ཁྱོད།། རིན་པོ་ཆེ་ཡི་རྒྱ་མཚན་གྱིས། ། ཕྱོགས་བཅུའི་འཇིག་རྟེན་ཁམས་བཀང་སྟེ།། བསྐལ་པ་བསམ་ཡས་མཆོད་པར་འོས།། མི་ཡི་སེང་གེ་ཁྱོད་ལ་ནི།། བསྐལ་པ་ཁྲག་ཁྲིག་དཔག་མེད་པར།། གངྒཱའི་བྱེ་མ་ཆེས་མང་བའི།། བ་དན་རྣམས་ཀྱིས་མཆོད་པར་འོས། ། དྲང་སྲོང་ཆེན་པོ་སྨྲ་བའི་སྟག། ལྷ་རྣམས་དང་ནི་མི་ངག་དང་།། གཞན་ཡང་སེམས་ཅན་གང་ཚེགས་པ།། བརྟག་བཟུང་དབ་ལ་གསན་དུ་གསོལ།། གལ་ཏེ་གངྒཱའི་བྱེ་སྙེད་ཀྱི།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ཀྱི།། སེམས་ཅན་ཐམས་ཅད་སངས་རྒྱས་སུ།། མི་མཆོག་སྟོབས་བཅུའི་བསྟོབས་ལྡན་ལ།། དེ་དག་རེ་རེའི་མགོ་བོ་ཡང་།། གངྒཱའི་བྱེ་མ་སྙེད་གྱུར་ཏེ།། མགོ་བོ་དེ་དག་རེ་རེ་ཞིང་། ། དེ་སྙེད་ཁ་དང་ལྡན་གྱུར་ལ།། ཁ་རྣམས་དེ་དག་རེ་རེ་ཞིང་།། ལྕེ་དང་ཁ་ཡི་གྲངས་མཉམ་ལ།། གངྒཱའི་ཀླུང་གི་བྱེ་སྙེད་ཀྱི།། བསྐལ་པར་བསྟོད་པ་བགྱིས་ཀྱང་ནི།། རྒྱལ་བ་དེ་དག་སྤོབས་མི་བས། ། ཁྱོད་ཀྱི་ཡོན་ཏན་མཐར་མི་ཕྱིན།། རྒྱལ་བ་དེ་ལྟའི་ཡོན་ཏན་གྱི།། ཕ་རོལ་ཏུ་ནི་ཕྱིན་པར་འགྱུར། དེའི་ཚེ་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལེགས་སོ་ལེགས་སོ།། ངའི་ཉན་ཐོས་རྣམས་ནི་དྲང་པོར་གྱུར་པ། ཡེ་ཤེས་དང་ལྡན་པར་གྱུར་པ། ཆོས་སུ་གྱུར་པ། དབང་དུ་བྷ་ར་པ། ཚང་མར་གྱུར་པ་ཤ་སྟག་གནས་ཏེ། དེ་ངག་ནི་ངའི་ཡོན་ཏན་གྱི་ཚོགས་ལ་འཇུག་པ་ཤ་སྟག་གོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། ཡོན་ཏན་བསམ་ཕྱིས་མི་ཁྱབ་པ་དང་ལྡན་པའོ། ། དགེ་སློང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ནི་བསམ་གྱིས་མི་ཁྱབ་པའོ། ། དགེ་སློང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་གཟུགས་ཅན་ཞིག་ཡིན་ན་ནི། སེམས་བསྐྱེད་པ་རེ་རེའི་ཡོན་ཏན་གྱི་ཚོགས་ཀྱང་། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཤོང་བར་མི་འགྱུར་ཏེ། སེམས་བསྐྱེད་པ་རེ་རེའི་ཡོན་ཏན་གྱི་ཚོགས་ཀྱང་དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གང་འདི་གྲངས་ཀྱིས་ཚད་གཟུང་བར་བརྗོད་ཀྱང་བརྗོད་པར་མི་ནུས། བསམས་ཀྱང་བསམ་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་བསྐྱེད་པ་གང་ཡང་སེམས་ཅན་དུ་བསྡུ་བར་བསྡུས་པ་སེམས་ཅན་གང་ཇི་སྙེད་ཅིག་ཡོད་པའི་སེམས་ཅན་དེ་དག་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་མ་བསྐྱེད་པ་གཅིག་ཀྱང་མེད་དེ། སེམས་ཅན་གྱི་ཁམས་ནི་ཚེ་དམེད་པས་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་སྙེད་ཀྱི་བསོད་ནམས་དེ་བཞིན་གཤེགས་པའི་སེམས་བསྐྱེད་པ་རེ་རེ་ལས་འབྱུང་ངོ་། ། སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ། སེམས་ཅན་གྱི་ཁམས་ཇི་ལྟར་མི་ཟད་པ་དེ་ལྟར་མི་ཟད་པའི་བསོད་རྣམས་དེ་བཞིན་གཤེགས་པའི་སེམས་བསྐྱེད་པ་རེ་རེ་ལས་འབྱུང་ངོ་། ། སེམས་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བསྲུད་པས། སེམས་ཅན་ཐམས་ཅད་ཀྱིས་མཆོད་ལན་ལོན་པར་མི་ནུས་སོ། ། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་མཆོད་པ་ནི་ཟང་ཟིང་དང་བཅས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་འབྱུང་བ་ནི། སེམས་ཅན་འཁོར་བ་ལ་གཞོལ་བ་འདི་དག་མྱ་ངན་ལས་འདས་པ་ལ་ཇི་ལྟར་གཞོལ་བར་འགྱུར་ཞེས་ཏེ། ཟང་ཟིང་མེད་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་དོན་དུ་ཟང་ཟིང་མེད་པའི་སེམས་དཔག་ཏུ་མེད་པ་བསྐྱེད་པར་གྱུར་ཏོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པ། བགྲང་དུ་མེད་པ་བསམ་གྱིས་མི་ཁྱབ་པ། མཚུངས་པ་མེད་པ། གཞལ་དུ་མེད་པ། བརྗོད་དུ་མེད་པ་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྦྱར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དབང་པོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དགེ་སློང་དག་དེ་བཞིན་གཤེགས་པ་དབང་པོའི་ཏོག་དེས་སེམས་བསྐྱེད་པ་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ཕན་པར་དགོངས་བར་གྱུར་ཏེ། དོན་ཀྱང་མཛད་དོ།། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་སངས་རྒྱས་ཀྱི་ཞིང་དེའང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་གྱུར་ཏེ། ཡོངས་སུ་དག་ཅིང་། ངན་སོང་དང་མི་ཁོམ་པ་ཐམས་ཅད་ཡོངས་སུ་ཆད་པ་སྟེ། དེ་བཞིན་གཤེགས་པ་དབང་པོའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་དེ་ན་ལོག་པར་ངེས་པའི་སེམས་ཅན་གྱི་སྐྱེ་བ་ཡོད་མེད་པར་གྱུར་ཏོ། ། ལྟ་བའི་རྣམ་པ་ཡོང་མེད་པར་གྱུར་ཏོ།། མངོན་པའི་ང་རྒྱལ་ཅན་ཡོད་མེད་པར་གྱུར་ཏོ།། ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་མ་དག་པ་དང་ལྡན་པའི་སེམས་ཅན་ཡོད་མེད་པར་གྱུར་ཏོ། ། ངན་སོང་གི་རྒྱུར་འགྱུར་བའི་ཉོན་མོངས་པ་དང་། ལས་འབྱུང་བ་ཡོང་མེད་པར་གྱུར་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དེས་ཡུན་རིང་པོ་ནས་སེམས་ཅན་རྣམས་དགེ་བའི་ཆོས་རྣམས་ལ་བཙུད་ཅིང་བཏམས་ཏེ། རྗེས་སུ་བསྟན་ཅིང་བསླབས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་རྣམས་ཀྱང་བདེ་བ་ལྔ་ཐོབ་པར་གྱུར་ཏེ། འདི་ལྟར་ལ་ལ་ནི་འདོད་པའི་བདེ་བ་དང་ལྡན་པར་གྱུར་ཏོ།། ལ་ལ་ནི་ཁྱིམ་ནས་འབྱུང་བའི་བདེ་བ་དང་ལྡན་པར་གྱུར་ཏོ།། ལ་ལ་ནི་བསམ་གཏན་གྱི་བདེ་བ་དང་ལྡན་པར་གྱུར་ཏོ། ། ལ་ལ་ནི་སྙོམས་པར་འཇུག་པའི་བདེ་བ་དང་ལྡན་པར་གྱུར་ཏོ།། ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བ་དང་ལྡན་པར་གྱུར་ཏེ།། དེ་དག་བདེ་བ་དེ་ལའང་སྤྱོད་ལ། བདེ་བ་དེ་དག་ལའང་མངོན་པར་ཞེན་པ་མེད་པར་གྱུར་ཏོ། ། འདི་ལྟ་སྟེ། དཔེར་ན་བུང་བ་མེ་ཏོག་གི་ཁུ་བས་ཉེ་བར་འཚེའང་དེ་ལ་མངོན་པར་ཞེན་པ་མེད་དོ།། དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་དེ་ལ་ཡོངས་སུ་སྤྱོད་ཀྱང་དེ་ལ་མངོན་པར་ཞེན་པ་མེད་དོ། ། འདི་ལྟ་སྟེ། དཔེར་ན་བར་སྣང་ལ་རྒྱུ་བའི་བྱ་ནི་བར་སྣང་ལའང་རྒྱུ་ལ་དེ་ལ་མངོན་པར་ཆགས་པའང་མེད་དོ།། དེ་བཞིན་དུ་སེམས་ཅན་དེ་དག་ཀྱང་བདེ་བ་དེ་ལ་ཡོངས་སུ་སྤྱོད་ཀྱང་དེ་ལ་མངོན་པར་ཞེན་པ་མེད་དོ། ། དེ་བཞིན་གཤེགས་པ་དབང་པོའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་དེ་ན་འཁོད་པའི་སེམས་ཅན་རྣམས་ལ་ཡིད་མི་བདེ་བར་འགྱུར་བའི་མི་དགའ་བ་མེད། རྨོངས་པར་འགྱུར་བ་མེད་དེ། གཞན་དུ་ན་ཡིད་བདེ་བར་འགྱུར་བའི་དགའ་བ་ཤ་སྟག་ལ་ཡོངས་སུ་སྤྱོད་དེ། དེ་ནི་འདི་ལྟར་སྔོན་དགེ་བའི་རྩ་བ་དེ་ལྟ་བུ་བསྐྱེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་དབང་པོའི་ཏོག་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མི་དགེ་བ་ལས་ཡོངས་སུ་བཟློག་སྟེ། དགེ་བ་ལ་བཙུད་པས། དེ་དག་ལས་གང་གིས་སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་དབང་མེད་པར་འབྱུང་བ་ཡི་དགེ་བའི་ལས་དེ་ལྟ་བུ་ཡང་མེད་དེ། དེ་མ་བསགས་པའི་ཕྱིར་སྡུག་བསྔལ་ཚོར་བར་འགྱུར་བའི་རྣམ་པར་སྨིན་པ་མི་འབྱུང་ངོ་།། དེ་དག་གིས་ནི་རྨོངས་པའི་སེམས་ཙམ་གྱིས་ཀྱང་ལས་གང་གིས་རྨོངས་པ་རྣམས་ལ་སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པའི་ཚོར་བ་འབྱུང་བར་འགྱུར་བ་དེ་ལྟ་བུ་མངོན་པར་འདུ་མ་བྱས་ཏེ། དེ་མ་བསགས་པའི་ཕྱིར་རྨོངས་པར་འགྱུར་བའི་ཚོར་བ་སྡུག་བསྔལ་ཡང་མ་ཡིན། བདེ་བའང་མ་ཡིན་པ་དེ་མི་འབྱུང་ངོ་། ། དེ་བཞིན་གཤེགས་པ་དབང་པོའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་དེ་ན་རྒྱུ་གང་གིས་སེམས་ཅན་དེ་དག་དུས་གྱུར་པ་ལས་བྱུང་བའི་སྡུག་བསྔལ་མི་འབྱུང་བས། ཉམས་སུ་མི་བདེ་བའི་ཉི་མ་མི་འཆར་རོ། ། རླུང་ཉམས་སུ་མི་བདེ་བ་མི་ལྡང་ངོ་།། ཆར་ཉམས་སུ་མི་བདེ་བ་མི་འབབ་བོ།། དེ་བཞིན་གཤེགས་པ་དབང་པོའི་ཏོག་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་དེ་དག་ལ་ལུས་དང་། ངག་དང་། ཡིད་ཀྱི་ལས་ཐམས་ཅད་ཤེས་པ་སྔོན་དུ་འགྲོ་ཞིང་། ཤེས་པའི་རྗེས་སུ་འབྲང་བ་བསྟན་ཅིང་བཤད་པས། སེམས་ཅན་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལས་བསྟན་པ་དེ་ཐོས་ནས། ལུས་དང་། ངག་དང་། ཡིད་ཀྱི་ལས་ཐམས་ཅད་ཤེས་པ་སྔོན་དུ་འགྲོ་ཞིང་། ཤེས་པའི་རྗེས་སུ་འབྲང་བར་ཡོངས་སུ་བསྒྲུབས་པས། ལས་དེའི་རྣམ་པར་སྨིན་པར་དག་ལ་རྨོངས་པར་འགྱུར་བ་འམ། ཡིད་མི་དགའ་བར་འགྱུར་བ་མེད་དོ།། རྨོངས་པ་རྣམས་ལ་རྒྱུ་གང་གིས་བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པའི་ཚོར་བ་འབྱུང་བ་མེད་དོ།། དེ་ལྟར་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་ལ་སྡུག་བསྔལ་གྱི་ཚོར་བ་མེད་ཅིང་། བདེ་བའང་མ་ཡིན། སྡུག་བསྔལ་བའང་མ་ཡིན་པ་མེད་དོ།། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་སེམས་ཅན་དེ་བཞིན་གཤེགས་པ་དེས་གཏམས་པ་དེ་དག་ནི་ཆོས་ལ་རིམ་གྲོ་བྱ་བ་ཆེན་པོས་ཉེ་བར་གནས་པར་གྱུར་ཏོ། ། དེ་དག་འཆག་ནའང་ཆོས་ཉིད་ལ་སེམས་ཤིང་། ཆོས་ལ་མོས་པས་ཞེན་པའི་ཡིད་ཀྱིས་འཆག་སྟེ། ཆོས་ལ་མོས་ཤིང་ཞེན་པའི་ཡིད་ཀྱིས་འཆག་ལ་དེ་དག་ལ་སྡུག་བསྔལ་གྱི་ཚོར་བ་མི་འབྱུང་ངོ་། ། དེ་བཞིན་དུ་འགྲེང་བ་དང་། འདུག་དང་། ཉལ་བ་དང་། སད་པ་དང་། སྤྱོད་ལམ་ཐམས་ཅད་དུའང་སྡུག་བསྔལ་མི་འབྱུང་ངོ་། ། སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་དེ་དག་ལ་ཡང་བ་མ་སྤངས་མ་མེད་དེ། དེའི་ཕྱིར་ཡང་བ་མ་སྤངས་པའི་སྡུག་བསྔལ་གྱི་ཚོར་བ་མི་འབྱུང་ངོ་།། ཡང་དག་པའི་སྤོང་བ་ཡོད་པས་དེ་དག་ལ་སྐྱོ་བ་མེད་དེ། དེའི་ཕྱིར་དེ་དག་ལ་ཡང་དག་པར་སྤང་བར་བྱ་བའི་སྡུག་བསྔལ་ཡང་མེད་དོ།། སེམས་ཅན་དེ་དག་ལ་འགྱུར་བའི་སྡུག་བསྔལ་ཡང་མེད་དེ། དེ་ནི་འདི་ལྟར་སེམས་ཅན་དེ་དག་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། ། དེ་དག་ལ་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཡང་མེད་དེ། དེ་ནི་འདི་ལྟར་སེམས་ཅན་དེ་དག་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་སེམས་ཉེ་བར་གནས་པའི་ཕྱིར་རོ། ། དེ་དག་ལ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། སྡུག་པ་དང་བྲལ་བའི་སྡུག་བསྔལ་ནི་སྡུག་པ་ལས་འབྱུང་སྟེ། དེའི་ཕྱིར་དེ་དག་ལ་སྡུག་པ་དང་བྲལ་བའི་སྡུག་བསྔལ་ཡང་མེད་དོ།། སེམས་ཅན་དེ་དག་ལ་སྡུག་བསྔལ་བའི་སྡུག་བསྔལ་ཡང་མི་འབྱུང་སྟེ། འདི་ལྟར་དེ་ན་སྡུག་བསྔལ་གྱི་ཚོར་བ་རྒྱུ་བ་མེད་པའི་ཕྱིར་རོ། ། གཞན་དུ་ན་འདུ་བྱེད་ཀྱི་སྡུག་བསྔལ་གཅིག་པུ་ཡོད་དེ། འདི་ལྟ་སྟེ། མི་རྟག་པའི་སྡུག་བསྔལ་ཉིད་དོ།། དེ་བཞིན་གཤེགས་པ་དེ་ནི་དོན་དམ་པའི་ཆོས་སྟོན་ཏོ།། བཞིན་གཤེགས་པ་དབང་པོའི་ཏོག་དེ་བསྐལ་པ་གངྒཱའི་ཀླུ་གི་བྱེ་མ་སྙེད་དུ་བཞུགས་པའི་ཚེ། དེས་གསུངས་པ་ལ་ཕྱིར་སྨྲ་བའི་སེམས་ཅན་གང་ཡང་སངས་རྒྱས་ཀྱི་ཞིང་དེར་མ་བྱུང་སྟེ། དེ་ནི་འདི་ལྟར་སྔོན་སེམས་ཅན་དེ་དག་ལེགས་པར་ཡོངས་སུ་སྨིན་པར་བྱས་པའི་ཕྱིར་རོ། ། དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། དགེ་བའི་རྩ་བཞན་པ་དང་། དམའ་བ་དང་། ཞུམ་པ་དང་། ཆུང་བ་དང་། སྡུག་བསྔལ་གྱིས་ཡོངས་སུ་བསྒྲུབས་པ་དང་། སྡུག་བསྔལ་དང་འདྲེས་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་གྱིས་ཡོངས་སུ་བཟུང་བ་དང་། ཉེས་པར་བསམས་པ་དང་། ཉེས་པར་བསྒྲུབས་པའི་དགེ་བའི་རྩ་བས་སེམས་ཅན་དེ་སྙེད་གཅིག་གི་དོན་བྱ་བའམ། དེ་དག་ལ་ཕན་པར་བསམ་པ་འམ། བདེ་བ་བསྒྲུབ་པའམ། སྡུག་བསྔལ་བསལ་བ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་འམ་སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་ནུས་སམ། གསོལ་པ། བཅོམ་ལྡན་འདས་དོ་ན་མ་ལགས་སོ།། བཀའ་སྩལ་པ། དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། སེམས་ཞན་པ་དང་། སེམས་དམའ་བ་ནས་ཉེས་པར་བསྒྲུབས་པའི་བར་གྱི་སེམས་ཀྱིས་སེམས་ཅན་དེ་སྙེད་ཅིག་གི་དོན་བྱ་བ་འམ། དེ་དག་ལ་ཕན་པར་བསམ་པ་འམ། བདེ་བ་བསྒྲུབ་པ་འམ། སྡུག་བསྔལ་བསལ་བ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་འམ། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་ནུས་སམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། དད་པ་གཞན་པ་ནས་ཉེས་པར་བསྒྲུབས་པའི་དད་པའི་བར་དང་། ཚུལ་ཁྲིམས་ཞན་པ་ནས་ཉེས་པར་བསྒྲུབས་པའི་ཚུལ་ཁྲིམས་ཀྱི་བར་དང་། ཐོས་པ་ཞན་པ་ནས་ཉེས་པར་བསྒྲུབས་པའི་ཐོས་པའི་བར་དང་། བརྩོན་འགྲུས་ཞན་པ་ནས་ཉེས་པར་བསྒྲུབས་པའི་བརྩོན་འགྲུས་ཀྱི་བར་དང་། དྲན་པ་ཞན་པ་ནས་ཉེས་པར་བསྒྲུབས་པའི་དྲན་པའི་བར་དང་། ཏིང་ངེ་འཛིན་ཞན་པ་ནས་ཉེས་པར་བསྒྲུབས་པའི་ཏིང་ངེ་འཛིན་གྱི་བར་དང་། ཤེས་རབ་ཞན་པ་ནས་ཉེས་པར་བསྒྲུབས་པའི་ཤེས་རབ་ཀྱི་བར་གྱིས་སེམས་ཅན་དེ་སྐད་ཅིག་གི་དོན་བྱ་བ་འམ། དེ་དག་ལ་ཕན་པར་བསམ་པའམ། བདེ་བ་བསྒྲུབ་པ་འམ། སྡུག་བསྔལ་བསལ་བ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་འམ། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་ནུས་སམ། གསོལ་པ་བཅོམ་ལྡན་འདས་ད་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལེགས་སོ་ལེགས་སོ།། དེ་ནི་དགེ་བའི་རྩ་བ་ཞན་པ་དང་། སེམས་ཞན་པ་དང་། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཞན་པ་དང་། དམའ་བ་དང་། ཞུམ་པ་དང་། ཆུང་བ་དང་། སྡུག་བསྔལ་གྱིས་ཡོངས་སུ་བསྒྲུབས་པ་དང་། སྡུག་བསྔལ་དང་འདྲེས་པ་དང་། སྡུག་བསྔལ་དང་ལྡན་པ་དང་། སྡུག་བསྔལ་གྱིས་ཡོངས་སུ་བཟུང་བ་དང་། ཉེས་པར་བསམས་པ་དང་། ཉེས་པར་བསྒྲུབས་པའི་ཤེས་རབ་ཀྱིས་སེམས་ཅན་དེ་སྙེད་ཀྱི་དོན་བྱ་བ་འམ། ང་དག་ལ་ཕན་པར་བསམ་པ་འམ། བདེ་བ་བསྒྲུབ་པ་འམ། སྡུག་བསྔལ་བསལ་བ་འམ། དེ་ལྟར་ཐག་གྲུ་ཆེ་བའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་འམ། སེམས་ཅན་དེ་སྙེད་ཡོངས་སུ་སྨིན་པར་བྱ་བར་མི་ནུས་སོ། ། དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བ་བྱུང་བ་དེ་གང་ཞིག་ཡིན་སྙམ་མམ། དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཅང་མི་ཟེར་བར་འཁོད་དོ། ། དེའི་ཚེ་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཟླ་བའི་འོད་ཟེར་གྱིས་རབ་ཏུ་བརྒྱན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། དེར་འཇམ་དཔལ་གཞོན་ནུར་གྱུར་པ་འདུས་ཤིང་འདུག་པར་གྱུར་པ་དེས། བཅོམ་ལྡན་འདས་ཀྱི་དགོངས་པ་སེམས་ཀྱིས་ཤེས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆོས་སྟོན་གྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་བསྙེན་བཀུར་བགྱི་བའི་སླད་དུ་བདག་ཀྱང་མཆིའོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་དེའི་དུས་ལ་དབབ་པར་ཤེས་ན་སོང་ཞིག། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟི་བརྗིད་འཕགས་པའི་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་འཇིག་རྟེན་གྱི་ཁམས་ཟླ་བའི་འོད་ཟེར་གྱིས་རབ་ཏུ་བརྒྱན་པ་དེ་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་འདིར་གནས་པར་གྱུར་ཏོ།། དེས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས། འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་དགེ་སློང་དག་དེ་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བ་བྱུང་བ་དེ་གང་ཞིག་ཡིན་སྙམ་ཞེས་བཀའ་སྩལ་པ་ནི། བཅོམ་ལྡན་འདས་བཅོམ་ལྡན་འདས་ཉིད་ནི་དེའི་ཚེ་དེའི་དུས་ན་དབང་པོའི་ཏོག་ཅེས་བགྱི་བའི་དེ་བཞིན་གཤེགས་པར་གྱུར་ཏོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་པའི་ཐབས་མཁས་པ་དང་ལྡན་པ་སྟེ། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་ཆོག་པ་མི་མངའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བ་ལ་རྒྱུན་ཆད་པར་བགྱི་བ་མ་མཆིས། སེམས་ཅན་རྣམས་བྱང་ཆུབ་སེམས་དཔའི་ཆོས་རྣམས་ལ་དགོད་པས་ཆོག་པ་མི་མངའ་སྟེ། ལ་ལ་ཞིག་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་ན། རྒྱལ་བ་གཙོ་བོ། རྒྱལ་བ་དམ་པ། རྒྱལ་བ་མཆོག། རྒྱལ་བར་རབཅེས་བརྗོད་པ་དེ་ནི་བཅོམ་ལྡན་འདས་ཉིད་ལེགས་པར་ཡང་དག་པར་བརྗོད་པས་ཡང་དག་པར་བརྗོད་དོ།། དེ་སྐད་ཅེས་སྨྲས་ནས། འཇམ་དཔལ་གཞོན་ནུར་གྱུར་པས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། དཔའ་བོ་རྣམས་ནི་ཐབས་མཁས་ཏེ། སེམས་ཅན་རྣམས་ལ་ཐུགས་བརྩེ་ཞིང་།། སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། ། དཔའ་བོ་ཆེན་པོ་རྣམ་པར་འཕྲུལ།། བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད།། སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་།། ད་དུང་ཆོག་པའི་འདུ་ཤེས་བསལ།། བྱང་ཆུབ་མཆོག་ཏུ་ཐུགས་ཀྱང་འཇུག། སྟོང་གསུམ་དྲུག་ཅུ་རྩ་གཅིག་གི། སངས་རྒྱས་ཞིང་རྣམས་དག་མཛད་པས།། ཇི་ལྟར་ཐུབ་པ་ཐབས་མཁས་པ།། རྒྱལ་བ་ཁྱོད་ནི་ཀུན་གྱིས་འཚལ།། ད་དུང་དང་པོ་ཐུགས་བསྐྱེད་པར།། དེ་དང་དེར་ནི་ཡོངས་བསྟན་ཏེ།། ད་དུང་དུ་ཡང་འདྲེན་པ་ཁྱོད།། སངས་རྒྱས་མང་པོ་སྟོན་པ་མཛད།། རྣམ་པ་སྣ་ཚོགས་གཟུགས་རྣམས་ཀྱིས།། གང་ཟག་མཆོག་ནི་སྤྱོད་པ་མཛད།། ཆོས་ཀྱི་དབྱིངས་ལ་ཆགས་མི་མངའ།། ཁྱོད་ཀྱིས་གང་ཡང་མཁྱེན་མཛད་དེ། ། བརྒྱ་བྱིན་ཚངས་པའི་ཆ་བྱད་དང་།། ལ་ལར་བདུད་ཀྱི་ཆ་བྱད་ཀྱིས།། སེམས་ཅན་རྣམས་ཀྱི་དོན་མཛད་དེ།། འཇིག་རྟེན་རྣམས་ཀྱིས་རྟོགས་མི་ནུས།། བུད་མེད་ཆ་བྱང་སྤྱོད་པ་མཛད།། དུང་འགྲོའི་སྐྱེ་གནས་རྣམས་ནའང་གདའ། ། འཇིག་རྟེན་ཆོས་ཀྱིས་མི་གོས་ཏེ།། པདྨ་ཆུས་མི་ཆགས་པ་བཞིན།། འདྲེན་པ་སྣ་ཚོགས་ཁམས་ཅན་གྱི།། འཇིག་རྟེན་འདི་ཡི་རྗེས་འཇུག་མཛད།། དེས་ན་སྐྱེ་དགུ་འང་དག་རྣམས། ། གདུགས་མཚན་ཁྱོད་ཀྱི་ཡོན་ཏན་བརྗོད།། ལ་ལར་བལྟམ་པ་ཡོངས་སུ་བསྟན།། ལ་ལར་མྱ་ངན་འདས་པ་བསྟན།། ལ་ལ་ན་ནི་འཁོར་ལོ་སྐོར།། ལ་ལར་སྤྱད་པ་སྤྱོད་པར་མཛད།། སེམས་ཅན་གདུལ་བའི་དོན་སྐད་དུ། ། དགྱེས་ཤིང་མགུར་ལེན་རོལ་པ་མཛད།། བཤུམས་མོ་དག་ཀྱང་འབྱིན་པར་མཛད།། སེམས་ཅན་སུས་ཀྱང་ལོང་མ་འཚལ།། འདོད་ཆགས་མི་མངའི་ཆགས་པའི་ཚུལ།། འཇིག་པ་མི་མངའ་འཇིགས་པ་ལྟར། ། སེམས་ཅན་རྣམ་པར་གདུལ་དོན་དུ།། འདྲེན་པ་རྣམ་པར་འཕྲུལ་པ་མཛད།། རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ།། བྱིས་པ་མ་ལགས་བྱིས་ཚུལ་གྱིས།། སེམས་ཅན་རྣམ་བར་གདུལ་དོན་དུ། ། འདྲེན་པ་རྣམ་པར་འཕྲུལ་པ་མཛད།། སྤྲོས་པ་མ་ལགས་སྨྱོས་པའི་ཚུལ།། ཞ་བ་མ་ལགས་ཞ་བ་ལྟར།། རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས།། སེམས་ཅན་རྣམས་ནི་འདུལ་བ་མཛད།། དེ་ལྟར་བསམ་ཡས་མགོན་པོ་ཁྱོད།། དམ་པའི་ཆོས་ཀྱང་བསམ་མི་ཁྱབ།། དཔའ་ཆེན་ཁྱོད་ལ་ཕྱག་ཀྱང་འཚལ།། སེམས་ཅན་ཐུབ་ཆེན་འདྲར་གྱུར་ཅིག། སྔོན་བྱུང་བ་འོད་སྲུངས་ཆེན་པོས་ཞུས་པའི་ལེའུ་སྟེ་ལྔ་བའོ། ། ། དེ་ནས་བྱའི་རྒྱལ་པོ་འདབ་བཟངས་བརྒྱད་ཁྲི་དྲུག་སྟོང་གིས་ལྷ་མ་ཡིན་གྱི་དབང་པོ་དེ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། བཅོམ་ལྡན་འདས་ལ་གཞལ་དུམེད་པའི་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ནས། བཅོམ་ལྡན་འདས་ལ་མཆོད་པའི་དོན་དུ་རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བརྩེགས་པ་ཤིན་ཏུ་བཀྲ་བ་བལྟ་ན་སྡུག་@#པ་བརྒྱད་ཁྲི་དྲུག་སྟོང་མངོན་པར་སྤྲུལ་ཏོ། ། ལྷའི་རིན་པོ་ཆེ་སྣ་བདུན་ནི། འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། སྡུག་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་བདུན་ནོ།། འང་བ་བརྩེགས་པ་དེ་དག་ཀྱང་། རིན་པོ་ཆེ་སྣ་བཞིའི་ལནྡ་ཀན་གྱི་དྲ་བ་རིས་བཀྲབ་བལྡན་སྡུག་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་ཏོ།། རིན་པོ་ཆེ་རྩ་བའི་ནི། འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་ལོ།། གསེར་གྱི་ལན་ཀན་རྣམས་ཀྱི་ཀ་བ་དང་གདང་བུ་རྣམས་ནི་གསེར། ཤར་བ་རྣམས་ནི་དངུལ། དངུལ་གྱི་ལན་ཀ་ན་རྣམས་ཀྱི་ཀ་བ་དང་གདང་བུ་རྣམས་ནི་དངུལ། ཤར་བ་རྣམས་ནི་གསེར། བཻ་ཌཱུཪྻའི་ལན་ཀུན་རྣམས་ཀྱི་ཀ་བ་དང་གདང་བུ་རྣམས་ནི་བཻ་ཌཱུཪྻ། ཤར་བ་རྣམས་ནི་ཤེལ། ཤེལ་གྱི་ལན་ཀན་རྣམས་ཀྱི་ཀ་བ་དང་གདང་བུ་རྣམ་ནི་ཤེལ། ཤར་བ་རྣམས་ནི་དངུལ་ལས་བྱས་པའོ།། ཁང་པ་བརྩེགས་པ་དེ་དག་དྲིལ་བུ་གཡེར་ཁའི་དྲ་བ་བཀྲ་བ་བལྟ་ན་སྡུག་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་ཏོ།། དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟ་ག་སྟེ། འདི་ལྟར་གསེར་དང་། དངུལ་དང་། བཻ་ནུནྡ་དང་། ཤེལ་དང་། སྡུག་དང་། མུ་ཏིག་དམར་པོ་དང་། རྡོའི་ཏིང་པོ་དང་བདུན་ནོ།། ཁང་པ་བརྩེགས་པ་དེ་དག་རིན་པོ་ཆེ་སྣ་བདུན་གྱི་དྲ་བ་བ་བ་བལྟ་ན་སྡུག་པ། འདི་ལྟ་སྟེ། གསེར་གྱི་དྲ་བ་དང་། དངུལ་གྱི་དྲ་བ་དང་། བཻ་ཌཱུཪྻའི་དྲ་བ་དང་། ཤེལ་གྱི་དྲ་བ་དང་། མུ་ཏིག་དམར་པོའི་དྲ་བ་དང་། སྤུག་གི་དྲ་བ་དང་། རྡོའི་སྙིང་པོའི་དྲ་བས་ཀུན་ནས་བཀབ་པར་གྱུར་ཏོ། ། གདུགས་བཀྲ་བ་བསྟན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་མངོན་པར་སྤྲུལ་ཏེ། དེ་དག་ཀྱང་འདི་ལྟར་གསེར་ནས། རྡོའི་སྙིང་པོའི་བར་གྱི་རིན་པོ་ཆེ་སྣ་བདུན་ལས་བསྒྲུབས་པ་ཤ་སྟག་། རྒྱལ་མཚན་བཀྲ་བ་བལྟ་ན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་ཡང་མངོན་པར་སྤྲུལ་ཏེ། རྒྱལ་མཚན་དེ་དག་ཀྱང་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། རིན་པོ་ཆེ་སྣ་བཞིའི་རྒྱུ་ལས་བསྒྲུབས་པ་ཤ་སྟག་སྟེ། རྒྱལ་མཚན་སྔོན་པོ་རྣམས་ནི་ཏོག་སེར་པོ་ཅན། རྒྱལ་མཚན་སེར་པོ་རྣམས་ནི་ཏོག་སྔོན་པོ་ཅན། རྒྱལ་མཚན་དམར་པོ་རྣམས་ནི་ཏོག་དཀར་པོ་ཅན་ཤ་སྟག་མངོན་པར་སྤྲུལ་ཏོ།། བ་དན་ལ་དོག་སྣ་ཚོགས་ཅན་བཀྲ་བ་བསྟན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་ཡང་མངོན་པར་སྤྲུལ་པར་གྱུར་ཏོ། ། བླ་རེ་བཀྲ་བ་བལྟ་ན་སྡུག་པ་བརྒྱད་ཁྲི་དྲུག་སྟོང་ཡང་མངོན་པར་སྤྲུལ་པར་གྱུར་ཏེ། བླ་རེ་དེ་དག་ཀྱང་གསེར་སྐུད་ཀྱི་བླ་རེ་དང་། དངུལ་སྐུད་ཀྱི་བླ་རེ་དང་། བཻ་ཌཱུཪྻའི་བླ་རེ་དང་། ཤེལ་གྱི་བླ་རེ་དང་། མུ་ཏིག་དམར་པོའི་བླ་རེ་དང་། སྤུག་གི་བླ་རེ་དང་། རྡོའི་སྙིང་པོའི་བླ་རེ་སྟེ། རིན་པོ་ཆེ་སྣ་བདུན་ལས་བསྒྲུབས་པ་ཤ་སྟག་གོ། ། དེ་ནས་བྱའི་རྒྱལ་པོ་འདབ་བཟངས་དེ་དག་གིས་ཁང་པ་བརྩེགས་པ་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་དང་། གདུགས་བརྒྱད་ཁྲི་དྲུག་སྡོང་པོ་དེ་དག་དང་། རྒྱལ་མཚན་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་དང་། བ་དན་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་དང་། བླ་རེ་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་བཅོམ་ལྡན་འདས་ལ་ཕུལ་བ་དང་། དེ་དག་ཐམས་ཅད་སྟེང་གི་བར་སྣང་ལ་ལྡིང་ཞི་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་སོ། ། འདི་ལྟ་སྟེ། དཔེར་ན་གླང་པོ་ཆེའི་རྒྱལ་པོ་ས་སྲུངས་ཀྱི་བུ་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མགོ་ལ་ཁྱེར་ཞིང་ནམ་མཁའ་ལས་སོང་སྟེ། ཡོངས་འདུས་བརྟོལ་དུགཞོག་གོ། ། དེ་བཞིན་དུ་ཁང་བ་བརྩེགས་པ་དེ་དག་དང་། གདུགས་དེ་དག་དང་། རྒྱལ་མཚན་དེ་དག་དང་། བ་དན་དེ་དག་དང་། བླ་རེ་དེ་དག་པར་སྣང་གི་ནམ་མཁའ་ལ་ལྡིང་ཞིང་། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་པར་གྱུར་ཏོ། ། དེ་ནས་འདབ་བཟངས་བརྒྱད་ཁྲི་དྲུག་སྟོང་པོ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ། ཐལ་མོ་སྦྱར་ནས་ཕྱག་འཚལ་ཞིང་། ཚོགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། རྐངདང་འཆི་ལས་རྣམ་བྲལ་ཁྱོད་ལ་ཕྱག་འཚལ་ལོ། ། རྒདང་འཆི་ལས་རྣམ་འགྲེལ་ཁྱོད་ལ་ཕྱག་འཚལ་ལོ།། སེམས་ཅན་གཞལ་ཡས་ཁ་ལོ་སྦྱར་ལ་ཕྱག་འཚལ་ལོ།། ཁྱོད་དང་མཚུངས་པ་མ་མཆིས་ལྷག་པའང་མ་མཆིས་སོ།། བདག་ཅག་རྣམས་ཀྱང་སྲེད་མེད་བུ་ཡི་ལུས་ལྡན་ཞིང་།། སུམ་ཅུ་རྩ་གཉིས་མཚན་གྱིས་ཡན་ལག་བརྒྱན་པ་དང་།། དཔེ་བྱད་བཟང་པོ་བརྒྱད་ནུས་ཤིན་ཏུ་མཛེས་བྱས་པའི།། སངས་རྒྱས་རྣམ་པར་འདྲེན་པ་ཁྱོད་འདྲར་འགྱུར་བར་ཤོག། བདག་ཅག་འདོམ་གང་འོད་ཀྱིག་ཟི་ལྡན་ཞིང་།། མངོན་འཕགས་གཟུགས་ཀྱི་དམ་པས་མཛེས་གྱུར་ཏེ།། སྒྱིད་ལམ་མཆོག་དང་བདག་ཅག་ལྡན་གྱུར་ཅིང་།། འགྲོ་རྣམ་སྦྱོང་མྱ་ངན་ཟློ་བར་ཤོག། བདག་ཅག་ཚུལ་ཁྲིམས་ཏིང་འཛིན་རབ་ལྡན་ཞིང་།། ཤེས་རབ་ལྡན་པས་མཆོག་ཏུ་གྱུར་པར་ཤོག། ད་ལྟར་རྣམ་པར་འདྲེན་པ་ཁྱོད་ལྟ་བུར།། སྣེ་བོ་རབ་འགྲེལ་སངས་རྒྱས་གྲུབ་པར་ཤོག། འདྲེན་པ་འཇིག་རྟེན་མཁྱེན་པ་ཁྱོད་ལྟ་བུར།། བདག་ཅག་འདྲེན་པ་སྟོབས་བཅུ་ལྡན་པ་དང་།། མ་འདྲེས་བཅོ་བརྒྱད་ཆོས་ཀྱི་མཐར་ཕྱིན་ཅིང་།། འཇིག་རྟེན་མཁས་པ་ཐམས་ཅད་མཁྱེན་དུ་ཤོག། བདག་ཅག་ཀུན་ཀྱང་འགྲོ་བ་དངོས་མེད་དང་།། རྨི་ལམ་སྒྱུ་འདྲ་གནས་པ་མེད་པ་དང་།། བྲག་ཆ་ནམ་མཁའ་འདྲ་བར་སྟོན་བྱེད་ཅིང་།། ཇི་ལྟར་རྣམ་འདྲེན་ཁྱོད་སྟོན་བཞིན་དུ་ཤོག། དེ་ནས་བཅོམ་ལྡན་འདས་ཀྱིས་བྱའི་རྒྱལ་པོ་འདབ་བཟངས་དེ་དག་གི་ལྷག་པའི་བསམ་པ་མཁྱེན་ནས་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚོགས་སུ་བཅད་དེ་གསོལ་པ། རྒྱལ་བ་རྣམ་འདྲེན་གཙོ་བོ་སངས་རྒྱས་རྣམས།། རྒྱུ་མ་མཆིས་པར་བཞད་པ་མི་མཛད་ན།། འཛུམ་མཛད་འདི་ལ་རྒྱུ་རྐྱེན་གང་ལགས་པ།། འཇིག་རྟེན་པ་ན་མཛད་ཐུགས་རྗེ་མངའ་བས་གསུངས། ། འདབ་བཟངས་རྣམས་ཀྱིས་རྒྱལ་བ་མཆོད་བགྱིས་ཏེ།། བླ་རེ་ནམ་མཁའ་རྒྱས་པར་གང་བ་བསྟན།། ལྷར་བཅས་འཇིག་རྟེན་འདི་ལ་ངོ་མཚར་སྐྱེད།། རྐང་གཉིས་དམ་པས་དེ་དག་ལུང་བསྟན་གསོལ། ། འགྲོ་བ་ཐམས་ཅད་ཐལ་མོ་རབ་སྦྱར་ཅིང་།། དགའ་བའི་སེམས་དང་མགུ་བའི་སེམས་ཀྱིས་འཁོད།། མཁའ་ལྡིང་འགྲོ་བ་ཅིར་འགྱུར་ཉན་པར་འཚལ།། རྐང་གཉིས་དམ་པས་དེ་དག་ལུང་བསྟན་གསོལ། ། མི་མཆོག་ལྗོད་ལ་ཁོང་དག་མཆི་བ་ནི།། འགྲོ་བ་ཐམས་ཅད་ཐེ་ཚོམ་མེད་འགྱུར་ཞིང་།། ཐེ་ཚོམ་མེད་པས་འཁོར་དུ་འཇིགས་མེད་འགྱུར།། འདིས་ནི་སངས་རྒྱས་གཉིས་པར་བགྱིས་ཤེས་མཆི།། འཁོར་འདི་འཇིགས་མེད་རབ་ཏུ་དགའ་བར་འགྱུར།། ཡོངས་སུ་སྦྱངས་ཤིང་ཤིན་ཏུ་སྐྱོན་བསལ་བས།། རྒྱལ་བས་ལུང་བསྟན་དེ་དག་མཐོང་དགའ་སྟེ། ། སློབ་མ་མཆོག་ལ་བླ་མས་བསྟན་པ་བཞིན།། ཐེ་ཚོམ་འཚལ་བའི་ཐེ་ཚོམ་གཅད་དུ་གསོལ།། རབ་ཏུ་དགའ་མཛད་རྗེས་སུ་སྨན་པ་མཛོད།། དགའ་བའི་སེམས་ཀྱིས་འཁོར་འདིར་འདུས་གྱུར་གྱིས།། རང་བྱུང་མཁའ་ལྡིང་འགྲོ་བ་ཅིར་འགྱུར་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ཐམས་ཅད་ཟིལ་གནོན་སྟོབས་བཅུ་བརྩོན་འགྲུས་བདེན། ། རྒྱལ་བ་དབང་པོ་ཐུབ་པ་དེ་བཞིན་གཤེགས།། འདྲེན་པས་ཡན་ལག་བརྒྱད་ལྡན་གསུང་དབྱངས་ཀྱིས།། འདབ་བཟངས་འགྲོ་བ་རྟ་ཐུལ་བཀའ་སྩལ་པ།། རྟ་ཐུལ་ཁྱོད་ཀྱིས་དྲི་བ་ལེགས་པར་དྲིས། ། འཇིག་རྟེན་ཕན་ཕྱིར་འཛུམ་གང་ངས་བསྟན་པ།། དེ་ཡི་འབྲས་བུ་དགའ་བའི་ཡིད་ཀྱིས་ཉོན།། ཐེ་ཚོམ་སེལ་ལ་རབ་ཏུ་དགའ་བ་སྙེང་།། བླ་ན་མེད་པའི་བྱང་ཆུབ་ནི་ཚོལ་ཞིང་།། སྟོབས་དང་མི་འཇིགས་བཞི་པོ་གང་རྣམས་ཀྱིས།། འདྲེན་པ་འཇིགས་མེད་འགྱུར་བ་བཙལ་བའི་ཕྱིར།། འདབ་ཆགས་དབང་པོས་ངལ་མཆོད་ལེགས་བྱས།། མ་འདྲེས་བཅོ་བརྒྱད་ཆོས་ནི་སྨྲ་བ་ཡི།། སྲེད་མེང་བུ་ལུས་ཤིན་ཏུ་མཁྲེགས་པ་དང་།། སུམ་ཅུ་གཉིས་མཚན་དཔེ་བྱད་བཟང་པོ་རྣམས།། ཡོངས་སུ་བཙལ་ཕྱིར་ངལ་མཆོད་པ་བྱས།། རྒྱལ་བའི་ཚུལ་ཁྲིམས་ཏིང་འཛིན་བཙལ་བ་དང་། གཞན་ཡང་སངས་རྒྱས་སྤྱོད་ཡུལ་ཤེས་རབ་དང་།། ཕུན་སུམ་ཞིང་དང་འགྲོ་བ་རྣམས་དགྲོལ་བ།། འདི་དག་ཀུན་བཙལ་དོན་དུ་མཆོད་པ་བྱས།། དེ་དག་ལ་དགའ་བས་མཆོད་བྱས་པ།། དུད་འགྲོའི་གནས་ནས་དེ་དག་ཤི་འཕོས་ནས། ། ལྷ་དང་བརྟུལ་ཞུགས་མཐུན་པར་དེ་དག་འདོང་།། འདི་ནི་ངན་སོང་སྲིད་པའི་ཐ་མ་ཡིན།། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ།། དེ་དག་ལྷ་མིའི་ནང་ནི་གནས་གྱུར་ཅིང་། ། རྣམ་འདྲེན་ཁྲག་ཁྲིག་མཐའ་ཡས་མཆོད་བྱས་ནས།། དེ་དག་དབང་པོ་ཐུལ་བའི་རྒྱལ་བར་གྱུར།། དེ་དག་ཞིང་དུ་ངན་སོང་མི་འབྱུང་སྟེ།། མི་ཁོམ་མི་འབྱུང་མཚན་དང་མི་ལྡན་མེད།། རྒྱལ་བ་དེ་དག་མཚན་ནི་ཀུན་ཏུ་མཛེས།། རི་རབ་རྒྱལ་མཚན་བསྐལ་པ་རབ་འབྱུང་འགྱུར།། ལོ་ནི་བྱེ་བ་བརྒྱད་ཅུ་བཞི་བ་གྲངས་པར།། འཇིག་རྟེན་ཕན་ཕྱིར་འདྲེན་པ་དེ་དག་བཞུགས།། འཇིག་རྟེན་ཕན་ཕྱིར་རྣམ་འདྲེན་མཉམ་བཞུག་པས། ། ལུས་ཅན་རྣམས་ལ་མཉམ་པའི་དོན་མཛད་འགྱུར།། སྐྱོབ་པ་རྡུལ་མེད་གྱུར་པ་དེ་དག་གི། འདུས་པ་ང་རྒྱལ་སྤངས་པ་བརྒྱད་ཅུར་འགྱུར།། དེ་ཚེ་སྐྱོབ་པ་རྡུལ་དང་བྲལ་རྣམས་ཀྱི། ། ཤིན་ཏུ་སེམས་དུལ་བྱེ་བ་བརྒྱད་ཅུར་འབྱུང་།། འདྲེན་པ་དེ་དག་འགྲོ་བའི་ང་བསལ་ཕྱིར།། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་འགྱུར།། མི་དག་དེ་ལྟར་འདི་རྣམས་ང་རྒྱལ་ཆེ།། འདབ་བཟངས་ལུས་སུ་གྱུར་ནས་སྟོབས་པོ་ཆེ།། འདི་དག་སྔོན་ཚེ་འདས་པའི་དུས་ཤིག་ན།། དྲང་སོང་དཀའ་ཐུབ་དྲག་པོའི་ཚོགས་ཆེན་གྱུར།། སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་ཚང་བ་སྟེ། ། དཀའ་ཐུབ་སྤྱད་དེ་རྫུ་འཕྲུལ་ཕུན་སུམ་བཙལ།། དེ་དག་རྫུ་འཕྲུལ་ཐོབ་ནས་ང་རྒྱལ་གྱིས།། དགའ་བས་དཀའ་ཐུབ་དྲག་དང་ལྡན་པར་གྱུར།། ཚུལ་ཁྲིམས་མ་ཞིག་དེ་དག་ནགས་འདབ་ཏུ། ཟད་ཤི་འཕོས་གྱུར་ཏེ་ལུས་ཀྱང་ཞིག། ང་རྒྱལ་ངེས་ནི་མཁའ་ལྡིང་མཁའ་འགྲོར་གྱུར།། རྫུ་འཕྲུལ་སེམས་ཀྱིས་རྫུ་འཕྲུལ་ལྡན་པར་སྐྱེས།། ཚུལ་ཁྲིམས་དག་པས་རྒྱལ་བའི་བསྟན་ལ་དང་།། ང་རྒྱལ་གྱིས་ནི་བྱང་ཆུབ་སེམས་ཀྱང་བསྐྱེད། ། ནམ་མཁའ་ལྡིང་ལུང་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། བམ་པོ་བཞི་པ།། ། དེ་ནས་ཀླུའི་བུ་མོ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་ལྷ་མ་ཡིན་གྱི་དབང་པོ་དེ་དག་དང་། ། ནམ་མཁའ་ལྡིང་གི་དབང་པོ་དེ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། མཆོག་ཏུ་དགའ་བ་ཆེན་པོ་སྐྱེས་ཏེ། དེ་དགའ་མགུ་ཡི་རངས་ནས། དེས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། དེ་དག་གིས་རིན་པོ་ཆེ་སྣ་བདུན་གྱི་གདུགས་བཻ་ཌཱུཪྻའི་དྲ་བ་ལྔ་ལྡིར་བཀྱེ་བ། མུ་ཏིག་དམར་པོའི་དྲ་བས་བསྐོར་བ། གསེར་གྱི་ཡུ་བ་ཅན་བཻ་ཌཱུཪྻའི་ཐུར་མ་བརྒྱ་སྟོང་བཀྱེ་བ། རིན་པོ་ཆེའི་ཆུན་པོ་སྦྱངས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ།། རྟ་སྔོན་པོ་ཁ་དོག་སྔོན་པོ།། སྔོན་པོ་ལྔ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། རྒྱན་སྔོན་པོས་བརྒྱན་པ། བེ་ཌཱུཪྻའི་སྲབ་ཀྱིས་བསྲབས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ།། ནོར་བུ་སྐར་མདོག་གི་བླ་རེ་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཡོད་ལ། དེས་འཁོར་དེ་དག་ཐམས་ཅད་ཡོག་པ་གཅིག་ཀྱང་སྟེང་གི་བར་སྣང་ལ་མངོན་པར་སྤྲུལ་ཏོ།། དེ་ལ་རིན་པོ་ཆེ་སྣ་བདུན་གྱི་ལྡ་ལྡི་བཀྲ་བ། མིག་ཏུ་མཛེས་པ། བལྟ་ན་སྡུག་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲག་བྲེས་པར་མངོན་པར་སྤྲུལ་ཏོ། ། བླ་རེ་དེའི་ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡར་ཁའི་དྲ་བ་མངོན་པར་སྤྲུལ་ཏེ་བྲེས་སོ།། རིན་པོ་ཆེ་སྣ་བདུན་གྱི་ཁྲུང་ཁྲུང་རྐང་དཀར་མངོན་པར་སྤྲུལ་ཏོ།། ཀླུ། རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ།། དེ་ནས་ཀླུའི་བུ་མོ་དེ་དག་རྟ་སྔོན་པོ་དེ་དག་ལ་ཞོན་ནས། རིན་པོ་ཆེ་སྣ་བདུན་གྱི་གདུགས་སྟེང་གི་བར་སྣང་ལ་བྲེས་ཏེ། ནམ་མཁའ་ལས་འདོང་ཞིང་རོལ་མོའི་སྒྲ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དེ་དག་ལེན་ཅིང་། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ལ། ལྷའི་ཙན་དན་གྱི་ཕྱེ་མ་དག་ཀྱང་བཅོམ་ལྡན་འདས་ལ་མངོན་པར་འཐོར། ལྷའི་ཨ་ཀ་རུ་དང་། ཏ་མ་ལའི་ལོ་མ་དང་། ཨུཏྤ་ལའི་ཕྱེ་མ་དང་། མེ་ཏོག་སྣ་ཚོགས་ཀྱང་བཅོམ་ལྡན་འདས་ལ་མངོན་པར་འཐོར། མེ་ཏོག་ཨུཏྤ་ལ་དང་ཙམ་པ་ཀའི་འཕྲེང་བ་དག་ཀྱང་འཐོར། མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་འཕྲེང་བ་དག་ཀྱང་འཐོར། སྤོས་སྣ་ཚོགས་ཀྱི་འཕྲེང་བ་དང་། ན་བཟའ་དང་། རྒྱན་དག་ཀྱང་འབུལ་ཏེ། ལྷ་མ་ཡིན་གྱིས་ཇི་ལྟར་བྱས་པ་དེ་བཞིན་མཆོད་པ་རྒྱ་ཆེན་པོ་བྱས་སོ།། @དེ་ནས་དེ་དག་གིས་རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དེ་དག་བྱས་པའི་སྒྲས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར་ཏེ། སེམས་ཅན་གང་གིས་རོལ་མོའི་སྒྲ་དེ་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། ནོར་བུ་སྐར་མདོག་གི་བླ་རེ་དེ་དག་དང་། རིན་པོ་ཆེ་སྣ་བདུན་གྱི་ལྡ་ལྡི་དེ་དག་དང་། དྲིལ་བུ་གཡེར་ཁའི་དྲ་བ་དེ་དག་དང་། ཁྲུང་ཁྲུང་རྐང་དཀར་དེ་དག་རླུང་གིས་བསྐྱོད་པ་ལས། འདི་ལྟ་སྟེ། དཔེར་ན་རོལ་མོ་སིལ་སཱན་ཡན་ལག་བརྒྱད་དང་ལྡན་པ་མཁས་པས་དཀྲོལ་བ་དེ་ལྟ་བུར་སྨན་ལ། དེ་ལྟ་བུར་ཡིད་དུ་འོང་ཞིང་མཉན་ན་བདེ་བའི་སྒྲ་བྱུང་བར་གྱུར་ཏོ།། སྒྲ་དེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར་ཏེ། སེམས་ཅན་གང་གིས་རྒྱན་གྱི་སྒྲ་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དེ་ནས་ཀླུའི་བུ་མོ་དེ་དག་གིས་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ཆར་དང་། སྤོས་ཆུ་རྣམ་པ་སྣ་ཚོགས་ཀྱི་ཆར་མངོན་པར་ཕབ་པར་གྱུར་ཏེ། མེ་ཏོག་གི་ཆར་དེབབ་པའི་ཚེ། སྤོས་ཀྱི་དྲི་ཞིམ་པོའི་ངདབྱུང་སྟེ། འགྲོ་ཞིང་ལྡོག་གོ།། སྤོས་ཆུའི་ཆར་དེབབ་པས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཁིར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་སྤོས་ཆུས་རྫབ་ཏུ་གྱུར་ཏེ། སྤོས་ཀྱི་དྲི་ངེས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྒྱས་པར་གང་བར་གྱུར་ཏོ།། སེམས་ཅན་གང་གིས་སྤོས་ཀྱི་དྲི་དེ་ཚེར་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དེ་ནས་ཀླུའི་བུ་མོ་དེ་དག་གིས་གདུགས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་། རྟ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་དང་། རོལ་མོ་སིལ་སྙན་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་པོ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། རྒྱན་ཐམས་ཅད་དང་ལྡན་པ་དེ་དག་པར་སྣང་གི་ནམ་མཁའ་ལ་འཁོད་དེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ། ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ།། ཀླུ་ཡི་བུ་མོ་མཁས་པ་དེ་དག་ཡི་རངས་དགའ་མགུ་ཡིད་ཀྱིས་སུ། བྱང་ཆུབ་ཞི་པ་ཚོལ་ཞིང་ཤཱཀྱ་ཐུབ་ལ་དེར་ནི་མཆོད་པ་ཆེན་པོ་བྱས། ། རྒྱན་གྱིས་ལེགས་བརྒྱན་བྱེ་བ་དགུ་བཅུ་དྲུག་གི་གདུགས་རྣམས་མངོན་སྤྲུལ་ཏེ།། བདེ་བར་གཤེགས་ལ་མཆོད་ཅིང་རབ་ཏུ་དུལ་བའི་ཡིད་ཀྱིས་ཆགས་དང་བྲལ།། རྒྱན་གྱིས་ལེགས་བརྒྱན་བྱེ་བ་དགུ་བཅུ་དྲུག་གི་རྟ་རྣམས་མངོན་སྤྲུལ་ཏེ། ། ཁ་དོག་སྔོ་ཞིང་རྒྱུན་ཀྱང་སྔོ་བའི་རྟ་ལ་རྒྱལ་མཚན་སྔོན་པོས་བརྒྱན།། དེ་དག་ཐམས་ཅད་བར་སྣང་དོང་ནས་ཐུབ་ལ་རྟ་ཡིས་མཆོད་པ་བྱེད།། ཀླུ་ཡི་བུ་མོ་དེ་དག་དང་བའི་ཡིད་ཀྱིས་ཐུབ་ལ་མགོས་ཕྱག་འཚལ། ། མཆོག་ལ་མཆོད་པའི་དོན་དུ་ཀླུ་ཡི་གནས་ནས་ཀླུ་ལི་སིལ་སྟན་གྱི།། མཆོད་པའི་འོས་གྱུར་འདྲེན་པ་ཤཱཀྱ་ཐུབ་ལ་དེར་ནི་མཆོད་པ་བྱས།། སིལ་སྙན་དེ་དག་བདེ་བར་གཤེགས་ལ་མཆོད་པའི་སྒྲ་དེ་ཁམས་གསུམ་གྲག། སྒྲ་དེ་ཐོས་པའི་སེམས་ཅན་ཁྲག་ཁྲིག་དག་ནི་བྱང་ཆུབ་ཡང་དག་ཞུགས།། དེ་དག་རྣམས་ཀྱིས་དེར་སྤྲུལ་མཁའ་ལ་བླ་རེ་ཆེན་པོ་གཅིག་ཏུ་གྱུར། ཕྱོགས་བཅུར་དཔག་ཚད་དྲུག་ཅུར་རྒྱས་ཤིང་འགྲོ་བ་ཐམས་ཅད་ཁེབས་པར་གྱུར།། ནོར་བུ་རིན་ཆེན་སྐར་མའི་མདོག་གི་གཟི་བརྗིད་ཕྱོགས་སུ་འབར་ཞིང་གསལ།། ཀླུ་ཡི་བུ་མོ་དགའ་ནས་འགྲོ་བའི་མདུན་དུ་རྒྱལ་ལ་མཆོད་པ་བྱས། ། གཞལ་དུ་མེད་པའི་སེམས་བསྐྱེད་དགའ་ནས་བྱང་ཆུབ་ཞི་བ་ཚོལ་བྱེད་ཅིང་།། འཇིག་རྟེན་དོན་བྱེད་བདེ་གཤེགས་སངས་རྒྱས་འཇིག་རྟེན་མཁས་པ་གྲུབ་པར་ཤོག། ཇི་ལྟར་སྟོབས་བཅུ་མངའ་བ་ཁྱོད་ནི་སེམས་ཅན་སྡུག་བསྔལ་འགྲེལ་པ་ལྟར། ། ཆོས་ཀྱང་བསྟན་དེ་སེམས་ཅན་ཉོན་མོངས་སྡུག་བསྔལ་བསྒྲིབས་པ་ཁྲག་ཁྲིག་དགྲོལ།། ཆོས་རྣམས་སྒྱུ་མ་སྨིག་སྒྲ་འདྲ་ཞིང་དབུ་བ་ལྟ་བུར་ཉམ་ཆུང་ལ། ། ཆར་རྒྱུན་ཆུ་ལ་ཕོག་པའི་ཆུ་བུ་ར་ལྟ་བུར་འཇིག་ཅིང་བདག་པོ་མེད།། མེ་ལོང་ནང་གི་གཟུགས་བརྙན་འདྲ་བར་འགྲོ་བ་ཐམས་ཅད་བརྟགས་ནས་ནི།། འགྲོ་བ་དག་ལ་ཆོས་ཀྱི་རང་བཞིན་ཡང་དག་དེ་ཉིད་བསྟན་པར་བགྱི། ། སྒྱུ་མ་བཀོད་པ་ལྟ་བུར་མ་མཆིས་བརྫུན་པ་བྱིས་པ་རྨོངས་བགྱིད་པ།། སྐྱེ་བོ་མི་མཁས་ཇི་བཞིན་མ་འཚལ་བ་དག་མ་རུང་རབ་བགྱིད་པ།། བྱིས་པ་རྨོངས་བགྱིད་ཆོས་རྣམས་སྡིག་མེད་ཁྱོད་ཀྱིས་དེ་ལྟར་ལེགས་པར་གཟིགས།། དེ་དག་ཇི་ལྟར་གཟིགས་པ་དེ་བཞིན་དེ་དག་སེམས་ཅན་རྣམས་ལ་བསྟན།། ཇི་ལྟར་ས་ཆེན་འདི་ལ་སྤྲིན་འགྲིབས་གྱུར་ན་རི་ལྟར་གདའ་བ་ཡང་། ། ཡང་དག་ཏུ་ན་རི་ལྟར་ངོ་བོ་ཉིད་ཀྱིས་དེ་ལ་གནས་མ་མཆིས།། དེ་ལྟར་འགྲོ་བ་ཐམས་ཅད་རང་བཞིན་མ་མཆིས་དབང་པོ་རྨོངས་པར་བགྱིད།། ཤེས་པས་བརྟགས་ནས་སྐྱེ་བོ་མཁས་པ་དག་ནི་རྨོངས་པར་འགྱུར་མ་མཆིས། ། ཡང་དག་ཏུ་ན་འགྲོ་བ་ཐམས་ཅད་རང་བཞིན་མ་མཆིས་ཁྱོད་སྟོན་པས།། དེས་ན་འདྲེན་པ་རྒྱལ་བ་ཁྱོད་ལ་སྐྱེ་བོ་མཁས་པ་མི་ཕྱེད་འགྱུར།། ཁྱོད་ཀྱི་སྲས་རྣམས་ཆོས་ཀྱིས་ཡོངས་སུ་ཚིམ་ནས་རྫབ་ལ་ཟམ་པ་འདྲ། ། འདི་ནི་བྱིས་པའི་སྐྱེ་བོའི་ཡུལ་མིན་འགྲོ་བ་འདི་ནི་སྒྲ་ཕྱིར་འབྲང་།། དེ་ལྟ་ལགས་པས་སྡིག་མེད་ཡང་དག་སྟོན་པ་བྱིས་པའི་སྐྱེ་བོའི་མགོན། ། སྐྱབས་དང་དཔུང་གཉེན་གནས་དང་རྟེན་དང་རྩ་ལག་ཁྱོད་ལ་སྐྱབས་སུ་མཆི།། གཞལ་ཡས་བྱང་ཆུབ་དེ་བཙལ་སླད་དུ་རྣམ་པར་འདྲེན་པ་ཁྱོད་ལ་མཆོད།། སངས་རྒྱས་གྱུར་ནས་རྟོགས་བགྱི། སྡིག་བྲལ་འཇིག་རྟེན་དོན་རྣམས་བགྱིད་པར་ཤོག། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བུ་མོ་དེ་དག་གིས་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་བ།། འཇིག་རྟེན་ན་ནི་འཇིག་རྟེན་མཁས་པ་རྣམ་པར་འདྲེན་མཆོག་ཁྱོད་འཛུམ་མཛད།། དཔལ་སྡུག་འཛུམ་པ་མཛད་ལ་རྒྱུ་མ་མཆིས་པ་བདག་གིས་ཡོང་མ་མཐོང་། ། མི་ཡི་དབང་པོའི་དམ་པ་འཛུམ་པ་མཛད་པའི་རྒྱུ་ནི་ཡང་ངག་གསུངས།། དེ་ཐོས་ལྷ་མི་ལྷ་མིན་ཚོགས་དང་ཀླུ་ཡི་བུ་མོ་གསང་བ་པ།། དྲི་ཟ་རྣམས་ཀྱང་སྐྱོབ་པའི་དགོངས་པ་ཐོས་ནས་ཡིད་ནི་དགའ་བར་འགྱུར། ། འཇིག་རྟེན་དག་ན་འཇིག་རྟེན་རྣམ་འདྲེན་ཁྱོད་ཀྱིས་རྒྱུ་རྣམས་ཐམས་ཅད་མཁྱེན།། རྒྱལ་བས་ཆོས་གང་རྒྱུ་དང་རྣམ་པས་མཁྱེན་པར་མ་གྱུར་ཡོང་མ་མཆིས། ། དེ་ལྟས་བདེ་གཤེགས་རྒྱལ་བ་ཁྱོད་ཀྱིས་ཇི་ལྟར་ཐུགས་ཆུང་འཛུམ་རྒྱུ་གསུངས།། དེ་ཐོས་ནས་ནི་འགྲོ་བ་ཐམས་ཅད་ཡི་རངས་དོགས་པ་ཆད་པར་འགྱུར།། ཐུབ་པ་བདེ་བར་གཤེགས་ཀྱི་བསྟན་པ་མཆོག་ལ་དོན་ཀྱང་ཐོབ་པར་མཆི། ། འཁོར་རྣམས་འདི་དག་དོན་མྱོང་གྱུར་ནས་ཡིད་ནི་རབ་ཏུ་ཞི་བར་འགྱུར།། ཀུན་རྟོག་དབང་དུ་མི་འགྱུར་བྱང་ཆུབ་ཡིད་ཀྱིས་རྒྱལ་བའི་སྤྱོད་ཉན་འགྱུར།། བདེ་གཤེགས་ཁྱོད་ཀྱིས་འཛུམ་མཛད་དོན་ཐོས་རང་འབྱུང་ཉིད་དུ་ངེས་པར་འབྱུང་།། འཁོར་འདི་རྒྱལ་བ་ཁྱོད་ཀྱི་ཞལ་ནས་འཛུམ་མཐོང་ཐེ་ཚོམ་འཚལ་གྱུར་ཏེ།། སྡུག་བསྔལ་དོགས་བཅས་ཡིད་མི་བདེ་ཞིང་ཆོས་ལ་སོམ་ཉི་གང་འཚལ་བ། ། དེ་དག་ལ་ནི་ཐུབ་པ་སྟོན་པས་དོགས་བསལ་ཐེ་ཚོམ་དགུམ་དུ་གསོལ།། དྲང་སྲོང་ཁྱོད་ཀྱིས་གང་སྤང་འཛུམ་བསྟན་མྱུར་དུ་བཀའ་སྩོལ་ཐེ་ཚོམ་ཁུམ།། རྒྱལ་བ་གང་གིས་དེ་རིང་ཡིད་ནི་རྣམ་པར་སྦྱངས་ཤིང་བདུད་བཅོམ་ཐུལ། ། སུ་ཞིག་ཡིད་རབ་ཚིམ་ནས་བཅོམ་ལྡན་འདས་ལ་མཆོད་པ་དམ་པ་བགྱིས།། འདི་ནི་སུ་ཡི་མཐུ་ལགས་སྟོན་པ་འགྲོ་བའི་མདུན་དུ་འདི་བཀའ་སྩོལ།། ཐོས་ནས་བདག་ཅག་ཡི་རིངས་མཆོག་ཏུ་དགའ་བ་སྐྱེས་ནས་བདེ་བར་འགྱུར།། ཁྱོད་ཀྱི་ཞབས་ཀྱི་དྲུང་དུ་འདུས་པའི་འགྲོ་བ་འདི་དག་ཐེ་ཚོམ་འཚལ།། འཛུམ་ཆུ་དགའ་བ་སྐྱེད་པ་བཀའ་སྩོལ་ཐུབ་པ་ཐེ་ཚོམ་བསལ་དུ་གསོལ། ། དེ་ཐོས་ལྷ་དང་བཅས་པའི་འགྲོ་བ་འདི་དག་ཐེ་ཚོམ་མ་མཆིས་འགྱུར།། རྒྱལ་བའི་གསུང་སྒྲ་ཡང་དག་ཐོས་ནས་དེ་དག་ཡིད་དགའ་འགྱུར།། དེ་ནས་བཅོམ་ལྡན་འདས། ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། རྟ་ཐུལ་ལེགས་སོ་རྒྱལ་བའི་དགོངས་པ་འཛུམ་པ་འདི་ནི་ལེགས་པར་དྲིས།། ཀླུ་ཡི་བུ་མོས་མཆོད་ཚེ་འཇིག་རྟེན་ཕན་ཕྱིར་ངས་ནི་འཛུམ་པ་བསྟན། ། དེ་ཡི་འབྲས་བུ་བསྟན་གྱིས་ཡིད་གཉིས་ཐ་བ་སྤངས་པའི་སེམས་ཀྱིས་ཉོན།། གང་འདི་དོན་དུ་ངས་ནི་འཛུམ་པ་འདིར་མཛད་ང་ཡི་ཚིག་ལ་ཉོན།། ཀླུ་ཡི་བུ་མོ་འདི་དག་ཆགས་མེད་ཡིད་ཀྱིས་བྱང་ཆུབ་ཡང་དག་ཞུགས། ། འགྲོ་བ་ཐམས་ཅད་སྟོང་པར་རྣམ་བཤིག་བློ་ལྡན་དོགས་མེད་ལེགས་པར་གནས།། འདི་ན་བྱེད་མེད་ཚེར་མེད་གང་ཟག་མེད་ཅིང་སྐྱེ་བ་པོ་ཡང་མེད།། ཆོས་རྣམས་འདི་དག་བརྫུན་ཞིང་སྨིག་རྒྱུར་མཚུངས་ལ་མེ་ལོང་གཟུགས་བརྙན་འདྲ། ། འདི་དག་རྣམས་ཀྱིས་མཆོད་བྱས་བྱས་གཟོ་བློ་གྲོས་ཡང་དག་ངས་ཤེས་ཏེ།། རྒྱལ་བའི་ཆོས་ཉིད་དང་ནི་འགྲོ་བ་སྟོང་ཞིང་བདག་པོ་མེད་མཐོང་ལེགས། ། མཆོད་པ་རྣམ་པར་ཕྱེ་ཞིང་ལེགས་པར་བཀོད་པ་འདི་དག་སྒྱུ་མ་འདྲ།། བྱང་ཆུབ་གཞལ་ཡས་གང་དུ་སྨོན་ལམ་བཏབ་པ་དེ་ཡང་འདི་འདྲར་སྟོང་།། ང་ལ་གཞལ་ཡས་མཆོད་པ་དེ་བྱས་པ་དང་འགྲོ་བ་སྟོང་སྐྱེས་པས། ། ཀླུ་ལས་ཤི་འཕོས་ནས་ནི་ལྷག་ནས་བརྒྱ་བྱིན་གནས་སུ་འགྲོ་བར་འགྱུར།། སུམ་ཅུ་རྩ་གསུམ་སོང་སྟེ་ལྷ་ཡི་ནང་ན་དགའ་བར་ཚེ་རྫོགས་ནས།། མ་སྨད་གྲགས་དང་ལྡན་པའི་ལྷ་གནས་འཐབ་བྲལ་གནས་སུ་འགྲོ་བར་འགྱུར། ། འཐབ་བྲལ་ལྷ་ནང་གནས་ཏེ་ལྷ་ཡི་གནས་སུ་ལྷ་ཡི་དགའ་བ་སྤྱོད།། ལྷ་གྱུར་བདེ་གཤེགས་སྲས་རྣམས་དེ་ན་ཚེ་ཡི་ཚད་དུ་གནས་པར་འགྱུར། ། རྒྱལ་བའི་སྲས་རྣམས་འཐབ་བྲལ་དགའ་བ་སྤྱད་ནས་ཚེ་ཚད་ཟད་པ་དང་།། དགའ་ལྡན་གནས་སུ་ལྷ་ཡི་གྲོང་ཁྱེར་ལྷ་དང་བརྟུལ་ཞུགས་འདྲ་བར་འགྱུར།། དེ་དག་དེ་ན་ལྷ་ཡི་བུ་མོས་བསྐོར་ནས་ལྷ་ཡི་དགའ་བ་སྤྱོད། ། པདྨ་ཆུས་མི་ཆགས་པ་བཞིན་དུ་བོ་དེ་གཤེགས་མི་གནས་བློ་ཅན་གནས།། འགྲོ་བ་ཐམས་ཅད་སྟོང་པར་རྟོགས་རིག་བློ་ལས་ཉམས་པར་ཡོང་མི་འགྱུར།། སྐྱོབ་པ་རྣམས་ཀྱི་དྲན་པ་རྡོལ་བརྐོས་པ་བཞིན་དུ་ཡོང་མི་ཉམས། ། དེ་དག་དགའ་ལྡན་གནས་དེར་གནས་ཏེ་ལྷ་ཡི་དགའ་བ་སྤྱད་ནས་ནི།། ཚེ་ཚད་ཡོངས་སུ་ཟད་ནས་དེ་ཚེ་རབ་འཕྲུལ་དག་ཏུ་འགྲོ་བར་འགྱུར།། བདེ་གཤེགས་མ་སྤང་གྲགས་ལྡན་དེར་ཡང་ལྷ་མོའི་ཚོགས་ཀྱིས་མཆོད་འགྱུར་ཏེ། ། མི་གནས་བློ་གྲོས་ལྡན་པ་ཚེ་ཚད་བར་དུ་གནས་ན་གནས་པར་འགྱུར།། དེ་དག་གནས་དེར་རབ་འཕྲུལ་གྱུར་ཏེ་ལྷ་ཡི་དགའ་བ་སྤྱད་ནས་ནི་མམཁས་པ་ཚེ་ཟང་བློ་གྲོས་ལྡན་པ་ཆོས་ཀྱི་མཐར་ནི་ཕྱིན་གྱུར་ནཱས། ། འདྲེན་པ་བསམ་པ་དག་པ་ཆགས་མེད་ཡིད་ལྡན་ཆོས་ཀྱི་བསམ་པ་ཅན།། ཆོས་དང་ལྡན་རྣམས་གཞན་འཕྲུལ་གནས་སུ་ལྷ་འདྲ་བར་ནི་འགྲོ་བར་འགྱུར། ། དེ་དགེ་ལྷ་གནས་དེ་ན་གནསོ་ཤིང་ལྷ་ཡི་དགའ་བ་སྤྱོང་པར་འགྱུར།། བདེ་གཤེགས་མ་རྨོངས་བློ་ལྡན་དེ་དག་རང་གི་ཚེ་ཚང་གནས་པར་འགྱུར།། མྱ་ངན་འདས་ལྟར་ལྷ་ཡི་འདོད་བའི་ཡོན་ཏན་མཉམ་ཉིད་ཞི་བར་རྟོགས། ། བསམ་གཏན་བསམ་པས་ཚུངས་གནས་མ་སྨད་གྲགས་དང་ལྡན་པར་འགྲོ་བར་འགྱུར།། ཚངས་པའི་གནས་སུ་བསམ་གཏན་མཁས་ཤིང་བསམ་གཏན་འབྲས་བུ་སྤྱད་གྱུར་ནས། ། དེར་གནས་དཔེ་མེད་གྱུར་ཅིང་བྱང་ཆུབ་ཡིད་ཀྱིས་བསྐལ་པར་གནས་པར་འགྱུར།། དེ་དག་བསྐལ་པར་ཚངས་གནས་འཐུན་པར་ཡེ་ཤེས་དོན་གཉེར་བརྟུལ་ཞུགས་བཟང་ཐུབ་པ་མཁས་པ་ཐབས་མཁས་དེ་དག་འཇིག་རྟེན་དོན་ནི་མཐའ་ཡས་བྱེད། ། མཁས་ཐུབ་དེ་དག་དེ་ན་བསམ་གཏན་སྤྱོད་ཡུལ་བསམ་གཏན་ཆགས་པ་མེད།། བསམ་གཏན་བདེ་བ་མཉམ་ཉིད་འདྲ། རིག་བྱང་ཆུབ་ཕྱིར་ནི་དབང་པོ་ཞི།། ཀུན་ཏུ་གྲོལ་ཡིད་དྲང་སྲོང་བྱང་ཆུབ་ཕྱིར་ནི་བྱང་ཆུབ་བློ་དང་ལྡན།། མྱ་ངན་འདས་པ་ལྟ་བུར་བསམ་གཏན་བློ་གཅིག་ཞི་པའི་མཚན་ཉིད་འགྱུར།། བདེ་བར་གཤེགས་དང་བཅོམ་ལྡན་སྲས་པོ་བྱང་ཆུབ་ཞི་པ་ཡོངས་ཚོལ་བ། ། ཚངས་པའི་ཡིད་ལྡན་འཇིག་རྟེན་དོན་བྱེད་དེ་དག་ཚངས་གནས་དེ་ན་གནས།། ཀུན་ཀྱང་ཚངས་པའི་བློ་ལྡན་མཐར་ཕྱིན་ཤ་སྡུག་བྱང་ཆུབ་དོན་གྱི་ཕྱིར། ། རང་བྱུང་དགོངས་པ་ཁམས་གསུམ་ལ་མ་ལས་འདས་པའི་ངེས་པར་འབྱུང་བ་སྟོན།། ཚངས་པ་ལ་ནི་གུས་པ་བསྐྱེད་ནས་འགྲོ་བ་བྱང་ཆུབ་ཚོལ་བར་འགྱུར།། ཚང་བའི་བསམ་པ་རང་བྱུང་བསམ་པ་ཉེས་འབྱུང་མཐར་ཐུག་ཤེས་ནས་ནི། ། བདེ་བར་གཤེགས་ཀྱི་བསྟན་པ་མཆོག་ལ་བརྩོན་པ་དེ་དག་འགྲོ་བ་ལ།། ཅི་ནས་ཆོས་ཚུལ་འབྲས་བུ་མྱུར་དུ་ཤེས་འགྱུར་དེ་ལྟར་ཆོས་ཀྱང་སྟོན། ། དེ་དག་ཚངས་གནས་དེ་ན་གནས་ཤིང་འཇིག་རྟེན་དག་ལ་བྱང་ཆུབ་ཕྱིར།། ཕན་པ་བྱས་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་པོ་བྱང་ཆུབ་བཀོད།། རྒྱལ་བ་ཀུན་ལ་མཆོད་ཕྱིར་འཇིག་རྟེན་ཁམས་མང་ཁྲག་ཁྲིག་འགྲོ་བར་འགྱུར།། དབང་པོ་ཞི་བ་དེ་དག་བསྐལ་པ་སྐར་མ་འདྲ་ལ་རྒྱལ་བར་འགྱུར།། ལྷ་དང་མི་དང་ཀླུ་དང་འདབ་བཟངས་དག་དང་ལྷ་མིན་བཅས་པ་དང་། ། དྲི་ཟ་གྲུལ་བུམ་མི་འམ་ཅི་ཚོགས་གནོད་སྦྱིན་འགྲོར་བཅས་དགའ་ཞིང་མགུ།། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ནི་ཡོངས་སྦྱངས་ཆོས་ཀྱི་སྟོབས་རྙེད་པ།། དེ་དག་ཐམས་ཅད་ཡི་རངས་ཐལ་སྦྱར་བདེ་བར་གཤེགས་ལ་མགོས་ཕྱག་འཚལ། ། ཀླུའི་བུ་མོ་ལུང་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཀླུའི་བུ་མོ་དེ་དག་གི་མཆོད་པའང་མཐོང་། ལུང་བསྟན་བའང་ཐོས། ཡོངས་སུ་རྫོགས་པར་ཡང་རིག་ནས། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་ལ་སོགས་པ་ཀླུ་བྱེ་བ་ཕྲག་དགུ་བཅུ་ངོ་མཚར་ཐོབ་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་དེས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་ཅིང་། བཅོམ་ལྡན་འདས་དེ་ལ་མི་མཁྱེན་པ་འམ། མ་གཟིགས་པ་འམ། མ་གསན་པ་འམ། མངོན་དུ་མ་མཛད་པ་གང་ཡང་མེད་ཅིང་། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་ཏེ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར། བྱ་བ་ནི་ངོ་མཚར་རྨད་དུ་བྱུང་བ་སྟེ། དེ་བཞིན་གཤེགས་པ་དེ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་མངའ་བའོ།། འདི་ལྟར་བུད་མེད་དུ་གྱུར་པ། རྒོད་པ་མི་བརྟན་པ། མི་གནས་པ་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཡོངས་སུ་ཤེས་པ་དང་། དེ་ལྟར་བཅོམ་ལྡན་འདས་ཀྱིས་སློབ་མ་དགེ་འདུན་ཡང་ལེགས་པར་ཞུགས་པ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། འ་བར་ཞུགས་པ་དང་། འདི་ལྟར་བུད་མེད་དུ་གྱུར་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མི་བཟང་བ་དང་ལྡན་པ་རྣམས་ཀྱང་། བཅོམ་ལྡན་འདས་ཀྱི་གསུང་རབ་ལ་འཇུག་པ་ནི་ངོ་མཚར་ཆེའོ་སྙམ་སྟེ། ངོ་མཚར་ཐོབ་པ་དེ་དག་གིས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་འཛམ་བུའི་གླིང་རྒྱ་མཚོའི་རིའི་མཐས་གཏུགས་པ་ཐམས་ཅད་སྤོས་ཀྱི་སྤྲིན་ཆེན་པོས་ཀུན་ནས་ཡོག་པར་བྱས་ཏེ། ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་སྤོས་ཀྱི་ངད་ཀྱིས་ཁྱབ་པར་བྱས་སོ།། སྤོས་ཀྱི་དྲི་དེས་ཀྱང་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་གང་བར་གྱུར་ནས། སེམས་ཅན་གང་དག་གིས་སྤོས་ཀྱི་དྲི་དེ་ཚེར་བར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སེར་སྐྱ་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཀྱང་དཔག་ཚད་དྲུག་ཅུ་ཚུན་ཆད་མུ་ཏིག་དམར་པོས་པུས་མོ་ནུབ་ཙམ་དུ་རྒྱས་པར་གང་བར་བྱས་སོ། ། ནྱ་གྲོ་དྷའི་ཀུན་དགའ་ར་བ་དེརང་རིམཐང་མེད་པའི་ནོར་བུ་རིན་@པོ་ཆེས་ཆལ་པར་བཀང་ངོ་། ། ཀླུའི་མེ་ཏོག་གི་འདུན་ཁང་རྒྱར་དཔག་ཚད་དྲུག་ཅུ་ཡོད་པ་རིན་པོ་ཆེ་སྣ་བདུན་གྱི་ཀ་བ་དང་ལྡན་པ་དག་མངོན་པར་སྤྲུལ་ཏོ།། ཀླུའི་རོལ་མོ་སིལ་སྙན་དཔག་ཏུ་མེད་པ་དག་ཀྱང་མངོན་པར་སྤྲུལ་ཏེ་སྒྲ་ཕྱུང་ངོ་། ། ཀླུའི་མེ་ཏོག་གི་འདུན་ཁང་དེ་ལའང་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་ལྡ་ལྡི་བྱེ་བ་ཕྲག་དགུ་བཅུ་བྲེས་སོ།། རིན་པོ་ཆེ་སྣ་བདུན་གྱི་ཀ་བ་དེ་དག་ཀྱང་བཻ་ཌཱུཪྻའི་དྲ་བས་ལེགས་པར་བརྒྱན་ཏོ། ། འདུན་ཁང་དེའི་གཞིའང་རིན་ཐང་མེད་པའི་ནོར་བུ་རིན་པོ་ཆེས་ཡོག་པར་བྱས་པར་གྱུར་ཏོ།། འདུན་ཁང་དེའི་གཞི་ནི་འཇམ་པ་བསྒྱུར་དུ་རུང་བ་སྟེ། འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྡོ་ལེབ་ཨར་མོ་ནིག་ལྟར་འཇམ་པ། ཁ་དོག་བཻ་ཌཱུཪྻའི་ལྟར་འདུག་པ། ཀ་ཙུ་ལ་ན་དི་ཀ་ལྟར་རེག་ན་བདེ་བ། ཉི་མས་དག་བ། སེམས་ཅན་མཐོང་བ་རྣམས་ཀྱི་མིག། མྱ་ངན་ལས་འདའ་བར་འགྱུར་བ། མི་དང་ལྷ་རྣམས་ཀྱི་ཡིད་དུ་འོང་བའོ།། ནོར་བུ་རིན་པོ་ཆེ་སྣ་ཚོགས་དེ་དག་གི་ནང་ནས། ནོར་བུ་ལ་ལ་ལྔ་ནིམེ་འབྱུང་། ལ་ལ་ལས་ནི་ཆུ་འབྱུང་བ་ཤ་སྟག་སྟེ། དེ་ལའང་ལ་ལ་ལས་ནི་ཆུ་ཁ་དོག་སྔོན་པོ་འབྱུང་། ལ་ལ་ལས་ནི་རྒྱུ་ཁ་དོག་སེར་པོ་འབྱུང་། ལ་ལ་ལས་ནི་ཆུ་ཁ་དོག་དམར་པོ་འབྱུང་ལ་ལ་ལས་ནི་མུ་དོག་དཀར་པོ་འབྱུང་། ལ་ལ་ལས་ནི་ཆུ་ཁ་དོག་སྣ་ཚོགས་འབྱུང་ངོ་།། ནོར་བུ་ལ་ལ་ལས་ནི་བདེ་བར་བི་སལ་པའི་རླུང་འབྱུང་། ནོར་བུ་ལ་ལ་ལས་ནི་དེ་མ་ཡིན་པའི་ཡོ་བྱད་གཞན་དགྲ་བསམས་པ་བཞིན་དུ་འབྱུང་། ལ་ལ་ལས་ནི་སྣུམ་གྱི་བྱ་བ་བྱེད། ལ་ལ་ལས་ནི་མེ་ལོང་གི་བྱ་བ་བྱེད་དེ། འཁོར་དེ་དག་ཐམས་ཅད་ཀྱང་ནོར་བུ་རིན་པོ་ཆེ་དེའི་ནང་དུ་སྣང་བར་གྱུར་ཏོ།། སེར་སྐྱའི་གནས་ན་སེམས་ཅན་གང་ཇི་སྙེད་ཅིག་རྒྱུ་བ་དེ་དག་ཐམས་ཅད་ཀྱང་ནོར་བུ་རིན་པོ་ཆེ་དེ་དག་གི་ནང་དུ་སྣང་བར་གྱུར་ཏེ། ཐམས་ཅད་དང་ལྡན་པའི་འཁོར་གྱིས། བཅོམ་ལྡན་འདས་རྣམ་པར་སྤྲུལ་པའི་ཆོ་འཕྲུལ་དེ་དག་རྣམ་པར་སྤྲུལ་པ་མཛད་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའང་ནོར་བུ་རིན་པོ་ཆེ་དེ་དག་གི་ནང་ན་བཞུགས་པར་མཐོང་བར་གྱུར་ཏོ།། འདུན་ཁང་གི་གཞི་དེའི་འོག་ནས་ཀྱང་ཀླུའི་མཐུས་གདུགས་རྣམ་པ་སྣ་ཚོགས་མངོན་པར་འཐོན་པར་གྱུར་ཏོ། ། རྒྱལ་མཚན་རྣམ་པ་སྣ་ཚོགས་དང་། བ་དན་རྣམ་པ་སྣ་ཚོགས་དང་། མེ་ཏོག་གི་ལྔ་ལྡི་རྣམ་པ་སྣ་ཚོགས་དང་། སྤོས་ཀྱི་ལྡ་ལྡི་རྣམ་པ་སྣ་ཚོགས་དང་། རིན་པོ་ཆེའི་ལྔ་ལྡི་རྣམ་པ་སྣ་ཚོགས་དང་། མུ་ཏིག་གི་འཕྲེང་བ་རྣམ་པ་སྣ་ཚོགས་དང་། མེ་ཏོག་བརྩེགས་མའི་ལྡ་ལྡི་རྣམ་པ་སྣ་ཚོགས་དང་། རྟ་རྣམ་པ་སྣ་ཚོགས་དང་། དྲིལ་བུ་གསེར་ཁའི་དྲ་བ་རྣམ་པ་སྣ་ཚོགས་ཀྱང་འཐོན་པར་གྱུར་ཏོ།། དེ་ནས་ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་ལ་སོགས་པ་ཀླུ་བྱེ་བ་ཕྲག་དགུ་བཅུས་རྟ་དེ་རྣམས་སྔོན་དུ་བཀྲི་སྟེ། རྐང་གིས་དོང་ནས་བཅོམ་ལྡན་འདས་ལ་ལ་ནི་གསུམ་བསྐོར་བ་བྱས་ཏེ། ནོར་བུ་རིན་པོ་ཆེ་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ་དག་གིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ།། འདུན་ཁང་གི་གཞི་དེ་ནས་རིན་པོ་ཆེ་གང་དག་མངོན་པར་འཐོན་པ་དེ་དག་ཐམས་ཅད་ཀྱང་། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་སྟེང་དུ་ཆར་བཞིན་དུ་བབ་པར་གྱུར་ཏོ། ། ཀླུའི་རོལ་མོ་སིལ་སྙན་དཔག་ཏུ་མེད་པ་དེ་དག་ཀྱང་སྟེང་གི་བར་སྣང་ལས་སྒྲ་འབྱིན་པར་གྱུར་ཏོ།། དེ་ནས་ཀླུ་བྱེ་བ་ཕྲག་དགུ་བཅུ་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། ཅང་མི་ཟེར་བར་བཅོམ་ལྡན་འདས་རྣམ་པས་རྗེས་སུ་དྲན་པར་བྱེད་ཅིང་། མིག་མི་འཛུམ་པར་ལྟ་ལ། འདི་ལྟར་སངས་རྒྱས་ཀྱི་ཡོན་ཏན་འདོད་པའི་ཕྱིར་ལྷག་པའི་བསམ་པས་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་ཏོ།། དེ་ནས་དེ་དག་གིས་ཅུང་ཟད་ཅིག་ཏུ་མི་སྨྲ་བར། བཅོམ་ལྡན་འདས་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱས་ནས། སོ་སོ་ནས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཕྱག་འཚལ་ནས་ཚིགས་སུ་བཅད་བདག་གིས་མངོན་པར་བསྟོད་པ། མཚན་བརྒྱ་རྫོགས་པ་བརྟུལ་ཞུགས་ལེགས་སྤྱད་པ། ། དཀའ་ཐུབ་དགྱེས་པ་དྲི་མེད་ཐུགས་རྗེ་ཅན།། རིན་ཆེན་འབྱུང་གནས་བཅས་པའི་ས་སྤངས་ཏེ། བདེ་གཤེགས་ཁྱོད་ནི་གྲོང་ཁྱེར་མངོན་པར་བྱུང་། དྲུག་བར་དུ་དཀའ་ཐུབ་དཀའ་མཛད་དེ།། རྒྱལ་བ་ཁྱོད་ཀྱིས་བདུད་རྩི་མ་བརྙེས་ཀྱང་།། བདེ་གཤེགས་ཁྱོད་ཀྱི་ཐུགས་ནི་ཞུམ་མགྱུར།། ཐུབ་པ་ཁྱོད་ཀྱིས་བྱང་ཆུ་བཟུགས་ཀྱིས་སྤྱད།། ཇི་ལྟར། འདྲེན་པ་དྨ་མིའི་བླ་མ་ཁྱོད།། འགྲོ་ལ་ཕན་བཞེད་དཀའ་ཐུབ་སྤྱད་མཛད་དེ།། འཇིག་རྟེན་མགོན་པོ་སྡུག་བསྔལ་ལྟར་གྱུར་པ།། དེ་ཐོས་པས་ཀྱང་བདག་ཅག་ཡིད་མི་དགའ།། ཐུབ་པ་དབུ་དང་སྤྱན་ནི་བཏང་བ་དང་། ། བྱང་ཆུབ་སེམས་ནི་ཇི་ལྟར་སྒྲུབ་མཛད་པ།། བདེ་བར་གཤེགས་ཀྱི་དཀའ་སྤྱད་ཐོས་གྱུར་ན།། དེ་ཐོས་པས་ཀྱང་བདག་ཅག་བདེ་མི་འགྱུར།། གང་ཚེ་ཀ་ལི་ང་རྒྱལ་པོ་བཟོད་སྨྲ་བའི། ། ཞབས་དང་ཕྱག་དང་སྙན་རྣམས་གཏུབས་གྱུར་ཏེ།། དེ་བཞིན་ཤངས་བཅད་རྒྱལ་བ་མི་འཁྲུགས་པ།། དེ་ཐོས་པས་ཀྱང་བདག་ཅག་ཡིད་མི་དགའ།། ཕུག་རོན་སྐྱབས་སུ་མཆིས་པ་མ་གཏང་སྟེ། ། གང་ཚེ་འདྲེན་ཁྱོད་སྲང་ལ་བཅལ་གྱུར་པ།། རྒྱལ་བའི་དེ་ཐོས་པས་ཀྱང་མི་བདེ་སྟེ།། བདེ་གཤེགས་བྱང་ཆུབ་སྤྱོད་པ་སྡུག་བསྔལ་ཆེ།། བདག་ཅག་མི་འཚལ་མ་ལགས་ཅི་ཞེ་ན། ། བདེ་བར་གཤེགས་ལ་འགྲོ་བ་གནོད་བགྱིས་པ།། ངན་སོང་མུན་པར་ལྷུང་བས་བདེ་གཤེགས་ཀྱི།། སྡུག་བསྔལ་སྤྱོད་པ་དྲན་ནས་མི་དགའ་ལགས།། ཇི་ལྟར་འཇིག་རྟེན་འདྲེན་པ་བློ་འཕགས་དང་། ། བདེ་གཤེགས་སྤྱོད་པ་མའི་ཚེ་བློར་གྱུར་དང་།། སྒྲུབ་པའི་ཚེ་ན་དེ་ལ་མི་གནོད་པ།། འཇིག་རྟེན་འདྲེན་པ་སྤྱོད་དེ་བཀའ་སྩལ་གསོལ།། མཐའ་ཡས་བློ་མངའ་བདེ་གཤེགས་སྤྱོད་པ་ལ། ། ཐུབ་པ་ཀླུ་ཚོགས་འདི་དག་རབ་ཏུ་བརྩོན།། ཇི་ལྟར་ཁྱོད་ཀྱི་བཀའ་བཞིན་སྤྱོད་འགྱུར་བ།། དེ་ལྟར་བདེ་གཤེགས་བྱང་ཆུ་བ་ལམ་བསྟན་གསོལ། ། རྒ་ཤི་མ་མཆིས་གོ་འཕང་ཐོབ་འཚལ་ཞིང་།། ཀླུ་ཚོགས་འདི་རྣམས་ཐུབ་པ་སྒོམ་པར་གནས།། འགྲོ་བ་འདི་དག་བདེ་བར་འདུལ་འགྱུར་བའི།། བརྟུལ་ཞུགས་སྤྱོད་དེ་བདེ་གཤེགས་བཀའ་སྩལ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་མཆོད་པ་དེ་དག་ཀྱང་གཟིགས། ལྕག་པུའི་བསམ་པས་སྨོན་ལམ་བཏབ་པ་དེ་དག་ཀྱང་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། ། འདི་ནི་ཆོས་ཉིད་དེ་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་ཁ་དོག་སྣ་ཚོགས་དང་། ཁ་དོག་དུ་མའི་འོད་ཟེར་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། དེའི་ཚེ་བཅོམ་ལྡན་འདས་ལ་ཚོགས་སུ་བཅང་དེ་གསོལ་བ། བརྟུལ་ཞུགས་བཟང་པོ་དགེ་སྦྱོང་ཐུབ་པ་རྣམས།། རྒྱུ་མེད་རྒྱལ་བ་འཛུམ་པ་མི་མཛད་ན། འདྲེན་པ་བདེ་གཤེགས་ཐུགས་རྗེ་ཆེ་མངའ་བ།། མཚུངས་མེད་བཅོམ་ལྡན་འཛུབ་རྒྱ་བཀའ་སྩལ་གསོལ།། ཚིགས་ཀྱི་སློབ་དཔོན་སྐྱེ་བོ་འདི་དག་ནི།། འཛུམ་རྒྱུ་ཉན་འཚལ་ཁྱོད་ཀྱི་ཞལ་དུ་ལྟ། ། ཡིད་ནི་ཞུམ་གྱུར་ཐེ་ཚོམ་འཚལ་ཞིང་མཆིས།། མཁས་པ་ཐེ་ཚོམ་རྣམ་པར་བསལ་དུ་གསོལ།། འཇིག་རྟེན་མཁས་པ་སྟོན་པ་ཤཱཀྱ་ཐུབ།། དེ་རིང་སུ་ཞིག་ཡིད་ནི་ཡོངས་སུ། དགའ།། གང་གིས་བདུད་ཀྱི་དབང་པོ་མཐོང་གྱུར་ཏེ།། རྨོངས་པར་བགྱིས་ནས་ཡིད་ནི་མི་དགར་བགྱིས།། ཚོགས་ཀྱི་སློབ་དཔོན་འདྲེན་པ་སུ་ཞིག་གིས།། བདེ་གཤེགས་ཆོས་ཉིད་ཡབ་ལ་བརྙར་བཀུར་བསྟིཿ། ། བདེ་བར་གཤེགས་ལ་མཆོད་པ་དམ་པ་བརྩིག། ཤཱཀྱ་མེ་དག་བཀའ་སྩོལ་ཐེ་ཆོག་ཁུམ།། སོར་བརྒྱ་ཐལ་མོ་སྦྱར་བ་མགོར་གཞག་ཅིང་།། འགྲོ་བ་འདི་དག་ཐུབ་པའི་ཞལ་དུ་ལྟ། ། ཚོགས་ཀྱི་སློབ་དཔོན་ཐེ་ཚོམ་བསལ་དུ་གསོལ།། འདྲེན་པ་འཛུམ་པ་མཛད་པའི་རྒྱུ་ཡང་གསུངས།། དེ་ཐོས་སྐྱེ་བོ་འདི་དག་དཀར་འགྱུར་ཏེ།། རྒྱལ་བས་དགོངས་པའི་ཚུལ་ཡང་རྟོག་པར་འགྱུར། ། བདེ་བར་གཤེགས་པ་འཁོར་རྣམས་ཚོམ་བགྱིས་ན།། གཞན་དུ་མི་སེམས་ནན་ཏན་གནས་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུབ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ཐུབ་མཁས་འདྲེན་པ་ཚོགས་ཀྱི་སློབ་དཔོན་གྱིས།། ཚངས་འདྲ་ཡན་ལག་བརྒྱད་ལྡན་གསུང་བརྗོད་ཀྱིས།། རྟ་ཐུལ་སྐྱོན་མེད་སེམས་ཀྱིས་དང་བྱོས་ལ། འཛུམ་པ་མཛད་པའི་རྒྱུད་མཉན་པར་གྱིས།། ཀླུ་ཡི་བདག་པོ་འདི་དག་དང་གྱུར་ཏེ།། འགྲོ་བཟིལ་གྱིས་མནན་ནས་མཆོད་པ་བྱས།། སྐྱེ་བོ་བདེ་བར་ཡོངས་སྨིན་བྱ་བའི་ཕྱིར།། སངས་རྒྱས་བྱང་ཆུབ་འདི་ནི་ཡོངས་སུ་ཚོལ། ། སྙིང་རྗེ་ཆེན་པོས་རྣམ་འདྲེན་མེད་པ་ཡི།། འགྲོ་བ་བལྟས་ནས་སྡུག་བསྔལ་ཅིས་མི་སྟེན།། འགྲོ་བས་བྱང་ཆུབ་རྒྱ་ཆེན་ཐོབ་བྱ་ལ།། འདྲེ་པ་དག་ནི་སྐྱོ་བར་ཡོང་མི་འགྱུར། ། ཞི་གནས་དགའ་བ་ཡེ་ཤེས་སྟོབས་ལྡན་སྟོབས།། མཚན་མེད་སྟོང་པ་དེ་བཞིན་སྨོན་མེད་པ།། རྣམ་ཐར་སྒོ་གསུམ་ཡོངས་སུ་བསྒོམས་ནས་སུ། ཤིན་ཏུ་ཡོངས་དག་ཡིད་ཅན་བདེ་བར་འགྲོ།། འགྲོ་བ་མཐའ་དག་མཉམ་པ་ཉིད་རྟོགས་ཏེ།། གང་ཚེ་རྒྱལ་བས་ཤེས་རབ་མཚན་ཐོས་ནས།། མཉམ་པའི་སེམས་དང་བྱམས་དང་སྙིང་རྗེ་ཐོབ། ། འགྲོ་ལ་སྙིང་རྗེ་ཆེན་པོ་རབ་བསྐྱེད་ནས།། སྙིང་བརྩེ་ལྡན་པ་མཆོག་ཏུ་སྙིང་རྗེ་ཅན།། འཇིག་རྟེན་མཁས་པ་བླ་ན་མེད་པར་འགྱུར།། རྒྱལ་བ་དེ་དག་འགྲོ་འདི་མཚུངས་བསྒྲལ་ནས། ། དེ་དག་དགྲ་བཅོམ་རྣམ་པར་འདྲོན་པར་འགྱུར།། རྟག་ཏུ་བདག་མེད་ཚིག་ནི་ཉན་བྱེད་ཅིང་།། འཇིག་རྟེན་གཏམ་གྱི་རྒྱུད་ལ་མི་འཇུག་སྟེ།། དེ་དག་བདེ་བར་གཤེགས་ཀྱི་འ་མེད་ཐོབ། ། དེ་ནི་བདུད་མེད་མུ་སྟེགས་ཚོགས་ཀྱང་མེད།། འདྲེན་པ་བདེ་གཤེགས་སྙིང་རྗེ་ལྡན་པ་ཡི།། རྒྱལ་བ་དེ་དག་འགྲོ་བ་ཀུན་མོས་བྱེད།། བདེ་གཤེགས་བཀའ་དང་ཚིག་རྣམས་ཐམས་ཅད་དང་། ། བདེ་བར་གཤེགས་ཀྱི་དགོངས་ལ་མོས་བྱེད་འགྱུར།། སྲིད་པར་བདེ་གཤེགས་རྣམས་ཀྱི་སྤྱད་སྤྱོད་ཅིང་།། རབ་བདེར་འགྲོ་བ་ཡོངས་སྨིན་བྱེད་པར་འགྱུར། ། མཚུངས་མེད་ཐུབ་པ་བདེ་བར་མྱུར་དུ་ཡང་།། ཡོངས་སུ་འཚང་རྒྱ་འཆི་མེད་ཐོབ་པར་འགྱུར།། ཐོབ་ནས་འགྲོ་བ་དག་ཀྱང་མོས་པར་འགྱུར།། སྐྱེ་བོ་ཀུན་ཀྱང་གཟུགས་ཀྱི་མཆོག་དང་ལྡན། ། འགྲོ་བ་ཐམས་ཅད་བདེ་གཤེགས་དེ་དག་གི། དགོངས་པའི་ཚིག་ནི་མངོན་དུ་ཤེས་པར་འགྱུར།། ཕྱུགས་དང་བྱ་དང་གནོད་སྦྱིན་མི་དེ་དག། རང་བྱུང་དགོངས་མིན་ཅུང་ཟད་བྱེད་མི་འགྱུར། ། དེ་དག་ཀུན་ཏུ་ཆོས་རྟོགས་དྲན་དང་ལྡན།། བདེ་བར་གཤེགས་རྣམས་འཆི་མེད་ཐོབ་པར་འགྱུར།། དེ་དག་ཚིག་ཐོས་སེམས་ཅན་གང་ཡང་ནི། བསྟན་པ་དེ་ལ་མི་དགར་འགྱུར་བ་མེད། ། བདེ་གཤེགས་དེ་དག་གསུང་ལ་དགའ་བ་ཡི།། འགྲོ་བ་འཆི་མེད་ཡང་དག་འཐོབ་པར་འགྱུར།། དེ་ཚེ་འགྲོ་བས་རྒྱལ་བའི་དགོངས་ལེགས་རྟོགས།། རྒ་བ་དང་ནི་ན་དང་འཆི་བ་དང་། ། མྱ་ངན་སྨྲེ་སྔགས་འདོན་ལས་ཡོངས་སུ་འགྲོལ།། ཚིག་དེ་ཐོས་ནས་ངར་འཛིན་མེད་པར་འགྱུར།། ཀླུ་ཡི་བསམ་པ་ཤཱཀྱ་སེང་གེ་ལ།། ཡོངས་སུ་ཞུས་ནས་ཇི་ལྟར་དེ་དག་རྣམས། ། གཞལ་ཡས་བྱང་ཆུབ་ཐོབ་ནས་ཐུབ་རྣམས་ཀྱིས།། ཡེ་ཤེས་འཇུག་འགྱུར་དེ་སྐད་སྲས་ལ་བསྟན།། ཀླུ་རྣམས་ལུང་བསྟན་ཡིད་དུ་འོང་བ་ཡི།། རྒྱལ་བའི་གསུང་ཐོས་འཁོར་རྣམས་ཡིད་དགའ་སྟེ། ། དེ་ལ་ཡིང་ནི་རབ་ཏུ་ཞི་གྱུར་ནས།། དགའ་བའི་ཡིད་ཀྱིས་རྒྱལ་བའི་སྐབས་སུ་སོང་།། ཀླུ་ལུང་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། @#དེ་ནས་གྲུལ་བུམ་བྱེ་བ་ཕྲག་བཅོ་བརྒྱད་ཀྱིས། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུའི་བུ་མོ་རྣམས་དང་། ཀླུ་རྣམས་ཀྱི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ངོ་མཚར་ཐོབ་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ལ་ཤེས་རབ་ཀྱི་མངའ་རྒྱ་ཆེན་པོ་མངའ་ཞིང་། འདི་ལྟར་བཅོམ་ལྡན་འདས་ལ་མཆོད་པ་རྒྱ་ཆེན་པོ་འདི་ལྟ་བུ་བྱས་པས་ཀྱང་ངོ་མཚར་དུ་མི་དགོངས་ཏེ། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་ནི་རྒྱ་ཆེ་ཞིང་ཡོངས་སུ་རྒྱས་པ་ཡིན་པས་མཐོ་བ་འམ། དམའ་བར་མི་འགྱུར་རོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ཆོས་ཐམས་ཅད་ལ་ཐེ་ཚོམ་མི་མངའ་ཞིང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡངས་པ་མངའ་བས། མཆོད་པ་འདི་ལྟ་བུ་དག་པ་ཞེས་ཀྱང་། མཐོ་བ་འམ། དམའ་བར་མི་འགྱུར་ཞིང་། ངོ་མཚར་དུ་མི་དགོངས་པ་ནི་ངོ་མཚར་ཤིན་ཏུ་ཆེའོ་སྙམ་མོ། ། དེ་ནས་གྲུལ་བུམ་བྱེ་བ་ཕྲག་བཅོ་བརྒྱད་པོ་དེ་དག་གིས་བདག་ཅག་ཉིད་ཀྱི་མཆོད་པས་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར། རིན་པོ་ཆེ་སྣ་བདུན་གྱི་ཐ་རེ་བྱེ་བ་ཕྲག་བཅོ་བརྒྱད་མངོན་པར་སྤྲུལ་ཏེ། འདི་ལྟ་སྟེ། གསེར་གྱི་སྲུད་པའི་བླ་རེ་དང་། དངུལ་གྱི་སྐུད་པའི་བླ་རེ་དང་། བཻ་ཌཱུཪྻའི་བླ་རེ་དང་། ཤེལ་གྱི་བླ་རེ་དང་། མུ་ཏིག་དམར་པོའི་བླ་རེ་དང་། སྡུག་གི་བྷཱ་རེ་དང་། རྡོའི་སྙིང་པོའི་བླ་རེ་ཤ་སྟག་གོ།། རིན་པོ་ཆེའི་བླ་རེ་དེ་དག་ལའང་མེ་ཏོག་སྣ་ཚོགས་ཀྱི་འཕྲེང་བའི་ལྡ་ལྡི་མངོན་པར་སྤྲུལ་ཏེ། གསེར་གྱི་སྲུང་བའི་བླ་རེ། རྣམས་ལ་ནི་དངུལ་གྱི་མེ་ཏོག་གི་འཕྲེང་བའི་ལྡ་ལྡི་བཀྱེ། དངུལ་གྱི་སྐུད་པའི་བླ་རེ་རྣམས་ལ་ནི་གསེར་གྱི་མེ་ཏོག་གི་འཕྲེང་བའི་ལྡ་ལྡི་བཀྱེ། བཻ་ཌཱུཪྻའི་བླ་རེ་རྣམས་ལ་ནི་ཤེལ་གྱི་མེ་ཏོག་གི་འཕྲེང་བའི་ལྡ་ལྡི་བཀྱ། ཤེལ་གྱི་བླ་རེ་རྣམས་ལ་ནི་བེ་ཌཱུཪྻའི་མེ་ཏོག་གི་འཕྲེང་བའི་ལྡ་ལྡི་བཀྱེ། མུ་ཏིག་དམར་པོའི་བླ་རེ་རྣམས་ལ་ནི་སྤུག་གི་མེ་ཏོག་གི་འཕྲེང་བའི་ལྡ་ལྡི་བཀྱེ། སྤུག་གི་བླ་ར་རྣམས་ལ་ནི་མུ་ཏིག་དམར་པོའི་མེ་ཏོག་གེ་འཕྲེང་བའི་ལྡ་ལྡི་བཀྱེ། རྡོའི་སྙིང་པོའི་བླ་རེ་རྣམས་ལ་ནི་ཤེལ་གྱི་མེ་ཏོག་གི་འཕྲེང་བའི་ལྡ་ལྡི་བ་ཀྱེ་བཱ་ཤ་སྟག་མངོན་པར་སྤྲུལ་ཏོ།། ཤིང་རྟ་བཀྲ་བ་བསྟུན་སྡུག་པ་བྱེ་བ་ཕྲག་བཅཝོ་བརྒྱད་ཀྱང་མངོན་པར་སྤྲུལ་ཏེ། དེ་དག་ཀྱང་གསེར་ནས་རྡོའི་སྙིང་པོའི་བར་དུའོ།། ཤིང་རྟ་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་གདུགས་ཐུར་མ་བརྒྱ་པ་གསེར་གྱི་ཡུ་བ། ཅན་དང་། བཻ་ཌཱུཪྻའི་ཡུ་བ་ཅན་དང་། ཤེལ་གྱི་ཡུ་བ་ཅན་བྱེ་བ་ཕྲག་བཅོ་བརྒྱད་མངོན་པར་སྤྲུལ་ཏོ།། གདུགས་དེ་དག་ལའང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་གི་ལྔ་ལྡི་མངོན་པར་སྤྲུལ་ཏོ། ། འདི་ལྟ་སྟེ། གསེར་གྱི་མེ་ཏོག་གི་ལྔ་ལྡི་དང་།། དངུལ་གྱི་མེ་ཏོག་གི་ལྡ་ལྡི་དང་། བཻ་ཌཱུཪྻའི་མེ་ཏོག་གི་ལྡ་ལྡི་དང་། ཤེལ་གྱི་མེ་ཏོག་གི་ལྔ་ལྡི་དང་། མུ་ཏིག་དམར་པོའི་མེ་ཏོག་གི་ལྡ་དང་། ཀླུའི་ནོར་བུའི་མེ་ཏོག་གི་ལྔ་ལྡི་ཤ་སྟག་གོ།། མུ་ཏིག་དམར་པོའི་དྲ་བ་དག་ཀྱང་མངོན་པར་སྤྲུལ་ཏེ། དེ་དག་གིས་གདུགས་དེ་དག་དང་། མེ་ཏོག་གི་འཕྲེང་བ་དེ་དག་གི་གཟུགས་བྱས་སོ། ། གྲུལ་བུམ་གྱི་རོལ་མོ་སིལ་སྙན་དག་ཀྱང་མངོན་པར་སྤྲུལ་ཏོ།། ཤིང་རྟ་དེ་དག་རེ་རེ་ཞིང་ཡང་བླ་རེ་དེ་དག་རེ་རེ་རྗེས་སུ་འབྲང་བར་གྱུར་ཏོ།། དེ་ནས་གྲུལ་བུམ་དེ་དག་རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་དེ་དག་ལ་ཞོན་ཏེ། རིན་པོ་ཆེ་སྣ་བདུན་གྱི་གདུགས་དང་། བླ་རེ་དང་། མེ་ཏོག་དེ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། མཆོད་པ་བྱེད་ཅིང་བཅོམ་ལྡན་འདས་ལ་སྟེང་གི་བར་སྣང་ལས་ལན་གསུམ་བསྐོར་ཏོ། ། བསྐོར་ནས་ཤིང་རྟ་དེ་དག་ལས་བབས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། ཐམས་ཅད་དུ་ཡང་མི་བསྙེངས་མངའ་དབང་ཅན།། ཐུབ་པ་ཆེན་པོ་མི་མཐོ་མི་དམའ་སྟེ།། རི་ཡི་རྒྱལ་པོ་ལྷུན་པོ་རིའདྲ་བ། ། མཆོད་པ་རྒྱ་ཆེན་འདི་དག་བཞེས་སུ་གསོལ།། འགྲོ་བ་ཐམས་ཅད་མིང་དང་མཚན་མ་དང་།། ཐ་སྙད་ཙམ་མཁྱེན་ཐུབ་པ་ཆགས་མི་མངའ།། འདྲེན་པ་ཁྱོད་ཀྱིས་ཏིང་འཛིན་ཞི་བསྒྲུབས་པས། ། ཤེས་རབ་ལྡན་ལ་དྲེགས་པ་ཡོང་མི་མངའ།། རྒྱལ་བ་ཁྱོད་ཀྱིས་འགྲོ་བ་སྤུ་འདྲར་མཁྱེན།། རང་བཞིན་སྟོང་སྟེ་རྨི་ལམ་ངག་འདྲ་དང་།། ཆུ་ཟླ་ནམ་མཁའི་སྨིག་རྒྱུ་ལྟ་བུར་ནི།། བདེ་བར་གཤེགས་པས་འགྲོ་བ་འདི་དག་གཟིགས། ། དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང་།། གྲོང་ཁྱེར་དེ་ནི་ཕྱོགས་བཅུ་ཀུན་ན་མེད།། གཞན་དུ་གྲོང་ཁྱེར་དེ་ནི་མིང་ཙམ་སྟེ།། དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། ། མཆོད་པ་འདི་ཀུར་བྲག་ཆ་ཇི་བཞིན་ཏེ།། ཤིང་རྟ་གདུགས་དང་བླ་རེ་སིལ་སྙན་དང་།། མེ་ཏོག་རྒྱལ་མཚན་ཐལ་མོ་སྦྱར་བགྱིས་པ།། བྲག་ཆ་ཇི་བཞིན་དེ་དག་དེ་ལྟར་གདར། འདྲེན་པ་མཆོད་པ་འདི་བགྱིས་བདག་ཅག་ཀྱང་།། སངས་རྒྱས་རྐང་གཉིས་མཆོག་ཏུ་མྱུར་འགྱུར་ཤོག། རྨི་ལམ་འདྲ་བར་འགྲོ་བ་བདག་ཅག་གིས།། རྟོགས་བགྱིས་རྒྱལ་བ་ཁྱོད་བཞིན་བསྟན་པར་བགྱི། ། ནད་དང་རྒ་ཤིས་ཡོངས་སུ་གཙེས་གྱུར་པའི།། སྐྱེ་བོ་མཐོང་ནས་བདག་ཅག་རྣམས་ཀྱིས་ཀྱང་།། བྱང་ཆུབ་མྱུར་ཐོབ་རྒ་ཤི་མེད་པའི་གནས།། གང་ཐོས་གྲོལ་འགྱུར་འགྲོ་ལ་བསྟན་པར་བགྱི།། བདག་ཅག་བྱང་ཆུབ་ལམ་མཆོག་སངས་རྒྱས་ནས།། སེམས་ཅན་བློ་སྟོར་རྣམས་ལ་བསྟན་པར་བགྱི།། ཐུབ་པ་འཁྲུགས་མེད་ཆོས་རྣམས་རབ་སྟོན་པ།། མྱ་ངན་འདས་མཆོག་སེམས་ཅན་བསྟན་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་གྲུལ་བུམ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་རྡུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། སྟོན་པ་རྒྱུ་མེད་འཛུམ་པ་མིཛད་དེ།། རྣམ་འདྲེན་འཇིག་རྟེན་མཁས་ལ་མཚར་མི་མངའ།། ངོ་མཚར་འགྱུར་མེད་རྒྱལ་བས་འཛུམ་མཛད་ན།། འཛུམ་རྒྱུ་ལེགས་པར་བཀའ་སྩལ་ཉན་པར་འཚལ། ། རྒྱལ་བའི་ཞལ་ནས་འཛུམ་པ་མཛད་མཐོང་ནས།། འགྲོ་བ་འདི་དག་ཐེ་ཚོམ་སོམ་ཉི་འཚལ།། ཐེ་ཚོམ་འཚལ་བ་རྣམས་ཀྱི་ཐེ་ཚོམ་ཁྲུམ་མི་ཡི་དབང་པོའི་འཛུམ་པའི་རྒྱུ་ཡང་གསུངས། ། གང་གིས་དེ་རིང་ཆོས་ལ་ཡིད་བཞག་གྱུར།། དེ་རིང་གང་གིས་ཆོས་ཀྱི་རྒྱུ་ལ་ཡང་མཐོང་།། དེང་སུས་སངས་རྒྱས་བསྔགས་པའི་མཆོད་པ་བགྱིས།། མི་ཡི་དམ་པ་བདག་ནི་ཉན་པར་འཚལ།། དེ་རིང་འདུས་བྱས་སྡུག་བསྔལ་ཤེས་གྱུར་ནས།། གང་གིས་འདུ་བྱེད་གྱུར་པའི་ཡིད་ཅིག་བཅོམ།། གང་ཞིག་ཡང་དག་མཐའ་ལ་མི་གཡོ་གནས།། རྣམ་དག་ཐུགས་མངའ་བདག་ནི་ཉན་པར་འཚལ། ། དེ་རིང་སུ་ཡིས་འཁོར་བཅས་བདུད་རྣམས་བཅོམ། ཐུབ་པོ་སྟོན་པ་དང་སུས་མཉེས་པར་བགྱིས།། འདྲེན་པ་དེ་རིང་སུ་ཞིག་གཏིང་རྙེད་གྱུར།། ཐ་ཚོམ་མཆིས་ཏེ་དེང་བདག་དེ་ཉན་འཚལ། ། འཛུམ་མཛད་དེ་ཡི་དོན་ནི་མཉན་སླད་དུ།། འགྲོ་བ་ཀུན་ཀྱང་ཐལ་མོ་སྦྱར་ཅིང་གནས།། འདྲེན་པ་ཐེ་ཚོམ་འཚལ་བའི་ཐེ་ཚོམ་སོལ།། རྐང་གཉིས་དམ་པས་ལུང་ཡང་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚོགས་སུ་བཅད་དེ་སླར་བཀའ་སྩལ་བ།། རྟ་ཐུལ་ཁྱོད་ཀྱིས་དྲི་བ་ལེགས་པར་དྲིས་འཛུམ་པའི་རྒྱུ་འདི་ཡོངས་སུ་དྲིས་པས་ན། ། འགྲོ་བའི་དེན་ཡང་ཁྱོད་ཀྱིས་བྱས་པར་གྱུར།། དེ་དོན་བསྟན་བྱས་རྟ་ཐུལ་མཉན་པར་གྱིས།། གྲུལ་བུམ་ཚོགས་ཀྱིས་ང་ལ་མཆོད་བྱས་ཏེ།། ཞི་བའི་ཆོས་ལ་དེ་དག་ཡིད་ཀྱང་བཞག། མཚར་མེད་ང་མཐོང་ནས་ནི་ངམ་གྱུར་ཏེ།། ཞི་བའི་ཆོས་ལ་དེ་དག་ཡིད་ཀྱང་བཞག། དེ་དག་རྣམས་ཀྱིས་དེ་རིང་ང་མཆོད་དེ།། ཞི་བའི་ཆོས་ལ་བློ་གྲོས་རྣམ་པར་བཏང་། ལམ་སྟོར་སྐྱེ་བོ་རྣམས་ལ་སྙིང་བརྩེ་ཞིང་།། བསམ་པ་ཐག་པས་སྙིང་རྗེ་ཆེན་པོ་བསྐྱེད།། སྙིང་རྗེབས་ན་ངལ་མཆོད་པ་བྱས།། རབ་ཏུ་ལམ་སྟོར་རྣམས་ལ་བྱམས་པར་བསམས།། མཁས་པ་དེ་དག་ལས་དེ་བྱས་པས་ན། ། གྲུལ་བུམ་སྐྱེ་གནས་ཤི་འཕོས་བརྟུལ་ཞུགས་བཟུང་།། རྒྱ་བྱིན་ལྷ་ཡི་དྲུང་དུ་འདོང་བར་འགྱུར།། ཐུགས་ཐུབ་བྱམས་དོན་མཛད་སྟོན་དྲུང་དུའང་འདོང་།། དེས་ནི་ཅུང་ཟད་ཡང་དང་ཡང་བསྟན་ཏེ། ། ཕྱིར་ཞིང་ཆོས་ལ་ཐེ་ཚོམ་མེད་པར་འགྱུར།། དེ་དག་བསྐལ་པ་གངྒཱའི་བྱེ་སྙེད་དུ།། ཞིང་ནས་ཞིང་དུ་རྣམ་པར་རྒྱུ་བྱེད་ཅིང་།། བདག་ཉིད་ཆེན་པོའི་ཆོས་ལ་མཆོད་པ་བྱེད། ། གོ་ཆ་ཆེན་པོ་རབ་ཏུ་བགོས་ཡིད་ཀྱིས།། དེ་དག་སྤྲོ་བ་མེད་པར་འཇིག་རྟེན་ཁམས།། ཁྲག་ཁྲིག་མཐའ་ཡས་རྣམ་པར་སྦྱོང་བར་འགྱུར།། སྐྱེ་བོ་མང་པོའི་དོན་བྱེད་འདྲེན་འགྱུར་ཏེ།། མཚར་མེད་ཅེས་བྱ་བའི་རྒྱལ་བར་འགྱུར།། དེ་དག་ཞིང་རྣམས་གང་དུ་འགྲོ་རྒྱུ་བ།། དེར་ནི་འགྲོ་བས་རྒྱལ་བ་བྱུང་བར་ཤེས།། དེ་དག་ཐམས་ཀྱིསྔ་མ་འོངས་དུས་དག་ན།། ངོ་མཚར་མེད་པར་སྐྱེ་བོ་རྣམ་གྲོལ་བྱེད། ། རྒྱལ་བ་ངོ་མཚར་མེད་པར་ཞིང་སྦྱོར་ཞིང་།། རྫོགས་པའི་བྱང་ཆུབ་བླ་མེད་ཞི་བ་ཚོལ།། དེ་དག་ཚོལ་བ་ལ་ཡང་མི་གནས་ཏེ།། འདི་ལྟར་བླ་མེད་བྱང་ཆུབ་གནས་ཕྱིར་རོ།། དེ་ལྟར་@#འཛུམ་རྒྱུ་རྒྱལ་བས་ལུང་བསྟན་ཅིང་། ། བདེ་བར་གཤེགས་པས་འཇིག་རྟེན་དོགས་བསལ་ཏེ།། གྲུལ་བུམ་མཆོད་པའི་འབྲས་བུ་དེས་ཐོས་ནས།། འགྲོ་བ་ཐེ་ཚོམ་བསལ་ཏེ་དགའ་བར་གྱུར། ། གྲུལ་བུམ་ལུང་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་དེའི་ཚེ་དྲི་ཟ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གིས། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། ཀླུའི་བུ་མོ་རྣམས་དང་། ཀླུ་རྣམས་དང་། གྲུལ་བུམ་རྣམས་ཀྱི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ངོ་མཚར་ཐོབ་པར་ཐོབ་པར་གྱུར་ཏེ། འདི་ལྟར་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའང་ཡང་དག་པར་བཀའ་སྩ་བྱ་བ་རྣམས་ཀྱང་ཡང་དག་པར་བསྟན་ཏེ། དགེ་བའི་རྩ་བ་འཕེལ་བའང་བསྟན་ལ། ཆོས་གང་ལའང་ལུང་བསྟན་པ་མེད་པར་ཡང་ཡང་དག་པར་བསྟན་པ་འདི་ནི་ངོ་མཚུར་རྨད་དོ་སྙམ་ནས་དེ་དག་གིས་ཆོས་དེ་ལྟ་བུ་ཁོང་དུ་ཆུད་དེ། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱ་བའི་སེམས་རྒྱ་ཆེན་པོ་སྐྱེས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པར་གྱུར་ཏེ། རབ་ཏུ་དགའ་བའི་ཡིད་དང་ལྡན་པ་དེ་དག་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། གླང་པོ་ཆེའི་རྒྱལ་པོས་སྲུངས་ཀྱི་བུ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་མངོན་པར་སྤྲུལ་ཏོ།། གླང་བློ་ཆེས་སྲུངས་ཀྱི་བུ་དེ་དག་རེ་རེ་ཞིང་མགོ་བོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དྲུག། མགོ་བོ་རེ་རེ་ཞིང་སོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དྲུག། སོ་རེ་རེ་ལའང་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ཞིང་ཡང་པདྨ་བདུན་བདུན། པདྨ་རེ་རེ་ཞིང་ཡང་འདབ་མ་བྱེ་བ་ཕྲག་སྟོང་སྟོང་། འདབ་མ་རེ་རེ་ཞི་ཡང་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ཞིང་ཡང་འཁོར་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་ལྷའི་བདུག་སྤོས་ཐོགས་པ་བདུན་བདུན་ཞིང་པདྨའི་ལོ་མའི་མཐའ་མཐའ་ན་འཁོད་པས་བསྐོར་བ་མངོན་པར་སྤྲུལ་ཏོ། ། གླང་པོ་ཆེ་ས་སྲུངས་ཀྱི་བུ་དེ་དག་གི་མགོ་རེ་རེ་ལའང་རིན་པོ་ཆེ་སྣ་བདུན་གྱི་གདུགས་ནས། རིན་པོ་ཆེ་སྣ་བདུན་གྱི་དྲ་བ་དག་གིས་གཟུངས་བྱས་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ལྡ་ལྡི་བྲེས་པའི་བར་དང་ལྡན་པ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་དྲུག་མངོན་པར་སྤྲུལ་ཏོ། ། གླང་པོ་ཆེའི་མགོ་བོ་ཐམས་ཅད་ལའཇ་ལྷའི་སྤོས་ཀྱི་བླ་རེ་སྣ་ཚོགས་རིན་པོ་ཆེ་སྣ་ཚོགས་ཀྱི་ལྡ་ལྡི་བྲེས་པ་ཤ་སྟག་མངོན་པར་སྤྲུལ་ཏོ།། དེ་ནས་དྲི་ཟ་དེ་དག་གླང་པོ་ཆེ་ས་སྲུངས་ཀྱི་བུ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་པོ་དེ་དག་ལ་ཞོན་ཏེ། ལྷའི་རོལ་མོ་སིལ་སྙན་ལེན་ཅིང་ནམ་མཁའ་ལ་རྒྱུ་སྟེ། བཅོམ་ལྡན་འདས་ལ་ལན་སུམ་ཅུ་རྩ་དྲུག་ཏུ་བསྐོར་བ་བྱས་ནས། ལྷའི་ཙན་དན་གྱི་ཕྱེ་མས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ།། ལྷའི་ཨ་ཀ་རུའི་ཕྱེ་མ་དང་། ལྷའི་ཏ་མ་ལའི་ལོ་མ་དང་། ཨུཏྤ་ལའི་ཕྱེ་མ་དང་། ལྷའི་གསེར་ཕྱེ་དང་། ལྷའི་མེ་ཏོག་མན་ད་ར་བ་དང་། མན་དར་བ་ཆེན་པོ་དང་། མན་ཟུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཤ་ཀ་དང་། པ་རུ་ཤ་ཀ་ཆེན་པོ་དང་། མདོག་དཀར་དང་། མདོག་དཀར་ཆེན་པོ་དག་གིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ།། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། སྨུག་དང་། མུ་ཏིག་དམར་པོ་དང་། རྗེའི་སྙིང་པོའི་མེ་ཏོག་རྣམས་དང་། སྤྲུལ་པའི་མེ་ཏོག་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏེ།། སྤོས་ཀྱི་བླ་རེ་དེ་དག་ལས་སྤོས་ཀྱི་དང་བྱུང་སྟེ་འགྲོ་ཞིང་ལྡོག་གོ།། ལྷའི་སྤོས་ཆུ་རྣམ་པ་སྣ་ཚོགས་ཀྱི་ཆར་ཡང་སྟེང་གི་བར་སྣང་ལས་མངོན་བར་བབ་བོ། ། སྤོས་ཆུའི་ཆར་དེ་མངོན་པར་བབ་པས་ཀྱང་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་སྤོས་ཆུས་རྫབ་ཏུ་གྱུར་ཏེ། སྤོས་ཆུའི་རྫབ་དེའི་དྲིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་གང་བར་གྱུར་ནས། སེམས་ཅན་གང་དག་གིས་སྤོས་ཀྱི་དྲི་དེ་ཚོར་བར་གྱུར་པ་དང་། རོལ་མོ་སིལ་སྙན་དེ་དག་གི་སྒྲ་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། ། དེ་ལྟར་དྲི་ཟ་རེ་རེས་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར། བླངས་ཆེ་ས་སྲུངས་ཀྱི་བུའི་མགོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ལ། ལྷའི་བུ་མོ་གླུ་ལེན་པ་དང་། གར་བྱེད་པ་འཁོད་པ་དག་གིས་མཆོད་དེ། སྐྱེ་བོ་ཐམས་ཅད་ཀྱང་འདུན་པར་བྱས་སོ།། ལྷའི་བུ་མོ་དེ་དག་ལས་ལ་ལ་ནཱི་ལུས་ཀྱི་ཚུལ་སྦྱར། ཡ་ལ་ནི་ཙན་དན་དང་། ཨ་ཀ་རུ་དང་། ཏམ་ལའི་ལོ་མའི་ཕྱེ་མ་འཐོར། ལ་ལ་ནི་ལྷ་མ་ཡིན་གྱི་ལྷ་རྫས་ཀྱི་ཕྱེ་མ་དང་། སྤོས་རྣམ་པ་སྣ་ཚོགས་ཀྱི་ཕྱེ་མ་འཐོར་ལ་ལ་ནི་མེ་ཏོག་མན་ད་ར་བ་དང་། མན་ད་ར་བ་ཆེན་པོ་ནས་སྐུ་སྣར་ཁྲ་བོ་དང་། སྒྲ་སྣར་བཀྲ་ཆེན་གྱི་བར་གྱི་མེ་ཏོག་དང་། སྤྲུལ་པའི་མེ་ཏོག་རྣམས་འཐོར། ལ་ལ་ནི་གསེར་གྱི་མེ་ཏོག་ནས་རྡོའི་སྙིང་པོའི་བར་གྱི་མེ་ཏོག་དང་། དབྱིག་དང་། གསེར་དང་། རིན་པོ་ཆེ་སྙམ་པས་བླངས་ཏེ། བཅོམ་ལྡན་འདས་ལ་མངོན་པར་འཐོར། ལ་ལ་ནི་ན་བཟའ་དག་འཐོར། ལ་ལ་ནི་ཞབས་ཀྱི་རྒྱན་དང་། ཀླུ་རེགས་དང་། གསེར་གྱི་འཕྲེང་བ་རིན་པོ་ཆེས་སྦས་པའི་བར་དག་འབུལ་ལོ།། ལ་ལ་ནི་གསེར་གྱི་དྲ་བ་དག་འཛིན། ལ་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱལ་མཚན་དང་། རིན་པོ་ཆེའི་བ་དན་ཁ་དོག་སྣ་ཚོགས་དང་། ཚོན་སྣ་ཚོགས་ཅན་འཛིན། ལ་ལ་ནི་ལྷའི་སྤོས་ཆུའི་ཆར་བ་བེབས་ཏེ། ལྷ་མ་ཡིན་གྱི་བུ་མོས་ཚིགས་སུ་བཅད་པ་ངག་གིས། བཅོམ་ལྡན་འདས་ལ་མངོན་པར་བསྟོད་པའི་བར་དུ་སྔ་མ་བཞིན་ནོ། ། དེ་ནས་དྲི་ཟ་དེ་དག་གླང་པོ་ཆེའི་རྒྱལ་པོ་ས་སྲུངས་ཀྱི་བུ་དེ་དག་ལ་ཞོན་ནས། བཅོམ་ལྡན་འདས་ལ་བསྐོར་བ་བྱེད་བྱེད་པ་ལས། @#གླང་པོ་ཆེ་ས་སྲུངས་ཀྱི་བུ་དེ་དག་ལས་བབས་ཏེ། ཡང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འཁོད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བཅོམ་ལྡན་འདེགཤེགས་སྲིད་པ་མཐར་ཕྱིན་པ།། སྲིད་པའི་བཅིངས་ལས་འགྲོ་བ་རྣམ་གྲོལ་མཛད། ། ཁྱོད་འདྲ་སྲིད་གསུམ་གང་ནའང་མ་མཆིས་ཏེ།། ཁྱུ་མཆོག་ཁྱོད་ནི་གཟུགས་དང་མཚན་མཆོག་མངརའ།། མི་མཆོག་ཁྱོད་ཀྱིས་ས་ཆེན་འདི་སྟེང་དུ།། གྲགས་པ་མཐའ་ཡས་མངའ་བས་ངོ་མཚར་བསྟན། ། འགྱུར་བགྱིད་ཆོས་ནི་གང་ཡང་མ་མཆིས་ལ།། དགེ་བའི་ཚོགས་ལ་འགྲོ་བ་རབ་ཏུ་བཀོད།། བདེ་གཤེགས་འགྱུར་བ་མེད་པའི་དེ་བཞིན་ཉིད།། བརྗོད་པ་ཙམ་སྟེ་གཞན་ནི་ཅི་མ་མཆིས། ། ཐ་སྙད་གདགས་དང་ཐ་སྙད་འདོགས་མ་མཆིས།། འོན་ཀྱང་བདེ་གཤེགས་ཁྱོད་ནི་འགྲོ་བ་སྦྱོང་།། བདེ་བར་གཤེགས་པས་སོང་མེད་འོངས་མེད་དང་།། གནས་མེད་རང་བཞིན་གྱིས་ནི་སྟོང་པ་དང་། ། ཆོས་རྣམས་འདི་དག་རང་བཞིན་མེད་ཅེས་བསྟན།། རྒྱལ་བ་མཆོག་གིས་བྱ་བ་རྣམས་ཀྱང་བསྟན།། ཆོས་རྣམས་གང་ཡང་བྱ་བ་བྱེད་མ་མཆིས།། འཇིག་རྟེན་གཙོ་བོས་བྱ་བའང་ཡོངས་སུ་བསྟན། ། བདག་དང་གཞན་གྱི་ཡོན་ཏན་མི་དགོངས་ལ།། བཅོམ་ལྡན་འདས་ཀྱིས་བགྱི་བ་ཀུན་ཀྱང་བསྟན།། ཤིང་རྟའི་ཡན་ལག་རྣམ་པ་སྣ་ཚོགས་དག། བདག་དང་གཞན་གྱི་ཡོན་ཏན་མི་སེམས་ཀྱང་། ། ཤིང་རྟའི་བགྱི་བ་དག་ཀྱང་བགྱིད་པར་འགྱུར།། དེ་བཞིན་ཆོས་ཀུན་བདེ་བར་གཤེགས་པས་གསུངས།། ཆོས་ནི་ཆོས་ལ་ཡོངས་སུ་སྲུལ་མི་བགྱིད།། ཆོས་ནི་ཆོས་ལ་དྲན་པར་བགྱིད་མ་མཆིས། ། ཆོས་རྣམས་ཆོས་ལ་ཉེ་བར་མི་རྟེན་ཏེ།། ཆོས་རྣམས་གང་ཡང་མ་སྐྱེས་འཆི་མ་མཆིས།། འགྲོ་བ་འདི་དག་ཀུན་རྫོབ་མངོན་པར་གསུངས།། ཀུན་རྫོབ་དེ་ཡང་དེ་ནམ་མཆིས་ཏེ། ། འགྲོ་བ་འདི་དག་ཀུན་རྫོབ་ཇི་བཞིན་ཞེས།། ཚོགས་ཀྱི་སློབ་དཔོན་ཁྱོད་ཀྱིས་ཡང་དག་གསུངས།། མིང་གི་རང་བཞིན་གང་ནའང་མ་མཆིས་ལ།། བདེ་བར་གཤེགས་པས་བྱ་བ་རྣམ་པར་བཞག། ཆོས་ཚུལ་འདི་འདྲ་ཡོངས་སུ་བསྟན་པས་ན།། འཇིག་རྟེན་མཁས་པས་ཤིན་ཏུ་ངོ་མཚར་མཛད།། དེ་བཞིན་བདག་ཅག་བདེ་གཤེགས་ཉིད་གྱུར་ཏེ།། ནོར་པའི་འགྲོ་བ་བློ་གྲོས་སྟོར་བ་རྣམས། ། ཆོས་ཀྱིས་རྒྱོ་ཀྱི་ཚུལ་ལ་གཟུང་བགྱིས་ཏེ།། ཞི་བའི་གོ་འཕང་འཆི་མེད་ཐོབ་པར་བགྱི།། རྣམ་པར་འདྲེན་པ་ཁྱོད་ནི་ཅི་འདྲ་བར།། འདྲེན་པ་བདེ་གཤེགས་གྲགས་པ་མཐའ་ཡས་པ། ། ཐུགས་རྗེ་ལྡན་པ་ཕན་བཞེད་འཇིག་རྟེན་མཁས།། བསོད་ནམས་བརྒྱ་ཡི་མཚན་དང་ལྡན་པར་ཤོག། ཇི་ལྟར་བདེ་གཤེགས་ཁྱོད་བཞིན་བདག་ཅག་གིས། ། ང་རྒྱལ་བ་སྒྲིབས་པའི་འགྲོ་བ་སྡུག་བསྔལ་བ།། འདོད་པའི་ཡོན་ཏན་རྒྱུན་གྱི་རྗེས་འགྲོ་བ།། མངོན་དགའ་སྡུག་བསྔལ་བརྒྱ་ལྡན་ཡོངས་སུ་དགྲོལ།། ཇི་ལྟར་བདེ་གཤེགས་ཁྱོད་བཞིན་བདག་ཅག་གིས། ། འགྲོ་བ་སྡུག་བསྔལ་གནོད་པ་མྱོང་འགྱུར་ལ།། གཡོ་ཡི་ཞགས་པས་ཟིན་ཅིང་མུ་མ་མཐོང་།། ཡོངས་འཐོམ་སྤྲེའུ་ལྟར་རྒོད་པ་ཡོངས་སུ་དགྲོལ། ། ཇི་ལྟར་བདེ་གཤེགས་ཁྱོད་བཞིན་བདག་ཅག་གིས།། འགྲོ་བ་མི་མཁས་མིག་དང་བྲལ་བ་ཡི།། ལྷ་ཚོགས་སོངས་སྒོ་གཉིད་ཀྱིས་ལོག་གྱུར་ཅིང་།། བདག་ཉིད་ལས་ཀྱི་འབྲས་བུ་ཆུད་གསོན་དགྲོལ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲི་ཟ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་པོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། བདེ་གཤེགས་མཐའ་ཡས་གཟིགས་པས་འཛུམ་པ་མཛད།། འདྲེན་པ་རྒྱུ་མ་མཆིས་པར་མི་འཛུམ་ན།། བདེ་ག་འཛུམ་པའི་རྒྱུ་ནི་མྱུར་དུ་གསུངས། ། ནེམ་ནུར་གནོད་གྱུར་རྣམས་ཀྱི་ཐེ་ཚོམ་སོལ།། བདེ་གཤེགས་ཁྱོད་ཀྱི་ཞལ་གྱི་འཛུམ་མཐོང་ནས།། སྐྱེ་བོ་འདི་དག་ཐེ་ཚོམ་རྙེད་པར་གྱུར།། འཛུམ་པའི་དོན་ནི་དེ་དག་ཉན་པར་འཚལ། ། ཐུབ་ཆེན་འགྲོ་བའི་ཐེ་ཚོམ་བསལ་དུ་གསོལ།། བདེ་བར་གཤེགས་ཀྱི་བསྟན་ལ་སུ་ཞིག་ཞུགས།། ཐེ་ཚོམ་བྲལ་ཞིང་སོམ་ཉི་བསལ་བར་གྱུར།། བཅོམ་ལྡན་འདས་ཀྱིས་གང་གི་བསམ་མཁྱེན་ནས། ། མི་ཡི་མཆོག་གིས་འཛུམ་པ་བསྟན་པ་མཛད།། སུ་ཞིག་བདེ་གཤེགས་བཀའ་སྩལ་ཚུལ་བཞིན་དུ།། བློ་གྲོས་རྟོགས་པ་ཆོས་བཞིན་གནས་པར་གྱུར།། གང་གི་བློ་གྲོས་དྲན་རྟོགས་བློ་མཁྱེན་ནས། ། བདེ་གཤེགས་འགྲོ་བའི་ནང་དུ་འཛུམ་པ་མཛད།། འགྲོ་བ་འདི་དག་བློ་གཞན་ཡོངས་བཏང་སྟེ།། བདེ་གཤེགས་འཛུམ་དོན་ཞལ་ནས་ཐོས་པར་དཀའ།། སོར་བཅུའི་ཐལ་སྦྱར་མགོ་ལ་བཞག་བགྱིས་ཤིང་། ། དགའ་བའི་ཡིད་ཀྱིས་སྟོན་པའི་ཞལ་དུ་ལྟ།། ཉོན་མོངས་བྲལ་ཞིང་མྱ་ངན་རབ་སྤངས་པ།། དགྱེས་པའི་ཐུགས་མངའ་ཐུབ་ཆེན་འཇིག་རྟེན་མིག། འགྲོ་བའི་ཡིད་གཉིས་སོམ་ཉི་བསལ་དུ་གསོལ། ། རྒྱལ་བ་ཐུགས་རྗེ་ལྡན་པས་འཛུམ་རྒྱུ་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚོགས་སུ་བཅད་དེ་སླར་བཀའ་སྩལ་པ། འགྲོ་བའི་དོན་དུ་འཛུམ་པ་ངས་མཛད་པ།། ཁྱོད་ཀྱིས་དོན་དྲིས་འཐུན་ཞིང་ལེགས་པ་སྟེ།། འཛུམ་པ་དེ་ཡི་དོན་ནི་ལུང་བསྟན་པས།། སྐྱེ་བོའི་ཚོགས་ཆེན་དོན་ནི་དེ་རིང་འཕེལ།། འཛུམ་མཛད་རྒྱུ་དེ་རྟ་ཐུལ་མཉན་པར་གྱིས།། རྣམ་པར་འདྲེན་པས་འཛུམ་པ་འདི་མཛད་པ།། དེ་ནི་མ་ལོག་པར་ཡང་ངས་བསྟན་གྱིས།། བསྟན་པ་དེ་ལ་དགའ་བའི་སེམས་ཀྱིས་ཉོན།། དྲི་ཟ་འདི་རྣམ་ཆོས་ཀྱི་རྗེས་སྙེགས་ཤིང་། ། བདེ་བར་གཤེགས་ལ་མཆོད་པ་འདི་དག་བྱས།། ཆོས་ཉིད་བྱུང་བར་གྱུར་པ་མེད་པ་སྟེ།། ཆོས་ཉིད་ཟད་པར་འགྱུར་བའང་མེད་པ་ཡིན།། རྒྱལ་བ་རྣམ་རྟོག་སྒྱུ་མ་ལྟ་བུར་གནས། ། རྟོག་པར་མི་བྱེད་དེ་དག་རྨོངས་པར་འགྱུར།། གང་གིས་ཆོས་གང་རྗེས་སུ་བརྗོད་བྱ་བ།། དེས་ནི་དེ་ཉིད་སྟོང་ཞེས་བདེ་གཤེགས་གསུང་།། དེ་དག་ང་ཡི་ཚིག་དེ་རྟོགས་གྱུར་ནས།། རྟ་མེད་གླང་པོ་མཆོག་གིས་མཆོད་པ་བྱས། ། བྱང་ཆུབ་དམ་པ་རྒ་མེད་ཚོལ་བྱེད་ཅིང་།། དྲི་ཟའི་རྒྱལ་པོ་རྣམས་ཀྱིས་ང་མཆོད་དོ།། ནོར་བའི་འགྲོ་ལ་སྙིང་རྗེ་བསྐྱེད་ནས་ནི།། ཐམས་ཅད་མཁྱེན་པ་ཉིད་དུ་འདི་དག་མོས། ། འདི་དག་ང་ལ་མཆོད་པ་འདི་བྱས་པས།། དྲི་ཟའི་རིས་བོར་དགའ་བའི་ཡིད་གྱུར་ཏེ།། བློ་གྲོས་བཟང་རྣམས་ལྷ་གནས་ལྷ་ཡུལ་བ།། བརྒྱ་བྱིན་ལྷ་འདུས་པར་ནི་འགྲོ་བར་འགྱུར། ། དེ་དག་སངས་རྒྱས་བདེ་གཤེགས་རྡུལ་མེད་པ།། བྱེ་བ་ཁྲག་ཁྲིག་མངལ་མཆོད་བྱེད་འགྱུར།། ཞིང་ནས་ཞིང་དུ་རྗེས་སུ་རྒྱུ་བྱེད་ཅིང་།། དེ་དག་ལ་ནི་མཁས་པ་ཆོས་ཀྱང་ཉན།། དེ་དག་བདེ་གཤེགས་སྤྱོད་པ་ཡོངས་སུ་སྦྱོང་། ། དེ་དག་ཞིང་ཡང་རྟག་པར་ཡོངས་དག་འགྱུར།། རྒྱལ་བའི་གདུང་འཛིན་དེ་དག་སེམས་ཅན་ནི།། ཁྲག་ཁྲིག་མང་པོ་དག་ལ་བྱང་ཆུབ་སྟོན།། འགྲོ་བ་འདི་དག་རང་བཞིན་སྟོང་རིག་ནས། ། བདེ་གཤེགས་འགྲོ་བ་དག་ལ་སྟོན་པར་འགྱུར།། རྒྱལ་བ་ཐམས་ཅད་མཁྱེན་ཅིང་ཀུན་གཟིགས་པ།། རྡུལ་མེད་བསྐལ་པ་ཁྲག་ཁྲིག་བཞུགས་པར་འགྱུར།། སངས་རྒྱས་མཚན་ནི་མཐའ་ཡས་རྟོགས་པ་སྟེ། ། སངས་རྒྱས་རེ་རེ་ཁྲག་ཁྲིག་ཕྲག་མང་བའི།། བསྐལ་པ་རྣམས་སུ་རྡུལ་མེད་གནས་པར་འགྱུར།། ཐམས་ཅད་མཁྱེན་པའི་ལམ་འདི་རྗེས་སུ་སྟོན།། རྒྱལ་བ་ཐུབ་པ་ཉོན་མོངས་བཅོམ་པ་ཡིས། ། དེ་ལྟར་དེ་ཚེ་དྲི་ཟས་མཆོད་ལུང་བསྟན།། རྟ་ཐུལ་གྱིས་ནི་འཛུམ་པའི་དོན་ཞུས་པ།། དྲི་ཟ་ལུང་བསྟན་པ་ནི་བཤད་པ་མཛད།། དྲི་ཟ་ལུང་བསྟན་ཡིད་དུ་འཐར་འགྱུར་བ།། དེ་ཐོས་ནས་ནི་འགྲོ་བ་ཐམས་ཅད་དགའ། ། དེར་ནི་བདེ་བར་གཤེགས་ཀྱི་གསུང་ཐོས་ནས།། ཤཱཀྱ་ཐུབ་ལ་ཐམས་ཅད་སྐྱབས་སུ་དོང་།། དྲི་ཟ་ལུང་བསྟན་པའི་ལེའུ་སྟེ་བཅུ་པའོ།། བམ་པོ་ལྔ་པ།། ། དེ་ནས་གནོད་སྦྱིན་བྱེ་བ་ཕྲག་བརྒྱད་རྒྱུས་ལྷ་མ་ཡིན་རྣམས་ནས། དྲི་ཟའི་བར་དེ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱི་ཤེས་རབ་ཀྱི་རྣམ་པ་ལ་རིམ་གྲོ་ཆེན་པོ་བསྐྱེད་དེ། ཆོས་ཉིད་ལ་འཇུག་པའང་ཐོས་པས། སྟོན་པའི་འདུ་ཤེས་སྐྱེས་པར་གྱུར་ཏོ། ། བཅོམ་ལྡན་འདས་ཀྱང་བློ་ཟད་མི་ཤེས་པའི་འདུ་ཤེས་སྐྱེས་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་བློ་བྲད་མི་ཤེས་པ་ཞེས་བྱ་བར་རིག་ནས། སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་སྐྱེས་པར་གྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་སྐྱེས་པར་གྱུར་ནས། བཅོམ་ལྡན་འདས་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། མངོན་ཤེས་སྟོབས་ནི་ཀུན་ཏུ་མཐའ་ཡས་ཏེ། རྒྱ་མཚོ་ཆུ་འཛིན་པས་མ་འཚལ་དང་འདྲ།། དེ་བས་མཚུངས་མེད་འཇིག་རྟེན་ཕན་མཛད་པ།། མི་ཡི་སེང་གེ་ཁྱོད་ལ་འདི་ལྟར་བསྟོད། ། རི་རབ་སྲང་ལ་གཞལ་བར་ནུས་ཀྱང་གདའ།། གཟི་བརྗིད་ཆེན་པོ་ནམ་མཁའ་གཞལ་རུང་གདའ།། ཤེས་རབ་མཆོག་མངའ་བདེ་གཤེགས་ཡེ་ཤེས་སྟོབས།། ཚད་གཟུང་དཔག་པར་ནུས་པ་ཡོང་མ་མཆིག། འགྲོ་བ་ཀུན་གྱི་བསམ་བཐུགས་སུ་ཆུད།། སྐྱེ་བོ་དྲང་རུང་མི་རུང་གདུལ་མིན་པ།། དེ་དག་ལས་ཀྱི་རྣམ་པ་མངོན་པར་མཁྱེན། ། དེ་བས་མཚུངས་མེད་ཀུན་ཏུ་མཐའ་ཡང་ཡས།། དེ་དག་ཅི་འདྲའི་ཁམས་ལ་རྟེན་པ་དང་།། དེ་དག་སེམས་རྒྱུད་ཅི་འདྲར་འབྱུང་བ་དང་།། དེ་དག་མོས་པ་ཅི་འདྲ་མ་ལུས་མཁྱེན།། དེ་བས་མཚུངས་མེད་ཀུན་ཏུ་མཐའ་ཡང་ཡས། ། འདོད་ཆགས་སྤྱོད་དང་དེ་བཞིན་ཞེ་སྡང་སྤྱོད།། མི་ཡི་གཏི་མུག་སྤྱོད་པ་དེ་བཞིན་མཁྱེན།། ཕྲག་དོག་རྣམ་པའང་དེ་བཞིན་མཁྱེན་པ་སྟེ།། དེ་བས་མཚུངས་མེད་ཀུན་ཏུ་མཐའ་ཡང་ཡས། ། འགྲོ་བ་འདི་དག་ལམ་རྒྱུ་དགར་འཁྱམས་པ།། དེ་དག་མཚུངས་མེད་ཁྱོད་ཀྱིས་རབ་ཏུ་མཁྱེན།། དེ་ལ་ཡེ་ཤེས་རྒྱུད་དུ་རབ་འབྱུང་བས།། དེ་བས་མཚུངས་མེད་ཀུན་ཏུ་མཐའ་ཡང་ཡས། ། བདེ་བར་གཤེགས་པས་འགྲོ་ཀུན་རབ་ཏུ་གཟིགས།། ཆུད་ཟའི་ལམ་རྒྱུད་གང་དུ་འཁྱམས་གྱུར་ཅིང་།། བྱམས་པའི་སྟོབས་ལས་རབ་ཏུ་ཉམས་གྱུར་པ།། དེ་དག་མ་ལུས་ཁྱོད་ཀྱིས་རབ་ཏུ་གཟིགས། ། འགྲོ་བ་རྣམས་ནི་ཇི་སྲིད་དུས་གནས་ཤིང་།། ཅི་འདྲའི་སྡུག་བསྔལ་དེ་དག་རག་འགྱུར་དང་།། ལུས་ཀྱི་རྣམ་པ་ཅི་འདྲ་འཆང་བ་རྣམས།། དེ་དག་འདྲེན་པ་ཁྱོད་ཀྱིས་རབ་ཏུ་གཟིགས། ། མི་ཡི་སེང་གེས་ལྟ་བ་ཅི་འདྲ་དང་།། གང་གིས་སྡུག་བསྔལ་རྣམ་པ་འཐོབ་འགྱུར་བར།། གང་ལ་རྟེན་ཅིང་ལས་རྣམས་བགྱིད་འགྱུར་བ།། དེ་དག་རྣམས་ཀྱང་འདྲེན་པས་རང་ཏུ་གཟིགས། ། དེ་དག་རྒྱལ་བའི་བསྟན་ལ་རབ་བྱུང་སྟེ།། རྣམ་པར་ཐར་པའི་སྒོ་ནི་གང་ཞིག་གིས།། ཅི་འདྲའི་ལམ་ལ་དེ་དག་བསྟེན་བགྱིས་ཤིང་།། ཅི་འདྲའི་ཞི་བ་འཐོབ་འགྱུར་ཁྱོད་ཀྱིས་མཁྱེན། ། བྱིས་པ་གང་རྣམས་བདེ་གཤེགས་བསྟན་པ་ལ།། རབ་ཏུ་བྱུང་ཞིང་འཇིག་རྟེན་མཁས་པ་ཡི།། བསྟན་པ་རབ་ཕྲ་ཇི་ལྟར་སྤོང་འགྱུར་བ།། དེ་དག་རྣམས་ཀྱང་འདྲེན་པས་རབ་ཏུ་གཟིགས་འཇིག་རྟེན་ཕན་པའི་བསྟན་ལ་བརྙས་བགྱིས་པས། ། དམྱལ་བ་ཆེན་པོར་ཇི་སྲིད་གནས་པ་དང་།། ཅི་འདྲའི་སྡུག་བསྔལ་དེ་དག་མྱོང་འགྱུར་བ།། དེ་དག་རྣམས་ཀྱང་འདྲེན་པས་རབ་ཏུ་གཟིགས། ། གང་དག་རྒྱལ་བ་རྣམས་ལ་དང་བསྐྱེད་དེ།། རབ་ཏུ་བྱུང་ནས་རྒྱལ་བའི་བསྟན་འཛིན་ཅིང་།། ཆོས་ཀུན་སྟོང་པ་ཉིད་དུ་ཡོངས་བརྟགས་ནས།། མཚན་མ་ཐམས་ཅད་རྣམ་པར་གཞིག་བགྱིས་ཤིང་། ། འགྲོ་རྒྱུད་ཀུན་ཏུ་སྨོན་པ་རྣམ་སྤངས་ཏེ།། ལུས་འདི་སྒྱུ་མ་འདྲ་བར་རབ་བརྟགས་ནས།། ཕུང་པོ་བྲག་ཆ་འདྲ་བར་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ལྡན་དེ་དག་རབ་ཏུ་གཟིགས། ། མགོན་པོ་ཁྱོད་ལ་བསྟོད་པའི་བསོད་ནམས་གང་།། མཚུངས་མེད་ཁྱོད་ཀྱིས་ཇི་ལྟར་ཐུགས་ཆུད་པ།། དེ་ཡིས་བླ་མེད་སངས་རྒྱས་གྲུབ་པར་ཤོག། འགྲོ་བ་ཀུན་ཀྱང་རང་བྱུང་ཐོབ་གྱུར་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གནོད་སྦྱིན་བྱེ་བ་ཕྲག་བརྒྱད་ཅུ་པོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། མི་ཡི་སེང་གེས་འཛུམ་པ་འདི་མཛད་པ།། མི་ཡི་ཟླ་བ་རང་བྱུང་གྱུར་པ་ནི།། རྒྱུ་མ་མཆིས་བར་འཛུམ་པ་མི་མཛད་ན། ། འཛུམ་པ་དེ་ཡི་རྒྱུ་ནི་བཀའ་སྩལ་གསོལ།། སྟོན་པའི་ཞལ་ནས་འཛུམ་པ་དེ་མཐོང་ནས།། བཅོམ་ལྡན་འཇིག་རྟེན་འདི་དག་ཐེ་ཚོམ་འཚལ།། མགོན་པོས་དེ་དག་ཐེ་ཚོམ་བསལ་དུ་གསོལ། ། འཇིག་རྟེན་འདི་དག་དགའ་བའི་ཡིད་དུ་འགྱུར།། དེ་རིང་སུ་ཞིག་རྒྱལ་ལ་དད་པ་བསྐྱེད།། གང་གིས་ཆོས་རྒྱ་ཆེན་པོ་རྣམ་པར་རྟོགས།། གང་གི་སེམས་ནི་མི་བསྐུལ་གནས་པར་གྱུར། ། དེ་དག་རྒྱལ་བས་འགྲོ་བ་བསྟན་དུ་གསོལ།། དེ་རིང་འཁོར་རྣམས་ཐེ་ཚོམ་ཆེ་འཚལ་ཞིང་།། ཀུན་ཀྱང་རྒྱལ་བའི་ཞལ་དུ་ལྟ་ཞིང་སྡོད།། ཅི་ནས་ཐེ་ཚོམ་མ་མཆིས་ཀུན་འགྱུར་བ། ། དེ་ལྟར་དཔའ་བོས་ཐེ་ཚོམ་བསལ་དུ་གསོལ།། དེ་རིང་འདི་ནི་གང་གི་རྣམ་འཕྲུལ་ལགས།། གང་གིས་བརྩོན་འགྲུས་བཟང་པོ་འདི་བསྟན་ལགས།། གང་ཞིག་ཁྱོད་དང་འདིར་མཇལ་དོན་མཆིས་འགྱུར། ། དེ་ནི་ལེགས་པར་འགྲོ་ལ་བཀའ་སྩལ་གསོལ།། རྒྱལ་བ་འགྲོ་བ་དག་ལ་ཕན་བཞེད་པ།། ཐེ་ཚོམ་འཚལ་བའི་ཡིད་གཉིས་ལེགས་བསལ་གསོལ།། དེ་ཐོས་ལྷ་དང་བཅས་པའི་འཇིག་རྟེན་རྣམས། ། དགའ་ཞིང་མགུ་བ་དག་ཀྱང་འཐོབ་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་དྲི་བ་ལེགས་པར་དྲིས།། དེ་རིང་འགྲོ་བ་དག་གི་དོན་ཆེན་བྱས།། རང་བྱུང་འཛུམ་མཛད་ཅུ་ནི་དྲིས་པས་ན།། སྟོན་པའི་དགོངས་པའང་ཁྱོད་ཀྱིས་ལེགས་པར་མཐོང་།། དེ་དག་ལུང་བསྟན་མ་ལུས་བསྟན་པར་བྱ། ། གནོད་སྦྱིན་ཚོགས་ཀྱི་ཡིད་ནི་གཟིགས་གྱུར་ནས།། འགྲོ་ལ་ཕན་པའི་དོན་དུ་འཛུམ་མཛད་པ།། དད་པའི་ཡིད་ཀྱིས་རྟ་ཐུལ་མཉན་པར་གྱིས།། རྒྱལ་བའི་བྱང་ཆུབ་ཞི་བ་ཤེས་གྱུར་ནས། ། གནོད་སྦྱིན་ཚིགས་ཀྱིས་མོས་པའི་སེམས་བསྐྱེད་དེ།། འབྱུང་པོའི་ཚོགས་དབུས་སངས་རྒྱས་བསྟོད་བྱས་ནས།། བྱང་ཆུབ་དམ་པ་མཆོག་ཏུ་ཡིད་ཀྱང་བཏང་།། ཆོས་རྣམས་སྟོང་པ་ཉིད་དུ་ཤེས་བྱ་དང་།། མཚན་མ་ཐམས་ཅད་རྣམ་པར་གཞིག་པའི་ཕྱིར།། འགྲོ་བ་ཀུན་ཏུ་སྨོན་པ་རྣམ་སྤངས་ཤིང་།། བྱང་ཆུབ་མཆོག་ཏུ་དེ་དག་ཡིད་ཀྱང་བཏང་།། རྣམ་འབྱོར་སྟོབས་ཀྱིས་ཕུང་པོ་རྣམས་བཤིག་ཅིང་། ། ཀུན་རྫོབ་ཙམ་དུ་རིག་ནས་མི་ཆགས་ཏེ།། སྲིད་པ་ཀུན་ཏུ་ཆུ་ལ་པདྨོ་བཞིན།། བྱང་ཆུབ་མཆོག་ཏུ་དེ་དག་ཡིད་ཀྱང་བཏང་།། དེ་དག་སྲིད་པ་གླང་དུ་ཆགས་འགྱུར་བ། ། སྟོང་པར་བཤིག་སྟེ་ཐམས་ཅད་ལེགས་རྟོགས་པ།། དེ་ཉིད་རྒྱལ་བའི་བླ་མད་བྱང་ཆུབ་སྟེ།། བྱང་ཆུབ་ཕྱིར་ནི་དབེན་པའི་བརྟུལ་ཞུགས་ཤེས།། སྐྱེ་དང་རྒ་ཤི་ཡོང་གིས་སྟོང་པ་སྟེ། ། དེ་ནི་རྒྱལ་བའི་བླ་མེད་བྱང་ཆུབ་ཡིན།། དངོས་པོའི་རང་བཞིན་སྟོང་པར་ཤེས་གྱུར་ནས།། ཞི་བ་བླ་མེད་བྱང་ཆུབ་འཐོབ་པར་འགྱུར།། ཕུང་པོའི་རང་བཞིན་དབེན་ཞིང་སྟོང་པ་ཉིད། ། བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད།། གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ།། ཡེ་ཤེས་ལྡན་པས་ཤེས་ཀྱིས་བྱིས་པས་མིན།། ཡེ་ཤེས། རང་བཞིན་སྟོང་པར་རིག་གྱུར་ཏེ།། ཤེས་བྱའི་རང་བཞིན་སྟོང་པར་རིག་གྱུར་ནས།། ཤེས་པ་པོ་དང་འདྲ་བར་རྟོགས་གྱུར་ན།། བྱང་ཆུབ་ལམ་ལ་དེ་དག་སྤྱོད་ཅེས་བྱ།། སྟོང་པའི་རང་བཞིན་སྟོང་བར་ཤེས་པར་བྱ། ། མཚན་མ་མེད་པའང་རང་བཞིན་ཉིད་ཀྱིས་སྟོང་།། སྟོན་པ་མེད་པའང་རང་བཞིན་སྟོང་པ་སྟེ།། དེ་ལྟར་སྤྱོད་ན་གཞན་མིན་སྤྱོད་པ་ཡིན།། དེ་ཐོས་ལྷ་དང་བཅས་པའི་འཇིག་རྟེན་རྣམས། ། དགའ་ཞིང་དེ་དག་སྟོབས་དང་ལྡན་པར་གྱུར།། རང་བྱུང་ཆོས་ལ་དེ་དག་ཡིད་ཆེས་ཏེ།། ཞི་བའི་གནས་ཤེས་བྱང་ཆུབ་ཡིད་ལྡན་གྱུར།། གནོད་སྦྱིན་ཚོགས་རྣམས་དེང་མོས་ཡིད་གྱུར་ཏེ། ། འདི་ལྟར་ངལ་མཆོད་པ་རབ་བྱས་པས།། གནོད་སྦྱིན་རྒྱུད་ནས་ཤི་འཕོས་བློ་ཆེན་རྣམས།། མཐོ་རིས་དོང་ཞིང་ཡུན་རིང་དགའ་བར་འགྱུར།། དེ་དག་མ་འོངས་དུས་ན་རྫུ་འཕྲུལ་གྱིས། ། ཞིང་དུ་དོང་ཞིང་སྐད་ཅིག་གཅིག་ལ་ཡང་།། བློ་ཅནྡ་དེ་དག་རྒྱལ་བ་བྱེ་བ་མཆོད།། དེ་དག་བཟོད་མཁྱེན་རྒྱལ་བ་གདམས་ངག་སྟོན།། དེ་དག་འཇིག་རྟེན་ཕྱོགས་བཅུར་རྫུ་འཕྲུལ་གྱིས། ། མཚན་མ་མེད་པར་སྤྱོད་ཅིང་འདོད་གྱུར་ཏེ།། འཇིག་རྟེན་འདི་དག་སྤྲུལ་པ་འདྲར་ཤེས་ནས།། འཇིག་རྟེན་ཆགས་མེད་མཁས་པ་སྤྱད་པ་སྤྱོད།། དེ་ལྟར་བརྟན་པས་རྒྱལ་བ་རབ་མཆོད་ནས། ། བྱང་ཆུབ་བླ་མེད་དེ་དག་འཐོབ་འགྱུར་ཏེ།། དེ་དག་རྣམས་ཀྱི་ཞིང་ནི་མཐརའ་ཡས་འགྱུར།། སེམས་ཅན་མཐའ་ཡས་པདག་རྣམ་པར་འགྲེལ།། སངས་རྒྱས་མཁྱེན་པ་མཐའ་ཡས་གྲགས་པ་ཅན། ། དེ་དག་མིང་ནི་འཇིག་རྟེན་མཁས་ཞེས་བྱ།། ཞི་བའི་བློ་ལྡན་རྒྱལ་བ་དེ་དག་གི། ཚེ་ཚད་བསྐལ་པ་སྟོང་ནི་ཚང་བར་འགྱུར།། དེ་དག་ཉན་ཐོས་དགེ་འདུན་འགྱུར་བ་ནི། ། རྒྱལ་སྲས་མང་པོ་སྐར་མའི་ཚོགས་རྙེད་དེ།། ཀུན་ཀྱང་བདེ་བས་བསམ་པ་ཐོབ་པར་འགྱུར།། འཇིག་རྟེན་མཁས་པ་རྣམས་ལ་སྡུག་བསྔལ་མེད།། དེ་སྐད་ཐོས་ནས་ལྷར་བཅས་འཇིག་རྟེན་དག། རབ་ཏུ་དགའ་བའི་སེམས་ཀྱིས་བྱང་ཆུབ་ཚོལ།། ངོམས་པར་གྱུར་ནས་བརྩོན་འགྲུས་བརྟན་བརྩམས་ཏེ།། ཀུན་ཀྱང་བརྩོན་འགྲུས་སྟོབས་ཀྱིས་བརྟན་པར་གྱུར།། གནོད་སྦྱིན་ལུང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། ། ། དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ་མི་འམ་ཅི་བྱེ་བ་ཕྲག་བརྒྱད་ཀྱིས། ལྷ་མ་ཡིན་གྱི་མཆོད་པ་དེ་དག་དང་། གནོད་སྦྱིན་གྱི་མཆོད་པའི་བར་དེ་དག་ཀྱང་མཐོང་། ལུང་བསྟན་པའང་ཐོས་ནས། ཤིན་ཏུ་ངོ་མཚར་ཐོབ་པར་གྱུར་ཏེ། འདི་ལྟར་སེམས་ཅན་ཡང་མི་དམིགས་ལ། སྲོག་དང་། སྐྱེ་བ་པོ་དང་། ཤིང་ལས་སྐྱེས་དང་། ཤེད་བུ་དང་། གང་ཟག་དང་། བདག་དང་། བདག་གི་གང་ཡང་མེད་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་ལ་སེམས་ཅན་ཞེས་གདགས་པའི་ཕུང་པོ་དང་། ཁམ་ས་དང་། སྐྱེ་མཆེད་དེ་དག་ཀྱང་མི་དམིགས། ལས་གང་ཡོད་པས་རྣམ་པར་སྨིན་པ་གདགས་པར་བྱ་བའི་ལས་དེའང་མི་དམིགས། བྷང་། ཆུབ་ཀྱང་མི་དམིགས། བྱང་ཆུབ་སེམས་དཔའ་ཡང་མི་དམིགས། སངས་རྒྱས་ཀྱང་མི་དམིགས་ལ། འོན་ཀྱང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལུང་བསྟན་པ་མཛད་པ་འདི་ནི་ངོ་མཚར་རྨད་དོ། ། ཅི་ཞིག་ལས་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པ་མཛད། ཅི་ཞིག་ལས་དགོངས་ཏེ། བྱང་ཆུབ་སེམས་དཔས་ཡང་དག་པར་བསྒྲུབས་པ་དང་། སངས་རྒྱས་ཀྱི་ཆེ་བ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། ཞིང་བཀོད་པ་དེ་དང་། ཞིང་ཡོངས་སུ་དག་པ་དང་།། བྱང་ཆུབ་སེམས་དཔའ་རྣམས་ཞིང་ནས་ཞིང་དུ་འདོང་བ་དང་། དེ་བཞིན་གཤེགས་པ་མཆོད་པ་དང་། མཆོད་པ་དེའི་མཐུ་དང་། སེམས་ཅན་རྣམ་པར་དགོད་པ་དང་། བསྐལ་པ་འདི་སྙེད་ཅིག་གིས་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བ་དང་། བསྐལ་པ་འདི་སྙེད་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པར་འགྱུར་རོ་ཞེས་བྱ་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་ངག་གི་ཉན་ཐོས་འདུས་པ་ནི་འདི་སྐད་ཅིག་ཏུ་འགྱུར་རོ་ཞེས་བྱ་བ་དང་། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པ་འདི་སྙེད་ཅིག་ཏུ་གནས་པར་འགྱུར་རོ་ཞེས་དེ་བཞིན་གཤེགས་པས་ལུང་བསྟན་པ་མཛད། ཅི་ཞིག་ལས་དགོངས་ཏེ། སེམས་ཅན་རྣམས་ཉེ་བར་ལེན་པ་མེད་པས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས། བཅོམ་ལྡན་འདས་ཀྱིས་དགོངས་པ་མཛད་སྙམ་དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་དེ་ལྟ་བུའི་ཐེ་ཚོམ་སྐྱེས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། རྒྱལ་བའི་གསུང་ནི་ཐོས་གྱུར་ནས།། ཤ་རབ་ཆེ་མངའ་བདག་དོགས་སྐྱེས།། སྟོང་པ་ཉིད་དང་ལུང་བསྟན་པ།། བདེ་གཤེགས་བདག་གིས་དེ་མ་འཚལ།། གསུང་བའི་ཟླ་བ་ཆོས་ཀྱི་དབྱིངས།། འགྱུར་མ་མཆིས་ལ་སྟོང་པ་དང་།། རང་བཞིན་མེད་གསུང་ཇི་ལྟ་བུ།། མཆོད་པ་འདི་ཅི་གང་ཟག་མཆོག། སྐྱེ་བའང་མ་མཆིས་བྱང་ཆུབ་ཏུ།། སེམས་བསྐྱེད་པ་ནི་ཇི་ལྟ་བུ། ། སྐྱེས་བུ་མཆོག་གིས་བཀའ་སྩལ་པའི།། ལྡེམ་པོ་ངག་དེ་བདག་མ་འཚལ།། མི་དབང་བདག་པོ་ཇི་ལྟར་ན།། འགག་པ་མ་མཆིས་འཆི་འཕོ་གསུང་།། དེ་ནི་ཡང་དགོ་ལུང་བསྟན་པས། ། ཐུབ་པ་བདག་གི་ཐེ་ཚོམ་ཁུམ།། སྒྱུ་མ་འདྲལ་ལྷར་སྐྱེ་ཞེས།། གསུངས་པ་དེ་ནི་ཇི་ལྟ་བུ།། ལྡེམ་པོར་གསུངས་པ་འདི་དག་ཀྱང་།། ཤཱཀྱ་སེང་གེ་བདག་མ་འཚལ། གནས་པའང་མཆིས་པ་མ་ལགས་ལ།། དགེ་བ་ཤེས་བརྟེན་གསུང་ཇི་ལྟ་བུ།། ལྡེམ་པོར་གསུངས་པ་འདི་དག་ཀྱང་།། སྐྱེས་བུ་ཁྱུ་མཆོག་བདག་མ་འཚལ།། གཡོ་བའང་མ་མཆིས་བགྱི་བ་རྣམས།། རྐང་གཉིས་མཆོག་གསུང་ཇི་ལྟ་བུ།། ལྡེམ་པོར་གསུངས་པ་འདི་དག་ཀྱང་།། དགྲ་བསལ་བཅོམ་ལྡན་བདག་མ་འཚལ།། རང་བཞིན་སྟོང་སྟེ་སྟོང་པ་ཡང་།། རྟོགས་ཤེས་མགོན་གསུངས་ཇི་ལྟ་བུ། ། ཐེ་ཚོམ་རྣམ་པ་འདི་འདྲ་སྐྱེས།། ཤེས་རབ་དཔེ་མེད་བདག་མ་འཚལ།། ཞི་བ་ཡོད་ཅེས་བཀའ་སྩལ་ལ།། ཆོས་ཀུན་ནི་གསུངས་ཇི་ལྟ་བུ།། མཚུངས་མེད་འདི་འདྲའི་ལྡེམ་པོ་ངག། བདག་ལ་རྣམ་པར་བསྟན་དུ་གསོལ།། གྲུ་མཛེས་གྱུར་ཀྱང་ཆོས་ཀྱི་རྣམས།། ནམ་མཁའ་འདྲར་གསུངས་ཇི་ལྟ་བུ།། ཆོས་ནི་རབ་ཏུ་སྤངས་བགྱིད་ན།། མི་མཁས་དམྱལ་ལྟུང་ཇི་ལྟ་བུ།། བསམ་པ་མཐོ་རིས་འཇིག་རྟེན་དང་།། འགྲོ་བ་གཞན་ཡང་གསུངས་པ་དང་།། ལས་དེ་བགྱིད་པ་མ་མཆིས་ལ།། རང་ལས་ཅན་གསུངས་ཇི་ལྟ་བུ།། བཀའ་སྩལ་ཚུལ་འདི་རྣམ་པ་ཡང་།། ཟིལ་གྱིས་མི་ནོན་བདག་མ་འཚལ།། མགོན་པོ་དེ་ལ་བདག་དོགས་ན།། བདེ་གཤེགས་བདག་གི་ཐེ་ཚོམ་སོལ།། དགེ་བའི་ཚོགས་འགྱུར་མ་མཆིས་ལ། ། བྱང་ཆུབ་ཡང་དག་བསྒྲུབ་པའང་གསུངས།། དགེ་སྦྱོང་རྒྱལ་པོའི་གསུང་གི་ཚུལ།། དེ་སྐད་བཀའ་སྩལ་བདག་མ་འཚལ།། ཆོས་རྣམས་ཟད་པ་མེད་གསུངས་ལ།། སྤོང་བྱེད་ལས་ནི་ཟད་བསྟན་པ། ། ཚད་མེད་བློ་མངའ་འདི་ལ་ཡང་།། བདག་ནི་ཡིད་གཉིས་ཐེ་ཚོམ་འཚལ།། ཡང་དག་མཐའ་ཡང་བཀའ་སྩལ་ལ།། མ་ནོར་སྦྱིན་པའང་བསྟན་མཛད་པ།། འདི་ཡང་རབ་རིབ་བྲལ་བ་ཡི། ། སྤྱན་མངའ་སྡིག་སྤངས་བསྟན་དུ་གསོལ།། ཐམས་ཅད་གཟིགས་པ་མ་གཏོགས་པར།། གཞན་གྱིས་བདག་གི་ཐེ་ཚོམ་འདི།། སེལ་ནུས་མ་མཆིས་དེ་ལྟ་བས། བདག་ནི་རྒྱལ་བ་མཆོག་ལ་དང་།། དེ་ནས་བཅོམ་ལྡན་འདས་ཀྱིས།། མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཐེ་ཚོམ་དྲིས་པ་འདི་དག་གསན་ནས། དེ་ལ་ལན་གདབ་པའི་ཕྱིར། མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། སྟོང་པ་ཉིད་དང་ལུང་བསྟན་པ།། བདག་གིས་མ་འཚལ་ཅེས་སྨྲས་པ།། གལ་ཏེ་འགའ་ཞིག་མི་སྟོང་ན།། རྒྱལ་བས་དེ་ལུང་བསྟན་མི་གསུང་། ། ཅི་ཕྱིར་ཞེ་ན་འདི་ལྟ་བུར།། རང་གི་རང་བཞིན་གནས་གྱུར་ན།། འགྱུར་བ་མེད་ཅིང་ཐེར་ཟུག་སྟེ།། དེ་ལ་འཕེལ་མེད་འགྲིབ་པ་མེད།། མེ་ལོང་ཤིན་ཏུ་ཡོངས་དག་ལ། ། ཇི་ལྟར་རང་བཞིན་མེད་པ་ཡི།། གཟུགས་བརྙན་སྣང་བ་དེ་བཞིན་དུ།། ལྗོན་པ་ཆོས་རྣམས་ཤེས་པར་གྱིས།། ཆོས་ཀྱི་དབྱིངས་ནི་འགྱུར་མེད་ན།། མཆོད་པའི་ཡན་ལག་འགྱུར་གང་ཤེས། ། ཡན་ལག་རྣམས་ལ་བརྟག་བྱོས་ལ།། ལྗོན་པ་མཆོད་པ་འདི་ལ་དཔྱིད།། ཆོས་དབྱིངས་རྣམ་པ་ཐམས་ཅད་དུ།། འགྱུར་མེད་སྐྱེ་བོ་མཁས་པས་རྟོགས།། བྱིས་པ་རྣམས་ནི་འདི་ལ་འཁྲུལ། ། བློ་སྦྱངས་པས་ནི་མེད་པར་ཤེས།། སྐྱེ་བའང་མ་མཆིས་སེམས་ཀྱང་བསྐྱེད།། དེ་ནི་མ་འཚལ་ཅེས་སྨྲས་པ།། སྟོབས་བཅུ་མངའ་བའི་ལྡེམ་པོ་དག། གཞན་དུ་མ་སེམས་མཉན་པར་གྱིས།། བྱིས་པ་འཁོར་བར་དགའ་བ་རྣམས།། འཁོར་བར་མངོན་དགའ་སེམས་ཞེན་པ།། ལོག་པའི་སེམས་དང་འདུ་ཤེས་ཅན།། འཁོར་བའི་སྡུག་བསྔལ་མྱོང་བར་འགྱུར།། དེ་དག་སྔོན་ཆད་མ་ཐོས་པའི།། སེམས་མེད་ཆོས་ནི་ངས་བཤད་ན།། བྱིས་པའི་བློ་དང་ལྡན་པ་རྣམས།། འདི་ལ་ཀུན་ཏུ་རྨོངས་པར་འགྱུར། བྱང་ཆུབ་གཞོལ་བའི་སེམས་ཉིད་དང་།། བྱང་ཆུབ་ཕན་ཡོན་ཐོས་གྱུར་ནས།། ཟིལ་གྱིས་མ་ནོན་རང་བྱུང་སེམས།། རྒྱ་ཆེན་དེ་ནི་ཐོབ་པར་འགྱུར།། འགག་པ་མ་མཆིས་འཆི་འཕོ་བ།། རིཡང་མ་འཚལ་ཅེས་སྨྲས་པ།། འཆི་འཕོ་ཡང་དག་ལུང་བསྟན་གྱིས།། གཞན་དུ་མ་སེམས་མཉན་པར་གྱིས།། གང་དག་རྟག་འཛིན་དེ་དག་ལ།། འདི་ལ་མི་འགྱུར་ཐེར་ཟུག་མེད།། དངོས་པོ་འདི་དག་མི་རྟག་ཅེས།། བདེ་གཤེགས་འཆི་འཕོ་རྣམ་པར་བསྟན།། སྒྱུ་མ་འདྲ་ལ་ལྷར་སྐྱེ་བ།། ཇི་ལྟ་བུ་ཞེས་དོགས་གྱུར་པ།། མཐར་ཕྱིན་མ་གྱུར་སློབ་པ་དང་།། སྐྱེ་བ་རྣམས་ལ་མཐོ་རིས་བཤད། ། གནས་པའང་ཡོད་པ་མ་ཡིན་ལ།། དགེ་བ་ཤེས་བསྟན་ཅེས་གང་སྨྲས་པ།། གནས་དང་དཔྲལ་བར་བྱ་བའི་ཕྱིར།། གནས་པ་མེད་པའི་དགེ་བ་ཤེས་བསྟེན།། གཡོ་བ་མ་མཆིས་བགྱི་བ་རྣམས།། བསྟན་པ་མ་འཚལ་ཞེས་སྨྲས་པ།། ཤིང་རྟའི་ཡན་ལག་འདུས་པ་དང་།། ཤིང་རྟའི་བྱ་བ་བཞིན་དུ་རྟོགས།། མི་གང་བདག་ཡོད་ཁས་ལེན་ཅིང་། བྱ་བའང་བདག་གིས་བྱས་ཟིན་པ།། དེ་དག་ལ་ནི་བྱ་བ་དང་།། གཡོ་བ་མེད་པར་བདེ་གཤེགས་བཤད།། རང་བཞིན་སྟོང་སྟེ་སྟོང་པ་ཡང་།། རྟོགས་ཤེས་ང་ཡིས་གང་སྨྲས་པ། བྱིས་པ་ལོག་པའི་བློ་ཅན་རྣམས།། རང་བཞིན་སྟོང་པར་མི་ཤེས་པ།། དེ་དག་རྣམས་ལ་བསྟན་པའི་ཕྱིར།། རང་བཞིན་སྟོང་ཞེས་བདེ་གཤེགས་སྟོན།། ཀུན་ཏུ་རྟོགས་པའི་རྟོགས་པས་བསྐྱེད། ། ཡང་དག་མ་ཡིན་རྟོག་པས་བཅིངས།། ཞི་བ་ཡོད་ཅིང་ཆོས་ཀུན་ཀྱང་།། ཞི་བར་མཐོང་ཞེས་སྨྲས་པ་ནི།། མི་ཤེས་རྨོངས་པར་གྱུར་རྣམས་ཀྱིས།། ཀུན་ཏུ་རྟོག་ལས་སྲེད་པ་སྟེ།། སྐོམ་པས་ཇི་ལྟར་སྨིག་རྒྱུ་ལ།། ཀུན་ཏུ་རྟོག་པས་སྐོམ་པ་སྐྱེ།། མི་མཁས་དེས་ནི་རྟོག་པའི་རྒྱུ།། ཡོད་པ་མིན་ལ་ལོག་པར་བརྟགས།། ཆུ་ཡིན་པར་ནི་མཐོང་གྱུར་ཀྱང་།། སྨིག་རྒྱུ་ལ་ནི་རྒྱུ་མེད་དོ། ། དེ་བཞིན་ཡོངས་སུ་རྟོག་པས་དཀྲུགས།། སྡུག་པ་མིན་ལ་སྡུག་པར་རྟོག། བྱིས་པ་འདོད་ཆགས་ལྡན་པ་དག། སྡུག་དང་ལྡན་པ་རང་བཞིན་གྱིས།། སྡུག་མེད་སྨིག་རྒྱུ་ཆུ་བཞིན་ཏེ།། སྨིག་རྒྱ་ལ་ནི་ཆུ་མེད་དོ།། དེ་བཞིན་གཟུགས་ལ་སྡུག་པ་མེད།། གཟུགས་དེ་སྡུག་པ་མ་ཡིན་ན།། བྱིས་པ་ལོག་པའི་འདུས་ཤེས་ཅན།། སྡུག་པ་རྟོག་པས་བཅིངས་པར་གྱུར།། ཆོས་རྣམས་ནམ་མཁའ་འདྲ་བ་དང་། ། སྤོང་བ་དམྱལ་ལྟུང་ཞེས་སྨྲས་པ།། མེང་བ་མཐོང་བར་མ་གྱུར་པ།། མི་མཁས་རྣམས་ནི་སྐྲག་པར་འགྱུར།། རང་བཞིན་ངོ་བོ་ཉིད་སྟོང་ན།། བདག་ཞེན་དུས་ནི་མི་ཤེས་པ། ། དེ་དག་སྟོང་ཞེས་ཐོས་གྱུར་ན།། བདག་མེད་འགྱུར་ཞེས་བླག་པ་སྐྱེ།། དེ་དག་བདག་ཏུ་མངོན་ཞེན་ཏེ།། ནམ་མཁའ་ལ་ནི་མདུད་བོར་ནས།། སྟོང་པ་གྱ་ནོམ་སྤོང་བྱེད་དེ། ། མི་མཁས་སེམས་དམྱལ་ཆེན་པོར་ལྟུང་།། མཐོ་རིས་འཇིག་རྟེན་ངས་བསྟན་དང་།། སྐྱེ་བོ་འགྲོ་རྒྱུད་གཞན་དག་དང་།། ལས་ཀྱང་ངས་ནི་བསྟན་བྱས་ཏེ།། བྱེད་པ་པོ་ནི་རབ་ཏུ་བཀག། ཡང་དག་ཏུ་ན་འགྲོ་བ་དག། རྨི་འདྲར་བཤད་པར་ཤེས་པར་གྱིས།། རྨི་ལམ་གང་ལའང་དངོས་པོ་མེད།། ལོག་པའི་བློ་ལྡན་མངོན་པར་ཞེན།། ངས་ནི་ལས་ཀྱི་རྣམ་པ་བསྟན།། བྱེད་པོ་ཕྱོགས་བཅུ་རྣམས་ན་མེད། ། ཤིང་རྣམས་རླུང་གིས་བསྐུལ་བ་ལས།། མེ་འབྱུང་འགྱུར་བ་ཇི་བཞིན་ནོ།། བདག་ཅག་མེ་འདི་བསྐྱེད་བྱ་ཞེས།། རླུང་དང་ཤིང་ལ་སེམས་པ་མེད།། འོན་ཀྱང་མེ་ནི་འབྱུང་བལྟར། ། ལས་ཀྱི་བྱེད་པོ་དེ་བཞིན་ནོ།། བསོད་ནམས་ཚོགས་ནི་ཡོད་མིན་ལ།། བྱང་ཆུབ་ཡང་དག་བསྒྲུབ་པ་དང་།། ལེགས་སྤྱད་ཡོད་ཅེས་ཟེར་བ་ནི།། དེ་ཚུལ་ཡང་དག་མཉན་པར་བྱོས། ། མི་ཡི་ཚེ་ཚད་ལོ་བརྒྱ་སྟེ།། དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱིས།། ལོ་ལ་ཕུང་པོར་སྤུངས་པ་མེད།། སྒྲུབ་པ་དེ་ཡང་དེ་དང་མཚུངས།། ཟད་པ་མེད་ཅེས་གང་སྨྲས་དང་།། ལས་ཟད་ཅེས་ནི་ངས་སྤྲས་པ། ། སྟོང་པའི་ཚུལ་དུ་ཟད་པ་མེད།། ཐ་སྙད་ཚུལ་དུ་ཟད་པར་བསྟན།། ཡང་དག་མཐའ་ནི་ངེས་བཤད་པ།། ཕྱིན་ཅི་ལོག་དེའང་ཡང་དག་མཐའ།། ལོག་པའི་བློ་ཅན་བྱིས་པ་རྣམས། ། ཡང་དག་མཐའ་ནི་མི་ཤེས་སོ།། མཚན་ཉིད་ཐམས་ཅད་གཅིག་ཉིད་དེ།། མཚན་ཉིད་མེད་པར་ཤེས་པ་ཡི།། ཡེ་ཤེས་ལམ་དུ་ཞུགས་རྣམས་ཀྱི།། ངེས་པ་ལྗོན་པ་ཁྱོད་ཉོན་ཅིག། ཡི་གེ་གཅིག་གིས་བརྗོད་པ་ཡི།། བྱང་ཆུབ་བློ་ལྡན་རྣམས་ལ་བསྟན།། ཆོས་རྣམས་ཐམས་ཅད་མ་བྱས་པ།། ཨ་ཡི་སྒོ་ཡི་གཟུངས་སུ་བསྟན།། དེ་ལྟར་སྤྱོད་པ་བྱེད་རྣམས་། ། མཚན་ཉིད་མཐའ་ལས་ངས་བསྟན་ཏེ།། འདི་འདྲའི་ཚུལ་ལ་འཇུག་པ་ནི།། ཨ་ཡི་སྒོ་ཡི་གཟུངས་སུ་བསྟན།། ཆོས་རྣམས་ཐམས་ཅད་འགག་མེད་ལ།། ཨ་ཡི་ཆོས་ལ་འཇུག་པར་བསྟན། ། ཨ་སི་སྒོ་ཡི་གཟུངས་བསྟན་པ།། དེ་ཡང་ལྗོན་པས་ཤེས་པར་གྱིས།། ཆོས་རྣམས་རྣམ་པར་རྟོག་མེད་པ།། དེ་ཡང་ཆོས་ལ་འཇུག་པར་གསུངས།། ཆོས་ཀུན་འགྱུར་བ་མེད་པ་ཡ། ཨ་ནི་ཆོས་ཀུན་སྒོ་མོར་བསྟན།། ཨ་ཡི་སྒོ་ཡི་གཟུངས་འདི་དག། ལྗོན་པས་དེ་ལྟར་ཤེས་པར་གྱིས།། མི་ཟད་པ་དང་ཟད་སྨྲས་པ།། ཆོས་ཀུན་མི་ཟད་བརྗོད་བྱ་སྟེ།། སྟོབས་བཅུ་མངའ་བ་ཐམས་ཅད་ཀྱིས། ། མི་ཟད་སྒོ་ཡི་གཟུངས་སུ་བགྷྣཱན།། ཆོས་རྣམས་ཀུན་ལ་སྒོ་མེད་དེ།། དེ་དག་མེད་པས་སྒོ་མི་འབྱུང་།། འདི་ཡང་གཟུངས་སྔོ་ཡིན་ཏེ།། ཨ་ལ་བརྟེན་ནས་འཇུག་པར་བྱ། ། ཆོས་ཀུན་བསམ་གྱིས་མི་ཁྱབ་ཅེས།། ཡང་དག་ཇི་བཞིན་བདེ་གཤེགས་བསྟན།། ཨ་ཡི་སྒོ་ཡི་གཟུངས་བསྟན་པ།། འདི་ཡང་ལྗོན་པས་ཤེས་པར་གྱིས། ཆོས་ཀུན་ལུས་མེད་བྱང་ཆུབ་ཅེས།། བློ་ལྡན་རྣམས་ལ་ངས་བསྟན་པ།། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ།། ཨ་ལ་བརྟེན་ནས་འཇུག་པར་བྱ།། ཆོས་རྣམས་འོང་བ་མེད་པ་སྟེ། ། མེད་པས་དེ་དག་འོང་བའང་མེད།། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ།། ཨ་ལ་བརྟན་ནས་འཇུག་པར་བྱ།། ཆོས་རྣམས་གདགས་པ་མེད་པ་སྟེ།། མེད་པས་དེ་དག་གདགས་པ་མེད། ། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ།། ཨ་ལ་བརྟེན་ནས་འཇུག་པར་བྱ།། ཆོས་རྣམས་རང་བཞིན་མེད་པ་སྟེ།། མེད་པས་དེ་དག་རང་བཞིན་མེད།། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། ། བདེ་བར་གཤེགས་པས་གཟུངས་སུ་བསྟན།། གཟུངས་ཀྱི་སྒོ་མོ་ང་ལས་ཉོན།། ཆོས་ཀུན་ཡིད་ལ་བྱ་བ་མེད།། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ།། བདེ་བར་གཤེགས་པས་གཟུངས་སུ་བསྟན། ། མེད་ཕྱིར་ཆོས་ཀུན་སྒྲིབ་མེད་ཅེས།། དེ་བཞིན་གཤེགས་པས་བསྟན་མཛད་པ།། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ།། ཨ་ལ་བརྟེན་ནས་ཤེས་པར་བྱ།། ཆོས་ཀུན་ཐོགས་པ་མེད་པ་སྟེ།། ཐོགས་པར་བྱ་བ་དེ་མི་དམིགས།། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ།། ཨ་ལ་བརྟེན་ནས་འཇུག་པར་བྱ།། ཆོས་རྣམས་ཐམས་ཅད་མ་སྐྱེས་པར།། མཁས་པས་མཚན་ཉིད་གཅིག་ཤེས་བྱ།། ཆོས་རྣམས་གང་དག་མ་སྐྱེས་པ།། དེ་དག་མིང་མེད་ཤེས་པར་བྱ།། ཆོས་རྣམས་ཡང་དག་མ་ཡིན་ཏེ།། དེ་དག་མ་ལུས་རང་བཞིན་མེང། འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ།། ཨ་ལ་བརྟེན་ནས་ཤེས་པར་བྱ།། གང་དག་མ་སྐྱེས་མ་བྱུང་བ།། དེ་དག་མཐོང་མེད་བསྟན་པར་བྱ།། ལྟ་བ་པོ་ནི་མེད་པ་དང་།། དེ་དག་རྣམས་ཀྱང་མེད་ཕྱིར་རོ། ། ཆོས་ཀུན་མཉམ་མེད་དེ་བས་ན།། མཚན་ཉིད་གཅིག་ཅིང་མཚན་གཞི་མེད།། ནམ་མཁའ་དང་ནི་འདྲ་བ་སྟེ།། ཆོས་ཀུན་ཡོད་པ་མ་ཡིན་ནོ།། དེ་ལྟར་ལྷག་མེད་ཆད་པ་མེད། ། མཉམ་གཞག་མེད་ཅིང་གཉིས་སུ་མེད།། གདུང་མེད་བསིལ་མེད་ཚ་བའང་མེད།། ལྟ་བའི་ལམ་མིན་མེད་ཕྱིར་རོ།། དྲང་པོ་མ་ཡིན་ཡོན་པོ་མིན།། མུན་པ་མ་ཡིན་སྣང་བ་མིན།། མཐོང་བ་མེད་ཅིང་ཐོས་མེད་དེ།། མེད་པས་གཟུངས་སུ་ཤེས་པར་གྱིས།། གཡོ་མེད་དྲང་པོའང་མེད་པ་སྟེ།། ཆོས་རྣམས་གསལ་མེད་གཡོ་བ་མེད།། འཁྲུག་པ་མེད་ཅིང་ཁྲོ་བ་མེད།། ཅི་ཡང་མི་བྱེད་ཉེར་ཞི་མེད། ། སྐྱེ་བ་མེད་ཅིང་གནས་ཀྱང་མེད།། འགྲོ་མེད་ལྡོག་མེད་འགྲོ་སེམས་མེད།། ཉལ་བ་མེད་ཅིང་མི་ཉལ་མེད།། སད་པ་མེད་པར་ཤེས་པར་གྱིས།། མིག་ཅན་མ་ཡིན་ལོང་བ་མིན། ། ལྟ་བ་མ་ཡིན་མུན་བསྒྲིབས་མིན།། སྦས་པ་མ་ཡིན་བཞག་པ་མིན།། དུལ་བ་མ་ཡིན་མ་དུལ་མིན།། རྒོད་པ་མ་ཡིན་ཞི་བ་མིན།། འཁོར་མིན་མྱ་ངན་འདས་པ་མིན།། བདེན་མིན་བརྫུན་མིན་དེ་ལྟ་བུར། ། རྒྱལ་བའི་སྤྱོད་ཡུལ་ཤེས་པར་གྱིས།། འཇིག་རྟེན་གདུལ་བའི་དོན་ཕྱིར་གྱི།། འདི་ལ་ཐེ་ཚོམ་གང་ཡང་མེད།། གང་གཅད་བྱ་བའི་ཐེ་ཚོམ་དེ།། དམ་པའི་དོན་དུ་བྱུང་བ་མེད། ། དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ། བཅོམ་ལྡན་འདས་ཀྱིས་ཞུས་པ་ལུང་བསྟན་པ་དང་། གཟུངས་ངེས་པར་བསྟན་པས་ཡོངས་སུ་ཚིམ་པར་གྱུར་ནས། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། ཁང་པ་བརྩེགས་པ་ཤིང་ལ་རྟེན་པ་དང་། པདྨ་ལ་རྟེན་པ་དང་། རི་ལ་རྟེན་པ་དང་། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། རིན་པོ་ཆེའི་གདུགས་ཀྱིས་མཛེས་པར་བྱས་པ། གདུགས་ཀྱི་ལྡ་ལྡིས་མཛེས་པར་བྱས་པ། རྒྱལ་མཚན་དང་བ་དན་གྱིས་བརྒྱན་པ། བླ་རེ་དང་ལྡ་ལྡིས་བརྒྱན་པ་བྱེ་བ་ཕྲག་བརྒྱད་མངོན་པར་སྤྲུལ་ཏེ། མི་འམ་ཅིའི་རོལ་མོ་སིལ་སྙན་བྱེ་བ་ཕྲག་བརྒྱད་ཀྱང་མངོན་པར་སྤྲུལ་ནས། རི་སྤོས་ཀྱི་ངད་ལྡང་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པ་དང་། ཆུ་ལས་སྐྱེས་བའི་མེ་ཏོག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། དེ་མི་འམ་ཅིའི་ཚོགས་དང་ལྷན་ཅིག་ཏུ་ཁང་པ་བརྩེགས་པ་བྱེ་བ་ཕྲག་བརྒྱད་པོ་དེ་དག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཐང་ལས་སྐྱེས་པ་དང་ཆུ་ལས་སྐྱེས་པའི་མེ་ཏོག་དེ་དག་གིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ།། དེ་ནས་ཁང་པ་བརྩེགས་པ་དེ་དག་ལས་བབས་ཏེ་རྐང་པས་དོང་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་མིག་མི་འཛུམ་པར་ལྟ་ཞིང་རྣམ་པས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པར་བྱེད་ཅིང་ཕྱོགས་གཅིག་ཏུ་འཁོད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་འཁོར་དང་བཅས་པའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། བདེ་གཤེགས་དྲི་བྲལ་སྤྱན་མངའ་བ།། རྒྱུ་མ་མཆིས་པར་འཛུམ་མི་མཛད།། ལྷ་མིས་མཆོད་པ་ཡང་དག་ཏུ།། འཛུམ་མཛད་རྙེ་དེ་བཀའ་སྩལ་གསོལ། ། ཐམས་ཅད་མཁྱེན་པ་འཛུམ་མཛད་པ།། འཁོར་གྱིས་མཐོང་ནས་ཐེ་ཚོམ་འཚལ།། ཟླ་བ་ཚེས་ལ་མི་བཞིན་དུ།། སྨྲ་བའི་ཟླ་བའི་ཞལ་དུ་ལྟ།། བདེ་གཤེག་མཛེས་པ་དེང་སུ་ཞིག། གཉིས་མེད་ཆོས་ལ་ཤེས་མཆོག་སྐྱེས།། བདག་ནི་ཐེ་ཚོམ་འཚལ་བར་གྱུར།། མི་མཆོག་དམ་པ་ཐེ་ཚོམ་སོལ།། བདེ་གཤེགས་གང་གིས་ཆོས་ཉིད་ལ།། ད་པ་ཐོབ་ན་བཅོམ་ལྡན་འདས།། འདི་ལྟར་འཛུམ་པ་མཛད་པར་གྱུར།། སྨྲས་མཆོག་བདག་གི་ཐེ་ཚོམ་ཁུམ།། ཐམས་ཅད་ལྡན་པའི་འཁོར་འདི་ཡིས།། བཅོམ་ལྡན་བསྟན་ཐོས་ཡིད་དགའ་ཞིང་། ། ཐེ་ཚོམ་མ་མཆིས་སོམ་ཉི་ཆད།། ཇི་ལྟར་བསྟན་ཞིང་གནས་པར་འགྱུར།། དེ་ལྟས་རྐང་གཉིས་རྣམས་ཀྱི་མཆོག། འགྲོ་ལ་ཐུགས་བརྩེ་མཛད་པ་དང་། ། ཐེ་ཚོམ་གཅད་སྨད་ལྗོན་པ་དང་།། མིདྡྷི་རྣམས་ཀྱི་ལུང་བསྟན་གསུངས། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ། སྐྱེ་བོ་ཚོགས་ཆེན་རྣམས་ནང་དུ།། སངས་རྒྱས་ཡོན་ཏན་སྟེན་འགྱུར་བ།། ལྗོན་པའི་ལུང་བསྟན་གང་དྲིས་པ།། རྟ་ཐུལ་ཁྱོད་ཀྱིས་ལེགས་པར་དྲིས། ། ཡེ་ཤེས་མཐོང་བ་སྒྲིབ་མེད་པ།། བདེ་གཤེགས་ཡེ་ཤེས་ངོ་མཚར་ཅན།། དེང་ཁྱོད་དང་བའི་ཡིད་བྱོས་ལ།། སྐྱོན་མེད་ཡིད་ཀྱིས་ང་ལས་ཉོན།། འཇིག་རྟེན་ཕན་དང་བདེ་བའི་ཕྱིར།། ལྗོན་པས་ཐེ་ཚོམ་གང་དྲིས་པ།། དེ་ཡི་འབྲས་བུ་བརྗོད་པར་བྱས།། ཐེ་ཚོམ་བཅད་པ་ལ་ཉོན།། ལྗོན་པ་ལ་སོགས་མི་འམ་ཅི།། བྱེ་བ་ཕྲག་བརྒྱད་འདིར་ལྷགས་པ། ། དེ་དགང་ལ་མཆོད་བྱས་ནས།། འདི་ནས་ཤི་འཕོས་མཐོ་རིས་འདོང་།། བསལ་པ་བྱེ་བ་དགུ་བཅུར་དེར།། ལྷ་མིན་ནང་དུ་འཁོར་བར་འགྱུར།། མངོན་པར་ཤེས་པ་ལྔ་བསྒོམས་ནས།། སེམས་ལ་དབང་སྒྱུར་དབང་ལྡན་འགྱུར།། མི་ཡི་སེང་གེ་དེ་དག་གིས།། སངས་རྒྱས་ཞིང་ཕྲག་ཁྲག་ཁྲིག་ཏུ།། སྤྲུལ་བཀྱེ་རང་ནི་ལྷ་གནས་ན། ། བསམ་གཏན་དགའ་བའི་བདེ་བ་མྱོང་།། བསྐལ་པ་བྱེ་བ་དགུ་བཅུར་ཡང་།། དེ་དག་ལྷ་མིར་འཁོར་འཁོར་ནས།། རང་རང་ཞིང་རྣམས་སྣ་ཚོགས་སུ།། བྱང་ཆུབ་རྣམ་པར་འཚང་རྒྱར་འགྱུར། ། རྟག་ཏུ་གནང་བའི་བསྐལ་བ་ལ།། མི་ཡི་སེང་གེ་འཇིག་རྟེན་མགོན།། ཆགས་མེད་ཡེ་ཤེས་མཐོང་དཔག་ཡས།། སྟོབས་བཅུ་གངྒཱ། བརྗིད་མཐའ་ཡས་འགྱུར།། དེ་དག་ཞིང་དུ་སེམས་ཅན་གང་།། ཡོངས་སུ་མ་སྨིན་འགའ་མི་སྐྱེ།། ཉན་ཐོས་ཐེག་པས་གང་བྱུང་བ།། ཀུན་ཀྱང་སྲིད་པ་ཐ་མ་པ།། མི་མི། སེང་གེའི་ཞིང་དེར་ནི།། བྱང་ཆུབ་སེམས་དཔའ་གང་སྐྱེ་བ།། དེ་དག་ཚེ་གཅིག་ཐོགས་པ་སྟེ།། མི་མཆོག་བྱང་ཆུབ་ཐོབ་པར་འགྱུར།། གང་དག་གཙོ་བོར་གྱུར་པ་རྣམས། བདག་ཅག་དཔག་མེད་སངས་རྒྱས་ཞིང་།། ཡོངས་སུ་སྦྱང་བར་བྱའོ་ཞེས།། དེ་འདྲའི་བསམ་པས་རབ་ཏུ་ཞུགས།། སེམས་ཅན་རླབས་ཆེན་དེ་དག་ནི།། སྨོན་ལམ་རྒྱ་ཆེན་ཡུན་རིང་བཏབ། ། དེ་དག་འདི་ནས་ཤི་འཕོས་ནས།། བསམ་པས་རང་བཞིན་རྣམ་པར་སྦྱོང་།། ཉོན་མོངས་འཇོམས་པ་དེ་དག་གི། ཞིང་གི་བཀོད་པར་འགྱུར་བ་ནི།། དགའ་ལྡན་གནས་ཀྱི་ལོངས་སྤྱོད་རྣམས། ། ངན་སོང་ཀུན་ཀྱང་ཡོངས་སུ་དག། དེ་དག་ཞིང་དུ་རྣམ་ཀུན་ཏུ།། མི་ཁོམ་གང་ཡང་འབྱུང་མི་འགྱུར།། ཞིང་རྣམས་ཡོངས་སྦྱངས་དེ་དག་ནི།། ། སེམས་ཅན་རྣམས་ཀྱང་བདེ་བར་འདྲེན།། དེ་ལྟར་འཇིག་རྟེན་མགོན་པོ་ཡིས།། མི་ཅི་རྣམས་ཀྱི་ལུང་བསྟན་བཤད།། ལུང་བསྟན་དེ་ཐོས་འཁོར་གྱི་རྣམས།། ཀུན་ཀྱང་། ཡིད་ནི་རངས་པར་འགྱུར།། མི་འམ་ཅི་ལུང་བསྟན་པའི་ལེ་རུཿ་བཅུ་གཉིས་པའོ།། ། དེ་ནས་ལྔ་འཕྲེང་ལྡན་གླང་པོ་ཅན་བརྒྱད་ཁྲིན། ལྷ་མ་ཡིན་རྣམས་ནས། མི་འམ་ཅིའི་བར་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། སངས་རྒྱས་ཀྱི་ཆོས་རྣམས་ལ་མོས་ཤིང་། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། དེ་དག་གིས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་ཀྱི་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་མེ་ཏོག་མན་ད་ར་བས་པུས་མོ་ནུབ་ཙམ་དུ་གང་བར་བྱས་སོ། ། དེ་ནས་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཚོགསུ་བཅད་པ་དག་གིས་མངོན་པར་བསྟོད་པ། ཞི་བའི་དབང་པོ་འཛུམ་པའི་ཞལ།། སྲོག་ཆགས་ཀུན་ལ་ཐུགས་བརྩེ་བ།། བདེ་བར་གཤེགས་པ་ཐུགས་རྗེ་ཅན། ། འཇིག་རྟེན་བདག་པོ་མི་ཡི་བདག། སངས་རྒྱས་ཆོས་ལ་མོས་པ་ཡི།། འཁོར་འདི་ཇི་སྲིད་འདིར་གནས་པར།། ཞབས་མཆོག་མཛེས་ཤིང་དག་ལྡན་པ།། ཐུགས་རྗེ་ཅན་ལ་མགོས་ཕྱག་འཚལ།། ཇི་ལྟར་དགུང་ཟླ་ཉ་བའི་ཚེ།། མི་རྣམས་ཟླ་བར་ཕྱག་འཚལ་བ།། དེ་བཞིན་ལྷ་ཚོགས་འདི་རྣམས་ཀྱང་།། བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ། ། དཔག་ཏུ་མེད་པའི་དགེ་སྤྱད་པ།། དཔགཡས་ཡེ་ཤེས་ཕུང་པོ་ལྡན།། གཟི་བརྗིད་དཔག་ཡས་ཕུང་པོ་ཅན།། བློ་མཆོག་ཁྱོད་ལ་མགོས་ཕྱག་འཚལ།། སྟོབས་བཅུ་མངའ་ཞིང་དཔལ་སྡུག་པ།། བདེན་བཞི་མི་བསྙེངས་དྲི་གསུམ་སེལ།། རྒྱལ་བའི་བཅོ་བརྒྱང་ཆོས་དང་ལྡན།། ཐེ་ཚོམ་མི་མངའ་སྨྲ་བའི་མཆོག། སུམ་ཅུ་རྩ་གཉིས་མཚན་མངའ་ཞིང་། ། དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན།། དབང་པོའི་རྒྱལ་མཚན་མཚུངས་མེད་ཐུགས།། བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ།། ཚུལ་ཁྲིམས་སྟོབས་ཀྱི་མཐར་ཕྱིན་པ། ། ཏིང་འཛིན་སྟོབས་ནས་མི་བསྐྱོད་པ།། ཡེ་ཤེས་སྟོབས་ཀྱི་མཚོན་ཆ་ཅན།། བདུད་སྟོབས་བཅོམཐུབ་རྒྱལ་བ་ལགས།། ཡེ་ཤེས་སྟོབས་མཆོག་རྒྱུས་གྱུར་པ། ། སེར་སྣ་མི་མངའ་ཉན་ཐོས་བཏུལ།། ཞི་བའི་ཐུགས་ཀྱིས་སྤྱོད་མཛད་ཅིང་།། ལྷ་དང་བཅས་པའི་འཇིག་རྟེན་འདུལ།། སྐྱེས་བུ་སེང་གེ་བདྲེ་གཤེགས་ཁྱོད།། གཏི་མུག་ཞི་བགྱིད་ཆོས་བརྙེས་པ།། བདག་ཅག་རྣམས་ཀྱང་སྟོབས་བཅུ་ཡི།། ཆོས་རྣམས་འདིར་ནི་ཐོབ་པར་ཤོག། ཇི་ལྟར་ཐུབ་ཁྱོད་སེམས་ཅན་གྱི།། བསམ་མཁྱེན་དང་མཛད་དེ་བཞིན་དུ། ། འཇིག་རྟེན་སྣང་མཛད་བདག་ཅག་ཀྱང་།། ལྷ་མིར་བཅས་པའི་འགྲོ་དང་བགྱི།། དེ་ལྟར་འགྲོ་བའི་དོན་སླད་དུ།། སྙིང་བརྩེ་ཉེ་བར་བཟུ་ནས་ནི། ། འགྲོ་བ་འཁོར་བའི་མཚོར་བྱིང་བ།། སྲིད་པའི་རྟུ་ལས་བསྔལ་བར་བགྱི། བདག་ཅག་ལྟར་བཅས་འཇིག་རྟེན་གྱི།། འདྲེན་དང་རབ་ཏུ་འདྲེན་གྱུར་ཅིག། འགྲོ་བ་སྡུག་བསྔལ་བརྒྱས་ཉེན་པ།། སྲིད་པའི་རྒྱུད་ལས་དགྲོལ་བར་བགྱི།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་འཕྲེང་ལྡན་གླང་པོ་ཅན་རྣམས་ཀྱི་བསམ་པ་ཐུགས་སུ་ཆུད་ནས་དེའི་ཚེ་འཛུམ་པ་མཛད་དོ། ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་བ། བདེ་གཤེགས་རྣམ་པར་འདྲེན་པ་པོ། ། རྒྱུ་མ་མཆིས་པར་འཛུམ་མི་མཛད།། སྟོབས་བཅུ་ཁྱོད་ནི་འཛུམ་མཛད་པའི།། རྒྱུ་གང་ལགས་པ་བཀའ་སྩལ་གསོལ།། རྒྱལ་བའི་ཞལ་ནས་འཛུམ་མཛད་པ། ། འགྲོ་བ་དང་བགྱི་བྱུང་མཐོང་ནས།། འཁོར་ཀུན་ཐེ་ཚོམ་འཚལ་གྱུར་ཏེ།། འཛུམ་པའི་དོན་ནི་ཉན་པར་འཚལ།། དོན་ཆེན་འཛུམ་པ་མཛད་པའི་དོན། ། བཀའ་སྩོལ་བཀའ་སྩོལ་འདྲེན་པ་མཆོག། དགེ་སྦྱོང་རྣམས་ཀྱི་རྒྱལ་པོ་ཁྱོད།། ཐེ་ཚོམ་ཆད་འགྱུར་བཀའ་སྩལ་གསོལ།། གང་གིས་རྒྱལ་བ་མཉེས་པར་བགྱིས། ། གང་གིས་དེང་ཁྱོད་བླ་མེད་བགྱིས།། སུ་ཞིག་དེ་རིང་གི་ཏིང་ཐོབ་གྱུར།། བདེ་གཤེགས་བདག་གི་ཐེ་ཚོམ་ཁུམ།། དེ་རིང་གང་གིས་བདུད་ཀྱི་གནས།། དཀྲུསས་གཡེངས་ཀུན་ཏུ་འཁྲུགས་པར་བགྱིས། ། དེང་སུས་ལྷ་གནས་ཐམས་ཅད་ཀྱང་།། རབ་ཏུ་དགའ་ཡིད་ལྡན་པར་བགྱིས།། རྒྱལ་བ་ཐུབ་པ་དེ་ལུང་སྟོན།། འགྲོ་བའི་ཐེ་ཚོམ་མྱུར་དུ་འུམ། ། དེ་ཐོས་བདེ་གཤེགས་འཁོར་གྱི་རྣམས།། ཀུན་ཀྱང་རབ་ཏུ་ཡིད་དགའ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཙུད་དེ། ཚེ་དང་ལྡན་པ་རྟ་ཐུལ་ལ་སླར་བཀའ་སྩལ་པ། འཕྲེང་ལྡན་གླང་པོ་ཅན་ལྔ་ཡི།། ལུང་བསྟན་རྟ་ཐུལ་ཁྱོད་དྲིས་པས།། དེས་ན་འགྲོ་བ་མང་པོ་ཡི།། དོན་ཆེན་ཤིན་ཏུ་དང་བྱས་འགྱུར།། སྟོབས་བཅུ་རྒྱལ་བ་མ་དྲིས་པར།། སྲས་མཆོག་བྱང་ཆུབ་ལུང་མི་སྟོན།། དེ་ནི་འགྲོ་བ་མང་དོན་དུ།། དེ་རིང་ཁྱོད་ཀྱིས་རྒྱལ་ལ་ཞུས།། འཕྲེང་ལྡན་གླང་པོ་ལྷ་ཚོགས་ཀྱིས། ། ངལ་སེམས་དང་ང་མཆོད་པས།། བསྐལ་པ་གྲངས་མེད་འདས་འོག་ཏུ།། ཉོན་མོངས་ཕམ་བྱས་རྒྱལ་བར་འགྱུར།། དེ་དག་འདི་ནས་ཤི་འཕོས་ནས།། འཐུན་པར་མི་ཡི་ནང་སྐྱེས་ཏེ། ། རྒྱལ་བ་བྱེ་བ་དཔག་མེད་ལ།། མེ་ཏོག་མཆོག་གིས་མཆོད་པར་འགྱུར།། ཀུན་ཏུ་བདེ་བར་གཤེགས་ཀྱི་སེམས།། སྐྱེད་པར་འགྱུར་ཞིང་འཕེལ་བྱེད་འགྱུར། ། རང་བྱང་མི་ཡི་སེང་གི་ལ།། ཚིགས་སུ་བཅང་བས་བསྟོད་པར་འགྱུ།། མ་འོངས་དུས་ན་འདི་ཀུན་གྱིས།། རྒྱལ་བ་ཁྲག་ཁྲིག་དཔག་ཡས་མང་།། མེ་ཏོག་གིས་མཆོད་ཚིག་བཅད་ཀྱིས། ། མི་མཆོག་རྣམས་ལ་བསྟོད་བྱས་ཏེ།། དེ་དག་བདེ་གཤེགས་རྣམས་མཆོད་ཅིང་།། མཐུ་བོ་ཆེ་ཡི་སྐུ་བསྟོད་ནས།། རབ་ཏུ་དགའ་བའི་བསྐལ་པ་ལ། ། རྣམ་པར་འདྲེན་པར་འཇིག་རྟེན་འབྱུང་།། གྲགས་པ་མཱ་སྨ་དཱ་ནགས་རྒྱུ་བ།། བརྒྱད་ཁྲི་པོ་རྣམས་དེ་དག་ཀུན།། བསྐལ་པ་གཅིག་ལ་བདེ་གཤེགས་འགྱུར། མེ་ཏོག་རྒྱལ་མཚན་ལྡན་ཞེས་བྱ།། དེ་ན་དམྱལ་དང་དུད་འགྲོ་དང་།། ངན་སོང་གཤིན་རྗེའི་འཇིག་རྟེན་མེད།། ཞིང་དེ་ན་ནི་ལྷ་མིན་མེད།། མི་ཁོམ་ཐམས་ཅད་རབ་ཏུ་བཅོམ།། འཕྲེང་ལྡན་གླང་པོ་ཅན་ལྷ་ཡི།། ལོངས་སྤྱོད་སུམ་ཅུ་རྩ་གསུམ་གྱི།། ཅི་འདྲ་བ་ནི་དེ་འདྲར་འགྱུར།། འགྲོ་བའི་ཚེ་ཚད་དཔག་ཏུ་མེད།། དེ་ཚེ་མི་དགེ་སྒྲ་མི་གྲག། མི་དགེ་བྱེད་པ་སྨོས་ཅི་དགོས། ། དེ་ན་རྣམ་འདྲེན་མཆོག་རྣམས་ཀྱི།། སྐྱེ་བོ་རྣམས་ཀྱང་ཆོས་ཅན་འགྱུར།། སྲོག་ཆགས་བྱེ་བ་ཁྲག་ཁྲིག་ཕྲག། གངྒཱའི་བྱེ་མ་རབ་མང་སྙེད།། གྲོལ་བར་བྱེད་འགྱུར་སྟོབས་བཅུ་རྣམས། ། གནས་པ་མེད་པའི་ཆོས་ཀྱང་སྟོན།། གྲགས་པ་མ་སྡུད་དེ་དག་གི། རིང་བསྲེལ་དག་ཀྱང་རྒྱས་པར་འགྱུར།། དེ་དག་རྣམས་ཀྱི་རིང་བསྲེལ་ལའང་། རྒྱལ་བའི་སྐུ་མང་འབྱུང་བར་འགྱུར།། གྲགས་པ་མཐའ་ཡས་ལྡན་རྣམས་ཀྱི།། རིང་བསྲེལ་ཆོ་འཕྲུལ་སྐུ་མཐོང་ནས།། སྲོག་ཆགས་བྱེ་བ་ཁྲག་ཁྲིག་མང་།། བྱང་ཆུབ་ཏུ་ནི་སེམས་སྐྱེད་འགྱུར། ། འཕྲེང་ལྡན་གླང་པོ་ཅན་རྣམས་ཀྱི།། ལུང་བསྟན་འདྲེན་པས་བཀའ་སྩལ་པ།། ཐོས་ཤིང་ཤེས་ནུས་འཁོར་ཀུན་ཀྱང་།། དེ་ཚེ་སེམས་ནི་རབ་ཏུ་དགའ།། འཕྲེང་ལྡན་གླང་པོ་ཅན་ལུང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དགུ་ཁྲིས་ལྷ་མ་ཡིན་རྣམས་ནས། འཕྲེང་ལྡན་གླང་པོ་ཅན་གྱི་ལྷའི་བར་དེ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུ་ལ་སཱི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་མོས་པ་དྲག་པོ་བསྐྱེད་དེ། འདི་ལྟ་སྟེ། དཔེར་ན་ཁམ་པའི་གྲུལ་ཞོན་པའི་མི་ཞིག་ཆུའི་དབུས་སུ་ཕྱིན་ན།། གྲུ་ཆག་ཏུ་འོང་ཞེས་ཚུ་རོལ་ནས་ཕ་རོལ་ཏུ་འགྲོ་བར་བྱ་བའི་ཕྱིར་མོས་པ་དྲག་པོ་སྐྱེད་པ་དེ་བཞིན་དུ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དགུ་ཁྲི་པོ་དེ་དག་ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་ཆེ་བ་ཉིད་ལ་དྲད་པ་སྐྱེས་ནས། སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱ་བའི་ཕྱིར་མོས་པ་དྲག་པོ་སྐྱེས་པར་གྱུར་ནས། དེ་དག་སངས་རྒྱས་ཀྱི་ཆོས་འཚོལ་ཞིང་། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། དེ་དག་རྒྱལ་པོ་ཆེན་པོ་བཞི་དང་ལྷན་ཅིག་ཏུ་རིན་པོ་ཆེའི་བླ་རེ་བཀྲ་བ་བལྟ་ན་སྡུག་པ་དགུ་ཁྲི་མངོན་པར་སྤྲུལ་ཏོ།། དེ་དག་ཀྱང་ཕལ་ཆེར་མུ་ཏིག་དམར་པོ་དང་། སྐར་མདོག་དང་། བཻནྡུཪྻ་དང་། གསེར་དང་། རྡོ་རྗེའི་རང་བཞིན་ཅན་ཤ་སྟག་གོ།། ལྷའི་རོལ་མོ་སིལ་སྙན་དགུ་ཁྲིའང་མངོན་པར་སྤྲུལ་ཏེ། དེ་དག་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་བླ་རེ་དགུ་ཁྲི་པོ་དེ་དག་ཐོགས་ནས། རོལ་མོ་སིལ་སྙན་དགུ་ཁྲི་པོ་དེ་དག་བྱེད་ཅིང་། སྟེང་གི་བར་སྣང་ལས་དོང་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱེད་ཅིང་མེ་ཏོག་མ་ནཱ་ར་བ་དང་། མནྡ་ར་བ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཤ་ཀ་དང་། པ་རུ་ཤ་ཀ་ཆེན་པོ་དང་། སྤྲུལ་པའི་མེ་ཏོག་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏེ། དེ་དག་གིས་མཆོད་པ་བྱས་ནས། ཡང་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཚིགས་སུ་བཅད་པདག་གིས་མངོན་པར་བསྟོད་པ། རྒྱལ་བའི་ཡོན་ཏན་མཐོང་བ་ཡི། ལྷ་ནི་དགུ་ཁྲི་ཐམ་པ་དང་།། འདྲེན་པ་ཁྱོད་ཀྱི་སྤྱན་སྔ་ན།། ཐལ་མོ་རབ་ཏུ་སྦྱར་ནས་མཆིས།། རྒོད་པ་མ་མཆི་ཞུམ་མ་མཆིས།། འདོད་པ་མ་མཆིས་འགྱོད་མ་མཆིས།། མི་བླུན་ངོ་མཚར་མ་མཆིས་པར།། རྐང་གཉིས་མཆོག་ལ་ཕྱག་ཀྱང་འཚོལ།། ཁྱོད་ནི་སྲིད་པའི་རྒྱུད་རྣམས་བཀུམ།། མི་ཤེས་པ་ནི་རྣམ་པར་སྦྱངས།། སྲེད་བའི་ཕུར་པ་རབ་ཏུ་བྱུང་། ། ང་རྒྱལ་རྒྱལ་མཚན་ཁྱོད་ཀྱིས་བསྐལ།། ཁྱོད་ནི་ཟུག་རྔུ་ཕྱུང་བ་སྟེ།། བྲལ་གདུག་པ་ཁྱོད་ཀྱིས་སྤངས།། ཁྱོད་ནི་མཁྱེན་བཞིན་སྤྱོད་པ་སྟེ།། འདྲེན་པ་ཁྱོད་ཀྱིས་རྨ་རྣམས་སོས། ། ཁྱོད་ཀྱིས་ཉོན་མོངས་ཐམས་ཅད་སྦྱངས།། བཅིང་བ་དག་ནི་ཐམས་ཅད་བཅུད།། སྦྱོར་བ་ཀུན་དང་བྲ་བ་སྟེ།། ཐུབ་པ་ཆགས་པ་ཀུན་ལས་འདས།། རྒྱལ་བ་ཁྱོད་ཀྱི་སྤྱོད་ཡུལ་ནི།། སྤྱོད་བ་ཉིད་དང་མཚན་མ་མེད། ། བཅོམ་ལྡན་ཁྱོད་ལ་སྨོན་པ་ཡང་།། རྣམ་པ་ཀུན་ཏུ་མི་མངའ་འོ།། ཁྱོད་ཀྱིས་སྦེད་པ་དྲུང་ནས་ཕྱུང་།། མ་རིག་པས་ནི་ཐུགས་ཀྱང་ཕྱུང་།། རྣམ་པ་བཞི་པོའི་ཕྱིན་ཅི་ལོག། རྣམ་པ་ཀུན་ཏུ་ཡོངས་སུ་སྤངས།། གླང་དུ་འཇིག་རྟེན་མི་ཆུད་དེ།། རི་དྭགས་རྔོན་པས་ཇི་བཞིན་དུ།། འཇིགས་ཤིང་སྐྲག་པར་འགྱུར་བ་ཡི།། ཡང་དག་མཐའ་ནི་ཁྱོད་ཀྱིས་གཟིགས།། སེམས་ཅན་འཇིགས་ཚོགས་ལྟར་ལྷུང་སྟེ། ། སྟོང་པ་ཉིད་ནི་མ་འཚལ་བས།། མ་རིག་པ་ཡི་མུན་པས་གཏིབས།། འཁོར་བའི་བཙོན་རར་དགའ་བར་བགྱིད།། ཁྱོད་ཀྱིས་ཡང་དག་ཇི་བཞིན་དུ།། འགྲོ་ད་ཆང་བསྟོང་འདྲར་གཟིགས། ། གང་གིས་རྣམ་དག་མིག་འགྱུར་བའི།། ཡེ་ཤེས་སྣང་བ་རབ་ཏུ་བསྟན།། ཕུང་པོ་སྟོང་པར་རྣམ་པར་བཤིག། མིང་དང་གཟུགས་ཀྱང་གསོག་འདྲ་ཞིང་།། ཁམས་རྣམས་དང་ནི་སྐྱེ་མཆེད་དག། བདག་མེད་སྟོང་པར་རྣམ་པར་བཤིག། ཆོས་གང་དང་ནི་མིང་གང་གིས།། ཆོས་གང་མངོན་པར་བརྗོད་བགྱི་བ།། ཆོས་དེ་ཆོས་དེས་སྟོང་པ་སྟེ།། ཐུབ་པ་ཁྱོད་ཀྱིས་སྟོང་པར་བསྟན་སྒྱུ་མའི་མཁན་པོས་མེད་པ་ལ། ། སྐྱེ་བོའི་ཚོགས་ཆེན་མངོན་སྤྲུལ་ན།། དེ་ལ་སེམས་ཅན་གདགས་མ་མཆིས།། སྲོག་དང་གང་ཟག་མ་མཆིས་ལྟར།། དེ་བཞིན་ཕུང་པོ་ཁམས་རྣམས་དང་།། དབང་ངག་དང་ཐམ་རྒྱ་བྱུ་། ། ཡང་དགྲ་ས་མིན་སཱ་མྦྷ་ནྟས།། སྐྱེས་བྱུངམ་པས་བརྟན་པ་མཛད།། དྲི་མྱུར་རྫོས་དན་འི་ཀྵིཀྟ། དྲུང་མེད་གཟུགས་ནི་རྣམ་བྲིས་ཤིང། མཉམ་པ་དང་ནི་མི་མཉམ་དང་།། ལྕི་དང་ཡང་བ་བསྟན་གྱིས་ཀྱང་།། བྱིས་པའི་མིག་ནི་བསླུས་པ་སྟེ།། དེ་ལ་མི་མཉམ་ཅི་མ་མཆིས།། དེ་བཞིན་ཆོས་དབྱིངས་མཉམ་ལགས་ན།། བྱིས་པ་རྣམས་ནི་དེ་ལ་རྨོངས། ། གང་ཤེས་ཁྱོད་ཀྱི་བསྒྲུབ་པ་ལ།། ལེགས་བསླབས་རྨོངས་པར་མི་འགྱུར་བ།། ལག་མཐིལ་སྐྱུ་རུ་ར་བཞིན་དུ།། དེ་ནི་ཀུན་མཁྱེན་ཁྱོད་ཀྱིས་བསྟན།། ཤེས་རབ་ཆེན་པོ་ཁྱོད་ཀྱིས་ནི། ། ཡེ་ཤེས་སྒྲོན་མ་རབ་བུས་ཏེ།། ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས།། སེམས་ཅན་རྣམས་ལ་ཆོས་བསྟན་པ།། དེ་ལྟར་བདག་ཅག་མྱུར་དུ་ནི།། བླ་མེད་བྱང་ཆུབ་ཞི་ཐོབ་སྟེ།། ཇི་ལྟར་འདྲེན་པ་ཁྱོད་བཞིན་དུ། ། ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱི།། འཁོར་བའི་ལམ་ལོག་འདི་དག་ཏུ།། འཁྱམས་པར་གྱུར་པའི་སེམས་ཅན་ལ།། ཇི་ལྟར་འདྲེན་པས་བསྟན་པ་བཞིན།། བདག་ཅག་གིས་ཀྱང་ཆོས་མྱུར་བསྟན། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅང་དེ་གསོལ་པ།། རྒྱུ་མ་མཆིས་པར་རྫོགས་སངས་རྒྱས།། འདྲེན་པ་འཛུམ་པ་མི་མཛད་ན།། འཛུམ་པ་མཛད་པའི་འཛུམ་གྱི་རྒྱུ། ། དཔའ་བོ་ཆེན་པོ་ས་ལུང་བསྟན་གསོལ།། སྐྱེས་བུ་དམ་པ་འཁོར་འདི་དག། བདེ་གཤེགས་དེང་བཞད་མཐོང་ནས་ནི།། ཡིད་གཉིས་ཆེན་པོ་འཚལ་གྱུར་ཏེ།། ཀུན་ཀྱང་ཐེ་ཚོམ་འཚལ་བར་འགྱུར། ། དེ་རིང་སུ་ཡིས་བདུན་འམ་བགྱིས།། ནེམ་ནུར་གང་གིས་བཅད་པར་གྱུར།། སུ་ཞིག་དེ་རིང་ཆོས་རྟོགས་གྱུར།། སྐྱེས་བུ་མཆོག་གིས་ལུང་བསྟན་གསོལ།། དེ་རིང་ཁྱོད་ལ་སུ་ཡིས་མཆོད།། སྟོན་པ་གང་གིས་བསྙེན་བཀུར་བགྱིས།། འགྲོ་ཀུན་ནེམ་ནུར་འཚལ་གྱུར་ན།། རྣམ་པར་འདྲེན་པས་ལུང་བསྟན་གསོལ།། ཇི་ལྟར་རྐང་གཉིས་མཆོག་ཁྱོད་ཀྱིས།། ལུང་བསྟན་འདི་དག་ཐོས་གྱུར་ན། ། འགྲོ་བ་ཐེ་ཚོམ་འཆད་འགྱུར་བ།། འདྲེན་པས་དེ་ལྟར་ལུང་བསྟན་གསོལ།། ཅི་ནས་རྣམ་པ་ཐམས་ཅད་དུ།། ཀུནྡ་མཁྱེན་ལམ་ལ་གནས་པའི་རྣམས།། མྱུར་དུ་བྱང་ཆུབ་ཐོབ་འགྱུར་བ།། དེ་ལྟར་འདྲེན་པས་ལུང་བསྟན་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། འགྲོ་བ་རྣམས་ལ་ཕན་པའི་ཕྱིར། ། རྫོགས་པའི་སངས་རྒྱས་མགོན་པོ་ལ།། འཛུམ་པའི་རྒྱུ་རྣམས་དྲི་བྱ་ཞེས།། རྟ་ཐུལ་ཁྱོད་ཀྱིས་དྲིས་པ་ལེགས།། འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར།། བསྟན་པ་ཡིད་དུ་འོང་འགྱུར་ཞིང་།། ཉམས་དགའ་བྱེད་པ་དེ་བཤད་ཀྱིས།། དྲན་པ་མངོན་བྱོས་མཉན་པར་གྱིས།། དགུ་ཁྲི་ཐམ་པའི་ལྷ་རྣམས་ཀྱིས།། མཆོད་པའི་རྣམ་པ་འདི་ལྟ་བུ།། དེ་རིང་དེ་བཞིན་གཤེགས་པ་ལ།། ཤིན་ཏུ་དད་པའི་ཡིད་ཀྱིས་བྱས། ། སངས་རྒྱས་མངོན་པར་བསྟོད་པ་བྱས།། སྟོང་པ་ཉིད་ཀྱང་ཤེས་པར་གྱུར།། ཆོས་རྣམས་ལ་ནི་ངེས་པ་རྙེད།། ང་ཡི་བསྟན་ལ་རབ་ཏུ་གནས། ། སྔོན་ཡང་སངས་རྒྱས་བྱེ་བ་ཕྲག། བརྒྱད་ཅུ་དག་ལ་འདི་དག་མཆོད།། མ་འོངས་དུས་ནའང་སངས་རྒྱས་ནི།། བྱེ་བ་མཐའ་ཡས་མཆོད་པར་འགྱུར།། འདྲེན་པ་དེ་དག་ཇི་སྲིད་དུ།། སངས་རྒྱས་བྱེ་བ་མ་མཆོད་ཅིང་།། བསྙེན་བཀུར་བྱས་པར་མ་གྱུར་པ།། དེ་སྲིད་བྱང་ཆུབ་འཚང་མི་རྒྱ།། དེ་བས་ཤིན་ཏུ་འཕྱི་བ་ན།། ཀུན་ཀྱང་གང་ཟག་མཆོག་ཏུ་འགྱུར།། མཚན་ནི་འོད་ཟེར་འཆང། བ་སྟེ།། འཇིག་རྟེན་ཀུན་མཁྱེན་ཐུབ་པར་འགྱུར།། འཇིག་རྟེན་སྒྲོན་མ་དེ་དག་གི། ཉན་ཐོས་འདུས་པར་འགྱུར་བ་ནི།། བློ་ཡི་མཆོག་དང་ལྡན་པ་དག། འདུས་པ་བརྒྱད་ཅུ་འབྱུང་བར་འགྱུར།། སྒྲིབ་མེད་གཟིགས་པ་དེ་དག་གི། མི་རྣམས་དེ་ཡི་དུས་ཀྱི་ཚེ།། ལོ་གྲངས་བྱེ་བ་བརྒྱད་ཅུ་ཐ་མ།། སྲོག་གི་དབང་པོ་གནས་པར་འགྱུར།། ཤེས་རབ་མཐའ་ཡས་དེ་དག་གི། ཉན་ཐོས་འདོད་ཆགས་བྲལ་བ་རྣམས། ། ལུས་ཀྱི་ཐ་མ་འཛིན་པ་དག། བྱེ་བ་ཚད་མེད་འབྱུང་བར་འགྱུར།། སེམས་ཅན་རྣམས་ལ་ཐུགས་བརྩེ་བའི།། འཇིག་རྟེན་མགོན་པོ་དཔལ་ལྡན་རྣམས།། མྱ་ངན་འདས་པའི་རིང་བསྲེལ་ཡང་། ། ཤིན་ཏུ་རྒྱ་ཆེན་འབྱུང་བར་འགྱུར།། མི་དབང་མྱ་ངན་འདས་གྱུར་ནས།། རྣམ་པར་འདྲེན་པ་དཔལ་ལྡན་པ།། རྒྱལ་བའི་མཆོད་རྟེན་རྣམས་ཀྱིས་ནི།། སངས་རྒྱས་ཞིང་རྣམས་ལེགས་བརྒྱན་འགྱུར། ། འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱི།། མཆོད་རྟེན་དེ་དག་ཐམས་ཅད་ལ།། སྲོག་ཆགས་བརྒྱ་དང་སྟང་རྣམས་དང་།། ཁྲག་ཁྲིག་རྣམས་ཀྱིས་མཆོད་བྱས་ནས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ། མྱ་ངན་འདས་པ་ཐོབ་པར་འགྱུར།། རང་བྱུང་མྱ་ངན་འདས་ནས་ཀྱང་།། དེ་དག་དམ་ཆོས་གནས་འགྱུར་བ།། ལོ་གྲངས་བྱེ་བ་ཁྲག་ཁྲིག་ཕྲག། བརྒྱད་ཅུ་ཚང་བྲཝ་གནས་པར་འགྱུར།། ཆོས་ཀྱི་རྒྱལ་པོའི་སྲས་རྣམས་ཀྱིས།། གཟུང་ཞིང་ཡོངས་སུ་བསྲུང་བར་གནས།། འཇིག་རྟེན་ཐུགས་བརྩེ་མཛད་པ་དང་།། ཤཱཀྱས་ཡོངས་སུ་སྨིན་མཛད་པ།། རྒྱལ་ཆེན་བཞི་ཡི་རིས་རྣམས་ལ།། འཇིག་རྟེན་སྒྲོན་མས་ལུང་བསྟན་མཛད། ། དེ་ཐོས་ནས་ནི་སྐྱེ་བོ་ཀུན།། ཀུན་ཏུ་དགའ་ཞིང་རབ་དགའ་སྟེ།། སེམས་མགུ་ཡིད་ཀྱང་རངས་གྱུར་ནས།། སྟོན་པ་ལ་ནི་མངོན་པར་བསྟོད།། རྒྱལ་ཆེན་བཞིའི་རིས་ལུང་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། ། །། བམ་པོ་དྲུག་པ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུས། ། ལྷ་མ་ཡིན་དག་དང་། ནམ་མཁའ་ལྡིང་དག་དང་། ཀླུའི་བུ་མོ་དག་དང་། ཀླུ་དག་དང་། གྲུལ་བུམ་དག་དང་། དྲི་ཟ་དག་དང་། གནོད་སྦྱིན་དག་དང་། མི་འམ་ཅི་དག་དང་། འཕྲེང་ལྡན་གླང་པོ་ཅན་ངག་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། སངས་རྒྱས་ཀྱི་ཆོས་རྣམས་ལ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། ཡིད་བྱུང་བ་ཆེན་པོ་སྐྱེས་ཏེ། འདོད་པའི་ཚུལ་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏེ། དེ་དག་གིས་རིན་པོ་ཆེའི་ཁང་པ་བཀྲ་བ་བལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན། མུ་ཏིག་དམར་པོའི་འཕྲེང་བ་དང་། བཻ་ཌཱུཪྻའི་འཕྲེང་བས་བརྒྱན་པ། གསེར་གྱི་འཕྲེང་བ་སྣ་ཚོགས་དང་། ནོར་བུ་རིན་པོ་ཆེ་སྐར་མདོག་གི་འཕྲེང་བས་བརྒྱན་པ། ས་གནས་རིམ་པ་བརྒྱ་དང་། བ་གམ་དང་། ཁང་པ་བརྩིགས་པ་དང་། སྐར་ཁུང་གིསྲ་བརྒྱན་པ། གདུགས་དང་། རྒྱལ་མཚན་དང་། བ་དན་ངག་གིས་བརྒྱན་པ། ལྷ་རྫས་ཀྱི་སེང་གེའི་ཁྲིས་བརྒྱན་པ། བླ་རེ་ཆེན་པོ་དང་། དྲིལ་བུ་གསེར་ཁའི་དྲ་བས་བརྒྱན་པ། ལྷའི་བུ་མོའི་ཚོགས་ཀྱིས་མཛེས་པར་བྱས་པ། ལྔའི་རོལ་མོ་སིལ་ཉན་སྒྲ་རབ་ཏུ་འབྱུང་བ་བྱེ་བ་ཕྲག་བརྒྱད་ཅུ་མངོན་པར་སྤྲུལ་ཏོ། ། རྟ་ཅང་ཤེས་ཀྱིས་དྲངས་པའི་ཤིང་རྟ་ལྷ་རྫས་ཀྱི་རྣམ་པས་ལེགས་པར་བརྒྱན་པ། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཛེས་པར་བྱས་པ་བྱེ་བ་ཕྲག་བརྒྱད་ཅུརང་མངོན་པར་སྤྲུལ་ཏོ། ། སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཐམས་ཅད་དང་ལྡན་པའི་ཁོར་ཡུག་ཏུ་དཔག་ཚད་དྲུག་ཅུ་ཚུན་ཆད་མེ་ཏོག་མན་ང་རབ་དང་། ལྷའི་མཆོད་པ་དེ་དག་གིས་རྒྱས་པར་གང་བར་བྱས་སོ། ། གླང་པོ་ཆོ་ས་སྲུངས་ཀྱི་བུ་བྱེ་བ་ཕྲག་བརྒྱད་ཅུའང་མངོན་པར་སྤྲུལ་ཏེ། གླང་པོ་ཆེས་སྲུངས་ཀྱི་བུ་དེ་དག་རེ་རེ་ཞིང་ཡང་མགོ་བོ་བྱེ་བ་ཕྲག་བརྒྱད་ཅུ་བརྒྱད་ཅུ། གླང་པོ་ཆེས་སྲུངས་ཀྱི་བུའི་མགོ་དེ་དག་རེ་རེ་ཞིང་ཡང་སོ་དྲུག་དྲུག། སོ་དེ་དག་རེ་རེ་ཞིང་ཡང་རྫིང་བུ་བདུན་བདུན། རྫིང་བུ་དེ་དག་རེ་རེ་ཞིང་ཡང་པདྨ་སྟོང་ཕྲག་བདུན་བདུན། པདྨ་དག་རེ་རེ་ཞིང་ཡང་འདབ་རྩཝ་བརྒྱད་ཥྚྲཱི་བརྒྱན། ཁྲི། འདབ་མ་རེ་རེ་ཞིང་ཡང་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་དེ་དག་རེ་རེ་ཞིང་ཡང་འཁོར་བདུན་བདུན་ཡོད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤ་སྟག་མངོན་པར་སྤྲུལ་ནས། རིན་པོ་ཆེའི་ང་པ་དེ་དག་མདུན་དུ་བྱས་ཏེ། དབུས་སུ་གླང་པོ་ཆེ་ས་སྲུངས་ཀྱི་བུ་དག་བཙུད་ནས། ཕྱི་བཞིན་ཤིང་རྟ་དེ་ལྟར་བཤམས་པོ་དེ་དག་བཀྱེ་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱས་སོ།། རིན་པོ་ཆེའི་ཁང་པ་དེ་དག་ལས་ཀྱང་། ལྷའི་ཙན་དན་དང་། ཨ་ཀ་རུ་དང་། ཨུཏྤ་ལ་དང་། ཏ་མ་ལའི་ལོ་མའི་ཕྱེ་མ་དང་། གསེར་ཕྱེའི་ཆར་མངོན་པར་བབ་པར་གྱུར་ཏོ།། ལྷའི་མེ་ཏོག་མན་པ་ར་བ་དང་། མན་ད་ར་བུ་ཆེན་པོ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཤ་ཀ་དང་། པ་རུ་ཤ་ཀ་ཆེན་པོ་དང་། མདོག་དཀར་དང་། མདོག་དཀར་ཆེན་པོ་དང་། སྤྲུལ་པའི་མ་ཏོག་དག་གི་ཆར་ཡང་མངོན་པར་བབ་པར་གྱུར་ཏོ། ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། སྡུག་དང་། རྡོའི་སྙིང་པོ་དང་། རིན་པོ་ཆེ་སྣ་བདུན་གྱི་མ་ཏོག་གི་ཆར་ཡང་མངོན་པར་བབ་པར་གྱུར་ཏོ། ། ལྷའི་བུ་མོ་དེ་དག་ལས་ལ་ལ་ནི་གླུ་ལེན། ལ་ལ་ནི་གར་བྱེད། ལ་ལ་ནི་རོལ་མོ་བྱེད། ལ་ལ་ནི་ལུས་ཀྱི་ཚུལ་སྦྱར་ཞིང་ལྷ་མ་ཡིན་གྱི་མཆོད་པ་ལྟ་བུ་དང་། གླང་པོ་ཆེས་སྲུངས་ཀྱི་བུ་དེ་དག་དང་། རིན་པོ་ཆེའི་ཁང་པ་རྣམས་ཀྱིས་མཆོད་པ་བྱས་ནས། དེའི་འོག་ཏུ་རྩཝ་ཅང་ཤེས་ཀྱིས་དྲངས་པའི་ཤིང་རྟ་བྱེ་བ་ཕྲག་བརྒྱད་རྡུལ་ཞོན་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ལྷའི་ཡོ་བྱད་རྣམ་པ་སྣ་ཚོགས་མང་པོའང་ཕུལ་བར་གྱུར་ཏོ།། ལྷའི་རོལ་མོ་སིལ་སྙན་བྱེ་བ་ཕྲག་བརྒྱད་ཅུའང་བར་སྣང་ལས་སྠཱ་འབྱིན་པར་གྱུར་ཏོ། ། ཤིང་རྟ་བྱེ་བ་ཕྲག་བརྒྱད་ཅུ་པོ་དེ་དག་ལའང་ལྷའི་བུ་མོ་གཞན་བྱེ་བ་ཕྲག་བརྒྱད་ཅུ་བརྒྱད་ཅུ་མངོན་པར་སྤྲུལ་ཏེ། ལྷའི་བུ་མོ་དེ་དག་ཀྱང་ལ་ལ་ནི་གླུ་ལེན། ལ་ལ་ནི་གར་བྱེད། ལ་ལ་ནི་རོལ་མོ་བྱེད། ལ་ལ་ནི་ལུས་ཀྱི་ཚུལ་སྒྱུར་ཞིང་། ལྷ་མ་ཡིན་གྱི་མཆོད་པ་ཇི་ལྟ་བ་བཞིན་དུ་བྱས་སོ།། དེ་ནས་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་སྤྲུལ་པའི་ལྷའི་བུ་མོ་འདི་དག་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པ་ལས་ན། ཆོས་ཐམས་ཅད་ཀྱང་སྤྲུལ་པ་དང་འདྲ་བ་ཡིན་དུ་ངེས་སོ་སྙམ་ནས། དེ་དག་འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་ནི། ཇི་ལྟར་དེ་བཞིན་གཤེགས་པས་བསྟན་པ་དེ་བཞིན་ཏེ། སྤྲུལ་པ་དང་འདྲ་བ་ཡིན་ནོ་སྙམ་དུ་སེམས་པར་གྱུར་ཅིང་། དེ་དག་གིས་ཐམས་ཅད་སྤྲུལ་པ་དང་འདྲེ་བར་ཤེསནས་ཆོས་ལ་ཐེ་ཚོམ་མེད་པ་ཐོབ་པར་གྱུར་ཏོ། ། དེ་དག་དེ་ལྟར་ཐེ་ཚོམ་མེད་ཅིང་ནེམ་ནུར་མེད་པར་གྱུར་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་དག་ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བར་རྟོག་ཅིང་། བདག་ཅག་ཀྱང་སྤྲུལ་པ་དང་འདྲ་བར་མཐོང་། མཆོད་པ་དེ་དག་ཀྱང་སྤྲུལ་པ་དང་འདྲ་བར་མཐོང་། བཅོམ་ལྡན་འདས་ཀྱང་སྤྲུལ་པ་དང་འདྲ་བར་མཐོང་ནས། བཅོམ་ལྡན་འདས་ཀྱིས་ཆོས་གང་བསྟན་པ་དེ་དག་ཀྱང་སྤྲུལ་པ་དང་འདྲ་བར་ཡང་དག་པར་ཤེས་ཏེ། དེ་དག་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུའོ་ཞེས་བྱ་བར་ཤེས་ནས། ཐེ་ཚོམ་མེད་ཅིང་ནིམ་ནུར་མེད་པར་གྱུར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། འགྲོ་བ་ཀུན་གྱིས་མཆོད་པ་གང་བགྱིས་དང་། སྤྲུལ་པའི་མཆོད་པ་འདི་དག་གང་བགྱི་ས་དང་།། ལྷ་རྣམས་ཀྱིས་ནི་སངས་རྒྱས་མཆོད་བྱས་པ། ། འདི་ལྟར་ཆོས་འདི་ཐམས་ཅད་སྤྲུལ་པ་ཉིད།། འདྲེན་པས་ཆོས་ཀུན་གསུངས་པ་གང་ལགས་དང་།། དེ་བཞིན་གཤེགས་པས་ལུང་བསྟན་མཐའ་དག་ཀྱང་།། འདི། དག་ཐམས་ཅད་སྤྲུལ་པོ་འདྲའོ་ཞེས།། དེ་ལྟར་ལྔ་ཚེགས་དེ་དག་བློ་གྲོས་སྐྱེས།། བཅོམ་ལྡན་སྤྲུལ་པ་འདི་དག་ཇི་བཞིན་དུ།། སྟོན་པའང་དེ་བཞིན་སྤྲུལ་དང་འདྲ་བ་སྟེ།། རྒྱལ་བས་ལུང་བསྟན་བདག་ཅག་འཚལ་གྱུར་པས། ། འདི་ལ་བདག་ཅག་ཐེ་ཚོམ་མ་མཆིས་སོ།། རྒྱལ་བས་སོ་སོའི་སྐྱེ་བོ་རྣམས་མཁྱེན་ནས། བྱིས་པའི་ས་ཐོབ་ཐ་སྙད་གང་བཏགས་པ།། དེ་དག་སུན་ཀྱང་སྤྲུལ་པ་ཇི་བཞིན་ཏེ། བདེ་གཤེགས་འགྲོ་བ་སྲུང་བསྣུན་དེ་བཞིན་ནོ།། སློབ་པ་རྣམས་དང་བང་དགུ་མི་སློབ་དང་།། བཅོམ་ལྡན་ཉན་ཐོས་དུལ་བའི་ས་ཐོབ་པ།། དེ་དག་གན་ཀྱང་བཅོམ་ལྡན་སྨྲ་དང་འདྲ། ། བཅོམ་ལྡན་བསྟན་ལ་ཐེ་ཚོམ་མ་མཆིས་སོ།། བཅོམ་ལྡན་གང་རྣམས་མི་སྨྲ་ལྷུར་ལེན་ཅིང་།། བ་སེ་རུ་ལྟ་བུར་གཉིས་མེད་ཉོན་མོངས་སྤངས།། དེ་དག་རྣམས་ཀྱང་སྤྲུལ་འདྲ་བཅོམ་ལྡན་འདས། ། བདེ་གཤེགས་བསྟན་ལ་ཐེ་ཚོམ་མ་མཆིས་སོ།། གང་རྣམས་འགྲོ་བ་ཀུན་ལ་བདེ་ཕན་ཕྱིར།། རྒྱལ་བའི་བྱང་ཆུབ་སྤྱད་སྤྱོད་བག་ཡོད་པའི།། བྱང་ཆུབ་སེམས་དཔའ་བདེ་གཤེགས་སྲས་དག་ཀྱང་།། ཁྱད་པར་མ་མཆིས་སྤྲུལ་པ་འདི་དང་འདྲ།། བདེ་གཤེགས་རང་བྱུང་རྣམ་པར་འདྲེན་པ་མཆོག། སྟོབས་བཅུ་ཤེས་རབ་མཐའ་ཡས་ཐུགས་རྗེ་ཅན།། ཡེ་ཤེས་སྟོབསའ་ཕགས་འཇིག་རྟེན་གཙོ་བོ་དག། སྤྲུལ་པ་འདི་འདྲ་དེ་དག་རང་བཞིན་མཚུངས།། འདྲེན་པས་འདི་འཆོས་རྣམས་གང་གསུངས་པ།། གནས་མེད་ནི་བསིལ་ཉོན་མོངས་མེད་གྱུར་ཅིང་།། སྡུག་བསྔལ་ཞི་བྱེད་མཐར་ཐུག་གྲངས་མེད་པ།། དེ་ཡ་སྤྲུལ་པ་འདི་དག་ཇི་བཞིན་ནོ། ། བཅོམ་ལྡན་འདི་ལ་ཆོས་རྣམས་གང་དག་ཀྱང་།། སྤྲུལ་པའི་རང་བཞིན་མ་ལགས་དེ་མ་མཆིས།། གང་ཚེ་གོའུ་ཏ་མའི་བསྟན་པ་འདི།། བདག་ཅག་རྟོགས་ནས་ཐེ་ཚོམ་ཐམས་ཅད་སྤངས། ། སྤྲུལ་པ་འདི་འདྲར་ཆོས་རྣམས་ཀུན་མཐོང་ནས།། བདག་ཅག་རྣམས་ཀྱང་འཇིག་རྟེན་མགོན་པོར་འགྱུར།། བདེ་གཤེགས་སྤྱོད་ཡུལ་འདི་ལ་སྤྱོད་པ་རྣམས།། ཐེ་ཚོམ་མ་མཆིས་རང་བྱུང་འདྲེན་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྒྱུམ་ཅུ་རྩ་གསུམ་རིས་ཀྱི་ལྷའི་བུ་བྱེ་བ་ཕྲག་བརྒྱད་ཅུ་བོ་དྲུག་གི་ལྷག་པའི་བསམ་པ་ཐུགས་སྣ་ཆུད་ནས་འཛུམ་པ་མཛད། དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གཞལ་ཡས་གྲངས་མངའ་མཐའ་ཡས་གཟི་བརྗིད་ཅན།། བདེ་གཤེགས་རྣམས་ནི་རྒྱུ་མེད་འཛུམ་མི་མཛད།། རྣམ་པར་འདྲེན་པས་འདིར་ནི་འཛུམ་མཛད་ན།། རྒྱལ་བས་འཛུམ་པའི་ཚིག་གསུངས་ཐེ་ཚོམཁུམ།། རང་བྱུང་བདེ་གཤེགས་ཞལ་ནས་འཛུམ་པ་འདི།། བྱུང་བར་རིག་ནས་འཇིག་རྟེན་ཐེ་ཚོམ་འཚལ།། འགྲོ་བའི་ཐེ་ཚོམ་ཐུབ་པས་བསལ་དུ་གསོལ།། འགྲོ་བ་འདི་དག་ཐེ་ཚོམ་མ་མཆིས་མཛོད།། ལྷ་ཚོགས་འདི་རྣམས་རབ་ཏུ་ཡིད་དགའ་བས།། རྒྱལ་བ་བསྟོད་དེ་ལྷ་རྫས་རྣམས་ཀྱིས་མཆོད།། བདེ་གཤེགས་དེ་དག་དོན་དུ་འཛུམ་པ་མཛད། ། རྒྱལ་བ་འཁོར་འདི་དགའ་མཛད་བཀའ་སྩལ་གསོལ།། ཟླ་འདྲར་དྲི་མེད་འོད་མངའ་མཐའ་ཡས་གཟི།། ཅན་ནས་བདེ་གཤེགས་བཀའ་ནི་འདི་ཐོས་པས། ། མགོན་པོ་འགྲོ་བ་ཐམས་ཅད་དགར་འགྱུར་བར།། རྒྱལ་བ་ལྷ་ཚོགས་མཆོད་མཁྱེན་བཀའ་སྩལ་གསོལ།། བདེ་གཤེགས་ལྷ་ཚོགས་འདི་ཡིས་ཆོས་རྣམས་ཀུན།། སྤྲུལ་བལྟ་བུར་རྣམ་པར་རྟོགས་གྱུར་ན། ། སྟོབས་བརྩ་མངའ་བས་དོན་འདི་བཀའ་སྩོལ་ཏེ།། རབ་རིབ་བྲལ་བ་ལྷ་ཡི་བསླབ་པ་གསུངས།། སྐྱེ་བོ་འདི་དགཐེ་ཚོམ་བྲལ་གྱུར་ནས།། ཐུབ་པ་དེ་ལྟར་བྱང་ཆུབ་སྤྱོད་རྩོམ་འགྱུར། ། རབ་ཏུ་དབའ་བ་འཁོར་འདིས་ཐོས་གྱུར་ཏེ།། དགོངས་པ་རིག་ནས་རྒྱ་ཆེན་རྩོམ་པར་འགྱུར། དེ་ནས་བཅོམ་ལྡན་འདས། ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ལྷ་ཚོགས་འདི་དག་རབ་ཏུ་དགའ་ཤེས་ནས།། རྟ་ཐུལ་ཁྱོད་ཀྱིས་དུས་དང་ལྡན་པའི་ཚིག། སྨྲས་པ་དེ་ནི་དུས་ལ་བབ་པ་སྟེ། འཛུམ་པ་དྲིས་པ་དེ་ནི་ལུང་བསྟན་ཏོ།། ལྷ་རྣམས་བསམ་ཤེས་འཛུམ་པ་དེས་དྲིས་པ།། དེས་ནི་ཁྱོད་ཀྱིས་འགྲོ་བའི་དོན་ཆེན་བྱས།། འཛུམ་པ་མཛད་པའི་རྒྱུ་དེ་ངས་བསྟན་གྱིས།། དགའ་ཞིང་དང་བའི་སེ་ཀྱིས་ང་ལ་ཉོན། ། ལྷ་ཚོགས་རྣམས་ཀྱིས་ཆོས་རྣམས་འདི་དག་ནི།། མ་ལུས་སྤྲུལ་པ་ལྟ་བུར་ཤེས་གྱུར་ནས།། ཆགས་མེད་ཡེ་ཤེས་མཐོང་བ་དཔག་མེད་ཅིང་།། རབ་རིབ་བྲལ་བའི་འཇིག་རྟེན་མགོན་བོར་འགྱུར། ། སྲིད་པའི་རྒྱུད་ན་སྔོན་ཡང་འཁོར་བའི་ཚེ།། མི་ཡི་གཙོ་བོ་གངྒཱའི་བྱེ་སྙེད་ཆོས།། སྲིད་རྒྱུན་དེ་ན་འདི་དག་ཐུབ་པ་ལས།། ཆོས་རྣམས་སྤྲུལ་པ་ལྟ་བུར་མ་མཐོང་ངོ་།། འདི་དག་ང་ལ་མཆོད་མཆོག་འདིར་བྱས་པས། ། ཆོས་རྣམས་སྤྲུལ་པ་འདྲ་བར་མངོན་དུ་མཐོང་།། བདེ་གཤེགས་བསྟན་པ་འདི་ལ་བྱས་པ་ནི།། ཆུད་ཟོས་མི་འགྱུར་བར་ཆད་ཡོང་མི་འགྱུར།། ལྷ་ཚོགས་འདི་ཡིས་ང་ལ་མཆོད་བྱས་ཏེ། ། ཆོས་རྣམས་ཐམས་ཅད་སྤྲུལ་པ་འདྲར་ཤེས་པས།། བསྐལ་པ་པདྨ་ཞེས་བྱ་བྱུང་བའི་ཚེ།། སྨྲ་བའི་ཟླ་བ་མི་ཡི་མཆོག་ཏུ་འགྱུར།། ཁྱུ་མཆོག་ལྡན་པའི་མིང་མཆོག་འགྱུར་བ་ནི། ། བདེ་གཤེགས་རབ་མཁས་དབང་པོའི་ཏོག་རྒྱལ་པོ།། ཆོས་རྣམས་ཐམས་ཅད་སྤྲུལ་པ་འདྲར་སྟོན་ཅིང་།། འགྲོ་བ་ཁྲག་ཁྲིག་དཔག་མེད་འགྲེལ་བར་འགྱུར། ཁ་དེ་གཤེགས་དེ་དག་བསྟན་ལ་བག་ཡོད་པ། ། ཆོས་རྣམས་འདི་དག་སྤྲུལ་པ་འདྲ་བར་སེམས།། ཞི་གནས་དེ་ལ་སུ་རྟེན་བག་ཡོད་པ།། མྱུར་དུ་བླ་མེད་བྱང་ཆུབ་མཆོག་ཞི་ཐོབ།། སུམ་ཅུ་རྩ་གསུམ་པ་ལུང་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། ། ། དེ་ནས་དེའི་ཚེ་འཐབ་བྲལ་གྱི་ལྷ་བྱེ་བ་ཕྲག་བཞི་བཅུས་ལྷ་མ་ཡིན་རྣམས་ནས་སུམ་ཅུ་རྩ་གསུམ་རིས་ཀྱི་ལྷའི་བར་དེ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས།། ཚིམ་ཞིང་མགུལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱང་ལུང་བསྟན་པ་ལ་ཐོགས་པ་མེད་པར་ཤེས་ཤིང་། སངས་རྒྱས་ཀྱི་ནི་ཆོས་རྣམས་ནི་ཉམས་དགའ་བ་སྟེ། དེ་དག་ཐོབ་ན་མ་ཤེས་པ་འམ། པ་མཐོང་བའམ། མ་རྟོགས་པ་འམ། མངོན་དུ་མ་བྱས་པ་འམ། སྐྱེ་བའམ། འགག་པའམ། ལས་སམ། ལས་ཀྱི་རྣམ་པར་སྨིན་པ་གང་ཡང་མེད་དོ་ཞེས་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་བསྐྱེད་དོ།། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བའང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ།། དེའང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་མཛད་པས། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ།། དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ།། དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་ཤེས་པར་བྱ་བ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ། རབ་ཏུ་མ་བསྟན་པ། མ་ཐོབ་པ། ཐོབ་པར་མ་བྱས་པ། པ་ཤེས་པ། རྣམ་པ་མ་ཤེས་པ། མ་བསྟན་པ། མ་མཐོང་བ། མ་བཏགས་པ། འཛིན་དུ་མ་བཅུག་པ། རྟོགས་པར་མ་བྱས་པ། ཐོབ་པར་མ་བྱས་པ། མ་ཐོབ་པ། ཉེ་བར་མ་བསྙེན་པ། མ་བོར་བ། མ་བཞག་པ། མ་སྤངས་པ། བྱ་བ་མེད་པ། བྱེད་པ་མེད་པ། རབ་ཏུ་ཞི་བ་མེད་པ། མ་སྨད་པ། མ་བསྟོད་པ། ཐོབ་པ་མ་ཡིན་པ། མ་ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ། སྡུག་བསྔལ་བ་མ་ཡིན་པ། སྙན་པ་མ་ཡིན་པ། མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ། གཟུགས་མེད་པ་མ་ཡིན་པ། གྲངས་མེད་པ། བགྲང་བ་མེད་པ། འཇིག་རྟེན་མེད་པ། འཇིག་རྟེན་དང་བྲལ་བ་མེད་པ། ཀུན་ནས་ཉོན་མོངས་པ་མེད་པ། རྣམ་པར་བྱང་བ་མེད་པ། འགྲོ་བ་མེད་པ། ལྡོག་པ་མེད་པ། མ་བརྟགས་པ། རྣམ་པར་མ་བརྟགས་པ། མ་གཡོས་པ། མ་བསམས་པ། མ་བསྐྱོད་པ། མངོན་པར་འདུས་མ་བྱས་པ། མ་སྤྲོས་པ། སྤྲོས་པ་དང་བྲལ་བ་སྟེ། ཇི་ལྟར་གཟུགས་ཀྱི་མཚན་མ་མི་དམིགས་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་མ་མི་དམིགས་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་མཚན་མ་མི་དམིགས་པ། གཟུགས་དང་། སྠ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ཀྱི་མཚན་མ་མི་དམིགས་པ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་མ་མི་དམིགས་པ། མིག་གི་འདུས་ཏེ་རེག་པ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་མཚན་མ་མི་དམིགས་པ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་མཚན་མ་མི་དམིགས་པ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་བཱཪྵ་གྱི་མཚན་མ་མི་དམིགས་པ། གཟུགས་ཀྱི་འདུ་ཤེས་ཀྱི་མཚན་མ་མི་དམིགས་པ། ཆོས་ཀྱི་བར་གྱི་འདུས་ཤེས་ཀྱི་མཚན་མ་མི་དམིགས་པ། གཟུགས་སུ་སེམས་པའི་མཚན་མ་མི་དམིགས་པ། ཆོས་ཀྱི་བར་དུ་སེམས་པའི་མཚན་མ་མི་དམིགས་པ། ཡིད་ལ་བྱ་བའི་མཚན་མ་མི་དམིགས་པ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མ་མི་དམིགས་པ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་མཚན་མ་མི་དམིགས་པ། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་མ་མི་དམིག་པ་སྟེ། འདི་ལྟར་ཆོས་གང་དང་གང་བརྗོད་པའི་རང་བཞིན་གང་དང་གང་གིས་བརྗོད་པའི་ཆོས་དེ་དང་དེ་བརྗོད་པའི་རང་བཞིན་དེ་དང་དེས་མི་བརྗོད་པ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་དེ་ལྟར་ཉམས་དགའ་བ་ཡིན་ན། དེ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མི་གེས་པ་རྣམས་ཀྱིས་ཐོས་ན་འཇིགས་ཤིང་དངང་བ་དང་སྐྲག་པར་འགྱུར་ཏེ། དེས་འཇིགས་པར་གྱུར་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་ཉམས་པར་འགྱུར་ཏེ། དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མྱ་ངན་དུ་བྱ་བ་སྟེ། འཁོར་བ་ན་ཡོད་པའི་སྡུག་བསྔལ་གྱི་རྒྱུན་ཏོ་ཞེས་ཏེ། དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ལ་འདོད་པ་བསྐྱེད་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དོན་དུ། བཅོམ་ལྡན་འདས་ལ་མཆོད་པའི་ཕྱིར་བརྩོན་པར་གྱུར་ཏོ།། དེ་དག་གིས་སུམ་ཅུ་རྩ་གསུམ་པའི་མཆོ་པ་ལས་ཁྱད་པར་དུ་འཕགས་པ་ས་བཅོམ་ལྡན་འདས་ལ་མཆོད་དེ། བཅོམ་ལྡན་འདས་ཀྱི་ཞབ་ས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོར་ནས་འཐེང་ཟླལ་གྱི་ལྷ་དེ་དག་གིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྐྱོད་པ། རྒྱལ་བ་ཁྱོད་ཀྱིས་ཕུང་པོ་དབེན་པར་གཟིཀྴས་ཁམ་དང་སྐྱེད་མཆེད་རྣམས་ཀྱང་དེ་བཞིན་ཏེ། དབང་པོའི་མོང་ནི་མཚན་མ་ས་དབེན་པ་དག། ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས།། འཇིག་རྟེན་མཁས་པའི་བདེན་པ་འདི་གཉིས་ཏེ།། ཁྱོད་ཀྱིས་གཞན་ལས་མ་གས་ན་རང་གིས་གཟིགས། ། དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ།། བདེན་པ་གསུམ་པ་གང་ཡང་མ་མཆིས་སོ།། གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། བདེ་བའི་དོན་དུ་དད་བསྐྱེད་འགྱུར་བ། ། རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ།། འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ།། སེམས་ཅན་ཚོགས་ཀྱིས་འགྲོ་དྲུག་གང་བསྟན་པ།། སེམས་ཅན་དམྱལ་དང་དུང། འགྲོ་ཡི་དགས་དང་།། ལྷ་མིན་རིས་དང་མི་དང་ལྷ་ཡི་རྣམས།། མི་ཡི་སེང་གེས་ཀུན་རྫོབ་བཏགས་པ་མཛད།། རིགས་དམའ་དེ་བཞིན་མཐོ་བོའི་རིགས་རྣམས་དང་།། ཕྱུག་པོའི་ཁྱིམ་དང་དབུལ། པོའི་ཁྱིམ་རྣམས་དང་།། བྲན་གྱི་ཚོགས་དང་དེ་བཞིན་གཡོག་གི་ཚོགས།། བུད་མེད་ཚོགས་དང་སྐྱེས་པ་མ་ནིང་དང་།། འགྲོ་བའི་ཁྱད་པར་ཇི་སྙེད་གང་ཡང་རུང་།། མཚུངས་མེད་ཁྱོད་ཀྱིས་འཇིག་རྟེན་བསྟན་མཛད་པ། ། ཀུན་རྫོབ་བདེན་པར་མཁས་པས་ཐུགས་ཆུད་ནས།། འཇིག་རྟེན་ཕན་པས་མི་ལ་དེ་བསྟན་ཏོ།། དེ་ལ་དགའ་བའི་འགྲོ་བ་འཁོར་བ་ན།། འགྲོ་བའི་ཆོས་བརྒྱད་དེ་ལ་མི་བྱུང་སྟེ། ཐོབ་དང་མ་ཐོ་བ་སྙན་དང་མི་སྙན་དང་།། བསྟོད་དང་སྨང་དང་དེ་དང་སྡུག་བསྔལ་ལོ།། ཐོབ་པ་རྙེད་ན་དེ་ལ་ཆགས་པ་སྐྱེད།། མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་པར་འགྱུར།། གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། ། ནད་རྣམས་བརྒྱད་ཀྱིས་དེ་རྒྱུད་གནོད་པར་འགྱུར།། ཀུན་རྫོབ་དེ་ལ་དོན་དམ་སུ་སྨྲ་བ།། དེ་དག་ནོར་བའི་བློ་ལྡན་ཤེས་པར་བྱ།། མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང་། བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང་།། མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང་།། དེ་ལྟར་དགའ་སྟེ་མཚན་མར་གང་གནས་པ།། དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ན།། འཇིག་ཤིང་ཇི་བཞིན་མི་རྟོགས་སྤོང་བར་བགྱིད། ། དེ་དག་བདེ་གཤེགས་གསུང་ནི་སྤངས་གྱུར་པས།། སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟད་མྱོང་།། དེ་དག་ཚུལ་མིན་བདེ་བ་ཆོལ། བགྱིད་ཀྱང་།། སྡུག་བསྔལ་བརྒྱད་དག་བྱིས་པས་མྱོང་བར་འགྱུར།། འཇིག་རྟེན་ཕན་པའི་བསྟན་པ་སུ་ཞིག་གིས།། མ་ལོག་བློ་ས་ནི་རྣམ་པར་རྟོགས་གྱུར་ན།། སྦྲུལ་གྱི་པགས་པ་རྙིང་ལྟར་རབ་སྤངས་ཏེ།། སྲིད།། པ་ཀུན་ལས་འདས་ནས་ཞི་བར་འགྱུར།། ཆོས་འདི་ཐམས་ཅད་རང་བཞིན་དབེན་པ་སྟེ།། སྟོང་པ་མཚན་མ་མེད་པ་དོན་དམ་ཞེས།། གང་གིས་ཐོས་ནས་དགའ་བ་སྐྱེད་འགྱུར་བ།། དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། ། ཇི་ལྟར་བདེ་བར་གཤེགས་པས་གསུངས་པའི་ཆོས།། དེ་ལ་ལྷ་རྣམས་ཐེ་ཚོམ་མ་མཆིས་ཏེ།། འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་ཕྱིར།། དེ་དག་བླ་ན་མེད་པའི་བྱང་ཆུབ་ཚོལ།། བྱང་ཆུབ་བློ་ཅན་རྣམ་དས་བློ་ཅན་རྣམས། ། སྐྱེས་བུ་མཆོག་གིས་དགའ་བ་བསྐྱེད་དུ་གསོལ།། དེ་ཐོས་འགྲོ་བ་ཀུན་ལ་སྨན་སླད་དུ།། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཐབ་བྲལ་རིས་ཀྱི་ལྷ་བྱེ་བ་ཕྲག་བཞི་བཅུ་པོ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས། ། དེའི་ཚེ་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས།། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ། འཇིག་རྟེན་ཕན་པས་འཛུམ་པ་གང་མཛད་དེས།། ཁྱོད་ཀྱི་འཁོར་ནི་ཐེ་ཚོམ་འཚལ་བར་འགྱུར།། མི་མཆོག་འཛུམ་པའི་རྒྱུ་དེ་བཀའ་སྩལ་གསོལ།། དེས་ན་འཁོར་འདི་རབ་ཏུ་དག་བར་འགྱུར། ། ལྷ་རྣམས་ལུང་བསྟན་དེ་ནི་ཐོས་གྱུར་ན།། འཁོར་འདི་ཤིན་ཏུ་དཀའ་ཞིང་མགུ་བར་འགྱུར།། རིགས་པ་ལྡན་པ་བསྟན་པ་འདི་ཉིད་ལ།། བདེ་བར་ནན་ཏན་བགྱིད་ཅིང་རྩོམ་པར་འགྱུར།། རྒྱལ་བ་ཁྱོད་འཁོར་འདི་ནི་མཆོག་ལྡན་ཏེ།། དྲང་སྲོང་ཆེན་པོ་སངས་རྒྱས་ཡོན་ཏན་སྣོད།། འགྲོ་བ་འདི་རྣམས་བསྡུ་བ་མཛད་སླད་དུ།། སྙན་པའི་གསུང་ནི་ལེགས་པར་བརྗོད་དུ་གསོལ།། སངས་རྒྱས་ཡོན་ཏན་མཐུ་དག་ཐོས་གྱུར་ན། ། སྐྱེ་དགུ་ཀུན་ལ་རབ་ཏུ་སྨན་པར་འགྱུར།། བདེ་བར་གཤེགས་པས་ལུང་བསྟན་དེ་ཐོས་ན།། མཁས་པ་རྣམས་ནི་ཚུལ་བཞིན་རྩོམ་པར་འགྱུར།། མི་ཡི་དམ་པ་སྨྲ་བའི་མཆོག་གིས་འདིར། ། ཐེ་ཚོམ་འཚལ་བའི་ནེམ་ནུར་ལེགས་པར་གསོལ།། འཁོར་རྣམས་ཐམས་ཅད་ཐོས་པར་དགའ་ཞིང་སྡོད།། ལྷ་རྣམས་ལུང་བསྟན་པ་ནི་བཀའ་སྩལ་གསོལ།། ཀུན་ཀྱང་རིམ་གྲོར་གུས་པར་རྣ་བླགས་ཏེ། ། ཁྱོད་ཀྱིས་ལུང་བསྟན་རབ་ཏུ་དགའ་བ་ལ།། སྒྲིབ་པ་རབ་ཏུ་སྤངས་ཤིང་དེ་དག་ཉན།། འཇིག་རྟེན་ཕན་ཕྱིར་སྐྱེས་བུ་མཆོག་གིས་གསུངས།། དེ་ནས་བཅོམ་ལྡན་འདས་ཀྱིས། ། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། འཇིག་རྟེན་ཕན་ཕྱིར་མཁས་པས་འཛུམ་མཛད་པ།། རྟ་ཐུལ་ཁྱོད་ཀྱིས་དྲིས་པ་དུས་དང་ལྡན།། སངས་རྒྱས་ཡོན་ཏན་མཐུ་ནི་ཐོས་གྱུར་ན། ། སྐྱེ་བོ་ཚོགས་ཅན་རྣམས་ཀྱི་དོན་དུ་འགྱུར།། སངས་རྒྱས་ཡོན་ཏན་ཚོགས་ལ་བློ་ཞན་ཅིང་།། འདོད་ཆགས་པོ་དང་ཞེ་སྡང་བློ་ལྡན་དང་།། ཚེ་རབས་བརྒྱར་ནི་རྩོད་པའི་བློ་ཅན་དང་། ། གཏི་མུག་བློ་ཅན་དགའ་བ་སྐྱེར་མི་འགྱུར།། གང་རྣམས་རྒྱལ་བས་བསྟན་ལ་དགའ་བ་དང་།། གང་གིས་རྒྱལ་བ་རྣམས་ལ་སྔོན་འདྲིས་དང་། ། གང་རྣམས་སྙིང་རྗེ་ཆེན་དང་ལྡན་པ་དག། དེ་ཀུན་སངས་རྒྱས་ཡོན་ཏན་ལྡན་པར་འགྱུར།། གང་གིས་འགྲོ་བ་གནོད་ཟིན་མཐོང་གྱུར་ཏེ།། མི་ཡི་སེང་གེ་སྙིང་རྗེ་སྐྱེད་བྱེད་པ།། དེ་དག་སངས་རྒྱས་ཡོན་ཏན་འདི་ཐོས་ན།། ཨུཏྤལ་འཕྲེང་བཞིན་མགོ་ལ་འཁྱེར་བར་འགྱུར།། ང་ཡི་འཁོར་འདི་རབ་ཏུ་དགའ་གྱུར་པ།། སྔོན་གྱི་རྒྱལ་ལ་བསྙེན་བཀུར་སྔོན་བྱས་ཏེ།། དེ་དག་སངས་རྒྱས་ཡོན་ཏན་ཡིད་འོང་འདི། ། མེ་ཏོག་འཕྲེང་བཞིན་དེ་དག་ཡང་དག་ལྟ།། འཐབ་བྲལ་ལྷ་རྣམས་སྔོན་གྱི་རྒྱལ་ཀུན་ལ།། བསྙེན་བཀུར་བྱས་ཤིང་ཆགས་པ་སྤངས་པ་སྟེ།། ཉོན་མོངས་སྨད་ཅིང་སངས་རྒྱས་བློ་ལྡན་གྱུར། ། སྙིང་རྗེ་ལྡན་ཞིང་ཉོན་མོངས་མེད་བློ་ལྡན།། རྒྱལ་བ་མི་ཡི་སེང་གེ་གངྒཱ་ཡི།། བྱེ་སྙེད་ཀུན་ལ་སྔོན་ཆད་བསྙེན་བཀུར་བྱས།། བྱང་ཆུབ་བླ་ན་མེད་པར་སྨོན་བྱེད་ཅིང་།། དགེ་བ་མཐའ་ཡས་འདི་དག་ཀུན་གྱིས་བྱས། ། སེམས་ཅན་ཉོན་མོངས་འདམ་བྱིང་རིག་གྱུར་ནས།། སྡུག་བསྔལ་གྱུར་པ་རྣམས་ལ་སྙིང་རྗེ་བསྐྱེད།། དེ་དག་མི་མཆོག་སེམས་ཅན་ཕན་མཛད་ལ།། ཆོས་ཚུལ་མཐ་ཡས་ཡོངས་སུ་དྲིས་པར་གྱུར། ། གང་ཐོས་ནས་ནི་རྣམ་པར་འདྲེན་གྱུར་པ།། རྣམ་འདྲེན་ཆོས་ལ་འཇུག་པ་འཆད་པར་འགྱུར།། མི་ཡི་ཉོན་མོངས་སྤྱོད་པ་རབ་མཁྱེན་ནས།། དེ་དག་རྣམས་ལ་རྒྱ་རྗེན་ཆོས་ཀྱང་འཆད། ། རྣམ་འདྲེན་སྐྱེས་བུ་དམ་པའི་མཆོག་དེ་དག། རང་བཞིན་མེད་པ་སྟོང་པ་ཉིད་ཀྱང་འཆང་།། དེ་དག་རྒྱལ་བའི་གསུང་དེ་ཐོས་གྱུར་ནས།། འགྲོ་བ་ཐམས་ཅད་སྟོང་པར་རབ་ཏུ་རྟོགས། ཅིས་སྟོང་ཞེ་ན་མཚན་མའི་རྣམ་པས་སྟོང་།། རང་བཞིན་མེད་ཅིང་མཚན་མ་མེད་པར་སྨྲ།། རྒྱལ་བའི་ཆོས་རྣམས་དེ་ལྟར་ཤེས་གྱུར་ནས།། ཀུན་ཀྱང་སངས་རྒྱས་ཡོན་ཏན་རྣམས་ལ་གནས།། དེ་དག་ང་ལ་མཆོད་པ་རྒྱ་ཆེན་བྱས། ། བདག་གིས་ཆོས་བཞིན་དུ་ནི་ལུང་བསྟན་ནས།། སྐར་ཚོགས་མཉམ་པའི་བསྐལ་པ་དམ་པ་ལ།། བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར།། བདེ་གཤེགས་མཉམ་པ་མེད་པ་བྱེ་བ་ཕྲག། ཉི་ཤུ་ཉི་ཤུས་ཡོངས་སུ་གང་བར་འགྱུར།། བློ་གྲོས་དག་ཅེས་བྱ་བའི་གྲངས་སུ་འགྲོ། སེམས་ཅན་བསམ་ཡས་ཡོངས་སུ་སྦྱོང་བར་འགྱུར།། འཐབ་བྲལ་འཁོད་པའི་ལྷ་ཡི་བསམ་པ་རྣམས། ། རྟ་ཐུལ་གྱིས་ནི་ཡོངས་སུ་ཞུས་བྱས་པ།། རྒྱལ་བ་དགྲ་རྒྱལ་དྲང་སྲོང་ཆེན་པོ་ཡིས།། ལུང་བསྟན་ལྷ་དང་བཅས་པའི་འཇིག་རྟེན་དགའ།། འཐབ་བྲལ་བ་ལུང་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ། ། །། དེ་ནས་དགའ་ལྡན་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུས་ལྷ་མ་ཡིན་རྣམས་ནས། འཐབ་བྲལ་གྱི་རིས་ཀྱི་ལྷའི་བར་དེ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། འདི་སྙམ་དུ་སེམས་ཏེ། གང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས་དེ་གང་ཞིག། ཅི་གཟུགས་སམ་འོན་ཏེ་ཚོར་བ་འམ། འོན་ཏེ་འདུ་ཤེས་སམ། འོན་ཏེ་འདུ་བྱེད་དམ། འོན་ཏེ་རྣམ་པར་ཤེས་པ་ཞིག། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་སྙམ་ནས། དེ་དག་འདི་སྙམ་དུ་སེམས་ཏེ། གཟུགས་འདི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱང་མ་སྐྱེས་པ། བྱང་ཆུབ་ཀྱང་པ་སྐྱེས་པ་ན། ཇི་ལྟར་མ་སྐྱེས་པས་མ་སྐྱེས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་མ་སྐྱེས་པ། བྱང་ཆུབ་ཀྱང་བ་སྐྱེས་པ་ར། དེ་ལ་ཇི་ལྟར་མ་སྐྱེས་པས་མ་སྐྱེས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ།། གཟུགས་ཀྱང་འགག་པ་མེད་པ། བྱང་ཆུབ་ཀྱང་འགག་པ་མེད་པ། རྣམ་པར་ཤེས་པའི་བར་ཡང་འགག་པ་མེད་པ། བྱང་ཆུབ་ཀྱང་འགག་པ་མེད་པ། གཟུགས་ཀྱང་སྤྲོས་པ་མེད་པ། བྱང་ཆུབ་ཀྱང་སྤྲོས་པ་མེད་པ། རྣམ་པར་ཤེས་པའི་བར་ཡང་སྤྲོས་པ་མེད་པ། བྱང་ཆུབ་ཀྱང་སྤྲོས་པ་མེད་པ། གཟུགས་ཀྱང་གཉིས་སུ་མེད་པ། བྱང་ཆུབ་ཀྱང་གཉིས་སུ་མེད་པ། རྣམ་པར་ཤེས་པའི་བར་ཡང་གཉིས་སུ་མེད་པ། བྱང་ཆུབ་ཀྱང་གཉིས་སུ་མེད་པ། གཟུགས་ཀྱང་གཡོ་བ་མེད་པ། བྱང་ཆུབ་ཀྱང་གཡོ་བ་མེད་པ། རྣམ་པར་ཤེས་པའི་བར་ཡང་གཡོ་བ་མེད་པ། བྱང་ཆུབ་ཀྱང་གཡོ་བ་མེད་པ། གཟུགས་ཀྱང་དམིགས་སུ་མེད་པ། བྱང་ཆུབ་ཀྱང་དམིགས་སུ་མེད་པ། རྣམ་པར་ཤེས་པའི་བར་ཡང་དམིགས་སུ་མེད་ག་བྱང་ཆུབ་ཀྱང་དམིགས་སུ་མེད་པ་ནས། ཇི་ལྟར་འགག་པ་མེད་པ་དང་། སྤྲོས་པ་མེད་པ་དང་། གཉིས་སུ་མེད་པ་དང་། གཡོ་བ་མེད་པ་དང་། དམིགས་སུ་མེད་པ་ས་འགག་པ་མེད་པ་དང་། དམིགས་སུ་མེད་པའི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། དེ་ལྟར་ཆོས་ཐམས་ཅད་ནི་མི་དམིགས་ན། འདི་ལ་སངས་རྒྱས་ནི་གང་། བྱང་ཆུབ་སེམས་དཔའ་ནི་གང་། བྱང་ཆུབ་ནི་གང་། ལུང་བསྟན་པ་ནི་གང་། གཟུགས་ནི་གཟུགས་ཀྱིས་སྟོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་། སངས་རྒྱས་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་སྟོང་། བྱང་ཆུབ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སྟོང་། ལུང་བསྟན་པ་ནི་ལུང་བསྟན་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ། གཟུགས་ཞེས་བྱ་བ་དང་། རྣམ་པར་ཤེས་པའི་བར་ཞེས་བྱ་བ་དང་། སངས་རྒྱས་ཞེས་བྱ་བ་དང་། ལུང་བསྟན་པའི་བར་ཞེས་བྱ་བ་དེ་དག་ནི་ཐ་སྙད་ཙམ། མིང་ཙམ། བརྡ་ཙམ་ཀུན་རྫོབ་ཙམ། བརྗོད་པ་ཙམ། གདགས་པ་ཙམ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བ་མི་ཆའོ།། འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་རྩེ་རྩེ་བ་ལས། དེ་ཉལ་བ་ལས་སད་ན་འདོད་པའི་ཡོན་ཏན་དེ་དག་མི་མཐོང་སྟེ། དེ་རྗེས་སུ་དྲན་ཡང་མི་རྙེད་ཅིང་། དེ་ལྟར་མ་རྙེད་པའི་ཕྱིར་སྡུག་བསྔལ་དུ་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱང་བྱང་ཆུབ་ཚོལ་ན་དེ་དག་བྱང་ཆུབ་དང་ཕྲད་པར་མི་འགྱུར་ཏེ། བྱང་ཆུབ་མ་རྙེད་ཅིང་རོ་མ་མྱོང་བས་སྡུག་བསྔལ་དུ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་ནོར་པ་སྟེ། ཆོས་དེ་དག་གི་དོན་ནི་རྣམ་པ་གཞན་ལ། སོ་སོའི་སྐྱེ་བོ་དེ་དག་ཀྱང་རྣམ་པ་གཞན་དུ་ཞེན་ཏོ།། ཆོས་དེ་དག་ནི་དེ་ལྟར་ཤེས་པར་བྱ་བ་ཡིན་ན།། དེ་ལ་ཆོས་གང་ཞིག་སངས་རྒྱས་ཡིན། གང་ཞིག་བྱང་ཆུབ་སེམས་དཔའ་ཡིན། གང་ཞིག་བྱང་ཆུབ་ཡིན། གང་ཞིག་ལུང་བསྟན་པ་ཡིན། དེ་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་དེ། སོ་སོའི་སྐྱེ་བོའང་དམིགས་སུ་མེད། སོ་སོའི་སྐྱེ་བོའི་ཆོས་ཀྱང་དམིགས་སུ་མེད། ཉན་ཐོས་ཀྱང་དམིགས་སུ་མེད། ཉན་ཐོས་ཀྱི་ཆོས་ཀྱང་དམིགས་སུ་མེད། རང་སངས་རྒྱས་ཀྱང་དམིགས་སུ་མེད། རང་སངས་རྒྱས་ཀྱི་ཆོས་ཀྱང་དམིགས་སུ་མེད། བྱང་ཆུབ་སེམས་དཔའ་ཡང་དམིགས་སུ་མེད། བྱང་ཆུབ་སེམས་དཔའི་ཆོས་ཀྱང་དམིགས་སུ་མེད། སངས་རྒྱས་ཀྱང་དམིགས་སུ་མེད། སངས་རྒྱས་ཀྱི་ཆོས་ཀྱང་དམིགས་སུ་མེད། བྱང་ཆུབ་ཀྱང་དམིགས་སུ་མེད། མྱ་ངན་ལས་འདས་པའང་དམིགས་སུ་མེད་དོ།། བཅོམ་ལྡན་འདས་དེ་ལ་ནི་བདག་ཅག་ཐེ་ཚོམ་མ་མཆིས། ཡིད་གཉིས་མ་མ་མཆིས་སོ་ཞེས་གསོལ་ནས། དགའ་ལྡན་རིས་ཀྱི་ལྷའི་བུ་དེ་དག་ཆོས་དེ་དག་ལ་ཐེ་ཙོམ་མེད་ཅིང་། ནེམ་ནུ་མ་མེད་པར་གྱུར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་བརྩོན་པར་གྱུར་ནས། དེ་དག་གིས་འཐབ་བྲལ་གྱི་མཆོད་པ་ལས་ཁྱད་པར་དུ་འཕགས་པས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། གང་དག་སངས་རྒྱས་ཡོན་ཏན་རབ་གནས་པ། དེ་དག་འཇུག་པ་དེ་བཞིན་གཤེགས་པས་གསུངས། རྣམ་ཐར་སྒོ་གསུམ་དེ་ནི་རྙེད་གྱུར་པས།། མཚུངས་པ་མེད་པའི་སྤྱོད་ཡུལ་སྤྱོད་པར་འགྱུར།། གཟུགས་དང་ཚོར་བ་འདུ་ཤེས་མ་མཆིས་ཏེ། སེམས་དང་བསམ་པ་དེ་བཞིན་མ་མཆིས་པ།། ཆགས་མེད་བློ་མངའ་རྣམས་ཀྱི་སྤྱོད་ཡུལ་ལགས།། མི་ཡི་སེང་གེ་ཕུང་པོ་དབེན་ལ་དགྱེས།། སྐྱེས་བུ་དམ་པ་མཁས་པ་དེ་དག་གི་བྱང་ཆུབ་སེམས་ཀྱང་ནམ་ཡང་འབྱུང་མ་མཆིས། ། ཕུང་པོ་དབེན་པའི་ཡོན་ཏན་མྱོང་གྱུར་ནས།། སངས་རྒྱས་དགོངས་ལ་ནེམ་ནུར་སྤངས་བློ་ལྡན།། དེ་དག་བྱང་ཆུབ་སྨོན་པ་མ་མཆིས་ཤིང་།། བྱང་ཆུབ་སེམས་ལའང་དེ་དག་མི་སྨོད་དེ། ། དགའ་དང་ཞུམ་པར་འགྱུར་བ་མ་མཆིས་པར།། བདེ་གཤེགས་སྲས་རྣམས་སྤྱད་པ་སྤྱོད་པར་བགྱིད།། བདེ་གཤེགས་རྣམས་ཀྱིས་ཆོས་རྣམས་མཉམ་པར་གཟིགས།། དེ་ལ་རྒྱལ་སྲས་འཇིགས་དང་བྲལ་བ་རྣམས། ། ཡང་དག་ཉིད་དུ་སངས་རྒྱས་ལེགས་སྤྱོད་ཅིང་།། མཁས་པ་དེ་དག་འཇིག་རྟེན་འདི་ན་སྤྱོད།། གཟུགས་ཀྱི་མཚན་མ་རྣམ་པར་གཞིག་བགྱིས་ཤིང་། ། མཚན་མའི་རྣམ་པ་ཐམས་ཅད་རབ་སྤངས་ཏེ།། སྲིད་པ་གསུམ་ལ་དེ་དག་ཡོང་མི་སྨོན།། དངོས་པོ་སྟོང་པར་སྨོན་ལམ་དེ་དག་བགྱིད།། ཕུང་པོ་འདི་དག་མ་སྐྱེས་རྟོགས་གྱུར་ཅིང་། ། ལུང་བསྟན་བདེ་གཤེགས་ཉིད་ཀྱང་མ་སྐྱེས་ལ།། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱང་མ་སྐྱེས།། དེ་ལྟར་གང་འཚལ་དེ་ལ་རྨོངས་མ་མཆིས།། སྐྱེ་བོའི་ཆོས་དང་སངས་རྒྱས་ཡོན་ཏན་རྣམས། ། དེ་དག་ཀུན་དང་བདེ་གཤེགས་མ་སྐྱེས་ཏེ།། མི་ཡི་སེང་གེ་དེ་ལྟ་གང་འཚལ་བ།། དེ་ནི་ཁྱོད་སྲས་ཁྱོད་ནི་དེ་ཡི་ཡ་བ།། གང་ཞིག་ཕུང་པོ་འགག་པ་མ་མཆིས་ཤིང་།། ཁམས་དང་སྐྱེ་མཆེད་དེ་བཞིན་རྒྱལ་བའི་ཆོས། ། བྱང་ཆུབ་རྒྱལ་བ་དེ་བཞིན་ལུང་བསྟན་པ།། བཅོམ་ལྡན་འདི་ཀུན་འགག་མེད་འཚལ་བ་དང་།། གང་རྣམས་བྱང་ཆུབ་འཚལ་ཞིང་སྤྱོད་བགྱིད་པ།། འཇིག་རྟེན་མཁས་པབ་དེ་དག་འགག་མ་མཆིས། ། འགྲོ་བ་ཐམས་ཅད་འགག་མེད་བློར་གྱུར་ན།། དེ་འདྲའི་བློ་ལྡན་བྱང་ཆུབ་རྙེད་མི་དཀའ།། ཕུང་པོ་སྐྱེ་མཆེད་དག་དང་ཁམས་རྣམས་དང་།། བྱང་ཆུབ་རྒྱལ་བ་རྒྱལ་སྲས་མི་གཙེ། བར། གང་གིས་འཚལ་བ་དེ་དག་རྒྱལ་སྲས་ཏེ།། དེ་དག་རྒྱལ་བའི་ཆོས་འདི་འཛིན་པ་ལགས།། ཕུང་པོ་སེམས་མེད་དེ་བཞིན་སྐྱེ་མཆེད་དང་།། ཁམས་དང་བྱང་ཆུབ་རྒྱལ་བ་རྒྱལ་སྲས་དང་།། ལུང་བསྟན་དེ་བཞིན་སེམས་པ་མ་མཆིས་པར། ། གང་གིས་འཚལ་བ་དེ་དག་རྒྱལ་བའི་སྲས།། རང་བྱུང་ཕུང་པོ་དངོས་ཉིད་སྟོང་པ་སྟེ།། ཁམས་དང་སྐྱེ་མཆེད་དག་དང་རྒྱལ་བ་དང་།། བྱང་ཆུབ་དང་ནི་ལུང་བསྟན་རྒྱལ་སྲས་རྣམས། ། ངོ་བོ་ཉིད་ཀྱིས་སྟོང་པར་གང་སྤྱོད་དང་།། ཕུང་པོ་སྤྲོས་འང་དེ་བཞིནི་ཁམས་རྣམས་དང་།། སྐྱེ་མཆེད་རྐང་གཉིས་མཆོག་དང་བྱང་ཆུབ་དང་།། ལུང་བསྟན་སྤྲོས་པ་མེད་པར་གང་སྤྱོད་ཅིང་། ། དེ་ལྟར་གང་འཚལ་དེ་དག་རྒྱལ་བའི་སྲས།། གནས་པ་མ་མཆིས་མི་གནས་མ་ལགས་ཏེ།། མཆིས་པ་མ་ལགས་མ་མཆིས་ཡོང་མ་ལགས།། འདུས་བྱས་མ་ལགས་འདུས་མ་བྱས་མ་ལ་གོས། ། དེ་ལྟར་གང་འཚལ་དེ་དག་རྒྱལ་བའི་སྲས།། རྒྱལ་དང་འགྲོ་འདི་དེ་ལྟར་ཡོངས་མཐོང་ཞིང་།། སྟོན་པའི་དགོངས་པ་དེ་ལྟར་འཚལ་གྱུར་ལགས།། དེ་ལྟར་བགྱིས་ན་གང་ཟག་མཆོ་མཆོད་ཅིང་། ། འདྲེན་པ་འཁོར་དང་བཅས་ལ་བསྙེན་བཀུར་ལགས།། རྣམ་པར་འདྲེན་ལ་བསྟོད་པའི་བསོད་ནམས་གང་།། ཇི་སྙེད་འཇིག་རྟེན་ཕན་མཛད་མཁྱེན་པ་ཡི།། དགེ་བ་དེ་ཡིས་འགྲོ་བ་རང་བྱུང་བ། ། རྒྱལ་བ་མཚན་མཆོག་ལྡན་པར་གྲུབ་པར་ཤོག། དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་ལྡན་རིས་ཀྱི་ལྷ་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས།། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ།། འདྲེན་པའི་རྒྱུ་ཡི་སྟོབས་ནི་གང་ཞིག་གིས།། སྟོབས་ཅན་བརྙེས་པ་འདི་ལྟར་འཛུམ་མཛད་པ།། འཛུམ་པའི་རྒྱུ་དེ་འཛིན་པས་བཀའ་སྩལ་གསོལ། ། དེས་ནི་འཇིག་རྟེན་འདི་དག་དགའ་བར་འགྱུར།། ཤཱཀྱ་ཐུབ་པའི་ཞལ་ནས་འཛུབ་མཛད་པ།། འགྲོ་བ་འདི་སྙ་མཐོང་ཐེ་ཚོམ་འཚུལ་གྱུར་ཏེ། ཉན་པར་འཚལ་ཞིང་གཞན་དུ་མི་སེམས་པར།། ཀུན་ཀྱང་འཇིག་རྟེན་ཕན་པའི་ཞལ་དུ་ལྟ།། འདི་ལྟར་དཔེར་ན་ནད་པ་ནང་སྐྱོ་བ།། སྨན་པས་བསྒོ་བ་བཞིན་དུ་འཛིན་བགྱིད་པ།། དེ་བཞིན་འཁོར་འདི་ལུས་བསྟན་ཐོས་འཚལ་ཞིང་། ། རྐང་གཉིས་དབང་པོ་བདེ་གཤེགས་ཞལ་དུ་ལྟ།། འཁོར་འདི་ཐམས་ཅད་རྒྱ་ཆེན་ལྡན་པ་སྟེ།། སངས་རྒྱས་དགོངས་ལ་ཞེན་པའི་ཡིད་དང་ལྡན།། རྒྱལ་བས་ལུང་བསྟན། དེ་དག་ཐོས་འཚལ་ཏེ།། ཀུན་ཀྱང་བདེ་གཤེགས་ཞལ་དུ་ལྟ་ཞིང་སྡོད།། དེ་ལ་རྒྱལ་བས་ཐུགས་རྗེ་ཆེ་བསྐྱེད་ཅིང་།། ཅི་ནས་འཁོར་འདི་རབ་ཏུ་དགའ་འགྱུར་དང་།། སངས་རྒྱས་དགོངས་ལ་བསམ་པ་གཞོག་འགྱུར་བ་ར། ། ཡེ་ཤེས་སྟོབས་ཀྱིས་ཐེ་ཙོམ་གཅད་དུ་གསོལ།། མི་ཡི་ཁྱུ་མཆོག་ལུང་བསྟན་དུས་ལ་བབ།། ཐེ་ཙོམ་འཚལ་བའི་ཐེ་ཙོམ་བསལ་དུ་གསོལ།། སངས་རྒྱས་སླར་སྔོའི་དགྲ་ནི་མི་མངའ་ན། ། རྟོག་གེའི་ཚོགས་ཀྱི་སྡེ་ནི་གཞིག་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་འཇིག་རྟེན་སྨོན་མཛད་ལ། ། འཛུམ་པའི་དོན་དྲིས་དེ་ནི་དུས་དང་ལྡན།། དེ་ལྟར་འཇིག་རྟེན་མཁས་ལ་དྲིས་པས་ན།། དེ་རིང་འགྲོ་བ་འདི་ཡི་དོན་ཆེན་བྱས།། འཇིག་རྟེན་པན་ཕྱིར་འཛུམ་པ་འདི་བ་ད་པ། གང་ཀྲི་མ་འདི་དག་ཤེས་སུཔ།། ང་ལ་མཆོད་པརྒྱན་འདི་བྱས་པགྷྲི། དགའ་ལྡན་མི་དྡྷ་མཁྱེན་ན་མྱང།། འམོ་བ་ཡང་དག་རྟོགས་པ་བཞིན་དུ་ཡོད། རྒྱལ་བའི་དགོངས་པས་ཆོས་ཉིད་བརྙེས་པར་གྱུར།། གང་ལ་འགྲོ་བ་ཐམས་ཅད་རྨོངས་གྱུར་པའི།། རྣམ་པར་ཐར་པའི་སྒོ་གསུམ་རབ་ཏུ་རྟོགས།། སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་བྱ་བྱས། བསམ་པ་གཅིག་གིས་ཞུ་བ་ལེགས་པར་ཞུས།། དེ་ཉིད་དུ་ནི་སྟོང་ཉིད་ལེགས་པར་བསྒོམས།། སྔན་ཆད་བྱས་པ་དེ་ནི་འདིར་ཡང་བསྟན།། དེ་དག་དེ་བཞིན་གཤེགས་དང་དེང་ཕྲད་ཅིང་།། སྐྱེས་བུ་མཆོག་དང་འགྲོགས་པ་ཐོབ་གྱུར་ནས། ། སྟོང་པ་ཉིད་ཀྱིས་འདྲེན་པ་བསྟོད་བྱས་པས།། དེ་རིང་འགྲོ་བའི་དོན་ཆེན་ཤིན་ཏུ་བྱས།། འགྲོ་བ་ཐམས་ཅད་སྐྱེ་མེད་ཇི་བཞིན་དུ།། བྱང་ཆུབ་རྒྱལ་བ་དེ་བཞིན་ལུང་བསྟན་དང་། ། གང་དག་ཞི་བ་ཐོབ་ནས་སྤྱོད་པ་དང་།། བྱང་ཆུབ་དེ་བཞིན་དེ་དག་སྐྱེ་བ་མེད།། འགྲོ་བ་ཀུན་གྱི་ཆོས་ཉིད་དེ་འདྲ་བ།། དེ་ཤེས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས།། ལྷ་རྣམས་གང་ཡང་དེ་ལ་ཐེ་། ཅོམ་མེད།། བྱང་ཆུབ་སེམས་ཀྱི་རྟག་པར་དེ་ལྟར་སྤྱོད།། དེ་བཞིན་འགྲོ་བ་འགག་སོད་ཇི་བཞིན་དུ།། ལྷ་ཚོགས་འདི་དག་རྟོགས་པའི་བློ་ལྡན་ཏེ།། མཁས་པ་འདི་དག་ནེམ་ནུར་མེད་པས་ན།། དེ་ཕྱིར་འདི་དག་རྒྱལ་བ་རང་བྱུང་འགྱུར། ། གནས་པ་མེད་པ་ལ་ནི་ངེས་གྱུར་ནས།། གཡོ་བ་མེད་པ་དེ་ལ་ནེམ་ནུར་མེད།། འགྲོ་བ་ཀུན་ལ་སེམས་པ་ཡོད་མིན་པ།། དེ་ལའང་ལྷ་རྣམས་ཐེ་ཙོམ་ཡོང་མེད་དོ།། ཆོས་རྣམས་ངོ་བོ་ཉིད་ཀྱིས་རང་བཞིན་མེད།། བྱང་ཆུབ་སེམས་དང་དེ་བཞིན་བྱང་ཆུབ་ཀྱང་།། ཐམས་ཅད་ངོ་བོ་ཉིད་ཀྱིས་རང་བཞིན་མེད།། དེ་ལའང་ལྷ་རྣམས་ཐེ་ཙོམ་རྣམས་པར་དག། བློ་མཆོག་ལྡན་པའི་དགའ་ལྡན་ལྷ་འདི་རྣམས།། ཀུན་ཀྱང་གནས་མེད་དེ་ལ་རབ་གནས་ཏེ།། དེ་ཕྱིར་ལྷ་རྣམས་བྱང་ཆུབ་རྙེད་མི་དཀའ།། རང་བྱུང་ཉིད་ནི་མྱུར་དུ་ཐོབ་པར་འགྱུར།། འདྲེན་པ་སྐར་མ་འདྲ་བའི་བསྐལ་པ་ལ། ། འགྲོ་བ་མཐའ་ཡས་རྣམ་པར་འགྲེལ་པར་འགྱུར།། རྒྱལ་བ་དེ་དག་མཚན་དུ་འགྱུར་བ་ནི།། རང་བྱུང་ཆོས་ལ་རྣམ་ངེས་རྒྱལ་པོའོ།། དེ་ལྟར་རྒྱལ་བས་དགའ་ལྡན་ལྷ་རྣམ་ཀྱི། ། བསམ་པ་མཁྱེན་ཏེ་འགྲོ་ལ་བསྟན་མཛད་པ།། དེ་ཐོས་ནས་ནི་ལྷར་བཅས་འཇིག་རྟེན་ཡང་།། ཡི་རངས་གྱུར་ཅིང་སྟོབས་ཀྱང་ཐོབ་པར་གྱུར།། དགའ་ལྡན་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་དེའི་ཚེ་རབ་འཕྲུལ་ལ་སོགས་པ་འཕྲུལ་དགའ་བ་བྱེ་བ་ཕྲག་བདུན་ཅུས་ལྷ་མ་ཡིན་རྣམས་ནས་དགའ་ལྡན་རིས་ཀྱི་བར་གྱི་ལྷ་དེ་དག་གི་མཆོད་པའང་མཐོང་།། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ།། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། ཡང་དག་པའི་མཐའ་ལ་གནས་ཤིང་། དེ་བཞིན་ཉིད་ལ་ཐེ་ཙོམ་མེད་པར་གྱུར་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་གལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ་དང་། སྒྲིབ་པ་མ་མཆིས་པའི་མཐའ་དང་། མཐའ་ཡས་པའི་མཐའ་དང་། མི་གནས་པའི་མཐའ་དང་། མི་ཟད་པའི་མཐའ་དང་། མི་གཉིས་པའི་མཐའ་སྟེ། མཐའ་མ་མཆིས་པའོ།། བཅོམ་ལྡན་འདས་དེ་ལ་མ་ནོར་བའི་སླད་དུ་ཡང་དག་པའི་མཐའ་ཞེས་བགྱིའོ། ། ཚད་མ་མཆིས་པའི་སླད་དུ་མཐའ་ཡས་པའི་མཐའ་ཞེས་བགྱིའོ།། ཆགས་པ་མ་མཆིས་པའི་སླད་དུ་སྒྲིབ་པ་མ་མཆིས་པའི་མཐའ་ཞེས་བགྱིའོ།། ངོ་བོ་ཉིད་མ་མཆིས་པའི་སླད་དུ་མི་གནས་པའི་མཐའ་ཞེས་བགྱིའོ། ། འབྱུང་བ་མ་མཆིས་པའི་སླད་དུ་མི་ཟད་པའི་མཐའ་ཞེས་བགྱིའོ།། རོ་གཅིག་པའི་སླད་དུ་མི་གཉིས་པའི་མཐའ་ཞེས་བགྱིའོ།། མ་མཆིས་པའི་སླད་དུ་མཐའ་མ་མཆིས་པ་ཞེས་བགྱིའོ། ། བཅོམ་ལྡན་འ་དས་ཡང་དག་པའི་མཐའ་འདི་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལགས་ཏེ། ཆོས་གང་ཡང་དག་པའི་མཐའ་མ་ལགས་པའི་ཆོས་དེ་གང་ཡང་མ་མཆིས་སོ།། བཅོམ་ལྡན་འདས་བྱང་ཆུབ་ཅེས་བགྱི་བ་འདི་ནི་ཡང་དག་པའི་མཐའ་སྟེ། བྱང་ཆུབ་གང་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་མ་མཆིས་པ་ནི། བྱང་ཆུབ་ལགས་པར་རིག་པར་བགྱིའོ། ། ཐ་ན་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་བོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་རང་བཞིན་མ་མཆིས་པ་སྟེ། མཚམས་མེད་པ་རྣམས་ཀྱང་རང་བཞིན་མ་མཆིས་པ་ལགས་པས། དེའི་དྲུང་དུ་མརྣམས་མེད་པ་རྣམས་ཀྱང་བྱང་ཆུབ་ཅེས་བགྱིའོ།། བཅོམ་ལྡན་འདས་ཅུང་པོས་སྨྲས་པའི་མྱང་ངན་ལས་འདས་པའི་དབྱིངས་ནི་རང་བཞིན་མ་མཆིས་པནྡེ། མཚམས་མེད་པ་རྣམས་ཀྱང་དེའི་རང་བཞིན་ནོ།། དེ་ཅིའི་སླང་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། མཚབས་མེད་པ་རྣམས་ཀྱང་དེའི་ང་བཞིན་ནོ། ། བཅོམ་ལྡན་འདས་གང་སུ་དག་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་བ་དེ་དག་ནི་གནོད་པར་འགྱུར་བའི་ཆོས་ཅན་ཏེ། དེ་ཅིའི་སླད་དུ་ཞེ་ན། གལ་ཏེ་འཁོར་བར་ཞུགས་པ་ཞིག་མཆིས་ན་ནི། མྱ་ངན་ལས་འདས་པའང་འཚལ་བར་འགྱུར་ན། ཡང་དག་པའི་མཐའ་ལ་ནི་འཁོར་བར་ཞུགས་པ་གང་ཡང་མ་མཆིས་ན། དེ་མྱ་ངན་ལས་འདས་པ་ཅི་ཞིག་ཚོལ་བར་འགྱུར། བཅོམ་ལྡན་འདས་ཡང་དག་པའི་མཐའ་ནི་གཉིས་སུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་དེ་ལ་བདག་ཅག་སོམ་ཉི་མ་མཆིས། ཐེ་ཙོམ་མ་མཆིས་སོ།། བཅོམ་ལྡན་འདས་གང་ལ་ལ་ཞིག་ཆོས་འདི་ལ་ནེམ་ནུར་དང་ཐེ་ཙོམ་མ་མཆིས་ན། དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འཚལ་བར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། དེའི་ཚེ་ལྷའི་རྒྱལ་པོ་རབ་འཕྲུལ་ལ་སོགས་པ་འཕྲུལ་དགའི་རིས་ཀྱི་ལྷ་བྱེ་བ་ཕྲག་བདུན་ཅུ་པོ་དེ་དག་རང་གིས་རང་ལུང་བསྟན་པ་གསན་ནས། འགྲོ་བ་ཐམས་ཅད་རབ་ཏུ་དགའ་བར་བྱ་བའི་ཕྱིར་དེའི་ཚེ་འཛུམ་པ་མཛད་དོ། ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་ཕན་པར་བཞེད་པས་འཛུམ་པ་མཛད།། འཛུམ་པའི་རྒྱུ་ནི་ཁྱོད་ཀྱིས་མ་བསྟན་ཏེ། རབ་བྱུང་སྐྱེས་བུ་དམ་པ་གང་དག་ཀྱང་།། རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་པས།། ཁྱོད་ཀྱི་ཞལ་ནས་འཛུམ་པ་དེ་མཛད་པ།། མཐོང་ནས་ལྷར་བཅས་འཇིག་རྟེན་ཐེ་ཙོམ་འཚལ།། འཛུམ་པའི་རྒྱུ་དེ་གང་ལགས་རང་བྱུང་གསུངས། ། ཐེ་ཙོམ་འཚལ་བའི་ཐེ་ཙོམ་བསལ་དུ་གསོལ།། ཁྱོད་ཀྱིས་འཛུམ་མཛད་རྒྱུ་དེ་ཐོས་གྱུར་ན།། འཁོར་འདི་ཐམས་ཅད་ངོ་མཚར་ཐོབ་པར་འགྱུར།། བྱང་ཆུབ་མཆོག་ནི་ཡོངས་སུ་བསྒྲུབ་སླད་དུ། ། དེ་དག་ལམ་མཆོག་ཤིན་ཏུ་རྣམ་དག་འགྱུར།། ཐེ་ཙོམ་འཚལ་བདག་ནི་ནམ་དུ་ཡང་།། བྱང་ཆུབ་ཡིད་བཞིན་བདེ་བར་མི་འགྲུབ་སྟེ།། ཐེ་ཙོམ་སོམ་ཉི་བསལ་ནས་མཁས་པ་རྣམས།། བྱང་མཆོག་གི་རྒྱུ་དང་སྐལ་ལྡན་འགྱུར། ། རྐང་གཉིས་དབང་པོ་ཁྱོད་ཀྱི་འཁོར་འདི་དག། སྡིག་པ་ཡོངས་སྤངས་བྱང་ཆུབ་སེམས་དང་ལྡན།། ལྷ་རྣམས་ལུང་བསྟན་དེ་དག་ཐོས་གྱུར་ན།། རྒྱལ་བའི་གོ་འང་། རྒྱ་ཆེན་ཐོབ་པར་འགྱུར།། དེ་བས་རྒྱལ་བས་ཐུགས་རྗེ་ཆེ་བསྐྱེད་ཅིང་།། ཐེ་ཙོམ་འཚལ་བ་རྣམས་ལ་ཐུགས་བརྩེ་བས།། ལྷ་ཚོགས་འདི་དག་ཐམས་ཅད་ལུང་བསྟན་ཅིང་།། འགྲོ་བ་འདི་དག་ཐམས་ཅད་དགའ་བར་མཛོད། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ངས་ནི་འཇིག་རྟེན་ཕན་ཕྱིར་འཛུམ་པ་མཛད། རྟ་ཐུལ་ཁྱོད་ཀྱིས་ཞུ་བ་དེ་ཞུས་པ།། ལུང་བསྟན་དེ་ནི་ཁྱོད་ལ་མ་ལུས་པར།། བསྟན་པར་ངས་བྱས་དང་བས་ཀུན་ཀྱང་ཉོན།། འཕྲུལ་དགའི་རིས་ཀྱི་ལྷ་ཚོགས་འདི་རྣམས་ཀྱིས། ། ཐམས་ཅད་མཁྱེན་པར་བདག་ཅག་ལུང་བསྟན་ཏེ།། མུ་སྟེགས་ཚོགས་ཀྱི་བསམ་པ་ཟིལ་མནན་ནས།། འཁོར་འདིར་སེང་གེའི་ངོ་རོ་ཆེན་པོ་བསྒྲགས།། གནམ་དུ་རྡོ་འ་ཕངས་ས་ལ་ལྟུང་བལྟར། ། དེ་ལ་ཐེ་ཙོམ་ཟ་བར་མི་འགྱུར་ཏེ།། དེ་ལྟར་ཐེ་ཙོམ་མེད་པའི་ཚུལ་ཐོབ་པ།། བདག་ཅག་ཉིད་ནི་སྟོབས་བཅུར་འགྱུར་བར་ཤེས།། ཉི་མ་ནུབ་གྱུར་ནམ་སྨོས་གྱུར་པའི་ཚེ། ། མི་རྣམས་ཟླ་བ་མྱུར་དུ་འཆར་བར་ཤེས།། དེ་བཞིན་རྒྱལ་བའི་སྲས་པོ་ཚུལ་ཐོབ་དག། བདག་ཅག་ཉིད་ནི་སྟོབས་བཅུར་འགྱུར་བར་ཤེས།། སྐར་ཚོགས་དབུས་ན་ཟླ་བ་གནས་པ་ནི། སེམས་ཅན་མཚུངས་པར་འདི་ལ་ཐེ་ཙོམ་མེད།། དེ་བཞིན་རྒྱལ་བའི་སྲས་པོ་ཚུལ་ཐོབ་དག། བདག་ཅག་ཐམས་ཅད་མཁྱེན་དུ་འགྱུར་བར་ཤེས།། ཇི་ལྟར་ཉི་མ་ནུབ་པར་གྱུར་པའི་ཚེ།། ཉི་མ་མི་མཐོང་སེམས་ཅན་དེ་དག་ཤེས། ། དེ་བཞིན་བདེ་གཤེགས་སྲས་པོ་ཚུལ་ཤེས་པ།། ཡེ་ཤེས་དམ་པ་ཐོབ་པར་འགྱུར་དུ་ཤེས།། ཆུ་ཀླུང་ཇི་ལྟར་གཞོལ་བར་འབབ་འགྱུར་ཞིང་། མཚོར་འབབ་པར་མཁས་པ་རྣམས་ཀྱིས་ཤེས།། དེ་བཞིན་བདེ་གཤེགས་སྲས་པོ་ཚུལ་ཤེས་པ།། བྱང་ཆུབ་རྒྱ་ཆེན་འཐོབ་པར་འགྱུར་བར་ཤེས།། ཇི་ལྟར་གནམ་དུ་བོང་བ་འཕངས་པ་ནི། ས་ལ་ལྟུང་བར་འགྱུར་དུ་ཐེ་ཙོམ་མེད།། དེ་བཞིན་རྒྱལ་སྲས་མཁས་པ་དེ་དག་ཀྱང་།། འཇིག་རྟེན་མཁས་པར་མྱུར་འགྱུར་ཡེ་ཤེས་འཇུག། གང་ཐོས་ནས་ནི་ཐེ་ཙོམ་མེད་འགྱུར་ཞིང་།། སངས། རྒྱས་ཡོན་ཏན་གནས་པར་བདག་ཤེས་ལ།། རང་གི་སར་ཉེ་ལ་ག་སྟོང་མ་ཡིན་པར།། མཁས་པ་རྣམས་ཀྱིས་ཆོས་ཉིད་རབ་ཏུ་མཐོང་།། གལ་ཏེ་བདུད་ཀྱི་ཚོགས་ནི་བྱེ་བ་དག། སངས་རྒྱས་གཟུགས་བསྒྱུར་བར་ཆད་སྨྲས་བྱས་ཀྱང་། ། ཆོས་ལ་མཁས་པ་ཆོས་ཉིད་རབ་མཐོང་བ།། དེ་དག་བྱང་ཆུབ་ལས་ནི་བཟློག་མི་ནུས།། དེ་ལྟར་སངས་རྒྱས་ཡོན་ཏན་རབ་གནས་ཤིང་།། བདག་གིས་བདག་ཉིད་ལུང་བསྟན་རྗོད་བྱེད་པ། ། དེ་ལ་འདྲེན་པ་ཆོ་ག་ཚུལ་མཁྱེན་པ།། མི་དབང་ལུང་བསྟན་དེ་ལ་ཡི་རང་མཛད།། དེ་ལྟར་ལྷ་ཚོགས་འདི་དག་ཚུལ་འདི་ལ།། གཞན་གྱི་དྲིང་ལ་མི་འཇོག་མངོན་ཤེས་ཤིང་།། དེ་དག་བདེ་གཤེགས་འགྱུར་ཞེས་རང་སྨྲ་ལ།། འཇིག་རྟེན་མཁས་པ་རྗེས་སུ་ཡི་རང་མཛད།། རྟ་ཐུལ་དེ་བས་མཁས་པ་གང་གི་རྣམས།། བླ་མེད་བྱང་ཆུབ་ཐོབ་པར་བྱར་སེམས་པ།། དེ་དག་ཚུལ་འདི་ཤེས་པར་གང་གྱུར་པའི། ། འཕགས་པའི་སྐྱེ་བོ་མཁས་ལ་བརྟེན་པར་བྱ།། གང་དག་ཚུལ་ལ་འཇུག་པ་རབ་མཐོང་ཞིང་།། མཁས་པ་གང་དག་བདེ་གཤེགས་བསྙེན་བཀུར་བ།། དེ་དག་བྱང་ཆུབ་ལག་མཐིལ་འདྲ་བར་གསལ། ། ཚུལ་ཤེས་དེ་དག་རང་གིས་རང་འབྱུང་འགྱུར།། གང་གིས་བསྐལ་པ་སྟོང་དུ་དཀརའ་ཐུབ་སྤྱད།། ཤ་ཁྲག་པ་གས་ལ་མི་ལྟ་བྱས་པ་བས།། གང་གིས། ཚུལ་འདི་སྐད་ཅིག་རྟོགས་གྱུར་ན།། དེ་ནི་ཁྱད་འཕགས་དཀའ་ཐུ་བ་དེ་ལྟ་མིན།། འདས་པའི་རང་བྱུང་གང་རྣམས་བྱུང་བ་དང་།། མ་འོངས་སེམས་ཅན་པན་བཞེད་གང་འབྱུང་ང་དལྟར་དུས་ན་འདྲེན་པ་གང་བཞུགས་པ། ། ཀུན་ཀྱང་ཚུལ་གྱིས་བདེ་བར་གཤེགས་པ་ཐོབ།། རབ་འཕྲུལ་ལྷ་ཚོགས་ཐུབ་པོའི་ཚུལ་ཤེས་པ།། འདི་དག་ང་ལ་མཆོད་པ་མཆོག་བྱས་ཤིང་།། འདྲེན་པ་ཐམས་ཅད་བསྙེན་བཀུར་རབ་བྱས་ནས། ། ཚུལ་གྱིས་སུ་ནི་རང་བྱུང་ཐོབ་པར་འགྱུར།། འཇིག་རྟེན་མཁས་པའི་ཏིང་འཛིན་གང་ཡིན་པ།། དེ་ཡིས་རྒྱལ་བ་རང་བྱུང་གནས་པའི་རྣམས།། དེ་དག་ཐམས་ཅད་རྒྱལ་བའི་སྤྱོད་ཡུལ་བ། ། ཚུལ་ཐོ་བ་རྣམས་ཀྱིས་སྔོན་བསྟེན་མྱུར་དུ་ཐོབ།། དེ་ལ་རྟ་ཐུལ་སངས་རྒྱས་སྲས་རྣམས་ནི།། སངས་རྒྱས་གནས་པ་དེ་ལ་ནེམ་ནུར་མེད།། སངས་རྒྱས་ཚུལ་ལ་སེམས་ཅན་རྣམས་བརྩེ་བ། ། ཚུལ་ཤེས་པ་དག་སྟོན་པའི་ལམ་ལ་སྤྱོད།། དེ་ལྟར་ཚུལ་ལ་དང་བའི་ཡིད་བྱས་ཏེ།། བརྩམ་པར་བྱ་ཡི་སྡུག་བསྔལ་སྤྱོད་ལ་མིན།། རྟག་ཏུ་དགེ་བ་ཤེས་མཁས་པ་བསྟེན་བྱས་ན། ། བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར།། བདེ་བར་གཤེགས་པའི་གསུང་མཆོག་ཐོས་ནས་ནི།། འཁོར་ཀུན་རྒྱལ་བའི་བྱང་ཆུབ་ཡི་རངས་ཏེ།། རྗེས་སུ་ཡི་རང་ཐེ་ཙོམ་མེད་གྱུར་ནས། མཐར་ཕྱིར་ཐོ་གྲོས་ལ་ནི་ཞུགས་པར་གྱུར།། འཕྲུལ་དགའ་བ་ལུང་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། བམ་པོ་བདུན་པ། དེ་ནས་དེའི་ཚེ་ལྷའི་རྒྱལ་པོ་དབང་སྒྱུར་ལ་སོགས་པ་གཞན་འཕྲུལ་དབང་བྱེད་རིས་ཀྱི་ལྷ་ཁྲག་ཁྲིག་ཕྲག་བརྒྱད་ཅུས་ལྷ་མ་ཡིན་རྣམས་ནས། ། འཕྲུལ་དགའི་ལྷའི་བར་དག་གི་མཆོད་པའང་མཐོང་།། ལུང་བསྟན་པའང་ཐོས་ནས།། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འཕྲུལ་དགའི་ལྷ་རྣམས་ཀྱིས་ཡང་དག་པ་མཐའ་ཞེས་གང་སྨྲས་པ་དེ་ལ་བདག་ཅག་གིས་ནི་ཡང་དག་པའང་མ་དམིགས་ན། དེའི་མཐའ་ལྟ་སྨོས་ཀྱང་ཅི་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་ཡང་དག་པ་དམིགས་ན་ནི་མཐའ་ཡང་དེས་དམིགས་པར་འགྱུར་ཏེ། དེ་ནི་གཉིས་ཀྱིས་སྤྱོད་པའོ།། དེ་ལྟ་བུ་དེ་ནི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ཀྱི་སྤྱོསྤྱོད་ཡུལ་མ་ལགས་སོ།། བཅོམ་ལྡན་འདས་གང་ལ་ལ་ཞིག་གཉིས་སུ་མ་མཆིས་པའི་ཆོས་རྣམས་ལ་ཆོས་རྣམས་ནི་གཉིས་སུ་མེད་དོ་ཞེས་མི་སྤྱོད་མི་མོས་ན། དེ་འདི་སྙམ་དུ་བདག་གིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་སུ་ལགས་ཀྱང་། དེ་ནི་ལམ་ལོག་པར་ཞུགས་པར་འཚལ་བར་བགྱི་བའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་འདི་བྱང་ཆུབ་ཏུ་སྨོན་པ་དེ་ནི་ལམ་ལོག་པར་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས་གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་གང་ཡང་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འགའ་ཞིག་དམིགས་པར་གྱུར་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། ། བཅོམ་ལྡན་འདས་ཆོས་ནི་འདས་པ་མ་ལགས། མ་འོངས་པ་མ་ལགས། ད་ལྟར་བྱུང་བ་མ་ལགས། འདུས་བྱས་མ་ལགས་འདུས་མ་བྱས་མ་ལགས། དངོས་པོ་མ་ལགས། དངོས་པོ་མ་མཆིས་པ་མ་ལགས། མངོན་པར་ཤེས་པར་བགྱི་བ་མ་ལགས། ཡོངས་སུ་ཤེས་པར་བགྱི་བ་མ་ལགས། སྤང་བར་བགྱི་བམ་ལགས། བསྒོམ་པར་བགྱི་བ་མ་ལགས། མངོན་དུ་བགྱི་བ་མ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་ཅེས་བགྱི་བ་དེའང་ཆོས་གང་གིས་གཉེན་པོའང་མ་ལགས་ལ། ཆོས་གང་ཡང་ཆོས་དེའི་གཉེན་པོ་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། ཆོས་དེ་ནི་ཀུན་ནས་ཉོན་མོངས་པ་མ་ལགས། རྣམ་པར་བྱང་བ་མ་ལགས་ཏེ། གང་གིས་ཆོས་གཞན་གྱི་གཉེན་པོར་གྱུར་པའི་ཆོས་དེའང་རང་བཞིན་གྱིས་མི་དམིགས་ལ། གང་ཆོས་དེའི་གཉེན་པོར་གྱུར་པའི་ཆོས་གཞན་དེ་གང་ཡང་རང་བཞིན་གྱིས་མི་དམིགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཚན་མ་དང་བྲལ་བ་སྟེ། དེ་དག་ནི་མངོན་པར་ཤེས་པར་བགྱི་བ་མ་ལགས། ཡོངས་སུ་ཤེས་པར་བགྱི་བ་མ་ལགས། སྤང་བར་བགྱི་བ་མ་ལགས། བསྒོམ་པར་བགྱི་བ་མ་ལགས། མངོན་དུ་བགྱི་བ་མ་ལགས་ཏེ། བཅོམ་ལྡན་འདས་གཟུག་ནི་གཟུགས་ཀྱི་མཚན་མ་དང་བྲལ་བའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་མཚན་མ་དང་བྲལ་བའོ།། གཟུགས་ཀྱི་སྐྱེ་བའི་མཚན་མ་ནས། རྣམ་པར་ཤེས་པའི་བར་གྱི་སྐྱེ་བ་གང་ལགས་པ་དེའང་སྐྱེ་བའི་མཚན་མ་དང་བྲལ་བའོ།། གཟུགས་ཀྱི་འགག་པ་ནས། རྣམ་པར་ཤེས་པའི་བར་གྱི་འགག་པ་གང་ལགས་པ་དེའང་འགག་པའི་མཚན་མ་དང་བྲལ་བའོ། ། བཅོམ་ལྡན་འདས་འདས་པ་དང་། མ་འོངས་པ་དང་། ད་ལྟར་འབྱུང་བའང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་བྲལ་བའོ།། འདུས་བྱས་ཀྱང་འདུས་བྱས་ཀྱི་མ་མ་དང་བྲལ་བའོ། ། འདུས་མ་བྱས་ཀྱང་འདུས་མ་བྱས་ཀྱི་མཚན་མ་དང་བྲལ་བའོ།། བཅོམ་ལྡན་འདས་དེ་ལྟར་ཇི་ཙམ་དུ་ཕུང་པོས་བཟུང་བའམ། སྐྱེ་བ་དང་འགག་པས་བཟུང་བ་འམ། འདས་པས་བཟུང་བ་འམ། མ་འོངས་པས་བཟུང་བ་འམ། ད་ལྟར་བྱུང་བས་བཟུང་བའམ། འདུས་བྱས་ཀྱིས་བཟུང་བ་འམ། འདུས་མ་བྱས་ཀྱིས་བཟུང་བ་དེ་དག་ནི་རྣམ་པ་ཐམས་ཅད་དུ་མི་དམིགས་ཏེ། དེ་ལྟར་མི་དམིགས་པ་དེ་ནི་མངོན་པར་ཤེས་པར་བགྱི་བ་མ་ལགས། ཡོངས་སུ་ཤེས་པར་བགྱི་བ་མ་ལགས། སྤང་བར་བགྱི་བ་མ་ལགས། བསྒོམ་པར་བགྱི་བ་མ་ལགས་མངོན་དུ་བགྱི་བ་མ་ལགས་ཏེ། བཅོམ་ལྡན་འདས་གང་དག་དེ་ལྟར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་ཞེས་བགྱིའོ། ། དེ་ནས་གཞན་འཕྲུལ་དང་དབང་བྱེད་རིས་ཀྱི་ལྷ་དེ་དག་གིས་ཇི་ལྟར་ཤེས་པའི་ཆོས་དེ་ལྟར་ལུང་བསྟན་ནས། དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བཅོམ་ལྡན་སྲིད་པ་མཐའ་འབྱིན་ལེགས་པར་གསུངས།། འཛིན་པས་སྲིད་པའི་སྙིང་པོ་མ་བརྙེས་ན།། སྐྱེ་བོ་མ། མཁས་དེ་དག་འཇིགས་པ་ཡིས།། འཁོར་བའི་ཕ་རོལ་བཟོད་ཕྱིར་རབ་ཏུ་ཞུགས།། ཕུང་པོ་རྣམས་ནི་ཀུན་ཏུ་མི་དམིགས་ཏེ།། ཕུང་པོའི་མཚན་མས་ཕུང་པོ་སྟོང་པ་ཉིད།། ཆོས་གང་གང་གི་གཉེན་པོར་འགྱུར་བ་ནི། ། མཚན་མས་སྟོང་སྟེ་གང་ཡང་མ་མཆིས་སོ།། ངོ་བོ་ཉིད་ཀྱིས་སྟོང་ཕྱིར་དངོས་པོ་གང་།། ཡོངས་ཤེས་བྱ་དང་སྤང་བསྒོམ་མངོན་བྱ་བ།། གང་ཡང་མ་མཆིས་གང་དུའང་མི་དམིགས་ཏེ། ། དངོས་པོ་རྣམས་ནི་དངོས་མེད་རང་བྱུང་གསུང་།། བྱང་ཆུབ་གང་ཡང་མཚན་མར་མི་དམིགས་ཏེ།། བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་དེ་བཞིན་ནོ།། སངས་རྒྱས་གང་ཡང་མཚན་མར་མི་དམིགས་ཏེ། ། བྱང་ཆུབ་སེམས་དཔའ་མཚན་མར་རྟོགས་མི་འགྱུར།། མི་མཁས་གང་དག་མཚན་མར་མངོན་ཞེན་པ།། དེ་དག་བྱང་ཆུབ་འཚང་རྒྱར་སེམས་བསྐྱེད་ཀྱང་།། མཚན་མར་སྤྱོད་ཅིང་སྤྱོད་ཡུལ་ལོག་པ་སྟེ། ། བློ་གྲོས་དྲན་པས་བྱང་ཆུབ་ལམ་མི་སྤྱོད།། མཚན་མ་སུས་སྤངས་སངས་རྒྱས་སྤྱོད་ཡུལ་ལ།། སྤྱོད་པ་དེ་དག་སངས་རྒྱས་བསྟན་ལ་མཁས།། མཚན་མ་དེ་བཞིན་མཚན་མོ་མེད་སྤངས་ཏེ། ། སྟོང་དང་མི་སྟོང་དེ་བཞིན་དམིགས་མེད་པོ།། མཁས་པ་དེ་དག་བྱང་ཆུབ་ལམ་ལ་སྤྱོད།། དེ་དག་བྱང་ཆུབ་དམ་པ་ཞི་བ་འཐོབ།། ཕས་ཀྱི་རྒོལ་བ་ཀུན་གྱི་སྤྱོད་ཡུལ་མིན། གནས་དེ་ཉན་ཐོས་རྣམས་ཀྱིས་བཟོད་བྱ་མིན།། རང་རྒྱལ་རྣམས་ཀྱང་དེ་ལ་མི་འགྲོ་སྟེ།། རྣམ་གྲོལ་སེམས་ལྡན་ཟག་མེད་ཐ་བ་མེད།། དགྲ་བཅོམ་བསྟན་པ་འདི་ལ་གང་བརྩོན་དང་།། དེ་བཞིན། རང་རྒྱལ་སྐྱོབ་པར་གྱུར་བ་དག། མཁས་པའི་སྤྱོད་ཡུལ་དེ་ལ་སྤྱོད་ཡུལ་མེད།། གོ་འཕང་དེ་ནི་མཚན་མ་སྤོད་པ་དང་།། ཉི་ཚེ་སྟོང་པ་ཉིད་ལ་སྒོམ་པ་དང་།། གང་རྣམས་སྟོང་པས་སྟོང་ཞེས་སྟོང་སྨྲ་དང་། ། ཆོས་ཀུན་རང་བཞིན་ཡོད་སྨྲས་འཐོབ་མི་ནུས།། སངས་རྒྱས་མ་སྨད་རྣམས་ཀྱི་བསླབ་པ་ལ།། སློབ་དང་རྣམ་བྲལ་སློབ་པ་སློབ་པའི་རྣམས།། མཁས་དེ་རྟོགས་པ་མེད་པས་བྱང་ཆུབ་རྟོགས། ། སྟོན་པས་བསྟན་པ་བཞིན་དུ་དགྱེས་བྱེད་ལ།། སངས་རྒྱས་རྐང་གཉིས་གཙོ་བོ་བསྟོད་པས་ན།། བདག་ཅག་བསོད་ནམས་མི་ཆུང་གང་ཐོ་བ་དེས།། འགྲོ་བ་བྱང་ཆུབ་དམ་པར་འཚང་རྒྱ་ཞིང་། ། མི་ཤེས་སྟོན་མཛད་སངས་རྒྱས་གྲུབ་པར་ཤོགདེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྷའི་རྒྱལ་པོ་དབང་སྒྱུར་ལ་སོགས་པ་གཞན་འཕྲུལ་དབང་བྱེད་རིས་ཀྱི་ལྷ་ཁྲག་ཞིག་ཟག་བརྒྱད་རྔུ་བོ་དེ་དག་གི་ལྷག་པའི་བསམ་བཟུགས་སུ་ཆུད་ནས། སྐྱེ་བོ་ཕལ་པོ་ཆེ་དེ་དག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར། དེའི་རྗེ་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས།། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གཞན་འཕྲུལ་དབང་བྱེད་ལྷ་མི་བསམ་མཁྱེན་ནས། རྒོང་གཉིས་གཙོ་བོ་ཁྱོད་ཀྱིས་འཛུམ་མཛད་པ། ཐུབ་པས་འཛུམ་པའི་རྒྱུ་ནི་མ་གསུངས་ན།། རྒྱལ་བ་འཛུམ་པའི་རྒྱུ་ནི་བསྟན་དུ་གསོལ།། འདྲེན་པ་རྒྱུ་མེད་འཛུམ་པ་མི་མཛད་ཅེས།། རྒྱལ་བ་ཁྱུ་མཆོག་དམ་པས། དེ་སྐད་གསུངས།། འཇིག་རྟེན་དོན་སྤང་འཛུམ་པ་མཛད་པའི་རྒྱུ།། འདྲེན་པ་བཀའ་སྩོལ་ཐེ་ཙོམ་བསལ་དུ་གསོལ།། དྲང་སྲོང་ཆེན་པོའི་ཞལ་ནས་འཛུམ་རིག་ནས།། ཐུབ་ཆེན་ཁྱོད་འཁོར་རྣམས་ཐེ་ཙོམ་འཚལ། ། གོའུ་ཏ་མ་རྒྱལ་བ་འདྲེན་པས་དེ་དག་ལ།། འཇིག་རྟེན་སྨན་སླད་འཛུམ་རྒྱུ་ལུང་བསྟན་གསོལ།། འདི་དག་འཁོར་བའི་རྒྱུད་ལ་རྒྱབ་ཕྱོགས་ཏེ།། མྱ་ངན་འདས་པའི་སེམས་ཀྱིས་ཐལ་སྦྱར་སྡོད། ། འཁོར་འདི་ཡངས་པའི་སེམས་ལ་ཐེ་ཙོམ་འཚལ།། དོན་ཡོད་གྲགས་མངའ་སོམ་ཉི་བསལ་དུ་གསོལ།། བདེ་གཤེགས་བསྟན་ལ་ཐེ་ཙོམ་མ་མཆིས་ཏེ།། ཕྱིར་ཞིང་ད་བསྐྱེད་རིམ་གྲོ་ཆེར་བགྱིད་དེ། ། ཐེ་ཙོམ་མི་འཚལ་སེམས་ནི་གྲོལ་འགྱུར་བར།། རྒྱལ་བས་སྐྱེ་བོའི་ཐེ་ཙོམ་ལེགས་པར་ལུམ།། བདེ་གཤེགས་བསྟན་ལ་འདི་དག་བདེར་གནས་ཤིང་།། གང་ལམ་རང་བྱུང་རྒྱལ་བ་གཤེགས་གྱུར་པ།། ལམ་དེ་ནས་ནི་ཐེ་ཙོམ་མ་མཆིས་མཆི།། དེ་བས་སྐྱེ་བོའི་ཐེ་ཙོམ་གཅད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། སྐྱེ་བོ་ཚོགས་ཆེན་དོན་དབང་བརྟེན་བྱས་ནས།། ཚིགས་སུ་བཅད་དེ་དུས་སུ་གང་སྨྲས་ཤིང་།། འཛུམ་པའི་དོན་གྱི་རྒྱུ་ནི་ཡོངས་ཞུས་པ་ཁྱོད་ཀྱི་ཚིག་ནི་དུས་དང་ལྡན་པ་ཡིན། ། དཔྲལ་དྲི་བ་དེ་ཡི་དོན་དྲིས་པས།། སྐྱེ་བོ་ཚོགས་ཆེན་འདི་ལ་དོན་བྱས་གྱུར།། ཁྱོད་ཀྱིས་དེ་རྗེས་སྐྱེ་བོ་ཚོགས་ཆེན་དག། བྱང་ཆུབ་མཆོག་ཏུ་ཡང་དག་རྔུ་པར་གྱུར། ། གཞན་འཕྲུལ་དབང་བྱེད་བསམ་པ་ངས་མཁྱེན་ཏེ།། རྟ་ཐུལ་འཛུམ་པ་འདི་ནི་ངེས་བསྟན་ཏོ།། འཇིག་རྟེན་མཁྱེན་པའི་བསྟན་པའི་ལམ་དེ་ནས།། དོན་དུ་གཉེར་བ་དེ་དག་དེ་བཞིན་འདོང་། ། གང་གིས་འགྲོ་བ་འདི་དག་མཚན་མེད་པར།། སྨིག་རྒྱུ་ལ་ནི་ཇི་ལྟར་ཆུ་བཞིན་མཐོང་།། བྱིས་པ་རྨོངས་པ་མཁས་པའི་ཚུལ་བཞིན་ཏེ།། དེ་དག་རྗེས་སུ་བྱང་ཆུབ་འདོད་པས་བསླབ། ། མཚན་མའི་འདུ་ཤེས་སྤང་ཕྱིར་མི་རྣམས་གང་།། རྟག་ཏུ་མཚན་མ་མངོན་དགའ་འཇིགས་འགྱུར་ཞིང་།། མཚན་མའི་འདུ་ཤེས་ལོག་པའི་ལམ་དུ་འདོང་།། མཚན་མ་མེད་པས་བྱང་ཆུབ་མཆོག་ཐོབ་འགྱུར། ། མེད་པའི་རྟོག་ལྡན་མཚན་མར་རྣམ་བཏགས་ནས།། ཇི་ལྟར་བཏགས་པ་དེ་ལྟར་འཆིང་བ་ཡིན།། མཚན་མ་སྟོང་པར་རྣམ་མཐོང་མཁས་པ་ཡི།། ཞི་བ་དག་ནི་གྲགས་ལྡན་དམ་པ་འཐོབ། ། འདུ་ཤེས་མཚན་ཅན་མི་མཉམ་སེམས་རྒྱུད་ཀྱིས།། སྡིག་པ་བརྒྱད་དག་མི་མཁས་དེ་དག་བྱེད།། འགྲོ་བ་ཀུན་ཏུ་སྡུག་བསྔལ་མི་ཆུང་མྱོང་།། དེ་ལྟར་མི་མཁས་མཚན་མར་བརྟག་པར་བྱས།། མཚན་མར་འདུ་ཤེས་པས་ནི་ཕུང་པོ་དང་། ། སངས་རྒྱས་བྱང་ཆུབ་བྱང་ཆུབ་སེམས་དཔའ་མཐོང་།། དེ་ལྟར་མཚན་མ་མེད་ཅིང་སྟོང་མཐོང་ན།། བྱང་ཆུབ་གཞལ་མེད་བླ་ན་མེད་པ་འཐོབ།། འདུ་ཤེས་མཚན་མ་ཅན་ལ་ཉོན་མོང་ས་འཕེལ། ། མཚན་མ་མེད་པ་ཀུན་ཏུ་སྦྱོར་བསྤྱོད།། མཚན་མ་ལས་ནི་ཀུན་སྦྱོར་གཞན་མེད་དེ།། ཀུན་ཏུ་སྦྱོར་བ་དེ་ཉིད་མཚན་མེད་མིན།། གང་རྣམ་བྱང་ཆུབ་ཐོབ་པར་བྱ་རྟོག་པ། ། རྟོག་པ་དེ་ཉིད་མི་མཁས་པར་ཆད་ཡིན།། མཁས་པའི་ལོངས་སྤྱོད་རྣམ་པ་ཐོབ་བྱེད་ན།། ལོངས་སྤྱོད་དེ་ཉིད་མཚན་མོ་མེད་པར་འགྱུར།། ཆོས་རྣམས་གང་ཡང་རང་བཞིན་ཉིད་ཀྱིས་མེད། ། རྣམ་པར་རྟོག་པས་ཆོས་བྱུང་ཀུན་ཀྱང་སྟོང་།། རྟོག་པ་མེད་པས་མཚན་མ་མེད་པར་འགྱུར།། དེ་ཉིད་བྱང་ཆུབ་གཞན་དུ་མཁས་མི་སྨྲ།། རྒྱལ་བའི་གསུངས་པ་དེ་དག་ཐོས་གྱུར་ནས། ། མི་འཇིགས་ལྡན་པའི་འཁོར་ནི་ཐེ་ཙོམ་བསལ།། དཔེར་ན་ཙམ་པའི་འཕྲེང་བ་འཛིན་པ་ལྟར།། མཁས་རྣམས་ཐུབ་པས་གསུངས་ལ་ལེགས་ཤེས་འཛིན།། འཇིག་པ་མེད་པའི་ལྷ་ཚོགས་འདི་དག་གིས། ། མཆོད་པ་འཕགས་པ་བླ་ན་མེད་བྱས་ཤིང་།། རྒྱལ་བའི་སྤྱོད་ཡུལ་ཆོས་ཀྱང་རབ་ཤེས་ནས།། འགྲོ་བ་རྣམ་པར་འདྲེན་པ་ཀུན་མཁྱེན་འགྱུར།། གཞན་འཕྲུལ་དབང་བྱེད་པ་ལུང་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ། ། ། དེ་ནས་ཚངས་རིས་ཀྱི་ལྷ་བྱེ་བ་ཕྲག་དྲུག་ཅུས་ལྷ་མ་ཡིན་རྣམས་ནས་གཞན་འཕྲུལ་དབང་བྱེད་རིས་ཀྱི་ལྷའི་བར་དག་གིས་མཆོད་པའང་མཐོང་། ། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས།། སྔོན་དགེ་བའི་རྩ་བ་བསགས་པདང་། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་དང་། བསམ་པ་ཡོངས་སུ་དག་པའི་ཕྱིར། འཇིག་རྟེན་པའི་བསམ་གཏན་ལ་མི་འདོད་པ་སྐྱེས་ཤིང་།། དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་ནི་སྣང་བ་ཐོབ་སྟེ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པར་གྱུར་ནས། དེ་དག་གིས་ཆོས་ཐམས་ཅད་བྱས་པའང་མ་ཡིན། མ་བྱས་པའང་མ་ཡིན་ཞེས་བྱ་བར་ཤེས་པར་གྱུར་ཏོ།། དེ་བཞིན་དུ་སྐྱེས་པའང་མ་ཡིན། མ་སྐྱེས་པའང་མ་ཡིན། བྱུང་བའང་མ་ཡིན། མ་བྱུང་བའང་མ་ཡིན། གྲུབ་པའང་མ་ཡིན། མ་གྲུབ་པའང་མ་ཡིན། འགགས་པའང་མ་ཡིན། མ་འགགས་པའང་མ་ཡིན། གནས་པའང་མ་ཡིན། མི་གནས་པའང་མ་ཡིན། ཀུན་ནས་ཉོན་མོངས་པའང་མ་ཡིན། རྣམ་པར་བྱང་བའང་མ་ཡིན། རྗེས་སུ་ཆགས་པའང་མ་ཡིན། ཁོང་ཁྲོ་བའང་མ་ཡིན། རྨོངས་པའང་མ་ཡིན། མ་རྨོངས་པའང་མ་ཡིན། ཤེས་པ་པོའང་མ་ཡིན། ཤེས་པ་པོ་མེད་པའང་མ་ཡིན། མཐོང་བ་པོའང་མ་ཡིན། མཐོང་བ་པོ་མེད་པའང་མ་ཡིན། ཚོར་བ་པོའང་མ་ཡིན། ཚོར་བ་པོ་མེད་པའང་མ་ཡིན། སྟོན་པ་པོའང་མ་ཡིན། སྟོན་པ་པོ་མེད་པའང་མ་ཡིན། ཡོད་པའང་མ་ཡིན། མེད་པའང་མ་ཡིན། དངོས་པོའང་མ་ཡིན། དངོས་པོ་མེད་པའང་མ་ཡིན། དམིགས་པའང་མ་ཡིན། མི་དམིགས་པའང་མ་ཡིན། འགྲོ་བའང་མ་ཡིན། འོང་བའང་མ་ཡིན། སོང་བའང་མ་ཡིན། མ་སོང་བའང་མ་ཡིན། སྟོང་པའང་མ་ཡིན། མི་སྟོང་པའང་མ་ཡིན། མཚན་མ་ཡོད་པའང་མ་ཡིན། མཚན་མ་མེད་པའང་མ་ཡིན། སྨོན་པ་ཡོད་པའང་མ་ཡིན། སྨོན་པ་མེད་པའང་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་གྱུར་ཏོ།། དེ་དག་དེ་ལྟར་ཆོས་ཐམས་ཅད་ལ་སོང་མི་གནས་པའི་ཡིད་ཀྱིས་དེ་དག་མིང་ལའང་མི་གནས་ཐ་སྙད་ལའང་མི་གནས། བརྗོད་པ་ལའང་མི་གནས་ཏེ། དེ་དག་ནི་བརྗོད་པའི་འདུ་ཤེས་ཅན་ཡང་མ་ཡིན། བརྗོད་དུ་མེད་པའི་འདུ་ཤེས་ཅན་ཡང་མ་ཡིན། བྱ་བའི་འདུ་ཤེས་ཅན་ཡང་མ་ཡིན། བྱ་བ་མེད་པའི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོའི་སྐྱེ་བོའི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོའི་སྐྱེ་བོ་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སོ་སོའི་སྐྱེ་བོ་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས་ཀྱིས་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས་ཀྱི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། ཉན་ཐོས་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། རང་སངས་རྒྱས་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་ཀྱི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། སངས་རྒྱས་མ་ཡིན་པའི་ཆོས་ཀྱི་འདུ་ཤེས་ཅན་ཡང་མ་ཡིན། མྱ་ངན་ལས་འདས་པའི་འདུ་ཤེས་ཅན་ཡང་།། མ་ཡིན། མྱ་ངན་ལས་འདས་པ་མ་ཡིན་པའི་འདུ་ཤེས་ཅན་ཡང་མ་ཡིན། འཁོར་བའི་འདུ་ཤེས་ཅན་ཡང་མ་ཡིན། འཁོར་བ་མེད་པའི་འདུ་ཤེས་ཅན་ཡང་མ་ཡིན་ཏེ། དེ་ལྟར་ཐམས་ཅད་ཀྱི་ཐམས་ཅད་དུ་རྟོག་པ་མེད་པའི་བློ་ཅན་ནམ་མཁའ་བཞིན་དུ་དག་ཅིང་གོས་པ་མེད་པར་གྱུར་ནས། དེ་རྣམས་དག་པ་དང་གོས་པ་མེད་པའི་ཕྱིར།། དེའི་ཚེ་དག་ཞི་བས་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། ཞི་ལ་ཞི་བའི་ཐུགས་མངའ་ཞི་བ་སྤྱད་ཅིང་ཞི་བའི་ཕ་རོལ་བྱོན།། ཞི་བ་སྟེན་པར་མཛད་ཅིང་འགྲོ་ལ་ཞི་བ་སྟོན་པ་རྗེས་སུ་སྟོན།། ཞི་བའི་སྤྱོད་ཡུལ་དགྱེས་ཤིང་བྱང་ཆུབཞི་ལ་དྲི་བྲལ་འཁྲུགས་མ་མཆིས། ། ཁྱོད་ཀྱིས་འཆི་མེད་ཞི་བ་འགྲོ་རྒྱུད་ཐམས་ཅད་ཟད་པ་མྱུར་དུ་བསྙེས།། ཞི་བ་ཐོབ་པར་བགྱིད་པའི་ཞི་བའི་ལམ་མཆོག་ཞི་བ་ཡང་དག་བསྟེན། ། ཡན་ལག་བརྒྱད་པས་ཉོན་མོངས་གློང་རྣམས་ཞི་མཛད་འགྲོ་བ་ཐམས་ཅད་བཏོན།། སྔོན་གྱི་རྒྱལ་བས་བསྟན་པའི་བྱང་ཆུབ་གཞལ་ཡས་ཞི་བ་དེ་ལ་འགོད།། དེ་སྟེན་སངས་རྒྱས་འཕགས་པས་བསྟེན་པའི་གྲོང་ཁྱེར་ཞི་བར་དེང་ཞེས་གསུང་། ། འདྲེན་པ་དེ་ལྟར་འགྲོ་བ་འདི་ལ་རྒྱལ་བས་བསྟེན་པའི་བསླབ་པ་བསྟན།། གལ་ཏེ་བསླབ་པ་དེ་སློབ་འགྲོ་བ་འདི་དག་བྱང་ཆུབ་གཞལ་སྙམ་འཐོབ། ། བསླབས་ནས་ནི་འདི་ཡིད་ཞི་བའི་ལསདོང་དབང་པོ་ཞི་བདག། འཇིག་རྟེན་མཁས་པ་འགྲོ་བའི་བྱེད་མཐུ་ཆེན་ནི་བཤེས་པར་འགྱུར།། བདྲེན་པ་ཁྱོད་ཀྱི་སྲས་མཆོག་ཞི་བ་འགྲོ་བཞི་བགྱིད་གང་དག་གིས། ། འཆི་མེད་ཞི་བ་མཚན་མ་ཐམས་ཅད་ཟད་པ་རྣམ་པར་རྟོགས་གྱུར་པ།། དེ་དག་འདྲེན་པ་ཚུལ་ལ་མཁས་པ་མཆོད་པ་མཆོག་གིས་བཆོད་པར་འགྱུར། ། ཉོན་མོངས་ཞི་ཞིང་མཚན་མ་ཀུན་སྤངས་ཞི་བ་རྟག་ཏུ་སྟོན་པར་འགྱུར།། འགྲོ་བ་ཐམས་ཅད་ཞི་ཞིང་མཚན་མ་བྲལ་བ་དེ་ཉིད་མྱ་ངན་འདས།། ཐུབ་པ་གང་དག་ཞི་ལས་ཞི་འདོད་སེམས་པ་དེ་དག་ཉོན་མོངས་འགྱུར། ། རྒྱལ་བ་ཁྱོད་ཀྱི་བྱང་ཆུབ་དང་ནི་འགྲོ་ཀུན་ཆོས་ཀུན་བསམ་མི་ཁྱབ།། ཐུབ་པ་བློ་ལྡན་འདམ་ལས་རྒལ་བ་དེ་ལ་བདག་ཅག་དོགས་མ་མཆིས།། གང་དག་ཕུང་པོ་བོར་ཏེ་བྱང་ཆུབ་ཞི་ཆོལ་དེ་ལ་ཞི་བར་རྟོགས། ། ཕུང་པོས་འཇིགས་པ་དེ་དག་ཤཱཀྱ་ཐུབ་པའི་བསྟན་ལ་དགའ་མ་ལགས།། དབེན་པའི་བློ་གྲོས་ལྡན་པ་ཞི་ཆོལ་དེ་དག་བློ་འཁྲུགས་གྱུར་པ་སྟེ།། ཆོས་ཀྱི་མཚན་མ་སྤྱོད་ཡུལ་འདི་དག་བྱིས་པ་ཞེས་ནི་བསྟོན་པས་གསུངས། ། ཐམས་ཅད་མཁྱེན་པསཞི་དང་མཚན་མའི་འཆིང་བ་ཞི་པ་འདི་དག་གསུངས།། ཐུབ་པ་གང་དག་ཕུང་པོ་རྣམ་པ་ཀུན་ཏུ་མཚན་མི་རྙེད། ། དེ་དག་ཤཱཀྱ་ཐུབ་པའི་བསྟན་པ་མཛེས་བྱེད་གང་དག་མཚན་མེད་དགའ།། དེ་དག་བྱང་ཆུབ་སྐྱོན་བྲལ་ཞི་མ་མཁས་པའི་སྤྱོད་ཡུལ་ཐོབ་པར་འགྱུར།། བདུད་ཀྱི་རྩོད་ལས་རྒྱལ་ན་ཉོན་མོངས་ཞི་བའི་ཐམས་ཅད་མཁྱེན་པ་འཐོབ། ། རྣམ་འདྲེན་ཞི་བ་མཛད་ལ་བསྟོད་པས་བདག་ཅག་བསོད་ནམས་གང་རྙེད་པ།། ཆགས་མེད་ཐུགས་མངའ་བདེ་བར་གཤེགས་པས་འདི་ཙམ་ཞེས། ནི་མཁྱེན་གྱུར་པ།། དེས་ནི་འགྲོ་བ་ཐམས་ཅད་ལམ་མཆོག་ཐམས་ཅད་མཁྱེན་པས་བསྟེན་གྱུར་པ།། ཞི་བྱེད་ཞི་བ་བསྟེན་ནས་མཁས་པས་མཆོད་པའི་རང་འབྱུང་སྡིག་མེད་ཤོག་དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། ཚངས་པ་རྣམས་དང་། ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟོད་པར་རིག་ནས། བདག་ཉིད་ཀྱིས་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། མི་དབང་ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་ནི།། ལོག་པ་རྨོངས་བྱེད་ཆང་པ་སྟོང་འདྲ་ཞིང་།། སྟོན་གྱི་སྤྲིན་འདྲ་མིག་འཕྲུལ་འདྲ་བར་མཁྱེན་རྒྱལ་བས་འདོད་པའི་ཡོན་ཏན་མེད་པར་མཁྱེན། ། ཇི་ལྟར་མི་ཞིག་རྨི་ལམ་བཀྲེས་གྱུར་པས།། ཁ་ཟས་རོ་བརྒྱ་ཟོས་ཀྱང་མ་འགྲངས་པ།། དེ་ལ་བཀྲེས་མེད་ཟས་མེད་སེམས་ཅན་མེད། ། རྨི་ལམ་དེ་འདྲར་ཆོས་རྣམས་ཐམས་ཅད་གཟིགས།། སྐོམ་པའི་མི་ཞིག་ཉལ་བའི་རྨི་ལམ་ན།། ཆུ་བསིལ་དང་ཞིང་རྙོག་མེད་འཐུངས་གྱུར་ཀྱང་།། ངོམས་མེད་ཚ་བ་ཞི་བར་མི་འགྱུར་ཏེ། ། དེ་བཞིན་ཁྱོད་ཀྱིས་ཆོས་རྣམས་ཐམས་ཅད་གཟིགས།། འདི་ལ་བྱེད་མེད་ཚེར་མེད་སེམས་ཅད་མེད།། བྱས་པ་དེ་བཞིན་མེད་ཅིང་རྣམ་སྨིན་མེད།། འབྲས་བུ་མྱོང་བར་། འགྱུར་བ་དེ་མེད་ཅེས།། འདི་འདྲའི་ཆོས་མཁྱེན་ཐེ་ཅོམ་ཡོང་མི་མངའ།། མི་ཞིག་ཡིད་དུ་འོང་བའི་ཚིག་སྨན།། དགའ་བར་འགྱུར་ཡང་ཚིག་ལ་འཕོ་བ་མེད། ཚིག་ཉིད་མེད་ཅིང་དགར་གྱུར་དངོས་ཀྱང་མེད།། དེ་མཁྱེན་དེ་ལ་ཐེ་ཙོམ་ཡོང་མི་མངའ།། པི་ཝང་སྒྲ་སྙན་མཉན་ན་རྣར་སྙན་ཏེ།། སྒྲ་དེ་རང་བཞིན་གང་ཡང་ཡོད་པ་མིན།། དེ་ལྟར་མཁས་པས་ཕུང་པོ་འདི་གཟིགས་ན། ། ཕུང་པོའི་རང་བཞིན་གང་ཡང་དམིགས་མི་མངའ།། ནོར་བུ་རིན་ཆེན་རང་བཞིན་གསལ་དག་པ།། གོས་ཀྱིས་དྲུང་གཞིག་སྣ་ཚོགས་ཚོན་དུ་འགྱུར།། དེ་ལྟར་རང་བཞིན་ཡོངས་དག་ཆོས་རྣམས་ཀྱང་། ། ལོག་པའི་རྣམ་པར་རྟོག་པས་དེ་ལྟར་འགྱུར།། ཙན་དན་དྲི་མེད་སྐྱོན་དང་བྲལ་བ་ཡང་།། རྐྱེན་དང་སྦྱར་ན་དྲི་ཞིམ་གཞན་དུ་འགྱུར།། དེ་དག་རང་བཞིན་ཡོངས་དག་ཆོས་རྣམས་ཀྱང་། ། སོ་སོ་རང་གིས་བརྟགས་པའི་རྣམ་པ་བཞིན།། ཇི་ལྟར་མི་ཡིས་དུང་གི་སྒྲ་ཐོས་ཏེ།། སྒྲ་འདི་ག་ལས་བྱུང་ཞེས་བརྟགས་བྱས་ཀྱང་།། རང་བཞིན་སྟོང་པའི་དངོས་ཏེ་དེ་མི་དམིགས། ། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། ཇི་ལྟར་མི་ཞིག་བསོད་པའི་ཁ་ཟས་ལ།། ཡན་ལག་སྲོག་ཕན་ཇི་ལྟར་འགྱུར་བརྟགས་ན།། དངོས་མེད་ཡན་ལག་སྲོག་ཀྱང་དེ་བཞིན་ཏེ། ། དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས།། ཇི་ལྟར་མི་ཞིག་ནམ་མཁའི་འཇའ་མཐོང་ན།། ཡན་ལག་གཞིགས་བརྟགས་རང་བཞིན་མེད་ཅིང་སོང་། ནམ་མཁའི་འཇའ་བཞིན་ཁྱོད་ཀྱི་ཡན་ལག་སྟོང་།། དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས།། གྲོང་ཁྱེར་མཆོག་ཀྱང་ཡན་ལག་རྣམ་གཞིགས་ན། ཐོང་ཁྱེར་རང་བཞིན་དེ་བཞིན་མིང་མི་དམིགས། ། གྲོང་ཁྱེར་ཇི་བཞིན་དེ་ལྟར་ཡན་ལག་སྟོང་།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། སྐྱེས་བུས་དགའ་བར་རྔ་ཞིག་བརྡུངས་བགྱིས་ན། ། དགའ་བ་སྐྱེད་ཀྱང་སྒྲ་ཡི་རང་བཞིན་སྟོང་།། ཇི་ལྟར་སྒྲ་བཞིན་དེ་ལྟར་ཡན་ལག་སྟོང་།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། སྐྱེས་བུས་ཇི་ལྟར་དེ་བརྡུངས་པའི་ཚེ། ། སྒྲ་དེ་ཕྱོགས་སུ་མི་འགྲོ་འབྱུང་བ་མེད།། ཕྱོགས་སུ་དེ་བཞིན་འགག་པར་མི་འགྱུར་ཏེ།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། སྐྱེས་བུས་ཇི་ལྟར་ང་དེ་བརྡུངས་པའི་ཚེ། ། ཐོགས་པ་མེད་ཅིང་སྙན་པའི་རང་བཞིན་ཏེ།། ཁྱོད་ཀྱི་ཡན་ལག་རྟ་སྒྲ་དེ་དང་འདྲ།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། ། སྒྲ་དེ་འཇིག་རྟེན་དགའ་བྱར་རྟོག་པ་མེད།། ཇི་ལྟར་སྨྲ་བཞིན་ཁྱོད་ཀྱི་ཡན་ལག་སྟོང་།། མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས།། སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ། ། གཡོ་བ་མེད་ཅིང་ཞི་བའི་དངོས་ཀྱང་མེད།། ཇི་ལྟར་རྔ་བཞིན་ཁྱོད་ཀྱི་ཡན་ལག་སྟོང་།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། སྐྱེས་བུ་སོ་ཇི་ལྟར་རྔ་ངེ་བརྡུངས་པའི་ཚེ་སྒྲ་དེ་ཡན་ལག་མ་བྱུང་རང་དབང་མིན། ། ཇི་ལྟར་སྒྲ་བཞིན་ཁྱོད་ཀྱི་ཡན་ལག་སྟོང་།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚངས་རིས་ཀྱི་ལྷ་དེ་དག་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དེའི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ཅིང་། ཞི་གནས་དང་ཡེ་ཤེས་མཐོང་བའི་བསྟོད་པ་དེས་དེ་ལྟར་བསྟོད་པས། འཁོར་དེའང་དགེ་བའི་རྩ་བ་བསགས་པར་གྱུར་པར་གཟིགས་ནས། དེའི་ཚེ་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། ཤཱཀྱ་ཐུབ་པའི་ཞལ་ནས་འཛུམ་མཛད་དྲི་མེད་དག་མཐོང་ནས།། ལྷར་བཅས་མིར་བཅས་ཀླུ་དང་གནོད་སྦྱིན་བཅས་པའི་འཇིག་རྟེན་ཀུན།། སྐྱོབ་པའི་འཛུམ་མཐོང་ཐམས་ཅད་ལྡན་པའི་འགྲོ་བ་ཐེ་ཙོཚོམ་འཚལ། ། བདེ་གཤེགས་ཞལ་བཟངས་དེ་ལ་ལྟ་ཞིང་ཐོས་པར་དགའ་སྟེ་སྣོད།། རྒྱལ་བ་འཛུམ་མཛད་ལེགས་པར་བཀའ་སྩོལ་ཐེ་ཙོམ་དགུམ་དུ་གསོལ།། རྣམ་པར་འཛིན་པ་ཐུབ་མཆོག་ཀུན་མཁྱེན་སངས་རྒྱས་འདྲེན་པ་རྣམས། ། རྒྱུ་མ་མཆིས་པར་འཇིག་རྟེན་དོན་བྱེད་འཛུམ་མཛད་མ་མཐོང་ན།། བདེ་གཤེགས་ཁྱོད་ཀྱིས་གང་སླད་འཛུམ་མཛད་ཐེ་ཙོམ་རྒྱུ་དེ་གསུངས།། རྒྱལ་བ་འཛུམ་མཛད་རྒྱུ་ཐོས་འགྲོ་བ་རྣམས་ནི་དགའ་བར་འགྱུར། ། འཁོར་འདི་ཐེ་ཙོམ་འཚལ་ནས་ཐལ་མོ་སྦྱར་ཏེ་ཁྱོད་ལ་སེམས།། བདེ་གཤེགས་ཐུབ་པའི་གསུང་མཆོག་ཐེ་ཙོམ་གཅོད་པ་ཉན་འཚལ་ན། ། རྣམ་འདྲེན་ཐུབ་པ་འཛུམ་མཛད་རྒྱུ་དེ་དེ་དག་རྣམ་ལ་གསུངས།། ཐོས་ནས་འགྲོ་བ་དགའ་ཞིང་ཐེ་ཙོམ་མ་མཆིས་འཕེལ་བར་འགྱུར།། འཁོར་འདི་སྙིང་པོ་ལྡན་ཞིང་རྙོག་མང་སུངས་རྒྱ་ཡོན་ཏན་འཚལ། ། སྟོན་པ་ཁྱོད་ཀྱི་ཞལ་མཛེས་ཟླ་བ་མཛེས་པ་འདྲལ་ལྟ།། འདྲེན་པ་ཆགས་མེད་རྫོགས་པ་ཚངས་པ་འདྲ་བའི་གསུང་བསྒྲགས་གསོལ།། དེ་ཐོས་འཁོར་རྣམས་ཐེ་ཙོམ་ཆད་ཅིང་ཆོས་ལ་གནས་པར་འགྱུར། ། ཁྱོད་ཀྱི་ཚངས་པའི་གསུང་མཆོག་དོན་ལྡན་འཇིག་རྟེན་འདས་རིག་ནས།། སྐྱེ་བོ་དགའ་ཞིང་མགུ་བའི་ཡིད་ལྡན་ཐམས་ཅད་མཁྱེན་པས་ཚིམ།། དེ་དག་དོགས་བསལ་སྦྱངས་པའི་ཡིད་ཀྱིས་ཐམས་ཅད་མཁྱེན་དུ་སྨྲག། བརྩོན་འགྲུས་སྟོབས་ཆེན་བསྐྱེད་ནས་འདུན་པ་སྟོབས་ལྡན་བརྩོན་པར་བགྱིད།། དེ་ལྟར་ལགས་པས་འཇིག་རྟེན་འདྲེན་པ་ཕན་མཛད་གསུང་བ་སྒྲགས་གསོལ། ། རྐང་གཉིས་དམ་པའི་གསུང་མཆོག་མི་གཡོ་ཐོས་ནས་དེ་ཡིས་ནི།། དགེ་བ་ཐོབ་པའི་འཁོར་འདི་ཐམས་ཅད་མཁྱེན་དུ་སེམས་འགྱུར་བར།། སྟོབས་བཅུ་མངའ་བ་འགྲོ་བ་ཀུན་ལ་ཕན་པ་ལེགས་པར་དགོངས། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། རྔ་ཐུལ་ང་ཡིས་ཕན་བྱེད་འཛུ་པ་འགྲོ་བ་ཀུན་ལ་གང་བསྟན་པ། ། རྩེ་གཅིག་ཡིད་ཀྱིས་སྙན་ཅིང་བསྔགས་པ་མཛེས་པ་དེ་ནི་མཉན་པར་བྱོས།། དེ་ཐོས་འགྲོ་བ་ཡོན་ཏན་བསགས་པ་མྱུར་དུ་འཇིག་རྟེན་དོན་བྱེད་པ།། པན་ལྡན་པའི་བྱ་བ་སངས་རྒྱས་བཀའ་སྩལ་དེ་ལ་བརྩོན་འགྲུས་ཅོམ། ། ཚངས་པ་ཀུན་འཁོར་འདི་དས་དགའ་ཞིང་ཆོས་རྣམས་ལ་ནི་ཐེ་ཙོམ་མེད།། བསྐལ་པ་ཁྲག་ཁྲིག་གཎྜཱི། བྱེ་མ་སྙེད་དུ་དཀའ་བ་ལེགས་པར་སྤྱད།། ཀུན་ཏུ་རྣམ་པར་དག་ལ་མ་ཆགས་ཡིད་གྱུར་འདུ་ཤེས་མཁའ་འདྲ་སྟེ།། དེ་ལྟར་གྱུར་ཀྱང་བདེ་གཤེགས་བྱང་ཆུབ་རྫོགས་པར་འཚང་རྒྱ་སེམས་པ་བསྐྱེད། ། འདི་དག་མ་འོངས་དུས་ན་བསྐལ་པ་བྱེ་བ་བརྒྱ་ཕྲག་གཞལ་ཡས་པ།། གངྒཱའི་བྱེ་མ་སྙེད་ན་རྡུལ་བསལ་ཐམས་ཅད་མཁྱེན་པའི་སྟོབས་ལ་གནས།། དེ་དག་ཕྱི་ནས་བདེ་བར་གཤེགས་པ་ཆེ་ལྡན་སངས་རྒྱས་འདྲེན་ཆེ་བ། ། སྲིད་པ་སེལ་ཅིང་འགྲོ་བ་སྟོང་པར་སྟོན་པའི་བཅོམ་ལྡན་འདས་སུ་འགྱུར།། སྐྱོབ་པ་དེ་དག་ཇི་ལྟར་སྤྱོད་པ་སྐུ་ཚེའི་ཚད་ཀྱང་དེ་ལྟར་འགྱུར།། བདེ་གཤེགས་མཐའ་ཡིས་གྲགས་ལྡན་འཇིག་རྟེན་སྡུག་བསྔལ་བ་གྲེལ་ཅིང་གནས་པར་འགྱུར། ། དེ་དག་རྣམས་ཀྱི་སངས་རྒྱས་ཞིང་ནི་ཞིང་གི་འབྱོར་པ་གཞལ་ཡས་ཏེ།། འདྲེན་པ་ཆེན་པོ་རྣམས་ཀྱིས་བསྐལ་པ་ཁྲག་ཁྲིག་རྣམ་པ་དུ་མར་ནི། ། སངས་རྒྱས་མཐའ་ཡས་རྣམས་ཀྱིས་གསུངས་ཀྱང་དེ་དག་བཀོད་བཟད་མི་ནུས།། དེ་ཚེ་དེ་དག་ཡེ་ཤེས་སྟོབས་ལྡན་ཞེས་བྱའི་རྒྱལ་བར་མཐུན་པར་འགྱུར།། གཡོ་བ་མེད་ཅི་སེམས་མེད་མི་གནས་ཆོས་ནི་འགྲོ་ལ་སྟོན་པར་འགྱུར། ། དེ་དག་ཞིང་མཆོག་རྣམས་སུ་སྐྱོབ་པའི་ཐམས་ཅད་མཁྱེན་ལམ་མ་སྦྱངས་པའི།། སེམས་ཅན་གཅིག་ཀྱང་མི་འབྱུང་སྲིང་པོ་དེ་ལ་ཕལ་ཆེར་མྱ་ངན་འདའ། ། དེ་དག་ན་ནི་དེ་ཚེ་འགྲོ་བ་དེ་དག་སྡུག་བསྔལ་གཅིག་ཤེས་ཏེ།། མི་རྟག་འདུ་བྱེད་སྡུག་བསྔལ་རབ་ཏུ་འཇིགས་པ་སེམས་ཅན་ཡིད་འབྱུང་བའོ།། དེ་ན་འགྱུར་བའི་སྡུག་བསྔལ་དང་ནི་སྡུག་བསྔལ།། སྡུག་བསྔལ་ཡོད་མི་འགྱུར།། དེ་དག་ཐམས་ཅད་བློ་མཐུན་འགྱུར་ཞིང་སློབ་པའི་ལམ་ལ་མྱུར་བར་འགྱུར།། དེ་ན་མི་རྣམས་དག་གི་སྒྲ་སྐད་རང་བཞིན་གཞན་ནི་འབྱུང་མི་འགྱུར།། མི་སྡུག་མི། རྟརྟོག་དེ་བཞིན་ཉིད་དང་སྡུག་བསྔལ་དེ་བཞིན་བདག་མེད་དང་།། ཞི་བ་སྟོང་ཉིད་མཚན་མེད་འཚོ་མེད་མྱ་ངན་འདས་དང་བྱང་ཆུབ་ཞི།། སྒྲ་སྐད་དེ་དག་ཡང་དང་ཡང་འབྱུང་དེ་དག་རྣལ་གནས་པར་འགྱུར།། སྒྲ་གང་ཐོས་ནས་དེ་དག་འཁོར་བ་གྲོལ་གནས་ཐོབ་པར་མི་འགྱུར་བ།། དེ་འདྲའི་སྒྲ་དེ་ཤིང་ངམ་རྩིག་པ་དག་དང་གང་ནའང་ཡོད་མི་འགྱུར།། བླ་གབ་མེད་དང་གཙུག་ལ་ག་ཁང་དང་གནས་ཁང་རྣམས་ན་མེད། ། དེ་ཚེ་སངས་རྒྱས་མཐུ་ཡིས་ཡན་ལག་བརྒྱད་དང་ལྡན་པའི་སྒྲ་དབྱངས་འབྱུང་།། དེ་ཚེ་འདྲེས་པའི་ཉེས་པ་མེད་ཅིང་འདོད་ཆགས་དང་ནི་ཞེ་སྡང་དང་།། གཏི་མུག་དག་གིས་གཟིར་བ་རྣམས་ཀྱི་རྣར་ནི་དགེ་བའི་སླར་ཟག་འགྱུར། ། འགྲོ་བ་ཐམས་ཅད་འཁོར་བ་ལས་ནི་འབྱུང་ཞིང་མྱ་ངན་འདས་འགྲོར་འགྱུར།། དེ་ཚེ་ཞིང་མཆོག་སྟོང་པ་ཐམས་ཅད་དགའ་བའི་སྐྱེ་བོས་གང་བར་འགྱུར། ། སྐྱེས་བུ་དམ་པ་དེ་དག་བསྐལ་པ་ཁྲག་ཁྲིག་བྱང་ཆུབ་བརྩོན་བྱས་ནས།། དྲང་སྲོང་ཆེན་པོ་དེ་དག་སྨོན་ལམ་གྱིས་ནི་འབྱོར་པ་འདི་བསགས་ཏེ།། ཞིང་མཆོག་དེ་ན་སེམས་ཅན་ཚོགས་གང་ཡོད་པ་དེ་ཀུན་བདེ་གཤེགས་འགྱུར། ། ཚངས་པའི་སྨོན་ལམ་ཡངས་པ་རྒྱ་ཆེན་ཞི་བ་འགྲོ་བས་མཐོང་གྱུར་ནས།། ཇི་ལྟར་སངས་རྒྱས་བཀའ་སྩལ་བཞིན་དུ་ཚངས་པའི་ཚོགས་ཀྱིས་བསྙེན་གྱུར་པ། ། དེ་ལ་བསླབས་ནས་འགྲོ་བ་ཐམས་ཅན་ཐོགས་པ་མེད་པའི་འཛིན་པར་འགྱུར།། དེ་དག་རྒྱལ་བ་ཐོབ་ནས་འགྲོ་བ་འདི་ཀུན་དངོས་པོ་མེད་ཅེས་སྟོན་དེ་ལྟ་བས་ན་ཚུལ་ཀུན་འཇུག་ལ་མཁས་པའི་སྤྱོད་པ་སྟེན་པར་གྱིས། ། ཚངས་པ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་འོད་གསལ་གྱི་ལྷ་བྱེ་བ་ཕྲག་ལྔ་བཅུ་རྩ་བརྒྱད་ཀྱིས་ལྷ་མ་ཡིན་རྣམས་ནས། ། ཚངས་པའི་བར་གྱི་ལྷ་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། མིང་བདེ་བ་སྐྱེས་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཚུལ་ལ་འཇུག་པའི་སླང་དུ་གང་ལ་བསླབས་པས་ཆོས་ཐམས་ཅད་སྣང་བར་འགྱུར་ཏིང་ངེ་འཛིན་ཆོས་ཐམས་ཅད་སྣང་བ་ཞེས་བགྱི་བ་མཆིས་ཏེ། དེས་ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པ་རྟོགས་པར་བགྱིད་དོ།། དེ་རྟོགས་པས་བསམ་གྱིས་མི་ཁྱབ་པའི་སྤོབས་པ་དང་། ཐོགས་པ་མ་མཆིས་པའི་སྤོབས་པ་དང་། བྱིན་གྱིས་བརླབས་པའི་སྤོབས་པ་དང་། སྣ་ཚོགས་ཀྱི་སྤོབས་པ་དང་། འཇམ་པའི་སྐྱོ་བས་དང་། དགེ་བའི་སྤོབས་པ་དང་། རིག་པའི་སྤོབས་བདུད་འགྲོལ་བའི་སྤོབས་པ་དང་། ཉེ་བར་གྱུར་པའི་སྤོབས་པ་དང་། ཟབ་པའི་སྤོབས་པ་དང་། ཕྲ་བའི་སྤོབས་པ་དང་། ཐུན་མོང་མ་ཡིན་པའི་སྤོབས་པ་ཅན་དུ་འགྱུར་ཏེ། སངས་རྒྱས་ཀྱི་སྤོབས་པའང་འཐོབ་པར་འགྱུར་རོ། ། ཆོས་ཐམས་ཅད་སྣང་བ་ཞེས་བགྱི་བའི་ཏིང་ངེ་འཛིན་དེ་གང་ཞེ་ན། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཚུལ་ལ་འཇུག་པའི་སླད་དུ། རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཐམས་ཅད་ཡིད་ལ་མི་བགྱིད་དེ།། དེ་འདི་སྙམ་དུ་ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་མེད་དེ། རྣམ་པར་རྟོག་པ་ཡོངས་སུ་ཆད་པའོ། ། གང་རྣམ་པར་མི་རྟོག་པ་དེ་ནི་ཐམས་ཅད་དུ་སོང་བ་སྟེ། ཆོས་གང་ཡང་རྣམ་པར་རྟོག་པར་ནུས་པ་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། རང་བཞིན་མ་མཆིས་པའི་སླད་དུ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་བདེ་ལ་ཇི་ལྟར་རྣམ་པར་རྟོག་པར་འགྱུར་ཞེས་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་ཨ་ལ་འཇུག་པའི་སྤོབས་པ་རབ་ཏུ་ཐོབ་ཅིང་དེ་དག་ཨའི་སྒྲ་ལ་ཞུགས་པས་སྤོབས་པ་མཐའ་ཡས་པར་འགྱུར་ཏེ། ཨ་ཞེས་བགྱི་ནི་མཐའ་ཡས་པ། ཀུན་ཏུ་མཐའ་ཡས་པ། མ་བགྱིས་པ། མངོན་པར་འདུས་མ་བགྱིས་པ་ཡོངས་སུ་མ་གྲུབ་པ་དངོས་པོ་མ་མཆིས་པ། མི་གནས་པ། མི་གཡོ་བ། འདུ་བ་མ་མཆིས་པ། འཕྲོ་བ་མ་མཆིས་པ། རྟོག་པ་མ་མཆིས་པ། རྣམ་པར་རྟོག་པ་མ་མཆིས་པ། མ་བསྒྲུབས་པ། ཡོངས་སུ་ཐུག་པ་མ་མཆིས་པ། མ་བརྟགས་པ། གཟུགས་མ་མཆིས་པ། བསྟན་དུ་མ་མཆིས་པ། བལྟར་མ་མཆིས་པ། མ་མཐོང་བ། བསམ་དུ་མ་མཆིས་པ། རྣམ་པར་མི་གནས་པ། མ་ཤེས་པ། རྣམ་པར་མ་ཤེས་པ། མ་སྨོས་པ། མ་བསྟན་པ། བསམ་གྱིས་མི་ཁྱབ་པ། བསམ་དུ་མ་མཆིས་པ། སོང་བ་མ་མཆིས་པ། འོང་བ་མ་མཆིས་པ། ཉེ་བ་མ་ལགས་པ། རིང་བ་མ་ལགས་པ། མ་བཏགས་པ། གདགས་པ་མ་མཆིས་པའི་ཆོས་ཅན། མིང་མ་མཆིས་པ། ཐ་སྙད་མ་མཆིས་པ། གཉེན་པོ་མ་མཆིས་པ། སྒྲིབ་པ་མ་མཆིས་པ། འཕོ་བ་མ་མཆིས་པ། འཁྲུག་པ་མ་མཆིས་པ། བརྟག་ཏུ་མ་མཆིས་པ། མི་ཟད་པ། གཉིས་སུ་མ་མཆིས་པ། མ་བྱུང་བ། བརྫུན་པ་མ་ལགས་པ། བདེ་བ་མ་ལགས་པ། ཤོ་བེ་མ་ལགས་པ། མ་སྐྱེས་པ་མ་ལགས་པ། སྦྱངས་པ་མ་ལགས་པ། སྦྱང་བར་འོས་པ་མ་ལགས་པ། གདགས་སུ་མ་མཆིས་པ། མཚན་མས་མ་བསྐྱོད་པ། མ་གཟུང་བ། མ་བོར་བ། འཛིན་པ་མ་མཆིས་པ། ཡོངས་སུ་འཛིན་པ་མ་མཆིས་པ། གཏང་དུ་མ་མཆིས་པ། ཡོངས་སུ་གཏང་དུ་མ་མཆིས་པ། མ་གཏང་བ། ཡོངས་སུ་མ་གཏང་བ་སྟེ། ཨ་ཞེས་བགྱི་བ་ནི་སུས་ཀྱང་མ་བགྱིས་པ། ཆོས་གང་གི་བྱེད་པ་པོའངས་ལགས་སོ། ། སན་མ་སྐྱེས་པ་སྟེ། ས་གང་ས་ནྡེ་བར་བཅིང་པས་ལགས་སོ།། སནི་བསྐྱེས་པ་སྟེ། རྡོས་ག་རྫྫ་དྷཱར་འགྱུར་བའང་མ་ལགས་སོ།། མའགགས་པ་སྟེ། ཆོས་གང་གི་འགག་པའི་རྒྱུར་འགྱུར་བའང་མ་ལགས་སོ།། ཨ་ནི་མ་འགག་པའང་མ་ལགས་པ་སྐྱེ། ཆོས་གང་གི་མི་འགོག་པའི་རྐྱེན་དུ་འགྱུར་བའང་མ་ལགས་སོ།། ཨ་ནི་གནས་པའང་མ་ལགས། མི་གནས་པའང་མ་ལགས། ཨ་ནི་བཏགས་པའང་མ་ལགས། མ་བཏགས་མ་ལགས། ཨ་ནི་སྤངས་པའང་མ་ལགས། མ་སྤངས་པའང་མ་ལགས། ཨ་ནི་ཤེས་པའང་མ་ལགས། མ་ཤེས་པའང་མ་ལགས། ཨ་ནི་དམིགས་པའང་མ་ལགས། མ་དམིགས་པའང་མ་ལགས། ཨ་ནི་སྟོང་པའང་མ་ལགས། མི་སྟོང་པའང་མ་ལགས། ཨ་ནི་དམིས་སུ་མཆིས་པའང་མ་ལགས། དམིགས་སུ་མ་མཆིས་པའང་མ་ལགས། ཨ་ནི་མཚན་མའང་མ་ལགས། མཚན་མ་མཆིས་པའང་མ་ལགས། ཨ་ནི་སྨོན་པའང་མ་ལགས། སྨོན་པ་མ་མཆིས་པའང་མ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ནི་ཨའི་ཚུལ་ལོ།། ཆོས་ཐམས་ཅད་ནི་ཚུལ་གཅིག་པ་སྟེ། ཨའི་ཚུལ་ལོ།། ཆོས་ཐམས་ཅད་ནི་འགྲོ་བ་གཅིག་པ་སྟེ། ཨའི་འགྲོ་བའོ།། ཆོས་ཐམས་ཅད་ནི་འཇུག་པ་གཅིག་པ་སྟེ། ཨ་ལ་འཇུག་པའོ།། ཆོས་ཐམས་ཅད་ནི་གདགས་པ་གཅིག་པ་སྟེ། ཨས་གདགས་པའོ།། ཆོས་ཐམས་ཅད་ནི་ཐ་སྙད་གཅིག་པ་སྟེ། ཨའི་ཐ་སྙད་དོ།། ཆོས་ཐམས་ཅད་ནི་བརྗོད་པ་གཅིག་པ་སྟེ། ཨས་བརྗོད་པའོ།། བཅོམ་ལྡན་འདས་ཆོས་གང་མ་སྐྱེས་པ་དེ་དག་ནི་རྟོགས་པར་བགྱི་བ་མ་མཆིས་པའི་ཚུལ་གྱིས་རྟོགས་པར་བགྱིའོ། ། ཆོས་གང་མ་བྱུང་བ་དེ་དག་ནི་དངོས་པོ་མ་མཆིས་པའི་ཚུལ་གྱིས་རྟོགས་པར་བགྱིའོ།། ཆོས་གང་མ་གྲུབ་པ་དེ་དག་ནི་མ་གྲུབ་པའི་ཚུལ་གྱིས་རྟོགས་པར་བགྱིས་ཆོས་གང་མ་འགག་པ་དེ་དག་ནི་འགག་པ་མ་མཆིས་པའི་ཚུལ་རྟོགས་པར་བགྱིའོ། ། བཅོམ་ལྡན་འདས་ཆོས་གང་མངོན་པར་འདུ་མ་བགྱིས་པ་དེ་དག་ནི་འདུས་མ་བགྱིས་པའི་ཚུལ་གྱིས་རྟོགས་པར་བགྱི་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་ཚུལ་ལོ།། བཅོམ་ལྡན་འདས་ཆོས་གང་མ་སྐྱེས་པ་དེ་དག་གི་ཐ་སྙད་ཇི་ལྟར་རྟོགས་པར་བགྱི་ཞེ་ན། འདི་ལྟ་སྟེ། དཔེར་ན་རྨི་ལམ་ན་བྱ་བ་སྣ་ཚོགས་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་བལྟ་བར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་བྱ་བ་ནི་མ་སྐྱེས་པ། མ་བྱུང་བ། དངོས་པོ་མ་མཆིས་པ་སྟེ། འོན་ཀྱང་དེ་དག་ལ་གདགས་པར་གསུངས་སོ།། དེབཞིན་དུ་ཆོས་ཐམས་ཅད་ཀྱི་བྱེད་པའང་འཚལ་བར་བགྱིའོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཐག་ཆ་ལ་ཐ་སྙད་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཐ་སྙད་ཀྱང་བལྟ་བར་བགྱིའོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་ལ་གདགས་པ་མཆི་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་གདགས་པར་བལྟའོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་རྩིཿ་རྒྱམ་ཆབ་ཏུ་གདགས་པའི་བསྐང་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱིབ་སྐད་བལྟ་བར་བགྱིའོ། ། བཅོམ་ལྡན་འདས་འདི་ལྟ། དཔེར་ནམ་སོང་གི་དཀྱིལ་འཁོར་ལ་བྱུང་མ་གཟུགས་སམ། སྐྱེས་པའི་གཟུགས་ཀྱི་ཐ་སྙད་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་ཐ་སྙད་བལྟ་བར་བགྱི་སྟེ། བཅོམ་ལྡན་འདས་བྱིས་པ་རྣམས་དགའ་བར་བགྱིད་པའི་སླད་དུ། རྨི་ལམ་གྱི་བྱ་བ་ཐ་སྙད་དུ་བགྱི་ཡི། རྨི་ལམ་གྱི་བྱ་བ་དེ་དག་ནི་མ་མཆིས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱིས་པ་དགའ་བར་བགྱི་བའི་སླད་དུ། མིག་ཡོར་དང་། སྨིག་རྒྱུ་དང་། ཟག་ཀྱི་བྱ་བ་དག་ཀྱང་ཐ་སྙད་དུ་བགྱི་སྟེ། བྲག་ཆ་ལ་བྱ་བ་མ་མཆིས་སོ།། བཅོམ་ལྡན་འདས་དེ་ལྟར་བདག་ཅག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། བཅོམ་ལྡན་འདས་འདི་ནི་ཆོས་ཐམས་ཅད་སྣང་བ་ཞེས་བགྱི་བའི་ཏིང་ངེ་འཛིན་ཏོ། ། དེ་སྐད་ཅེས་གསོལ་ནས། འོད་གསལ་གྱི་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དགྲ་གིས་མངོན་པར་བསྟོད་པ། བདེ་གཤེགས་ཁྱོད་ཀྱིས་ཚུལ་གཅིག་མཁྱེན་ཏེ་འོན་ཀྱང་གཞན་དང་གཞན་དུ་གསུངས།། ཐུབ་པ་འཇིག་རྟེན་མཁས་པའི་སྲས་རྣམས་རྣམ་པར་རོལ་པའང་དེ་བཞིན་ནོ། ། དེ་ལ་འཇིག་རྟེན་བློ་མེད་བདག་ཏུ་ལྟ་བ་རྣམས་ཀྱིས་ཁོང་མི་ཆུད།། བདག་གི་དོན་དེ་ཕྱོགས་བཅུར་མ་མཆིས་བདག་ཉིད་ཀྱིས་ནི་འགྲོ་བ་སྟོང་།། སྒྱུ་མ་གསོག་དང་སྨིག་རྒྱུ་ཆུ་མ་མཆིས་ལ་རྒྱབ་ཀྱི་འདུ་ཤེས་ཅན། ། བྱིས་པ་དེ་དག་བློ་ལོག་དེ་བཞིན་འཁྲུལ་ཏེ་བདག་ཏུ་སྦྱོར་བ་བགྱིད།། དེ་དག་ཡང་དག་མ་འཚལ་མི་མཁས་གནས་མིན་དངོས་ལ་རྟེན་ཀྱང་འཆའ། ། དེ་བཞིན་བྱིས་པའི་སྐྱེ་བོ་སྨིག་རྒྱུ་འདྲ་བའི་ཕུང་པོ་ཡོང་མ་འཚལ།། འཁོར་བར་དགའ་བས་ཟུག་རྔུས་ཟུག་ཅིང་སྡུག་བསྔལ་དེ་ཡིས་དབང་པོ་འདས།། གང་ལ་མི་མཁས་ངེས་པར་སྡུག་བསྔལ་མྱོང་བ་དེ་ལ་དངོས་མ་མཆིས། ། བློ་སྟོར་ཡིད་ནོར་སྡུག་བསྔལ་རྣམས་ལ་བདེ་བར་འདུ་ཤེས་ནོར་བ་ལ།། ཉོན་མོངས་འཇིགས་པ་ཆེ་དང་དུག་གསུམ་རྣམས་ཀྱང་རྗེས་སུ་འགྲོ་ཞིང་འབྲང་།། འདོད་ཆགས་ཞེ་སྡང་གཏི་མུག་དུག་ཆེན་ཉོན་མོངས་མཚུངས་མེད་རྗེས་སུ་འབྲང་། ། བློ་སྟོར་དེ་དག་སྡུག་བསྔལ་གང་གིས་སྡུག་བསྔལ་གྱུར་པའི་སྡུག་བསྔལ་བ།། དེ་རྣམས་དེ་དག་རྗེས་འབྲང་བྱིས་པ་མི་མཁས་གནོད་པའི་ཁུར་ཡང་ཁྱེར། ། དེ་དག་རྒྱལ་བའི་ཚུལ་སྒོ་ཐར་པར་བགྱིད་པ་སྟོང་པ་འདི་ཐོས་ན།། སྐྱེས་བུ་དྲན་པ་བློ་ཞན་དེ་དག་བསྟན་ངག་བདེ་བ་ཉིད་ཀྱིས་འཇིགས།། བདེ་གཤེགས་ཁྱོད་ཀྱིས་ཨ་ཡི་ཡི་གེ་ཚུལ་ཆེན་སྒོ་གཅིག་དེ་ལྟར་བསྟན། ། དེ་ལ་ཡང་དག་བློ་ཅན་ས་ལས་ཤིང་སྐྱེ་བཞིན་དུ་ཡིད་བསྐྱེད་ཅིང་།། བདུད་རྣམས་བྱེ་བ་དཔུང་དང་བཅས་ཐུལ་བྱང་ཆུབ་ཞི་པ་མངོན་འཚང་། རྒྱ། ཡན་ལག་བརྒྱད་པའི་གྲུ་བཅས་སྐྱེ་བོ་ཉོན་མོངས་རྒྱ་མཚོ་ཆེ་ལས་སྒྲོལ།། བདེ་བར་གཤེགས་པ་ཅང་མཁྱེན་ངེས་པ་རྣམས་ནི་ཚུལ་གྱི་དམ་པ་དེས།། མྱུར་དུ་ཉོན་མོངས་དྲུག་བསལ་བྱང་ཆུབ་དཔག་ས་སཞི་བ་ཐོ་གྱུ། ། ཟོལ་ནམ་དྲུག་མེད་ཟླ་བཟླ་བོ་གཞན་པོང་ངེས་པའི་མསྙེན་པ་སྟེ།། བ་ས་སྒྱུར་བྱིན་དྲུག་མྱེད་ཞིང་གདུག་པ་རྣམས་ཅད་འདྨོ་པར་མཛད། ། བདེ་གཤེགས་ཐམས་ཅད་སྟོང་ཡང་བདག་ཏུ་རྟོག་རྣམ་ཚུལ་མིན་ཏོག། འགྲོ་བ་ཀུན་གྱི་ནང་ནས་མཁས་པ་ཚུལ་དང་ཚུལ་མིན་བསླབས་པ་དག། གྲོལ་ནས་འགྲོལ་བ་ཀུན་ལ་ཆགས་མེད་ཡིད་ཀྱིས་ངོ་བོ་ཉིད་ཀྱི་ཆོས། ། དེ་ཡི་ཚུལ་མཐོང་ཚུལ་ལ་མཁས་པ་དེ་དག་མཐུ་ཆེན་མགོན་པོར་འགྱུར།། འཆིང་དང་བཅིངས་པ་མེད་ཅིང་བདེ་བར་གཤེགས་པ་ཆོས་རྣམས་ཆོས་ཉིད་མེད། ། དེ་བཞིན་ཉིད་དང་མ་ནོར་དེ་བཞིན་ཉིད་ཞི་མི་དགའ་ཉོན་མི་མོངས།། ཉོན་མོངས་མཚན་མ་མེད་ཅིང་ཞི་བྱེད་མེད་ལ་ཉོན་མོངས་རྣམས་ཀྱང་མེད། གང་གིས་ཚུལ་ཆེན་དམ་པ་འདི་མཐོང་དེ་དག་ཐམས་ཅད་མཁྱེན་དུ་འགྱུར།། གྲོལ་ཞིང་གྲོལ་མཛད་ཞི་བའི་ཆོས་ཅན་ཞི་མཛད་ངོ་མཚར་འགྱུར་མི་མངའ།། བཅོམ་ལྡན་ལྷར་བ#་འཇིག་རྟེན་དཔྱིད་ཀྱི་སྨིག་རྒྱུ་བཞིན་དུ་འཁྲུལ་པ་སྟེ། ། ཀུན་རྟོག་བདག་ཉིད་ཟིལ་གནོན་བདག་དང་གཞན་མེད་སྐྱེས་པ་བུད་མེད་རྟོག། འགྲོ་བ་སྡུག་བསྔལ་དེ་ན་སྣ་ཚོགས་ཀྱིས་བསྐྱེད་སེམས་ཀྱིས་སེམས་ཀྱང་ནི། ། ལས་དང་འབྲས་བུ་མེད་ཅིང་དེ་མྱོང་ཅི་མྱོང་གང་གྱུར་དེ་ཡང་མེད། བདེ་གཤེགས་དེ་ལྟར་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཚུལ་ནི་བདག་ཅག་འཚལ།། དེས་ན་ད་ལྟར་བདེ། གཤེགས་ཞི་ཐུགས་དབང་པོ་ཞི་ཞིང་དེས་པ་སྟེ།། དགེ་བའི་བློ་མངའ་དགུ་གཙང་དྲི་མེད་ཆོས་ཀྱིས་རབ་ཏུ་མཆོད་པར་གྱུར།། སངས་རྒྱས་འཇིག་རྟེན་འཕགས་པའི་གཅོལ་བསྟོད་པས་བསོད་ནམས་གང་བྱུང་བ། ། ཇི་སྙེད་དཔལ་སྟུག་རྐང་གཉིས་གཙོ་བོས་རྣམ་སྨིན་ཡོངས་སུ་མཁྱེན་གྱུར་པའི།། བདག་ཅག་དག་རྩ་དེ་ཡིས་འགྲོ་བ་འདི་ཀུན་ཀུན་མཁྱེན་ཉིད་ཐོབ་ཤོག། བསོད་ནམས་འདི་ཀུན་ཀུན་གྱི་དོན་བསྔོ་ཀུན་ཀྱང་རྒྱལ་བར་ཤོག། དེ་ནས་བཅོམ་ལྡན་འདས་ཀྱིས། འོད་གསལ་གྱི་ལྷ་དེ་དག་གི་ལྷག་པའི་བསམ་པ་ཡོང་སུ་དག་པ་དང་། ཚུལ་གྱིས་རྗེས་སུ་འགྲོ་བའི་སྤོབས་པ་ཕུན་སུམ་ཚོགས་པའང་ཐུགས་སུ་ཆུད་ལ། འཁོར་དེ་དག་གིས་ཀྱང་ཁྱད་པར་འཐོབ་པར་འགྱུར་བར་མཁྱེན་ནས། དེའི་ཚེ་འཛུམ་པ་མཛད་དོ། ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་དོན་མཛད་རྣམ་པར་འདྲེན་མཆོག་ཀུན་མཁྱེན་ཐམས་ཅད་ཟིལ་གནོན་པ་བདེ་གཤེགས་ཐུགས་རྗེ་ལྡན་རྣམས་རྒྱུ་མ་མཆིས་པར་བཞད་པ་མི་མཛད་ན། ། རྒྱལ་བ་དཔལ་སྤྱུག་རྐང་གཉིས་མཆོག་གིས་འཇིག་རྟེན་ཐུགས་བརྩེས་བཀའ་སྩལ་གསོལ།། འཇིག་རྟེན་འདས་ཁྱོད་ཅི་སྤང་འཛུམ་མཛད་དེ་རྒྱུ་བདག་ཅག་རྣམས་ལ་གསུངས། ། གཙོ་བོ་དེ་ཐེས་འགྲོ་བ་མཐའ་དག་ཡིད་ནི་རབ་ཏུ་དང་འགྱུར་ཞིང་།། རྣམ་པར་འདྲེན་པ་ངེས་འབྱུང་ལས་དང་འབྲས་བུ་གཞལ་ཡས་བགྱིད་པར་འགྱུར། ། དེས་ནི་ལྷ་མིན་བཅས་པའི་འཇིག་རྟེན་འཁོར་བར་སྡུག་བསྔལ་ཉམ་ཐག་འདི།། འཕགས་ལམ་ཡན་ལག་བརྒྱད་བསྟན་སྲིད་པའི་རྒྱ་མཚོ་འདི་ནས་སྒྲོལ་བར་འགྱུར།། དྲང་སྲོང་ཆེན་པོའི་གསུང་མཆོག་ཡན་ལག་བརྒྱད་ལྡན་བཟང་པོ་འདི་ཐོས་ན།། འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་འཚལ་དགེ་ལ་བརྩོན་ཞིང་དགའ་བར་འགྱུར།། ཐེ་ཙོམ་བྲལ་གྱུར་རྣམ་དག་ཡིད་ཀྱིས་བརྩོན་འགྲུས་དྲག་པོའི་སྟོབས་བསྐྱེད་ཅིང་། ། བདེ་བར་གཤེགས་པའི་བསྟན་པ་བཞིན་བགྱིད་ཁྱོད་དང་མཐུན་བྱུང་སྲས་སུ་འགྱུར།། འཁོར་རྣམས་འདི་དག་རྟེན་པ་གཞན་མ་མཆིས་པར་འདྲེན་པ་ཁྱོད་ཀྱི་ཞལ་དུ་ལྟ། ། འགྲོ་བའི་རྩ་ལག་རྟོག་པ་ཡིད་གཉིས་བསལ་ཞིང་ལུང་བསྟན་བཀའ་སྩལ་གསོལ།། བཅོམ་ལྡན་འཇིག་རྟེན་འདི་དག་ཁྱོད་ཀྱི་ཞམ་རིང་གནས་ཤིང་ཉན་པར་འཚལ། ། གསུང་རབ་ལེགས་བརྗོད་བདུད་རྩིའི་ཆར་ཕོ་བ་གང་དག་སྐོམ་པ་འཚལ་བར་འགྱུར།། འདྲེན་པ་ཆེན་པོ་ཁྱོད་ཀྱི་འཁོར་འདི་དྲག་ཅིང་སངས་རྒྱས་ཡོན་ཏན་འཚལ།། རིང་དུ་སོང་བའི་མལ་བུ་བལྟ་བཞིན་དུ་ཁྱོད་ཀྱི་ཞལ་དུ་ལྟ། ། བདེ་གཤེགས་ལྔ་རྣམས་ལུང་བསྟན་བཀའ་སྩོལ་བཞད་པའི་དོན་ཀྱང་བསྟན་དུ་གསོལ།། སྐྱོབ་པའི་གསུང་མཆོག་བོས་ན་འཇིག་རྟེན་དོན་ཆེན་ཤིན་ཏུ་ཐོབ་པར་འགྱུར། ། ཐུབ་པ་དེ་རིང་ས་ནི་ག་དགེ་བ་འཕེལ་ཞིང་གྲགས་པ་དོན་དུ་གཉེར།། སུ་ཞིག་འཛིན་པའི་ཡོན་ཏན་གཏེར་རྙེད་འགྱུར་བ་བདག་ཅག་དེ་ཉན་འཚལ། རྒྱལ་བའི་འཁོར་རྣམས་ཁྱོད་ཀྱིས་གསུངས་པ་དེ་དག་ཐོས་ཤིང་དགར་གྱུར་ནས།། ཚུལ་འདི་སྐྱོན་ཅིང་ཏིང་འཛིན་སྟོབས་ལྡན་ཤེས་རབ་ལ་ཡང་སྒོམ་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། རྟ་ཐུལ་ཁྱོད་ཀྱིས་སྤོབས་པ་ལེགས་པར་དུས་ལྡན་སྐྱེས་པ་ཤིན་ཏུ་ལེགས།། བདེ་གཤེགས་རྣམ་པར་སྤྲུལ་བཞིན་དེ་ལྟར་ཁྱོད་ཀྱི་བློ་གྲོས་འབྱུང་འགྱུར་ཞིང་། ། སྤོབས་པ་ཆེ་འབྱུང་དེ་ཕྱིར་གང་དང་གང་དག་ཁྱོད་ཀྱིས་དྲིས་གྱུར་པ།། དེ་དག་ལུང་བསྟན་ངས་བཤད་ཀུན་ཀྱང་དབང་པོ་ཞི་བས་མཉན་པར་གྱིས། ། འོད་གསལ་བ་ཡི་ལྷ་རྣམས་བློ་དག་སྔོན་གྱི་རྒྱལ་བ་མཐོང་བ་སྟེ།། འཇིག་རྟེན་མགོན་མེད་ཡིད་ཅན་འདི་དག་མཐོང་ནས་བྱང་ཆུབ་ཡང་དག་ཞུགས།། བྱང་ཆུབ་ངེས་འབྱུང་ལམ་མཆོག་ཡང་དག་རྒྱལ་བས་སྤྱད་སྤྱོད་པ།། བྱང་ཆུབ་འགྲོ་བདོད་གང་ཚེ་སྟོན་མེད་ལམ་སྟོར་རྣམས་ལ་སྟོན་པར་འགྱུར།། ཚུལ་གྱི་དམ་པ་ཤིན་ཏུ་གསལ་སྒྲ་ཐུན་མོང་མ་ཡིན་འདི་ཐོས་ན། ། སངས་རྒྱས་ཡོན་ཏན་དོན་གཉེར་བློ་སྦྱངས་དེ་དག་བྱང་ཆུབ་ཞི་འཐོབ་འགྱུར།། དེ་དག་སྟོབས་སྐྱེས་ཚུལ་དང་ཚུལ་མིན་མཁས་ཤིང་བྱང་ཆུབ་ཡིད་ངེས་འགྱུར།། བུ་སྐྱེས་མ་བཞིན་དགའ་བས་བྱང་ཆུབ་མཆོག་ཏུ་དེ་དག་སྨོན་ལམ་བཏབ། ། འོད་གསལ་ལྷ་རྣམས་འདི་དག་བྱང་ཆུབ་འདོད་ལ་ཚུལ་གྱི་སྒོ་བསྟན་ཏོ།། བསྐལ་པ་ཁྲག་ཁྲིག་བརྗོད་དུ་མེད་པར་ཕྲ་བའི་ཚུལ་འདི་བསྟན་བྱས་ན།། སེམས་ཅན་སྐར་མའི་གྲངས་པས་རྗེས་མང་བ་དག་བྱང་ཆུབ་དགའ་བྱས་ཏེ། ། དེ་ཡི་འོག་ཏུ་འཇིག་རྟེན་མཁས་པ་རང་བྱུང་སྐྱོན་བྲལ་ཀུན་མཁྱེན་འགྱུར།། དེ་དག་ཞིང་མཆོག་བརྗོད་དུ་མེད་པ་ཞིང་རྣམས་བྱེ་བ་བརྒྱ་པ་གྲངས་པར་ཡང་ཤིང་ཤིན་ཏུ་དག་ལ་མཐའ་དག་བཀོད་པ་རྣམས་ཀྱིས་བརྒྱན་པ་སྟེ། ། ཀུན་གྱི་ཞིང་དུ་ངན་སོང་རྣམས་དང་དེ་བཞིན་མི་ཁོམ་ཡོང་མི་འབྱུང་།། བདེ་བར་གཤེགས་རྣམས་ཐུགས་བརྩེས་སེམས་ཅན་ཐམས་ཅད་རང་བྱུང་མཛད་པར་འགྱུར། ། ཞིང་རྣམས་དེ་དག་གང་ནའང་ཉན་ཐོས་ཐེག་པ་སྟོན་པར་མི་འགྱུར་ཏེ།། སེམས་ཅན་ཐམས་ཅད་རང་བྱུང་ཉིད་དུ་མངོན་ཕྱོགས་འཕྲོགས་པ་མེད་པར་འགྱུར། ། དེ་ན་རང་བྱུང་སངས་རྒྱས་ཉིད་སྟོན་མཛད་པ་འཇིག་རྟེན་མཁས་རྣམས་ཀྱི།། སྐུ་ཚེའི་ཚད་ནི་བསྐལ་པ་བྱེ་བ་བརྒྱ་བགྲངས་གངྒཱའི་བྱེ་སྙེད་འགྱུར།། རྟ་ཐུལ་འཇིག་རྟེན་ཁྲག་ཁྲིག་ཁམས་ཀྱི་ཉན་ཐོས་མྱ་ངན་འདས་པ་བས། ། གང་ཡང་སྐྱེས་པ་འམ་བུད་མེད་གཅིག་ཅིག་བྱང་ཆུབ་ཡང་དག་དགའ་བྱས་ན།། བསོད་ནམས་དེ་ལ་སྔ་མས་གྲངས་སམ་དཔེར་ཡང་བྱ་བར་མི་ནུས་སོ། ། དེ་བས་བྱང་ཆུབ་ཞུགས་པའི་སྐྱེས་བུ་དམ་པ་བྱང་ཆུབ་དགའ་བར་གྱིས།། རྟ་ཐུལ་འདི་ལ་འདྲེན་པ་ཐམས་ཅད་མཁྱེན་པ་འབྱུང་བ་རྙེད་སླ་མིན།། དེ་ནི་ཨུ་དུམ་ཝ་རའི་མེ་ཏོག་འདྲ་ཞེས་སངས་རྒྱས་མཐའ་ཡས་བློ་མངའ་གསུངས། ། དེ་ཕྱིར་བླ་ན་མེད་པའི་ཞི་བདེ་བྱང་ཆུབ་མི་གང་འདོད་པ་ཡིས།། ཤིན་ཏུ་བློ་ཕྲ་སྟེན་བཟང་མཁྱེན་པ་ཚུལ་མཁས་འདྲེན་ལ་བརྟེན་པར་བྱ།། དེ་བཞིན་གཤེགས་ཀྱི་ཞལ་ནས་དོན་བྱེད་གསུང་དག་དེ་འདྲ་ཐོས་གྱུར་ནས། ། འཁོར་རྣམས་ཐམས་ཅད་མི་རངས་མཆོག་ཏུ་དགའ་ཞིང་ཡང་དག་དཀའ་བར་གྱུར།། ཁྲག་ཁྲིག་ལྷ་རྣམས་ནམ་མཁར་འཁོད་ནས་གོས་ཀྱི་གཡབ་མོ་འདོར་བར་བྱེད། ། དགའ་ནས་སངས་རྒྱས་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སྒྲ་ཡང་ཕྱུང་།། ཞི་བ་ཐུགས་ནི་སྐྱེ་བོ་ཉོན་མོང་ནོད་པས་རྒོད་གྱུར་ཞི་བར་མཛོད། ། བདུད་རྩི་སྟོན་ཅིང་དུག་གསུམ་ཞི་མཛད་སེམས་ཅན་དུག་ནི་སྐྱུག་ཏུ་གསོལ།། ཁྱོད་ཀྱི་ཡེ་ཤེས་ཐོབ་ནས་སྐྱེ་དགུ་དུག་མེད་འགྱུར་ཞིང་དགྲ་མེད་འགྱུར།། སྡུག་བསྔལ་རྣམས་ཀྱིས་འདྲེན་ལས་ཚུལ་ཐོས་མི་བཟང་སྲིད་པའི་རྒྱུད་ལས་འགྲོལ། ། འོད་གསལ་བ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། བམ་པོ་བརྒྱད་པ།། དེ་ནས་དགེ་རྒྱས་རིས་ཀྱི་ལྷ་ཁྲག་ཁྲིག་ཕྲག་བཅུ་གཉིས་ཀྱིས། ལྷ་མ་ཡིན་རྣམས་ནས། འོད་གསལ་བའི་ལྷའི་བར་དག་གི་མཆོད་པའང་མཐོང་། ལུང་བསྟན་པའང་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བདག་ཅག་ཚུལ་ཕུན་སུམ་ཚོགས་པར་འགྱུར་བའང་བརྗོད་ཅིང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པའི་དངོས་པོ་ཐམས་ཅད་ལ་བདེ་བའི་ཚོར་བ་ཤ་སྟག་མྱོང་བར་འགྱུར་ཞིང་། སྡུག་བསྔལ་གྱི་ཚོར་བ་མི་མྱོང་ལ། སྡུག་བསྔལ་ཡང་མ་ལགས། བདེ་བའང་མ་ལགས་པའང་མི་མྱོང་སྟེ། སེམས་ཅན་དམྱལ་བའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། མིའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། ལག་པ་བཅད་དམ། རྐང་ལག་བཅད་དམ། རྣ་བའམ། སྣའམ། རྣ་བ་དང་སྣ་ག་ཏུ་བས་ཀྱང་། བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། སྤ་ལྕུག་གིས་གཞུས་སམ། སྤ་ལྕག་ཕྱེད་ཙལ་ལམ། ལྷག་གིས་གཞུས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། བཙོན་རར་བཅུག་གམ། ལྕགས་སྒྲོག་དང་། ཤིང་སྒྲོག་ཏུ་བཅུག་གམ། མཚོན་ཆ་དམ་པོ་ལ་རྒྱས་བཏབ་བམ། བྱིས་པའི་གཙུག་པུད་ལྟར་བཅིངས་སམ། དུགས་ཀྱི་སྣོད་ལྟར་བདུགས་སམ། བུ་རམ་ཤིང་བརྡུང་བ་ལྟར་བརྡུངས་སམ། འདམ་བུ་གཞོམ་པ་ལྟར་བཅོམ་མམ། འབྲུ་མར་གྱི་མར་མེ་ལྟར་འབར་བར་བྱས་སམ། མར་གྱི་མར་མེ་དང་། ཞོ་བསྐོལ་བ་ལྟར་འབར་བར་བྱས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། མེའི་ནང་དུ་བོར་རམ། སེང་གེའི་ཁར་བཏབས་སམ། སྟག་གི་ཁར་བཏབས་སམ། སྐམ་རིལ་བྱ་བ་བཞིན་དྲིལ་ཏམ། བྱི་བོའི་ཆང་པ་ལྟ་བུས་བཅད་དམ། ཉེས་པ་བྱུང་བ་བསྒྲགས་པ་ལྟར་བསྒྲགས་སམ། ཀར་ཤ་པ་ཎ་ཙམ་དུ་གཏུབས་སམ། འབྲས་ཕྱེ་བཅོ་བ་ལྟར་བཅོས་སམ། གླང་པོ་ཆེ་རྣམས་ཀྱིས་བཅོམ་ཡང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། མིག་ཕྱུང་ངམ། གསལ་ཤིང་གི་རྗེ་མོ་ལ་གཞག་གམ། བསད་པའི་གནས་སུ་ཁྲིད་དེ་རྣམ་པ་ཐམས་ཅད་དུ་མགོ། གཅོད་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། བདེ་བའང་མ་ལགས། མི་བདེ་བའང་མ་ལགས་པའི་འདུ་ཤེས་རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ་།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡུན་རིང་པོ་ནས་སྤྱད་པ་སྤྱོད་པའི་ཚེ། སྨོན་ལམ་འདི་ལྟར་བཏབ་སྟེ། གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག། གང་གིས་བདག་ལ་སྒྲོམ་བླུད་པ་དེ་དག་དང་། གང་གིས་བདག་ལ་རིམ་གྲོ་བྱས་པ་དང་། བཀུར་སྟི་བྱས་པ་དང་། བསྟི་སྟང་དུ་བྱས་པ་དང་། མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག། གང་ཡང་བདག་ལ་གཤེ་བ་དང་། མི་བདེ་བར་བྱེད་པ་དང་། རྡེག་པ་དང་། མཚོན་གྱིས་འདེབས་པ་དང་། རྣམ་པ་ཐམས་ཅད་དུ་སྲོག་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་བདེ་བ་ཐོབ་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཏེ། དེ་ཡིད་ལ་བྱ་བ་དག་དང་ལྡན་ཞིང་། དེ་ལྟ་བུའི་ལས་དང་། དེ་ལྟ་བུའི་སྨོན་ལམ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བདེ་བའི་འདུ་ཤེས་ལ་རྟེན་ཅིང་སྙེན་ལ་སྒོམ་ཞིང་མང་དུ་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་བོ།། གང་གི་ཚེ་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ལ་བདེ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དེའི་ཚེ། བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་མི་འཁྲུགས་པར་གྱུར་ཏེ། དེའི་ཚེ་འདི་ལྟར་ཚེ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ལས་ལ་དབང་བ་དང་། རྣམ་པར་རྟོག་པ་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་སྟེ། དབང་ལྔ་ཐོབ་པར་རིག་པར་བགྱིའོ།། དེ་འཚལ་ན་ཚེ་བརྗེས་མ་ཐག་ཏུ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། ། དེ་འཚལ་ན་བསྐལ་པ་གྲངས་མ་མཆིས་པར་གནས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་། བྱང་ཆུབ་སེམས་དཔའ་སྒྲུབ་པ་དང་། བྱང་ཆུབ་སེམས་དཔའ་ཡོངས་སུ་འཛིན་པ་དང་། ངན་འགྲོ་ཐམས་ཅད་རབ་ཏུ་བསལ་བ་དང་། འགྲོ་བ་དྲུག་པོ་ཀུན་ཏུ་སྐྱེས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ལ་བསྒྲུབས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་བ་དང་། ཐབས་མཁས་པ་དང་ལྡན་པ་དང་། བདུད་ཀྱི་ལས་ལས་རྣམ་པར་རྒྱ་བ་དང་། ཆོས་ཐམས་ཅད་ཁོང་དུ་ཆུད་པར་རིག་པར་བགྱི་བའི་སླད་དུ་སྟེ། བཅོམ་ལྡན་འདས་གང་གིས་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ངེས་པར་རྟོགས་པ་འཐོབ་པར་འགྱུར་བ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུའོ། ། དེ་ནས་དགེ་རྒྱས་རིས་ཀྱི་ལྷ་རྣམས་ཀྱིས་ཏིང་ངེ་འཛིན་འདི་བརྗོད་ནས། དེའི་ཚེ་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། དགེ་རྒྱས་ལྷ་ཚོགས་འདི་དག་ཐམས་ཅད་ཆོས་ལ་མཐར་ཐུག་གྱུར་པ་སྟེ།། སྟོན་པ་དབང་པོ་ཞི་ཞིང་ཞི་བ་མཁྱེན་ལ་མགོ་བོས་སྐྱབས་སུ་མཆི།། དེ་དག་མཁས་པས་མཆོད་པའི་ས་རྒྱས་དོན་མཁྱེན་འཁོར་བ་བརྒལ་གྱུར་པ། ། ཐུབ་པ་མི་ཡི་འདྲེན་པ་ཚུལ་མཁས་རྒྱལ་བ་འདྲེན་པ་འདྲེན་ལ་བསྟོད།། འདི་ན་རང་བཞིན་ངེས་པའི་ཐུབ་ཆོས་གནས་པ་གང་ནའང་མ་མཆིས་ཏེ།། སྒྱུ་མའི་མཁན་པོས་སྒྱུ་མ་ཇི་བཞིན་ཁྱོད་ཀྱིས་ཐུབ་པ་ལེགས་པར་མཁྱེན། ། ཡན་ལག་སྣ་ཚོགས་སྒྲ་བརྙན་རི་ཁྲོད་འབྱུང་བ་མཁས་པས་རྟོགས་པ་ལྟར།། དེ་བཞིན་བདེ་གཤེགས་དྲང་སྲོང་ཁྱོད་ཀྱིས་ལྷ་མིར་བཅས་པའི་འཇིག་རྟེན་གཟིགས། ། འདི་ན་སེམས་ཅན་སྲོག་དང་ཤེད་བུ་གསོ་བ་གང་ཟག་མ་མཆིས་ཏེ།། མི་མཆོག་ཁྱོད་ཀྱིས་འདུ་ཤེས་རྣམ་པར་བཤིག་ཅིང་སྟོང་པར་རྣམ་གཞག་ལ།། རྐང་གཉིས་དམ་པ་སེམས་ཅན་གཙོ་བོ་བྱམས་པ་གཞལ་ཡས་སྒོམ་པའང་མཛད། ། རྒྱལ་བ་སངས་རྒྱས་དགོངས་པ་འདི་ནི་འགྲོ་བ་ཀུན་གྱིས་རྟོགས་པར་དཀའ།། བྱམས་པ་དགེ་བསྒོམས་སེམས་ཅན་དམིགས་པ་ཡིན་ཞེས་འདྲེན་པས་བཀའ་སྩལ་ལ། ། སེམས་ཅན་རྣམ་པར་བཤིག་ཅིང་འགྲོ་བ་ཐམས་ཅད་སེམས་ཅན་མེད་པར་མཁྱེན།། དེ་ལྟར་རྐང་གཉིས་དམ་པ་རྙོག་པ་མི་མངའ་ཐེ་ཚོམ་བྲལ་ཐུགས་ལྡན། དེས་ན་བདེ་གཤེགས་རྣམ་བརྟགས་བློ་མངའ་མཆོད་འོས་ཁྱོད་ལ་མཆོད་པ་འཚལ།། བདེ་བར་གཤེགས་པ་སྡུག་བསྔལ་ཕྱོགས་བཅུར་གནས་པ་ཀུན་ཏུ་མི་དམིགས་ཀྱང་།། ལྷ་ཡི་ལྟར་གྱུར་ཁྱོད་ཀྱིས་སེམས་ཅན་རྣམས་ལ་སྙིང་རྗེ་བགྱི་བ་གསུངས། ། དེ་ལྟར་རྒྱལ་མཆོག་བདག་ཅག་རྒྱལ་བའི་དགོངས་པ་ཇི་བཞིན་ཀུན་ཏུ་འཚལ།། དེས་ན་རྐང་གཉིས་གཙོ་བོ་མི་མཆོག་མཆོད་འོས་ཁྱོད་ལ་མཆོད་པ་འཚལ། ། ཐུབ་པ་ཁྱོད་ཀྱིས་སེམས་ཅན་དང་ནི་བསལ་བགྱི་སྡུག་བསྔལ་མ་གཟིགས་ལ།། དགྱེས་པ་སྐྱེས་ནས་རབ་ཏུ་དགྱེས་པའི་ཐུགས་ཀྱིས་མི་དགྱེས་རྣམ་པར་བསལ།། དེ་ལྟར་སངས་རྒྱས་ཚུལ་ནི་བསམ་གྱིས་མི་ཁྱབ་ཚུལ་འདི་ཇི་བཞིན་འཚལ། ། དེས་ན་མི་མཆོག་ཁྱོད་ལ་མཆོད་གནས་བརྙེས་པའི་འབྲས་བུ་ཐོབ་པར་བགྱི།། སྐྱོན་བྲལ་ཁྱོད་ཀྱིས་འགྲོ་བ་ཀུན་ཏུ་སྡུག་བསྔལ་མྱ་ངན་འདས་མ་དམིགས། ། འོན་ཀྱང་འཁོར་བར་སེམས་ཅན་གཟིགས་ཤིང་དོན་མཛད་སྟོབས་དང་ལྡན་པ་བསྐྱེད།། སེམས་ཅན་སྡུག་བསྔལ་འགྲོ་དང་ཐུབ་དང་མྱ་ངན་འདས་དང་གནས་མ་མཆིས།། ། སངས་རྒྱས་ཚུལ་འདི་རྟོགས་ནས་ཐུབ་པ་མཆོད་འོས་ཁྱོད་ལ་མཆོད་པ་འཚལ།། འདྲེན་པ་ཚད་མེད་བཞི་པོ་གཟིགས་ཤིང་དེ་ཡང་གཉིས་སུ་མེད་པར་བསྟན།། གང་ཞིག་དེར་དུལ་མ་གཟིགས་གང་ཡང་ཚད་མེད་གནས་པ་དེ་མ་གཟིགས། ། ཐུབ་པས་བག་མེད་གང་ཡང་མ་གཟིགས་བག་ཡོད་མིང་ཡང་མ་གཟིགས་ཏེ།། སངས་རྒྱས་ཚུལ་འདི་འཚལ་ནས་ཐུབ་པ་སྟོན་པ་ཁྱོད་ལ་མཆོད་པ་བགྱི།། ཐུབ་པ་སྒྲ་ནི་རྣམ་པར་སྤངས་པས་སྐུ་བཙལ་མཛད་ནམ་བརྙེས་ཀྱང་། ། དེ་ལྟར་འདྲེན་པ་དྲན་པ་མ་བསྲུངས་མ་ལགས་བསྒྱེལ་བ་ཡོང་མི་མངའ།། བདེ་བར་གཤེགས་པས་ལུས་པ། སོང་བའི་བསྒོམ་པསྒོམ་པར་གྱིས་ཞེས་གསུངས།། སངས་རྒྱས་ཚུལ་འདི་རིག་ནས་བདེ་བར་གཤེགས་པ་སྐྱོབ་ལ་མཆོད་པ་བགྱིས།། འདྲེན་པས་ཚོར་བའི་རང་བཞིན་བཙལ་བ་མཛད་ན་བརྙེས་པར་མ་གྱུར་ལ། ། ཚོར་བ་ཚོར་བར་བགྱིད་པའང་ཐུབ་པས་ཡོངས་སུ་བཙལ་ན་མ་བརྙེས་ཏེ།། དེ་ལྟར་གང་ཞིག་དྲན་བསྒོམ་དེ་ནི་སངས་རྒྱས་ཀྱིས་ཀྱང་ཡོང་མ་གཟིགས།། སངས་རྒྱས་ཚུལ་འདི་བཙལ་ནས་སྟོན་པ་ལ་ནི་བདག་ཅག་མཆོད་པ་བགྱིས། ། ཐུབ་པས་སེམས་དང་སེམས་ལས་བྱུང་བ་དགོངས་ཏེ་བཙལ་ནམ་བརྙེས་ལ།། གང་གི་ཉེ་བར་གཞག་པ་དེ་ཡང་དྲན་པ་མེད་པ་རས་མཁྱེན་ཀྱང་།། ཐར་པ་འདོད་པ་རྣམས་ཀྱིས་སེམས་འདུས་དྲན་པ་སྒོམ་པར་གྱིས་ཞེས་གསུངས། ། བདེ་བར་གཤེགས་པའི་དགོངས་པ་འདི་འཚལ་ནས་ནི་སྟོན་ལ་མཆོད་པར་བགྱིས།། འཇིག་རྟེན་ཕན་པར་བཞེད་པས་ཆོས་དང་ཆོས་ལ་གང་སྤྱོད་དེ་མ་གཟིགས། ། བསྒོམ་པར་གང་གསུངས་དྲན་པ་དེ་ཡང་འདི་ན་རང་བཞིན་མ་མཆིས་ལ།། ཐར་པ་འདོད་པ་རྣམས་ཀྱིས་ཆོས་འདུས་དྲན་པ་སྒོམ་པར་གྱིས་ཞེས་གསུངས། ། སངས་རྒྱས་ཚུལ་བཞི་པོ་འདི་རབ་ཏུ་འཚལ་ནས་སྐྱོ་བ་ལ་མཆོད་པ་བགྱིས།། གནས་གཅིག་མཆིས་པ་མ་ལགས་གཉིས་སམ་གསུམ་མམ་བཞི་ལྟ་ག་ལ་མཆིས།། གང་གནས་སུ་བརྗོད་པའི་དྲན་པ་དེ་ཡང་གང་ནའང་མ་མཆིས་ཏེ། ། དེ་བས་གང་གི་བདེ་བ་འམ་སྡུག་བསྔལ་ཡང་དག་གང་ནའང་དེ་མ་མཆིས།། སྟོན་པའི་ཚུལ་འདི་འཚལ་ནས་དེས་ན་བདག་ཅག་ཁྱོད་ལ་མཆོད་པ་འཚལ། ། སྟོན་པའི་ཚུལ་མཆོག་བཞི་པོ་འདི་རྣམས་དགེ་སློང་གང་དག་འཛིན་པ་གྱིད་ན།། འདི་དག་ཐར་པ་ཉིད་ཀྱི་ལམ་སྟེ་འཁོར་བ་ལས་ནི་འབྱུང་བར་འགྱུར།། དེ་ལྟར་དེ་ནི་ཚུལ་འདིར་མ་བཅིངས་མ་གྲོལ་བྱང་ཆུབ་འདྲེན་པ་མིན། ། བཅོམ་ལྡན་འདས་ཀྱིས་བཏགས་པ་མ་བཤིག་དེས་ན་ཁྱོད་ལ་མཆོད་པ་འཚལ།། ཐར་མཛད་སླད་དུ་བཅོམ་ལྡན་འདས་ཀྱིས་ལམ་བཞི་རྫུ་འཕྲུལ་རྐང་པ་གསུངས།། འདི་དག་བསྒོམས་ན་མི་རྣམས་དབང་པོ་དུལ་ཞིང་མྱ་ངན་འདའ་བར་འགྱུར། ། ཡང་དག་ཏུ་ན་རྫུ་འཕྲུལ་དང་ནི་རྐང་པ་བསྒོམ་པ་མི་དམིགས་ཏེ།། ཆད་པར་མི་འགྱུར་བྱང་བའང་སྟོན་ཅིང་བྱེད་པ་པོ་ཡང་མི་དམིགས་པ།། ཐམས་ཅད་མཁྱེན་གྱི་བསྟན་འདིར་ལྷ་ཚོགས་ཐེ་ཚོམ་གང་ནའང་མ་མཆིས་ཏེ།། དེ་དག་དེ་ལ་ནེམ་ནུར་མ་མཆིས་དེ་བཞིན་སོམ་ཉི་མ་མཆིས་འགྱུར།། འདི་ནི་མཆོད་པ་བཟང་པོ་མཆོག་ཅེས་མཆོད་འོས་སརྦ་རྒྱས་རྣམས་ཀྱིས་གསུངས། ། དེས་ན་བདེ་གཤེགས་དཔེ་མེད་སྤྱོད་མངའ་མཆོད་འོས་ཁྱོད་ལ་མཆོད་པ་འཚལ།། ཐར་པར་མཛད་སྦེད་འཇིག་རྟེན་མཁས་པས་ངེས་འབྱུང་དབང་པོ་ལྔ་ཡང་གསུང།། རྟག་ཏུ་བག་ཡོད་བྱོས་ལ་མྱ་ངན་འདས་འགྲོའི་ལམ་འདི་སྒོམས་ཤེས་བསྟན།། ཐུབ་པ་དབང་པོ་དང་ནི་སྒོམ་པ་པོ་དང་ཐར་པའང་མི་དམིགས་ཏེ།། འདི་ལ་ལྷ་འཁོར་ཐེ་ཚོམ་མ་མཆིས་དེ་སླད་ཁྱོད་ལ་མཆོད་པ་འཚལ། ། སངས་རྒྱས་རྣམས་ཀྱི་མྱ་ངན་འདས་པར་འགྲོ་བའི་དྲང་ལམ་སྟོབས་ལྔ་པོ།། དེ་དག་ཉོན་མོངས་ཟད་བགྱིད་ཐར་པར་བགྱིད་ཅེས་སྟོན་པ་ཐུབ་པས་གསུངས། ། དེ་དག་རང་བཞིན་མ་མཆིས་ཉོན་མོངས་མ་མཆིས་རྒྱལ་བ་མ་མཆིས་ཏེ།། ཐུབ་པ་བདག་ཅག་གང་ལའང་ཐེ་ཚོམ་མ་མཆིས་དེ་སླད་ཁྱོད་ལ་མཆོད།། བྱང་ཆུབ་ཡན་ལག་བདུན་པོ་འདི་དག་དགེ་བ་ལམ་གྱི་དམ་པ་སྟེ། ། སངས་རྒྱས་རྣམས་ཀྱི་མྱ་ངན་འདས་འགྲོའི་དྲང་ལམ་མཆོག་ཅེས་ཐུབ་པས་གསུངས།། འཆིང་བ་མཆིས་པ་མ་ལགས་གྲོལ་བ་མ་མཆིས་བཅིངས་པའང་མ་མཆིས་ཏེ། ། སེམས་ཅན་དཀོན་མཆོག་འདི་ལ་བདག་ཅག་ཐེ་ཚོམ་མཆིས་ཁྱོད་ལ་མཆོད། རྐང་གཉིས་གཙོ་བོ་ཁྱོད་ཀྱིས་བཞི་ཕྲག་གཉིས་ལམ་སེམས་ཅན་རྣམས་ལ་བསྟན།། བརྩོན་འགྲུས་ལྡན་པར་འཕགས་ལམ་སྡུག་བསྔལ་ཐ་མར་འབྱིན་པ་སྒོམས་ཞེས་གསུངས། ། མི་མཆོག་ལམ་དང་དེ་བཞིན་ཉོན་མོངས་འདི་གཉིས་གཡོ་བ་མ་མཆིས་ཏེ།། འདི་ལ་ལྷ་ཚོགས་ཐེ་ཚོམ་མ་མཆིས་གྱུར་པས་མཆོད་འོས་ཁྱོད་ལ་མཆོད། ། འདོད་ཆགས་གཉེན་པོར་ཞི་གནས་བཀའ་སྩལ་ཞེ་སྡང་གཉེན་པོར་བྱམས་པ་གསུངས།། གཏི་མུག་གཉེན་པོར་ལྷག་མཐོང་ཐུབ་པ་མཆོག་གིས་སེམས་ཅན་རྣམས་ལ་བསྟན། ། འདི་དག་ཐམས་ཅད་གཡོ་བ་མ་མཆིས་སྐད་ཅིག་དག་མིན་ཉོན་མོངས་མིན།། འདི་ལ་ལྷ་ཚོགས་ཐེ་ཚོམ་མ་མཆིས་ཐུབ་པ་མཆོད་སླད་རྟག་ཏུ་བརྩོན།། སྡུག་བསྔལ་ཞི་བྱ་ཕྱིར་ནི་ཞི་གནས་ལྷག་མཐོང་ལམ་ཡང་སྒོམས་ཞེས་གསུངས། ། བཅོམ་ལྡན་གང་གིས་འགྲོ་བ་ཉོན་མོངས་བག་ཆགས་བཅས་དྲི་དེ་དག་ཞི།། ཐུབ་པ་ཞི་གནས་ལྷག་མཐོང་དེ་བཞིན་དྲི་མ་ཐམས་ཅད་སྟོང་པ་སྟེ། ། འདི་ལ་ལྷ་ཚོགས་གང་དུའང་ཐེ་ཚོམ་མ་མཆིས་སྐྱོན་བྲལ་ཁྱོད་ལ་མཆོད།། སྟོབས་བཅུ་སེམས་ཅན་རྣམས་ལ་དགེ་བ་བཅུ་ཡི་ལས་ལམ་བསྟན་མཛད་དེ།། གསོད་དང་འཁྲིག་དང་མ་བྱིན་ཕྲ་མ་བརྫུན་དང་ཞེ་གཅོད་ཀྱལ་ཚིག་དང་། ། གནོད་སེམས་དང་ནི་མི་རིགས་འདོད་དང་དེ་བཞིན་ལོག་པར་རྟོག་པ་རྣམས།། མི་དགེའི་ལས་ལམ་འདི་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་བསྟན། ། སེམས་ཅན་མི་དམིགས་གསོད་པ་ག་ལ་མཆིས་ཏེ་ལྷག་མ་དེ་དང་འདྲ།། གཉེན་པོ་དགེ་བ་མ་མཆིས་དེ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ།། བདེ་གཤེགས་ཐུབ་པ་ཟག་པ་མི་མངའ་རྣམས་ཀྱང་ངོ་བོ་ཉིད་ཀྱིས་སྟོང་། ། རྣམ་འདྲེན་ཐེ་ཙོམ་སོམ་ཉི་མ་མཆིས་དེ་སླད་ཁྱོད་ལ་མཆོད་པ་འཚལ།། སངས་རྒྱས་སྲས་པོ་དགེ་བའི་བློ་ཅན་གང་ཞིག་སྤྱོད་པ་འདི་སྟོན་པ། ། མཁས་པ་ཀུན་ཏུ་དགེ་བ་ཉིད་མྱོང་སྡུག་བསྔལ་མྱོང་བར་ལོང་མྱི་འགྱུར།། བཅོམ་ལྡན་བདེ་གཤེགས་ཡེ་ཤེས་དེས་ནི་ཚུལ་འདི་བདེ་བར་ཐོབ་པར་བགྱིས།། འདི་ལ་ལྷ་ཚོགས་ཐེ་ཙམ་མ་མཆིས་མཆོད་འོས་ཁྱོད་ལ་མཆོད་པ་འཆིལ།། དེ་ལྟར་དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་ལ་མངོན་པར་བསྟོད་ནས་ཅང་མི་ཟེར་བར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་རྒྱས་ཀྱི་ལྷ་རྣམས་ཅད་མི་ཟེར་བར་འཁོད་པའང་མཁྱེན། དེ་དག་གི་ལྷག་པའི་བསམ་པས་བསྒྲུབ་པའང་ཐུགས་སུ་ཆུངས། དེའི་ཚེ་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། སྐྱེ་བོ་འདི་ཀུན་བཅོམ་ལྡན་ཁྱོད་ཀྱི་མཁྱེན་པའི་ཟིལ་གྱིས་ཟིལ་མནན་ནས། ། བདེ་གཤེགས་རྒྱལ་བ་མཆོག་ཁྱོད་ཀྱིས་ནི་འཛུམ་པ་མཛད་འདི་འཇིག་རྟེན་བསྟན།། རྒྱུ་མ་མཆིས་པར་ཆོས་ཀུན་མཁས་པ་རྣམས་ནི་འཛུམ་པ་མི་མཛད་ན།། འཛུམ་རྒྱུ་དོན་གཉེར་མིག་མེད་རྣམས་ལ་འཇིག་རྟེན་མཁས་པས་བཀའ་སྩལ་གསོལ། ། མ་ལུས་འདི་དག་ཐམས་ཅད་གཞན་དུ་མི་སེམས་ཁྱོད་འཛུམ་རེ་ཞིང་འཁོད།། དཔལ་སྡུག་ཁྱོད་ལ་བསྟོད་པ་བགྱིད་ཅིང་ཉན་པར་འཚལ་བའི་ཡིད་ཀྱིས་གནས། ། སངས་རྒྱས་གསུང་གི་དབང་ཕྱུག་ཐོས་ན་ཡིད་ནི་རབ་ཏུ་རངས་གྱུར་ཏེ།། ཆོས་རྣམས་ཀུན་ལ་ངེས་པའི་བློ་དགེ་ལྡན་པའི་སྟོན་པར་སྐྱེ་བར་འགྱུར། བདེ་གཤེགས་མི་མཆོག་དགེ་བའི་ཐུགས་ཅན་དེ་རིང་སུ་ཞིག་བློ་གྲོས་བསྐྱེད།། དེ་རིང་གང་གིས་འཆི་མེད་ཞི་བ་རྟོགས་ཤིང་ཕྱོགས་རྣམས་སྣང་བར་བགྱིས།། སུ་ཞིག་འཇིག་རྟེན་ཐུགས་བརྩེ་རྒྱལ་བ་འདྲེན་པ་དཔག་ཏུ་མེད་གྱུར་པ། ། དེ་དག་བཀའ་སྩོལ་དྲང་སྲོང་འཁོར་འདི་ལེགས་པར་གསུངས་པས་ཚིམ་པར་མཛོད།། རྒྱལ་བ་ཁྱུ་མཆོག་དགེ་སྦྱོང་དམ་པ་དེང་སུ་བཙུན་ལ་དད་པ་སྐྱེས།། བདུད་ཀྱིས་མི་འཕྲོགས་བློ་ལྡན་གང་ཞིག་ཆོས་ལ་ཡང་དག་ཡོངས་སུ་གནས།། སངས་རྒྱས་སྲས་པོ་ཚུལ་མཁས་གང་ཞིག་དེ་རིང་ངེས་པ་ཐོབ་པར་འགྱུར།། རྐང་གཉིས་གཙོ་བོ་དེ་དག་བཀའ་སྩོལ་འགྲོ་འདི་ཐེ་ཙོམ་མ་མཆིས་མཛོད། ། བདེ་གཤེགས་དེང་སུ་འགྲོ་ལ་དང་བསྐྱེད་སྐྱེ་དགུ་རྣམས་ལ་བྱམས་གྱུར་ཅིང་།། བྱང་ཆུབ་མཐར་ཕྱིན་བློ་གྲོས་བརྟན་ཞིང་ཐམས་ཅད་མཁྱེན་པ་ཉིད་ལ་གནས། གང་ལ་འཛུམ་པ་དེང་བསྟན་བདེ་གཤེགས་བསྟན་པ་འཛིན་པ་དེ་གང་ལགས།། བསོད་ནམས་བརྒྱ་པའི་མཚན་མངའ་དེ་དག་བཀའ་སྩོལ་བདག་གི་ཐེ་ཙོམ་ཁུམ།། འདྲེན་པ་ཁྱོད་གསུང་ཡན་ལག་བརྒྱད་ལྡན་ལེགས་པར་བཀའ་སྩལ་ཐོས་གྱུར་ན། ། བདེ་གཤེགས་གསུང་གིས་ཐོག་མར་བདག་ཅག་འདོང་ཞིང་འགྲོ་བ་གཞན་ཡང་འདྲེན།། དེ་ལྟར་གྱུར་ན་བདེ་གཤེགས་བསྟན་རབ་འདི་ནི་སྲས་ལ་གནས་པར་འགྱུར། ། འཇིག་རྟེན་འདི་དག་ཡིད་ནི་མྱུར་དུ་བདེ་གཤེགས་རྣམས་ལ་གནས་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ། ང་ཡིས་འཇིག་རྟེན་དོན་བྱེད་འཛུམ་མཛད་རྟ་ཐུལ་ཁྱོད་ཀྱིས་མཐོང་གྱུར་ཅིང་།། སྐྱེས་བུ་དམ་པ་ཁྱོད་ཀྱིས་དུས་སུ་དྲིས་ཏེ་འགྲོ་བའི་དོན་བྱས་པ།། ཁྱོད་ཀྱི་བསོད་ནམས་འཕེལ་བ་བརྗོད་དུ་མེད་དེ་དེ་ནི་ཟད་མི་འགྱུར།། དེ་ནི་ཁྱོད་ལ་བསྟན་གྱིས་ཁྱོད་དང་འགྲོ་བ་འདི་དག་དགའ་བས་ཉོན།། དགེ་རྒྱས་ལྷ་ཚོགས་འདི་དག་ང་ཡི་ཆོས་ཉིད་ལ་ནི་། ཐེ་ཚོམ་མེད།། ཀུན་ཀྱང་མི་རངས་རབ་གི་མེད་ཀྱི་མཚིགས་བཅད་དག་གིས་ང་ལ་བསྔགས།། སྔོན་གྱིསངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་བགྲངས་མཆོད་ཐོས་མཆོད་བྱས་ཏེ། ཐེ་ཚོམ་མེད་པའི་ཡིད་ཀྱིས་ཚུལ་དྲིས་ཀུན་ཏུ་སོམ་ཉི་མེད་པར་གྱུར།། དེ་ལྟར་སྔོན་གྱི་རྒྱུ་དེས་འདིར་ཡང་ཚིགས་སུ་བཅད་པས་ང་ལ་བསྟོད།། བསྐལ་པ་བཟང་པོའི་རྒྱལ་བ་བསྟོད་འོས་ཀུན་ལའང་འདི་དག་བསྟོད་པར་འགྱུར། ། འདི་དག་བསྐལ་པ་ཨུཏྤལ་ལ་རྒྱལ་བ་དགྲ་རྒྱལ་མཐུ་ཆེན་འགྱུར།། འདི་དག་སེམས་ཅན་ཁྲག་ཁྲིག་བསམ་ཡས་ཡོངས་སུ་མྱ་ངན་འདའ་བར་བྱེད།། སངས་རྒྱས་དྲང་སྲོང་ཆེན་པོ་དེ་དག་ཡིད་འོང་མཚན་དུ་གང་འགྱུར་བ། ། དེ་ཡང་བསྟན་གྱིས་དང་བའི་ཡིད་ཀྱིས་སེམས་ཀྱི་ཐ་བ་སྤོངས་ཏེ་ཉོན།། རྒྱལ་བ་དེ་ཀུན་ཆོས་ཀྱི་ཏོག་ཅེས་བྱ་བའི་འདྲེན་པ་གཞལ་ཡས་འགྱུར། ། འདི་དག་རེ་རེས་ཀྱང་ནི་ཁྲག་ཁྲིག་བསམ་ཡས་མྱ་ངན་ཟློ་བར་འགྱུར།། དེ་ཡི་ཚེ་ན་བདེ་གཤེགས་ཀུན་གྱི་རིང་བསྲེལ་ཤིན་ཏུ་རྒྱས་འགྱུར་ཏེ།། དེ་ཚེ་ཞིང་རྣམས་ཀུན་ཏུ་རྒྱལ་བའི་མཆོད་རྟེན་མེ་ཏོག་རྒྱས་པར་འགྱུར། ། ཐུབ་པ་གྲགས་ཆེན་དེ་དག་ཡོངས་སུ་མྱ་ངན་འདས་པར་གྱུར་པ་ན།། ཐུབ་པ་སྐྱོབ་པ་དེ་དག་ཀུན་གྱི་རིང་བསྲེལ་རྒྱས་པས་དོན་ཆེན་འགྱུར།། སེམས་ཅན་ཁྲག་ཁྲིག་བསམ་ཡས་རྣམས་ཀྱིས་དེ་ཚེ་རིང་བསྲེལ་མཆོད་བྱས་ཏེ། ། རིང་བསྲེལ་དེ་དག་མཆོད་ནས་མྱ་ངན་འདས་པ་ཞི་བ་འཆི་མེད་ཐོབ།། ཐུབ་པ་རྐང་གཉིས་གཙོ་བོ་དེ་དག་གྲགས་པ་རྒྱུན་ཆད་མི་འགྱུར་ཏེ། སློབ་པ་ཁྲག་ཁྲིག་བསམ་ཡས་རྣམས་ཀྱང་དེ་ཚེ་རྒྱལ་བའི་དྲུང་དུ་འདུས།། ཇི་ལྟར་བྱེ་བ་བརྒྱ་བགྲངས་ངལ་ལེགས་པར་སྤྱད་པ་བྱས་ནས་སུ།། བྱམས་པ་ལྟ་ཕྱིར་རྒྱ་ཆེན་ཡིད་ཀྱིས་བྱམས་འཁོར་དུ་འདོད་གྱུར་པ། ། དེ་ལྟར་རྒྱལ་བའི་ཉན་ཐོས་སློབ་ཚོགས་དེ་དག་རྒྱལ་ནས་རྒྱལ་འཁོར་དུ།། རྐང་གཉིས་གཙོ་བོ་དེ་དག་ཀུན་གྱི་རིང་བསྲེལ་མཆོད་པ་བྱི་ཕྱིར་འདོད།། བདེ་གཤེགས་གསུང་སྙན་འགྲོ་བ་ཐམས་ཅད་ངོ་མཚར་གྱུར་པ་དེ་ཐོས་ཤིང་། ། དགེ་རྒྱས་རིས་ཀྱི་ལྷ་ཡི་བདག་ཉིད་ཆེན་པོ་དེ་ཚེ་ཐོས་གྱུར་ནས།། འཁོར་རྣམས་ཐམས་ཅད་རབ་ཏུ་དགའ་སྟེ་ཕལ་ཆེར་བྱང་ཆུབ་སེམས་ཀྱང་བསྐྱེད། ། བདག་ཉིད་ཆེན་པོ་དེ་ཚེ་ཤེས་ནས་ཐུབ་པའི་ཞབས་ལ་མགོ་བོས་རབ་ཏུ་གཏུགས།། དགེ་རྒྱས་རིས་ཀྱི་ལྷ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། ། ། དེ་ནས་དེའི་ཚེ་འབྲས་བུ་ཆེ་བའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱད་ཅུས། ལྷ་མ་ཡིན་རྣམས་ནས། དགེ་རྒྱས་ཀྱི་ལྷའི་བར་དེ་དག་གི་མཆོད་པའང་མཐོང་།། ལུང་བསྟན་པའང་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཚུལ་གཅིག་ལ་ཞུགས་པ་དང་། ཆོས་རེ་རེ་ལས་ཀྱང་ཆོས་ཀྱི་སྒོ་མཐའ་ཡས་པ་འབྱུང་བར་ཡང་དག་པར་མཐོང་ཞིང་། ཚུལ་ལ་འཇུག་པ་ཐམས་ཅད་ལས་ཀྱང་མཐའ་ཡས་པའི་སྤོབས་པ་དང་། མི་མཆོད་པའི་སྤོབས་པ་དང་། རིག་པའི་སྤོབས་པ་དང་། གྲོལ་བའི་སྤོབས་པ་དང་། ཐོགས་པ་མེད་པའི་སྤོབས་པ་དང་། ཉེ་བའི་སྤོབས་པ་དང་། ཕྲ་བའི་སྤོབས་པ་དང་། ཟབ་པའི་སྤོབས་པ་དང་། སྣ་ཚོགས་ཀྱི་སྤོབས་པ་དང་། འཇམ་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དག་ཀྱང་འབྱུང་བར་ཤེས་ན། བཅོམ་ལྡན་འདས་ལ་དགའ་བ་སྐྱེས་ཏེ། ཆོས་ཉིད་བརྗོད་ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྒོའི་ཚུལ་མཐའ་ཡས་པ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། དེ་ལ་བརྩོན་པར་བགྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་འཐོབ་ཅིང་། མི་ཆོད་པའི་སྤོབས་པ་འཐོབ་པར་འགྱུར་བ་དང་དམིགས་པ་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་རྨོངས་པ་མ་མཆིས་པར་འགྱུར་རོ། ། དེ་ལ་དམིགས་པ་གང་ཡང་གཟུངས་ལགས་པར་མ་འཚལ་བའི་ཚུལ་གྱིས་སྒྲིབ་པར་མི་འགྱུར་རོ།། དེ་ནི་ཕུང་པོ་ལ་འཇུག་པས་ཀྱང་སྒོའི་ཚུལ་མཐའ་ཡས་པའི་གཟུངས་ཐོབ་པར་འགྱུར།། ཁམས་ལ་འཇུག་པ་དང་། སྐྱེ་མཆེད་ལ་འཇུག་པ་དང་། དབང་པོ་ལ་འཇུག་པ་དང་། བདེན་པ་ལ་འཇུག་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་དང་། སེམས་ཅན་ལ་འཇུག་པ་དང་། སེམས་ཅན་མ་མཆིས་པ་ལ་འཇུག་པ་དང་། དངོས་པོ་ལ་འཇུག་པ་དང་། དངོས་པོ་མ་མཆིས་པ་ལ་འཇུག་པ་དང་། དམིགས་པ་ལ་འཇུག་པ་དང་། དམིགས་པ་མ་མཆིས་པ་ལ་འཇུག་པ་དང་། བདག་ལ་འཇུག་པ་དང་། སྟོང་པ་ལ་འཇུག་པ་དང་། མཚན་མ་ལ་འཇུག་པ་དང་། མཚན་མ་མཆིས་པ་ལ་འཇུག་པ་དང་། སྨོན་པ་ལ་འཇུག་པ་དང་། སྨོན་པ་མ་མཆིས་པ་ལ་འཇུག་པ་དང་། གནས་ལ་འཇུག་པ་དང་། གནས་མ་མཆིས་པ་ལ་འཇུག་པ་དང་། འདུས་བྱས་ལ་འཇུག་པ་དང་། འདུས་མ་བྱས་ལ་འཇུག་པས་ཀྱང་ཧཱུཾའི་ཚུལ་མམ་མས་པའི་གཟུངས་ཐོབ་པར་འགྱུར་ཏེ། ཐམས་ཅད་ས་པ་མ་མཆིས་པའི་སྤོབས་པ་དང་ལྡན་པར་འགྱུར་རོ། ། དེ་ནི་ཕུང་པོ་ལ་འཇུག་པས་ཀྱང་འདི་ལྟ་སྟེ། ཕུང་པོ་ཞེས་བྱ་བའི་ཆོས་འདི་ནི་ཡོངས་སུ་མ་གྲུབ་པའོ་ཞེས་གཟུངས་རབ་ཏུ་ཐོབ་བོ།། དེ་ཅིའི་སླད་དུ་ཞེ་ན། གཟུགས་ནི་གང་ཡང་ཡོངས་སུ་གྲུབ་པ་མ་མཆིས་ཏེ། ས་ནི་སར་ཡོངས་སུ་མ་གྲུབ། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་ནི་རླུང་དུ་ཡོངས་སུ་མ་གྲུབ་བོ། ། དེ་ཅིའི་སླད་དུ་ཞེ་ན། ས་ནི་རང་བཞིན་མ་མཆིས་པ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ།། ཆུ་དང་། མེ་དང་། རླུང་ནི་རང་བཞིན་མ་མ་མཆིས་པ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ།། དེ་ལྟར་ཡོངས་སུ་མ་གྲུབ་པའི་གཟུགས་ནི་འདས་པ་ཞེས་གདགས་པར་མི་བགྱི། མ་འོངས་པ་ཞེས་གདགས་པར་མི་བགྱི། ད་ལྟར་བྱུང་བ་ཞེས་གདགས་པར་མི་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གཟུགས་ནི་དངོས་པོ་མ་མཆིས་པ་སྟེ། དངོས་པོ་མ་མཆིས་པའི་སླད་དུ་བ་མ་མཆིས་པའོ། ། གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་ཏེ། གང་མ་སྐྱེས་མ་འགགས་པ་དེ་ན་གདགས་སུ་མ་མཆིས་སོ།། དེ་བཞིན་གཤེགས་པས་ཀྱང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་པོའི་གཟུགས་གང་ཅིའང་རུང་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བཀའ་སྩལ་ཏེ། གཟུགས་ཀྱི་རང་བཞིན་ནི་དམིགས་སུ་མ་མཆིས་ན། འདས་པ་ལྟ་ག་ལ་འགྱུར། མ་འོངས་པར་ཡང་ག་ལ་འགྱུར། ད་ལྟར་བྱུང་བར་ཡང་ག་ལ་འགྱུར་ཏེ། དེ་བས་ན་གཟུགས་ཀྱི་ཕུང་པོ་ནི་གདགས་སུ་མ་མཆིས་པའོ། ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་རྣམས་ཀྱང་དེ་བཞིན་ཏེ། དེའི་སླད་དུ་ཕུང་པོ་རྣམས་ནི་དམིགས་སུ་མ་མཆིས་སོ།། ཕུང་པོ་དམིགས་སུ་མ་མཆིས་པས་གཟུངས་དམིགས་སུ་མ་མཆིས་ཏེ། དེ་ལྟར་ཕུང་པོ་ལ་འཇུག་པས་གཟུངས་ལ་འཇུག་པར་འགྱུར་རོ།། གཟུངས་དེའང་མིང་ཙམ་དང་། ཐ་སྙད་ཙམ་དང་། བརྡ་ཙམ་དང་། ཀུན་རྫོབ་ཙམ་དང་། བརྗོད་པ་ཙམ་དང་། གདགས་པ་ཙམ་མ་གཏོགས་པར་གཟུངས་ལ་འཇུག་པར་མི་དམིགས་ཏེ། འདི་ལ་ཕུང་པོའང་མི་དམིགས། གཟུགས་ཀྱང་མི་དམིགས་འཇུག་པའང་མི་དམིགས། གཟུགས་ཀྱང་རང་བཞིན་གྱིས་མི་དམིགས་སོ།། དེ་ཅིའི་སླད་དུ་ཞེ་ན། གང་འདི་ཕུང་པོ་ཞེས་བགྱི་བ་དེ་ནི་མ་བགྱིས་པའི་ཆོས་ཏེ། ཆོས་གང་ཡང་མ་བགྱིས་པ་དེ་ལ་སྤུངས་པའང་ག་ལ་མཆིས་ཏེ། ཕུང་པོ་ནི་སྤུངས་པའི་སླད་དུ་ཕུང་པོ་ཞེས་བགྱིའོ།། དཔེར་ན་ཁྱིམ་དང་། ཁང་བཟངས་དང་། བསིལ་ཁང་དང་། ཁང་པ་བརྩེགས་པ་དང་། སྐར་ཁུང་ཁོལ་མ་དང་། བ་གམ་དང་། དྲ་བ་དང་། སྟེགས་བུ་དང་། ཁ་ཁྱེར་དང་། སྐར་ཁུང་དང་། བལྟ་བ་དང་། ར་བ་དང་། ཤིང་ཏགས་དང་། འོབས་དང་ཆོས་མང་པོ་བསོགས་པ་ལ་གྲོང་ཁྱེར་ཞེས་བགྱི་བའང་དེ་བཞིན་ཏེ། གཟུགས་དེའང་ངོ་བོ་ཉིད་ཀྱིས་མི་དམིགས་ན། དེ་ལ་སྤུངས་པ་ལྟ་ག་ལ་མཆིས། སྤུངས་པ་མ་མཆིས་པས་ན་གཟུགས་ཀྱང་མ་མཆིས། གཟུགས་ཀྱི་ཕུང་པོའང་མ་མཆིས་སོ།། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའང་རང་བཞིན་གྱིས་དམིགས་སུ་མ་མཆིས་ན། དེ་ལ་སྤུངས་པ་ལྟ་ག་ལ་མཆིས་ཏེ། སྤུངས་པ་མ་མཆིས་པའི་སླད་དུ་རྣམ་པར་ཤེས་པའང་མ་མཆིས། རྣམ་པར་ཤེས་པའི་ཕུང་པོའང་མ་མཆིས་སོ། ། དེ་ལྟར་ཕུང་པོ་ལ་འཇུག་པས་གཟུངས་ཐོབ་པར་འགྱུར། གཟུངས་ཐོབ་པས་སྤོབས་པ་ཐོབ་པར་འགྱུར་རོ།། དེ་ལ་སྐྱེ་མཆེད་ལ་འཇུག་པས་གཟུངས་ཐོབ་པར་འགྱུར་བ་ནི། མིག་གི་སྐྱེ་མཆེད་ཅེས་བགྱི་བ་ནི། ཅིའི་སྐྱེ་མཆེད་ཅེས་བགྱིན། སྡུག་བསྔལ་གྱི་སྐྱེ་མཆེད་དོ།། དེ་ལ་མིག་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དང་བ་སྟེ། སའི་ཁམས་དང་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་བའོ།། དེ་ལ་སའི་ཁམས་དང་བ་ནི་རང་བཞིན་མ་མཆིས་པ་སྟེ། ཆོས་གང་གི་རང་བཞིན་མི་དམིགས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། ། དེ་བཞིན་དུ་ཆུའི་ཁམས་དང་བ་དང་། མེའི་ཁམས་དང་བ་དང་། རླུང་གི་ཁམས་དང་བ་ནི་རང་བཞིན་མ་མཆིས་པ་སྟེ། ཆོས་གང་གི་རང་བཞིན་མི་དམིག་པ་དེ་ནི་ཡོངས་སུ་མ་གྲུབ་པའོ། ། དེ་ལྟར་ཡོངས་སུ་མ་གྲུབ་པའི་མིག་གི་སྐྱེ་མཆེད་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མིག་གི་སྐྱེ་མཆོད་ནི་དངོས་པོ་མ་མཆིས་པ་སྟེ། དངོས་པོ་མ་མཆིས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ།། གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་པ་སྟེ། གང་མ་སྐྱེས་མ་འགག་པ་དེ་ནི་གདགས་སུ་མ་མཆིས་པའོ།། དེ་ལྟར་ན་མིག་ཀྱང་མ་སྐྱེས་མ་འགགས། སྐྱེ་མཆེད་དང་སྡུག་བསྔལ་ཡང་མ་སྐྱེས་མ་འགགས་པའོ། ། གང་མ་སྐྱེས་མ་འགགས་པོ་དེ་ནི་མིང་ཙམ་དང་། ཐ་སྙད་ཙམ་དང་། བརྡ་ཙམ་དང་། ཀུན་རྫོགས་ཙོམ་དང་། བརྗོད་པ་ཙམ་མ་གཏོགས་པར་གདགས་སུ་མ་མཆིས་པ་སྟེ། མིང་དེའང་མིང་གིས་མ་མཆིས་པའོ།། དེ་ཅིའི་སླད་དུ་ཞེ་ན། ཆོས་གང་ལ་མི་ག་ཅེའམ། སྐྱེ་མཆེད་ཅེ་འམ། སྡུག་བསྔལ་ཞེས་གདགས་པར་བགྱི་བའི་ཆོས་དེ་གང་ཡང་དམིགས་སུ་མཚམ་པསྟེ། མིང་ཡང་མིང་དུ་བརྗོད་དུམ་མཆིས་སོ།། ནབ་ད་། དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། གྷ་དང་། དྲི་དང་། རོ་དང་། རེག་བྱ་ད་། རོ་སྒྲ་རྣམས་ཀྱུང། དེ་བཞིན་ཏེ། དེའི་སླད་དུ་སྐྱེ་མཆེད་ལ་འཇུག་པས་གཟུངས་འཐོབ། གཟུངས་ལ་འཇུག་པས་སྤོབས་པ་འཐོབ་བོ།། དེ་ལ་ཁམས་ལ་འཇུག་པས་གཟུངས་འཐོབ་པ་ནི་མིག་གིས་མ་མཆིས་པ། ཁམས་ནི་ཁམས་ཀྱིས་མ་མཆིས་པ་སྟེ། དེ་ཅིའི་སླད་དུ་ཞེ་ན། མིག་ནི་མིག་རང་བཞིན་དང་བྲལ་བ། ཁམས་ནི་ཁམས་ཀྱི་རང་བཞིན་དང་བྲལ་བའི་སླད་དུ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། ། གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ།། གང་ཡོངས་སུ་མ་གྲུབ་པ་དེ་ལ་ནི་སྐྱེ་བ་མ་མཆིས་སོ།། གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་སོ། ། གང་མ་སྐྱེས་མ་འགགས་པ་དེ་ནི་མིང་ཙམ་དང་། ཐ་སྙད་ཙམ་དང་། བརྡ་ཙམ་དང་། ཀུན་རྫོབ་ཙམ་དང་། བརྗོད་པ་ཙམ་མ་གཏོགས་པར་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ།། མིང་དེའང་མིང་གིས་མ་མཆིས། བརྗོད་པའི་བར་དེའང་བརྗོད་པས་མ་མཆིས་པ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ།། གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པ་སྟེ། ཡོངས་སུ་མ་གྲུབ་པའི་སླང་དུ་སྐྱེ་བ་མི་མཆིས་པའོ། ། གང་ལ་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆིས་སོ།། གང་མ་སྐྱེས་མ་འགགས་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ། ། གང་དུས་གསུམ་དུ་གདགས་པར་བགྱི་བ་མ་ལགས་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་པ། ཐ་སྙད་མ་མཆིས་པ། བརྡ་མ་མཆིས་པ། དངོས་པོ་མ་མཆིས་པ། འདྲིས་པ་མ་མཆིས་པ། བརྗོད་དུ་མ་མཆིས་པ། འོང་བ་མ་མཆིས་པ། འགྲོ་བ་མ་མཆིས་པ། མ་བསྟན་པ། རབ་ཏུ་མ་བསྟན་པ། མངོན་པར་ཤེས་པར་བགྱི་བ་མ་ལགས་པ། ཡོངས་སུ་ཤེས་པར་བགྱི་བ་མ་ལགས་པ། དཀར་པོ་མ་ལགས་པ། ནག་པོ་མ་ལགས་པ། གནས་མ་ལགས་པ། རྟེན་མ་ལགས་པ། ཐོབ་པ་མ་ལགས་པ། ཐོབ་པར་བགྱི་བ་མ་ལགས་པ། རྟོགས་པ་མ་ལགས་པ། རྟོགས་པར་བགྱི་བ་མ་ལགས་པ། སྔོན་དུ་བགྱིས་པ་མ་ལགས་པ། སྔོན་དུ་བགྱི་བ་མ་ལགས་པ། སོ་སོའི་སྐྱེ་བོའི་ས་མ་ལགས་པ། ཉན་ཐོས་ཀྱི་ས་མ་ལགས་པ། རང་སངས་རྒྱས་ཀྱི་ས་མ་ལགས་པ། བྱང་ཆུབ་སེམས་དཔའི་ས་མ་ལགས་པ། སངས་རྒྱས་ཀྱིས་མ་ལགས་པ་སྟེ། སའང་མ་ལེགས། ས་མ་ལགས་པའང་མ་ལགས་སོ།། དེ་ནི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་དང་། ཞི་བ་དང་། མཚན་ཉིད་མ་ལགས་པ་སྟེ། ཐ་སྙད་ཙམ་དུ་བཏགས་པའོ།། དེས་ཐ་སྙད་དུ་དེ་བཞིན་གཤེགས་པ་ཞེས་བགྱི་སྟེ། དོན་དམ་པར་ནི་མ་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། གང་ལ་དེ་བཞིན་གཤེགས་པ་ཞེས་བགྱི་བའི་ཆོས་དེ་མི་དམིགས་སོ།། དེ་བཞིན་དུ་གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་རྒྱ་ཆེར་ཁམས་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ལ་འཇུག་པར་བགྱིའོ།། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ནི་ཕུང་པོར་བཏགས་ཀྱང་ཆོས་ཀྱི་དབྱིངས་ཉིད་མི་འདོར། ཁམས་དང་། སྐྱེ་མཆེད་དང་། དབང་པོ་དང་། བདེན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་བཏགས་ཀྱང་ཆོས་ཀྱི་དབྱིངས་ཉིད་མི་འདོར་ཏེ། ཆོས་ཀྱི་དབྱིངས་དེ་མིང་གང་དང་གང་གིས་བཏགས་ཀྱང་། དེ་དང་དེས་ཆོས་ཀྱི་དབྱིངས་ཉིད་མི་འདོར་རོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སའི་ཁམས་ནི་མིང་གང་དང་གང་གིས་ཐ་སྙད་དུ་བགྱིས་ཀྱང་། དེ་དང་དེས་སའི་ཁམས་ཉིད་མི་འདོར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་མིང་གང་དང་གང་གི་ཐ་སྙད་དུ་བགྱི་བ་དེ་དང་དེས་ཆོས་ཀྱི་དབྱིངས་ཉིད་མི་འདོར་རོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་ནི་མིང་གང་དང་གང་པ་ནད་དུ་འརྗི་དེ་ད་སྟེ། རླུདང་། དང་། རླུང་དང་། རྣམ་པ་པའི་ཁམ་པ་ཉིད་མི་འདུགྱུར།། བཅོམ་ལྡན་འདས་དེ་ཞིན་མ་བང་ཀྱི་ས་གང་དང་གང་གིས་ཐ་སྙད་དུ་བགྱི་བདེ་དང་དེས་ཆོས་ཀྱི་དབྱིངས་ཉིད་མི་འདོར་ཏེ། དེ་ལྟར་ན་ཁམས་ལ་འཇུག་པས་གཟུངས་འཐོབ། གཟུངས་ལ་འཇུག་པས་སྤོབས་པ་འཐོབ་བོ།། བཅོམ་ལྡན་འདས་དེ་ལ་དབང་པོ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་ནི། དབང་པོ་ཉི་ཤུ་རྩ་གཉིས་ཏེ། འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། མོའི་དབང་པོ་དང་། ཕོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། དེ་ལ་མིག་ནི་མིག་གིས་མ་མཆིས། དབང་པོ་ནི་དབང་པོས་མ་མཆིས་པའོ།། དེ་ཅིའི་སླད་དུ་ཞེ་ན། མིག་ནི་མིག་གི་རང་བཞིན་དང་ཐལ་བ། ཆོས་གང་ལ་རང་བཞིན་མ་མཚས་པ་དུ་ནི་དངོས་པོ་མ་མཆིས་པའོ།། གང་ལ་དངོས་པོ་མ་མཆིས་པ་ངན་ཡོངས་སུམ་གྲུབ་པའོ། གང་ཡོངས་སུ་སུ་གྲུབ་པ་དོན་པསྟུབ། གང་པབཔ་དེ་ནི་མི་འགག་པ། གང་མ་སྐྱེས་མ་འགག་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ།། གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིག་མ་ལགས། དབང་པོ་མ་ལགས་སོ།། གང་མིག་མ་ལགས་ཤིང་དབང་པོ་མ་ལགས་པ་དེའི་ཐ་སྙད་ཇི་ལྟར་འཚལ་བར་བགྱི། འདི་ལྟ་སྟེ། དཔེར་ན་ཆད་པ་སྟོང་པ་ནི་བརྫུན་པ། ཡང་དག་པ་མ་ལགས་པ། མ་མཆིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བས་ཀྱི། དོན་དམ་པར་ནི་སྟོང་པར་ཡང་མི་དམིགས། ཆང་པའང་མི་དམིགས་སོ།། དེ་བཞིན་དུ་མིག་དང་དབང་པོའང་ཆད་པ་སྟོང་པ་ལྟར་བརྫུན་ཞིང་མ་མཆིས་ལ། ཡང་དག་པ་མ་ལགས་པ་སྟེ། གསོ་བ། གསོག། ལོག་པ་སླུ་བའི་ཆོས་ཅན། བྱིས་པ་འདྲིད་པ། གླེན་པ་རྨོངས་པར་ཡང་བགྱིད་པ་སྟེ། འདི་ལྟར་མིང་དུ་གདགས་པར་བྱས་ཀྱི། དོན་དམ་པར་ནི་མིག་ཀྱང་མི་དམིགས། དབང་པོའང་མི་དམིགས་ན། དེ་ནི་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས། ཇི་ཙམ་དུ་ཕྱིན་ཅི་ལོག་ལ་གནས་པའི་སེམས་ཅན་རྣམས་གཟུད་པའི་སླད་དུ་དབང་པོ་ཞེས་བཏགས་ཀྱིས། དོན་དམ་པར་ནི་མ་ལགས་སོ།། དབང་པོ་ནི་རང་བཞིན་དང་བྲལ་ཞིང་དབང་པོའི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་ཆོས་གང་གིས་སྟོང་པ་དེ་ལ་དེས་ཐ་སྙད་དུ་བགྱི་བ་ནི་བརྫུན་པ། མ་མཆིས་པ། གསོབ། གསོག། ལོག་པ་སླུ་བའི་ཆོས་ཅན་བྱིས་པ་འདྲིད་པ། གླེན་པ་རྨོངས་པར་བགྱིད་པའི་རང་བཞིན་དང་བྲལ་བ་སྟེ། དེ་ནི་མི་སྐྱེ་མི་འགག་གོ།། གང་མ་སྐྱེས་མ་འགག་པ་དེ་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ།། གང་དུས་གསུམ་དུ་མ་མཆིས་པ་དེ་ནི་མིང་མ་མཆིས་པ། མཚན་མ་མཆིས་པ། བརྫུན་པ། མཚན་ཉིད་མ་མཆིས་པ། གདགས་སུ་མ་མཆིས་པ། གདགས་པ་མ་ལགས་པ། མ་ཤེས་པ། ཤེས་པར་བགྱི་བ་མ་ལགས་པ། རྣམ་པར་མ་ཤེས་པ། རྣམ་པར་ཤེས་པར་བགྱི་བ་མ་ལགས་པ། མ་ཐོས་པ་ཐོས་པར་བགྱི་བ་མ་ལགས་པ། རྣམ་པར་མ་རིག་པ། རྣམ་པར་རིག་པར་བགྱི་བ་མ་ལགས་པ། མ་རྟོགས་པ། རྟོགས་པར་བགྱི་བ་མ་ལགས་པ། མ་ཐོབ་པ། ཐོབ་པར་བགྱི་བ་མ་ལགས་པ། མ་མཐོང་བ། མཐོང་བར་བགྱི་བ་མ་ལགས་པ། མ་རྙེད་པ། རྙེད་པར་བགྱི་བ་མ་ལགས་པའོ།། དེ་ཅིའི་སླད་དུ་ཞེ་ན། མ་མཆིས་ཤིང་མཆིས་པ་མ་ལགས་པའི་སླད་དུའོ།། འདི་ལྟ་སྟེ། དཔེར་ན་མི་ཞིག་རྨི་ལམ་ན་དགོད་པ་དང་། དགའ་བ་དང་། རྩེས་པ་དང་། དགའ་དགུར་སྤྱད་པ་དག་ཉལ་ཉལ་བ་ལས་སད་དེ་རྗེས་སུ་དྲན་ལ། དེ་དྲན་ཡང་རྙེད་པར་མི་འགྱུར་འཐོབ་པར་མི་འགྱུར་རོ། ། དེ་ཅིའི་སླད་དུ་ཞེ་ན། རྨི་ལམ་ནའང་མི་དེས་དགོད་པ་དང་། དགའ་བ་དང་། རྩེས་པ་དང་། དགའ་དགུར་སྤྱད་པ་དེ་དག་མ་ཐོབ་མ་རྙེད་ན། ཉལ་བ་ལས་སད་པའི་ཚེ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། ཐོབ་པ་དང་རྙེད་པར་བགྱི་བ་དེའི་གནས་མ་མཆིས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་དབང་པོ་རྣམས་ནི་རྨི་ལམ་ལྟ་བུ་སྟེ། ཇི་ལྟར་རྨི་ལམ་ན་དགོད་པ་དང་། དགའ་བ་དང་། རྩེས་པ་དང་། དགའ་དགུར་སྤྱད་པ་དེ་དག་དམིགས་སུ་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ངོ་བོ་ཉིད་ཀྱིས་དམིགས་སུ་མ་མཆིས་པ་སྟེ། དེ་དག་ནི་འདས་པ་ཞེས་གདགས་པར་བགྱི་བ་མ་ལགས། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་གདགས་པར་བགྱི་བ་མ་ལགས་སོ།། གང་དུས་གསུམ་དུ་དམིགས་སུ་མ་མཆིས་པ་དེ་དག་ནི་བརྗོད་དུ་མ་མཆིས་པ་ཞེས་བགྱི་སྟེ། དབང་པོ་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་བགྱིའོ།། དེ་ལྟར་ན་ཆོས་ཀྱི་དབྱིངས་ལ་འཇུག་པས་ཆོས་ཐམས་ཅད་ལ་འཇུག་པར་བགྱི། ཆོས་ཐམས་ཅད་ལ་འཇུག་པས་ཀྱང་ཆོས་ཀྱི་དབྱིངས་ལ་འཇུག་པར་བགྱིའོ། ། དེ་ལ་ཇི་ལྟར་ན་བདེན་པ་ལ་འཇུག་པར་ཆོས་ཀྱི་དབྱིངས་ལ་འཇུག་པར་བགྱི་ཞེ་ན། བཞི་པོ་འདི་དག་ནི་བདེན་པ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་སྟོང་པ་སྟེ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། མཚན་མ་མེད་བ། མཚན་ཉིད་མེད་པའོ་ཞེས་བཀའ་སྩལ་ཏེ། དེ་ལ་བདག་ཅག་ཐེ་ཚོམ་མ་མཆིས། སོམ་ཉི་མ་མཆིས་སོ།། བཅོམ་ལྡན་འདས་དེ་ལ་སེམས་ཅན་མ་མཆིས་པའི་སླད་དུ་སྡུག་བསྔལ་མ་མཆིས་པར་རིག་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། གང་ལ་སེམས་ཅན་མ་མཆིས་པ་དེ་ལ་སྡུག་བསྔལ་ཡང་མ་མཆིས་སོ།། བཅོམ་ལྡན་འདས་སྡུག་བསྔལ་མ་མཆིས་པའི་སླད་དུ་ཀུན་འབྱུང་བའང་མ་མཆིས་པར་རིག་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། གང་ལ་འབྲས་བུ་མ་མཆིས་པ་དེ་ནི་རྒྱུ་མ་མཆིས་པའི་སླད་དུའོ།། བཅོམ་ལྡན་འདས་ཀུན་འབྱུང་བ་མ་མཆིས་པའི་སླད་དུ་འགོག་པ་མ་མཆིས་པར་རིག་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། ཀུན་འབྱུང་བ་མ་མཆིས་པ་ལ་སྤང་བ་མ་མཆིས་པའི་སླད་དུའོ།། བཅོམ་ལྡན་འདས་འགོག་པ་མ་མཆིས་པའི་སླད་དུ་ལམ་མ་མཆིས་པར་རིག་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། གང་སྤོང་བར་མི་བགྱིད་པ་དེ་ནི་ལམ་མ་ལགས་ཏེ། ལམ་གྱི་འབྲས་བུ་ནི་འགོག་པ་མ་ལགས་ལ། གང་སྤང་བའི་འགོག་པའི་ཉོན་མོངས་པ་དེ་ནི་མི་དམིགས་ཏེ། འགོག་པ་དམིགས་སུ་མ་མཆིས་ན་ལམ་དུ་འཐད་པ་མ་ལགས་ཏེ། འབྲས་བུ་མ་མཆིས་པའི་ལམ་ཡང་མ་མཆིས་པས། དེ་ལྟར་ན་འཕགས་པའི་བདེན་པ་བའི་པོ་དེ་དག་ནི་བཏགས་པ་རྣམ་པར་བསྒྲུབས་པ་དེ། ། གང་བཏེགས་ཤིང་རྣམ་པར་བསྒྲུབས་པ་དེ་ནི་མ་མཆིས་པའོ།། གང་མ་མཆིས་པ་དེ་ལ་ནི་འདས་པ་ཞེས་ཐ་སྙད་དུ་བགྱི་བ་མ་མཆིས་སོ།། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་ཐ་སྙད་དུ་བགྱི་བ་མ་མཆིས་སོ།། གང་དུས་གསུམ་དུ་མི་དམིགས་པ་དེ་ནི། མ་སྐྱེས་པ། མ་འགགས་པ། མཚན་ཉིད་མ་མཆིས་པ།། མཚན་མ་མ་མཆིས་པ། མ་བཏ། པ། གདགས་པར་མི་བགྱི་བ། མ་བསྟན་པ། རབ་ཏུ་མ་བསྟན་པ། བསྟན་པར་བགྱི་བ་མ་ལགས་པ། རབ་ཏུ་བསྟན་པར་བགྱི་བ་མ་ལགས་པ། མ་བརྗོད་པ། བརྗོད་པར་བགྱི་བ་མ་ལགས་པ་མངོན་པར་མ་བརྗོད་པ། མངོན་པར་བརྗོད་པར་བགྱི་བ་མ་ལགས་པ། མ་མཐོང་བ། མཐོང་བར་བགྱི་བ་མ་ལགས་པ། མ་ཤེས་པ། ཤེས་པར་བགྱི་བ་མ་ལགས་པ། ཁོང་དུ་མ་ཆུད་པ། ཁོང་དུ་ཆུད་པར་བགྱི་བ་མ་ལགས་པ། མ་རྟོགས་པ། རྟོགས་པར་བགྱི་བ་མ་ལགས་པ། མ་རྙེད་པ། རྙེད་པར་བགྱི་བ་མ་ལགས་པ། མ་ཐོབ་པ། ཐོབ་པར་བགྱི་བ་མ་ལགས་པ། མ་ཐོས་པ། ཐོས་པར་བགྱི་བ་མ་ལགས་པ། མ་མཐོང་བ། མཐོང་བར་བགྱི་བ་མ་ལགས་པ། མ་བསྒྲུབས་པ། བསྒྲུབ་པར་བགྱི་བ་མ་ལགས་པ། མངོན་དུ་མ་བགྱིས་པ། མངོན་དུ་བགྱི་མ་ལགས་པ། དཀར་པོ་མ་ལགས་པ། ནག་པོ་མ་ལགས་པ། སྣང་བ་མ་ལགས་པ། མུན་པ་མ་ལགས་པ། འགྲོ་བ་མ་ལགས་པ། འོང་བ་མ་ལགས་པ། གསལ་བ་མ་ལགས་པ། ཟབ་པ་མ་ལགས་པ། འཁྲུགས་པ་མ་ལགས་པ། དང་བ་མ་ལགས་པ། འཇིགས་པ་མ་ལགས་པ། བདེན་པ་མ་ལགས་པ། འཆིང་བ་མ་ལགས་པ། གྲོལ་བ་མ་ལགས་པ། རྗེས་སུ་ཆགས་པ་མ་ལགས་པ་ཁོང་ཁྲོ་བ་མ་ལགས་པ། ཀུན་ནས་ཉོན་མོངས་པ་མ་ལགས་པ། རྣམ་པར་བྱང་བ་མ་ལགས་པ། ཡེ་ཤེས་མ་ལགས་པ། རྣམ་པར་ཤེས་པ་མ་ལགས་པ། ལམ་མ་ལགས་པ། ལམ་གོལ་བ་མ་ལགས་པ། འཇིགས་པ་མ་ལགས་པ། རྣམ་པར་འཇིགས་པ་མ་ལགས་པ། གཟུང་བ་མ་ལགས་པ། མི་གཟུང་བ་མ་ལགས་པ། དོར་བ་མེད་པ་མ་ལགས་པ། རབ་ཏུ་དོར་བ་མ་ལགས་པ། དམིགས་པ་མ་ལགས་པ། དམིགས་སུ་མ་མཆིས་པ་མ་ལགས་པ། སེམས་ཅན་མ་ལགས་པ། སེམས་ཅན་མ་མཆིས་པ་མ་ལགས་པ། སྲོག་མ་ལགས་པ། སྲོག་མ་མཆིས་པ་མ་ལགས་པ། གང་ཟག་མ་ལགས་པ། གང་ཟག་མ་མཆིས་པ་མ་ལགས་པ། བདག་མ་ལགས་པ། བདག་མ་མཆིས་པ་མ་ལགས་པ། དངོས་པོ་མ་ལགས་པ། དངོས་པོ་མ་མཆིས་པ་མ་ལགས་པ། སྟོང་པ་མ་ལགས་པ། མི་སྟོང་པ་མ་ལགས་པ། མཚན་མ་མ་ལགས་པ། མཚན་མ་མཆིས་པ་མ་ལགས་པ། སྨོན་པ་མ་ལགས་པ། སྨོན་པ་མ་མཆིས་པ་མ་ལགས་པ། གནས་མ་ལགས་པ། གནས་མ་མཆིས་པ་མ་ལགས་པ། འདུས་བྱས་མ་ལགས་པ། འདུས་མ་བྱས་མ་ལགས་པ། ཆད་པ་མ་ལགས་པ། རྟག་པ་མ་ལགས་པ། ལོག་པ་མ་ལགས་པ། ཡང་དག་པ་མ་ལགས་པ། བདེན་པ་མ་ལགས་པ། བརྫུན་པ་མ་ལགས་པ། མངོན་པར་ཞེན་པ་མ་ལགས་པ། མངོན་པར་ཞེན་པ་མ་མཆིས་པ་མ་ལགས་པ། རྟེན་མ་ལགས་པ། རྟེན་མ་མཆིས་པ་མ་ལགས་པ། གཞི་མ་ལགས་པ། གཞི་མ་མཆིས་པ་མ་ལགས་པ་མངོན་པར་ཤེས་པར་བགྱི་བ་མ་ལགས་པ། ཡོངས་སུ་ཤེས་པར་བགྱི་བ་མ་ལགས་པ། སྤང་བ་མ་ལགས་པ། བསྒོམ་པ་མ་ལགས་པ། མངོན་དུ་བགྱི་བ་མ་ལགས་པ། རྙེད་པ་མ་ལགས་པ། རྙེད་པར་བགྱི་བ་མ་ལགས་པ། འཁོར་བ་མ་ལགས་པ། མྱ་ངན་ལས་འདས་པ་མ་ལགས་པ། སངས་རྒྱས་མ་ལགས་པ། འཚང་རྒྱ་བར་བགྱི་བ་མ་ལགས་པ། སོ་སོམ་སྐྱེ་བོའི་སྤྱོད་ཡུལ་མ་ལགས་པ། འཕགས་པའི་སྤྱོད་ཡུལ་མ་ལགས་པ། ཉན་ཐོས་ཀྱི་སྤྱོད་ཡུལ་མ་ལགས་པ། རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ལགས་པ། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་མ་ལེགས་པ། སངས་རྒྱས་ཀྱི་སྤྱོད་ཡུལ་མ་ལགས་པ། སྤྱོད་ཡུལ་ཡང་མ་ལགས་པ། སྤྱོད་ཡུལ་མ་ལགས་པའང་མ་ལགས་པ། བགྱིས་པ་མ་ལགས་པ། མ་བགྱིས་པ་མ་ལགས་པ། དག་པ་མ་ལག་པ། དག་པར་བགྱི་བ་མ་ལག་པ་སྟེ། དེ་ལྟར་བདེན་པ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར། ཆོས་ཀྱི་དབྱིངས་ལ་འཇུག་པས་གཟུངས་ཐོབ་པར་འགྱུར། གཟུངས་ཐོབ་པས་སྤོབས་པ་འཐོབ་པར་འགྱུར་རོ། ། དེ་ལ་ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་ཅེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་@། སྣས་ཐུན་ཀྱི་མ་ཆེན་པོ་ས་རྣ་པ་ཆུམས་རྒྱ་། རྒན་ཅཝ་པ་གྱུ་།། མ་ས་མག་པན་མ་གཔསམ་མཆིས་སོ། ། དེ་ཅིའི་སྲད་དུ་ན་འདིག་མ་རིག་པ་ནི་རང་བཞིན་དང་བྲལ་བཿ། ཆོས་གང་པརང་བཞིན་མ་མཆིས་པ་དེནི་དངོས་པོ་མམཆིས་པའོ།། གང་འདེས་ཐམ་མཆིས་དྲིད་མོངས་སུ་མཐུང་བའོ། ། དང་སོས་སུ་མཐུབ་པ་དེ་ནི་གི་སྩུ་འོ།། གང་མི་བ་དོ་མི་གྲུག་པའོ།། གང་ས་སྐྱེས་མ་གགས་པ་ད་འདས་བ་ཤེས་གདགས་པར་བགྱི་བམ་ལགས་མཛེས་པ་དང་། དཀར་བྱུང་བ་ནས་གདགས་པར་བགྱི་བ་མ་ལགས་སོ།། གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་པ། གདགས་སུ་མ་མཆིས་གཞན་དུ་མིང་མ་དང། བ་དང་། ཐམད་ཅམ་དང་། ཀུན་རྫོ་བཙམ་དང་། ཡོད་བ་ཅམ་དང་། གདགས་པ་ཚམ་དུ་སེམས་ཅད་རྣམས་གཟུང་བའིན་དུ་བགྱི་བ་མ་གཏོགས་པར་མ་རིག་པ་དེ་ནི་དོན་དམ་པར་དམིགས་སུ་མ་མཆིས་སོ། ། ཆོས་གང་དོན་དམ་པར་དམིགས་སུ་མ་མཆིས་པ་དེ་ནི་གདགས་སུ་མ་མཆིས་པ། ཐ་སྙད་དུ་བགྱིར་མ་མཆིས་པ་བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གང་མིང་ཙམ་ཞེས་བགྱི་བ་ནས། གདགས་པ་ཙམ་གྱི་བར་དེ་དག་ཀྱང་ཡང་དག་པ་མ་ལགས་པ། བཙུན་པ། ལོག་པ། བཏགས་རྣས་པར་བརྫུབ། ཡོས་སུ་བདགས་པ། རྣམ་པར་བདགས་པ། རྣམ་པར་དབྱུང་བ། མནབ། རབ་ཏུ་སྨོས་པའོ།། མརིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེས་བའང་ཆོས་གང་ངོ་བོ་ཉིད་ཀྱིས་མ་མཆིས་པ་དེ་འདུ་བྱེད་སྐྱེད་པར་ཡང་ཇི་ལྟར་འགྱུར་ཏེ། དེ་བས་ན་མ་རིག་པ་ནི་མ་མཆིས་པའོ།། དེ་ལྟར་མ་རིག་པ་མ་མཆིས་པས་འདུ་བྱེད་རྣམས་ཀྱང་མ་སྐྱེས་པའོ།། གང་མ་སྐྱེས་པ་དེ་དག་ནི་རྒ་བར་མི་འགྱུར། ན་བར་མི་འགྱུར། འཆི་བར་མི་འགྱུར། ཤི་འཕོ་བར་མི་འགྱུར། སྐྱེ་བར་མི་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་གང་མ་སྐྱེས་པ་དེ་ལ་རྒ་བ་ག་ལ་མཆིས་ཏེ། གང་ལ་རྒ་བ་མ་མཆིས་པ་དེ་ནི་ན་བར་མི་འགྱུར། འཆི་བར་མི་འགྱུར། ཤི་འཕོ་བར་མི་འགྱུར། སྐྱེ་བར་མི་འགྱུར་རོ།། འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། མིང་ཙམ་དུ་བས་ཀྱི་དོན་དམ་པར་ནི་མ་ལགས་སོ།། མ་རིག་པ་གང་ལགས་པ་དེ་ཉིད་བྱང་ཆུབ་བོ།། དེ་བཞིན་དུ་སྲིད་པའི་ཡན་ལག་ཐམས་ཅད་ཀྱང་ཤེས་པར་བགྱི་སྟེ། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་པས། ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་མ་སྐྱེས་པ་སྟེ། ཆོས་ཐམས་ཅད་ཀྱང་མ་སྐྱེས་པའོ།། དེ་བས་ན་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་མ་འགགས་པ་སྟེ། ཆོས་ཐམས་ཅད་ཀྱང་མ་འགགས་པའོ།། བཅོམ་ལྡན་འདས་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་མཚན་ཉིད་མ་མཆིས་པ། མཚན་མ་མ་མཆིས་པ། དམིགས་སུ་མ་མཆིས་པ་ཀུན་ནས་ཉོན་མོངས་པ་མ་མཆིས་པ། རྣམ་པར་བྱང་བ་མ་མཆིས་པ། རྗེས་སུ་ཆགས་པ་མ་མཆིས་པ། ཁོང་ཁྲོ་བ་མ་མཆིས་པ་སྟེ། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་སྟེ། ཆོས་ཐམས་ཅད་ཀྱང་ཡང་དག་པའི་མཐའ་འོ།། དེའི་སླད་དུ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པ་སྟེ། བཅོམ་ལྡན་འདས་དེ་ལྟར་ན་ཆོས་གང་དང་གང་དག་གིས་དེ་བཞིན་གཤེགས་པ་མ་མཆིས་པའི་ཆོས་དེ་དང་དེ་དག་གིས་ཆོས་ཐམས་ཅད་མཆིས་པ་སྟེ། དེའི་སླད་དུ་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ།། བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་མཆི་ན། དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་གཉིས་སུ་མ་མཆིས་པ་སྟེ། བྱང་ཆུབ་ཀྱང་གཉིས་སུ་མ་མཆིས་པ་ལགས་པས། གཉིས་སུ་མ་མཆིས་པས་ནི་གཉིས་སུ་མ་མཆིས་པ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། བཅོམ་ལྡན་འདས་དེ་བཞིན་དུ་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཞེས་མཆི་ན་དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། ། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་ནི་ཟློག་པ་འམ་སྐོར་བར་མཛད་པ་མ་ལགས་སོ།། བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་སེམས་ཅན་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མཆིན་དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་སེམས་ཅན་མ་མཆིས་པ་སྟེ། དེ་ལ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡང་མ་མཆིས་སོ།། བཅོམ་ལྡན་འདས་གང་ལེ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་སེམས་ཅན་ཚད་མེད་པའི་དོན་མཛད་དོ་ཞེས་མཆིན། དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པར་ཞེན་པའོ།། དེ་ཅིའི་སླད་ཞེན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་ཆོས་གང་ལའང་ཕན་པ་འམ། གནོད་པའི་རྣམ་པར་ཉེ་བར་གནས་པ་མ་ལགས་སོ།། བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པས་ཚེའི་འདུ་བྱེད་བོར་རོ་ཞེས་མཆི་ན། དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་བར་ཞེན་པའོ། ། དེ་ཅིའི་སླད་དུ་ཞེན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ནི་ཅིའང་འདོར་བ་འམ་ལེན་པ་མ་མཆིས་སོ།། བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མཆིན། དེ་དག་ཐམས་ཅད་ནི་ལྟ་བའི་རྣམ་པ་ལ་མངོན་པརཞེན་པའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ནི་འཁོར་བའམ་ཡོངས་སུ་མྱ་ངན་ལས་འདས་པ་མ་ལགས་སོ། ། བཅོམ་ལྡན་འདས་གང་ལ་ལ་ཞིག་འདི་ལྟ་བུའི་ཆོས་ལ་ངེས་པར་གྱུར་ན། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ལ་ནི་འགྱུར་བ་མཆིས་ཀྱང་གངའི། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་ནི་མི་གདའ་འོ། ། བམ་པོ་དགུ་པ། དེ་ནས་འབྲས་བུ་ཆེ་བའི་ལྷ་བྱེ་བ་ཕྲག་བརྒྱད་ནུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉིད་ལ་ངེས་པར་འགྲོ་བར་བརྗོད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། བདེ་གཤེགས་མཐུ་ཆེན་འདྲེན་པ་ཚུལ་དང་ཚུལ་མིན་མཁྱེན་ལ་ཕྱག་འཚལ་ལོ། ། འགྲོ་བ་ཀུན་ལ་ཐུགས་བརྩེ་ཐུབ་པ་ཡང་དག་ཇི་བཞིན་སྟོན་མཛད་པ།། འདྲེན་པ་ཚུལ་མཁས་ཁྱོད་ཀྱིས་ཚུལ་ནི་ཡང་དག་ཉིད་དུ་ཡང་དག་བསྟན། ། མཐའ་ཡས་ཡོན་ཏན་མངའ་ཞིང་ཡེ་ཤེས་མངོན་པར་འཕགས་ལ་མགོས་ཕྱག་འཚལ།། ཁྱོད་ཀྱིས་བྱང་ཆུབ་ངེས་པར་འབྱུང་བའི་དྲང་ལམ་གཅིག་པུ། བགྲོད་པ་བསྟན།། ཁྱོད་ཀྱིས་བྱང་ཆུབ་དམ་པ་གཞལ་ཡས་ཞི་བ་ཤིས་པ་མི་གཡོ་བརྙེས།། སྲོག་ཆགས་བྱེ་བ་ཁྲག་ཁྲིག་འཁོར་བའི་སྡུག་བསྔལ་ཉམ་ཐག་འགྲོལ་མཛད་པ། མཐའ་ཡས་ཡོན་ཏན་མངའ་ཞིང་ཡེ་ཤེས་མངོན་པར་འཕགས་ལ་མགོས་ཕྱག་འཚལ། ། ཕུང་པོ་རྣམས་ནི་ངོ་བོ་ཉིད་སྟོང་ཤིན་ཏུ་ཕུང་པོ་རྣམ་དང་བྲལ། བྱིས་པ་རྨོངས་བྱེད་རྣམས་ནི་རབ་ཏུ་བྲལ་བར་ཁྱོད་ཀྱིས་ཡོངས་སུ་བཏགས། ། ཤེས་པ་མིག་ལྡན་སྐྱེ་བོ་ཕལ་ཆེན་འདིར་བཅིངས་རྙོང་ལ་སྤྲེའུ་ཐོགས་བཞིན།། གྲོལ་བ་མཁས་པ་རྣམས་ནི་མཁའ་ལ་རླུང་བཞིན་ཆགས་པ་མེད་པར་འདོང་། ། ཁམས་རྣམས་ཀྱིས་རྣམ་པ་ཀུན་ཏུ་སྟོང་པར་ཐམས་ཅད་མཁྱེན་པས་གསུངས།། དཔེར་ན་བྲག་ཆ་རྣམ་པ་ཀུན་ཏུ་ཤིན་ཏུ་སྒྲ་དང་བྲལ་བ་འདྲ།། དེས་ནི་མི་མཁས་སྐྱེ་བོ་ཡང་དག་ཇི་བཞིན་མི་ཤེས་མང་པོ་བཅིངས། ། གྲོལ་བ་མཁས་པ་ཡང་དག་རྟོགས་པ་རྣམས་ནི་ཁམས་གསུམ་ཆགས་མ་མཆིས།། སྐྱེ་མཆེད་ངོ་བོ་ཉིད་ཀྱིས་རྟག་ཏུ་སྟོང་ཞེས་ཐམས་ཅད་མཁྱེན་པས་བསྟན། ། ཡང་དག་མ་ལགས་བརྫུན་ཞིང་བྱིས་པ་སླུ་བ་ཆང་པ་སྟོང་པ་འདྲ།། མི་མཁས་སྐྱེ་བོ་ཆོས་ལ་གཅིག་ཏུ་མ་ངེས་མང་པོ་འདི་ལ་ཆགས།། དཔེར་ན་འགྲོན་པ་རྒྱ་མཚོ་ཆེན་པོར་འཁྱམས་པ་བཞིན་དུ་འཁོར་བར་ལྷུང་། ། འདྲེན་པ་དབང་པོ་འདི་དག་དབང་པོ་ཉིད་ཀྱིས་ཤིན་ཏུ་སྟོང་པ་སྟེ།། ཐུབ་པ་མེ་ལོང་ནང་གི་བཞིན་གྱི་དཀྱིལ་འཁོར་ལྟ་བུར་ཤིན་ཏུ་སྟོང་།། མི་མཁས་སྐྱེ་བོ་ཡང་དག་ཇི་བཞིན་མ་འཚལ་མང་པོ་དག་ནི་དེ་ལ་ཆགས། ། བྱ་དང་མཚོ་ཡི་ཉ་དང་སྲོག་ཆགས་དག་ནི་རྒྱལ་ཐོགས་པ་བཞིན།། སེམས་ཅན་སེམས་ཅན་ཉིད་སྟོང་སེམས་ཅན་བྲལ་ཞིང་ངོ་བོ་ཉིད་ཀྱིས་སྟོང་། ། ཐུབ་པ་སེམས་ཅན་རི་མོ་མཁན་གྱིས་གཟུགས་བྲིས་བཞིན་དུ་མ་མཆིས་ན།། མི་མཁས་སྐྱེ་བོ་ཡང་དག་ཇི་བཞིན་མ་འཚལ་མང་པོ་དེ་ལ་ཆགས།། མཁས་པ་ཡང་དག་རྟོགས་རྣམས་སྒྲོ་ངའི་སྦུབས་ནས་བྱུང་བའི་བྱ་བཞིན་གྲོལ། ། རྟེན་བྱུང་ཆོས་རྣམས་དེ་དག་སྐད་ཅིག་པ་སྟེ་སྟོང་ཞིང་དམིགས་མ་མཆིས།། རྨི་ལམ་དགའ་བ་བཞིན་དུ་གཟུང་དུ་མ་མཆིས་བྱིས་པ་རྨོངས་བགྱིད་པ། ། མི་ཤེས་རྟོག་པའི་སླད་དུ་དེས་ཀྱང་མི་མཁས་སྐྱེ་བོ་མང་པོ་བཅིངས།། མཁས་པ་ཡང་དག་རབ་ཏུ་རྟོགས་རྣམས་གཟེབ་ནས་ཐར་པའི་བྱ་བཞིན་གྲོལ། ཐུབ་པས་ཆོས་ཉིད་བསམ་ཡས་ཇི་བཞིན་ཆོས་རྣམས་ཐམས་ཅད་བསམ་མི་ཁྱབ།། ཐུབ་པ་ཞི་བ་མྱ་ངན་འདས་པ་ཇི་བཞིན་ཆོས་ཀུན་མཚན་ཉིད་དང་བྲལ་བ།། ཐུབ་པ་ཁམས་གསུམ་མི་ཆགས་བཞིན་དུ་ཆོས་ཀུན་གན་པ་མ་མཆིས་ཏེ། ། དེ་སླང་ཚུལ་ཅིག་འདི་འཚལ་གྱུར་ན་འགྲོ་ཀུན་བདེ་བར་གཤེགས་པར་འགྱུར།། ཐུབ་པ་བདག་དང་གཞན་དུ་མི་མཁྱེན་ལྟ་བུར་ཆོས་ཀུན་གཡོ་བ་མེད།། ཐུབ་པའི་ཡེ་ཤེས་རྒྱལ་བའི་བསྟན་པ་ཇི་བཞིན་ཆོས་ཀུན་བསམ་མི་ཁྱབ།། ཐུབ་པ་བྱིས་པའི་སྤྱོད་ཡུལ་མ་ལགས་ཇི་བཞིན་ཆོས་ཀུན་བཏགས་མ་ལགས།། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་འདི་ནི་རབ་གསལ་དེ་བཞིན་ཤེས་པར་གྱིས། ། མི་མཁས་གང་དག་རྒྱལ་བས་བྱང་ཆུབ་གཞལ་ཡས་བརྙེས་ཤེས་སྨྲ་བ་དང་།། གང་དག་རྒྱལ་བས་འཁོར་ལོ་དམ་པ་གཞལ་ཡས་མཆོག་བསྐོར་སྨྲ་བ་དང་། གང་དག་བདེ་གཤེགས་སྐྱོབ་པས་སྲོག་ཆགས་ཁྲག་ཁྲིག་མྱ་ངན་འདས་སྨྲ་བ།། དེ་དག་ཐམས་ཅད་ཡང་དག་མ་འཚལ་ལྟ་བ་ཐིབས་པོར་ཡོངས་སུ་དཀྲིས།། གང་དག་བདེ་བར་གཤེགས་པས་ཚེ་ཡི་འདུ་བྱེད་བཏང་བཟུང་སྨྲ་བ་དང་། ། གང་དག་སྟོབས་བཅུར་འགྲོ་བའི་དོན་མཛད་ཡོངས་སུ་མྱ་ངན་འདས་སྨྲ་བ།། དེ་དག་ཐམས་ཅད་ལྟ་བར་སོང་ལ་ཡིད་ཆང་བདུད་ཀྱི་ལག་ཏུ་མཆིས།། ཁྱོད་ཀྱིས་དེ་བཞིན་ཉིད་མ་འཆས་ཏེ་འདྲེན་པས་མཁྱེན་བཞིན་འཆལ་བར་བགྱི། ། གང་དག་ཚུལ་དང་ཚུལ་མིན་འདི་ལ་མཁས་པ་དེ་དག་འདྲེན་པ་འཚལ།། དེ་དག་རྐང་གཉིས་གཙོ་བོ་དཔལ་སྡུག་འཇིག་རྟེན་ཐུགས་བརྩེ་རྒྱལ་བར་འགྱུར། ། དེ་བཞིན་ཉིད་འདི་འགྱུར་བའི་དབང་དང་ལྡན་ཏེར་ཅིང་ཚམ་ཉིད་ལགས།། དེ་ལྟར་འདི་འཚལ་གྱུར་ནས་ཚུལ་ལ་མཁས་པ་མི་མ་མཆོག་ཏུ་འགྱུར།། དེསར་འབྲས་བུ་ཆེ་བའི་ལྷ་ཚོགས་ཆོས་རྣམས་ངེས་པར་རྟོགས་གྱུར་པ། ། སྟོན་པའི་སྤྱན་སྔར་བརྗོད་དེ་ལྷག་པའི་བསམ་པ་དེ་ཡང་བསྟན་བྱས་ནས།། ཁ་ཅིག་ཡི་རངས་དོགས་མེད་ཡིད་ཀྱིས་སངས་རྒྱས་ཉིད་དུ་བདག་མཐོང་ནས། ། འདྲེན་སྲས་དེ་དག་ཚུལ་འདི་ཉིད་ཀྱིས་བདག་གིས་བདག་ལུང་བསྟན་པར་གྱུར། དེ་ནས་བཅོམ་ལྡན་འདས་ཀྱིས། འབྲས་བུ་ཆེ་བའི་ལྷ་དེ་དག་གི་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་དང་། ཆོས་རྣམས་ངེས་པར་རྟོགས་པ་ཐུགས་སུ་ཆུད་ནས། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར། དེའི་ཚེ་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། དཔལ་སྡུག་འདྲེན་པ་རྣམས་ནི་རྒྱུ་ཞིག་གཟིགས་ནས་འཛུམ་པ་མཛད་ལགས་ཏེ།། རྒྱུ་མེད་མི་མཛད་བཀའ་སྩལ་བདག་གིས་བདེ་གཤེགས་མངོན་སུམ་རེ་སྐད་ཐོས། ། འདི་ལྟར་འདྲེན་པ་ཁྱོད་ཀྱིས་ཞི་བ་བདེ་བ་བསིལ་བའི་འཛུམ་མཛད་ན།། རྒྱལ་བ་ལྷ་མི་ལྷ་མིན་བླ་མ་འཛུམ་པ་མཛད་པའི་རྒྱུང་དེ་གསུངས།། དེ་རིང་འདི་ལྟར་འདྲེན་པ་ཁྱོད་ཀྱི་ཞལ་ནས་འཛུམ་མཛད་བསིལ་མཐོང་ནས། ། འགྲོ་བ་འདི་ཀུན་ཐེ་ཚོམ་འཚལ་ཏེ་བདེ་གཤེགས་ཁྱོད་ཀྱི་ཞལ་དུ་ལྷ།། མི་མཆོག་ཐུགས་རྗེ་ལྡན་པ་ཁྱོད་ཀྱིས་འཛུམ་རྒྱུ་དེ་ནི་མྱུར་དུ་གསུངས།། དེ་ཐོས་གྱུར་ནས་རྒྱལ་མཆོག་འགྲོ་བ་འདི་དག་ཐེ་ཚོམ་མ་མཆིས་འགྱུར། ། འདྲེན་པ་དམ་པ་ལྷ་ཚོགས་གང་དག་རང་གིས་རང་ལ་ལུང་བསྟན་པ།། དེ་དག་སུ་ཞིག་གང་གིས་ཅི་ཐོབ་མཐའ་བཅས་རྣམ་པར་འཁྲུལ་པ་གསུངས།། མི་མཆོག་ཚངས་པའི་གསུངས་དབྱངས་སྒྲོགས་ཏེ་ཐེ་ཚོམ་ཀུན་ཏུ་བསལ་དུ་གསོལ། ། དེ་ཐོས་རྒྱལ་བའི་འཁོར་འདི་རབ་ཏུ་དགའ་ཞིང་མཆོག་ཏུ་མགུ་བ་འཐོབ།། བདེ་གཤེགས་རྒྱལ་མཚན་མཐོན་པོ་ངག་ཐམས་ཅད་གཞན་དུ་མི་སེམས་པར། ། འདྲེན་པའི་སྲས་རྣམས་བྱང་ཆུབ་གཞལ་ལས་ཞི་བ་དམ་པ་སེམས་ཤིང་མཆིས།། ཐུབ་པ་འདྲེན་མཆོག་ཐེ་ཚོམ་འཚལ་བ་དེ་དག་རྣམས་ཀྱི་ཐེ་ཚོམ་ཁུམ། དེས་ནི་ཡེ་ཤེས་སྟོབས་ལྡན་ཚུལ་དང་ཚུལ་མིན་མཁས་ཀུན་རྒྱལ་བར་འགྱུར།། རྐང་གཉིས་གཙོ་བོའི་ཡན་ལག་བརྒྱད་ལྡན་གསུང་ཐོས་གྱུར་ནས་རབ་དགའ་སྟེ།། བདེ་གཤེགས་བསྟན་པ་བཞིན་དུ་བགྱིད་ཅིང་གསུངས་པའི་རྗེས་འཇུག་མཁས་པར་འགྱུར། ། དེ་དག་དོན་གྱི་དབང་ལ་བརྟེན་ནས་བདེ་གཤེགས་འདྲེན་པ་བཀའ་སྩལ་གསོལ།། དེས་ནི་ཡི་རངས་གྱུར་ཏེ་འགྲོ་བ་ཆོས་ཀྱི་མཐའ་མར་ཕྱིན་པར་འགྱུར། ། འདྲེན་པ་ཆེན་པོ་ལྷ་དེ་དག་གི་སྔོན་གྱི་སྤྱོད་པ་ཐོས་གྱུར་ཅིང་།། རྒྱལ་བའི་གསུང་ཐོས་གྱུར་ནས་བརྣག་པ་ཡོངས་རྫོགས་ཞི་ཞིང་རབ་དགའ་སྟེ།། ཚུལ་ལ་ཞུགས་ཤིང་ཚུལ་ལ་མཁས་རྣམས་མྱུར་དུ་ཐམས་ཅད་མཁྱེན་པར་འགྱུར། ། འགྲོ་བ་རབ་ཏུ་འགྲོལ་མཛད་ཇི་བཞིན་ཡང་དག་སྟོན་པར་མཛད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ལྷ་ཚོགས་རྣམས་ཀྱི་ཆེད་དུ་ང་ཡིས་འཛུམ་པ་འཇིག་རྟེན་བསྟན་མཛད་པ།། རྟ་ཐུལ་ཁྱོད་ཀྱིས་དུས་དང་ཆོད་ཤེས་ངལ་དྲིས་པ་ཤིན་ཏུ་ལེགས། ། གང་ཕྱིར་ང་ཡིས་འཛུམ་པ་མཛད་པ་འདི་ཡི་རྒྱུ་ཡི་ཚུལ་དང་རྒྱུ།། དེ་ཁྱོད་བསྟན་གྱིས་ཁྱོད་དང་འགྲོ་བ་རྩེ་གཅིག་ཡིད་ཀྱིས་ཉོན།། ཐམས་ཅད་མཁྱེན་པ་རྣམས་ནི་རྒྱུ་ཡི་འབྲས་བུ་རྣམ་པ་གསུམ་གཟིགས་ཤིང་། ། རྒྱུ་ལ་གཟིགས་ནས་རྐང་གཉིས་དམ་པ་དཔལ་སྟུག་རྣམས་ནི་འཛུམ་པ་མཛད།། ཁ་ཅིག་བློ་ཞན་བདག་ཅག་ཉན་ཐོས་འགྱུར་ཞེས་མྱ་ངན་འདས་ཞུགས་དང་།། ཁ་ཅིག་ཁ་རོག་འདུག་ལ་དགའ་ཞང་རང་རྒྱལ་བྱང་ཆུབ་འདོད་ཞུགས་དང་།། ཁ་ཅིག་བདག་ཅག་འཇིག་རྟེན་འདྲེན་པ་མཐུ་བོ་ཆེར་ནི་འགྱུར་བྱས་ཏེ།། སྐྱེ་བོ་སྡུག་བསྔལ་ལྷུང་བསྒྲོལ་ཞེས་ཞུགས་པའི་བསམ་པ་མཁྱེན་གྱུར་ནས། ། འཛུམ་པ་ཆུང་མཛད་གང་བྱུང་ཉན་ཐོས་དོན་དུ་མཛད་པར་ཤེས་པར་བྱ།། འཛུམ་པ་འབྲིང་མཛད་གང་བྱུང་ནང་རྒྱལ་དོན་དུ་མཛད་པར་རིག་པར་བྱ།། འཛུམ་མཆོག་ངས་གང་མཛད་པ་འདི་ནི་འདྲེན་པའི་དོན་དུ་ཤེས་པར་བྱ། ། རབ་འབྲིང་ཐ་མ་རྣམ་པ་འདི་གསུམ་འཛུམ་པ་མཛད་པའི་རྒྱུར་གསུངས་ཏེ།། ཁ་ཅིག་ཐར་པ་དོན་གཉེར་ལམ་གསུམ་ཞུགས་པའི་འཇིག་རྟེན་འདི་མཁྱེན་ནས། ། དེས་ན་འཇིག་རྟེན་མཁས་པ་རྣམ་པར་འདྲེན་པ་དམ་པ་འཛུམ་པ་མཛད།། རྟ་ཐུལ་དེ་ལ་ཉན་ཐོས་དོན་དུ་འཛུམ་མཛད་ཞབས་འོག་ནུབ་པར་འགྱུར།། རང་རྒྱལ་དོན་དུ་འཛུམ་པ་གང་མཛད་སྐུ་ཡི་དབུས་སུ་ནུབ་པར་འགྱུར། ། འདྲེན་པ་སྟོབས་བཅུའི་དོན་དུ་འཛུམ་པ་མཛད་པ་གཙུག་ཏུ་ནུབ་པར་འགྱུར།། དེ་ལྟར་རྟ་ཐུལ་ཁྱོད་ཀྱིས་འཛུམ་པའི་རྒྱུ་ནི་རྣམ་གསུམ་ཤེས་པར་གྱིས། རྒྱལ་བ་མཆོག་རྣམས་དོན་དུ་གང་འཛུམ་དེ་ཀུན་ང་ཡི་གཙུག་ཏུ་ནུབ།། སྡིག་པ་གཞོམ་པའི་ཚུལ་དུ་དེ་ལྟར་འཛུམ་པ་ངས་བསྟན་ཤེས་པར་གྱིས།། འདྲེན་པ་རྣམས་ཀྱི་འཛུམ་པ་གང་ཡིན་དེ་རྒྱུ་རྣམ་གསུམ་ཡང་བཤད་ཀྱིས། ། ཀུན་ཀྱང་རྩེ་གཅིག་ཡིད་བྱོས་དེ་ནི་ངལ་ལེགས་པར་མཉན་པར་གྱིས།། དང་པོའི་དོན་དུ་འདྲེན་པ་འཛུམ་པ་ངས་མཛད་མྱུར་དུ་ཐོག་མར་ནུབ།། འབྲིང་གི་དོན་ནི་དུས་ཚོཆོཚོ་ཅུང་ཟད་བསྡད་ཅིང་ཕྱི་ནས་ནུབ་པར་འགྱུར། ། བློ་མཆོག་ལྡན་ཕྱིར་འཛུམ་པ་རྒྱལ་བ་ངས་མཛད་ཤིན་ཏུ་རིང་དུ་གནས།། རྟ་ཐུལ་ཉན་ཐོས་དོན་དུ་གང་གནས་འཛུམ་དེ་ཐེག་པའི་དབང་གིས་མཛད། ། གཞན་ཡང་འཛུམ་རྒྱུ་རྣམ་གསུམ་བཤད་ཀྱིས་རྟ་ཐུལ་ཁྱོད་ཀྱིས་མཉན་པར་གྱིས།། གང་དག་རྒྱལ་བ་དྲང་པོ་སྟོབས་བཅུ་པོ་ལ་སྐོར་བ་བྱེད་པ་ནི།། དེ་དག་ངལ་སྐྱེན་པར་བསྐོར་ནས་མྱུར་དུ་ཤིན་ཏུ་མཁས་པར་འགྱུར། ། འབྲིང་དོན་ཕྱིར་ནི་སྲབ་ཅིང་ཆེ་ལ་དལ་གྱིས་སྐོར་བར་བྱེད་པར་འགྱུར།། དལ་གྱིས་གཡས་ཕྱོགས་བསྐོར་བ་བྱས་ནས་རྒྱ་ཆེར་འགྱུར་ཞིང་མནན་པར་འགྱུར། གང་དག་གསེར་རྒྱན་ལ་དཀར་སྟེང་བཞག་འདྲ་བའི་བདེ་གཤེགས་མཐོང་གྱུར་ན།། དེ་ནི་རྐང་གཉིས་དམ་པ་ཐུབ་པའི་སྐུ་ཀུན་ཁྱབ་པར་གནས་པར་འགྱུར།། ཐམས་ཅད་མཁྱེན་པས་འཛུམ་བསྟན་འདི་ནི་ཞིང་གི་དབང་དུ་ཤེས་པར་བྱ། ། གང་ཚེ་གདུགས་འདྲ་མཐའ་ཡས་མིག་ལྡན་པས་ནི་འདྲེན་ཏེ་འགེབས་པ་དང་།། གང་ཚེ་མེ་ཏོག་འདྲལ་འདྲེན་པའི་སྟེང་གི་མཁའ་ལ་ལྡིང་བ་དང་། ། གང་ཚེ་སྒོ་མོ་འདྲ་ཞིང་བདེ་བར་གཤེགས་ལ་ལན་གསུམ་སྐོར་བྱེད་པ།། དེ་ནི་འཇིག་རྟེན་འདས་པ་དེ་ཡི་དབང་དུ་འཛུམ་མཛད་ཤེས་པར་བྱ།། བདེ་གཤེགས་རྒྱལ་བ་རྣམས་ཀྱིས་འཛུམ་མཛད་རྒྱུ་ནི་རྣམ་གསུམ་དེ་ཙམ་བསྟན། ། རྟ་ཐུལ་ཁྱོད་ཀྱིས་འཛུམ་མཛད་རྒྱུ་རྣམ་གསུམ་པོ་དེ་དག་ཤེས་པར་གྱིས།། དེས་ན་འཇིག་རྟེན་དོན་བསྟན་བཞེད་ནས་འཇིག་རྟེན་རྣམ་འདྲེན་འཛུམ་པ་མཛད། ། དེ་ཐོས་གྱུར་ནས་ཐམས་ཅད་མཁྱེན་གྱི་བསྟན་ལ་ཐེ་ཙོམ་མེད་པར་གྱིས།། འབྲས་བུ་ཆེ་བའི་ལྷ་ཚོགས་བྱེ་བ་བརྒྱད་དུ་ཟམ་པ་འདི་དག་ནི།། ཞིང་རྣམས་དག་ཏུ་ཆོས་ཚུལ་ཤིན་ཏུ་རྒྱ་ཆེན་སྨྲ་བའི་རྒྱལ་བར་འགྱུར། ། མཁས་པ་དེ་དག་དཔག་མེད་ཚེ་ལྡན་བསྐལ་པ་མང་པོར་གནས་པར་འགྱུར།། དེ་ཕྱིར་བདེ་བར་གཤེགས་པས་འཛུམ་པ་རྒྱ་ཆེན་མཆོག་གི་ཆ་འདི་བསྟན།། དེ་དག་སྔོན་གྱི་བསྐལ་པ་སུམ་ཅུ་དྲུག་གི་རྒྱལ་བ་རྣམས་ཀྱང་མཐོང་།། བསྐལ་པ་སུམ་ཅུ་དྲུག་ཏུ་ཐམས་ཅད་མཁྱེན་པ་བསྙེན་བཀུར་སྤྱད་པ་སྤྱད།། ད་དུང་ཚུལ་མཁས་འདི་དག་བསྐལ་པ་གྲངས་མེད་སུམ་ཅུ་རྩ་དྲུག་ཏུ། ། གང་ཟག་ཆེན་པོ་འདི་དག་རྒྱལ་བ་ཁྱུ་མཆོག་མཆོད་པ་བྱེད་ཅིང་གནས།། ཐམས་ཅད་དུ་ཡང་ཕུན་སུམ་ཚུལ་རྟོག་རྒྱལ་བའི་མཆོག་ལ་མཆོད་པ་བྱེད།། རྐང་གཉིས་གཙོ་བོ་མཆོད་དེ་བྱང་ཆུབ་ཞི་བ་ཡོངས་སུ་བཙལ་བྱས་ནས། ། དེ་དག་དེ་ཡི་འོག་ཏུ་དཔལ་སྟུག་རྐང་གཉིས་དམ་པ་སྐྱེས་བུ་མཆོག། འདྲེན་པ་མཐུ་ཆེན་ཡོན་ཏན་ལྡན་པར་གསེར་གྱི་རྒྱལ་མཚན་བསྐལ་ལ་འབྱུང་། རྒྱལ་བ་དེ་དག་སྣ་ཚོགས་ཞིང་ན་གནས་ཤིང་རང་རང་ཞིང་སྦྱངས་ཏེ།། སེམས་ཅན་དམ་པ་དེ་ཀུན་ཉི་མའི་འོད་ཀྱི་དཀྱིལ་འཁོར་དཔལ་ཞེས་བྱ།། དེ་ཚེ་ཡོན་ཏན་ལྡན་པ་དེ་དག་རྣམས་ཀྱི་འདུས་པ་གྲངས་མེད་དེ། ། དེ་ཚེ་ཐུབ་པ་རེ་རེའི་ཉན་ཐོས་འདུས་པར་འགྱུར་བ་དེ་དག་ནི།། གལ་ཏེ་བསྐལ་པ་ཁྲག་ཁྲིག་དག་ཏུ་སྟོབས་བཅུས་ཉན་ཐོས་དེ་བགྲངས་ཀྱང་།། ལེགས་མཛད་རྣམས་ཀྱི་ཉན་ཐོས་འདུས་པ་དག་ནི་མཐར་ཕྱིན་གྲངས་མི་འགྱུར། ། འདུས་པ་དེ་དག་ཐམས་ཅད་གྲངས་མེད་འདུས་པ་དེ་ནི་ཅི་འདྲ་བ།། དེ་ལས་ཉིས་འགྱུར་དེ་ཚེ་བྱང་ཆུབ་ཏུ་ནི་ཡང་དག་ཞུགས་པར་འགྱུར།། དེ་ཚེ་། རྒྱལ་པོར་ཞུགས་ཀྱི་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན།། དེ་དག་ཐམས་ཅད་ཡོངས་ངག་ཞིང་དུ་སྤྱད་ནས་ཀུན་ཀྱང་རྒྱལ་བར་འགྱུར།། བདེ་གཤེགས་དེ་དག་སྤྱོད་པ་གང་ཡིན་དེ་དག་རྣམས་ཀྱིའང་དེ་ཉིད་འགྱུར། ། འཇིག་རྟེན་མཁས་པ་དེ་དག་མྱ་ངན་འདས་པར་གྱུར་ནས་དམ་པའི་ཆོས།། དེ་ཚེ་སྲས་ཀྱིས་བཟུང་ཞིང་བསྐལ་པ་བྱེ་བ་བརྒྱད་ཅུར་གནས་པར་འགྱུར།། དེ་དག་འདས་ནས་སྟོན་པའི་གསུང་རབ་དེ་ལ་བྱང་ཆུབ་སེམས་བསྐྱེད་པ། ། གངྒངྒཱའི་ཀླུང་གི་བྱེ་མ་བས་ཀྱང་ཤིན་ཏུ་མང་བ་འབྱུང་བར་འགྱུར།། དེ་དག་འདས་ནས་སྟོན་པ་སྐྱོབ་པ་རྣམས་ཀྱི་གསུང་རབ་དེ་ལ་ནི། ཉན་ཐོས་རྒྱ་མཚོ་ཀུན་གྱི་བྱེ་སྙེད་དཔག་ཡས་མྱ་ངན་འདའ་བར་འགྱུར།། དེ་ལྟར་འཇིག་རྟེན་དོན་རྣམས་མཛད་པ་རང་བྱུང་དེ་དག་ཐམས་ཅད་ཀྱི།། བསྟན་པ་གང་ཡིན་དེ་ནི་ཆོས་དང་། ཡོངས་སུ་ལེགས་པར་ལྡན་གྱུར་ཅིང་།། ཡང་དག་ཤར་བར་འགྱུར་ཏེ་དེ་ནི་བསྟན་པ་རྣམས་ཀྱི་ཆོས་ཉིད་ཡིན།། མི་མཆོག་དེ་ཡི་གསུང་རབ་དེ་ཐོས་འགྲོ་བ་མ་ལུས་དང་གྱུར་ནས།། རྐང་གཉིས་དམ་པ་གཞལ་ཡས་འཇིག་རྟེན་དོན་བྱེད་བདག་ཅག་འགྱུར་ཞེས་ཏེ། ། ཐམས་ཅད་དགའ་ནས་རྒྱལ་བའི་ཞབས་ལ་ཕྱག་འཚལ་སྐྱེ་བོ་རབ་ཏུ་དགའ།། བདེ་བར་གཤེགས་ལ་དགའ་བ་གཞལ་ཡས་བསྐྱེད་ནས་ཆོས་ཀྱིས་བསྙེན་བཀུར་བྱས། ། དེ་ལྟ་བས་ན་དགའ་བར་བྱོས་ལ་མགོ་ལ་འབར་ཞིང་སྤྱད་སྤྱོད་དེ།། རྟག་ཏུ་ཤེས་རབ་ཕ་རོལ་ཕྱིན་དང་དགེ་བའི་བཤེས་གཉེན་སྟེན་བྱོས་ལ།། ཡང་དག་མཐོང་བའི་སྤྱོད་པ་དགེ་བ་འདི་ལ་རབ་ཏུ་རྟེན་བྱོས་ཏེ། ། དགེ་སློང་ཁྱེད་ཅག་རྐང་གཉིས་གཙོ་བོ་འཇིག་རྟེན་ཐུགས་བརྩེར་འགྱུར་བར་གྱིས།། འབྲས་བུ་ཆེབ་པ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། དེ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་དེའི་ཚེ། སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་རིག་ཅིང་། སངས་རྒྱས་ཀྱི་ཆོས་རྣམས་ལ་ཐེ་ཙོམ་མེད་པར་གྱུར་པར་རིག་ནས། ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་སོ་སོ་ནས་མངོན་པར་བསྟོད་དོ།། དེ་ལ་ལྷའི་བུ་སྦྱིན་པ་ལ་མོས་པས་གསོལ་བ། ཁྱོད་ཀྱིས་སྡུག་པའི་སྲས་རྣམས་དང་།། བཙུན་མོ་དང་ནི་སྲོག་འཕངས་བཏང་།། རྒྱལ་སྲིད་བཏང་བ་ཅི་སྨོས་ཏེ།། སྦྱིན་མཐར་ཕྱིན་ལ་ཕྱག་ཀྱང་འཚལ། ལྷའི་བུ་ཚུལ་ཁྲིམས་ལ་མོས་པས་གསོལ་པ། ཁྱོད་ཀྱིས་ཚུལ་ཁྲིམས་རྣམ་སྦྱངས་པ།། རྣམ་པ་ཀུན་ཏུ་བསྙེངས་མི་མངའ།། ཤིན་ཏུ་བསླབས་པས་མཐར་ཕྱིན་པ།། ཁྲིམས་མཐར་ཕྱིན་ལ་ཕྱག་ཀྱང་འཚལ། ལྷའི་བུ་བཟོད་པ་ལ་མོས་པས་གསོལ་པ། ཁྱོད་ཀྱིས་བཟོད་པ་བསྟེན་མཛད་པས།། ཡན་ལག་གཏུབས་པའང་བཟོད་པར་མཛད།། ཟབ་མོར་སྒྱིད་ལུག་མ་ལགས་ཏེ།། བཟོད་མཐར་ཕྱིན་ལ་ཕྱག་ཀྱང་འཚལ། ། ལྷའི་བུ་བརྩོན་འགྲུས་ལ་མོས་པས་གསོལ་པ། བརྩོན་པ་མ་བཏང་བརྩོན་འགྲུས་ཏེ།། སྟོབས་ཆེན་བརྩོན་འགྲུས་ལྡན་གྱུར་པས།། རྫོགས་པའི་བྱང་ཆུབ་མཆོག་བརྙེས་པ།། བརྩོན་མཐར་ཕྱིན་ལ་ཕྱག་ཀྱང་འཚལ།། ལྷའི་བུ་བསམ་གཏན་ལ་མོས་པས་གསོལ་པ། ཁྱོད་ཀྱིས་བསམ་གཏན་བསྟེན་མཛད་པ།། དེ་ལ་འཇིག་རྟེན་གཏིང་མི་རྙེད།། དུས་གསུམ་མཉམ་པ་ཉིད་བརྙེས་པ། ། བསམ་གཏན་མཐར་ཕྱིན་ཕྱག་ཀྱང་འཚལ།། ལྷའི་བུ་གཟི་བརྗིད་དང་ལྡན་པས་གསོལ་པ། དཔའ་བོ་ཤེས་རབ་ཕ་རོལ་ཕྱིན།། ཡང་དང་ཡང་དུ་བསྒོམས་པས་ན།། ཐམས་ཅད་མཁྱེན་པ་ཉིད་བརྙེས་པ། ། ཤེས་རབ་མཐར་ཕྱིན་ཕྱག་ཀྱང་འཚལ།། ལྷའི་བུ་ཁམས་ཀྱི་བློ་གྲོས་ཀྱིས་གསོལ་པ། སྦྱིན་པ་དག་དང་ངག་སྙན་དང་།། དོན་སྤྱད་མཐུན་པའི་དོན་དག་གིས།། འཇིག་རྟེན་འདི་དག་ཁྱོད་ཀྱིས་བཏུལ། ། འདྲེན་པ་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་དགེ་བའི་བློ་གྲོས་ཀྱིས་གསོལ་པ། བྱམས་ཆེན་ཐུགས་རྗེ་ཆེན་པོ་དག། ཡུན་རིངས་དུས་ནས་བསྒོམ་མཛད་དེ་སེམས་ཅན་དཔག་ཡས་ཡོངས་སུ་བསྒྲལ། ། གངོས་འཛིན་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་དག་པའི་སེམས་ཀྱིས་གསོལ་པ། ཉོན་མོངས་མེད་པའི་མཐར་ཕྱིན་ཅིང་།། ཐུབ་ཆེན་དུལ་བའི་སེམས་མངའ་བས། ། མ་དུལ་ཐམས་ཅད་འདུལ་མཛད་པ།། ཁ་ལོ་སྒྱུར་ལ་ཕྱག་ཀྱང་འཚལ།། ལྷའི་བུ་བློ་གྲོས་དྲི་མ་མེད་པས་གསོལ་པ། སེམས་དག་མཉེན་པའི་སེམས་མངའ་བ།། སེམས་དུལ་དབང་པོ་ཞི་མངའ་བ། ། སེམས་ཅན་ཀུན་གྱི་སེམས་མཁྱེན་པ།། སེམས་མཁྱེན་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་བློ་གྲོས་རྣམ་པར་དག་པས་གསོལ་པ། ཤེས་རབ་ལྡན་པའི་བློ་གྲོས་ཅན།། བློ་གྲོས་མཆོག་ལ་རབ་ཏུ་ཞུགས།། ཐུགས་གསལ་ཕུན་སུམ་ཚོགས་པའི་བློ།། མི་མཁས་རྟོགས་མཛད་ཕྱག་ཀྱང་འཚལ།། ལྷའི་བུ་སེམས་བརྒྱན་གྱིས་གསོལ་པ། ཁྱོད་ཀྱི་སེམས་ནི་རྣམ་པར་སྦྱངས།། སངས་རྒྱས་ཞིང་ཡང་རྣམ་དག་མཛད།། སེམས་ཅན་བློ་ཡང་རྣམ་སྦྱངས་པ།། ཀུན་དག་ཁྱོད་ལ་ཕྱག་ཀྱང་འཚལ། ལྷའི་བུ་ཕམ་པ་མེད་པས་གསོལ་པ། དགོངས་པ་ཕམ་པ་མི་མངའ་བ།། ཁྱོད་ཀྱིས་བདུད་ཀྱི་དཔུང་ཡང་བཅོམ། ། ཁྱོད་ཀྱིས་ལྷ་ཚོགས་ཐམས་ཅད་ཀྱང་།། རབ་ཏུ་དགའ་བའི་ཡིད་དུ་བསྒྱུར།། ལྷའི་བུ་མྱུར་དུ་བྱེད་པས་གསོལ་པ། ཁྱོད་ཀྱིས་ཆོས་རྣམས་མྱུར་བར་མཁྱེན།། སེམས་ཅན་མྱུར་བར་རྣམ་པར་སྦྱངས། ། ཟབ་ཅིང་བལྟ་དཀའི་ཆོས་དག་ལ།། མྱུར་དུ་མཛད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་བརྩོན་འགྲུས་བརྟན་པས་གསོལ་པ། ཧྲལ་གྱུར་ཡོངས་སུ་བྲལ་གྱུར་པ།། ཆུ་བོ་རྒལ་ཟག་པ་སྤངས། ། ཕ་རོལ་ཕྱིན་ཅིང་ཐང་ལ་བཞུགས།། བརྩོན་འགྲུས་བརྟན་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྤྱོད་ལམ་དང་ལྡན་པས་གསོལ་པ། འདོད་ཆགས་སྤངས་ཤིང་ཞེ་སྡང་སྤངས།། གཏི་མུག་སྤངས་པ་ཟག་མེད་པས། ། སྦྱིན་ནས་བསོད་ནམས་ཞིར་གྱུར་པ།། འཇིག་རྟེན་མཆོད་འོས་ཕྱག་ཀྱང་འཚལ།། ལྷའི་བུ་ཤིན་ཏུ་བརྟན་པས་གསོལ་པ། ཁྱོད་ཀྱི་དམ་ཆོས་ཤིན་ཏུ་བསྟན།། འཇིག་རྟེན་གསུམ་དུ་རབ་ཏུ་མཆོད། ། གཅིག་པུ་བགྲོད་པས་བདེ་བ་བརྙེས།། དེ་ཕྱིར་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་མི་འཁྲུགས་པས་གསོལ་པ། ལྷུན་སྟུག་གཅིག་ཏུ་གྱུར་པའི་རི།། རླུང་གིས་བསྐྱོད་པར་མི་ནུས་ཏེ། ། དེ་བཞིན་བསྟོད་དང་སྨད་པ་ཡིས།། བདེ་གཤེགས་བསྐྱོད་པར་མི་ནུས་སོ།། ལྷའི་བུ་མཉམ་པ་ཉིད་ཐོབ་པས་གསོལ་པ། དཔའ་བོ་ཆེན་པོ་ཟབ་ཅིང་མཉམ།། མཚན་རབ་སུམ་ཅུཿ་གཉིས་ཅན། ། ཤེས་རབ་ཟབ་མོ་བློ་ལྡན་པ།། རྒྱལ་བ་མཛེས་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ཟབ་པའི་ཟླ་གྲོས་ཀྱིས་གསོལ་པ། སྐུ་ཆེན་ཁྱོད་ལ་སྐུ་མི་མངའ།། དེ་བཞིན་ཉིད་ལ་རབ་ཏུ་བཞུགས། ཡང་དག་མཐའ་ཡས་རབ་ཏུ་སྟོན།། ཁྱོད་མཚུངས་གང་ཟག་ཡོངས་མ་མཆིས།། ལྷའི་བུ་བློ་གྲོས་དང་བས་གསོལ་པ། གཉིས་སུ་མེད་པ་ཡང་དག་སྟོན།། དཔའ་བོ་དཔའ་བས་རྣམ་པར་གནོན། གང་དག་ཟབ་ལ་ཞུམ་མ་མཆིས།། དེ་དག་ཁྱོད་ཆོས་ཕ་རོལ་ཕྱིན།། ལྷའི་བུ་རབ་ཏུ་དགའ་བས་གསོལ་པ། མཆོག་ཏུ་དགའ་ཡིད་བརྟན་པ་དག། ཁྱོད་ཀྱིས་སློབ་ལ་བསླབས་པའི་རྣམས། ། སྦྲུལ་རྣམས་པགས་པ་རྙིང་འདོར་བཞིན།། སྲིད་པ་གསུམ་པོ་འདི་དག་འདོར།། ལྷའི་བུ་ཞི་བའི་ཡིད་ཀྱིས་གསོལ་པ། ཇི་ལྟར་མར་མེ་མར་ཟད་ཅིང་།། སྙིང་པོ་ཟད་པས་ཞིར་འགྱུར་བཞིན།། ཁྱོད་ཀྱིས་བསྟན་པ་མྱུར་ཐོས་ན།། ཤེས་རབ་ཆེན་པོ་མྱ་ངན་འདའ།། ལྷའི་བུ་ཞི་གནས་ལ་གནས་པས་གསོལ་པ། གང་གིས་ཀུན་མཁྱེན་ཁྱོད་མཐོང་བའི།། མི་རྣམས་འདོད་ཆགས་བཅིངས་པ་ཡང་ཤེས་རབ་མཚོན་གྱིས་མཁས་པ་དག། འདོད་ཆགས་ཞགས་པ་གཅོད་པར་འགྱུར།། ལྷའི་བུ་ཞི་གནས་མང་གིས་གསོལ་པ། ཞི་བའི་སེམས་མངའ་ཞི་ལ་སྤྱོད།། ཆོ་ག་སྤྱོད་ཡུལ་རབ་ཏུ་ཞི་ཉོན་མོངས་ཐམས་ཅད་ཞིར་གྱུར་པ། ། དགྲ་རྣམས་ཞི་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ཞི་གནས་འཇིགས་མེད་ཀྱིས་གསོལ་པ། ཁྱོད་ཀྱིས་ཞི་གནས་བསླབས་པ་ཡི།། བྱང་ཆུབ་སེམས་དཔའ་གྲགས་ཆེན་དག། ཞི་གནས་ཉིད་ཀྱིས་འབྱུང་འགྱུར་ཞིང་།། སེམས་ཞི་དེ་བཞིན་གཤེགས་པར་འགྱུར།། ལྷའི་བུ་ཞི་གནས་ཟས་ཀྱིས་གསོལ་པ། ཆོས་རྣམས་ཀུན་གྱི་ཞི་བ་ནི།། དཔའ་བོ་ཁྱོད་ཀྱིས་རབ་ཏུ་བསྟན། ། ཤེས་རབ་ཆེན་པོས་དེ་འཚལ་ན།། དེ་དག་དེ་བཞིན་གཤེགས་པར་འགྱུར།། ལྷའི་བུ་རྟག་ཏུ་རྣམ་པར་ལྟ་བས་གསོལ་པ། ཁྱོད་ཀྱིས་སེམས་ཅན་རྟག་ཏུ་གཟིགས། མཁས་པ་ཁྱོད་ལྟར་སློབ་པ་རྣམས།། ཡེ་ཤེས་མཆོག་གིས་མཉམ་བཞག་ཅིང་།། བྱང་ཆུབ་མཆོག་ཀྱང་ཐོབ་པར་འགྱུར།། ལྷའི་བུ་སྣང་འཛིན་གྱིས་གསོལ་པ། ཤེས་རབ་ཕ་རོལ་ཕྱིན་གྱུར་པ། ཐུབ་ཆེན་ཁྱོད་ལས་གང་སློབ་པ།། དེ་དག་འཇིག་རྟེན་སྣང་འཛིན་ཅིང་།། སྒྲིབ་པ་མེད་པར་གཟིགས་པར་འགྱུར།། ལྷའི་བུ་འོད་བྱེད་ཀྱིས་གསོལ་པ། འཇིག་རྟེན་སྒྲོན་པ་ཁྱོད་ཀྱི་གསུང་།། ཡེ་ཤེས་རྒྱ་མཚོ་དེ་ཐོས་ན། ། དེ་དག་དྲི་མེད་བདེ་བ་ཐོབ།། བསམ་གྱིས་མི་ཁྱབ་འོད་ཀྱང་འབྱུང་།། ལྷའི་བུ་དྲི་མ་མེད་པའི་འོད་ཀྱིས་གསོལ་པ། ཆོས་རྣམས་ཐམས་ཅད་རྣམ་མི་རྟོག། ཐབས་ལ་མཁས་པས་དེ་དག་གསུངས། ། དེ་འདྲའི་ཡེ་ཤེས་རྟེན་བགྱིད་པ།། དེ་དག་གང་ཟག་མཆོག་ཏུ་འགྱུར།། ལྷའི་བུ་རབ་ཏུ་མི་གནས་ཀྱིས་གསོལ་པ། གནས་མ་མཆིས་ཤིང་བླང་མ་མཆིས།། ཆོས་རྣམས་ཐམས་ཅད་སེམས་མ་མཆིས། ། བདག་དང་གཞན་གྱི་རྣམ་འགྱུར་བ།། དེ་དག་ཁྱོད་ཀྱིས་དེ་བཞིན་མཁྱེན།། ལྷའི་བུ་གནས་མེད་བློ་གྲོས་ཀྱིས་གསོལ་པ། ཆོས་རྣམས་ཐམས་ཅད་གཞི་མེད་པར།། རྣམ་པར་འདྲེན་པ་ཁྱོད་ཀྱིས་གཟིགས། ། དེ་དག་ཁྱོད་ཀྱིས་ལུགས་བཟློག་སྟེ།། སེམས་ཅན་རྣམས་ལ་བསྟན་པ་མཛད།། ལྷའི་བུ་མི་རྟེན་བློ་གྲོས་ཀྱིས་གསོལ་པ། ཆོས་རྣམས་ཐམས་ཅད་རྟེན་མ་མཆིས། སེམས་ཅན་མ་མཆིས་ཕན་ཚུན་མིན།། ལག་མཐིལ་སྐྱུ་རུ་ར་བཞག་བཞིན།། ཡང་དག་ཇི་བཞིན་ཁྱོད་ཀྱིས་བསྟན།། ལྷའི་བུ་བར་སྣང་རྒྱུ་བས་གསོལ་པ། བདེ་གཤེགས་ཁྱོད་ཀྱིས་ཆོས་ཀྱི་རྣམས།། བར་སྣང་ལྟ་བུར་སྣང་བ་སྟེ།། སྐྱེ་དང་འགག་པ་མེད་པར་གཟིགས།། དེ་སླང་འཇིག་རྟེན་ཆགས་མི་མངའ།། ལྷའི་བུང་ཡིར་འཛིན་པ་མེད་པས་གསོལ་བ། ཁྱོད་ཀྱིས་འགྲོ་བ་འཇ་ངག་ཀུན། ། ལུས་ཀྱི་ངོ་བོ་ཉིད་ཀྱིས་ནི།། གཡོ་བ་མེད་ཅིང་ངར་འཛིན་མེད།། སྤྱོད་མེད་རྩོལ་བ་མེད་པར་གཟིགས།། ལྷའི་བུ་བློ་གྲོས་རྣམ་པར་བསྒོམས་ཀྱིས་གསོལ་པ། སྒྱུ་མ་སྣ་ཚོགས་ལེགས་བགྱིས་པ་སྒྱུ་མའི་མཁན་པོས་བསྟན་གྱུར་ན། ། དེ་བཞིན་མ་ལགས་དེ་བཞིན་གདའ།། ཐུབ་པ་དེ་ལྟར་མཉམ་མ་མཆིས།། ལྷའི་བུ་རབ་ཏུ་སད་པའི་ངང་ཚུལ་གྱིས་གསོལ་པ། གཟུགས་བརྙན་ཇི་ལྟར་མེ་ལོང་ལ། གདའ་ཡང་དེ་ལྟར་མ་མཆིས་པ།། དེ་བཞིན་ཆོས་རྣམས་ཁྱོད་ཀྱིས་གཟིགས།། དེ་བས་འཇིག་རྟེན་རྨོངས་མི་མངའ།། ལྷའི་བུ་ཡིད་གཉིས་རྣམ་པར་འཇིག་གིས་གསོལ་པ། སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། ། དེ་བཞིན་སངས་རྒྱས་ཆོས་ཀྱི་རྣམས།། དེ་བཞིན་ཁྱོད་ཀྱིས་བསྟན་པ་མཛད།། དེ་ལྟར་འགྲོ་བ་ཀུན་ཀྱང་མཁྱེན།། ལྷའི་བུ་སྤོབས་པ་ཐོགས་མེད་ཀྱིས་གསོལ་པ། ཆོས་ཉིད་ལ་ནི་ཁོར་ཟུག་ཏུ། ། སྤོབས་པ་རབ་ཏུ་འབྱུང་འགྱུར་ཞིང་།། ཆོས་ཉིད་དེ་ནི་བརྙེས་པ་ན།། དེ་སླད་ཁྱོད་ནི་སྤོབས་པ་ལྡན།། ལྷའི་བུ་ཆགས་མེད་བློ་གྲོས་ཀྱིས་གསོལ་པ། ཁྱོད་ཀྱིས་ཆོས་འདི་ཐམས་ཅད་ནི། ། རང་བཞིན་མཚན་ཉིད་མ་མཆིས་པར།། ཡང་དག་ཇི་བཞིན་རབ་ཏུ་མཁྱེན།། དེ་བས་ཐུབ་པས་རབ་རིབ་བསལ།། ལྷའི་བུ་མྱ་ངན་བྲལ་གྱིས་གསོལ་པ། མྱ་ངན་མེད་ཅིང་ཉེར་ལེན་མེད།། སྤྲོས་པ་མེད་ཅིང་རྙོག་པ་མེད།། ཆོས་རྣམས་ཀུན་ཏུ་ཉོན་མ་མོངས།། དེ་དག་རང་བཞིན་ཁྱོད་ཀྱིས་མཁྱེན།། ལྷའི་བུ་རྟོགས་པ་ཕུན་སུམ་ཚོགས་པས་གསོལ་པ། ཆོས་རྣམས་ཡང་དག་མ་ལགས། ཏེ། འགྲོ་དང་འོང་བ་མ་མཆིས་པ།། དེ་དག་ཁྱོད་ཀྱིས་ཡང་དག་མཁྱེན།། དེ་བཞིན་རབ་ཏུ་བསྟན་པ་མཛད།། ལྷའི་བུ་བློ་གྲོས་མཆོག་གིས་གསོལ་པ། ལྷུན་གྱིས་གྲུབ་ཅིང་བླང་མེད་པ།། རྨོངས་པ་མེད་ཅིང་ཤེས་པ་མེད། ། ཆོས་རྣམས་ཅི་ཡང་མི་བགྱིད་པ།། ཁྱོད་ཀྱིས་རང་བཞིན་ཐུགས་སུ་ཆུད།། ལྷའི་བུ་སྒྲིབ་མེད་ཐོབ་ཀྱིས་གསོལ་པ། སྣང་བ་མ་མཆིས་མུན་མ་མཆིས།། གཟུགས་མེད་མ་ལགས་གཟུགས་ཅན་མིན། ། གཟུང་བ་མ་མཆིས་གྲོལ་མ་མཆིས།། ཁྱོད་ཀྱིས་རང་བཞིན་ཐུགས་སུ་ཆུད།། ལྷའི་བུ་མིག་དཔས་ཀྱིས་གསོལ་པ། ཡུལ་དང་ཕྱོགས་ན་མི་གནས་པ།། ཡོད་དང་མེད་པ་མ་ལགས་པར། ། རྨི་ལམ་འདོད་པ་ཇི་བཞིན་དུ།། དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས།། ལྷའི་བུ་མིག་མི་འཛུམས་ཀྱིས་གསོལ་པ། བྱིས་པ་རྣམས་ཀྱི་བློ་རྨོངས་པ།། མ་སྐྱེས་པ་དང་མ་འགགས་པ་བར་ནའང་གནས་པ་མ་མཆིས་པ། ། དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས།། ལྷའི་བུ་སྟོང་པ་ཉིད་ལ་གནས་པས་གསོལ་པ། གང་ཟག་སེམས་ཅན་མ་མཆིས་པ།། མ་མཆིས་ཐ་སྙད་མ་མཆིས་པ། བསྟན་པའི་སླད་དུ་བརྗོད་བགྱི་བ།། དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས།། ལྷའི་བུ་མཚན་མ་མེད་པ་ལ་གནས་པས་གསོལ་པ། གང་གིས་ཐ་སྙད་གདགས་པ་ཡི།། མཚན་མ་དེ་དག་མ་མཆིས། ཏེ་ཆོས་ཀུན་མཚན་མ་མ་མཆིས་པར།། རྣམ་པར་འདྲེན་པ་ཁྱོད་ཀྱིས་གཟིགས།། ལྷའི་བུ་སྨོན་པ་མེད་པ་ལ་གནས་པས་གསོལ་པ། ཇི་ལྟར་མཚན་མ་སྟོང་གྱུར་ཅིང་།། སྨོན་པ་དམིགས་སུ་མ་མཆིས་དང་། ། སུ་ལ་སྨོན་ལམ་མཆིས་གྱུར་པ།། དེ་ཡང་དེ་ལྟའི་ཚུལ་དུ་མཁྱེན།། ལྷའི་བུ་ཏིང་ངེ་འཛིན་ལ་གཞོལ་བས་གསོལ་པ། རྣམ་ཐར་སྒོ་ལ་བརྟེན་བགྱིས་ཤིང་།། གང་ཞིག་འགྲོལ་འགྱུར་དེ་མ་མཆིས། ། དེ་བཞིན་ཀུན་ནས་ཉོན་མོངས་པ།། དེ་དག་རང་བཞིན་ཁྱོད་ཀྱིས་གཟིགས།། ལྷའི་བུ་མ་སྨད་པས་གསོལ་པ། ཁྱོད་ཀྱི་སྡིག་པ་ཀུན་སྤངས་ཤིང་།། བསོད་ནམས་ཐམས་ཅད་བསགས་གྱུར་ཏེ། ། བདེ་གཤེགས་ཁྱོད་ལ་སྨད་མི་མངའ།། སུ་སྤོང་དེ་དག་མཁས་མ་ལགས།། ལྷའི་བུ་གློག་གི་སྤྲིན་གྱིས་གསོལ་པ། ཇི་ལྟར་གློག་བཅས་སྤྲིན་གྱི་ཚོགས།། ཆར་གྱིས་ས་ཆེན་ངོམས་པར་བགྱིད། ། དེ་བཞིན་འདྲེན་པས་ཆོས་ཆར་གྱིས།། འཇིག་རྟེན་རྣམས་ནི་ངོམས་པར་མཛད།། ལྷའི་བུ་བསམ་པ་དོན་ཡོད་ཀྱིས་གསོལ་པ། ཐུབ་མཆོག་གསུང་ནི་དོན་མཆིས་ཏེ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ། ཤིན་ཏུ་བརྟགས་ཏེ་མཛད་པས་ན།། དེ་ནི་ཐམས་ཅད་མཁྱེན་པའི་མཚན།། ལྷའི་བུ་བློ་ཕུན་སུམ་ཚོགས་པས་གསོལ་པ། ཆོས་རྣམས་ཐམས་ཅད་དངོས་ཉིད་ཀྱིས།། མ་སྐྱེས་འགགས་པ་མ་ལགས་ཏེ། ། དེ་དག་བདེ་གཤེགས་ཁྱོད་ཀྱིས་མཁྱེན།། གཞན་ཡང་དེ་བཞིན་རྟོགས་པར་མཛད།། ལྷའི་བུ་སེང་གེའི་ང་རོས་གསོལ་པ། ཁྱོད་ཀྱིས་སྟོང་པ་ཉིད་བསྟན་ཏེ།། སེང་གེའི་ང་རོ་བསྒྲག་མཛད་པས། ། མུ་སྟེགས་ཅན་ཀུན་རབ་འཇིགས་པ།། སེང་གེས་རི་དགས་ཕྲ་མོ་བཞིན།། ལྷའི་བུ་བག་ཡོད་ལས་ཀྱིས་གསོལ་པ། བག་ཡོད་སྔོན་དུ་བཏང་མཛད་དེ།། ཁྱོད་ཀྱི་སྤྱོད་པ་སྤྱད་བགྱིས་པས།། སངས་རྒྱས་ཆོས་ལ་འདྲེན་པ་ཁྱོད། ། བག་ཡོད་པས་ནི་ངེས་པར་བྱུང་།། ལྷའི་བུ་བག་ཡོད་རབ་གནས་ཀྱིས་གསོལ་པ། བག་ཡོད་པ་ལ་རབ་གནས་ཏེ།། ཁྱོད་ཀྱིས་ཉིད་ཀྱི་ཆོས་ཀྱང་སྦལ།། སྟོབས་བཅུ་གཞལ་ཡས་སངས་རྒྱས་ཆོས། ། བསམ་གྱིས་མི་ཁྱབ་རབ་ཏུ་སྤེལ།། ལྷའི་བུ་བག་ཡོད་སྐྱེས་ཀྱིས་གསོལ་པ། བག་ཡོད་པ་ལ་བརྩོན་པས་ན།། བྱང་ཆུབ་ཕྱོགས་རྣམས་ཡོངས་དག་སྐྱེས།། ཐུབ་ཆེན་རང་ཡང་གྲོལ་གྱུར་ནས། ། དེ་དག་རྣམས་ནི་འཇིག་རྟེན་འགྲེལ།། ལྷའི་བུ་བག་ཡོད་ངེས་པར་བྱུང་གིས་གསོལ་པ། བྱང་ཆུབ་སེམས་དཔའ་ཉན་ཐོས་དག། ཇི་སྙེད་ཐར་ལ་རྟེན་པའི་རྣམས།། ཀུན་ཀྱང་ཁྱོད་ལ་བསླབས་པ་སྟེ། ། བག་ཡོད་པས་ནི་ངེས་པར་བྱུང་།། ལྷའི་བུ་བག་ཡོད་གནས་པས་གསོལ་པ། བག་ཡོད་ཡོངས་སུ་མ་བཏང་བས།། རྣམ་པར་འདྲེན་པ་ཁྱོད་ཀྱི་སྲས།། འགྲོ་བ་འདི་ལ་མ་ཆགས་པར། ། ཐམས་ཅད་མཁྱེན་དུ་ངེས་པར་འབྱུང་།། ལྷའི་བུ་བག་ཡོང་བསྲུངས་ཀྱིས་གསོལ་པ། བྱང་ཆུབ་ལམ་ལ་བརྟེན་མཛད་ཅིང་།། ཁྱོད་ནི་བག་གིས་བསྲུངས་པས་ན།། ཐུགས་རྗེ་ཆེན་པོ་མཁས་པ་ཡིས།། བྱང་ཆུབ་དམ་པ་བརྙེས་པར་འགྱུར།། ལྷའི་བུ་བག་ཡོད་བརྩོན་གྱིས་གསོལ་པ། བག་ཡོད་པ་ལ་རབ་བརྩོན་ཞིང་།། མཚན་ཉིད་གཅིག་པོ་རྟོགས་བགྱིས་པས།། དཔའ་བོ་ཆེན་པོ་ཁྱོད་ཀྱི་སྲས།། ཡབ་ཀྱི་དཀོར་ཡང་ཐོབ་པར་འགྱུར།། ལྷའི་བུ་བག་ཡོད་མངོན་པར་དགའ་བས་གསོལ་པ། བག་ཡོད་དགའ་བའི་བསྟན་པ་རྣམས།། དེ་དག་སངས་རྒྱས་ཡེ་ཤེས་ཀྱིས། ། དཔའ་བོ་ཉོན་མོངས་རི་འཇིག་པས།། ང་རྒྱལ་རི་ཡང་དེ་བཞིན་བསྙིལ།། ལྷའི་བུ་བག་ཡོད་འཛིན་གྱིས་གསོལ་པ། སངས་རྒྱས་ཡེ་ཤེས་འཚོལ་མཛད་ཚེ།། ཁྱོད་ནི་བག་གིས་བཟུང་བས་ན། ། བསྐལ་པ་བྱེ་བ་གྲངས་མེད་དུ།། ཁྱོད་ཀྱི་ཐུགས་ནི་སྦྱོར་མ་གྱུར།། ལྷའི་བུ་ཞི་གནས་བརྩོན་གྱིས་གསོལ་པ། ཆོས་རྣམས་དེ་དག་རང་བཞིན་ཞི།། དེ་ནི་སངས་རྒྱས་སྤྱོད་ཡུལ་ལགས།། ། བྱང་ཆུབ་ཡང་དག་གང་ཞུགས་དང་།། ཐམས་ཅད་མཁྱེན་པ་དེར་མི་འཇིགས།། ལྷའི་བུ་ཞི་གནས་ལ་ཡང་དག་པར་གནས་པས་གསོལ་པ། སངས་རྒྱས་ཞི་གནས་བཞུག་པ་སྟེ། འོན་ཀྱང་དེ་ལ་ཆགས་མི་མངའ།། སེམས་ཅན་ཉོན་མོངས་ཞི་བར་མཛད། ། རྡུལ་འཐུལ་བ་ལ་ཆར་པ་བཞིན།། ལྷའི་བུ་ཞི་གནས་ལ་རབ་ཏུ་གནས་ཀྱིས་གསོལ་བ། སངས་རྒྱས་ཞི་ལ་རབ་ཏུ་བཞུགས།། སུས་ཀྱང་མི་སྐྱོང་རི་བོ་བཞིན།། ཁྱོད་ལ་གནོད་བགྱིར་མི་ནུས་ཏེ། ། སེམས་ཞི་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ཞི་གནས་དུལ་གྱིས་གསོལ་པ། ཁྱོད་ཀྱིས་སྲས་རྣམས་མ་སྨད་པ།། ཞི་གནས་ཀྱིས་ནི་ཡོངས་སུ་དུལ།། བདུད་རྣམས་བྱེ་བས་མི་ཚུགས་ཏེ། ། འདོད་ཆགས་ཀྱིས་ནི་གནོད་མི་འགྱུར།། ལྷའི་བུ་ཞི་གནས་ངེས་པར་བྱུང་གིས་གསོལ་པ། ཞི་བའི་ཡིད་མངའ་ཞི་གནས་ལ།། དཔའ་བོ་ཆེན་པོ་སྒོམ་མཛད་པས།། ཅི་ལ་། གནས་ཏེ་བསམ་གཏན་མཛད།། སུས་ཀྱང་ཁྱོད་ཀྱི་ཚུལ་མ་འཚལ།། ལྷའི་བུ་ཞི་གནས་སྔོན་དུ་འགྲོས་གསོལ་པ། སྟོན་པས་སངས་རྒྱས་ཆོས་རྣམས་ཀྱི།། སྔོན་དུ་ནི་གནས་འགྲོ་ཞེས་གསུངས། གང་གིས་བྱང་ཆུབ་འགྲུབ་འགྱུར་བའི།། ཆོས་གཞན་དེ་ཡི་རྗེས་སུ་འབྲང་།། ལྷའི་བུ་ཞི་གནས་རྗེས་སུ་འབྲང་གིས་གསོལ་པ། འཇིག་རྟེན་སྒྲོན་མ་ཞི་གནས་ནི།། སེམས་ཀྱི་རྙོག་པ་དང་བར་བགྱིད། ཞི་བའི་སེམས་ལྡན་རྣམས་ཀྱི་འཆར།། དེ་ཁྱོད་མཐའ་ཡས་དབང་དུ་མཛད།། ལྷའི་བུ་ཞི་གནས་ཀྱི་སྤྱོད་ཡུལ་གྱིས་གསོལ་པ། ཆོས་རྣམས་ཀུན་གྱི་སྤྱོད་ཡུལ་ནི།། ཞི་གནས་ཡིན་ཞེས་འདྲེན་པས་གསུངས། ། དེ་ལ་ཆགས་མེད་སྤྱོད་པ་ནི།། རྣམ་པར་འདྲེན་པ་སངས་རྒྱས་འགྱུར།། ལྷའི་བུ་ཞི་གནས་བརླན་གྱིས་གསོལ་པ། བསམ་གཏན་གྱིས་ནི་མངོན་བརླན་ཏེ།། ཤེས་རབ་ཀྱིས་ནི་སེམས་བསྒོམས་པས། ། དེ་ཕྱིར་རྫོགས་པའི་བྱང་ཆུབ་བརྙེས།། དེ་བཞིན་སྐྱེ་བོ་རྣམས་ཀྱང་འདྲེན།། ལྷའི་བུ་ཞི་གནས་ལྷུར་ལེན་གྱིས་གསོལ་པ། སངས་རྒྱས་ཆོས་རྣམས་གང་ལ་ཡང་།། ལམ་གཞན་བདག་གིས་མ་མཐོང་སྟེ། ། ཞི་གནས་ཡེ་ཤེས་ཆེ་ཐོབ་ན།། རང་བྱུང་ཉིད་དུ་ངེས་པར་འབྱུང་།། ལྷའི་བུ་ལྷག་མཐོང་མངོན་དགས་གསོལ་པ། དཔའ་བོ་ཆེན་པོ་ལྷག་མཐོང་ནི།། ཆོས་རྣམས་ཐམས་ཅད་སྟོན་པ་སྟེ།། དེ་ལ་ཁྱོད་ཀྱི་སྲས་སྤྱོད་ཅིང་།། རང་བྱུང་ཉིད་ནི་ཐོབ་པར་འགྱུར།། ལྷའི་བུ་ལྷག་མཐོང་བྱུང་གིས་གསོལ་པ། ཤེས་རབ་ཕ་རོལ་ཕྱིན་གནས་ཤིང་། རྣམ་པར་འདྲེན་པ་འབྱུང་བར་འགྱུར།། སྨན་པའི་རྒྱལ་པོ་སྟེན་པ་སྟེ།། དེ་ནི་ལྷག་མཐོང་དགེ་བ་ལགས།། ལྷའི་བུ་ལྷག་མཐོང་རབ་གནས་ཀྱིས་གསོལ་པ།། ཆོས་རྣམས་ཐམས་ཅད་བརྩལ་བགྱིས་ཏེ། ། ཡང་དག་ཇི་བཞིན་མཐོང་གྱུར་ན།། བརྟན་པ་རྫོགས་པའི་བྱང་ཆུབ་ཐོབ།། བྱང་ཆུབ་ཉིད་ལ་གནས་པར་འདོང་།། ལྷའི་བུ་ལྷག་མཐོང་ངེས་འབྱུང་གིས་གསོལ་པ། གང་ཟག་མཆོག་རྣམས་ཡེ་ཤེས་ཀྱིས།། བྱང་ཆུབ་མཆོག་ཏུ་ངེས་པར་བྱུང་།། རྫོགས་པའི་བྱང་ཆུབ་ཡེ་ཤེས་ཀྱིས།། བརྙེས་པའི་འདྲེན་པ་སྐྱེ་མི་འགྱུར།། ལྷའི་བུ་ལྷག་མཐོང་མངོན་དགས་གསོལ་བ། ། ཡང་དག་ཇི་བཞིན་ཡང་དག་ཏུ།། ཆོས་རྣམས་རྣམ་པར་གཟིགས་པས་ན།། བྱང་ཆུབ་གཞལ་ཡས་བརྙེས་གྱུར་ཏེ།། དེ་བས་རྣམ་འདྲེན་སངས་རྒྱས་ལགས།། ལྷའི་བུ་ལྷག་མཐོང་ལ་མངོན་པར་བརྩོན་པས་གསོལ་པ། མཁས་པ་ཡེ་ཤེས་གང་བརྩོན་ཞིང་།། དཀའ་བ་མང་པོ་སྤྱོད་བགྱིད་པ།། དེ་དག་ཟོལ་ཚོགས་ཐམས་ཅད་ཀྱིས།། འཕམ་པར་བགྱི་བར་ཡོང་མི་ནུས།། གྷའི་བུ་ལྷག་མཐོང་བྱུང་གིས་གསོལ་པ། ཆོས་རྣམས་རྣམ་མཐོང་བགྱི་སླད་དུ།། རྒྱལ་སྲས་གང་དག་བཞུགས་པའི་རྣམས།། ཆོས་རྣམས་ངོ་བོ་ཉིད་འཚལ་ཞིང་།། རང་བྱུང་ཉིད་ནི་ཐོབ་པར་འགྱུར།། ལྷའི་བུ་ལྷག་མཐོང་ལ་རྟེན་པས་གསོལ་པ། རྣམ་འདྲེན་ཁྱོད་ཀྱིས་ཡུན་རིང་དུ།། ཡེ་ཤེས་ལ་ནི་བརྟེན་མཛད་པས།། ཐམས་ཅད་མཁྱེན་པ་བརྙེས་ནས་ནི།། སྲོག་ཆགས་བྱེ་བ་ཀྲོལ་བར་མཛད། ལྷའི་བུ་ཁྱད་པར་ལྡན་གྱིས་གསོལ་པ།། སངས་རྒྱས་མཁྱེན་པས་ཐམས་ཅད་མཁྱེན།། འདྲེན་པ་དམ་པ་མངོན་པར་འཕགས།། སྲིད་པའི་རྒྱ་མཚོས་ཁྱེར་བ་ཡི།། འཇིག་རྟེན་དེ་ཡིས་སྒྲོལ་བར་མཛད། ལྷའི་བུསརྟག་མཐོང་གནས་ཀྱིས་གསོལ་བ། ལྷག་མཐོང་ལ་ནི་གནས་མཛད་ཅིང་།། ཆོས་ཀུན་རྣམ་པར་གཟིགས་པས་ན།། སངས་རྒྱས་ཆོས་རྣམས་འཕེལ་འགྱུར་ཏེ།། ས་བཟང་ནྱ་གློ་དྷ་སྐྱེས་འདྲ། ། ལྷའི་བུ་ལྷག་མཐོང་དང་མ་བྲལ་བས་གསོལ་བ། རྣམ་པར་འདྲེན་པ་ཁྲོད་ཀྱི་སྲས།། ཡེ་ཤེས་ཀྱིས་ནི་ཡོངས་བཟུང་སྟེ།། བྱང་ཆུབ་མཆོག་རི་ཐེབ་བགྱིས་ཤིང་།། སྐྱེ་བོ་མ་པོ་འབྲེལ་པ་བགྱིད། ། ལྔའི་བུ་ལྷག་མཐོང་ལ་རྣམ་པར་རྩེ་བས་གསོལ་པ། སངས་རྒྱས་མཁྱེན་ལ་རྣམ་པར་རོལ།། ཆོས་རྣམས་ཀུན་ལ་འཇིགས་མི་མངའ།། ཞུམ་པ་མ་མཆིས་དངང་མི་མངའ། ། ཐུབ་པ་འཇིག་རྟེན་ཐམས་ཅད་མཁྱེན།། ལྷའི་བུ་ལྷག་མཐོང་ལ་ཡང་དག་པར་འཇུག་གིས་གསོལ་པ། དཔའ་བོ་ཆེན་པོ་ཆོས་ཀུན་ནི།། ལྷག་མཐོང་ཉིད་དུ་ཡང་དག་འདུ།། རང་བཞིན་མེད་པར་རྣམ་མཐོང་ན། ། དེ་ནི་རང་བྱུང་བྱང་ཆུབ་ལགས།། ལྷའི་བུ་ལྷག་མཐོང་སྙིང་པོས་གསོལ་པ། སངས་རྒྱས་ལྷག་མཛོད་སྙིང་པ་སྟེ།། ཆོས་རྣམས་ཀུན་ལ་འཇིགས་མི་མངར་འཇིག་རྟེན་སྡུག་བསྔལ་འདི་གཟིགས་ཤིང་། ། ཐུབས་རྗེ་ཆེན་པོ་ཤིན་ཏུ་བསྒྲེད།། ལྷའི་བུ་ལྔག་མཐོང་འགྲོས་ཀྱིས་གསོལ་པ། བྱང་ཆུབ་ཕྲིམ་ནི་ཤེས་འགྲོ་བའི།། འཇིག་རྟེན་མངས་པ་ངེས་པར་འབྱུང་། ། དེ་དག་བྱང་ཆུབ་མཆོག་ཀྱང་འཐོང་།། གྲོལ་ནས་སྐྱེ་དགུ་འདི་དག་འགྲེལ།། ལྷའི་བུ་སྟོང་པ་ཉིད་ལ་རྟེན་གྱིས་གསོལ་པ། སྟོང་པ་ཉིད་ཀྱི་ཆོས་སྟེན་པའི། ། མཁས་པ་བྱང་ཆུབ་འཚང་རྒྱ་སྟེ།། སེམས་ཅན་བཅིངས་ལས་ཀྲོལ་བགྱིད་ཅིང་།། འཆིང་བ་ཐམས་ཅད་རྣམ་པར་གཅོད།། ལྷའི་བུ་སྟོང་པ་ཉིད་ལ་མོས་ཀྱིས་གསོལ་པ། སྟོང་པ་ཉིད། ལ་མོས་གྱུར་པས།། འགྲོ་བ་འདི་དག་སྲོག་མེད་གཟིགས།། དམིགས་མེད་ངོ་བོ་ཉིད་མེད་པ།། དེ་ལྟར་སྲོག་ཆགས་རྣམས་ལ་སྟོན།། ལྷའི་བུ་སྟོང་པ་ཉིད་ཀྱི་སྤྱོད་ཡུལ་གྱིས་གསོལ་པ། སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ནི།། ཆོས་རྣམས་རང་བཞིན་སྟོང་པ་སྟེ།། སྲོག་ཆགས་རྣམས་ལ་ཐུགས་བརྩེ་བས།། དཔའ་བོས་དེ་ལ་སྤྱད་པར་མཛད།། ལྷའི་བུ་སྟོང་པ་ཉིད་ཀྱིས་བསམ་པས་གསོལ་པ། སྐྱོན་དང་བྲལ་ཞིང་བཅིངས་མེད་ལ།། འཇིགས་སྐྲག་ཐམས་ཅད་རབ་ཏུ་སྤངས།། ཆོས་རྣམ་ཀུན་ལ་མི་གནས་ཤིང་།། ནམ་མཁའི་རླུང་བཞིན་སྤྱོད་པ་མཛད།། ལྷའི་བུ་སྟོང་པ་ཉིད་ལ་མངོན་པར་དགའ་བས་གསོལ་པ། སྟོང་ཉིད་ཆོས་ལ་རྟེན་བགྱིད་ཅིང་།། སངས་རྒྱས་སྤྱོད་ཡུལ་གང་མོས་པ།། དེ་དག་སྟོན་པ་མཆོད་པ་སྟེ།། མཆོད་པ་དེ་ནི་བླ་ན་མེད།། ལྷའི་བུ་སྟོང་པ་ཉིད་ཀྱིས་ཡང་དག་པར་བབས་ཀྱིས་གསོལ་པ། གང་གི་བདྲེན་པ་འཕགས་གྱུར་པ།། དེ་ནི་ཡང་དགའ་ཕགས་ཤེས་གསུང་། ། སྟོང་ཉིད་ཆོས་ལ་རྟེན་བགྱིད་པ།། མ་སྨད་དེ་དག་སངས་རྒྱས་འགྱུར།། ལྷའི་བུ་སྟོང་པ་ཉིད་ཀྱི་འདྲེན་གྱི་གསོལ་པ།། དཔའ་བོ་ཆེན་པོ་ཆོས་རྣམ་གང་།། མྱ་ངན་འདས་མིན་སྟོན་མི་མཆིས།། ཀུན་ཀྱང་མྱ་ངན་འདས་པར་འདྲེན།། དྲང་ཟོང་ཆེན་པོའི་བྱང་ཆུབ་ལགས།། ལྷའི་བུ་སྟོང་པ་ཉིད་ཀྱིས་ཡང་དག་ཤར་གྱིས་གསོལ་པ། སྟོང་ཉིད་ཞིལ་བརྟེན་ནས་ནི།། ཁྱོད་ཀྱི་སློབ་མ་ཡང་དག་བཤད།། སྟོང་པ་ཉིད་ལ་གང་རྟེན་པ། དེ་དག་རིམ་གྲོ་བ་གྱིད་པ་ལགས།། ལྷའི་བུ་སྤྱོང་པ་ཉིད་ལ་རྟེན་གྱིས་གསོལ་པ།། གང་རྣམས་སྟོང་པ་ཉིད་རྟེན་པ།། མ་ལྔ་པ་དེ་དག་རྨོངས་མི་འགྱུར།། ཉོན་མོངས་མེད་ཅིང་ལྷ་མེད་རྣམས། ཆུབ་རྡུལ་མེད་ཐོབ་པར་འགྱུར།། ལྷའི་བུ་སྟོང་པ་ཉིད་ཕུན་སུམ་ཚོགས་པས་གསོལ་པ། གང་རྣམས་སྟོང་ཉིད་སྟེན་བགྱིད་པ།། སངས་རྒྱས་ཆོས་རྣམས་ཕུན་སུམ་ཚོགས།། རང་བྱུང་བམ་པ་མེད་པར་འགྱུར། ། འཇིག་རྟེན་དོན་ཀྱང་བགྱིད་པར་འགྱུར།། ལྷའི་བུ་སྟོང་པ་ཉིད་ལ་ཡང་དག་པར་ཞུགས་པས་གསོལ་པ། སངས་རྒྱས་ཆོས་ལ་ཞུགས་གྱུར་ཏེ།། སྟོང་པ་ཉིད་ལ་གང་རྟེན་པ། ། དེ་ལ་བདུད་རྣམས་བྱེ་བ་ཕྲག། སྟོང་གིས་དཀྲུག་པར་མི་ནུས་སོ།། ལྷའི་བུ་མཚན་མ་མེད་ལ་དགའ་བས་གསོལ་པ། མཚན་མ་མེད་ལ་མངོན་དགྱེས་ཏེ།། དངོས་པོ་ཐམས་ཅད་རྣམ་བཤིག་ནས། ། སངས་རྒྱས་འཇིག་རྟེན་རྣམས་ནས་བྱུང་།། མཚན་མ་རྣམས་ལ་ཆགས་མི་མངའ།། ལྷའི་བུ་མཚན་མ་མེད་པ་ལ་གནས་པས་གསོལ་པ། མཚན་མ་མེད་ལ་སྤྱོད་གྱུར་ཅིང་། ། ཞི་བཞི་ལ་སྤྱོད་པ་རྣམས།། མཚན་མ་རྣམ་པར་བཤིག་རྣམས་ཀྱི།། ཚུལ་ནི་བདུད་ཀྱིས་ཤེས་མི་ནུས།། ལྷའི་བུ་མཚན་མ་མེད་པའི་སྤྱོད་ཡུལ་གྱིས་གསོལ་པ། སངས་རྒྱམ་ཀུན་གྱིས་སྤྱོན་སལལ།། འདྲེན་པརྩོད་ནི་སྤྱོན་མ་དེ། མཚན་མ་མི་མང་རྟོགས་དཀའ་ཞིང་།། སྤྱོད་སྟོང་ཅུ་ཀྱང་འས། སཅནཔ་མ། བས་སྒྲོམ་གྱིས་གསོལ་པ།། ཐུབ་པའི་འཁོར་འདྲི་ཐམས་ཅད་ནི།། མཚན་མ་མེད་པས་སྐོམ་གྱུར་ཏེ།། ཡབ་ཀྱི་དཀོར་ནི་འཚལ་གྱུར་ནས།། དེ་བཞིན་གཤེགས་ལ་བཀུར་སྟི་བགྱིད།། ལྷའི་བུ་མཚན་མ་མེད་པ་ལ་སྤྱོད་པས་གསོལ་པ། ། མཚན་མ་མེད་ལ་ཉིད་མཚན་དུ།། གང་ཟག་མཆོག་ནི་སྤྱོད་མཛད་པས།། ལྷ་དང་དྲི་ཟ་མི་དག་ཀྱང་།། ཁྱོད་ཀྱི་ཚུལ་ནི་མ་འཚལ་ཏོ།། ལྷའི་བུ་མཚན་མ་མེད་པས་རྣམ་པར་གྲོལ་གྱིས་གསོལ་པ། ཆོས་རྣམས་ཐམས་ཅད་རྣམ་བཤིག་ཤིང་།། དཔའ་ཆེན་འཇིག་རྟེན་སྒྲོན་མཁྱོད།། མཚན་མ་མེད་ལ་གནས་པ་མཛད།། དེ་བས་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་མཚན་མ་མེད་པལ་རྣམ་པར་བརྩེ་བས་གསོལ་པ། ཐུབ་ཆེན་དཔའ་བོ་ཆེན་པོ་ཁྱོད།། མཚན་མ་མེད་ལ་རྣམ་པར་རོ།། འགྲོ་བ་ཡོངས་སུ་སྨིན་མཛད་ཅིང་།། སངས་རྒྱས་ཡེ་ཤེས་མཆོག་ལ་བཞུགས། ལྷའི་བུ་མཚན་མ་མེད་པས་ཡོངས་སུ་གྲུབ་ཀྱིས་གསོལ་པ། གང་གིས་མཚན་མ་སྤངས་གྱུར་པ།། དེ་དག་བྱང་ཆུབ་གྲུབ་པ་སྟེ།། ཡབ་ཀྱི་ཆོས་ཀྱི་བརྟུལ་ཞུགས་ཅན།། དེ་དག་རྫོགས་པའི་སངས་རྒྱམ་མཆོད། ། ལྷའི་བུ་མཚན་མ་མིད་པ་ལ་དགའ་བས་གསོལ་པ།། གང་གིས་མཚན་མ་རྣམ་པ་ཤིག་པ།། དེད་གི་སངས་རྒྱས་ཆོས་ལ་དཀའ།། བླ་མའི་མིན་ས་ལ་གནས་པསྟེ།། སེམས་ཅམ་ཀྱི་མཆོད་རྟེན་ལགས། ། ལྷའི་བུ་མཚན་མ་མེད་པ་ལ་རྟེན་པས་གསོལ་པ། ཞི་ལ་སྤྱོད་ཅིང་རྣམ་གྲོལ་བ།། སངས་རྒྱས་འཇིམ་ཏེན་བླ་ན་མེད།། འབྱུང་པོ་ཀུན་གྱི་སྐྱབས་དང་རྟེན།། དཔུང་གཉེན། དེ་བཞིན་གནས་ཀྱང་ལགས།། ལྷའི་བུ་མཚན་མ་མེད་པ་ལ་མོས་པས་གསོལ་པ། མཚན་མ་མེད་ལ་མོས་གྱུར་ཅིང་།། ཞི་བ་དགྲ་ལས་རྒྱལ་གྱུར་པ།། སངས་རྒྱས་རྒལ་བ་འགྲོ་སྒྲོལ་བ།། དེ་དག་ཚན་ནི་ག་ལ་མཆིས། ། ལྷའི་བུ་སྨོན་པ་མེད་པ་རྟོགས་ཀྱིས་གསོལ་པ། མགོན་པོ་གང་དག་སྨོན་ལམ་ནི།། རྣམ་པ་ཀུན་ཏུ་མི་དམིགས་པ།། དེ་དག་འཇིག་རྟེན་བྲལ་བ་སྟེ།། སངས་རྒྱས་འཇིག་རྟེན་ནང་ནས་བྱུང་། ། ལྷའི་བུ་སྨོན་པ་མེད་པ་ལ་རྟེན་པས་གསོལ་པ། ཞི་བའི་ཐུགས་དང་ལྡན་པ་ཁྱོད།། སྲིད་པ་རྣམས་སུ་སྨོན་མི་མཛད།། སྲིད་པ་ཡོངས་སུ་ཆད་པས་ན།། སངས་རྒྱས་འཇིག་རྟེན་ཡོང་མི་གོས། ། ལྷའི་བུ་སྨོན་པ་མེད་པས་སྐྱེས་ཀྱིས་གསོལ་པ། གང་གིས་སྲེད་པ་ཡོངས་བཅོམ་པ།། དེ་དག་གཟི་མཆོག་སྐྱེས་པ་སྟེ།། དེ་དག་འཇིག་རྟེན་མགོན་པོའི་སྲས།། རང་གི་ཡབ་ཕྱག་ཀྱང་འཚལ། ལྷའི་བུ་སྟོན་པ་མེད་པས་བསྐྱེད་ཀྱིས་གསོལ་པ། ཁྱོད་ཀྱིས་སྲས་རྣམས་མ་སཱདཱ་པ།། སྲེད་པ་ཡོངས་སུ་བཅད་པས་ན།། སྲིད་པ་འཇིག་བགྱིད་སྲིད་པ་ལ།། དེ་དག་སྨོན་པ་མི་བགྱིད་དོ། ། ལྷའི་བུ་སྨོན་པ་མེད་པས་ཡོངས་སུ་གྲོལ་བས་གསོལ་པ། གང་དག་སྨོན་པ་མི་བགྱིད་པ།། གཟི་ལྡན་ཁྱོད་ཀྱི་སྲས་ཀྱི་རྣམས།། རེ་བ་བཏང་ཞིང་བཅིངས་གྲོལ་བ།། དེ་དག་ཡོངས་སུ་གྲོལ་བར་འགྱུར། ། ལྷའི་དུ་སྨོན་པ་མེད་པས་བྱུང་གིས་གསོལ་པ།། གང་གིས་སྲེད་པརབ་བཅོམ་པ།། དེ་དག་མྱ་ངན་དཀོན་པ་རྒོལ།། དེ་དག་མི་གོམ་ཟང་ཛ་། མེད།། དཔའ་ཆེན་ཁྱོད་ལ་དེ་ཕྱག་འཚལ།། ལྷའི་བུ་སྨོན་པ་མེད་ལ་ངེས་པས་གསོལ་པ། གང་གིས་སྲིད་དང་སྡུག་བསྔལ་དང་།། བདེ་བ་དངོས་པོ་མེད་བསྒོམས་ལ།། མགོན་ཁྱོད་དེ་དག་རྣམས་ཀྱི་ཡབ། ། དེ་དག་ཁྱོད་ཀྱི་སྲས་ཀྱང་ལགས།། ལྷའི་བུ་སྨོན་པ་མེད་པའི་འཁོར་གྱིས་གསོལ་པ། སྲིད་པའི་སྡུག་བསྔལ་སུས་མཐོང་བ།། དེ་དག་ཁྱོད་ཀྱི་བསྟན་པ་དུལ།། ལ་ལོ་སྒྱུར་ཞིང་སྲིད་སེལ་བ། ། སེམས་དུལ་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྨོན་པ་མེད་པས་བྱུང་གིས་གསོལ་པ། སྲིད་པའི་དགོན་ལས་བྱུང་བའི་རྣམས།། བདེ་བ་ཐོབ་ཅིང་ཞི་གནས་ཏེ། ཉོན་མོངས་དགྲ་རྣམ་ཕམ་མཛད་པ། ། འཇིག་རྟེན་མགོན་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྨོན་པ་མེད་པས་ཡ་མཚན་དུ་གྱུར་པས་གསོལ་པ། གཡུལ་ལས་རྒྱལ་བར་གྱུར་པ་སྟེ།། ཁྱོད་ནི་རྣམ་རྒྱལ་ཕམ་མི་མངའ། ། བདུད་ཀྱི་དཔུང་རྣམས་ཕ་མ་མཛད་ཅིང་།། སྲིད་པ་ཀུན་ཏུ་སྨོན་མི་མཛད།། ལྔའི་བུ་སྨོན་པ་མེད་པ་སྟོབས་ལྡན་གྱིས་གསོལ་པ། ཐར་པའི་ཆོས་ལ་སྟོབས་ལྡན་པས།། བདུད་ཀྱི་ཞགས་པ་ཡོངས་བཅད་ཅིང་། ། ཁྱོད་ཀྱི་སྲས་རྣམས་བདུད་དག་ལ།། བརྒྱབ་པའི་འདུ་ཤེས་མི་བགྱིད་དོ།། ལྷའི་བུ་ལུས་རྣམ་པར་བརྟགས་ཀྱིས་གསོལ་པ། ལུས་མེད་འཆི་བ་མེད་ཚུལ་དུ།། ལུས་འདི་གང་གིས་མཐོང་གྱུར་པ། ། དེ་དག་སངས་རྒྱས་སྤྱོད་ཡུལ་དགར། འདྲེན་པ་ཁྱོད་ཀྱི་རྗེས་སུ་ཞུགས།། ཝའི་དུ་ལུས་ངེས་པར་སེམས་པས་གསོལ་པ། མི་བཅང་རུལ་པའི་རྣག་ཟག་པ།། ཟས་འདིམ་བཟད་ངེས་བསམས་ཏེ། ། ཡང་དག་ཇི་བཞིན་འཚལ་གྱུར་ནས།། རྣམ་འདྲེན་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ལུས་རྟོགས་ཀྱིས་གསོལ་པ། ལུས་ལ་མི་གཙང་བརྟགས་བགྱིས་ཏེ།། ལུས་ལ་དྲན་པ་རྣམ་སྤྱད་ཅིང་། ། ལུས་ཀྱི་སྡུག་བསྔལ་རྣམ་གྲོལ་ནས།། དེས་པ་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ལུས་ཡོངས་སུ་གཏོང་གིས་གསོལ་པ། སྦྲུལ་གྱི་པགས་པ་རྙིང་བཞིན་དུ།། རྣག་ཅན་ལུས་འདི་སྤངས་ན་ནི། ། དེ་བཞིན་གཤེགས་པའི་སྐུ་བོ་ཆེ།། སྐུ་མི་མངའ་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ལུ་ས་ལ་སྨོད་པས་གསོལ་པ། མི་ཀ་ཙང་དྲི་ང་རྣག་ཟག་ཅིང་།། རུལ་པའི་ལུས་ལ་རྣམ་སྨད་དེ། མི་གཙང་གང་བ་རྣམ་སྤངས་ནས།། འདྲེན་པ་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ལུས་ཀྱིས་ཡོངས་སུ་སྐྱོ་བས་གསོལ་པ། གང་དག་རུལ་པའི་ལུས་སྐྱོ་ཞིང་།། རྒྱལ་སྲས་གཙང་མིའི་ཚལ་བ་རྣམས།། ཆོས་ཀྱི་རབ་ཏུ་བསྐྱེད་པའི་སྲས།། དེ་དག་སངས་རྒྱས་ཕྱག་འཚལ་འགྱུར།། ལྷའི་བུ་ལུས་ཀྱིས་སྐྲག་པས་གསོལ་པ། འབྱུང་བ་ཆེན་པོ་སྦྲུལ་གདུག་འདྲར།། གང་གིས་ཤིན་ཏུ་རྟོགས་གྱུར་པ།། དེ་དག་ལུས་ལས་འདས་པ་སྟེ། ། རྐང་གཉིས་གཙོལ་ཕྱག་ཀྱང་འཚལ།། ལྷའི་བུ་ལུས་ཀྱི་སྐྱོན་མཐོང་བས་གསོལ་པ། ལུས་ཀྱི་སྐྱོན་ལ་མངོན་སུམ་སྟེ།། ཡེ་ཤེས་གཟིགས་པའི་སྤྱན་མངའ་བས།། སངས་རྒྱས་མཁྱེན་པས་མཁས་པ་དག། སྲིད་གསུམ་ཐམས་ཅད་ཡོངས་སུ་གཟིགས།། ལྷའི་བུ་ལུས་ལ་འདོད་ཆགས་དང་བྲལ་བས་གསོལ་བ། སྲས་ཀྱི་འདུ་ཤེས་འདོད་ཆགས་ཐས། ཆོས་ཀྱི་འདུ་ཤེས་མི་གནས་པས།། ཀུན་སྦྱོར་ཀུན་ལས་འདས་པ་སྟེ།། རྣམ་འགྲོལ་སངས་རྒྱས་ཕྱག་ཀྱང་འཚལ།། ལྷའི་བུ་སྲིད་པའི་དགྲའི་བློ་གྲོས་ཀྱིས་གསོལ་བ། སྲིད་པར་སྲིད་པ་འཇོམས་མཛད་པ། ། ཁྱོད་ཀྱིས་དགྲ་ཡི་འདུ་ཤེས་མཁྱེན།། ཁྱོད་ཀྱི་སྲས་རྣམས་སྒོམ་བགྱིད་ཅིང་།། མཁས་པ་བྱང་ཆུབ་མངོན་འཚང་རྒྱ།། ལྷའི་བུ་སྲིད་པ་སེལ་བས་གསོལ་པ། སྲིད་པ་རྣམས་ཀྱི་ཉེས་དམིགས་མཐོང་། ། མྱ་ངན་འདས་ལ་འཇིགས་མེད་མཐོང་།། ཁྱོད་ཀྱི་སྲས་རྣམས་འགྲོ་ཕན་ཕྱིར།། བྱང་ཆུབ་སྤྱད་པ་སྤྱོད་པར་བགྱིད།། ལྷའི་བུ་སྲིད་པ་རྣམ་པར་སྤུངས་ཀྱིས་གསོལ་པ། གང་གིས་སྲིད་པ་རྣམས་སྤངས་ཤིང་། ། འཇིགས་ལ་མངོན་པར་མི་དགའ་བ།། བྲལ་བར་གྱུར་ཅིང་སེམས་དག་པ།། མཁས་ཁྱོད་ཞབས་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྲིད་པ་བསལ་གྱིས་གསོལ་པ་མི་ཡི་དམ་པ་ཁྱོད་ཀྱི་སྲག། སྲིད་པར་ཁྲིད་པར་རབ་བསལ་ཏེ།། ཁྱོད་ཀྱིས་བསླབ་ལ་བསླབས་པ་དག། སྟོང་གསུམ་འདྲིན་རྣམ་པར་མཛེས།། ལྷའི་བུ་སྲིད་པ་ལས་བརྟུལ་བས་གསོལ་པ། སྲིང་བའི་མཚོལ་བཙལ་བ་ཡི། ། འཇིག་རྟེན་མངོན་མཆོག་སྐྱོབ་རྣམས་སོ།། ཟངས་ཀྱིས་རྒྱུད་དུ་བཟང་བ་མི།། གྲངས་ནི་འཇིག་རྟེན་འདི་ན་མེད།། ལྷའི་བུ་སྲིད་པ་འཇོམས་ཀྱིས་གསོལ་པ། སྤྱོ་བ་བམ་ས་ང་པོ་ས་འསོ་། ན་ཏུས་སྤྱོ། རྫོགས་པའི་བྱུ་ས་སྟོ།། ཕྱོ་ནསས་ན་སུ་རློ་སྷོ།། དི་འི་སྙིད་དུས་སུ་གསོལ་པ། བྲིད་པའི་རྒྱུན་ལས་རབ་ཏུ་རོལ།། རྣམ་པར་འདྲེན་པ་སྲིད་པ་བནལ།། སྲིད་པ་མཐར་ཕྱིན་སངས་རྒྱས་ཏེ།། སྲིད་པ་སེལ་ལ་ཕྱག་ཅིང་འཚལ།། ངྒེའི་བུ་སྲིད་པ་རབ་ཏུ་ནི་བྱིང་ས་གསོལ་པ། སྦྲིད་པར་ཁྲིད་པར་རབ་ཞི་ཞིང་།། སྲིད་པ་ཕམྱ་པཱར་མཛུད་ནས་གཤེགས།། བརྟན་པཱ་སྲིད་པ་མཐར་འབྱིན་པ།། ཁྱོད་ལ་དོ་བླ་མ་མཆིས་སོ།། ལྷའི་བུ་སྲིད་པའི་མཐར་འགྲོ་བས་གསོལ་པ། སྲིད་པའི་མཐར་ཕྱིན་རབ་ཞི་བས།། མགོན་པོ་ཁྱོད་ཀྱི་སྲིད་པའི་མཐའ།། སྲིད་པ་ཕྱིར་ལོག་ཐམས་ཅད་མཁྱེན།། སངས་རྒྱས་འཇིག་རྟེན་རྟོགས་པར་མཛད།། ལྷའི་བུ་སྲིང་བ་ཐ་མའི་ལུས་འཛིན་གྱིས་གསོལ་པ། ། སྲིད་པའི་རྒྱུ་ནི་རྣམ་སྤངས་ཏེ།། སྲིད་པ་ཐ་མ་འཛིན་མཛད་པ།། གང་གིས་སྲིད་པ་ལེན་གྱུར་པའི།། ཁྱོད་ཀྱིས་ཀུན་ཏུ་སྦྱོར་མ་མཐོང་།། ལྷའི་བུ་སྲིད་པ་རབ་ཏུ་ཞི་བ་ཐོབ་ཀྱིས་གསོལ་པ། ཁྱོད་ཀྱིས་སྲིད་པ་སྟོང་མཁྱེན་ཏེ།། སྲིད་པའི་རྒྱུ་ཡང་དེ་བཞིན་ནོ།། ཞུམ་དང་རབ་ཏུ་ཞུམ་མི་མངའ།། མཉམ་ཉིད་གྱུར་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྲིད་པའི་ཕ་རོལ་ཏུ་འགྲོ་བས་གསོལ་པ། སྲིད་པའི་ཕ་རོལ་བརྒལ་བ་སྟེ།། སྲིད་པར་ཁྲིད་པ་ཡང་དག་བསལ།། རྣམ་པར་འདྲེན་པ་ཐུགས་བརྩེ་བས།། སྐྱེ་བོ་གཞན་ནི་སྒྲོལ་བ་མཛད།། བམ་པོ་བཅུ་པ།། ལྷའི་བུ་ཚོར་བས་མནར་གྱིས་གསོལ་པ། ཚོར་བ་བདག་ཏུ་བསྟི་མ་མཆིས།། སེམས་པ་མ་མཆིས་རྩོལ་མ་མཆིས།། བསམ་གཏན་མཛད་པ་ཆེ་ཁྱོད་ཀྱིས། ། ཚོར་བ་ཆུ་བུར་ལྟ་བུར་མཁྱེན།། ལྷའི་བུ་ཚོར་བ་སྟོན་པས་གསོལ་པ། ངོ་བོ་ཉིད་ཀྱིས་དངོས་མེད་པར།། ཚོར་བ་ཁྱོད་ཀྱིས་རབ་ཏུ་མཁྱེན།། རྨི་ལམ་སྡུག་གུའི་དགའ་འདྲ་བ། ། དེ་ལ་སོ་སོའི་སྐྱེ་བོ་ཆགས།། ལྷའི་བུ་ཚོར་བ་ལ་ཡོངས་སུ་རྟོག་པས་གསོལ་པ། ཤེས་རབ་བཅས་པས་ཡོངས་བརྟགས་ན།། ཚོར་བ་འགྲོ་བར་མ་སོང་ཞིང་།། འོང་བ་མེད་ལ་དངོས་མེད་པར། དེ་ནི་ཐུབ་ཆེན་ཁྱོད་ཀྱིས་གཟིགས།། ལྷའི་བུ་ཚོར་བ་དང་བྲལ་བས་གསོལ་པ། ཚོར་བ་དང་ནི་ཚོར་བ་པོ།། རང་བཞིན་མེད་པར་ཁྱོད་ཀྱིས་གཟིགས།། ཟབ་མོ་བསྟན་དཀའི་ཚིག་དེ་ཡང་།། ཁྱོད་ཀྱིས་སེམས་ཅན་རྣམས་ལ་བསྟན། ། ལྷའི་བུ་ཚོར་བའི་རྒྱུད་ལ་ངེས་པས་གསོལ་པ། ཚོར་བ་དེ་ནི་ཀུན་རྫོབ་ཙམ།། དོན་དམ་ཉིད་དུ་མི་དམིགས་ཏེ།། ཁྱོད་ཀྱིས་སེམས་ཅན་དེར་བཏུལ་བས།། འགྲོ་བ་ཐེ་ཚོམ་མ་མཆིས་འགྱུར། ། ལྷའི་བུ་ཚོར་བ་ལ་མཁས་པས་གསོལ་པ། ཚོར་བའི་ཕུང་པོ་མཁས་པ་པོ།། མཁའ་ལ་རླུང་གི་དཀྱིལ་འཁོར་བཞིན།། བྱིས་པའི་བློ་ཅན་རྨོངས་བགྱིད་ན།། དེ་ནི་ཁྱོད་ཀྱིས་ཡང་དག་གཟིགས།། ལྷའི་བུ་ཚོར་བ་མངོན་པར་ཤེས་པས་གསོལ་པ། ཚོར་བའི་ཕུང་པོ་མངོན་མཁྱེན་པ།། རིག་ཅིང་རིག་པའི་མཐར་བྱོན་པ།། མཁས་པ་རྣམས་ཀྱི་མཆོག་ཁྱོད་ཀྱིས།། ཚོར་བ་བདག་མེད་རབ་ཏུ་གཟིགས། ། ལྷའི་བུ་ཚོར་བ་ལས་བརྒལ་བས་གསོལ་པ། རྐང་གཉིས་གཙོ་བོ་དམ་པ་ཁྱོད།། བརྒལ་དཀའ་ཚོར་བའི་མཚོ་ལས་བརྒལ།། འདམ་ལས་བརྒལ་ཅིང་སྡིག་མེད་པ།། བྱང་ཆུབ་མཆོག་འདི་སངས་རྒྱས་འགྱུར། ། ལྷའི་བུ་ཚོར་བ་ལས་འབྱུང་གིས་གསོལ་པ། རྣམ་པར་འདྲེན་པས་འཇིག་རྟེན་དུ།། ཚོར་བ་རྣམས་ནི་འབྱུང་མཁྱེན་ནས།། ཚོར་བའི་ཕུང་པོ་རབ་བརྒལ་ཏེ།། སངས་རྒྱས་འཇིག་རྟེན་ཆགས་མི་མངའ། ། ལྷའི་བུ་ཚོར་བ་རིགས་པས་གསོལ་པ། མི་རྣམས་དག་ལ་གང་འཆིང་བའི།། ཚོར་བ་ཐམས་ཅད་ཁྱོད་ཀྱིས་མཁྱེན།། ཉོན་མོངས་ཞགས་པས་འཆིང་འགྱུར་བ། ། དེ་ཡི་རང་བཞིན་ཁྱོད་ཀྱིས་གཟིགས།། ལྷའི་བུ་སེམས་ལ་མཁས་པས་གསོལ་པ། ཁྱོད་ཀྱི་སེམས་ཀྱིས་ཉོན་མོངས་པ་མ།། བདུད་རྣམས་ཀྱང་ནི་སྤ་བཀོང་སྟེ།། སེམས་དེ་རང་བཞིན།། མ་མཆིས་པར།། ཐུབ་པ་ཆེན་པོ་ཁྱོད་ཀྱིས་གཟིགས།། ལྷའི་བུ་སེམས་ཡོངས་སུ་ཤེས་པས་གསོལ་པ། ཇི་ལྟར་སྒྱུ་མའི་མཁན་པོ་ཡིས།། སྒྱུ་མ་སྣ་ཚོགས་སྤྲུལ་པ་བཞིན།། སེམས་ནི་བདེ་གཤེས་ཁྱོད་ཀྱིས་མཁྱེན། ། དེ་ཕྱིར་ཁྱོད་ལ་འཇིག་རྟེན་མཆོད།། ལྷའི་བུ་སེམས་ལ་ཡང་དག་རྟོག་པས་གསོལ་པ། སྒྱུ་མ་མཁན་ནམ་སློབ་མ་བཞིན།། གང་གིས་འགྲོ་བ་འདི་བཅིངས་པའི།། སེམས་ནི་ཁྲོ་ཀྱིས་ཡང་དག་བརྟགས། ། དེ་ནི་ཁྱོད་ཀྱིས་ཇི་བཞིན་མཁྱེན།། ལྷའི་བུ་སེམས་ཀྱི་སྤྱོད་ཡུལ་ལ་སྤྱོད་པས་གསོལ་པ། སེམས་ཀྱི་སྤྱོད་ཡུལ་ཁྱོད་ཀྱིས་མཁྱེན།། རྣམ་པར་འདྲེན་པ་རྨི་ལམ་ན།། ཇི་ལྟར་ཚོགས་ཀྱི་གྲངས་བཞིན་དུ། ། བྱིས་པའི་སེམས་རྨོངས་བགྱིད་པ་གཟིགས།། ལྷའི་བུ་སེམས་ཀྱི་དབང་ཕྱུག་གིས་གསོལ་པ། དུལ་གྱུར་ལས་སུ་རུང་བ་ཡི།། སེམས་ཀྱི་རང་བཞིན་རྟོག་མེད་པ། ། གང་ལ་འཇིག་རྟེན་གཏིང་མི་རྙེད།། མཚན་ཉིད་བསྟན་པ་ཁྱོད་ཀྱིས་གཟིགས།། ལྷའི་བུ་སེམས་ལ་དཔའ་བས་གསོལ་པ། གང་གིས་སེམས་ལ་སེམས་མེད་ཤེས།། མཁས་པ་སྒྱིད་ལུག་མི་འགྱུར་ཞིང་།། བདུད་སྡེ་རབ་ཏུ་འདུལ་བགྱིད་པ།། དེ་དག་འདིར་ནི་དཔའ་ཞེས་བགྱི།། ལྷའི་བུ་སེམས་ཀྱིས་ཡང་དག་འཕགས་ཀྱིས་གསོལ་པ། གང་དག་སེམས་ལ་སེམས་མེད་ཤེས། ། དེ་དག་སངས་རྒྱས་སྲས་ལགས་ཏེ།། དཔའ་ཆེན་སངས་རྒྱས་ཆོས་རྣམས་ལ།། སྐྱེས་བུ་དེ་དག་ཡང་དག་འཕགས།། ལྷའི་བུ་ཞི་བའི་སེམས་ཀྱིས་གསོལ་པ་གང་གིས་སེམས་ལ་དབང་བགྱིས་པ། ། སེམས་ཅན་དེ་དག་ཞི་རབ་ཞི།། བདུད་ཀྱི་ཞགས་ལས་རབ་གྲོལ་བས།། དེ་དག་བདུད་ཀྱི་དབང་མི་མཆི།། ལྷའི་བུ་སེམས་མཉེན་པས་གསོལ་པ་མི་རྣམས་གང་དག་སེམས་མཉེན་ཞིང་། ། བསྙེན་པར་དཀའ་དང་དཔའ་བ་དང་།། ཁྱོད་ཀྱི་བསྟན་ལ་གང་མོས་པ།། དེ་དག་འདོད་པར་ཞུམ་མི་འགྱུར།། ལྷའི་བུ་སེམས་དག་པས་གསོལ་པ། སེམས་དག་ལས་རྣམས་གཙང་གྱུར་ཅིང་།། ཡང་དག་རྟོགས་པས་སྤྱོད་བགྱིད་པ།། དེ་དག་རྒྱལ་བའི་བསྟན་ཐོས་ན།། ཟབ་མོ་རྣམས་ལ་ཞུམ་མི་འགྱུར།། ལྷའི་བུ་ཆོས་ཉིད་ལ་གནས་པས་གསོལ་པ་གང་གི་ཡིད་ནི་ཆོས་ཉིད་ལ། ། རབ་ཏུ་དགའ་ཞིང་ཐོགས་མེད་པ།། དེ་དག་མི་དབང་སྲས་པོ་སྟེ།། ཞི་བའི་སར་ནི་ཕྱིན་པ་ལགས།། ལྷའི་བུ་ཆོས་ལ་སེམས་པས་གསོལ་པ། ཆོས་རྣམས་ཐམས། ཅད་ཆོས་དབྱིངས་སུ།། འདྲེན་པ་དེ་ལ་བསླབས་པ་རྣམས།། ཆོས་ཉིད་ལ་ནི་གང་སེམས་པ།། དེ་དག་སྤྱོད་ཡུལ་མ་ཡིན་མེད།། ལྷའི་བུ་ཆོས་ཀྱི་དབྱིངས་ལས་ངེས་པར་བྱུང་གིས་གསོལ་པ།། མི་མཆོག་ཁྱོད་ཀྱི་སྲས་ཀྱི་རྣམས། ། ཆོས་ཀྱི་དབྱིངས་ལས་ངེས་བྱུང་སྟེ།། འདྲེན་པ་ཁྱོད་ཀྱི་སྲས་དེ་དག། མཚན་ཉིད་གཅིག་གི་ངེས་བྱུང་ལགས།། ལྷའི་བུ་ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་གྱིས་གསོལ་པ། ཆོས་རྣམས་ཀུན་གྱི་སྤྱོད་ཡུལ་ནི།། ཆོས་ཀྱི་དབྱིངས་ཞེས་རྒྱལ་བས་གསུངས།། དཔའ་བོ་ཁྱོད་ནི་གང་སྤྱོད་པའི།། ཡེ་ཤེས་དེ་ནི་བསམ་མི་ཁྱབ།། ལྷའི་བུ་ཆོས་ཀྱི་དབྱིངས་ལ་ཞུགས་པས་གསོལ་པ། ། ཆོས་ཀྱི་དབྱི་ལ་གོང་ཞུགས་པ།། དེ་དག་ཡེ་ཤེས་བསམ་ཡས་ཏེ།། སངས་རྒྱས་ཆོས་ལ་ཐེ་ཚོམ་མེད།། སེམས་ཅན་བསམ་ལ་དེ་དག་མཁས།། ལྷའི་བུ་ཆོས་ཀྱི་དབྱིངས་ལ་བབ་ཀྱིས་གསོལ་པ། གང་དག་ཆོས་ཀྱི་མཚན་ཉིད་གཅིག། ཆོས་ཀྱི་དབྱིངས་ལ་བབ་པ་རྣམས།། དེ་དག་སྤོབས་པའི་སྟོབས་བསྐྱེད་པ།། བསམ་གྱིས་མི་ཁྱབ་ཐོས་པར་འགྱུར།། ལྷའི་བུ་ཆོས་ཀྱི་དབྱིངས་ལ་འཇིགས་པ་མེད་པས་གསོལ་པ། གང་ལ་དེ་དག་གནས་པ་ཡི།། འཇིགས་པ་མེད་པས་ཐོབ་མེད་པས།། དེ་དག་རྣམས་ཀྱི་སྤོབས་དང་སྟོབས།། དེ་ལ་མཚུངས་པ་མེད་པ་འབྱུང་།། ལྷའི་བུ་ཆོས་ཀྱི་དབྱིངས་ལ་མཁས་པས་གསོལ་བུ། ཁྱོད་ན་ཆོས་དབྱིངས་མ་བསྩུ་པ་བྷེ།། ཆོས་རྣམས་ཀུན་ལ་ཤིན་ཏུ་ན་ལུག། ལག་སནི་ལ་སྐུ་རུར་གཞག་བཞིན།། ཆོས་ཀྱི་དབྱིང་ཅ། རྣམ་པར་སྟོན།། ལྷའི་བུ་ཆོས་ཀྱི་དབྱིངས་ལ་གནས་པས་གསོལ་པ། ཆོས་རྣམས་རང་བཞིན་མེད་གཟིགས་པས།། ཁྱོད་ནི་ཆོས་ཀྱི་དབྱིངས་ལ་ཞུགས།། མི་གནས་ཞུམ་པ་མ་མཆིས་ཏེ།། བཟུང་བ་མ་མཆིས་བཏང་མ་མཆིས། ། ལྷའི་བུ་ཆོས་ཀྱི་དབྱིངས་ལ་སྤྱོད་པས་གསོལ་པ། སངས་རྒྱས་སྤྱོད་ཡུལ་གང་ལགས་པའི།། ཆོས་ཀྱི་དབྱིངས་ལ་ཁྱོད་སྤྱོད་དེ།། བར་སྣང་མཁའ་དང་འདྲ་བ་ཡི།། འཇིག་རྟེན་མགོན་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ཆོས་ཀྱི་དབྱིངས་ལ་སྟོན་པས་གསོལ་པ། ཀེང་དང་གང་གི་སྒོ་དག་ནས།། སྐྱེས་བུ་དམ་པ་སྟོན་མཛད་པ།། དེ་ཡི་སྒོ་ནས་ཆོས་དབྱིངས་སྤྱོན།། དེ་ཕྱིར་རྟགས་དང་གཟུགས་མ་མཆིས།། ལྷའི་བུ་ཆོས་ཀྱི་དབྱིངས་ལ་བརྩོན་པས་གསོལ་བ། མངོན་པར་བརྩོན་པས་ཆོས་ཀྱི་དབྱིངས།། སྐྱེས་བུ་དམ་པ་ཁྱོད་ཀྱིས་མཁྱེན།། བརྩོན་པས་རྫོགས་བའི་སངས་རྒྱས་རྣམས། ། ཡེ་ཤེས་ཕ་རོལ་ཕྱིན་པར་གྱུར།། ལྷའི་བུ་ཆོས་ཀྱི་ཚིམ་གྱིས་གསོལ་པ། དཔའ་བོ་ཁྱོད་ཀྱི་སྐྱེ་བོ་འདི།། ཆོས་ཀྱིས་རབ་ཏུ་ཚིམ་པར་མཛད།། ཆོས་ཀྱི་དབྱིངས་ནི་རྣམ་མཁྱེན་པས། ། འདྲེན་པ་བྱང་ཆུབ་མཆོག་ལ་བཞུགས།། ལྷའི་བུ་ཆོས་ཉིད་ཀྱི་གཏིང་རྙེད་པས་གསོལ་བ། གཏིང་རྙེད་གྱུར་པའི་འགྲོ་བ་ཀུན།། འདྲེན་པ་ཁྱོད་ཀྱི་ཞལ་དུ་ལྟ།། ཆོས་དབྱིངས་རྣམ་པར་མཁྱེན་པ་ཡི། ། འདྲེན་པ་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་གནས་ཤེས་པ་ལ་རབ་ཏུ་གནས་པ་ག་སྩོལ་པ། མི་མསྒྲོག་འདྲན་པ་སངས་རྒྱས་ཀྱི།། ཡེ་ཤེས་གནས་འདི་ཆོས་དཅིང་། ཏེ།། རྣམ་པར་འདྲེན་པ་སྟོབས་བཅུ་པོ།། གང་ལ་སྤྱོད་པ་དེ་ལགས་སོ།། ལྷའི་བུ་གནས་ལ་གནས་པས་གསོལ་པ། ཆོས་ཀྱི་དབྱིངས་ནི་གནས་ཆེན་ཏེ།། ཐམས་ཅད་མཁྱེན་པ་བཞུད་པའི་ལམ། ། དེ་ནི་ཆོས་རྣམས་ཐམས་ཅད་ཀྱང་།། མཚན་ཉིད་གཅིག་པར་ཤེས་པ་ལགས།། ལྷའི་བུ་གནས་མངོན་པར་ཤེས་པས་གསོལ་པ། ཁྱོད་ནི་ཆོས་དབྱིངས་མངོན་པར་མཁྱེན།། མཚན་ཉི་གཅིག་ལ་མཁས་པ་སྟེ།། སེམས་ཅན་ཀུན་གྱི་བསམ་པ་ཡང་།། རྐང་གཉིས་གཙོ་བོ་ཁྱོད་ཀྱིས་མཁྱེན།། ལྷའི་བུ་གནས་ནས་ངེས་པར་བྱུང་གིས་གསོལ་པ། རྣམ་པར་འདྲེན་པ་ཁྱོད་ཀྱི་སྲས། ། གནས་སུ་བྱ་བ་ཆོས་དབྱིངས་ཤེས།། གསལ་བར་འཚལ་བའི་མཁས་པ་རྣམས།། རང་བྱུང་ཉིད་དུ་ངེས་པར་བྱུང་།། ལྷའི་བུ་གནས་ལ་བསླབས་པས་གསོལ་པ། ཆོས་ཀྱི་དབྱིངས་ལ་གང་བསླབས་པའི། ། སྐྱེས་བུ་དེ་དག་བྱང་ཆུབ་ཞུགས།། རང་བྱུང་ཉིད་དུ་གནས་རྙེད་པས།། དེ་དག་རྐང་གཉིས་མཆོག་ཏུ་འགྱུར།། ལྷའི་བུ་གནས་མེད་པ་ལ་མཁས་པས་གསོལ་པ། གནས་མེད་པ་ནི་གང་འཚལ་བ།། དེ་དག་བདེ་གཤེགས་དགོང་སིལ་མོས།། བདུད་རྣམས་བྱེ་བ་སྟོང་གིས་ཀྱང་།། དེ་དག་རྨོངས་པར་ཡོངས་མི་ནུས།། ལྷའི་བུ་གནས་མེད་པ་ལ་མངོན་པར་ཤེས་པསག་སོལ་པ། བནས་མེད་ཀྱང་གིས་རིས་གྱུན་པ། དེ་དག་པདག་རྙག་བདུ་རྫོགསསྐྱེབས་ཀྱང་ཆུ་མི་བསྤྱོད་ཅེས། མམས་པངྒེ་དག་ཏུ་སྭཱཧཱ། ལྷའི་བུ་གནས་མེད་པའི་དགོངས་པ་ལ་མཁས་པས་གསོལ་པ། གནས་མེད་འདུ་ཤེས་མབས་པ་ནི།། ཆོས་ཉིད་ལ་ནི་རབ་ཀཱནས་ཏེ།། སྡིག་ཅན་བདུད་རྣམས་བཤལ་བ་ནི།། ཇི་ལྟ་རུ་རྟ་ཕྲིས་ཤིང་རྟ་བཞིན། ། ལྷའི་བུ་གནས་མེད་པ་ལ་མཁས་པས་གསོལ་པ། མཚན་ཉིད་གཅིག་ལ་མཁས་པ་པོ།། ཆོས་ཀྱི་དབྱིངས་ལ་བགེགས་བགྱིད་པའི།། བདུད་ཀྱི་ལས་ནི་གནས་མེད་དེ། གནས་མེད་དོ་ཞེས་རྒྱལ་བས་གསུངས།། ལྷའི་བུ་གནས་དང་གནས་མ་ཡིན་པ་རྟོགས་པས་གསོལ་པ། གན་ས་དང་དེ་བཞིན་གནས་མིན་པ།། བྱིས་པའི་བློ་ཅན་རྣམས་ལ་བསྟན།། རང་གི་དེ་ནི་ཐུགས་ཆུད་ནས། ། སེམས་ཅན་རྣམས་ལ་ཁྱོད་ཀྱིས་བསྟན།། ལྷའི་བུ་སྦྱིན་པ་ལ་མཁས་པས་གསོལ་བ། སྔོན་ཆད་རྒྱུ་ནི་གང་དག་དང་།། ལས་འདྲ་འབྱུང་བ་མ་འཚལ་བའི།། རྒྱུ་དེ་ཁྱོད་ཀྱིས་ཐུགས་སུ་ཆུད། ། ལས་ཀྱི་གནས་ཀྱང་རབ་ཏུ་མཁྱེན།། ལྷའི་བུ་ལས་ལ་མཁས་པས་གསོལ་པ། ཆགས་དང་ཞེ་སྡང་གཏི་མུག་ནི།། ལས་ཀྱི་རྒྱུ་ཞེས་ཁྱོད་ཀྱིས་མཁྱེན།། གང་གིས་རྒྱུ་ཡིས་བགྱིས་དེ་ཡང་། ། གང་ཟག་མཆོག་གིས་ཐུགས་སུ་ཆུད།། ལྷའི་བུ་མ་འོངས་པ་ལ་མཁས་པས་གསོལ་པ། མ་འོངས་པ་ཡི་དུས་དག་ན།། མི་རྣམས་ལས་གང་བགྱིད་འགྱུར་བ།། དེ་མི་རྒྱུ་དང་ལེན་པ་དང་། ། གནས་དང་ལས་ཀྱང་ཁྱོད་ཀྱིས་མཁྱེན།། ལྷའི་བུ་ད་ལྟར་བྱུང་བ་ལ་ལྟ་བུས་གསོལ་པ། ཕྱོགས་བཅུའི་འཇིག་རྟེན་འདི་དག་གི། སེམས་ཅན་རྣམས་དང་རྒྱུ་དང་ལས།། གནས་དང་ལས་ཀྱི་ལེན་པ་རྣམས།། ཀུན་ཀྱང་འདྲེན་པ་ཁྱོད་ཀྱིས་མཁྱེན།། ལྷའི་བུ་སྟོབས་ཀྱི་སྤྱོད་ཡུལ་གྱིས་གསོལ་པ། མི་དབང་ཁྱོད་ཀྱིས་མ་གཟིགས་པའི།། ལས་དང་རྒྱུ་དག་མ་མཆིས་ཏེ།། གནས་དང་སྐྱེ་བའང་མ་མཆིས་སོ།། དེ་བས་ཁྱོད་ནི་གང་ཟག་མཆོག། ལྷའི་བུ་སྟོབས་ལ་མངོན་པར་དགའ་བས་གསོལ་པ། ལས་དང་རྒྱུ་དང་དེ་བཞིན་གནས།། དུས་ལ་ནམ་སྨིན་རྣམ་གསུམ་དང་། ། ཇི་ལྟར་དེ་ཡི་ལེན་པ་ཡང་།། ཁྱོད་ཀྱིས་མཁྱེན་པས་དེ་སླད་མཆོད།། ལྷའི་བུ་སྟོབས་ཀྱི་བློ་གྲོས་ཀྱིས་གསོལ་པ། རྒྱུ་དང་ལས་དང་ལེན་པ་དང་།། རྣམ་པར་སྨིན་དང་རྐྱེན་དང་གནས།། རང་བཞིན་བྲལ་བར་ཁྱོད་ཀྱིས་མཁྱེན།། དེ་ཕྱིར་རྒྱལ་བ་མཉམ་པ་མེད།། ལྷའི་བུ་སྟོབས་ཀྱིས་བྱུང་གིས་གསོལ་པ།། རྒྱུ་དང་ལས་དང་ལེན་པ་དང་།། གནས་དང་རྐྱེན་དང་རྒྱུད་རྣམས་དང་།། རྣམ་སྨིན་སོ་སོ་ཡང་དག་རིག། ཐམས་ཅད་སྤྱོད་པར་རབ་ཏུ་མཁྱེན།། ལྷའི་བུ་སྟོབས་ལ་དཀའ་བོས་གསོལ་པ། རྒྱུ་དང་ལས་དང་ལེན་པ་དང་།། གནས་དང་རྐྱེན་དང་རྒྱུད་ཀྱི་རྣམས། ཁྱོད་ནི་རང་གིས་མངོན་མཁྱེན་ཏེ། ། རང་བཞིན་མེད་པར་བསན་པར་མཛད། ལྷའི་བུ་ཚོབས་ཀྱིས་རྣམ་པར་རྩེ་བས་ཀྱི་རོལ་པ། ཆུ་དང་ལས་དང་ལེན་པ་དང་།། གནས་དང་རྐྱེམ་དང་རྒྱང་ཀྱི་རྣམས།། འགྲོ་མེད་དབང་ཕྱུག་མེད་པ་སྟེ། རྟེན་ཅིང་འབྱུང་བ་ཁྲོད་ཀྱི་ས་མཁྱེན།། ཁྭའི་བུ་སྟོབས་ཀྱིས་འཕགས་ཀྱིས་གསོལ་དུ། རྩཝ་ད་ནྟེནྡྲ་དང་ལས་རྣམས་དང་།། ནམ། པར་སྨིན་པ་སྟེན་པ་རྣམས།། དེ་ཀུན་རང་བཞིན་སྟོང་ངོ་ཞེས།། སོང་ཀའི་ང་རོལ་ཁྱོད་ཀྱིས་ཀུསུངས།། ལྷའི་བུ་སྟོབས་ཀྱི་རྗེས་སུ་འབྲང་བས་གསོལ་བ། འཇིག་རྟེན་ལས་ནི་གང་ཞིག་གིས། ཁམས་ནི་གང་ཞིག་སྤེལ་གྱུར་པ།། དེ་དག་རྐང་གཉིས་གཙོ་བོས་མཁྱེན།། དེ་བས་ཁྱོད་ནི་དོ་ཟླ་མེད།། ལྷའི་བུ་སྟོབས་དང་ལྡན་གྱིས་གསོལ་པ། ཁམས་གང་ལ་ནི་བརྟེན་བགྱིས་ཤིང་། གང་གིས་མངོན་པར་ལས་བགྱིས་དང་།། དེ་ཡི་རྣམ་སྨིན་ཅི་འདྲ་བ།། དེ་ཀུན་སྤྱན་དང་ལྡན་པས་མཁྱེན།། ལྷའི་བུ་སྟོབས་ཡང་དག་པར་འཕགས་ཀྱིས་གསོལ་པ། ཁམས་གང་ལ་ནི་བརྟེན་བགྱིས་ཤིང་། ། ཅི་འདྲའི་རང་བཞིན་གྱུར་པ་ཡི།། སེམས་ཅན་ཐམས་ཅད་ཁྱོད་ཀྱིས་མཁྱེན།། ཕྱག་གི་སོར་མོ་ལྔ་དང་འདྲ།། ལྷའི་བུ་སྟོབས་ལ་སྤྱོད་པས་གསོལ་པ། ཁམས་གང་ལ་ནི་བརྟེན་བགྱིས་ཤིང་། ། བཤེས་གཉེན་ཅི་འདྲ་རྙེད་གྱུར་ནས།། འདུ་འཛི་ཅི་འདྲ་བགྱིད་གྱུར་པ།། དེ་ཀུན་བླ་ན་མེད་པས་མཁྱེན།། ཀླུའི་ཟླ་སྟོབས་ཀྱི་ས་བྱིན་གྱིས་བརླབས་པས་གསོལ་པ། སྟོབས་ཀྱི་བྱིན་གྱིས་བརླབས་མཁྱེན་ཅིང་།། འདྲེན་པ་དེ་ཡི་ཁམས་དང་ནི།། འདུ་འཛི་བ་ཤེས་གཉེན་ཚོགས་ཀྱི་རྣམས།། དེ་དག་མི་མཆོག་ཁྱོད་ཀྱིས་མཁྱེན།། ལྷའི་བུ་ཁམས་ངེས་པས་གསོལ་པ། ཁམས་དེ་དང་ནི་དེ་ལེན་དང་།། བཤེས་གཉེན་དེ་དང་དེ་འགྲོགས་པ།། དེ་ལ་ཁྱོད་ཀྱིས་མཁྱེན་པ་ངེས།། དེ་ཕྱིར་ཐེ་ཚོམ་ཡོངས་མི་མངའ།། ལྷའི་བུ་ཁམས་ལ་རྟེན་པས་གསོལ་པ།། སེམས་ཅན་གང་ན་གནས་གནས་པའི།། འཁོར་བ་དེ་དང་ཁམས་དེ་དང་།། སྤྱོད་དང་སྐད་དང་འགྲོ་བ་རྣམས།། མི་མཆོག་ཁྱོད་ཀྱིས་རབ་ཏུ་མཁྱེན།། ལྷའི་བུ་ཁམས་ལ་མཁས་པས་གསོལ་པ། ཡེ་ཤེ་གང་གི་ཁམས་དེ་ནི།། འདྲེན་པས་མངོན་པར་མཁྱེན་པ་ཡི།། མཁྱེན་ཏེ་མཁྱེན་པས་སྟོང་ངོ་ཞེས།། བློ་མཆོག་མངའ་བས་ཡང་དག་བསྟན།། ལྷའི་བུ་ཁམས་ནས་ངེས་པར་བྱུང་གིས་གསོལ་པ།། ཁམས་གང་ལ་ནི་བརྟེན་བགྱིས་ན།། འདུས་བྱས་དག་ལ་ཇི་སྲིད་གནས།། དེ་ནི་ཁྱོད་ཀྱིས་ཇི་བཞིན་མཁྱེན།། ཁྱོད་ལ་དོ་བླ་མ་མཆིས་སོ།། ལྷའི་བུ་ཁམས་ཀྱི་རྗེས་སུ་སོང་བས་གསོལ་པ། ཁམས་གང་ལ་ནི་བརྟེན་བགྱིས་པས། ། ཡོན་ཏན་ཇི་སྙེད་བསྐྱེད་པ་དང་།། རྣམ་པར་སྨིན་དང་འབྲས་བུ་དག། དེ་དག་མ་ལུས་ཁྱོད་ཀྱིས་མཁྱེན།། ལྷའི་བུ་ཁམས་ལ་ཡང་དག་ཞུགས་པས་གསོལ་བ་ཁམས་གང་ལ་ནི་རྟེན་བགྱིད་ཅིང་། ། འགྲོ་བ་ཅི་འདྲ་འདོད་བགྱིད་པ།། དེ་ཡང་ཁྱོད་ཀྱིས་ཐོགས་མེད་མཁྱེན།། དེ་ཕྱིར་ཁྱོད་ནི་མཁས་པས་མཆོད།། ལྷའི་བུ་ལམ་མངོན་པར་ཤེས་པས་གསོལཔ། ཁམས་གང་ལ་ནི་བརྟེན་བཙུདན་པས།། འགྲོ་བ་ཅི་དྲར་མཆིས་མི།། སེམས་ཅན་རྣམས་ཀྱི་ལམ་དག་ཀྱང་།། ཡེ་ཤེས་མཁས་པ་ཁྱོད་ཀྱིས་མཁྱེན།། ལྷའི་བུ་ལམ་ལ་མི་འཇིགས་པས་གསོལ་པ་སེམས་ཅན་ལོག་པ་ཉིད་ངེས་ཤིང་། ། མྱ་ངན་འདས་འགྲོ་སྐལ་མེད་པ།། ཕུང་པོ་གསུམ་པོ་དེ་དག་ལ།། ཁྱོད་ཀྱི་ཡེ་ཤེས་ངེས་པར་འཇུག། ལྷའི་བུ་ལམ་གྱིས་དེ་བར་བྱུང་གིས་གསོལ་པ། སེམས་ཅན་ཡང་དག་ཉིད་ངེས་ཏེ།། ངན་འགྲོར་འགྲོ་བའི་སྐལ་མེད་པ།། དེ་ལ་འཇིག་རྟེན་སྒྲོན་མ་ཁྱོད།། རྟོགས་པ་ཐོགས་པ་མེད་པར་འཇུག། ལྷའི་བུ་ལ་མཱ་ལ་མོས་པས་གསོལ་པ། མ་ངེས་ཕུང་པོར་གྱུར་པ་ལ།། གང་ཟག་གང་རྣམས་གནས་པ་རྣམས།། དེ་ལ་ངན་སོང་ངན་འགྲོ་དང་།། མྱ་ངན་འདས་པའང་ཁྱོད་ཀྱིས་བསྟན།། ལྷའི་བུ་སྟོབས་ཀྱི་བརྡས་གསོལ་པ། སངས་རྒྱས་བརྡ་ཙམ་ཉིད་ལགས་ཏེ།། དེ་བཞིན་སྟོབས་དང་ཡེ་ཤེས་དང་།། མི་འཇིགས་བཞི་ཡང་དེ་བཞིན་དུ།། ཀུན་རྫོབ་ཅེས་ནི་ཐུབ་པས་གསུངས།། ལྷའི་བུ་ཡང་དག་པ་མཐོང་བས་གསོལ་བ། སངས་རྒྱས་སངས་རྒྱས་ཆོས་རྣམ་མེད།། ཡེ་ཤེས་གནས་པ་གཞན་ཡང་མེད།། དོན་དམ་ཉིད་དུ་བསྟེན་ཏོ་ཞེས།། དེ་བཞིན་གཤེགས་པ་ཁྱོད་ཀྱིས་མཁྱེན།། ལྷའི་བུ་སྟོབས་ལ་ཀུན་ཀྱིས་གསོལ་པ། སངས་རྒྱས་ཆོས་ལ་སྟོབས་གནས་པས།། དེས་ན་དེ་ལ་འཇིགས་མེད་དེ།། རྒྱལ་བ་དེ་བཞིན་གཤེགས་ཀྱི་སྲས།། ཇི་ལྟར་འདོད་དགུར་རྣམ་པར་འཕྲུལ།། ལྷའི་བུ་ཆོས་ལ་འཇིགས་མེད་ཀྱིས་གསོལ་པ། ཀུན་རྫོབ་དང་ནི་དོན་དམ་དང་།། དེ་དག་རབ་ཏུ་བསྟན་མཆིས་ཀྱང་།། ཀུན་རྫོབ་དང་ནི་དོན་དམ་དང་།། བརྡ་ཡང་དམིགས་སུ་མ་མཆིས་སོ།། ལྷའི་བུ་མོ་གྱུ་ས་ཀྱིས་གསོ་པ། ། འདོད་ཐཐམས་ཅ་ན་བྷཱ(།། ཆོས་ཀྱིམ་ཅ་ནས་རྨྨ། ཡང་རྒྱས་བདུ་དོད་དུ་ས། ཁྱོ་མ་ཆོས་ཀྱི་ཙྪ། ཝཱའི་ནུའམ་ལ་བརྩོན་པས་གསོལ་པ། ངེས་པར་གྱུར་པའི་སེམས་ཅན་རྣམས།། གཞན་གྱི་རྒྱུད་མཆིའི་གནས་མ་མཆིས།། ལོག་པར་ངེས་རྣམས་ཀུན་ཏུ་འགྲོར།། དྲང་སྲོང་ཆེན་པོ་ཁྱོད་ཀྱིས་གཟིགས། ། ལྷའི་བུ་མོས་པའི་སྟོབས་ཀྱིས་གསོལ་བ། ཁམས་གང་ལ་ནི་བརྟེན་བགྱིས་ཏེ།། གང་རྣམས་ཅི་འདྲར་མོས་འགྱུར་ཞིང་།། འདོད་ཆགས་ཁམས་ལ་སྡུག་ལྟ་ག། དེ་དག་ཟུག་ཆེན་ཁྱོད་ཀྱིས་གཟིགས། ། ལྷའི་བུ་མི་སྡུག་པ་ལས་ངེས་པར་བྱུང་གིས་གསོལ་པ། མ་མཆིས་ཡོངས་སུ་བརྟགས་པས་ན།། འདོད་ཆགས་ཁམས་ནི་རབ་ཏུ་བྱུང་།། དེ་ལ་མོས་པ་ངེས་བྱུང་བ། དེ་དག་ཁྱོད་ཀྱིས་ཇི་བཞིན་གཟིགས།། ལྷའི་བུ་བྱམས་པས་ངེས་པར་བྱུང་གིས་གསོལ་པ། མ་མཆིས་ཡོངས་སུ་བརྟགས་པས་ན།། ཞེ་སྡང་ཁམས་ནི་རབ་ཏུ་བྱུང་།། དེ་ལ་མོས་པ་ངེས་བྱུང་བ། དེ་དག་ཁྱོད་ཀྱིས་ཇི་བཞིན་གཟིགས།། ལྷའི་བུ་རྐྱེན་འདིས་ངེས་པར་བྱུང་གིས་གསོལ་པ། མ་མཆིས་ཡོངས་སུ་བརྟགས་པས་ན།། གཏི་མུག་ཁམས་ནི་རབ་ཏུ་བྱུང་།། དེ་ལ་མོས་པ་ངེས་བྱུང་བ། ། དེ་དག་ཁྱོད་ཀྱིས་ཟི་བཞིན་གཟིགས།། ལྷའི་བུ་གཏོང་བ་ངེས་པར་བྱུང་གིས་གསོལ་པ། འཚོ་མེད་འཇིགས་པ་རྙེད་པ་དག། སེར་སྣ་མངོན་པར་འཕེལ་འགྱུར་ཏེ།། དེ་ལ་མོས་པོ་ངེས་། བྱུང་བ།། དེ་དགས་ཀྱུ་ཆེན་ཁྱོད་ཀྱིས་གཟིགས། ལྷའི་བུ་དགེ་བའི་བཤེས་གཉེན་གྱིས་ངེས་པར་བྱུང་གིས་གསོལ་བྷ། རིག་པའི་ཐོགས་དང་འགྲོགས་བསྟན།། མབྷཱུན་བའི་ཁམས་ནི་རབ་ཏུ་བྱུང་། ། དེ་ལ་མོས་པ་ཐོབ་འགྱུར་བ།། དེ་དག་འདྲེན་པས་རྣམ་པར་མཁྱེན།། ལྷའི་བུ་རྣམ་པར་ཤེས་པ་སྙིང་པོར་འཛིན་པས་གསོལ་པ། འཁོར་བ་ན་ནི་འཁོར་རྣམས་ཀྱིས། ཅི་འདྲའི་ཁམས་ལ་བརྟེན་པ་དང་།། མོས་པ་དེ་མཐར་ཕྱིན་པ་དག། ཁྱོད་ཀྱིས་མ་ལུས་རབ་ཏུ་མཁྱེན།། ལྷའི་བུ་ནན་ཏཱན་སྙིང་པོར་བྱེད་པས་གསོལ་པ།། འཁོར་བ་ན་ནི་འཁོར་རྣམས་ཀྱིས། གང་གི་རྒྱུ་འབྱུང་ནན་ཏན་དང་།། མོས་པ་དེ་ལ་འབྱུང་བ་ཡང་།། སྨད་པ་མེད་དེ་ཁྱོད་ཀྱིས་གཟིགས།། ལྷའི་བུ་དབང་པོ་ལ་མོས་པས་གསོལ་པ། སེམས་ཅན་གང་གིས་ཁམས་གང་ལ། བརྟེན་ན་ཇི་ལྟར་འགྱུར་བ་ཡི།། རྒྱུ་དེ་ཁྱོད་ཀྱིས་རབ་ཏུ་མཁྱེན།། དེས་ན་ཁྱོད་ནི་དགའ་བར་མཛད།། ལྷའི་བུ་དབང་པོ་ལ་སྤྱོད་པས་གསོལ་པ། སྦྱོར་བ་གང་གིས་སྐྱེ་བ་དང་།། གང་གིས་རྒྱ་ཆེན་སྐྱེ་བ་དང་། ། དམིགས་པ་དང་ནོ་ཞིང་རྣམས་དང་།། དབང་པོ་ཁྱོད་ཀྱིས་རབ་ཏུ་མཁྱེན།། ལྷའི་བུ་དབང་པོས་ངེས་པར་བྱུང་གིས་གསོལ་བ། འདོད་པའི་སྡུག་བསྔལ་གནོད་གྱུར་དང་། སྲིང་པར་མངོན་པར་འཇུག་པ་དང་།། སྲིད་པའི་བར་བགྱི་བའི་དོན།། དེ་དག་སྨྲ་བའི་མཆོག་ཆོས་མི་བྱེད།། ལྷའི་བུ་དབ་བར་སྤྱོད་ཡུལ་གྱིས་གསོས་ལ། དབང་པོ་ཉིམ་རླུང་ན་མོངས་ནི་གཟུགས་ཀྱི་འདོད་ཆགས་དབེན་པར་འཚལ། ། སྦེད་པ་རྣམ་པར་གཞིག་པ་ཡང་།། རྐང་གཉིས་དམ་པས་བསྟན་པ་མཛད།། གྲཝའི་བུ་དབང་པོ་རྣམ་པར་རྡུལ་བས་བསོལ་པ། དབང་པོ་རྟུལ་པོ་དུར་ཁྲོད་བརྟེན། ། རང་གི་འདོད་ཆགས་ཞི་བར་བགྱིད།། རྐང་གཉིས་གཙོ་བོའི་ཞལ་མཐོང་ནས།། སེད་དང་བཅས་པས་ཁྱོད་ལ་ལྔ།། ལྷའི་བུ་དབང་པོ་རྟོགས་ཀྱིས་གསོལ་པ། འདོད་ཆགས་ཅན་དང་འདོད་ཆགས་དང་། ། ཞི་དང་ཤེས་དང་མི་ཤེས་དང་།། སྲེད་པཞི་དང་དབང་པོ་རྣམས།། རྣམ་པར་གཟིགས་ན་སྔོན་མི་དམིགས།། ལྷའི་བུ་དབང་པོ་ལ་གནུས་པས་གསོལ་པ་ཞེ་སྡང་གཉེན་པོར་གྱུར་པ་ཡི། ། གནོད་སེམས་མེད་དང་དབེན་པ་དགེ། དབང་པོ་རྡུལ་པོ་སྟེན་པའི་ཚེ།། ཁྱོད་ཀྱིས་འགྲོ་བའི་བསམ་པ་གཟིགས།། ལྷའི་བུ་དབང་པོ་ལ་བརྩོན་པས་གསོལ་པ། ཞེ་སྡང་གཉེན་པོ་བྱམས་པར་གསུངས།། སེམས་ཅན་ཤེས་པ་རྗེས་སུ་སྐྱེ།། ཞེ་སྡང་ཁམས་ནི་ཞི་བར་བགྱིད།། དེ་དག་མི་མཆོག་ཁྱོད་ཀྱིས་མཁྱེན།། ལྷའི་བུ་དབང་པོ་ཚོལ་བས་གསོལ་པ། གནོད་སེམས་མེད་དང་བྱམས་པ་དང་།། ཞི་བ་ངོ་བོ་ཉིད་མ་གཟིགས།། བདག་དང་ཉོན་མོངས་མ་དམིགས་ཏེ།། དེས་ན་འཇིག་རྟེན་ཁྱད་པར་འཕགས།། ལྷའི་བུ་དབང་པོ་རྗེས་སུ་འབྲང་གིས་གསོལ་བ། ལོག་པར་རྣམ་པར་རྟོག་པ་དང་།། ལོག་པར་ཉེ་བར་སྟོན་པ་ཡང་།། ཉོན་མོངས་དམ་ཕྱིར་ཀུན་སྦྱོར་ཏེ།། བཟློག་པས་ཐར་པར་འགྱུར་བ་གཟིགས།། ལྷའི་བུ་ཡེ་ཤེ་ཡང་དག་ཤྭར་གྱིས་གསོལ་པ། འདོད་ཆགས་ཞེ་སྡང་གཏི་མུག་དང་།། དངོས་ལ་འཛིན་པ་མུན་པ་སྟེ།། བསྐྱོག་པས་སྣང་བ་ཆེན་པོར་འགྱུར།། དེ་ནི་གྲགས་ཆེན་ཁྱོད་ཀྱིས་མཁྱེན། ། ལྷའི་བུ་ཡེ་ཤེས་འདོད་ཆགས་ཆད་པས་གསོལ་པ། འདོད་ཆགས་ཞེ་སྡང་གཏི་མུག་དང་།། སུན་པ་སྣང་བ་དངོས་པོ་རྣམས།། རང་བཞིན་ཉིད་ཀྱིས་མ་མཆིས་ཏེ།། དེ་ནི་རླུང་གཙོ་བོས་གཟིགས། ། ལྷའི་བུ་སྣང་བ་འཛིན་གྱིས་གསོལ་པ།། སེམས་ཅན་གང་གིས་ཤེས་པ་གང་།། ཇི་ཙམ་ཡོངས་སུ་བསྒྲུབ་བགྱིས་དང་།། སྣོད་དུ་གང་རུང་ཇི་སྙེད་པ།། དེ་དག་མི་མཆོག་ཁྱོད་ཀྱིས་མཁྱེན། ། ལྷའི་བུ་དབང་པོ་དང་ཞེས་འགྲས་པས་གསོལ་པ། ཉོན་མོངས་སྤངས་ཕྱིར་ཤྭེ་གང་གིས།། ཤེས་པ་དེ་ལ་རྟོགས་བགྱིད་པ།། དེ་ཡང་སྟོན་པ་ཁྱོད་ཀྱིས་མཁྱེན།། དེ་བས་ཁྱོད་ལ་མངོན་པར་དཀའ། ། ལྷའི་བུ་དབང་པོ་ལ་དཀའ་བས་གསོལ་པ། ཡུལ་དང་དུས་དང་གནས་དྲུག་དང་།། སྤྱོད་པ་རྣམ་པར་བསྒོམས་པ་དང་།། ཉོན་མོངས་ཉོན་མོངས་རྣམ་དག་དྲང་། རྔུབ་པཁྱོད་ཀྱིས་སྟོང་པར་གཟིགས། ། ལྷའི་བུ་ཡེ་ཤེས་རྒྱལ་མཚན་གྱིས་གསོལ་པ། དབང་པོ་རྣོ་རྟུལ་འབྲིང་དག་དང་།། གང་ཟག་དག་གི་བསམ་པ་དང་།། བཅིངས་དང་ཐར་དང་ཟད་དང་ཤེས། བ་མེད་པར་ཁྱོད་ཀྱིས་མཁྱེན།། ལྔའི་བུ་དབང་པོའི་རྒྱལ་མཚན་གྱིས་གསོལ་པ། དབང་པོ་རབ་འབྲིང་རྟུལ་བ་དང་།། ཉོན་མོངས་ཡེ་ཤེས་ཚོར་བ་དང་།། གདུལ་དང་འདུལ་བར་བགྱིད་པ་དག་མ་ཅ་ཉིད་མེད་པར་གསུངས། ། ཁྭའི་བྲི་དབང་པོ་རྣམ་པར་བརྟགས་ཀྱིས་ག་སོ་པྣ་པ། སེམས་པནྡནམྦྷ་བྷི་བས་མྦྷ་གདུན་དང་།། རྣམ་པར་ཀུན་ནས་རྩོན་མོངས་དང་།། སྒོམ་པ་འཇུག་འཛིན་ལྡང་བ་དང་། ། རྣམ་བྱང་ཐུབ་པ་བྱེད་ཀྱི་མ་ཁྱེད།། དྷུང་དུ་སྟོབས་ཀྱི་ཤུགས་ཀྱིས་གསོལ་པ། ཞི་བའི་ཏིང་ངེ་འཛིན་བརྟེན་ཏེ།། ཆོས་ཀུན་ཇོ་བོ་ཉིད་ཀྱིས་ནི།། རང་བཞིན་མེད་པར་བྱེད་ཀྱིས་མཁྱེན། ། དེས་ན་ཐམས་ཅད་མ་བྱིན་ཅེས་བ།། ལྷའི་བུ་སྣརུབས་ཀྱི་ཀྵོ་རྒྱུས་གསྩོལ་བ། རྒྱས་རྣམས་ཀྱང་དང་རང་བཞིན་ཀྱང་།། ཆོས་གང་གི་ས་ནཱི་བརྗོད་བགྱིས་པ།། རང་དག་ཇི་བཞིན་དྲུག་སུ་ཆུད། ། དེས་ན་དུས་གསུམ་ཆགས་མི་མངའ།། ལྷའི་བུ་སྟོབས་འདོད་ཀྱིས་གསོལ་བ། ལོག་པར་བཏགས་པས་ཀུན་ཉོན་མོངས།། རྣམ་པ་བཞི་ནི་སྐྱེ་བར་འགྱུར།། ལས་ལས་སྐྱེས་པར་ནི་དག་མཁྱེན། ། དེས་ན་ཁྱོད་ཀྱི་རོ་ཟླ་མེད།། ལྷའི་བུ་སྟོབས་ཤེས་ཀྱིས་གསོལ་པ། ཉོན་མོངས་རྣམས་དང་ལས་རྣམས་ཀྱི།། གཉེན་པོ་རྣམ་པར་བྱང་བ་དང་།། བསྟན་པའང་ཁྱོད་ཀྱིས་རབ་ཏུ་མཁྱེན།། དེས་ན་ཁྱོད་ཀྱི་དོ་ཟླ་མེད།། ལྷའི་བུ་སྟོབས་ཀྱི་འོད་ཀྱིས་གསོལ་པ། བསམ་གཏན་རྣམ་ཐར་ལྡན་པ་དང་།། སྙོམས་པར་འཇུག་དང་ཏིང་འཛིན་དང་།། ཀུན་ནས་ཉོན་མོངས་རྣམ་བྱང་དག་མིང་ཙམ་མོ་ཞེས་ཁྱོད་ཀྱིས་བསྟན། ། ལྷའི་བུ་སྟོབས་ལས་བྱུང་གིས་གསོལ་པ།། བསམ་གཏན་རྣམ་ཐར་རྣམ་བྱང་དང་།། སྙོམས་པར་འཇུག་དང་ཏིང་ངེ་འཛིན།། བག་ཡོད་པ་ལས་བྱུང་བ་སྟེ།། དེ་ལ་ཁྱོད་ཀྱི་མི་ཤེས་འཇུག། ཝའི་བུ་སྟོབས་རྣམ་པར་སྤེལ་གྱིས་གསོལ་བ། དཔའ་བོ་ཁྱོད་ཀྱིས་མཁྱེན་པ་ནི།། བསམ་བདུན་ལ་སོགས་དེ་དག་དང་།། ལྗང་དང་རྣམ་པ་བྱང་ལ་འཇུག། དེ་ནི་རླུང་ལྟར་ཆགས་པ་མེ།། ལྷའི་བུ་སྔོན་གྱི་མཐའ་ལ་མཁས་པས་གསོལ་པ།། བསྐལ་པ་བྱེ་བ་གྲངས་མེད་དུ།། སྲིད་པ་འདི་ན་སྔོན་བཞུགས་ཏེ།། སྲིད་པའི་སྐྱོན་དང་ཡོངས་མ་འདྲེས། ། དེས་ན་ཁྱོད་ལ་དོ་ཟླ་མེད།། ལྷའི་བུ་སྔོན་གྱི་མཐའ་ལ་གནས་པས་གསོལ་བ། བསྐལ་པ་བྱེ་བ་གྲངས་མེད་དུ།། བྱང་ཆུབ་གཞལ་ཡས་ཚོལ་མཛད་ཅིང་།། འདྲེན་པས་ཡོངས་སུ་སྤྱད་པས་ན། དེས་ན་ཁྱོད་ནི་དཔའ་བོ་ལགས།། ལྷའི་བུ་སྔོན་གྱི་མཐའ་ལ་རྟོག་པས་གསོལ་པ། སྔོན་མཐར་སྦྱིན་པ་སྣ་ཚོགས་དག། བློ་མཆོག་གསུང་ཚེ་གསོལ་པས་ན།། སྤོབས་པ་སྣ་ཚོགས་རབ་མངའ་བར།། རྣམ་པར་འདྲེན་པ་དེས་ངེས་བྱུང་། ། ལྷའི་བུ་སྔོན་གྱི་མཐའ་ལ་བྱང་བས་གསོལ་བ། སྔོན་ཆད་འཁོར་བར་སྤྱོད་པའི་ཚེ།། ཚུལ་རྣམས་ལ་ནི་ཚུལ་མཁས་པ།། འཇིག་རྟེན་སྨོན་རྣམས་ཁྱོད་ཀྱིས་གཟིགས་དེས་ན་ཁྱོད་ནི་ཚུལ་ལ་མཁས། ། ལྷའི་བུ་སྔོན་གྱི་མཐའ་ཚར་ཕྱིན་པས་གསོལ་པ།། སྔོན་མཐར་ཆོས་རྒྱལ་མང་པོ་ལ།། དཔའ་བོས་སྔོན་ཆད་སྦྱོང་མཛད་པས།། ཐམས་ཅད་མཁྱེན་དུ་ངེས་པར་བྱུང་། ། སེམས་ཅན་མཁས་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྔོན་གྱི་ཚུལ་ཕུན་སུམ་ཚོགས་པས་གསོལ་པ། བྱང་ཆུབ་མཆོག་ནི་བཙལ་བའི་ཕྱིར།། བསྐལ་པ་བྱེ་བ་ཟངས་མེད་དུ།། སངས་རྒྱས་བྱེ་བ་མཐའ་ཡས་པ། ། དེ་ལ་ཁྱོད་ཀྱིས་ས་བོན་བཏབ།། ལྷའི་བུ་སྔོན་གྱི་ཚུལ་ལ་ངེས་པས་གསོལ་པ། བསྐལ་པ་བྱེ་བར་བརྟག་མཛད་པས།། ཆོས་ཀུན་སེམས་ཅན་མེད་པ་ཞེས།། ཆོས་རྣམས་ཐམས་ཅད་ངེས་པར་མཁྱེན། ། འདུ་འཕྲོད་ཙམ་དུ་རྒྱལ་བས་གསུངས།། ལྷའི་བུ་སྔོན་གྱི་མཐའ་ལ་སེམས་པས་གསོལ་པ། བསྐལ་པ་བྱེ་བ་གྲངས་མེད་དུ།། གནས་དང་གནས་མིན་རབ་མཁྱེན་པར། ། རྣམ་པར་འདྲེན་པ་སྤྱོད་མཛད་པས།། དེས་ན་འཇིག་རྟེན་འདི་ལ་གཟིགས།། ལྷའི་བུ་སྔོན་གྱི་མཐའ་ལ་སྤྱོད་པས་གསོལ་པ། གནས་དང་གནས་མིན་བརྟེན་བགྱིས་ནས།། ལས་དང་རྒྱུ་རྣམས་དཔྱད་པས་ན།། ཁམས་དང་དབང་པོ་མོས་པ་དང་། བས་མཉན་པ་སྔོན་གྱི་མཐའ་ཡང་མཁྱེན།། ལྷའི་བུ་སྔོན་མཐའ་ལ་ཡོངས་སུ་རྟོག་པས་གསོལ་པ། ཁྱོད་ཀྱིས་སྔོན་མཐའ་ཡོངས་བརྟགས་པས། ། སྟོབས་ཀྱི་ཡེ་ཤེས་རྣམ་བཅུ་པོ།། དཔའ་བོ་ཆེན་པོས་རྣམ་པར་སྣརེལ།། དེས་ནི་འཇིག་རྟེན་འདི་ལ་གཟིགས།། ལྷའི་བུ་སྔོན་གྱི་མཐའི་སྤྱོན་ཡུལ་གྱིས་གསོལ་པ། དཔའ་བོས་སེམས་ཅན་ཐམས་ཅད་ཀྱི།། སྔོན་གྱི་མཐའ་ཡི་སྤྱོད་པ་དང་།། དགེ་དང་མི་དགེའི་རྒྱུ་བ་རྣམས།། མཁྱེན་པས་འཇིག་རྟེན་གསོ་བ་མཛད།། ལྷའི་ནརྀ་མཛའི་སྤྱོད་པལ་པོ་སོར་ཏོམ་པས་གསོལ་པ། ཐུབ་པས་སྔོན་གྱི་སེམས་ཅན་གྱི།། སྔོན་མཐའི་སྤྱོད་པ་རབ་མཁྱེན་ཅིང་།། ཁམས་དང་མོས་པ་མཁྱེན་པས་ན།། དེ་ཕྱིར་སེམས་ཅན་གསོབ་མང་ལྷའི་བུ་མོས་པའི་སྟོབས་ཅན་གྱིས་ས་སོལ་པ། བརྒལ་པ་བྱེ་བ་མཐའ་ཡས་སུ།། སྔོན་གྱི་མཐའ་ལ་བདག་བཀྱིས་ཀྱང་།། ཁྱོད་ཀྱི་དགོངས་པ་ཆགས་མི་མང།། དེས་ནཱ་མགོན་ལ་བདག་མོས་ལགས། ། ལྷའི་བུ་ཡེ་ཤེས་ལ་མོས་པས་གསོལ་པ། བསྐལ་པ་བྱེ་བ་གྲངས་མེད་དུ།། སྔོན་མཐའི་སྦྲིད་པཱ་བས་མུ་བགྱིས་ཀྱང་།། རྐང་གཉིས་གཙོ་བོའི་ཡོན་ཏན་གྱི། ། ཕ་རོལ་ཕྱིན་ནུས་འགའ་མ་མཆིས།། ལྷའི་བུ་ཕྱི་མའི་མཐའ་ལ་མཁས་པས་གསོལ་པ། ཕྱོགས་བཅུའི་འཇིག་རྟེན་འདི་དག་གི། སྐྱེ་དགུ་སྣ་ཚོགས་ལས་ལྡན་པ།། ཤི་འཕོ་སྐྱེ་བར་འགྱུར་བ་དག། ཁྱོད་ཀྱི་སངས་རྒྱས་སྤྱན་གྱིས་གཟིགས།། ལྷའི་བུ་ཕྱི་མའི་མཐའ་ལ་ངེས་པར་བྱུང་གྱིས་གསོལ་པ། རྒྱུ་གང་གིས་ནི་ལས་གང་ཞིག། བགྱིས་ཤིང་རྒྱུད་དྲུག་མཆིས་གྱུར་པ། དེ་དག་ཐམས་ཅད་རྒྱལ་བས་མཁྱེན།། དེས་ན་ཐམས་ཅད་མཁྱེན་ཅེས་བགྱི།། ལྷའི་བུ་ཤི་འཕོ་དང་སྐྱེ་བ་མངོན་པར་ཤེས་པས་གསོལ་བ། ཁམས་གང་གིས་ནི་སེམས་ཅན་གང་།། བསྒོས་པར་གྱུར་ཅིང་ལས་བགྱིད་པའི། ། བག་ཆགས་ལས་དང་སེམས་ཅན་དག། ཁྱོད་ཀྱིས་གཡོ་བ་མེད་པར་མཁྱེན།། ལྷའི་དུ་ཤི་འཕོ་དང་སྐྱེ་བུ་རིག་པས་གསོལ་པ། བཤེས་གཉེན་ཅི་འདྲ་བསྙེན་གྱིས་ཤིང་། ། ལས་གང་མངོན་པར་འདུས་བགྱིས་པས།། འགྲོ་བ་གང་དུ་མཆི་འགྱུར་བ།། ཐུབ་པ་ཁྱོད་ཀྱིས་དེ་ཡང་མཁྱེན།། ལྷའི་བུ་དགོངས་པ་ལ་མཁས་པས་གསོལ་པ། ལས་དེ་ཡི་ནི་གྱི། བཀང་།། དགོས་པ་ཁྱོད་ཀྱིས་རབ་ཏུ་མཁྱེན།། གང་གི་སླད་དུ་ལས་བགྱིས་པ།། དེ་ཡང་མ་ལུས་རབ་ཏུ་མཁྱེན།། ལྷའི་བུ་དངོས་པོ་ལ་མཁས་པས་གསོལ་པ། དངོས་པོ་གང་དག་དམིགས། པ་དང་།། ལས་གང་མངོན་པར་འདུས་བགྱིས་པ།། ཐམས་ཅད་མཁྱེན་པས་དེ་མཁྱེན་ཏེ།། དེ་ནི་སངས་རྒྱས་སྤྱོད་ཡུལ་ལགས།། ལྷའི་བུ་དངོས་པོ་རིག་པས་གསོལ་པ། སེམས་ཅན་རྣམས་ཀྱི་བསམ་མཁས་པ། ། དངོས་དེ་ཇི་ལྟར་གནས་པ་དང་།། དེ་ནི་ཇི་ལྟར་གྲུབ་པ་ཡི།། ལས་དེ་ཁྱོད་ཀྱིས་མངོན་པར་མཁྱེན།། ལྷའི་བུ་ཤེས་པ་ལ་མཁས་པས་གསོལ་པ། ཤེས་པ་གང་གི་དངོས་པོ་དེ། ། བརྟགས་པར་གྱུར་པ་རབ་ཏུ་མཁྱེན།། དེ་ལ་ཇི་ལྟར་ཆགས་གྱུར་པའང་།། ཐུབ་པ་ཁྱོད་ཀྱིས་ཤིན་ཏུ་མཁྱེན།། ལྷའི་བུ་མངོན་པར་འདུ་བྱེད་པ་ལ་མཁས་ཀྱིས་གསོལ་པ། ཆགས་པ་གང་གི་ལས་དེ་རྣམས།། ཉོན་མོངས་གང་གིས་འདུ་བགྱིས་པའི།། ཉོན་མོངས་དེ་དག་ཡང་དག་མཁྱེན།། དེ་བས་ཁྱོད་ནི་བདག་གི་མགོན།། ལྷའི་བུ་འགྲོ་བ་ལ་མལས་པས་གསོལ་པ། འགྲོ་བ་གང་དུ་ལས་གང་གིས།། མཆིས་ཤིང་སྒྲིབ་པ་གང་རྙེད་ནས།། འབྲས་བུ་ཐོབ་པར་མི་འགྱུར་བ།། དེ་ཀུན་སྤུན་ལྡན་ཁྱོད་ཀྱིས་མཁྱེན།། ལྷའི་བུ་དམིགས་པ་ལ་མཁས་པས་གསོལ་པ། འགྲོ་བ་རག་ཏུ་སྐྱེས་རྣམས་ཀྱི།། གང་གི་ལས་རྣམས་སྨིན་གྱུར་བའི།། དམིགས་པ་ཁྱོད་ཀྱིས་རབ་མཁྱེན་ཏེ།། དེ་ལ་ཁྱོད་ཀྱི་བློ་གྲོས་འཇུག། ལྷའི་བུ་བགཅས་ཁ་མ་མས་ཀྱིས་མསོལ་པ། འགྲོད་པ་འགྲོ་བར་མརྣམས་ཀྱིས།། རྩཝ་ཅན་བགྱིས་པའི་མིག་ལས་དང་།། དེ་བཞི་དགེ་པའི་ལས་ནས་སུཧཱ། བསྟཙུགས་རྡོ་། རབ་ཏུ་མཁྱེན།། ལྷའི་བུ་ལ་སཱ་ལ་མཁས་ཀྱིས་གསོལ་པ། འགྲོ་བར་འབྱུང་པོ་ཐམས་ཅད་ཀྱི།། རྙིང་དང་གསར་དང་སྐད་མ་དང་།། ལས་རྣམས་གསུམ་པོ་ཁྱོད་ཀྱིས་མཁྱེན།། དེ་ལ་སོ་སོའི་སྐྱེ་བོ་འཁྲུལ། ། ལྷའི་བུ་རྣམ་པར་སྨིན་པ་ལ་མཁས་ཀྱིས་གསོལ་པ། ཆུང་ཞིང་རྣམ་སྨིན་ཆེ་བ་དང་།། ཆེ་ཞིང་རྣམ་སྨིན་ཆུང་བ་དང་།། ཆུང་ངམ་ཆེ་འམ་མཉམ་པའང་རུང་། དེ་ལ་མུ་སྟེགས་ཅན་རྣམས་རྨོངས།། ལྷའི་བུ་ལས་ལ་མཁས་ཀྱིས་གསོལ་པ། ཚེ་འདིའི་ལས་རྣམས་གང་ལགས་དང་།། སྐྱེས་བུའི་ལས་རྣམས་གང་ལགས་དང་།། ལན་གྲངས་གཞན་གྱི་གང་ལགས་པ། ། དེ་དག་སྤྱན་ལྡན་ཁྱོད་ཀྱིས་མཁྱེན།། ལྷའི་བུ་ཚེ་འདི་ལ་མྱོང་བར་འགྱུར་བ་ལ་མཁས་ཀྱིས་གསོལ་པ། ཚེ་འདི་ལ་ནི་གང་བགྱིས་པའི།། ལས་ཀྱི་རྣམ་སྨིན་མི་གང་དག། མྱོང་བར་འགྱུར་བ་གང་དག་ལ།། སོ་སོའི་སྐྱེ་བོ་རྨོངས་པ་མཁྱེན།། ལྷའི་བུ་སྐྱེས་ནས་མྱོང་བར་འགྱུར་བ་ལ་མཁས་ཀྱིས་གསོལ་པ། གང་གིས་ལས་གང་བསགས་བྱུར་ཏེ། ། སྐྱེས་ནས་རྣམ་པར་སྨིན་གྱུར་པ།། གང་ལ་འཇིག་རྟེན་གཏིང་མི་རྙེད།། ཤེས་རབ་ཆེན་པོས་དེ་ཡང་མབྱོན།། ཞྭའི་བུ་ལན་ཟངས་གཞན་ན་མྱོང་བར་འགྱུར་བ་ལ་མའས། ཀྱིས་གསོལ་པ། ལས་གང་བསྐུལ་པ་བྱེ་བ་ཡི།། ཕྱི་དུས་རྣམ་པར་སྤྲིན་འགྱུར་ཞིང་།། དུས་གཞན་དག་ན་ཡང་འབྱུང་བ།། དེ་དག་ཡང་དག་ཉིད་དུ་མཁྱེན།། ལྷའི་བུ་ཡོངས་སུ་མ་སྨིན་པར་མྱོང་བར་འགྱུར་བ་ལ་མཁས་ཀྱིས་གསོལ་པ། ལས་རྣམས་གང་ཞིག་བགྱིས་གྱུར་པ།། ཡོངས་སུ་སྨིན་པར་མ་གྱུར་ན།། དེ་སྲིད་འབྲས་བླ་མི་འབྱིན་པ།། རྐང་གཉིས་མཆོག་གིས་དེ་ཡང་མཁྱེན། ། ལྷའི་བུ་ཡོངས་སུ་མ་སྨིན་པ་མྱོང་བར་གྱུར་པ་ལ་རྟོག་པས་གསོལ་བ། ལས་གང་དང་ནི་ལྡན་པས་ན།། སེམས་ཅན་འདིར་ནི་སྐྱེར་འགྱུར་བ།། ཕམ་པ་མེད་པས་དེ་མཁྱེན་ཏེ། ། ཡོངས་སུ་བརྟགས་ནས་རབ་ཏུ་མཁྱེན།། ལྷའི་བུ་ཡོངས་སུ་སྨིན་པར་མྱོང་བར་འགྱུར་བ་ལ་མཁས་པས་གསོལ་པ། ལས་ནི་ཇི་ལྟར་ཡོངས་སྨིན་ན།། འབྲས་བུ་དཀར་བར་འགྱུར་བ་མཁྱེན། ། དེ་ལ་ཁྱོད་ཀྱི་ཡེ་ཤེས་འཇུག། དེ་དག་སྟོང་པར་རྣམ་པར་མཁྱེན།། ལྷའི་བུ་ཡོངས་སུ་སྨིན་པར་མྱོང་བར་འགྱུར་བ་ལ་ངེས་པས་གསོལ་པ། ཐམས་ཅད་མཁྱེན་པས་ལཱས་ཀྱི་རྣམས། ། ཁྲི་དང་ཡང་བར་རབ་ཏུ་མཁྱེན།། སེམས་ཅན་བསམ་པ་ཐུགས་སུ་རྒྱུད།། དེ་སླང་བཅོམ་ལྡན་བདག་གི་བླ།། ལྷའི་བུ་ལླཱི་ཡང་ལ་མཁས་ཀྱིས་གསོལ་པ།། ལས་གང་གིས་ནི་སེམས་ཅན་རྣམས། ། ངན་སོང་མཆི་བར་འགྱུར་བ་དང་།། ལྕི་བ་དང་ནི་ཡང་བ་གཟིགས།། དེ་ཤེས་མཁྱེན་པས་རབ་ཏུ་མཁྱེན།། ལྷའི་བུ་སེམས་ཅན་གྱི་སྤྱོད་པ་ལ་མཁས་ཀྱིས་གསོལ་པ། སེམས་ཅན་སྤྱོད་པ་ཉེར་བཟུང་ཞིང་།། ལས་ཀྱི་སྲི་དང་ཡང་བ་དག། དཔའ་བོ་ཁྱོད་ཀྱིས་རབ་ཏུ་མཁྱེན།། མུ་སྟེགས་ཅན་རྣམས་དེ་ལ་མོངས། ཁྭའི་བུ་སེམས་ཅན་སྤྱོད་པ་ལ་སྤྱོད་པས་གསོལ་པ། སེམས་ཅན་སྤྱོད་པ་དཔྱད་མཛད་ཅིང་།། ལས་ཀྱི་རྣམ་པར་སྨིན་པ་བསྟན།། བོར་བུའི་ཆུ་དང་བདྷཱའི་ཆུ།། ལན་ཚུས་པ་རྣམ་པར་བསྟན་པ་བཞིན། ལྔའི་བུ་ལས་ལ་མ་བས་ཀྱིས་གསོལ་བ། སློབ་དང་མི་སློབ་རྣམ་པར་སྨིན།། རྐང་གཉིས་དམ་པ་སྟོན་མཛད་ཅིང་།། ཀུན་ནས་ཉོན་མོངས་ལས་མྱོང་ནས། ལས་ནི་ཟད་པར་འགྱུར་བ་བསྟན།། ལྷའི་བུ་སངས་རྒྱས་ཀྱི་ཡེ་ཤེས་ལ་རེག་པར་བྱེད་པས་གསོལ་པ། སངས་རྒྱས་སྤྱན་གྱིས་ཁམས་གསུམ་ན།། ལས་ཀྱི་འབྲས་བུ་རྟེན་པ་ཡི།། བྱིས་པ་དགྲ་དང་མཁས་པ་གཟིགས།། ཕྲ་གཟིགས་ཁྱོད་ལ་ཕྱག་འཚལ་ལོ། ། ལྷའི་བུ་ལས་ཟད་པར་བྱེད་པས་གསོལ་པ། འཇིག་རྟེན་དག་ན་རྣམ་འདྲེན་ཁྱོད།། སེམས་ཅན་རྣམས་ཀྱི་ཤི་འཕོ་དང་།། སྐྱེ་བ་ཀུན་ལ་ཡེ་ཤེས་འཇུག། མཁྱེན་པས་འཇིགས་མེད་ཕྲག་ཀྱང་འཚུལ། ། ལྷའི་བུ་དམིགས་པ་མེད་པ་ལ་སྤྱོད་པས་གསོལ་པ། འཆི་འཕོ་བ་དང་སྐྱེ་དང་ལས།། འགྲོ་དང་དེ་བཞིན་སེམས་ཅན་རྣམས།། ནམ་སྨིན་རྨི་ལམ་འདྲར་བསྟན་པ་འདྲེན་པ་རྐང་གཉིས་མཆོག་གིས་མཁྱེན། ། ལྷའི་བུ་ཉོན་མོངས་པ་ལ་རྟོགས་པས་གསོལ་པ། ཇི་ལྟར་རྨི་ལམ་སྐོམ་པ་ཞིག། ཤིན་ཏུ་བསིལ་བའི་ཆུ་འཐུངས་བཞིན།། རྐང་གཉིས་མཆོག་ཁྱོད་འདོད་ཆགས་དང་། ། ཞེ་སྡང་གཏི་མུག་རྣམས་ཀྱང་ཟད།། ལྷའི་བུ་ཡོངས་སུ་རྟོག་པ་དང་བྲལ་བས་གསོལ་པ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། ཡོངས་སུ་རྟོག་ལས་སྐྱེས་པ་སྟེ། རྨི་ལམ་དགའ་བར་རྩེ་བ་བཞིན།། སྨྲ་མཆོག་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ཡོངས་སུ་རྟོག་པ་ཞི་བར་བྱེད་པས་གསོལ་པ། ཡོངས་སུ་རྟོག་པ་རབ་ཞི་བས།། ཉོན་མོངས་ཟད་པ་རབ་བསྟན་ཏེ། ། རྨི་ལམ་ན་ནི་སྤྲིན་མེད་ལྟར།། མི་མཆོག་ཁྱོད་ཀྱིས་རབ་ཏུ་བསྟན།། ལྷའི་བུ་ཟབ་པ་ལ་རྟོག་པས་གསོལ་པ། རྨི་ལམ་ཆར་ཆེན་འབབ་པ་ལྟར།། དེ་བཞིན་ཟག་པ་རྣམས་འབྱུང་བར། ། ཟག་པ་འབྱུང་བ་མཁས་པ་པོ།། དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན།། ལྷའི་བུ་རྨི་ལམ་རྟོག་གིས་གསོལ་པ། རྨི་ལམ་ཆར་ཆེན་འབབ་པ་ལྟར།། དེ་བཞིན་ཟག་པ་རྣམས་འབྱུང་སྟེ། ། ནོར་པ་རྣམས་ལ་ཟག་འགྱུར་བར།། དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན།། ལྷའི་བུ་ཇི་ལྟ་བ་བཞིན་དུ་རྟོག་པས་གསོལ་པ། ཇི་ལྟར་བུ་མོའི་རྨི་ལམ་ན།། བུ་ཞིག་བྱུང་ལ་ཤི་འཕོས་ནས། ། དགའ་དང་སྡུག་བསྔལ་ཚོར་འགྱུར་བ།། དེ་བཞིན་འགྲོ་བ་ཁྱོད་ཀྱིས་གཟིགས།། ལྷའི་བུ་རྨི་ལམ་རྟོགས་པས་གསོལ་པ། རྨི་ལམ་དག་ན་མགོ་བཅད་བཞིན།། ཁྱོད་ཀྱིས་ཟག་པ་ང་པ་གཟིགས། ། དེ་ནི་མཁས་པ་རྣམས་ལ་བསྟན།། ཐམས་ཅད་གཟིགས་ལ་ཕྱག་ཀྱང་འཚལ།། ལྷའི་བུ་བློ་གྲོས་ངེས་པར་རྟགས་ཀྱིས་གསོལ་པ། ཆོས་ཀུན་མཁྱེན་པ་ཁྱོད་ཀྱིས་ནི།། ཇི་ལྟར་རྨི་ལམ་མཛད་ཟད་དང་། ། དྲལ་བ་ཡང་དག་མ་མཆིས་གཟིགས།། འགྲོ་བ་ཇི་བཞིན་ཚིམ་པར་མཛད།། ཝཱའི་བུ་ཡེ་ཤེས་ཡིད་ཀྱིས་གསོལ་པ། ཁྱོད་ཀྱི་དམ་པའི་ཆོས་སྟོན་པ། ། ཐོས་ནས་ཡིད་ནི་དགའ་འགྱུར་ཏེ།། རྨི་ལམ་དག་ན་རྨི་བསྟན་བཞིན།། དེ་ལྟར་རྒྱལ་བས་བསྟན་པ་མཛད།། ཁྲུའི་བུ་ཡོངས་སུ་དགའ་བའི་ཡིད་ཀྱིས་གསོལ་པ། མེ་ལོ་གཟུགས་བརྙན་སྣང་བ་བཞིན། ། འགྲོ་བ་མཐའ་དག་གཟིགས་པས་ན།། བསམ་གཏན་མངའ་བ་ཁྱོད་ལ་ནི།། ལྷུརརྱ་བཅས་འཇིག་རྟེན་ཡིད་ཀྱང་དགྲའ།། ལྷའི་བུ་བློ་གྲོས་ངེས་པས་གསོལ་བ། ཐུབ་པ་པི་ཝང་སྒྲ་འདྲ་བའི།། ཁྱོད་ཀྱི་དམ་ཆོས་ཐོ་གྱུར་ན།། ལྷའི་བུ་རྣམས་ཀྱང་ཐེ་ཚོམ་བོར།། རྒྱལ་བ་མཆོག་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྒྱུམས་ཚིམ་གྱིས་གསོལ་པ། སྱཱ་མའི་མཁན་པོས་སྒྱུ་མ་དག། བྱིས་པ་རྨོངས་བྱེད་ཡོངས་བསྟན་ན།། མི་མཁས་དེ་ལ་རྨོངས་པར་འགྱུར།། སྒྱུ་མ་བཞིན་དུ་ཁྱོད་ཀྱིས་བསྟན།། ལྷའི་བུ་སྤྲུལ་པ་ལ་སེམས་པས་གསོལ་པ་ཇི་ལྟར་རྨི་ལམ་སྒྱུ་མཐོང་བ། ། དེ་ལྟར་ཁྱོད་ཀྱིས་བགྲོ་བ་གཟིགས།། མགོན་པོའི་བསྟན་པ་དེ་ཐོས་ན།། བདག་ཅག་ཐེ་ཚོམ་མ་མཆིས་སོ།། ལྷའི་བུ་སྒྱུ་མ་ལ་ངེས་པར་བྱུང་གིས་གསོལ་པ། སྒྱུ་མའི་མཁན་པོ་སྐྱེ་སྤྲུལ་ཀྱང་།། སྒྱུ་མ་ལགས་པར་འཚལ་བས་ན།། དེ་ལ་རྨོངས་པར་འགྱུར་མ་མཆིས།། དེ་བཞིན་ཁྱོད་ཀྱིས་འགྲོ་བ་གཟིགས།། ལྷའི་བུ་རྟོག་པའི་རྗེས་སུ་རྟོག་པས་གསོལ་པ། ཇི་ལྟར་བརྩོན་པའི་རྨི་ལམ་ན།། སངས་རྒྱས་སྐུ་གཟུགས་བརྟགས་པ་བཞིན།། དེ་ལྟར་རྟོག་པས་འཇིག་རྟེན་བསྐྱེད།། རྣམ་པར་འདྲེན་པ་ཁྱོད་ཀྱིས་གཟིགས།། ལྷའི་བུ་ཀུན་ཏུ་རྟོག་པ་འཇོམ་གྱིས་གསོལ་པ། ཀུན་རྟོག་འདོད་ཆགས་རྒྱུ་ལགས་ཏེ།། འདོད་ཆགས་དངོས་པོས་སྐྱེད་མ་ལགས།། རྟོག་པ་ངན་ལས་འདོད་ཆགས་བྱུང་།། དེ་ནི་རྣམ་འདྲེན་ཁྱོད་ཀྱིས་གཟིགས། ། ལྷའི་བུ་ཡོངས་སུ་ཤེས་པ་དང་ལྡན་པས་གསོལ་པ། རི་སུལ་དག་ནས་སྒྲ་བྱུང་བ།། བྲག་ཆོ་སེམས་ཅན་སྒྲ་མ་ལགས།། དེ་བཞིན་འཇིག་རྟེན་ཁྱོད་ཀྱིས་གཟིགས།། དེ་སླར་འཇིག་རྟེན་ཆགས་མི་མངའ། ། ལྷའི་བུ་སྟོན་པ་ལ་མཁས་པས་གསོལ་པ། སྒྲ་ནི་གང་ཡང་མ་མཆིས་ཏེ། སྤྲ་ནི་བྲག་ཆ་འདྲ་བ་ལགས།། འོན་ཀྱང་མི་དབང་ཁྱོད་ཀྱིས་བསྟན།། བྱིས་པ་མང་པོ་རབ་ཏུ་བཙུད། ། ལྷའི་བུ་ནན་ཏན་ལ་མཁས་པས་གསོལ་པ། ཆོས་རྣམས་དོན་ནི་གཞན་ལགས་ཀྱང་།། བྱིས་པ་རྣམས་ཀྱིས་གཞན་དུ་བརྟགས།། ནན་ཏན་ཆོས་ལས་ཤེས་པར་@གྱི། ། དེ་ལ་བདག་ནི་ཐེ་ཚོམ་ཆུད།། ལྷའི་བུ་དོན་གྱི་རྗེས་སུ་འདྲང་བས་གསོ་བ། ཆོས་དོན་ཡང་དག་གང་ལགས་བྱ།། དེ་ནི་སྲས་ཀྱང་མ་རྟོགས་ཤིང་།། སྲས་ཀྱང་མ་བསྟན་འཚལ་མགྱུར། ། དེ་སྐད་ཐུབ་པའི་མཆོག་གིས་གསུངས།། ཁྭའི་བུ་ཆོས་ཀྱི་བར་རྟོགས་པས་གསོལ་པ། ཟག་དང་དྲི་མ་ཉོན་མོངས་དང་། བས་ཆགས་དང་ནི་ནོས་དང་ཏོག། ཀུན་ནིཿ་ཉོན་མོངས་རྣམ་དག་ལ། ། ཐུབ་པ་བརྡ་ཡི་ཚིག་ཀྱང་ལགས།། ལྷའི་བུ་ཀུན་ཏུ་རྟོག་པ་ལ་མཁས་པས་གསོལ་བཱ། ཀུན་ནས་ཉོན་མོངས་རྣམ་དག་དང་།། ཟག་པ་དག་དང་ཉོན་མོངས་དང་། ། ངག་དང་བཤད་དང་ཉེ་དུ་དང་།། སྟོན་པ་འདི་ཀུན་མིང་ཙམ་ལགས།། ལྷའི་བུ་མི་གནས་པའི་བློ་གྲོས་ཀྱིས་གསོལ་པ། ཁམས་གསུམ་རྣམས་ལ་མ་ཆགས་ཏེ། ནམ་མཁའ་འདྲ་བའི་ཐུགས་མངབ་པ།། བྲལ་བར་གྱུར་ཅིང་སྦྱིན་པའི་གནས།། ཞི་བའི་སེམས་ལ་ཕྱག་ཀྱང་འཚལ།། ལྷའི་བུ་མ་གོས་པས་གསོལ་པ། ཐུབ་པ་ཁྱོད་ཀྱིས་ཐུགས་ཡིང་ནི། གཟུགས་དང་གཟུགས་མེད་མི་གནས་ཤིང་།། འདོད་དང་མྱ་ངན་འདས་པ་ལ།། གནས་པ་མ་མཆིས་པར་སྣང་འདྲ།། ལྷའི་བུ་རེ་བ་མེད་པས་གསོལ་བ། འདོད་པའི་ཁམས་ལ་རེ་བ་སྤངས།། གཟུགས་དང་གཟུགས་མེད་གཉིས་ཀར་མིན།། འདུ་འཛི་དག་དང་བྲལ་གྱུར་པ།། སྲེང་ཟད་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྲེད་པ་ཕྱུང་བས་གསོལ་པ། འབྱུང་བ་དག་དང་འཇིག་པ་ལ། ། ཁྱོད་ཀྱི་སྲིད་པ་ཡང་དག་ཆད།། ཁམས་གསུམ་ཀུན་ལ་ཆགས་མི་མངའ།། རྣམ་པར་འདྲེན་ལ་ཕྲག་ཀྱང་འཚལ།། ལྷའི་བུ་སྲེད་པ་ཟིལ་གྱིས་གནོན་གྱིས་གསོལ་པ། འཇིག་རྟེན་འདི་དག་ཟིལ་མནན་ནས། ། ཁྱུ་མཆོག་དམ་པ་སྤྱོད་མཛད་ཅིང་།། སེམས་ཅན་འཇིག་རྟེན་སྒྲོལ་མཛད་པ།། ཐུགས་བརྩེ་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་སྲེད་པ་དང་བྲལ་བས་གསོས་པ། ཀུན་ཏུ་བྷྱོ་དང་ཕྲལ་པ་སྟེ། ཡང་ཐཾང་བས་པས་ར་གྱུར་བ།། དག་པའི་བདག་ཞི་དག་པའི་སེམས།། དུས་སྦྲུལ་ལ་བླག་ལ་ཏོ།། ཝཱ་རི་དྲ་དྷི། བ་བཱ་ཞི་དུ་། གསོལ་པ། ཆོས་རྣམས་ཐམས་ཅད་དངོས་མེད་པ།། ཇི་བཞིན་དཔའ་བོ་ཁྱོད་ཀྱིས་མཁྱེན།། བཅིངས་པ་མ་མཆིས་གྲོལ་མ་མཆིས།། ཡང་དག་གཟིགས་ལ་ཕྱག་ཀྱང་འཚལ།། ལྷའི་བུ་འདམ་ལས་བརྒལ་བས་གསོལ་པ། འདོད་པའི་འདམ་ལས་བརྒལ་བ་སྟེ།། དེ་བཞིན་སྲིད་པའི་འདམ་ལས་བརྒལ།། གཟིགས་པ་མི་མངའ་ལེན་མི་མངའ།། ཡང་སྲིད་བརྒལ་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ཟང་ཟིང་སྤངས་ཀྱིས་གསོལ་པ། ཟང་ཟིང་སྤངས་ཤིང་དྲི་མ་སྤངས།། རེ་བ་སྤངས་ཤིང་སྡིག་པའང་སྤངས།། སངས་རྒྱས་སྒྲིབ་པ་རྣམ་སྤངས་པ།། དོན་རྟོགས་ཁྱོད་ལ་ཕྱག་ཀྱང་འཚལ། ། ལྷའི་བུ་རེ་བ་སྤངས་ཀྱིས་གསོལ་པ། དོན་དང་དོན་མ་ལགས་པ་སྤངས།། ཆགས་པ་མི་མངའ་ངེས་རྟོགས་པ།། བདུད་ཀྱི་ཞགས་ལས་རྣམ་འདས་པ།། ལེན་མེད་ཁྱོད་ལ་ཕྱག་ཀྱང་འཚལ། ། ལྷའི་བུ་ཕན་པར་འདོད་པས་གསོལ་པ།། བདག་ཉིད་དང་ནི་གཞན་རྣམས་ཀྱི།། ལམ་གང་ཉོན་མོངས་རིམ་མེད་པ།། སྒྲིབ་པ་མེད་པར་གཟིགས་པ་པོ།། དཔའ་ཆེན་ཁྱོད་ཀྱིས་དེ་ཡང་གཟིགས། ། ལྷའི་བུ་གྲགས་པ་ཐོབ་ཀྱིས་གསོལ་པ། འདྲེན་པ་འཇིག་རྟེན་རྣམ་གྲགས་པ།། ཁྱོད་ཀྱིས་མཁྱེན་ལ་རྩོན་པ་རྣམས།། ཇི་སྐད་བསྟན་བཞིན་རབ་རྟོགས་ན།། ཉོན་མོངས་རྣམས་ནི་ནུབ་བྱར་འགྱུར། ། ལྷའི་ཟླ་འཇིགས་པ་མེད་པས་གསོན་པ། ཆོས་རྣམས་ཀུན་ལྷ་ངེས་པས་ན།། སྔོ་བགང་ཡང་སོང་མ་གཟིགས།། ཡེ་ཤེས་རྒྱུ་མམ་བསྙེངས་པར། ། སེང་ཀའི་སྒྲ་ནི་ཀློག་པར་མཛད།། ལྒའི་བུ་གང་ནས་ཀྱང་འཇིགས་པ་མེད་པས་གསོལ་པ། འཇིགས་པ་ཀུན་ལས་ཡང་དག་བརྒལ།། ཟུག་རྔུ་ཐམས་ཅད་ཀུན་ཏུ་བཏོན། བསྙེངས་པ་མི་མངའ་ཞུམ་མི་མངའ།། ཐམས་ཅད་ཟིལ་གནོན་ཕྱག་ཀྱང་འཚལ།། ལྷའི་བུ་གནས་མེད་ཀྱིས་གསོལ་པ།། ལྷ་རྣམས་དང་ནི་དྲི་ཟ་དང་།། བདུད་དང་ཚངས་པར་བཅས་པ་ཡིས། ། ཁྱོད་ཀྱི་ཆོས་ལ་བརྒལ་མི་ནུས།། དེ་བས་ཁྱོད་ལ་བསྙེངས་མི་མངའ།། ལྷའི་བུ་སེང་གེ་རྩལ་གྱིས་གསོལ་པ། ཆོས་རྣམས་ཐམས་ཅད་ཡོངས་མཁྱེན་པས།། སངས་རྒྱས་གྱུར་ལ་འཇིགས་མི་མངའ། ། བདག་ལ་ཆོས་ཀྱིས་སུས་རྒོལ་ཞེས།། བདེ་གཤེགས་ཁྱོད་ལ་དོགས་མི་མངའ།། ལྷའི་བུ་སྐྲག་མེད་ཀྱིས་གསོལ་པ། སེང་གེ་རི་སུལ་གནས་པ་ནི།། འཇིགས་པ་མ་མཆིས་སྐྲག་མ་མཆིས།། རི་དགས་ཕྲ་མོ་ཡོངས་བཏུལ་ཏེ།། སྤུ་བཀོད་ནགས་ན་ང་རོ་སྒྲོག། དེ་བཞིན་ཐམས་ཅད་མཁྱེན་པ་ཡང་།། མུ་སྟེགས་ཅན་རྣམས་ཡོངས་སྐྲག་སྟེ། ། ཝཌྒ་དྲི་བའི་འཇིག་རྟེན་ན།། མཚུངས་མེད་གཟིགས་ནས་གསུང་ཡང་ལྡོག། ཀྭའི་བུ་ཐམས་ཅད་ཟིལ་པནོན་གྱིས་གསོལ་པ། འཇིག་རྟེན་རྣམའི་དྲིན་འཇིག་རྟེན་ན། རྒྱས་ཅིད་ལ་བསོད་བགྱིད་པ།། འཇིག་རྟེན་གསུམ་ནམ་མཆིས་ཏེ།། དེས་ན་རྒྱལ་བ་བདག་གི་སྟབས།། ལྷའི་བུ་སེང་གེའི་བློ་ཐོས་ཀྱིས་གསོལ་པ། ཐམས་ཅད་མཁྱེན་པ་རྣམས་ཅ་གཟིགས། ། ཆོས་རྣམས་ཀུན་ལ་འཇིགས་མི་མངའ།། ཁྱོད་འདྲ་འཇིག་རྟེན་མ་མཆིས་ཏེ།། ཅིས་མི་བསྙེངས་ལ་ཕྱག་ཀྱང་འཚལ།། ལྷའི་བུ་རྗེས་སུ་མཐུན་པར་སྐྱེས་ཀྱིས་གསོལ་པ། སངས་རྒྱས་ཉིད་དུ་དམ་བཅས་ན།། འདི་ན་ཁྱོད་ལ་རྒོལ་མ་མཆིས།། འཇིག་རྟེན་འདྲེན་པ་ཆོས་ཀྱིས་ནི། ཁྱོད་ལ་གང་རྒོལ་དེ་མ་མཆིས།། ལྷའི་བུ་མཛོད་འཛིན་གྱིས་གསོལ་པ། སེང་གེའི་ང་རོ་གསུང་བསྒྲགས་ཏེ།། ཁྱོད་ཀྱིས་ཆོས་ཀྱི་མཛོད་བཟུང་བས།། སྲོག་ཆགས་བྱེ་བ་སྟོང་དག་གིས།། བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད།། ལྷའི་བུ་བརྡལ་ཞུགས་རྗེས་སུ་མཐུན་གྱིས་གསོལ་པ། སངས་རྒྱས་རྗེས་མཐུན་བརྟུལ་ཞུགས་ཅན།། དཔའ་ཆེན་དེ་དག་ཐོབ་ཆེན་ཐོབ།། བྱང་ཆུབ་མཆོག་ཏུ་སེམས་བཏུད་ཅིང་།། གང་ཟག་མཆོ་ཏུ་དེ་དག་འགྱུར། ། ལྷའི་བུ་རྗེས་སུ་མཐུན་པའི་ཆོས་ལ་དགའ་བས་གསོལ་པ། ཁྱོད་ཀྱིས་བསྟན་པ་སུས་ཐོས་ཏེ།། བྱང་ཆུབ་མཆོག་ཏུ་སེམས་བཏུལ་བས།། དེ་དག་འཇིག་རྟེན་སེམས་ཅན་ཆེ། ། གང་ཟག་མཆོག་ཏུ་དེ་དག་འགྱུར།། ལྷའི་བུ་སེམས་དག་པས་གསོབ། འཇིག་རྟེན་དག་ན་རྒོལ་མེད་པའི།། རྫོགས་པའི་སངས་རྒྱས་གསུང་ཐོས་ནས་སྲོག་ཆགས་བྱེ་བ་སྟོང་དག་གིས། ། བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད།། ལྷའི་བུ་སེམས་རྒྱུན་ཡོངས་སུ་དག་པས་གསོལ་པ། ཡུན་རིང་དུས་ན་མི་དབང་གིས། ། སངས་རྒྱས་བསྒྲུབ་ལ་ལེགས་བསླབས་པས།། དེ་སླད་ཁྱོད་ནི་ཐུགས་རྒྱུད་དག། མཚན་རབ་སུམ་ཅུ་གཉིས་དང་ལྡན།། ལྷའི་བུ་ཟག་པ་མེད་པའི་ཡིད་ཀྱིས་གསོལ་པ། ཟག་པ་ཟད་པའི་སངས་རྒྱས་ཀྱི།། སེང་གེའི་ང་རོ་བསྒྲགས་མཛད་དེ།། དམ་བཅའ་བ་ལ་མངོན་ཞུགས་ན།། རྒོལ་བ་འདི་ན་ཡོང་མ་མཆིས།། ལྷའི་བུ་དེ་ཁོ་ནའི་རྗེས་སུ་སོང་བས་གསོལ་པ། ཁྱོད་ཀྱི་གསུང་ལ་སྨྲ་འགྱུར་བའི། ལྷ་དང་ལྷའི་བུ་མི་དག་ནི།། འཇིག་རྟེན་གསུམ་ན་མ་མཆིས་ཏེ།། དེས་ན་ཐུབ་པ་སྟོབས་དང་ལྡན།། ལྷའི་བུ་ཟག་པ་ཟད་པ་ལ་མཁས་པས་གསོལ་པ། དགེ་སྦྱོང་དམ་པའི་ཟག་པ་ནི། མ་ལུས་ཡོངས་སུ་བས་པ་སྟེ། འདི་ན་ཁྱོད་ལ་རྒོལ་མ་མཆིས།། དེས་ན་སངས་རྒྱས་བདག་གི་པ།། ལྷའི་བུ་རྟག་ཏུ་བརྩོན་གྱིས་གསོལ་པ། ཁྱོད་ལ་ཉོན་མོངསོ་ལུས་སོ་ཞེས། ། མི་དབང་ཁྱོད་ལ་གང་རྒོལ་བ།། རྣམ་པ་ཀུན་ཏུ་མི་དམིགས་ཏེ། དེས་ན་སངས་རྒྱས་བསྙུངས་མི་མངའ།། ལྷའི་བུ་སེམས་ཞི་བས་གསོལ་པ། འདོད་ཆགས་ཞེ་སྡང་ཞི་བ་སྟེ། ། གཏི་མུག་བག་ཆགས་བཅས་པ་ཞི།། ཉེས་སྤྱོད་ལས་ཀྱང་ཞི་བས་ན།། སེམས་ཞི་ཁྱོད་ལ་ཕྱག་འཚལ་ལོ།། ལྷའི་བུ་རྣལ་འབྱོར་སྤྱོད་པས་གསོལ་པ། རྣལ་འབྱོར་གང་གིས་ཉོན་མོངས་གང་།། བས་པར་འགྱུར་བར་ལྟ་བའི་ཚེ།། དེ་ལ་ཁྱོད་ཀྱིས་མཁྱེན་ཀུན་འཇུག། དེས་ན་ཁྱོད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་རྣལ་འབྱོར་ལ་མཁས་པས་གསོལ་པ། འདྲེན་པས་གང་ལ་བསླབས་པ་ཡི།། རྣལ་འབྱོར་ཚོགས་ནི་མཐའ་ཡས་ཏེ།། ཐམས་ཅད་མཁྱེན་པ་དེ་སྐད་དུ།། ཉོན་མོངས་ཐམས་ཅད་པ་ལུས་པས།། ལྷའི་བུ་རྣལ་འབྱོར་བློ་ཐོས་ཀྱིས་གསོལ་པ། འཇིག་རྟེན་སྒྲོན་མ་ཁྱོད་ཀྱི་བློ།། རྣལ་འབྱོར་ལས་ནི་ཉམས་མ་མཆིས།། དེས་ན་ཁྱོད་ཀྱིས་ཉོན་མོངས་ཀུན།། བག་ཆགས་བཅས་པར་ཡོངས་སུ་བསལ། ། ལྷའི་བུ་ཞི་བ་རིགས་པས་གསོལ་པ། ཉོན་མོངས་ཐམས་ཅད་ཞིར་གྱུར་ནས།། བག་ཆགས་མ་ལུས་ཡོངས་སུ་བསལ།། བསྙེངས་པ་མི་མངའ་རྒྱལ་སྲས་དང་།། ཅིས་ཀྱང་མི་བསྙེངས་སྤྱོད་པ་མཛད། ། ལྷའི་བུ་ཟག་པ་ལ་རྟོགས་པས་གསོལ་པ། ཐུབ་པ་ཐམས་ཅད་མཁྱེན་པ་ཁྱོད།། ཉོན་མོངས་བག་ཆགས་བཅས་པར་བྱས།། འཇིག་རྟེན་སྒྲོན་མ་ཁྱོད་ལ་ནི། ། མཚུངས་པ་གང་ཡང་མི་དམིགས་སོ།། ལྷའི་བུ་བག་ལ་ཉལ་ཕྱུང་གིས་གསོལ་པ། ཁྱོད་ཀྱིས་བག་ཆགས་མ་ལུས་བསལ།། ཁྱོད་ལ་སྐྱོན་དྲི་ཡོང་མ་མཆིས།། དེ་སྤང་སངས་རྒྱས་ཐམས་ཅད་མཁྱེན། ། ལྷ་རྣམས་ཀུན་གྱི་ཐུབ་པའི་ཐུབ།། ལྷའི་བུ་མཐའ་ན་གནས་པས་གསོལ་པ། ཟག་པ་རྣམས་ནི་སྤངས་པས་ན།། སྐྱེ་བ་ཡང་སྐྱེ་མ་ལགས་ཏེ།། ཐུབ་པ་ཁྱོད་མྱེ་ཐ་མ་པ། ། དེས་ན་མགྲོན་པོ་བསྙེངས་མི་མངའ།། ཝཱའི་བུ་ཆུད་བསྲུང་གིས་གསོལ་པ། དཔའ་བོ་ཁྱོད་ཀྱིས་ས་བོན་སྤངས།། སྡུག་བསྔལ་མུ་ཀླུ་ཚིག་པར་གྱུག། མྱ་ངན་འཁྲི་ཤིང་རྣམ་པར་བསྐམས།། གདུང་བ་མེད་ལ་ཕྱག་ཀྱང་འཚལ།། ལྷའི་བུ་ཤིང་བཏགས་བཏོན་གྱིས་གསོལ་པ། ཐུབ་པ་ཐམས་ཅད་མཁྱེན་པ་ཁྱོད།། མ་རིག་ཤིང་བཏགས་རྣམས་ཀྱང་བསལ། ། སངས་རྒྱས་སྤྱོད་པ་རྣམ་པར་སྦྱངས།། དེ་བས་སྟོན་པ་བསྙེངས་མི་མངའ།། ལྷའི་བུ་སྲིད་པའི་ཕ་རོལ་ཏུ་སོང་བས་གསོལ་པ། སྲིད་པའི་མཚོ་ལས་ཡང་དག་བརྒལ། ། རྣམ་པར་འདྲེན་པ་བྱ་བ་བྱས།། ཁྱོད་ཀྱིས་སྣང་བ་ཡང་དག་ཕྱུང་།། འཇིགས་མེད་ཁྱོད་ནི་དོན་ཀྱང་གྲུབ།། ལྷའི་བུ་མྱ་ངན་ལས་འདའ་བར་འགྲོ་བས་གསོལ་བ།། ཐམས་ཅད་མཁྱེན་པཞིར་གྱུར་པ། ། ཉོམ་མོངས་ཐམས་ཅད་རབ་ཏུ་ཤིག། བག་ཆགས་རྡུལ་ཙམ་ཡོང་མི་མངའ།། མགོན་པོ་ཁྱོད་ལ་ཕྱག་ཀྱང་འཚལ། ལྷའི་བུ་ཆོས་ཀྱི་རྒྱལ་མཚན་གྱིས་གསོལ་པ། ཁྱོད་ཀྱིས་ཆོས་ཀྱི་རྒྱལ་མཚན་བསྔངས།། ང་རྒྱལ་རྒྱལ་མཚན་རབ་ཏུ་བསྣོལ།། ཆོས་ཀྱི་ལམ་སྲང་མཐའ་ཡས་པ།། དཔའ་བོ་ཆེན་པོ་ཁྱོད་ཀྱིས་བསྟན།། ལྷའི་བུ་ཆོས། ཀྱི་འབྱུང་གནས་ཀྱིས་གསོལ་པ། སངས་རྒྱས་ཆོས་ཀྱི་འབྱུང་གནས་པོ།། ཐུབ་པ་ཆོས་རྣམས་ཀུན་མཁྱེན་པ།། སེམས་ཅན་ཀུན་གྱི་དགེ་བཤེས་གཉེན།། ཡེ་ཤེས་གཅོལ་བྱུག་ཀྱང་འཚལ། ། ཝའི་ཟླ་ཆོས་ཀྱི་གོས་ཅན་གྱིས་གསོལ་པ། ཁྱོད་ཀྱི་སྲས་པོ་འཇིགས་མེད་པ།། སེང་གེའི་དཱ་རོ་རྣམ་སྲོག་ཀྱང་།། རྒྱལ་སྲས་དེ་དག་ཆོག་མེད་ཅིང་།། སངས་རྒྱ་ཆོས་ཀྱི་དོན་གྱི་སྒོམ། ། ལྷའི་བུ་ཆོས་དོན་དུ་གཉེར་བས་གསོལ་བ། སངས་རྒྱས་ཆོས་རྣམས་དོན་གཉེར་བར།། ཁྱོད་ཀྱི་སྲས་རྣམས་སེམས་བསྐྱེད་ཅིང་།། ཁྱོད་ཀྱི་མི་འཇིགས་ཐོས་གྱུར་ནས། མཁས་པ་དེ་དག་བྱང་ཆུབ་ཚོལ།། ལྷའི་བུ་ཆོས་ཀྱིས་སྐོམ་གྱིས་གསོལ་པ། ཁྱོད་ཀྱི་མི་འཇིགས་ཐོས་གྱུར་ནས།། སངས་རྒྱས་ཆོས་རྣམས་བཙལ་བའི་ཕྱིར།། སྲོག་ཆགས་བྱེ་བ་སྐོམ་གྱུར་ཏེ། ། བརྩོན་འགྲུས་བརྟན་པ་རབ་ཏུ་རྩོམ།། །། བམ་པོ་བཅུ་གཅིག་པ།། ། ལྷའི་བུ་ཆོས་ཀྱིས་འཕགས་ཀྱིས་གསོལ་པ། སངས་རྒྱས་ཆོས་ཀྱིས་མངོན་འཕགས་ཤིང་། ། འཇིགས་པ་མེད་པར་འདུལ་མཛད་པའི།། གསུང་བའི་མཆོག་གྱུར་ཁྱོད་མཐོང་ནས།། བརྟུལ་ཞུགས་མཆོག་ཅན་བྱང་ཆུབ་འཚོལ།། ལྷའི་བུ་ཆོས་འཛིན་གྱིས་གསོལ་པ། ཐུབ་པ་ཟབ་ཅིང་བལྟ་དཀའ་བའི།། ཆོས་ནི་ཁྱོད་ཀྱིས་རབ་བསྟན་པ།། ཁྱོད་ཀྱི་སྲས་ཀྱིས་ཐོས་གྱུར་ནས།། དེ་དག་བླ་མེད་བྱང་ཆུབ་ཚོལ།། ལྷའི་བུ་ལྟ་བ་མེད་པས་གསོལ་པ། ཁྱོད་ཀྱི་སེང་གེའི་གསུང་ཐོས་ནས།། ཁྱོད་ཀྱི་སྲས་པོ་དཔའ་ངེས་པ།། ལུས་དང་སྲོག་ལ་མི་ལྔ་བར། བྱང་ཆུབ་དོན་ང་གཉེར་བ་བཞི་ཝའི་བུ་གཞན་དུ། མི་སེམས་པའི་བླཟས་ཀྱིས་གསོལ་པ། ཐུབ་པ་བསྒྲེངས་པ་མི་མངའ་བ།། ཁྱོད་ཀྱི་དམ་ཆོས་འདི་ཐོས་ནུས།། གཞན་དུ་སེམས་པ་མ་མཆིས་པར། བརྟུལ་ཞུགས་མཆོག་ཅན་བྱང་ཆུབ་ཆོལ།། ལྷའི་བུ་གཞན་དུ་མི་འགྲོ་བས་གསོལ་པ། མི་དབང་ཁྱོད་ཀྱི་གསུང་ཐོས་ནས།། ཐེག་པ་གཉིས་པོ་སྤངས་བགྱིད་ཅིང་།། ལམ་གཞན་དུ་ནི་མི་མཆིས་པར། ། བླ་ན་མེད་པའི་བྱང་ཆུབ་འཚོལ།། ལྷའི་བུ་ཉེ་བར་གནས་ཀྱིས་གསོལ་པ། སེང་གེའི་ང་རོ་འདི་བསྒྲགས་པ།། རྒྱལ་བའི་སྲས་ཀྱིས་ཐོས་གྱུར་ན།། བྱང་ཆུབ་མཆོག་ལ་ཉེར་གྱུར་ཅིང་། ། དེ་དག་རྐང་གཉིས་དམ་པར་འགྱུར།། ལྷའི་བུ་སྤོབས་པ་ཉེ་བར་གྱུར་པས་གསོལ་པ། གྲགས་ཆེན་ཁྱོད་ཀྱི་གསུང་བརྗོད་པའི།། སྤོབས་པ་དེ་ནི་ཐོས་གྱུར་ནས།། སངས་རྒྱས་ཆོས་ལ་ཁྱོད་ཀྱི་སྲས།། ཀུན་ཀྱང་དགའ་བ་རབ་ཏུ་སྐྱེད།། ལྷའི་བུ་སྤོབས་པ་ཐོབ་པས་གསོལ་པ། འཇིགས་མེད་ཁྱོད་ཀྱི་གསུང་བསྒྲགས་པ།། མ་སྤར་སྲས་ཀྱིས་ཐོས་མྱུར་ན། ། དེ་དག་སྤོབས་པ་ནམ་དུ་ཡང་།། སངས་རྒྱས་ཉིད་ལས་ཕྱིར་མི་ལྡོག།། ལྷའི་བུ་རྟག་ཏུ་རབ་དགས་གསོལ་པ། འཇིགས་མེད་ཁྱོད་ཀྱི་གསུང་བསྒྲུབས་པས།། སྤོབས་ཆེན་པོད་ཀྱི་སྲས་ཀྱི་རྣམས། ། རྟག་ཏུ་རབ་ཏུ་དགར་གྱུར་ཅིང་།། མ་སྤང་དེ་དག་བྱང་ཆུབ་འཆོལ། ལྷའི་བུ་ཡིད་ཞུམ་པ་མེད་པས་གསོལ་པ། ཁྱོད་ཀྱི་གསུང་བསྔགས་ཐོས་གྱུར་ནས། རྐང་གཉིས་རྣམ་པ་བྱོར་བྱམས། ། དག་བྲིང་རྣམ་པ་མ་གཅིས་པར། བྱང་ཆུབ་མཆོག་ནི་འརློ་པ་དུ། ཞྭའི་ཐུ་ཐོགས་མེད་མིང་ཙས་ལ། སྟོང་ག་ང་བས་རྣ་ས། སེམས་རངས་གྱུར་ཅིང་ཡིད་དགར་སྟེ། དེ་དག་ཡིད་ནི་ནམ་དུ་ཡང་། བྱང་ཆུབ་ཉིད་དུ་ཐོགས་མ་མཆིས།། ལྷའི་བུ་ཆོས་ལ་བར་ཅད་མེད་པ་ལ་མཐུས་པས་གསོལ་པ། ཆོས་རྣམས་ལ་བརྟེན་བགྱིས་ཀྱང་། ། དཀར་པོའི་ཕྱོགས་དག་མི་འགྲིབ་ཅིང་།། དེ་མི་བར་ཆད་མི་འགྱུར་བའི།། གནས་ནི་ཐུབ་པ་ཁྱོད་ཀྱིས་མཁྱེན།། ལྷའི་བུ་ཆོས་ངེས་པར་བསྟན་པ་ལ་མཁས་པས་གསོལ་པ། དཀར་པོའི་ཕྱོགས་ལ་སྤྱོད་པ་ལ། བར་ཆར་འབྱུང་བར་མི་འགྱུར་ཞིང་།། གནས་ཀྱང་མེད་པར་ཐུབ་པས་མཁྱེན།། དེས་ན་སྟོན་པ་བསྙེངས་མི་མངའ།། ལྷའི་བུ་ཆོས་ཀྱི་བོ་ཉིད་ལ་མཁས་པས་གསོལ་པ། དགེ་ལ་ཀུན་ནས་ཉོན་མོངས་པ།། ནག་པོའི་ཕྱོགས་ཀྱི་རང་བཞིན་ཏེ།། ཁྱོད་ཀྱི་ཐུགས་ནི་དེས་མི་གོས།། གནས་ཀྱང་མེད་པར་ཐུབ་པས་མཁྱེན།། ལྷའི་བུ་རིགས་པ་ལ་མཁས་པས་གསོལ་པ། ནག་པོའི་ཆོས་ནི་ནམ་དུ་ཡང་།། དཀར་པོའི་ཆོས་དང་མི་འགྲོགས་པ་རཾ།། རིགས་པར་བཅོམ་ལྡན་ཁྱོད་ཀྱིས་གསུངས།། དེས་ན་བཅོམ་ལྡན་བདག་གི་བླ། ། ལྷའི་བུ་དགེ་བ་དང་མི་དགེ་བ་རིག་པས་གསོལ་པ། ཆོས་རྣམས་ཐམས་ཅད་མ་འདྲེས་པར།། དཔའ་བོ་ཆེན་པོ་ཁྱོད་ཀྱིས་མཁྱེན།། ཀུན་ནས་ཉོན་མོངས་བརྟགས་བས་ན། ། དཀར་བའི་ཕྱོགས་ལས་འགྲིབ་པར་འགྱུར།། ལྷའི་བུ་ལམ་ལ་མ་བྱས་པས་གསོལ་པ། ཀུན་ནས་ཉོན་མོངས་སྤྱོད་པ་ལ།། དཀར་བའི་ཕྱོགས་ནི་མི་འབྱུང་སྟེ། ། དེ་ལྟར་འཚལ་བར་མ་གྱུར་ལ།། བར་ཆད་དུ་ནི་འགྱུར་བར་གསུངས།། ལྷའི་བུ་ཐར་པ་འདོད་ཀྱིས་གསོལ་པ། ནག་པོའི་ཕྱོགས་ལ་བརྟན་བགྱིད་ན།། ཐར་པ་འདོད་པ་མང་པོ་ཡི། ། བར་དུ་གཅོད་པར་འགྱུར་ཞེས་གསུངས།། དེས་ན་རྒྱལ་ཁྱོད་ཐམས་ཅད་མཁྱེན།། ལྷའི་བུ་དག་པའི་སེམས་ཀྱིས་གསོལ་པ། སེམས་གྲོལ་བགྱི་བ་གང་འཚལ་བའི།། ཀུན་ནས་ཉོན་མོངས་ཤེས་བྱ་ཞེས། ། དཔའ་བོ་ཆེན་པོ་ཁྱོད་ཀྱིས་གསུངས།། དེས་ཁྱོད་འཇིག་རྟེན་མཆོད་རྟེན་ལགས།། ལྷའི་བུ་ཉོན་མོངས་མཐོང་གིས་གསོལ་པ། ཀུན་ནས་ཉོན་མོངས་སྤྱོད་བགྱིད་པ། ། ཀུན་ནས་ཉོན་མོངས་མ་འཚལ་ན།། དམ་པའི་ཆོས་ནི་ཤེས་མི་ནུས།། དེ་སྐད་བདེ་བར་གཤེགས་པས་གསུངས།། ལྷའི་བུ་སྡིག་མཐོང་གིས་གསོལ་པ། ། སྡིག་པ་རྣམས་ལ་བརྟེན་བྱས་ཀྱང་།། དགེ་བ་མི་འགྲིབ་གང་སྨྲ་བ།། དེ་ནི་ཐར་ཆོས་སྐལ་མེད་ཅེས།། རྐང་གཉིས་དམ་པ་ཁྱོད་ཀྱིས་གསུངས།། ལྷའི་བུ་གདུལ་བར་བྱ་བས། གསོལ་པ། ཆགས་པ་གདུལ་བར་གང་འདོད་དང་།། ཞེ་སྡང་གཏི་མུག་གདུལ་འདོད་པས།། ཐུབ་པའི་སྤོབས་པ་ཅི་འདྲ་བ།། དེ་ལྟ་བུར་ནི་ནན་ཏན་བགྱི།། ལྷའི་བུ་ཀུན་ནས་ཅོན་མོངས་པ་དག་པས་གསོལ་པ། ངག་དང་ཀུན་ནས་ཉོན་མོངས་པ།། མི་མཁས་གང་རྣམས་མི་ཤེས་པ།། དེ་དག་སྟོན་པ་སངས་རྒྱས་མིན།། དེ་སྐད་དྲང་སྲོང་མཆོག་གིས་གསུངས།། ལྷའི་བུ་ཐར་པ་ལ་བརྩོན་པས་གསོལ་པ། ཉོན་མོངས་འགྲིབ་པར་འགྱུར་བའི་ཆོས།། རྒྱལ་བ་ཡིས་ནི་གང་བསྟན་པ།། དེ་སྟེན་ཉོན་མོངས་མི་ཟད་ཅེས།། ཁྱོད་ལ་རྒོལ་བ་ཡོང་མ་མཆིས། ལྷའི་བུ་ཐར་པ་ལ་མངོན་པར་ཕྱོགས་པས་གསོལ་པ། ཆོས་གང་ཉོན་མོངས་གང་གིས་རྣམས།། ཟད་འགྱུར་ཐུབ་པས་བསྟན་པ་ལ།། ཡང་དག་བརྩོན་བྱས་མི་ཟད་ཅེས།། རྒོལ་བ་འདི་ནི་ཡོང་མི་དམིགས། ། ལྷའི་བུ་རྣལ་འབྱོར་ལ་བརྩོན་པས་གསོལ་པ། རྒྱལ་བ་ཁྱོད་ཀྱིས་ཉན་ཐོས་ལ།། གང་གི་དོན་དུ་ཆོས་བསྟན་པ།། དེ་བརྩོན་བགྱིས་པས་མི་ཐོབ་ཅེས།། འདི་ན་ཁྱོད་ལ་རྒོལ་མ་མཆིས། ། ལྷའི་བུ་མི་འཇིགས་དཔལ་གྱིས་གསོལ་པ། འདོད་ཆགས་སྤང་ཕྱིར་མི་སྡུག་པ།། བསྟན་ལ་ཡང་དག་བརྩོན་བགྱིས་ན།། འདོད་ཆགས་ཟད་པར་མི་འགྱུར་ཞེས། ། ཁྱོད་ལ་རྒོལ་བ་ཡོང་མ་མཆིས།། ལྷའི་བུ་འགྲོ་བ་མེད་པ་རབ་ཏུ་ཤེས་ཀྱིས་གསོལ་པ། ཤིན་ཏུ་བསྙེངས་པ་མི་མངའ་བ།། ཞེ་སྡང་སྤང་ཕྱིར་བྱམས་གསུངས་པ།། དེ་བསྒྲུབས་སེལ་བར་མི་འགྱུར་ཞེས། ། དགྲ་འཇོམས་ཁྱོད་ལི་རྒོལ་མ་མཆིས།། ལྦའི་བུ་མིག་རྣམ་པར་དག་གིས་གསོལ་པ། ཤེས་རབ་གཏི་མུག་སྤང་བའི་ཕྱིར། གསུངས་པ་དེ་ལ་བརྟན་བགྱིས་ཀྱང་། ། གཏི་མུག་སེལ་བར་མི་འགྱུར་ཞེས།། འདྲིན་ཁྱོད་ལ་རྒོལ་མ་མཆིས།། ལྷའི་བུ་རྣམ་པར་རྟོག་པ་འཇོམས་ཀྱིས་གསོལ་པ། རྣམ་པར་རྟོག་པའི་གཉེན་པོར་ནི། ། དབུགས་འབྱུང་རྔུབ་པ་དྲན་གསུངས་པ།། དེ་ལ་བརྩོན་གྱིས་མི་ཞི་ཞེས།། འདི་ན་ཁྱོད་ལ་རྒོལ་མ་མཆིས།། ལྷའི་བུ་མཚན་མ་མེད་པ་ལྷུར་ལེན་པས་གསོལ་པ། ངབོ་སྙམ་པ་སྤང་སླད་དུ།། སྟོང་ཉིད་ཁྱོད་ཀྱིས་བཀའ་སྩལ་ཏེ།། དེས་ན་དེ་ཞི་མི་འགྱུར་ཞེས།། འདི་ན་ཁྱོད་ལ་རྒོལ་མ་མཆིས།། ལྷའི་བུ་ངའོ་སྙམ་པ་ང་རྒྱལ་སྤངས་ཀྱིས་གསོལ་པ། ང་སྙམ་ང་རྒྱལ་སྤང་སླད་དུ།། མཚན་མ་མེད་པ་ཁྱོད་ཀྱིས་གསུངས།། བསྙེན་ཀྱང་ཞི་བར་མི་འགྱུར་ཞེས།། འདི་ན་ཁྱོད་ལ་རྒོལ་མ་མཆིས།། ལྷའི་བུ་སེམས་རྒྱན་རྣམ་པར་དག་པས་གསོལ་པ། ལྷག་པའི་བསམ་པས་དག་པ་ཡིས།། ཉོན་མོངས་ཐམས་ཅད་འཇིག་པར་འགྱུར།། དེས་ནི་ཉོན་མོངས་མི་ཟད་ཅེས།། འདི་ན་ཁྱོད་ལ་རྒོལ་མ་མཆིས། ། ལྷའི་བུ་འདུ་ཤེས་རྣམ་པར་བཤིག་གིས་གསོལ་བ། ཕྱོགས་དང་གཉེན་པོའི་རྣམ་པ་དང་།། ཉོན་མོངས་ལམ་དང་ལམ་འཇུག་ལ།། འཇིགས་པ་མེད་པར་རྒོལ་བ་ན། ཐུབ་པ་ཆེན་པོ་མ་མཐོང་ངོ་།། ལྷའི་བུ་ཐ་སྙད་ཤིན་ཏུ་ཤེས་པས་གསོལ་པ། བཅོམ་ལྡན་ཕྱོགས་དང་ཕྱོགས་མིན་དང་།། བད་དང་མཟང་ཐ་སྙད་ཙམ།། འཇིགས་པ་མ་མཆིས་ཆོམ་བརྗོད་པ། གྲ་པ་དེན་དང་མ་ཏོ།། མས་ཀྱི་སྨྲས་དུས་ཙྪཧཱ། དུས་སློངས་ས་དུཙྪན་དྷུ་ནཱ་།། རླུ་དྷཱ་མྦྷ་སྱཱ་ཧཱ། མཁྱེན་པས་ན། ། དེས་ན་འདྲེན་པ་ཐམས་ཅད་མཁྱེན། ལྷའི་བུ་ལུས་ཀྱི་ལས་ཡོངས་སུ་ཤེས་པས་གསོལ་པ། སེམས་ཅན་རྣམས་ལ་ཐུགས་བརྩེ་བས།། དཔའ་གྲོད་སུ་མི་བཛིན་ལང་ནི་མཐའ་དག་ཤིན་ཏུ་ངེས་པ་ལགས། ། འཇིག་རྟེན་མགོན་ལ་ཕྱུག་ཀྱང་འཚལ།། ལྷའི་བུ་ལུས་ཀྱི་ལས་ཤིན་ཏུ་ངེས་པས་གསོལ་པ། སྐུ་ཡི་འཕྲིན་ལས་རབ་ངེས་པར།། སུས་ཅན་ཀུན་ལ་སྨན་སླད་དུ། ། འཇིག་རྟེན་སྒྲོན་མ་ཁྱོད་མཛད་དེ།། དེས་ར་ཁྱོད་ནི་གང་ཟག་མཆོག། ལྷའི་བུ་ལུས་ཀྱི་ལས་ཀྱི་མཐའ་ཤིན་ཏུ་མཐོང་བས་གསོལ་པ། སེམས་ཅན་ཀུན་ལ་སྨན་སླད་དུ།། འདྲེན་པ་ཐམས་ཅད་མཁྱེན་པ་ནི། ། སྐུའི་འཕྲིན་ལས་དག་པ་དང་།། ལེགས་པར་ཡོངས་སུ་བརྟགས་དང་ལྡན།། ལྷའི་བུ་ལུས་ཀྱི་ལས་ཀྱི་མཐའ་ཤིན་ཏུ་མཉམ་པར་གཞུག་པས་གསོལ་པ་ཤིན་ཏུ་མཉམ་པར་གཞག་སྐུ་དང་། ། སྐུ་ཡི་འཕྲིན་ལས་རྣམ་དག་དང་།། ལྡན་པར་སེམས་ཅན་བདེ་དོན་དུ།། གང་ཟག་མཆོག་ནི་སྤྱོད་པ་མཛད།། ལྷའི་བུ་ཚིག་གྲུབ་ཀྱིས་གསོལ་པ། སྙན་ཅིང་ཡོན་ཏན་ལྡན་པ་དང་།། རྩུབ་པ་ཡོངས་སུ་སྤངས་པའི་གསུང་།། མཁྱེན་པས་ཤིན་ཏུ་ཡོངས་བརྟགས་ཤིང་།། མགོན་པོ་ཁྱོད་ནི་གསུང་བ་མཛད།། ལྷའི་བུ་དུས་སུ་སྨྲ་བས། གསོལ་པ།། དུས་སུ་དོན་དང་ལྡན་པ་དང་།། དོན་མེད་ཡོངས་སུ་སྤངས་པའི་གསུང་།། གཟུང་བར་འོས་དང་བླང་འོས་པ།། འདྲེན་པ་ཁྱོད་ནི་གསུང་བ་མཛད་ལྷའི་བུ་སྣརུམས་བྱེད་བློ་གྲོས་ཀྱིས་གསོལ་པ། དབྱེན་དུ་གྱུར་པ་ཡོངས་སྤངས་ཏེ།། འདུམ་པར་འགྱུར་དང་ཡིད་འོང་བ།། དབྱེན་མེད་འབྲས་བུ་རྣམ་པར་སྨིན།། སྔོན་ཆད་ཁྱོད་ཀྱིས་གསུང་དུ་བརྗོད། ། ལྷའི་བུ་མི་སླུ་བས་གསོལ་པ། སྲོག་གི་དོན་དུའང་ཁྱོད་ཀྱིས་ནི།། སྲིད་པ་རྣམས་སུ་བརྫུན་མ་གསུངས།། དེ་བས་ཁྱོད་ཀྱི་གྲགས་པ་ཀུན།། འཇིག་རྟེན་དག་ན་ཐོགས་མ་མཆིས། ལྷའི་དུ་ཡང་དག་པར་སྨྲ་བས་གསོལ་པ། འདི་ལྟར་འགྲོ་བ་ཐམས་ཅད་ཀྱང་།། སངས་རྒྱས་ཆོས་རྣམས་བཙལ་སླད་དུ།། ཐུབ་པའི་གསུང་ལ་སྡོད་པ་ནི།། ཡང་དག་གསུངས་པའི་རྒྱུ་མཐུན་ལགས། ། ལྷའི་བུ་ཡང་དག་པའི་མཐའ་ལ་ངེས་པར་བྱུང་གིས་གསོལ་པ། མི་མཆོག་ཁྱོད་ཀྱིས་བདེན་པ་ཡིས།། རྫོགས་པའི་བྱང་ཆུབ་འདྲི་བསྒྲུབས་ཏེ།། ཆོས་ཀྱི་ཡང་དག་རང་བཞིན་ཡང་རྐང་གཉིས་དམ་པ་ཁྱོད་ཀྱིས་མཁྱེན། ། ལྷའི་བུ་ཡང་དག་པ་ལ་བརྟུལ་བས་གསོལ་པ། འདུས་བྱས་དག་གི་ཆོས་ཀྱི་རྣམས།། ཡང་དག་ཇི་བཞིན་ལྟ་བ་དང་།། ཆོས་རྣམས་ཡང་དགྲ་མཚན་ཉིད་ཀྱི་མི་ཡི་དབང་པོས་རབ་ཏུ་མཁྱེན། ། ལྷའི་བུ་ལས་ལ་རྟོག་པས་གསོལ་པ། ཡེ་ཤེས་ཡོངས་སུ་དག་པ་ཡིས།། བདག་ཉིད་དང་ནི་གཞན་དག་གི། ཚིག་གི་ལས་ཀྱང་རབ་ཏུ་མཁྱེན།། དེས་ན་རྒྱལ་བ་མནམ་མ་མཚ། ། ཀྭའི་པྲ་ཡིད་ལ་ཇོག་པས་གསོལ་པ། མི་སྤྱི་དབང་པོ་ཐུགས་ཀྱི་ལས།། ཇི་སྙེ་བ་དགའདུག་པ་ནཱ། དེ་དག་གྲོལ་དྲུགས་ཅེས་འཛྲ། འགྲོ་ལན་རྗོ་ལ་བྷཱུ་གྱུང་། འཚལ།། ལྷའི་བུ་ཡིད་ཀྱི་རྣམ་པར་རྟོག་པ་ལ་མཁས་པས་གསོལ་པ།། འགྲོ་ལ་ཐུགས་རྗེ་བསྐྱེད་ནས་ནི།། གང་ལྀ་ཁྱོད་ནི་སྤྱོད་མཛད་པ། དེ་ལ་ཐུགས་ནི་རུལ་བར་བྱུང་།། འགྲོ་པན་ཁྱོད་ལ་ཕྱག་ཀྱང་འཚལ། ། ལྷའི་བུ་ཐབས་ལ་མཁས་པས་གསོས་པ། འགྲོ་བའི་བསམ་པ་རྣམ་དཔྱད་ནས།། རྣམ་འདྲེན་ཐུགས་ཀྱི་འཕྲིན་ལས་འཇུག། ཐུབ་པ་ཡེ་ཤེས་སྣ་ཚོགས་ནི། མཁྱེན་བཞིན་ཀུན་ཏུ་རབ་ཏུ་འཇུག། ལྷའི་བུ་ཡིད་རྣམ་པར་བཤིག་གིས་གསོལ་པ། སངས་རྒྱས་ས་དང་ཡིད་ཀྱི་ལས།། སེམས་ཅན་ཐུགས་རྗེས་གཟིགས་པས་འབྱུང་།། སངས་རྒྱས་ཉིད་ལ་ཡེ་ཤེས་ཐབས། ། རང་བཞིན་མེད་པར་རབ་ཏུ་མཁྱེན།། ལྷའི་བུ་འདས་པ་ལ་མཁས་པས་གསོལ་པ། སྦྱིན་དང་ཆུབ་ཁྲིམས་བཟོད་པ་དང་།། བརྩོན་འགྲུས་བསམ་གཏན་དག་ལ་ཡང་། ། གང་གིས་གང་ལ་སྔོན་སྤྱད་པ།། སྔོན་གྱི་དུས་ཀྱང་རབ་ཏུ་མཁྱེན།། ལྷའི་བུ་འདས་པ་ལ་རྡོག་པས་གསོལ་པ། བྱང་ཆུབ་མཆོག་ནི་འཆོལ་མཛད་ཅིང་།། གང་དྲུང་ཁྱོད་ཀྱིས་སྔོན་སྤྱད་པ། ། སྔོན་གྱི་སྤྱོད་པ་མོངས་བརྟགས་ནས།། སངས་རྒྱས་བྱ་བ་རབ་ཏུ་མཁྱེན།། ལྷའི་བུ་སྔོན་གྱི་ཚུལ་ཕུན་སུམ་ཚོགས་པས་སོར་པ། བསྐལ་པ་བྱེ་བ་གྲངས་མ་གང་དུ་ཁྱོད་ཀྱིས་སྔོན་སྦྱ་པ། ། སྔོན་གྱི་ཚུལ་ནི་གོངས་མཛད་ཀྱང་། ཁྱོད་ཀྱི་ཐུགས་ཡིད་ཐོགས་མི་མངག། རྩཝའི་བུ་སྔོན་གྱི་ཚུལ་ལ་ཡོངས་སུ་རྟོགས་པས་གསོམ་། སངས་རྒྱས་མང་ལས་བྱུང་བ་ཡི།། ཏིང་འཛིན་མངོན་པར་བསྒྲུབ་བྱ་བ།། སངས་རྒྱས་བྱེ་བ་གྲངས་མེད་ལ།། རྣམ་པར་འདྲེན་པ་ཁྱོད་ཀྱིས་ཞུས།། ལྷའི་བུ་སྔོན་གྱི་སྦྱོར་བ་ལས་ངེས་པར་བྱུང་གིས་གསོལ་པ། སྔོན་གྱི་སངས་རྒྱས་དྲུང་དག་ཏུ།། གྲངས་མེད་དཔག་ཏུ་མེད་པོ་ཡི།། ཏིང་འཛིན་སྒོ་རག་འདྲེན་པ་ཡིས།། ཞུས་ཤིང་བསྒོམ་པ་མཛད་པར་གྱུར།། བུ་སྔོན་གྱི་གནས་ལ་རྟོག་པས་གསོལ་པ། འཁོར་བའི་ཉེས་པ་རབ་མང་དང་།། བཀུར་སྟི་རྣམ་པ་སྣ་ཚོགས་དག། གཟིགས་ནས་སེམས་ཅན་རྣམས་ལ་སྔོན།། སེམས་ཅན་ལོང་བ་རྣམས་ཀྱང་བབྲེལ། ། ལྷའི་བུ་སྔོན་གྱི་དུས་ན་འཕྲུལ་པས་གསོལ་པ། གཞན་དང་གཞན་དག་ཟོས་ཤིང་འཚལ།། རྩེ་ཞིང་རབ་ཏུ་དགའ་བ་བགྱིས།། གནོད་པ་མི་བཟད་བགྱིས་པ་དག། གཞན་དང་གཞན་ཡང་ཁྱོད་ཀྱིས་གཟིགས།། ལྷའི་བུ་སྔོན་གྱི་སྤྱོད་པས་ཡང་དག་པར་བྱུང་གིས་གསོལ་པ། ཐམས་ཅད་མཁྱེན་པ་འགྲོ་རྟོགས་པ།། ཁྱོད་ཀྱིས་ཡེ་ཤེས་འདས་དུས་ཀྱི། ལས་དང་བསམ་གཏན་སྙོམས་འཇུག་དང་།། འགྲོ་བ་རྣམས་ལ་ཐོགས་མ་མཆིས།། ལྷའི་བུ་ཕྱི་མའི་མཐའ་ལ་མཁས་པས་གསོལ་པ། འདྲེན་པ་ཁྱོད་ཀྱིས་མཁྱེན་པ་ནི།། མ་འོངས་དུས་ཀྱི་འཆི་འཕོ་དང་། ། མྱེ་དང་ལས་ཀྱི་རྣམ་སྨིན་ལ།། ཐོགས་པར་འགྱུར་བ་མ་མཆིས་སོ།། ལཱུའི་བུ་མ་འོངས་པའི་སྤྱོད་ཡུལ་གྱིས་གསོལ་པ། བརྟན་པ་འཐོབ་མཁས་གྲོད་ཀྱི། མཁྱེན་པ་ཕྱི་དུས་སེམས་ཅན་གྱི།། བསམ་དང་ལས་ཀྱི་འབྲས་བུ་དང་།། འགྲོ་བ་རྣམས་ལ་ཐོགས་མ་མཆིས།། ལྷའི་བུ་སྲིད་པ་ལས་སྐྱེད་ཀྱིས་གསོལ་པ། ཁམས་རྣམས་གསུམ་པོ་འདི་དག་དང་། ། དུས་གསུམ་ཀུན་ལ་མཁས་ཁྱོད་ཀྱི།། ཡེ་ཤེས་མཆོག་ནི་མི་ཆགས་ཏེ།། སྲིད་པའི་སྤྱོད་ཡུལ་ཁྱོད་ཀྱིས་མཁྱེན།། ལྷའི་བུ་ཐ་སྙད་ལ་སྤྱོད་པས་གསོལ་པ། ལས་དང་སེམས་ཅན་འགྲོ་བ་དང་། ། རྣམ་པར་སྨིན་པ་མྱོང་བ་དག། དེ་དག་ཐམས་ཅད་མིང་ཙམ་དུ།། རྐང་གཉིས་དམ་པས་བསྟན་པར་མཛད།། ལྷའི་བུ་ད་ལྟར་བྱུང་བ་ལ་ཡང་དག་པར་རྟོག་པས་གསོལ་པ། དཔའ་བོ་ཁྱོད་ཀྱིས་མཁྱེན་པ་ནི།། ད་ལྟར་བྱུང་ལ་ཐོགས་མ་མཆིས།། གྲངས་མེད་སངས་རྒྱས་ཞིང་རྣམས་ནི།། འཇིག་རྟེན་མགོན་པོས་རབ་ཏུ་མཁྱེན།། རྟའི་བུ་དཱ་ལྟར་བྱུང་བ་ལ་རྣམ་པར་དཔྱོད་པས་གསོལ་པ། མི་ཡི་དབང་པོ་རྣམ་དཔྱད་ནས།། བྱིས་པའི་བློ་གྲོས་རྨོངས་བགྱིད་པ།། དུས་གསུམ་དངོས་པོ་མ་མཆིས་པར།། ངེས་པར་མཉམ་པ་ཉིད་དུ་གཟིགས་ལྷའི་བུ་མི་གནས་པའི་བློ་གྲོས་ཀྱིས་གསོལ་པ། དུས་གསུམ་གནས་པ་མ་མཆིས་ཤིང་།། ངོ་བོ་ཉིད་ལ་མི་གནས་ཏེ།། དངོས་པོ་ཐམས་ཅད་དངོས་མེད་པར།། རྣམ་པར་འདྲེན་པ་ཁྱོད་ཀྱིས་གཟིགས། ། ལྷའི་བུ་དུས་གསུམ་མངོན་པར་སྐུལ་བས་གསོལ་པ། འདས་པ་དག་དང་མ་འོངས་དང་།། ད་ཀར་བྱུང་བའི་ཕུང་པོ་རྣམས།། མ་མཆིས་དངོས་པོ་མ་མཆིས། པར།། སྐྱེས་བུ་དམ་པ་བསྟན་པར་མཛད།། ལྷའི་བུ་ཆགས་མེད་ཡིད་ཀྱིས་གསོལ་པ། དུས་གསུམ་སེམས་ཅན་ཐམས་ཅད་ལ།། སྙིང་པོ་མཆིས་པར་མ་བསྟན་ཏེ།། སྒྱུ་མ་སྨིག་རྒྱུ་མི་གསོར་དང་། ། བྲག་ཆ་ལྟ་བུར་ཁྱོད་ཀྱིས་བསྟན།། ལྷའི་བུ་དུས་གསུམ་དཔོགས་ཀྱིས་གསོལ་པ། དྲན་པ་ཁྱོད་ཀྱིས་མཁྱེན་པ་ནི།། དུས་གསུམ་པོ་དག་ཀུན་ཏུ་ཡང་།། སྒྱུ་མ་ལྟ་བུར་མཁྱེན་པས་ན། ། ཁྱོད་ཀྱི་དབང་པོ་ཆགས་མི་མངའ།། ལྷའི་བུ་མོས་པ་ཡོངས་སུ་རིག་པར་བྱེད་ཀྱིས་གསོལ་པ། གང་གི་ནུབ་དཔའི་ཁྱོད་ཀྱིས་ནི།། བྱང་ཆུབ་མངོན་དུ་བགྱིས་གྱུར་པ།། རེ་དུས་ཚུལ་ཅན་མོས་པ་ལ།། བྲིས་པར་གྱུར་པར་ཡོང་མི་གདའ།། ལྷའི་བུ་མོས་པ་ཡང་དག་ཐོབ་ཀྱིས་གསོལ་པ། འཇིག་རྟེན་སྒྲོན་མའི་མོས་པ་ནི།། བར་དུ་རྒྱུན་ཆད་མི་འགྱུར་ཏེ།། རྟག་བར་ཁྱོད་ཀྱི་མོས་པ་དེས། ཁྱོད་ཀྱི་སྲས་རྣམས་མོས་པ་ཆེ།། ལྷའི་བུ་མོས་པས་མངོན་འཕགས་ཀྱིས་གསོལ་པ། ཆབ་ལས་པདྨ་ཇི་བཞིན་དུ།། ཁྱོད་ནི་མོས་པས་མངོན་དུ་འཕགས། འཇིག་རྟེན་དག་གིས་མི་གོས་ཏེ།། པདྨར་ཆབ་ཀྱིས་ཇི་བཞིན་ནོ།། ལྷའི་བུ་མོས་པས་ཡོངས་སུ་གྲོལ་བས་གསོལ་པ། འཇིག་རྟེན་མགོན་དང་མོས་པ་ནི། ཆོས་ཀྱི་དབྱིངས་ཞེས་བརྗོད་པ་སྟེ། ། གཉིས་མེད་གཉིས་སུ་བགྱིར་མ་མཆིས།། སྨད་པ་མེད་པ་ཁྱོད་ཀྱིས་གཟིགས།། བྷའི་བུ་བརྩོན་འགྲུས་ཡང་དག་ཐོབ་ཀྱིས་གསོལ་པ།། གཟི་བརྗི་ཆེན་པོ་བཙུན་འགྲུས་ཀྱིས། བྱང་ཆུབ་ཡང་དག་བསྙེས་པར་གྱུར།། མཛད་པ་མཛད་ཀྱང་མགོན་པོ་ཁྱོད།། བརྩོན་འགྲུས་བཏང་བ་ཡོངས་མ་མཛད།། ལྷའི་བུ་དྲན་པ་ཕུན་གསུམ་ཚོགས་པའི་གསོལ་པ། དཔའ་བོ་ཆེན་པོའི་དགོངས་པ་ནི། ། ཐམས་ཅད་ཀུན་ཏུ་རྗེས་སུ་འཇུག། མཛད་པ་མཛད་ཀྱང་མགོན་པོ་ཁྱོད།། དགོངས་པ་བྲི་བ་ཡོང་མ་མཆིས།། ལྷའི་བུ་སེམས་མའམ་པར་བཞག་པས་གསོལ་པ། མགོན་པོ་རྟག་ཏུ་མཉམ་བཞག་སྟེ།། སེམས་ཅན་རྣམས་ཀྱི་སྤྱོད་པ་མཁྱེན།། འདྲེན་པ་སྤྱོད་པའི་དབང་གིས་ནི།། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན། ། ལྷའི་བུ་ཤེས་རབ་ལྷུར་ལེན་གྱིས་གསོལ་པ། འཇིག་རྟེན་སྒྲོན་མར་གྱུར་ཁྱོད་ཀྱིས།། ཡེ་ཤེས་རྒྱ་མཚོའི་ཐ་མ་ནི།། བསྐལ་པ་བྱེ་བར་བརྗོད་བགྱིས་ཀྱང་།། སངས་རྒྱས་རྣམས་ཀྱིས་བཤད་མི་སྤྱོད།། ལྷའི་བུ་རྣམ་པར་གྲོལ་བ་ལ་མཁས་པས་གསོལ་པ། རྣམ་པར་གྲོལ་དང་མ་གྲོལ་བ།། གང་སྤུང་ཁྱོད་ཀྱིས་མ་བརྙེས་པས། མཚུང་པ་མེད་པ་ཁྱོད་ལ་ནི། ། རྣམ་གྲོལ་ཡོངས་སུ་ཉམས་མི་མངའ།། ལྷའི་བུ་རྣམ་པར་གྲོལ་བའི་ཡེ་ཤེས་ལ་བརྩོན་པས་གསོལ་པ། ཐུབ་པ་ཁྱོད་ནི་རྣམ་གྲོལ་ནས།། ངོ་བོ་ཉིད་མེད་མཁྱེན་བསན། ། རྣམ་ཐོས་ཤེས་གཟིགས་པ་ནི། གང་དས་མཁྱེན་པ་རྣམས་མི་མངའ། ཞྭའི་བུ་སྔོན་གྱི་མྱེད་པ་རྣམ་པར་ད་པྱོད་ཀྱིས་སོ་པ། རྒྱུ་མ་མ་དུ། ཚུལ་ཆད་དུ།། དཔའ་བོ་ཡང་དག་གཟིགས་ཁྱོད་ཀྱིས།། སྤྱོད་ལ་འཁྲུལ་པ་མི་མངའ་སྡེ།། དེས་ནས་སངས་རྒྱས་ལགས་ཤེས་སྡོད།། ལྷའི་བུ་ཟབ་མོ་ལ་སྤྱོད་པས་གསོལ་པ།། སྲོག་ཆགས་གཞན་དག་ཇི་བཞིན་དུ། ། བདེ་གཤེགས་ཁྱོད་ལ་ཆགས་མི་མངའ།། ཆོས་ཀྱི་རང་བཞིན་མཁྱེན་པས་ན། རང་བཞིན་དེ་ལ་རྨོངས་མི་མངའ།། ལྷའི་བུ་བློ་གྲོས་ཡངས་པས་བསོལ་པ། ཐམས་ཅད་མཁྱེན་པ་ཁྱོད་ལ་ནི།། རྣམ་པ་ཀུན་ཏུ་བསྙེལ་མི་མངའ།། མགོན་པོའི་དགོངས་པ་ཉེར་གཞག་པས།། ཐུབ་པ་འབྲུ་མར་སྣོད་དང་འདྲ།། ལྷའི་བུ་སེམས་གཡེང་བ་མེད་ཀྱིས་གསོལ་པ། འཇིག་རྟེན་སྒྲོན་མ་ཁྱོད་ལ་ནི།། མཉམ་པར་མ་བཞག་སེམས་མི་མངའ།། མ་འདྲེས་སངས་རྒྱས་ཆོས་ཀྱི་རྣམས།། སྲོག་ཆགས་ཀུན་གྱིས་ཤེས་པར་དཀའ།། ལྷའི་བུ་ཡེ་ཤེས་ལ་རབ་ཏུ་གནས་ཀྱིས་གསོལ་པ། བདེ་བར་གཤེགས་པ་ཁྱོད་ལ་ནི། མ་བརྟབས་བདང་སྙོམས་མི་མངའ་སྟེ།། མི་ཡི་དབང་པོའི་སངས་རྒྱས་ཆོས།། མ་འདྲེས་པ་ནི་བསམ་མི་བྱབ། ། ཝའི་བུ་ཐམས་ཅད་ཟིལ་གནོན་གྱིས་གསོལ་པ། སྐྱེས་བུ་ཁྱུ་མཆོག་ཁྱོད་ལ་ནི།། འཇིག་རྟེན་གསུམ་ན་མཚུངས་མ་མཆིས།། ཐམས་ཅད་མཁྱེན་པ་མ་ལམ་པ། རྣ་ས་རྫུ་། དང་མཉམ་བརྙེས་པ། ། སངས་རྒྱས་བྱང་ཆུབ་ཕྱག་འཚལ་ལོ།། གནས་བརྡུང་མ་པའི་ལེའུ་སྟེཉི་ཤུ་རྩ་བཞིར་རོ།། ། དེ་ནས་དེའི་ཚེ་གཞན་ནུ་སྟང་ས་ཀནདྷཱ་རྦྷ་དྲུག་ཁྲིས། རྣམ་ཡིན་དང་། ནམ་མཁའ་ལྡིང་དང་། ཀླུའི་བུ་མོ་དང་། ཀྵ་དང་། རྡུལ་བུམ་དང་། དྲི་ཟ་དང་། གནོད་སྦྱིན་དང་། མི་རམ་ཅི་དང་། འཆ་གླང་པོ་ཆེ་ཅན་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་ཕུལ་དབང་བྱེད་དང་། ཚངས་པ་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བའི་ལྷ་དག་གིས་མཆོད་པའང་མཐོང་། ལུང་བསྟན་པའང་ཐོསྲ། གནས་གཙང་མའི་རིས་ཀྱི་ལྔ་དག་གིས་བསྟོད་བ་བརྗོད་པའང་ཐོས་ནས། ངོ་མཚར་ཐོབ་པར་གྱུར་ཏེ། ཆོས་ཀྱི་ཚུལ་ལ་འཇུག་པ་འདི་ཐོས་ནས། འདི་ལྟར་སྔན་ཆད་མཐོས་པའི་ཆོས་ཀྱི་ཚུལ་ཐོས་པས། ཡིད་གཉིས་སུ་གྱུར་ནེམ་ནུར་དང་ཐེ་ཙོམ་ཟ་བར་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གོའུ་ད་མ་སྔན་ཆད་མ་ཐོས་པའི་ཆོས་བསྟན་པ་འདི་ཐོས་ན། བདག་ཅག་ནི་ཀུན་ཏུ་རྒྱུའི་གནས་ཀྱང་མི་འཚལ། ཁྱིམ་གྱི་གནས་ཀྱང་མི་འཚལ་བར་གྱུར་ཅིང་། འདི་ས་སྔན་ཆད་མ་ཐོས་པའི་ཆོས་ཀྱི་རྣལ་འདི་ཐོས་ནས། ཆོས་འདི་ལ་ནེམ་ནུརརྱ་དང་ཐེ་ཙོཿ། དུ་གྱུར་ཏེ། སེམས་དང་བར་ཡང་མ་གྱུར་མོད་ཀྱི། འོན་ཀྱང་དགེ་སྦྱོང་གོའུ་ཏ་མ་ཁྱོད་ལ་བདག་ཅག་ཡིད་ཆེས་པ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དགེ་སྦྱོང་གོའུ་ཏྲ་མ་ཁྱོད་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མངོན་པར་མཛད་དེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུ་མངོན་པར་མཛད་པས། བདག་ཅག་གིས་ལྷའི་འཁོར་རྒྱ་ཆེན་པོ་འདི་དང་།། ཐམས་ཅད་དང་ལྡན་པའི་འཁོར་ཕལ་ཆེར་གོའུ་ཏ་མ་ཁྱོད་ཀྱིས་ལེགས་པར་གསུངས་པ་འཚལ་ཅིང་། ཡི་རངས་པར་གྱུར་པ་མཐོང་སྟེ། དེས་ན་བདག་ཅག་དགེ་སྦྱོང་གོའུ་ཏ་མ་ཁྱོད་ལ་དད་པ་མཆིས་པར་གྱུར་ཏོ། ། ཀྱེ་གོའུ་ཏ་མ་གང་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ་ཞེས་སྨྲས་པ་དེ་ལ། ཇི་ལྟར་ཆོས་ཐམས་ཅད་དེ་བཞིན་གཤེགས་པ་སྙམ་དུ་བདག་ཅག་ཐེ་ཙོམ་ཆེར་འཚལ་ལོ། ། དགེ་སྦྱོང་གོརུ་ཏ་མ་ཁྱོད་ལ་ནི་ཅི་ནས་བདག་ཅག་ལེགས་པར་བཤད་པའི་དོན་དེ་རྟོགས་ན་སུ། མུར་པ་མེད་པར་གྱུར་ཏེ། སྟན་འདི་ལས་ལྡང་བར་འགྱུར་བདེ་ལྟར་བདག་ཅག་ལ་ཆོས་སྟོན་སྤྱོད་དོ་སྙམ་སྟེ། བདག་ཅག་དགེ་སྦྱོང་ཀོའུ་ཏ་མ་ཁྱོད་ལ་དེ་ལྟར་མངོན་པར་དད་པར་གྱུར་ཏོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ན་སྱཱ་། ས་རྣརྣམས་དུ་། ན་རྗོད་། དགེ་སྦྱོང་གོའུ་ཏ་མ་ལེགས་སོ་ཞེས་གསོལ་ཏེ། ། ཀུན་ཏུ་རྒྱུ་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས། དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་རྒྱུ་དག་ཁྱེད་ཀྱིས་ཇི་ལྟར་མངལ་དུ་འཇུག་པ་ཤེས་སམ། དེ་དག་གིས་གསོལ་པ། ཀྱེ་ཀོའུ་ཏ་མ་བདག་ཅག་གི་བསྟན་བཅོས་ལས་ཐོས་ན། གསུམ་འདུས་ནས་མངལ་དུ་འཇུག་པར་འགྱུར་ཏེ། གང་འདི་ཕ་དང་མ་གཉིས་ཀྱང་ཚོགས་པ་དང་། ཆགས་པར་གྱུར་པ་དང་། ཆགས་ནས་ཀྱང་འདོད་པའི་རྣམ་པར་རྟོག་པ་རྣམས་ཀྱིས་རྣམ་པར་བརྟགས་པས། འདོད་ཆགས་ཀྱང་བྱུང་བ་དེའི་ཚེ། མངལ་དུ་འཇུག་པར་འགྱུར་རོ་ཞེའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ཏུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས།། ཕ་དང་མ་གཉིས་རྣམ་པར་རྡོག་པའི་ཚེ། འདོད་ཆགས་དེ་མའི་སེམས་ལས་བྱུང་ངམ། གསོལ་པ། ཀྱེ་གོའུ་ཏ་མ་མ་ལགས་སོ།། མའི་རྣམ་པར་རྟོག་པ་ལས་བྱུང་ངམ། ཀྱེ་གོའུ་ཏ་མ་མ་ལགས་སོ། ། དེ་བའི་སེམས་ལས་བྱུང་ངམ། ཀྱེ་གོའུ་ཏ་མ་མ་ལགས་སོ།། ཕའི་རྣམ་པར་རྟོག་པ་ལས་བྱུང་ངམ། ཀྱེ་གོའུ་ང་མ་མ་ལགས་སོ།། ཀུན་ཏུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། ངའི་འདོད་ཆགས་ཀྱང་ཡིན་པ་དེ་མཱའི་མངལ་དུ་ཞུགས་སམ། ཀྱེ་གོའུ་ཏྟ་མ་དེ་ནི་མ་ལགས་སོ།། ཀུན་ཏུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། བའི། སེམས་གང་ཡིན་པ་དེ་མའི་མངལ་དུ་ཞུགས་སམ། ཀྱེ་གོའུ་ཏ་མ་དེ་ནི་མ་ལགས་སོ།། ཀུན་ཏུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། ཕའི་ཀུན་ཏུ་རྟོགས་པ་དེ་མའི་མངལ་དུ་ཞུགས་སམ། ཀྱེ་གོའུ་ཏ་མ་དེ་ནི་མ་ལགས་སོ།། ཀུན་ཏུ་རྒྱུ་དག་འདིདིའི་ཇི་སྙམ་དུ་སེམས། མངལ་ན་གནས་པ་དེ་ལྷ་ལས་འཆི་འཕོས་ཏེ་མའི་མངལ་དུ་ཞུགས་སམ། ཀྵེ་ཀྲོའུ་ཏ་མཱ་མཾ་འཚལ་ཏོ།། ཀུན་ཏུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། མངལ་ན་གནས་པ་དེ་མི་དང་། ལྷ་མ་ཡིན་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའོ་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་འཆི་འཕོས་ཏེ་མའི་མངལ་དུ་ཞུགས་སམ། ཀྱེ་གོའུ་ཏ་མ་མ་འཚལ་ཏོ།། ཀུན་ཏུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། མངལ་ན་གནས་པ་དེ་གཟུགས་ཡོད་པ་འམ། གཟུགས་མེད་པ་ཞིག་མྲའི་མངལ་དུ་ཞུགས་སམ། ཀྱེ་གོའུ་ཏ་མ་མ་འཚལ་ཏོ།། ཀུན་ཏུ་རྒྱུ་དག་འདི་ལ་ཇི་སྙམ་དུ་སེམས། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མའི་མིངལ་དུ་ཞུགས་སམ། ཀྱེ་ཀོའུ་ཏ་མ་མ་འཚལ་ཏོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དེ་དག་ལ་བཀའ་སྩམ་ཏོ། ། ཀུན་ཏུ་རྒྱུ་དག་ཆོས་འདི་ནི་རྣབ་ཅིང་པྲ་སྟེ། མཁས་པ་ཤེས་པ་བློ་དང་ལྡན་པས་རིག་པར་བྱ་བ་ཡིན་ཏེ། བརྟག་ཏུ་མེད་ཅིང་བརྟག་པའི་ཡུལ་མ་ཡིན་ལ། བཀྲ་དཀའ་ཞིང་ཤེས་ད་། དཀའ་བས། དེ་ནི་ཁྱེད་ཡུན་རིང་པོར་གཞན་དུ་བལྟས་པ། གཞན་དུ་མོས་པ། གཞན་དུ་དད་པ། གཞན་དུ་བརྩོན་པ། གཞན་གྱི་ལྟ་བའི་གནས་ལ་གནས་པ་རྣམས་ཀྱིས་ཤེས་པར་མི་ནུས་མོད་ཀྱི། ཀུན་ཏུ་རྒྱུ་དག་འོན་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ཚུལ་དང་འདྲ་བའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས། ཆོས་ཟབ་མོ་རྣམས་ལ་མིག་སྐྱེ་བར་འགྱུར་ཏེ། ཀུན་ཏུ་རྒྱུ་དག་འདི་ལྟ་སྟེ། དཔེར་ན་མི་མིག་གི་དབང་པོ་ཉམས་པ་ནི། དེའི་ཚུལ་དང་འདྲ་བའི་གསོ་བ་བྱེད་པ་དགེ་བའི་བཤེས་གཉེན་ལ་བརྟེན་ན་ཚེ་འདི་ཉིད་ལ་མིག་ཡོངས་སུ་དག་པར་འགྱུར་ཏེ། མིག་དེས་ཀྱང་ཚེ་འདི་ཉིད་ལ་གཟུགས་རྣམས་མཐོང་བར་འགྱུར་རོ།། ཀུན་ཏུ་རྒྱུ་དག་དེ་བཞིན་དུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་མི་ཉམས་པར་གྱུར་པས་ཀྱང་ཚུལ་དང་འདྲ་བའི་དགེ་བའི་བཤེས་གཉེན་ལ་བརྟེན་ན། ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་ཏེ། དེས་ཀྱང་ཆོས་ཟབ་མོ་རྣམས་མཐོང་བར་འགྱུར་རོ།། ཀུན་ཏུ་རྒྱུ་དག་ཁྱེད་ཀྱང་ཡུན་རིང་པོ་ནས་གཞན་དུ་ལྟས་པ། སྔོན་ལོག་པའི་གད་མཱ་དག་གྲི་བསླུས་པ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ཐར་པ་མ་ཡིན་པ་ལ་ཐར་པར་འདུ་ཤེས་པ། འབྱུང་བ་མ་ཡིན་པ་ལ་འབྱུང་བར་འདུ་ཤེས་པ། ཆུད་ཟོས་པ་རྣམས་ཀྱིས་རྒྱུད་གསན་པ་ཡིན་ཏེ། ཀུན་ཏུ་རྒྱུ་དག་འདི་ལྟ་སྟེ། དཔེར་ནཱ་ལོང་བའི་དམིགས་བུ་ལོང་བས་བྱས་ན། གང་འདི་བཀྲི་བ་དང་ཁྲིད་པ་དེ་གཉིས་ཀའ་ང་ཚུལ་མ་ཡིན་པར་སྡུག་བསྔལ་ཐོབ་པར་འགྱུར་བར་ཤེས་པར་བྱའོ།། ཀུན་ཏུ་རྒྱུ་དག་དེ་བཞིན་དུ་དགེ་སྦྱོང་ངམ། བྲམ་ཟེ་གང་ལ་ལ་སྟོན་པ་མ་ཡིན་པར་བདག་ཅག་ནི་སྟོན་པ་ཡིན་ནོ་ཞེས་ལས་འཆེ་བ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་བདག་ཅག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཁས་འཆེ་བ་དང་། འབྱུང་བ་ལ་མཁས་པ་མ་ཡིན་པར་བདག་ཅག་ནི་འབྱུང་བ་ལ་མཁས་པའོ་ཞེས་ཁས་འཆེ་བ་དང་། འབྱུང་བ་མཐོང་བ་མ་ཡིན་པར་བདག་ཅག་ནི་འབྱུང་བ་མཐོང་བུ་ཡིན་ནོ་ཞེས་ལས་འུ་ཆེ་བདུད། མུ་སྣརུབས་བྱེད་པ་མ་ཡིན་པར་བདག་ཅག་ནི་མུ་སྐྱེགས་བྱེད་པ་ཡིན་ནོ་ཞེས་དས་འཆེ་བ་ཡི་ཏུ། དེ་དག་ན་པས་སྦྱིནྟ་དྷར་སྟོན་པ་ཞེས་ཁས་འཆེ་ཞིན། གང་རྗེས་སུ་སྟོན་པ་དེ་ནི་ལོག་པར་རྗེས་སུ་སྟོན་པར་འགྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པར་གང་ཁོང་དུ་ཆུད་པར་བྱེད་པ་དེ་ནི་ལོག་པར་ཁོང་དུ་ཆུ་བར་བྱེད་པར་འགྱུར། འབྱུང་བ་ལ་མཁས་པ་མ་ཡིན་པར་གང་འབྱིན་པ་དེ་ནི་ལོག་པར་འབྱིན་པར་འགྱུར། འབྱུང་བ་མཐོང་བ་མ་ཡིན་པར་གངའི་བྱུང་བ་སྟོན་པ་དེ་ནི་ལོག་པར་སྟོན་པོར་འགྱུར། མུ་སྟེགས་བྱེད་པ་མ་ཡིན་པར་གང་སྒྲོལ་བ་དེ་ནི་ལོག་པར་སྒྲོལ་བར་འགྱུར་ཏེ། དེ་དག་ནི་ཚུལ་མ་སྨིན་པར་སྡུག་བསྔལ་ཐོབ་པར་འགྱུར་རོ།། ཀུན་ཏུ་རྒྱུ་དྲུག་འདི་ལྟ་སྟེ། དཔེར་ན་བ་ལང་རྫི་རབ་ཀ་ལ་མཁས་པ་མ་ཡིན་པས་རབ་ཀ་མ་ཡིན་པར་བ་ལང་བསྒྲལ་ན། དེའི་བ་ལང་དེ་དག་གིས་པ་རོ་དང་ཚུ་རོལ་གྱི་འགྲམ་མ་རྙེད་ནས་འཁྱིལ་ཏེ། དེ་ཉིད་དུ་ཚུལ་མ་ཡིན་པར་སྡུག་བསྔལ་ཐོབ་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བ་ལང་རྫི་དེ་རབ་ཀཱ་ལ་མི་མཁས་བའི་ཕྱིར་རོ།། ཀུན་ཏུ་རྒྱུ་དག་དེ་བཞིན་དུ་གང་ལ་ལ་མུ་སྟེགས་བྱེད་པ་མ་ཡིན་པར་མུ་སྟེགས་བྱེད་པར་ཁས་འཆེ་ཞིང་གང་སྒྲོལ་བ་དེ་ནི་ཚུལ་མ་ཡིན་པར་སྡུག་བསྔལ་ཐོབ་པར་འགྱུར་རོ། ། ཀུན་ཏུ་རྒྱུ་དག་པ་ནི་སྨྱོན་པ་ཉིད་ཡིན་ལ། སྟོན་པར་ལས་འཆེ་བས། ང་གང་རྗེས་སུ་སྟོན་པ་དེ་ཡང་དག་པར་རྗེས་སུ་སྟོན་པ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཡིན་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཁ་ས་འཆེ་བས་ངགང་ཁོང་དུ་ཆུད་པར་བྱེད་པ་དེ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་ཡིན། འབྱུང་བ་ལ་མཁས་པ་ཉིད་ཡིན་ལ། འབྱུང་བ་ལ་མཁས་པར་ཁས་འཆེ་བས། ང་གང་འབྱིན་པ་དེ་དག་ཡང་དག་པར་འབྱིན་པ་ཡིན། འབྱུང་བ་མཐོང་བ་ཉིད་ཡིན་ལ། འབྱུང་བ་སྟོན་པར་བས་འཆེ་བས། ངགང་འབྱུང་བ་སྟོན་པ་དེ་ཡང་དག་པར་སྟོན་པ་ཡིན། མུ་སྟེགས་བྱེད་པ་། སྣརེག་བྱེད་པར་ལས་ཆ་། དབྱུང་སྒྲོལ་པ་ཡང་དག་པ་རྨྨ་མྦྷ། སྨོན་པར་ཚུས་སན་དྷི་མྦྷ་སྷོ།། ། རྒྱས་ཀྱི་ཆོས་རབ་ཏུ་ཤེས་ནས་ནི་ཁོང་དུ་ཆུད་པར་བྱེད། འབྱུང་བ་རབ་ཏུ་དཤེས་ནས་ནི་འབྱིན། ཡང་དག་པར་མཐོང་ནས་ནི་སྟོན། མུ་སྟེགས་རབ་ཏུ་ཤེས་ནས་ནི་སྒོའི། གང་སྒྲོལ་བ་དེའང་མུ་སྟེགས་བདེ་བས་རབ་ཏུ་སྦྱོལ་བ་ཡིན་ནོ། ། དེ་ནི་འདི་ལྟ་སྟེ། ཀུན་ཏུ་རྒྱུ་དག་ཁྱེད་ཀྱང་ཐར་པར་འདོད་པ་ཡིན་ལ། ངའང་སྟོན་པ་མངོན་དུ་བཞུགས་པ་ཡིན་ཏེ། ཡང་དག་པར་སྟོན་པ། ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། འབྱུང་བ་ཕུན་སུམ་ཚོགས་པ། འབྱུང་བ་མཐོང་བ། ཡང་དག་པའི་མུ་སྟེགས་བྱེད་པ་ཡིན་གྱིས། དེའི་ཕྱིར་རྣབ་ལྷོགས་ཏེ་མྱོས་པ་སྐྱེད་ལ། དྲན་པ་ཉེ་བར་ཞོག་སྟེ། ཡིད་འདུན་པར་གྱིས་ལ། མ་ཐོབ་པའི་ཆོས་རྣམས་ཐོབ་པར་བྱ་བ་དང་། སྔོན་མ་ཕྱིན་པའི་ལམ་དུ་འགྲོ་བར་བྱ་བ་དང་། སྟོན་མ་སོང་བའི་ཕྱོགས་སུ་འགྲོ་བར་བྱ་བ་དང་། སྔོན་མ་འགྲོགས་པའི་ལམ་གྲོགས་དང་འགྲོགས་པར་བྱ་བ་དང་། སྔོན་མ་འཆོལ་བའི་ལམ་བཙལ་བར་བྱ་བ་དང་། སྔོན་མ་ཐོབ་པའི་ཆོས་ཀྱི་མཛོད་ཐོབ་པར་བྱ་བའི་ཕྱིར་བརྩོན་འགྲུས་ཡང་དག་པར་རྩོམས་ཤིག། ཀུན་ཏུ་རྒྱུ་དག་ཆོས་གསུམ་མངོན་དུ་གྱུར་པས་མངལ་དུ་འཇུག་ཅེས་གང་སྨྲས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། མངལ་དུ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་ནན་གྲངས་འདི་བྱེད་ལ་ངས་བཤད་དོ།། བཱརཎཱདྷཱ་དག་དེ་ལ་མཞེ་ས་ཀྱ་སྨྲས་པ་དེ་ནི་སྔོན་གྱི་ལུས་བུས་གས་པའི་རྐྱེན་དུ་ཀླ་སངས་སོ།། བ་ཞེས་བྱ་བ་དེ་ནི་སྔོན་གྱི་ལས་བསགས་པའི་རྒྱུར་གསུངས་སོ།། དྲི་ཟ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལས་ཀྱིས་འཕངས་པའི་ཚིག་བླ་དགས་སོ།། མེར་མེར་པོ་ཞེས་བྱ་བ་དེ་ནི་ལས་ཀྱིས་འཕངས་པའི་རྣམ་པར་ཤེས་པའི་གནས་དང་གཞིའོ། ། མའི་མངལ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་ལས་ཀྱིས་འཕངས་པའི་གཞི་སྟེ། འདི་ལྟར་མའི་མངལ་ན་གནས་པའི་རྣམ་པར་ཤེས་པ་ནི་སྐྱེ་བ་དང་། འཕེལ་བ་དང་། རྒྱས་པར་འགྱུར་རོ།། ཀུན་ཏུ་རྒྱུ་དག་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་ལ་གནས་ན། རྩ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་དག་སྐྱེ་ཞིང་འཕེལ་བ་དང་རྒྱས་པར་འགྱུར་རོ། ། དེ་བཞིན་དུ་མའི་མངལ་ན་གནས་པའི་རྣམ་པར་ཤེས་པའང་སྐྱེ་བ་དང་། འཕེལ་བ་དང་། རྒྱས་པར་འགྱུར་ཏེ། འཕེལ་ནས་སྐྱེ་བར་འགྱུར་རོ། ། བཙས་ནས་རྣམ་པར་འཕེལ་ལོ།། འཕེལ་ནས་སྤྱོད་པ་སྣང་བར་འགྱུར་ཏེ། འགྲོ་བ་གང་དང་གང་ན་འཆི་འཕོས་ནས། དེ་དང་དེར་སྐྱེས་ན། དེ་དང་འདྲ་བའི་སྤྱོད་པ་དེ་དག་དེ་སྤྱོད། པར་འགྱུར་ཏེ། དེ་དག་ཀྱང་མཁས་པས་ཤེས་བྱ་བ་ཡིན་གྱི། གླེན་པས་ནི་མ་ཡིན་ནོ།། ཡུན་རིང་པོ་ནྡ་འགྲོག་འགྲོགས་པས་ཤེས་པར་བྱ་བ་ཡིན་གྱི། ཡུན་ཐུང་ངུས་མ་ཡིན་ནོ།། ཡང་དག་པར་སེམས་པས་ཤེས་པར་བྱ་བ་ཡིན་གྱི། མི་བརྩོན་པས་མ་ཡིན་ནོ།། ཀུན་ཏུ་རྒྱུ་དག་དེ་ལ་སེམས་ཅན་དམྱལ་བ་ནས་འཆི་འཕོས་པའི་གང་ཟག་གི་རྟགས་མཱ་ངས། པས་ཤེས་པར་བྱ་བ་ནི་འདི་དག་ཡིན་ཏེ། འདིས་སྟེ། ད་ཤྭ་ཤ་པེ་མ~ཾན། ཨད་ཀྱི་དུམ་སྟྲཻ་ས། སང་བདྷག་དགོས་པ་ཡི། སད་རྒྱུ་བ་སྦྱིན། ང་སྐ་སྙིང་པོ་ཡིན། རྟག་ཏུ་དངང་བ་ཡིན། རྟག་ཏུ་འདར་བ་ཡིན། རྟག་ཏུ་སྤུ་ཟིང་ཞེས་བྱེད་པ་ཡིན། སྤྱི་ལམ་ན་མེའི་ཕུང་པོ་འབར་བ་མཐོང་བ་ཡིན། རི་རྒྱུག་པར་མཐོང་བ་ཡིན། མེ་མ་དཀའ་བར་བར་མཐོང་བ་ཡིན། ལྕགས་ཟངས་ཀྱི་ནང་དུ་བཙོ་བར་མཐོང་བ་ཡིན། ལག་ན་དབྱུག་པ་ཐོགས་པའི་མི་དག་མཐོང་བ་ཡིན། སྲིན་པོ་དག་གིས་བདག་འཕངས་པར་མཐོང་བ་ཡིན། བདག་ཉིད་གསོན་པོར་གསལ་ཤིང་གིས་གཟུགས་པར་མཐོང་བ་ཡིན། ཁྱི་དག་གིས་བདག་དབང་པར་མཐོང་བ་ཡིན། ཁྱི་དག་གིས་བདག་བསྐོར་བར་མཐོང་བ་ཡིན། བདག་ཉིད་གླང་པོ་ཆེ་དང་། སྦྲུལ་གྱིས་གརྩེས་པར་མཐོང་བ་ཡིན། ཕྱོགས་བཞིར་ཐོས་ན་ཕྱོགས་མི་ཤེས་པ་ཡིན། སེམས་ཅན་ཀུན་ལ་ཡིད་མི་རྟོན་པ་ཡིན་ཏེ། ཀུན་ཏུ་རྒྱུ་དག་རྣམ་པ་ཉི་ཤུ་པོ་དེ་དག་གིས་སེམས་ཅན་དམྱལ་བ་ནས་ཤི་འཕོས་པའི་གང་ཟག་ཏུ་རིག་པར་བྱའོ། ། ཀུན་ཏུ་རྒྱུ་དག་དེ་ལ་དུད་འགྲོའི་སྐྱེ་གནས་ནས་ཤི་ཕོས་པའི་གང་ཟག་གི་མཚན་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། རྨུགས་ཤིང་གཉིད་ཆེ་བ་ཡིན། ལེ་ལོ་ཆེ་བ་ཡིན། མང་དུ་ཟ་བ་ཡིན། ས་ལ་འདྲུད་པ་ཡིན། མི་འཇིགས་པ་མེད་པ་ཡིན། མེ་གསལ་བར་སྨྲ་བ་ཡིན། གླེན་པ་ལ་དགག་བ་ཡིན། མུན་པ་ལ་དགའ་བ་ཡིན། འདམ་རྔུབ་ལ་དགའ་བ་ཡིན།། མང་དང་ཡང་སོས་རྩཝ་གཅོད་པ་ཡིན། རྒྱུན་དུ་རྐང་པའི་མཐེ་བོ་ས་ས་རྐོ་བ་ཡིན། ཡང་དང་ཡང་མགོ་ལ་སྦྲང་མ་འདུ་བ་ཡིན། ཡང་དང་ཡང་ནམ་མཁའ་ལ་སོ་ས་འདེབས་པ་ཡིན། ཀུན་ཏུ་བསྐུམས་ཏེ་ཉལ་བ་ཡིན། ས་ལ་ཉལ་བ་ཡིན། མི་གཙང་བས་མི་འདོག་པ་ཡིན། ཡང་དང་ཡང་ནམ་མཁའ་ལ་སྣོམ་པ་ཡིན། ཡང་དང་ཡང་མ་སྨིན་པ་ཟ་བ་ཡིན།། གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ་གཡོ་བྱེད་པ་ཡིན། བབ་བབ་ཏུ་སྤྱོད་པ་ཡིན། རྨི་ལམ་ན་འདུས་རྫབ་ཀྱིས་གོས་པར་རྨི་བ་ཡིན། རྨི་ལམ་ན་བདག་ནགས་སུ་སོང་སྟེ། རྩ་ཟ་བར་རྨི་བ་ཡིན། སྦྲུལ་གདུག་པས་བདག་བསྐོར་བར་མཐོང་བ་ཡིན།། བདག་ཉིད་རི་ཁྲོད་དུ་ཞུགས་པར་མཐོང་བ་ཡིན་ཏེ། ཀུན་ཏུ་རྒྱུ་དག་དེ་དག་ལ་སོགས་པ་དུད་འགྲོའི་སྐྱེ་གནས་ནས་འཆི་འཕོས་པའི་གང་ཟག་གི་མཚན་མ་རྣམ་པ་དུ་མར་ཤེས་པར་བྱ་སྟེ། དེ་དག་ནི་བསྐལ་པ་འམ་བཱསྐལ་པ་ལས་ལྐུག་པར་བརྗོད་ཀྱང་ཟད་པར་མི་ནུས་སོ། ། ཀུན་ཏུ་རྒྱུ་དག་དེ་ལག་ཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གི་མཚན་མེ་ནི་འདི་དག་ཡིན་ཏེ། འདི་ལྟ་ནི།། སྐྲ་སེར་བ་ཡིན།། མིག་ཝའི་མིག་འདྲ་བ་ཡིན། རྟག་པར་བཤེས་པ་ཡི།། དྷཱཏུ་ནོམ་པ་ཡི།། སེ་སྭཱ་ཙཱ་བ་ཡི། འདོད་ཆེ་བ་ཡི། འཐོད་པ་མི་རྙེད་པ་སྟེན། ཀཱཞན་ཀྱིལ་རེ་བ་ཡིན། ཁྲོ་འུ་མིན། མྀགྶ་ས་ཡིན། བཟའ་བ་ཐམས་ཅད་ལ་སྲེད་པ་ཡིན། བདོག་པ་ཐམས་ཅད་ལ་ཆགས་པ་ཡིན། སྦྱིན་པའི་གནས་དག་མཐོང་བར་མི་འདོད་པ་ཡིན། དངོས་པོ་ཀུན་ལའང་དེ་རྐུ་བའི་སེམས་ཡོད་པ་ཡིན། དངོས་པོ་ངན་པ་རྣམ་ལའང་དགའ་བ་ཡིན། འཐོབ་པ་ལ་མོས་པ་ཡིན། ཟས་སྐོམ་མི་གཙང་བ་ལ་དགའ་བ་ཡིན། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དྲོག་བྱེད་པ་ཡིན། གཞན་གྱི་ལོངས་སྤྱོད་ལ་སྲེད་པ་སྐྱེད་པ་ཡིན། གཞན་གྱི་ལོངས་སྤྱོད་གང་ཡིན་པ་དེ་དག་ལ་བདག་གི་སྙམ་དུ་སེམས་པ་ཡིན།། ཟས་གཏོར་ན་སེམས་མི་དགའ་བ་ཡིན། ཚེང་དུས་ཀྱི་སྲང་དག་ནས་ཀྱང་ཤིང་ཐོག་ལེན་པ་ཡིན་ཏེ། ཀུན་ཏུ་རྒྱུ་དག་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གི་རྟགས་ཀྱི་བྱེ་བྲག་ནི་དེ་དག་ལ་སོགས་པ་མཐའ་ཡས་པར་ཤེས་པར་བྱའོ།། ཀུན་ཏུ་རྒྱུ་དག་དེ་ལ་ལྷ་མ་ཡིན་ནས་ཤི་འཕོས་པའི་གང་ཟག་གི་མཚན་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། རིངས་པ་ཡིན།། འཐབ་ཀྲོལ་ཆེ་བ་ཡིན། ཁོན་དུ་འཛིན་པ་ཡིན། ང་རྒྱལ་ཆེ་བ་ཡིན། ལུས་ཆེ་བ་མིག་ཆེ་བ་ཡིན། མིག་དཀར་བ་ཡིན། མཆེ་བ་སྣང་བ་ཡིན། མཐུ་དང་ལྡན་པ་ཡིན།། འཐབ་མོའི་བློ་ཅན་ཡིན།། དབྱེན་ལ་དགའ་བ་ཡིན།། བྱ་བ་ཐམས་ཅད་ལང་རྒྱལ་ཆེ་བ་ཡིན། སོ་སྣང་བཞི་འཇིག་རྟེན་ཐམས་ཅད་ལ་བཟླས་པའི་འདུ་ཤེས་ཅན་ཡིན། མཚོན་ཆེརྣོ་བ་ཡིན། ཊཱིག་ན་བ་ཡིན། བདག་གཟེངས་བསྟོད་པ་ཅན་ཡིན། མི་ཤེས་པའི་སྟོབས་ནྡན་ཡིན། ཉོན་མོངས་པའི་སྟོཿ། ཅན་ཡིན། ཀུན་དུ་རྒྱུ་དག་དེ་དག་ལ་སོགས་པ་ནི་ལྷ་མ་ཡིན་ལས་ཤི་འཕོས་པའི་གང་ཟག་གི་མཚན་མར་ཤེས་པར་བྱའོ།། ཀུན་ཏུ་རྒྱུ་དག་དྲི་ལ་མི་ལས་ཤི་འཕྱོས་པའི་གང་ཟག་གི་མཚན་མ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། ངོ་མཚར་དུ་འཛིན་པ་ཅན་ཡིན། འཕགས་པ་དང་སྟེན་པ་ཡིན། འཕགས་པ་མ་ཡིན་པ་ལ་སྨོན་པ་ཡིན། དགེ་བ་བྱེད་པ་ཡིན། མངོན་རྟགས་འདོད་པ་ཡིན།། གྲགས་པ་འདོད་པ་ཡིན། སྙན་པ་འདོད་པ་ཡིན། བཟོ་ལ་དགའ་བ་ཡིན། ཤེས་པ་ལ་དགའ་བ་ཡིན།། ཉོན་མོངས་པ་ཆུང་བ་ཡིན། ཁྲེལ་ཡོད་ཅིང་ངོ་ཚ་ཤེས་པ་ཡིན། རིགས་ཀྱི་བུའི་ཚུལ་ཕུན་སུམ་ཚོགས་པ་ཡིན། བྱས་པ་གཟོ་བ་ཡིན། མཛའ་བོ་ལ་གདུ་བ་ཡིན། ཡོངས་སུ་གཏོང་བ་དང་ལྡན་པ་ཡིན། བྱེ་བྲག་ཤེས་པ་ཡིན། བྱས་པ་དང་མ་བྱས་པ་ལ་རྟོག་པ་ཡིན། ཚོགས་གི་མཐུ་ཡོད་པ་ཡིན། ཐོས་གཟུང་བར་བྱ་བའི་མཐུ་ཡོད་པ་ཡིན། འདུམ་པར་བྱ་བ་དང་འཐབ་མོ་བྱ་བ་ལ་མངོན་པར་མཁས་པ་སྦྱིན། བོཉྫ་ནུས་པ་སྨིན། རྨད་ཐམས་ཅད་འཛིན་པའི་མཐུ་ཡོད་པ་ཡིན། གནས་དང་གནས་མ་ཡིན་པ་མངོན་པར་ཤེས་པ་ཡིན་ཏེ། ཀུན་ཏུ་རྒྱུ་དག་དེ་དག་ལ་སོགས་པ་ནི་མི་ལས་ཤི་འཕོས་པའི་གང་ཟག་སྟི་རྟ་མ་ཡིན་ནོ།། ཀུན་ཏུ་རྒྱུ་དག་དེ་ལ་ཝཱ་ལས་ཤི་འཕོས་པའི་གང་ཟག་གི་རྟགས་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། མཛེས་པ་ཡིན། གཙང་སྦྲ་ཆེ་བ་ཡིན། འཕྲེང་བ་ལ་དགའ་བ་ཡིན། སྤོས་ལ་དགའ་བ་ཡིན། བདུག་པ་ལ་དགའ་བ་ཡིན། གླུ་ལེན་པའི་ངང་ཚུལ་ཅན་ཡིན། བྱུག་པ་ལ་དགའ་བ་ཡིན།། འདོད་པའི་ཡོན་ཏན་ངོན་གྱིས་མི་མགུ་ཞིང་རྒྱ་ཆེན་པོ་ལ་དགའ་བ་ཡིན།། རོལ་མོ་སྨྲ་ཐམས་ཅད་ལ་དགའ་བ་ཡིན། གླུ་ཐམས་ཅད་ལ་དགའ་བ་ཡིན།། སྐྱེ་བོ་རྒྱ་ཆེན་པོ་དང་འགྲོགས་པར་དགའ་བ་ཡིན། ཁང་པ་དང་། ཁང་པ་བརྩེགས་པ་དང་། ཁྱིམ་དང་ལོངས་སྤྱོད་རྒྱ་ཆེན་པོ་ལ་དགའ་བ་ཡིན། ། དེའི་སེམས་བྱམས་པ་སྔོན་དུ་འགྲོ་བ་ཡིན། དགོད་པའི་ངང་ཚུལ་ཅན་ཡིན།། འཇམ་པར་སྨྲ་བ་ཡིན།། དགའ་བ་ལ་མཁས་པ་ཡིན།། རྒྱན་ལ་དགའ་བ་ཡིན།། ཆེ་བའི་ངང་ཚུལ་ཅན་ཡིན། འགྲོ་བའི་ངང་ཚུལ་ཅན་ཡིན། ལུས་ཀྱི་ཤུགས་འབྱིན་པའི་ངང་ཚུལ་ཅན་ཡིན།། ཆགས་པའི་མཚན་མ་དང་མི་ཆགས་པའི་མཚན་མ་ཤེས་པ་ཡིན། ཕན་པར་བྱ་བ་ལ་མཁས་པ་ཡིན་ཏེ། ཀུན་ཏུ་རྒྱུ་དག་མཚན་མ་དེ་དག་ལ་སོགས་པས་མཐོ་རིས་ནས་ཤི་འཕོས་པའི་གང་ཟག་ཏུ་ཤེས་པར་བྱའོ།། ཀུན་ཏུ་རྒྱུ་དྲུག་དེ་ལ་མཚན་མ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་གིས་དགེ་བའི་བཤེས་གཉེན་གང་དག་མཚན་མ་དེ་དག་ལས་འདའ་བར་བྱ་བའི་ཕྱིར་ཆོས་སྟོན་པར་བྱེད་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་རྣམས་ལ་རྟེན་། བསྙེན་པ་། ར་ར། དེལ་སེམས་མྱལ་གཱ་འི་འའོ་སན། རུབ་ན་ངས་དེས་ནེ་སྡང་ལས་བྱུང་བའི་ལས་མངོན་པར་འདུས་བྱས་པས། དེ་ལས་དེས་སེམས་ཅན་དམྱལ་བར་སྐྱེས་ཏེ། དེའི་ཕྱིར་སེམས་ཅན་དམྱལ་བར་གནས་པ་རྙེད་ནས། སེམས་ཅན་དམྱལ་བའི་སྤྱོད་པ་ཅན་དུ་གྱུར་པས། རི་མིའི་ནང་དུ་སྐྱེས་ཏེ། སྤྱོད་པའི་རྟགས་འདི་དག་ཐོས་ན། བདག་ནི་སེམས་ཅན་དམྱལ་བནས་ཤི་འཕྲོས་པའོ་ཞེས་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང་། དེས་སེམས་ཅན་དམྱལ་བའི་ལས་ཀྱི་རྒྱུ་སྤང་བའི་ཕྱིར། དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དག་ཞེ་སྡང་གི་གཉེན་པོར་བྱམས་པ་སྟོན་ཏོ།། བྱམས་པ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། བྱམས་པ་དང་ལྡན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏོ།། དེས་ཀྱང་དེའི་ཞེ་སྡང་གི་བག་ལ་ཉལ་སྤོང་བར་འགྱུར་ཏེ། དེས་བྱམས་པ་ཆེན་པོ་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། ། ཀུན་ཏུ་རྒྱུ་དག་དེ་ལ་དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་གང་ཟག་གིས་ནི། སྔོན་མིར་གྱུར་པའི་ཚེ་གཏི་མུག་ལ་ཡོངས་སུ་བརྟེན་པས། དེས་གཏི་མུག་ལ་བྱུང་བའི་ལས་མངོན་པར་འདུས་བྱས་པས། དེ་ལས་དེས་དུད་འགྲོའི་སྐྱེས་གནས་སུ་སྐྱེས་ཏེ། དེའི་ཕྱིར་དེ་དུད་འགྲོའི་སྐྱེ་གནས་ན་གནས་པ་རྙེད་ནས། དུད་འགྲོའི་སྐྱེ་གནས་ཀྱི་སྤྱོད་པ་ཅན་དུ་གྱུར་པས། དེ་དུད་འགྲོའི་སྐྱེ་གནས་ནས་ཤི་འཕྲོས་ཏེ་མིའི་ནང་དུ་སྐྱེས་ཀྱང་། དུད་འགྲོའི་རྒྱུ་གནས་ཀྱི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེས་སྤྱོད་པ་དེ་དག་གིས་བདག་ནི་དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་ནས་མིའི་ནང་དུ་སྐྱེས་སོ་ཞེས་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང་། དེ་དུད་འགྲོའི་སྐྱེ་གནས་ཀྱི་ལས་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དགྲ་གཏི་མུག་སྤང་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་སྟོན་ཏོ།། དེས་ཀྱང་དེའི་གཏི་མུག་གི་བག་ལ་ཉལ་སྤོང་བར་འགྱུར་རོ། ། ཡང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུས་གསུམ་མཉམ་པ་ཉིད་སྟོན་ཏེ། དེས་དེ་གཏི་མུག་དེ་ནི་རང་བཞིན་མེད་པའོ་ཞེས་བྱ་བར་ཤེས་པ་སྐྱེ་བར་འགྱུར་རོ།། ཡང་ན་དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་སྟོན་ཏེ། དེས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཤིང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ།། ཀུན་ཏུ་རྒྱུ་རཱ་ཀེ་དེ་ལག་ཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གིས་ནི། སྔོན་མིར་གྱུར་པའི་ཚེ་སེར་སཱ་ལ་ཀུན་ཏུ་བརྟེན་ཅིང་བསྡོམས་ཏེ་མང་དུ་བྱས་པས། དེས་སེར་སྣ་དང་ལྡན་པ་ཆགས་པ་ལས་བྱུང་བའི་ལས་མངོན་པར་འདུ་བྱས་པས། དེ་ལས་བྱས་པ་དང་། བསགས་པ་དང་། ཟིན་པར་བྱས་པ་དང་། རྫོགས་པར་བྱས་པ་དང་། བླངས་པ་དེས་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་ཏེ། དེ་གཤིན་རྗེའི་འཇིག་རྟེན་ན་གནས་པ་དེས་གཤིན་རྗེའི་འཇིག་རྟེན་པའི་སྤྱོད་པ་ཅན་དུ་གྱུར་པས། དེ་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ཀྱང་། གཤིན་རྗེའི་འཇིག་རྟེན་གྱི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེས་སྤྱོད་པ་དེ་དག་གིས། བདག་ནི་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའོ་ཞེས་བྱ་བར་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང་། དེས་སྤྱོད་པ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བཙུལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དག་སེར་སྣ་སྤང་བའི་ཕྱིར་གཏོང་བ་སྟོན་ཏོ།། དེས་ཀྱང་དེའི་སེར་སྣའི་བག་ལ་ཉལ་སྤོང་བར་འགྱུར་རོ།། ཡང་ན་དེ་ལ་གཏོང་བ་དང་ལྡན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་རྣམས་སྟོན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། དེ་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། ཀུན་ཏུ་རྒྱུ་དག་དེ་ལ་ལྷ་མ་ཡིན་ལས་ཤི་འཕོས་པའི་གང་ཟག་གིས་ནི། སྔོན་མིར་གྱུར་པའི་ཚེ་དགེ་བའི་རྩ་བ་རྒྱ་ཆེན་པོ་དག་ཀྱང་མངོན་པར་འདུ་བྱས་ལ། ང་རྒྱལ་ལའང་ཡོངས་སུ་བརྟེན་པས། དེ་ང་རྒྱལ་དང་ལྡན་པའི་ལས་བྱས་པ་དང་། བསགས་པ་དང་། ཟིན་པར་བྱས་པ་དང་། རྫོགས་པར་བྱས་པ་དང་། བླངས་པ་དེས་ལྷ་མ་ཡིན་དུ་སྐྱེས་ཏེ། ལྷ་མ་ཡིན་གྱི་ནང་ན་གནས་པ་དེས་ལྷ་མ་ཡིན་གྱི་སྤྱོད་པ་ཅན་དུ་གྱུར་པས། དེ་ལྟ་མ་ཡིན་ནས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ཀྱང་། ལྷ་མ་ཡིན་གྱི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏོ།། དེས་སྤྱོད་པ་དེ་དག་གིས་བདག་ནི་ལྷ་མ་ཡིན་ལས་ཤི་འཕོས་པའོ་ཞེས་བྱ་བར་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང་། དེས་སྤྱོད་པ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ།། དེ་ལ་དགེ་བའི་བཤེས་གཉེན་དེ་དག་ངརྒྱལ་སྤང་བ་དང་། ངའོ་སྙམ་པའི་ང་རྒྱལ་གཞོམ་པའི་ཕྱིར་སྐྱེ་མཆེད་རྣམས་སྟོན་ཏོ།། དེས་ཀྱང་དེའི་ངོ་རྒྱལ་སྤོང་བར་འགྱུར་རོ།། ཡང་ན་དེ་ལ་སྟོང་པ་ཉིད་སྟོན་ཏེ། དེས་དེའི་དརྒྱལ་གྱི་དག་ལ་ཉལ་སྤོང་བ་དང་། བདག་རྣམ་པར་འཇིག་པར་འགྱུར་རོ།། ཡང་ན་ཇི་ལྟར་བྱ་བ་འབྱུང་བ་རྣམས་ཚོགས་པ་ལས་འབྱུང་བའི་ཚུལ་སྟོན་ཏེ། དེས་དེའི་ང་རྒྱལ་གྱི་བག་ལ་ཉལ་སྤོང་བར་འགྱུར་རོ།། ཡང་ན་དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་གཅིག་པ་སྟོན་ཏེ། དེས་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་རྫོགས་པར་འགྱུར་ཞིང་། དེ་བསྒོམས་པས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲུབ་པར་འགྱུར་རོ།། ཀུན་རྒྱུ་དག་དེ་ལ་མི་ལུས་ཤི་འཕོས་པའི་གང་ཟག་གིས་ནི་སྔོན་མིར་གྱུར་པའི་ཚེའང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཀུན་ཏུ་བརྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས། དེས་ལས་དེ་བྱས་པ་དང་། བསགས་པ་དང་། ཟིན་པར་བྱས་པ་དང་། རྫོགས་པར་བྱས་པ་དང་། བླངས་པ་དེས་མིར་སྐྱེས་ཏེ། དེ་མིའི་ནང་ན་གནས་པ་དེས་མིའི་སྤྱོད་པ་ཅན་དུ་གྱུར་པས། དེ་མིའི་ནང་ནས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ཀྱང་། མིའི་སྤྱོད་པ་དེ་དག་ཉིད་སྤྱོད་པར་འགྱུར་ཏེ། དེ་སྤྱོད་པ་དེ་དག་གིས་བདག་ནི་མིའི་ནང་ནས་ཤི་འཕོས་པའོ་ཞེས་བྱ་བར་བདག་ཉིད་ཀྱིས་ཤེས་པར་བྱ་ཞིང་།། དེས་མིའི་སྤྱོད་པ་དེ་དག་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བཙལ་བར་བྱ་སྟེ། དེ་ལ་དགེ་བའི་བཤེས་གཉེན་དེ་དག་མི་རྟག་པའི་འདུ་ཤེས་སྟོན་ཏོ།། དེས་ཀྱང་དེའི་སྤྱོད་པ་བག་ལ་ཉལ་དང་བཅས་པར་སྤོང་བར་འགྱུར་རོ། ། ཡང་ན་དེ་ལ་འཁོར་བའི་མི་བསྔགས་པ་དང་མངན་ལས་འདས་པའི་བསྔགས་པ་སྟོན་ཏེ། དེས་དེ་འཁོར་བ་ལ་མི་དགའ་ཞིང་། མྱ་ངན་ལས་འདའ་བ་དོན་དུ་གཉེར་བར་འགྱུར་རོ། ། ཡང་ན་དེ་ལ་ཕ་རོལ།། ཕྱིན་པ་དྲུག་སྟོན་ཏེ། དེ་ཐོས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་རོ།། དེ་ལ་ཐབས་མཁས་པའང་སོན་ཏེ། དེས་དེའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོར་དག་ཤིན་ཏུ་བཟུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱང་མྱུར་དུ་ཐོབ་པར་འགྱུར་རོ།། ཀུན་ཏུ་རྒྱུ་དག་དེ་ལ་མཐོ་རིས་ནས་ཤི་འཕོས་པའི་གང་ཟག་གིས་ནི། སྔོན་མིར་གྱུར་པའི་ཚེ་ཚངས་པར་སྤྱོད་པ་མཆོག་ཏུ་བཟུང་སྟེ་སྤྱད་པ་དང་། སྦྱིན་པ་མཆོག་ཏུ་བཟུང་སྟི་བྱིན་པ་དང་། ཚུལ་ཁྲིམས་མི་ཆོག་ཏུ་བཟུང་སྟེ་བསྲུངས་པས། ལས་བྱས་པ་དང་། བསགས་པ་དང་། ཟིན་པར་བྱས་པ་དང་། རྫོགས་པར་བྱས་པ་དང་། བླངས་པ་དེས་ལྷའི་ནང་དུ་སྐྱེས་ཏེ། དེ་ལྔའི་ནང་ན་གནས་པདག་ལྷའི་སྤྱོད་པ་ཅན་དུ་མྱུར་པས། ། དེ་རྣམས་ཤི་འཕོས་ཏེ་མིའི་ནང་དུ་སྐྱེས་ཀྱང་། ཞྭའི་སྨོན་པ་དེ་རག་ཉིད་སྤྱོད་པར་འགྱུར་ཏེ། དེས་སྤྱོད་པ་དེ་དག་ནི་ལྕེའི་ནང་ནས་ཤི་འཕོས་པའོ་ཞེས་བདག་ཉིད་ཀྱི་མ་ཤེས་པར་གྱི་ཞིང། ། དེས་སྔོན་པ་དེ་དག་ལ་སྣ་ཡང་དག་པར་འདྲའ་བྱུར་བྱ་བའི་ཕྱི་། དགེ་བ་བྱ་ཤེ་སྟེ་རྟེན་བརྟུལ་བར་བྱ་སྟེ། དེ་ལ་དབྱེ་བྱའི་བརྙེས་གརྟེན་དེ་དག་སྦྱངས་པར་སྤྱོད་པ་མཆོད་། འཛིན་པའི་ཉེས་པ་སྟོན་ཅིང་། མི་གནས་པའི་ཚངས་པར་སྤྱོད་པའི་ཡོན་ཏན་བརྗོད་དོ།། མཆོག་ཏུ་འཛིན་པའི་སྦྱིན་པ་ལ་སྨོད་ཅིང་། མཆོག་ཏུ་འཛིན་པ་མེད་པའི་སྦྱིན་པ་བསྔགས་པར་འགྱུར་རོ། ། མཆོག་ཏུ་འཛིན་པའི་ཚུལ་ཁྲིམས་ལ་སྨོད་ཅིང་། མཆོག་ཏུ་འཛིན་པ་མེད་པའི་ཚུལ་ཁྲིམས་བསྔགས་པར་འགྱུར་རོ།། དེས་དེའི་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་བག་ལ་ཉལ་དང་བཅས་པར་སྤོང་བར་འགྱུར་རོ། ། ཡང་ན་རེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། དེ་བསྒོམས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ལ་ཐབས་མཁས་པའང་སྟོན་ཏེ། དེ་དང་ལྡན་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ།། ཀུན་ཏུ་རྒྱུ་དགྲ་དེ་ལ་སེམས་ཅན་དམྱལ་བ་ནས་ཤི་འཕོས་པའི་གང་ཟག་གིས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། རུས་གསུམ་མཉམ་པ་ཉིད་མཉན་པར་བྱའོ།། ཐོས་ནས་ཀྱང་ཤས་ཆེར་གནས་པར་བྱ་སྟེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། འཁོར་བཞི་པོ་མང་པོ་ཡོད་པ་དེ་དག་ཏུ་གནས་པར་བྱ་ཞིང་། དེ་ས་དང་འཐོ་བར་བྱའོ།། དེས་བགྲོ་བབྱས་ཏེ་ཐོམས་པའི་རྗེས་སུ་འགྲོ་བུ་ས་ཐམས་ཅད་ནི་དངོས་པོ་མེད་བརྗིང་བ་ཉིད་རློགས་དུསུ་གསུན་པ་ན་དུ་འགྱུ་ཀུན་ཏུ་རྒྱུ་ག་དེ་ལ་དུད་འགྲོའི་སྐྱེ་གནས་ནས་ཤྲཱི་འཕོས་པའི་གང་ཟག་གིས་ནི་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ། གཏི་མུག་གི་གཉེན་པོར་བསྟན་བཅོས་ལ་མོངས་པའི་སྐྱེ་བོ་དང་ཝཱ་ཅིག་དགའ་བར་གནས་པར་བྱའོ། ། དེས་དེའི་གཏི་མུག་སྤོང་བར་འགྱུར་ཏེ། དེ་བསྟན་བཅོས་དེ་དང་བཅོས་ཤེས་པ་དེ་དག་རང་བཞིན་གྱིས་ཡང་དག་པར་བརྟན་པར་བྱའོ།། དེའི་ཕྱིར་དེ་བསྟན་བཅོས་དང་བསྟན་བཅོས་ཤེས་པ་རྣམས་ཀྱང་རང་བཞིན་མེད་དོ། ། རང་བཞིནི་མེད་དོ་ཞེས་བྱ་བར་སྣང་བར་འགྱུར་ཏེ། དེས་དེ་ལ་དུས་གསུམ་མཉམ་པ་ཉིད་མངོན་དུ་འགྱུར་ཞིང་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། ། ཀུན་ཏུ་རྒྱུ་དག་དེ་ལ་གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་གང་ཟག་གིས་ནི་གང་ལ་བརྟེན་ན་དེའི་སྦྱིན་པའི་བློ་སྐྱེ་བར་འགྱུར་བ་དང་། གང་གིས་དེ་ལ་དུས་གསུམ་མཉམ་པ་ཉིད་དང་། གང་འདི་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་མངོན་དུ་འགྱུར་བ་དང་། དེ་བསྒོམས་པས་མྱུར་དུ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་བའི་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ། ཡོན་ཏན་ལ་བརྟེན་པར་བྱའོ།། །། བམ་པོ་བཅུ་གཉིས་པ།། །། ཀུན་ཏུ་རྒྱུ་དག་དེ་ལ་ཟླུ་མ་ཡིན་ལས་ཤི་འཕོས་པའི་གང་ཟག་གིས་ནི་དགེ་བའི་བཤེས་གརྟེན་ལ་བརྟེན་ཏེ། ཉོན་མོངས་པའི་བདུད་དང་འཐབ་པར་བྱའོ།། འདི་དྡྷ། ང་རྒྱལ་ཞེས་བྱུ་། ཆོས་དེ་ནི་གང་ཞིག། དེ་ནི་ཅི་ཞིག་གིས་ཡོངས་སུ་བཟུང་། དེ་ནི་སུ་ལ་ཀུན་ནས་ལངས། སུ་ཞིག་དེ་སྤོང་བར་བྱེད་ཅེས་ཡང་དག་པར་བཙལ་ན། ང་རྒྱལ་དེ་མི་དམིགས་སོ།། གང་གིས་དེ་ཡོངས་སུ་བཟུང་བ་དང་། གང་ལ་དེ་ཀུན་ནས་ལངས་པ་དང་།། གང་དེ་སྤངས་པའི་ཕྱིར་རྩོལ་བ་དེའང་མི་དམིགས་པ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བཟུང་བས། བདག་དང་འཇིག་རྟེན་བསླུས་པར་ཡང་དག་པར་རྗེས་སུ་མཐོང་ངོ་། ། དེས་ཆོས་ཐམས་ཅད་རང་བཞིན་མེད་པར་ཡང་དག་པར་རྗེས་སུ་མཐོང་ཞིང་། ཆོས་གང་ལ་རང་བཞིན་མེད་པ་དེ་ནི་དངོས་པོ་མེད་པའོ་ཞེས་བྱ་བར་རབ་ཏུ་ཤེ་སོ། ། དངོས་པོ་མེད་པས་ཡོངས་སུ་མ་གྲུབ་བོ་ཞེས་བྱ་བར་རབ་ཏུ་ཤེས་སོ།། ཡོངས་སུ་མ་གྲུབ་པས་མི་སྐྱེ་བ་སྟེ། གང་མི་སྐྱེ་བ་དེ་ནི་མི་འགག་གོ། གང་མི་སྐྱེ་མི་འགག་པ་དེ་ནི་གདགས་སུ་མེད་པའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། ། གང་གདགས་སུ་མེད་པ་དེ་ནི་འདུས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ནོ།། གང་དུས་གསུམ་དུ་མི་དམིགས་པ་དེ་ནི་ཐོབ་བའང་མ་ཡིན། ཆུད་ཟོས་པའང་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ།། ཀུན་ཏུ་རྒྱུ་དག་དེ་ལྟར་ན་དེ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ། ཆོས་ཉིད་གང་གིས་ཆོས་ཐམས་ཅད་དེ་བཞིན་ཉིད་མ་ནོར་བདེ་བཞིན་ཉིད། ཀུཞན་མ་ཡིན་པ་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པའང་དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། ཀུཝཱན་མ་ཡིན་པ་དེ་བཞིན་ཉིད་པས། དེའི་ཕྱི་ཆོས་ཐམས་ཅད་ནི་ར་བཞིན་གཤེགས་པའོ། ། ཀུན་ཏུ་རྒྱུ་དག་ངས་ནི་སྔོན་ཆད་དང་ད་ལྟར་ཡང་འཇིག་རྟེན་བཏགས་པ་ནི་ང་རྒྱལ་གྱི་རང་བཞིན་ནོ་ཞེས་བཤད་དེ། ང་རྒྱལ་གྱིས་ནི་མི་ལས་ཤོ་འཕོས་པ་གདགས་པར་འགྱུར་རོ། ། ང་རྒྱལ་གྱིས་ནི་མཐོ་རིས་ནས་ཤྲཱི་འཕོས་པ་གདགས་པར་འགྱུར་རོ།། ང་རྒྱལ་གྱིས་ནི་སེམས་ཅན་དམྱལ་བའི་བར་དུ་ཤི་འཕོས་པ་གདགས་པར་འགྱུར་རོ།། ང་རྒྱལ་མེད་ན་གདས་པབ་མེད་དོ། ། ཀུན་ཏུ་རྒྱུ་དག་དེ་ནི་ང་རྒྱལ་མེད་པའི་ཡེ་ཤེས་ཞེས་བྱའོ།། དེའང་ཐབས་མཁས་པ་དང་ལྡན་ཞིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པས་ཤེས་པར་ནུས་སོ། ། དེ་ནས་ཀུན་ཏུ་རྒྱུ་དྲུག་ཁྲི་པོ་དེ་དག་གིས་བསྟན་པ་འདི་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་རྒྱུར་ཏེ། དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་མངོན་པར་བསྟོད་པ། ། མགོན་པོ་ཡེ་ཤེས་སྟོབས་ཀྱིས་ཡང་དག་འཕགས།། འགྲོ་བ་ཀུན་ལ་གཞན་གྱི་དྲིང་མི་འཇོག། འགྲོ་བ་ཀུན་ན་སྤྱོད་པ་རྣམས་གཟིགས་ཏེ།། ལག་པའི་མཐིལ་དུ་སྐྱུ་རུ་ར་གཞག་བཞིན། ། འཇིག་རྟེན་ལྟ་བའི་རྣམ་པས་ཀུན་ཏུ་དཀྲུགས།། སྤྲིན་སྟུག་དག་གིས་ནམ་མཁའ་ཡོག་པ་བཞིན།། དེ་དག་གིས་ནི་བྱིས་པ་རྨོངས་ནས་སྤྱོད།། ལེ་བའི་ཚོགས་རྣམས་རབ་ཏུ་ལམ་སྟོར་བཞིན། ། འཇིག་རྟེན་རྟག་དང་འཇིག་རྟེན་མི་རྟག་དང་།། རྟག་ཀྱང་རྟག་ལ་མི་རྟག་ཁ་ཅིག་མཆི།། རྟག་པ་མ་ཡིན་མི་རྟག་མིན་ཞེས་ཏེ། གླང་པོའི་དབང་པོ་ཁྱིམ་དུ་བཏགས་ལྟར་བརླག། འཇིག་རྟེན་མཐའ་ཡོད་འཇིག་རྟེན་མཐའ་མེད་དང་།། མཐའ་ཡང་ཡོད་ལ་མཐའ་མེད་ཁ་ཅིག་མཆི།། མཐའ་ཡོད་མ་ཡིན་མཐའ་མེད་མིན་ཞེས་ཏེ།། དཔེར་ན་བྱ་ནི་གཟེབ་ཏུ་བཅུག་པ་བཞིན། ། ལ་ལ་དག་ནི་ལུས་འདི་བདག་ཅེས་མཆི།། ལ་ལ་དག་ནི་ལུས་འདི་གཞན་ཞེས་མཆི།། རྟོག་པས་ཡོངས་སུ་བཀྲིས་ནས་ཉལ་བགྱིད་དེ།། བྱ་ནི་བྱ་རྒྱར་ཆུ་ནས་ཐོགས་པ་བཞིན། ། ལ་ལ་དག་ནི་དབང་ཕྱུག་སྤྲུལ་ཅེས་མཆི།། ལ་ལ་རྒྱུ་མེད་བྱུང་ཞེས་འདོགས་པར་བགྱིད།། ལྟ་བའི་རྣམ་པ་དག་གིས་ཀུན་ནས་དཀྲིས།། མཁའ་ལ་གནས་པའི་ཟླ་ལྔར་རྒྱལ་བས་གཟིགས། ། ཇི་ལྟར་གཟེབ་ཏུ་བཅུག་པའི་བྱ་རྨོངས་པ།། བུ་ག་བུ་གར་ཐར་དུ་ར་བ་ལྟར།། མི་མཁས་ལྟ་བའི་རྣམ་པས་བདས་པར་འགྱུར།། ཐར་པ་མི་ཐོབ་རྐང་གཉིས་བཏགས་པ་བཞིན་ཚངས་དང་སྐྱེ་དགུ་བདག་དང་སྐེམ་བྱེད་དང་། ། གཞོན་དང་འཁོར་ལོ་འཛིན་དང་རྣམ་ཐོས་བུ།། ཕྱོགས་དང་རྒྱ་མཚོ་ཀུན་ལ་ཕྱག་འཚལ་ཏེ།། རྒྱལ་པོས་མཚན་མོ་རྐུན་པོ་བཟུང་བ་བཞིན།། དབུ། པོ་བུ་ལོན་ཆགས་པ་བུ་ལོན་པས།། བཟུང་ན་གཉར་སྔོན་གསོལ་བ་འདེབས་པ་བཞིན།། ལྟ་བའི་རྣམ་པས་གནས་པའི་བྱིས་པ་དག། དབང་ཕྱུག་ལས་ནི་བདེན་པ་འཆོལ་བར་བགྱིད།། ཀུན་པོའི་ཚོགས་རྣམས་བཙོན་རར་སྩལ་བ་བཞིན། ། འགྲོ་བ་རྣམས་སུ་སྡུག་བསྔལ་བརྒྱ་མྱོང་བ།། དེ་དྲག་དེ་བཞིན་གཤེགས་པ་ཁྱོད་ཀྱིས་གཟིགས།། ཕྱག་གི་མཐིལ་ན་སོར་མོ་ལྔ་དང་མཚུངས།། དེ་ལ་མི་དབང་ཐུགས་རྗེ་བསྐྱེད་ནས་ནི།། འགྲོ་བ་མཁྱེན་པ་འགྲོ་བར་སྤྱོད་མཛད་དེ།། བློ་མཆོག་ཚེ་རབས་འགྲོ་བ་བཀྲོལ་བ་ནི།། དཔེར་ན་རྒྱལ་པོས་བཙོན་རྣམས་བཀྱེ་བ་བཞིན།། འཇིག་རྟེན་སྨན་སླད་བསྐལ་པ་བསམ་ཡས་སུ། ། དཀའ་བ་མཛད་ནས་བྱང་ཆུབ་མཆོག་བརྙེས་ཏེ།། ལྟ་བའི་རྣམ་པར་སེམས་ཅན་འཁྱམས་མཁྱེན་ནས།། དེ་དག་བཅིངས་ལས་ཁྱོད་ཀྱིས་འགྲོལ་བར་མཛད།། བདེ་གཤེགས་མི་ཡི་སེང་གེ་རྐང་གཉིས་གཙོ།། ཆོས་ཚོགས་གང་ལ་མངའ་དབང་ཁྱོད་མཛད་པ།། ལྟ་བའི་རྣམ་པ་སྒྱུ་འདྲར་རྨོངས་མི་མངའ།། བདེ་བཤེགས་ཁྱོད་ནི་དེ་འདྲར་བདག་ཅག་འཚལ། ། སྟོབས་རྣམས་གང་གིས་རྒྱལ་བ་སྟོབས་བརྙེས་ཤིང་། མི་འཇིགས་གང་གིས་སྔོ་བའི་དགྲ་བསལ་ཏེ།། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ།། བློ་མཆོག་དེ་ནི་བདག་ཅག་ཐོས་པར་ཤོག། གང་གིས་རྒྱལ་བ་འཇིག་རྟེན་གསུམ་བསྐྱོད་དང་།། གང་གིས་མཐའ་ཡས་འོད་ནི་འགྱེད་པ་དང་།། གང་གིས་མི་མཆོག་སེམས་ཅན་ལུང་སྟོན་པ།། དེ་རིང་ཡུར་གྱིས་བདག་ཅག་དེ་ཐོབ་ཤོག། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་དེ་དག་གི་སྡུག་པའི་བསམ་པཐུགས་སུ་ཆུད་ནས། དེའི་ཚེ་འཛུམ་པ་མཛད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། འཇིག་རྟེན་ཕན་བཞེད་འཛུམ་པ་གང་མཛད་པ།། མུ་སྟེགས་ཚོགས་འདི་ཤིན་ཏུ་འཕགས་གྱུར་ཏམ། མི་མཆོག་རང་བྱུང་ཅི་སླད་འཛུམ་མཛད་པ།། འཛུམ་རྒྱུ་དེ་ནི་ཁྱོད་ཀྱིས་བཀའ་སྩལ་གསོལ། བདེ་བར་གཤེགས་པ་འཛུམ་པ་མཛད་མཐོང་ནས།། འཇིག་རྟེན་ཕན་བཞེད་འགྲོ་འདི་ཐེ་ཚོམ་འཚལ། ། ཟླ་བ་ཉལ་འགྲོ་བ་ལྟ་བ་བཞིན།། ལྟ་ཞིང་མཆིས་ན་རྒྱལ་བ་འཛུམ་རྒྱུ་གསུངས།། སུ་ཞིག་རྒྱལ་ལ་མཆོད་པ་དམ་པ་འབྲི།། གང་གིས་དེ་རིང་ཡབ་ནི་མཉེས་པར་བགྱིས།། རྒྱལ་བའི་ཡོན་ཏན་དེ་རིང་གང་གིས་མཐོང་། ། མཁས་པ་མྱུར་དུ་ལེགས་པར་བཀའ་སུ་ལ་གསོལ།། མུ་སྟེགས་ཅན་རྣམས་ལུང་བསྟན་དེ་ཐོས་ན།། འཇིག་རྟེན་ཐམས་ཅད་རབ་ཏུ་དགའ་བར་འགྱུར། འདི་ལྟར་འདི་དག་བདེ་བར་གཤེགས་པས་བརྟུལ།། དེས་ན་འགྲོ་བ་ཀུན་གྱི་ནམ་འདྲེན་ལགས།། རྒྱལ་བས་ཐེ་ཚོམ་ལེག་པར་བསལ་དུ་གསོས།། སྡོམ་ཉི་འདུལ་བའི་ཆོ་ཉི་དགུམ་དུ་གསོལ། ། དེས་ནི་འཁོར་རྣམས་འདི་དག་ཡི་རེངས་ཤིང་།། སངས་རྒྱས་ཁྱོད་ཀྱིས་དགོངས་ལ་དད་པར་མཆི།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་བཏྟཱ་ཛྭལ་ལ་ཚིགས་སྨྲ་བ་ཅད་དེ་སྦྱར་བཀའ་སྩལ་པ། རྟ་ཐལ་ཁྱོད་ཀྱིས་དུས་འདི་ཤེས་གྱུར་ནས། རྒྱལ་བ་དཀྱུསས་རྒྱལ་ལ་རྣཾས་པ་ལེམས།། འདྲེན་པ་ར་ནྟ་དྷཱི་ས་དེ་ནི་ས་ངས་འཇིག་རྟེན་ཕན་པའི་ཚིག་ཀྱང་བརྗོད་པར་འགྱུར། ། འཛུམ་པ་འདི་ནི་ཇི་ལྟེརངས་མཛད་པ།། འཛུམ་རྒྱངས་དང་ཁྱོད་ལ་བསྟན་པར་བྱས།། ཡང་དག་ཇི་བཞིན་ང་མིམ་བསྐྲུན་པ་ལ། དགའ་བའི་ཡིད་དུ་བྱོས་ཏེ་དེང་ཉོན་ཅིག། མུ་སྟེགས་ཚོགས་འདི་རབ་ཏུ་དུལ་གྱུར་ཏེ།། ལྔ་བའི་རྣམ་སྦྱངས་ལྟ་བ་བཟང་པོར་གྱུར།། ལྟ་བའི་རྣམ་པར་འཇིག་རྟེན་འཁྱམས་མཐོང་ནས།། སྙིང་རྗེཅན་གྱུར་བྱང་ཆུབ་རབ་ཏུ་ཞུགས། ། ལྟ་བའི་རྣམ་པ་དག་ནི་རབ་སྤངས་ཏེ།། ལྟ་བ་དྲང་པོ་རྙོག་མེད་རྟོགས་གྱུར་ཅིང་།། ང་ཡིས་ལུང་བསྟན་ཐོགས་མེད་ཐོས་གྱུར་ནས།། དེ་དག་ཀུན་གྱིས་ཐམས་ཅད་མཁྱེན་སེམས་བསྐྱེད། ། སྔོན་གྱི་རྒྱལ་བ་དག་ལ་དད་བསྐྱེད་དེ།། ཐུགས་རྗེ་ལྡན་པ་རྐང་གཉིས་དམ་པ་པོ།། རྒྱལ་བ་བྱེ་བ་ཉི་ཤུར་ཚང་བ་ལ།། བླ་མེད་བྱང་ཆུབ་འཚོལ་ཞིང་བསྙེན་བཀུར་བྱས། ། རྒྱལ་བ་རྣམས་ལ་སྦྱིན་པ་མི་ཉུང་ཕུལ།། ཁྲིམས་དང་ཞི་བའི་ཏིང་འཛིན་རྣམ་པར་སྦྱངས།། ཤེས་རབ་བརྩོན་འགྲུས་སྟོབས་ཀྱང་འབར་བར་བྱས།། ཐུགས་རྗེ་ལྡན་རྣམས་དྲུང་དུ་བཟོད་པ་བསྟེན། ། བྱང་ཆུབ་དམ་པ་བཙལ་ནས་ཡུན་རིང་དུ།། ཕ་རོལ་ཕྱིན་པ་དྲུག་ལ་བློ་ཡང་ཞུགས།། རྒྱལ་བ་དགྲ་ལས་རྒྱལ་ལ་ཞུ་བ་ཞུས།། སངས་རྒྱས་བརྒྱ་བགྲངས་དཀལ་ཡིད་དཀའ་བྱས། ། དེ་དག་སྡིག་པའི་གྲོགས་ཀྱི་དབང་གིས་ནཱ།། བྷ་བའི་རྣམ་པ་གདུགས་གནས་གྱུར་པ།། དེ་དག་བདེ་གཤེགས་རང་བྱུང་མཐོང་རྒྱན་ནཔ།། ཆགས་པ་མེད་པས་ལྟ་བའི་རྣམ་པ་སྤངས།། སྟོན་པའི་དགོངས་པ་ཡང་དག་རྣམ་པར་རྟོགས།། སྟོན་པའི་དགོངས་པ་རྣམས་ལ་དད་པ་གནས།། མ་འོངས་དུས་ནི་བྱང་ཆུབ་འཆོལ་བྱེད་ཅིང་། ། རྒྱལ་བ་བྱེ་བ་བསྙེན་བཀུར་བྱེད་པར་འགྱུར།། མ་འོངས་བསྐལ་པ་སྐར་མ་འདྲ་བ་ལ།། རྒྱལ་བ་ང་རྒྱལ་བཅོམ་པར་མཚན་མཐུན་པར།། གྲགས་པ་ཆེན་པོར་ཕྱོགས་སུ་རྣམ་པར་གྲགས། ། འཇིག་རྟེན་མཁས་པ་འགྲོ་བ་འགྲེལ་པར་འགྱུར།། དེ་དག་སངས་རྒྱས་ཞིང་ཡང་དག་འགྱུར་ཏེ།། དེ་དག་བཀོད་པ་སྣ་ཚོགས་མཚུངས་པ་མེད།། སངས་རྒྱས་ཞིང་དེར་སྡིག་པའི་བློ་ཅན་མེད། ། བློ་གྲོས་དག་པར་མཐུན་པ་ཤ་སྟག་གནས།། དེ་ན་ངན་སོང་ཐམས་ཅད་རྣམ་པར་སྦྱངས།། མི་ཁོམས་བསལ་ཏེ་དུས་དེའི་མཐའ་མ་ལ།། རྒྱལ་བ་དེ་དག་སྐུ་ཚེའི་སྟོབས་ལྡན་ཏེ། ། ལོ་ནི་སྟོང་ཕྲག་བརྒྱད་ཅུ་ཐུབ་པར་འགྱུར།། མི་དེ་དག་གིས་བྱང་ཆུབ་འདི་ཐོས་ན།། དེ་ཚེ་མི་མཉེས་པར་ནི་བྱེད་མི་འགྱུར།། ཆགས་མེད་བློ་མངར་རྣམས་ཀྱི་མཚན་ཟློས་ན།། དུད་མེད་རྣམས་ཀྱང་སྐྱེས་པའི་ལུས་ཐོབ་འགྱུར། ། དེ་ལྟར་ང་རྒྱལ་བཅོམ་པ་དྲང་སྲོང་ཆེ།། སྟོན་པས་མུ་སྟེགས་ལུང་བསྟན་བཀའ་སྩལ་པ།། དེ་ཐོས་གྱུར་ནས་ལྷར་བཅས་འཇིག་རྟེན་རྣམས།། མི་རངས་སྦྱར་ཅིང་སྟོབས་ཀྱང་སྐྱེས་པར་གྱུར།། མུ་སྔགས་ཅན་ལུང་བསྟན་པཱའི་ལེངྒ་ཀེ་ཉི་ཤཱརྩ་ལྔ་པའོ།། དེ་ནས་རྒྱལ་པོ་ཟས་ཀཱ་ཅང་མ་འཁོར་དང་བཅས་པས་ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་ནས། ཀུན་ཏུ་རྒྱུ་རྣམས་ཀྱི་བར་གྱི་ལུང་བསྟན་པ་ཐོས་ནས། འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པས། འགྲོ་བ་ཐམས་ཅད་ཚིམ་པར་བྱས་པ་ནི་ངོ་མཚར་ཏོ་སྙམ་ནས། དེའང་བུ་ལ་ཆགས་པས་ཀུན་ཏུ་དཀྲིས་པར་གྱུར་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མའི་སེམས་ཐུག་སུ་ཆུང་ནས། རྒྱལ་པོ་ཟས་གཙང་མ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ལཾ་ཚངས་པར་སྤྱོན་པ། ཐོག་མར་དགེ་བ། བར་དུ་དགེ་བ། མཐའ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱུང་བའི་ཆོས་འདི་ལྟ་སྟེ། ཁམས་དྲུག་རྣམ་པར་དབྱེ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་ཀྱི། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ།། བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། རྒྱལ་པོ་ཟས་གཙང་མོ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ཁམས་དྲུག་རྣམ་པར་དབྱེ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེ་ན། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པ། རེག་པའི་སྐྱེ་མཆེད་དྲུག་པ། ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པ་སྟེ། སྐྱེས་བུ་འདི་ནི་ཁམས་དྲུག་པ་ཞེས། གང་སྨྲས་པ་དེ་ཅི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ།། དྲུག་གང་ཞེ་ན། འདི་ལྟ་སྟེ། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སོ།། རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་ནི་ཁམས་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། ། སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་སྨྲས་པ་དེ་ཅི་ལས་བརྟེན་དེ་སྨྲས་ཤྭེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད་དྲུག་ནི་འདི་དག་སྟེ། དྲུག་གང་ཞེ་ན། གཟུགས་རྣམས་ལ་ལྟ་བའི་ཕྱིར་མིག་གི་རེག་པའི་སྐྱེ་མཆེད་དང་། སྒྲ་རྣམས་ལ་ཉན་པའི་ཕྱིར་རྣ་བའི་རེག་པའི་སྐྱེ་མཆེད་དང་། དྲི་རྣམས་ལ་སྣོམ་པའི་ཕྱིར་སྣའི་རེག་པའི་སྐྱེ་མཆེད་དང་། རོ་རྣམས་ལ་མྱང་བའི་ཕྱིར་ལྕེའི་རེག་པའི་སྐྱེ་མཆེད་དང་། རེག་བྱ་རྣམས་ལ་རེག་པའི་ཕྱིར་ལུས་ཀྱི་རེག་པའི་སྐྱེ་མཆེད་དང་། ཆོས་རྣམས་རྣམ་པར་ཤེས་པའི་ཕྱིར་ཡིད་ཀྱི་རེག་པའི་སྐྱེ་མཆེད་དོ། ། རྒྱལ་པོ་ཆེན་པོ་དེ་དག་ནི་རེག་པོའི་སྐྱེ་མཆེད་དྲུག་སྟེ། སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ།། རྒྱལ་པོ་ཆེན་པོ་སྐྱེས་བུ་དེ་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ་ཞེས་གང་སྨྲས་པ་དེ་ཅི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་ནི་འདི་དག་སྟེ། བཅོ་བརྒྱད་གང་ཞེ་ན། འདི་ལ་མིས་མིག་གཟུགས་མཐོང་ན་ཡིད་པདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་སུ་འགྱུར་བར་གཟུགས་ལ་ཉེ་བར་སྤྱོད་དོ།། རྣ་བས་སྒྲ་ཐོས་ན་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་། བཏང་སྙོམས་སུ་འགྱུར་བར་སྨྲ་ལ་ཉེ་བར་སྤྱོད་དོ།། སྣས་དྲི་ཆོར་ན་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་སུ་འགྱུར་བར་དྲི་ལ་ཉེ་བར་སྤྱོད་དོ།། ལྕེས་རོ་མྱོང་ན་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་སུ་འགྱུར་བར་རོ་ལ་ཉེ་བར་སྤྱོད་དོ།། ལུས་ཀྱིས་རེག་བྱ་ལ་རེག་ན་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་སུ་འགྱུར་བར་རེག་བྱ་ལ་ཉེ་བར་སྤྱོད་དོ། ། ཡིད་ཀྱིས་ཆོས་རིག་ན་ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་སུ་འགྱུར་བར་ཆོས་ལ་ཉེ་བར་སྤྱོད་དོ།། རྒྱལ་པོ་ཆེན་པོ་དེ་ལ་གང་དག་ཡིད་བདེ་བར་ཉེ་བར་སྤྱོད་པ་དྲུག་དང་། གང་དག་ཡིད་མི་བདེ་བར་ཉེ་བར་སྤྱོད་པ་དྲུག་དང་། གང་དག་བཏང་སྙོམས་སུ་འགྱུར་བར་ཉེ་བར་སྤྱོད་པ་དྲུག་པོ་དེ་དག་གཅིག་ཏུ་བསྡུས་ན་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་དུ་འགྱུར་རོ། ། རྒྱལ་པོ་ཆེན་པོ་བཅོ་བརྒྱད་པ་དེ་དག་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་སྟེ། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ་ཞེས་གང་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ། ། རྒྱལ་པོ་ཆེན་པོ་དེ་ལ་སའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གིའང་ཡོད། ཕྱི་རོལ་གྱིའང་ཡོད་དོ།། རྒྱལ་པོ་ཆེན་པོར་ལ་ནང་གི་སའི་ཁམས་གང་ཞེ་ན། གང་ཅིའང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང་། མཁྲང་བའི་རྣམ་པ་དང་། ཉེ་བར་གྱུར་པ་དང་། ཟིན་པའོ།། དེའང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་། སྥུ་དང་། སེན་མོ་དང་། སོ་དང་། རྡུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རྩ་དང་། ཆུ་རྒྱུས་དང་། རུས་པ་དང་། རྐང་དང་། སྙིང་དང་། མཆིན་པ་དང་། གློ་བ་དང་། མཁལ་མ་དང་། སུལ་མངས་དང་། མཆེར་པ་དང་། མཆིན་དྲི་དང་། རྒྱུ་མ་དང་། གཉེ་མ་དང་། ལྒང་པ་དང་། ཕྱི་ས་དང་། གཞང་དང་། ཀླང་བ་དང་། ཀླད་རྒྱས་དང་། གཞན་ཡང་གང་ལུས་འདི་ནང་གི་འོང་ན་སྲ་བ་དང་། མཁྲང་བའི་རྣམས་དང་། ལུས་སུ་གཏོགས་པར་གྱུར་པ་དང་། ཟིན་པ་འདི་ནི་ནང་གི་སའི་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ཅིའང་རུང་སྟེ། ཕྱི་རོལ་གྱི་སྲ་བ་དང་། མཁྲང་བའི་རྣམ་པ་དང་། ལུས་སུ་མ་གཏོགས་པ་དང་། མཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་དེ་ལ་ནང་གི་སའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང། འགག་པའི་ཚེ་གང་དུའང་སོགས་པར་མི་འགྲོའོ།། རྒྱལ་པོ་ཆེན་པོ་བུད་མེད་ནང་དུ་བདག་ནི་བུད་དོ་ཞེས་རྟོག་ཅིང་། དེ་ནང་དུ་བུད་མེད་ཅེས་བརྟགས་ནས། ཕྱི་རོལ་ཏུ་སྐྱེས་པ་ལ་སྐྱེས་པའོ་ཞེས་རྟོག་གོ།། དེ་ཕྱི་རོལ་ཏུ་སྐྱེས་པ་ལ་སྐྱེས་པ་ཞེས་བརྟགས་ནས་ཆགས་པར་གྱུར་ཏེ། ཕྱི་རོལ་གྱི་སྐྱེས་པ་དང་ཟད་པར་འདོད་རོ། ། སྐྱེས་པ་དེའང་ནང་དུ་བདག་སྐྱེས་པ་ཞེས་རྟོག་སྟེ། དེ་ནང་དུ་བདག་ནི་སྐྱེས་པ་ཞེས་བརྟགས་ནས། ཕྱི་རོལ་ཏུ་བུད་མེད་ལ་བུད་མེད་ཅེས་རྟོག་གོ།། ཕྱི་རོལ་དུ་བུད་མེད་ལ་བུད་མེད་ཅེས་བརྟག་ནས་ཆགས་པར་གྱུར་ཏོ། ། ཕྱི་རོལ་གྱི་བུད་མེད་དང་ཕྲད་པར་འདོད་དོ།། ཕྲད་པར་འདོད་པས་ཕྲད་པར་འགྱུར་རོ།། ཕྲད་པའི་རྐྱེན་གྱིས་མེར་མེར་པོ་སྐྱེ་བར་འགྱུར་བའི་དུས་དེ་ཡོད་དོ།། རྒྱལ་པོ་ཆེན་པོ་གང་ལ་ཀུན་ཏུ་བརྟགས་པ་དང་། གང་ཀུན་ཏུ་རྟོག་པ་དེ་གཉིས་ཀའང་མེད་དེ། བུད་མེད་ལ་ནི་བུད་མེད་མེད་དོ།། སྐྱེས་པ་ལ་ནི་སྐྱེས་པ་མེད་དོ།། དེ་ལྟར་མེད་ཅིང་ཡང་དག་པ་མ་ཡིན། པར་ཀུན་ཏུ་རྟོག་པ་སྐྱེས་ཏེ། ཀུན་ཏུ་རྟོག་པ་དེའང་ངོ་བོ་ཉིད་ཀྱིས་མེད་དོ།། ཀུན་ཏུ་རྟོག་པ་ཇི་ལྟ་བ་བཞིན་དུ་ཕྲད་པ་དང་། མེར་མར་པོའང་ངོ་བོ་ཉིད་ཀྱིས་མེད་དོ།། གང་ངོ་བོ་ཉིད་ཀྱིས་མེད་པ་དེ་ཇི་ལྟར་སྲ་བ་སྐྱེད་པར་འགྱུར། རྒྱལ་པོ་ཆེན་པོ་དེ་ལྟར་ཀུན་ཏུ་རྟོག་པ་ཤེས་པར་བྱས་ནས། སྲ་བ་ཉིད་རྟོགས་པར་བྱ་སྟེ། ཅི་ནས་སྲ་བ་ནི་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བར་ཤེས་པར་བྱའོ།། རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི་མཐར་འགྱུར་བའི་དུས་དེ་ཡོད་དེ། དེའི་སྲ་བ་དེ་འཇིག་ཅིང་འགག་པར་འགྱུར་བའི་ཚེ། ཤོར་ཕྱོགས་སུ་མི་འགྲོ།། ལྷོ་ཕྱོགས་དང་། ནུབ་ཕྱོག་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུའང་མི་འགྲོ་སྟེ། རྒྱལ་པོ་ཆེན་པོ་ནང་གི་སའི་ཁམས་ནི་དེ་ལྟར་བལྟའོ།། རྒྱལ་པོ་ཆེན་པོ་འཇིག་རྟེན་གནས་པ་འདི་ནམ་མཁར་གྱུར་པ་ལ་ཚངས་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་ཐུབ་པ་གནས་པའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་དེའི་སླུ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་། ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་བྱུང་ཡང་། རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི་རྡོ་རྗེའི་རྒྱུ་ལས་གྲུབ་པ། སྲ་ཞིང་བརྟན་ལ་ལྷུན་སྟུག་པ་རྣམས་གནས་པར་གྱུར་ཀྱང་། དེ་དག་གི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། རིའི་རྒྱལ་པོ་རི་བ་དག་དང་། གཉའ་ཤིང་འཛིན་དག་དང་། མུ་ཁྱུད་འཛིན་དག་དང་། གཤོལ་མདའ་འཛིན་དག་དང་། རྡོ་རྗེ་འཛིན་དག་དང་། སེང་ལྡེང་ཅན་དག་དང་། རྣམ་པར་འདུད་དག་དང་། རི་རྟ་རྣ་དག་དང་བལྟ་ན་སྡུག་དག་དང་། བལྟ་ན་སྡུག་ཆེན་པོ་དག་དང་། ཐར་སྨེ་དག་དང་། སྤོས་ཀྱི་ངད་ལྡང་དག་དང་། གངས་རི་དག་དང་། ང་མ་ཡིན་པའི་རི་ནག་པོ་དག་དང་གནས་པ་དང་། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གནས་པ་དང་། རྔམས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་ལ། རྒྱར་དཔག་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང་། རྒྱལ་པོ་ཆེན་པོ་ཟ་བདེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཆ། ས་ཆེན་པོ་འདི་མས་ཚིག་པ་འམ། ནུས་པཤིག་པ་འམ། དྷུ་ཎི། གཏོར་བར་འགྱུར་བའི་དུས་དེ་ཡོད་དེ། དེ་མེས་ཚིག་ན་ནི་དུ་བའང་མི་མངོན། ཐལ་བའི་ལྷག་མའང་མི་མངོན་པར་འགྱུར་རོ།། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་མར་རམ། འབྲུ་མར་གྱི་མས་བསྲེགས་ན་དུ་བའང་མི་མངོན་ཞིང་། ཐལ་བའི་ལྷག་མའང་མི་མངོན་པར་འགྱུར་རོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེས་ཚིག་པའི་ཚེ་དུ་བའང་མི་མངོན་ཞིང་། ཐལ་བའི་ལྷག་མའང་མི་མངོན་པར་འགྱུར་རོ།། ཆུས་བཤིག་པའི་ཚེའང་ལྷག་མ་ཅིའང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་ལན་ཚྭ་ཆུའི་ནང་དུ་ཞུ་བ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། ། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིངང་ཆུས་བཤིག་པའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ།། རླུང་གིས་གཏོར་བའི་ཚེའང་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་རྣམ་པར་འཐོར་རླུང་གིས་བདས་པའི་བྱེའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའང་རླུང་གིས་གཏོར་བའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བའང་སྤོང་སའི་ཁམས་འཇིག་པ་དང་འབྱུང་བའང་ངོ་བོ་ཉིད་ཀྱིས་སྟོང་ངོ་། ། རྒྱལ་པོ་ཆེན་པོ་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་ཁམས་ཉིད་དུ་མི་དམིགས་ཏེ། ཐ་སྙད་དེའང་བུད་མེད་མ་ཡིན། སྐྱེས་པ་མ་ཆིན་གྱི། རྒྱལ་པོ་ཆེན་པོ་དེ་ལྟར་དེ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་རྟོགས་ཤིག། རྒྱལ་པོ་ཆེན་པོ་དེ་ལ་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ།། ནང་གི་ཆུའི་ཁམས་གང་ཞེ་ན། གང་ཅིའང་རུང་སྟེ། ལུས་འདི་ལ་ནང་ཀི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང་། ཆུ་ཉིད་དང་། རླན་པ་དང་། རླན་པའི་རྣམ་པ་དང་། རླན་པ་ཉིད་དང་། གཤེར་བ་ཉིད་དང་། ལུས་སུ་གཏོགས་པ་དང་། ཟིན་པའོ།། དེའང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང་། རྡུལ་དང་། མཆིལ་མ་དང་། སྣབས་དང་། ཆུ་སེར་དང་། ཚིལ་དང་། མཁྲིས་པ་དང་། ངར་སྣབས་དང་། རྣག་དང་། ཁྲག་དང་། འོ་མ་དང་། གཅིན་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་། ཆུའི་རྣམ་པ་དང་། ཆུ་ཉིད་དང་། རླན་པ་དང་། རླན་པའི་རྣམ་པ་དང་། རླན་པ་ཉིད་དང་། གཤེར་བ་ཉིད་དང་། ལུས་སུ་གཏོགས་པ་དང་། ཟིན་པ་འདི་ནི་ནང་གི་ཆུའི་ཁམས་ཞེས་བྱའོ།། ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་ཆུ་དང་ཆུའི་རྣམ་པ་དང་། ཆུ་ཉིད་དང་། རླན་པ་དང་། རླན་པའི་རྣམ་པ་དང་། གཤེར་བ་ཉིད་དང་། ལུས་སུ་མ་གཏོགས་པ་དང་། མ་ཟིན་པ་འདི་ནི་ཕྱི་རོལ་གྱི་ཆུའི་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་དེ་ལ་ནང་གིན་ནྟི་མས་བབྱུང་བའི་ཚི་ག་ཀྱང་མི་འོང་ངོ་། ། རྒྱལ་པོ་ཅན་པོ་སྡུག་པ་མཐོང་ནམམ་ལྡང་བཱ་ད་། ཀླུ་བསྔལ་ཆེས་རྟེན་པ་ད་། ཆོས་ཀྱི་བཀྲུས་རྣམས་འབྱུང་བ་དང་། རླུང་གིས་བཏབ་བེམ། རྣམ་པ་གཞན་དག་གིས་ཀྱང་མཆི་མ་འབྱུང་སྟེ། དཔྱད་བྱ་བས་ཀྱང་ནང་གི་ཆུའི་ཁམས་འཕེལ་བར་འགྱུར་བའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་འི་བྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་། ། རྒྱལ་པོ་ཆེན་པོ་གང་ནང་གི་རྩཝའི་ཁམས་ཡོངས་སུ་སྙམ་པར་འགྱུར་བའི་དུས་དེ་སོད་དེ། དེ་ཡོངས་སུ་སམུ་ཞིང་འགག་པའི་ཚེ་བྱང་དུའང་མི་འགྲོའོ།། རྒྱལ་པོ་ཆེན་པོ་གང་ནང་གི་མེའི་ཁམས་ཤུས་ཆེ་བར་གྱུར་ན། དེས་ནང་གི་ཆུའི་ཁམས་ཡོངས་སུ་བདུང་བར་འགྱུར་བའི་དུས་དེ་ཡོདདེ། གདྲུངས་པའི་ཚེ་གང་དུའང་མི་འགྲོའོ།། རྒྱལ་པོ་ཆེན་པོ་བཞིན་དུ་ནང་གི་ཆུའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་། འགག་པའི་ཚེ་གང་དུའང་མི་འགྲོའོ།། རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་འཆགས་པར་འགྱུར་བའི་དུས་དེ་ཡོད་དེ་འཇིག་རྟེན་གྱི་ཁམས་འདི་འཆགས་པར་འགྱུར་བའི་ཚེ། ནམ་མཁའ་འདི་ལ་ཀུན་ཏུ་སྤྲིན་ཤིན་ཏུ་སྟུག་པོའི་ཚིགས་སུམ་ཅུ་རྩ་གཉིས་འཁྲིགས་པར་འགྱུར་ཏེ། དེ་དག་འཁྲིགས་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཡོག་པར་འགྱུར་ཏེ། དེ་ལས་བསྐལ་པ་བར་མ་ལྔའི་བར་དུ་བཤོལ་མངའ་ཙམ་གྱི་ཆར་གྱི་རྒྱུན་འབབ་པོ།། བསྐལ་པ་བར་མ་ལྔའི་བར་དུ་གླང་པོ་ཆེའི་ཕོ་མཚན་ཙམ་གྱི་ཆར་འབབ་བོ།། བསྐལ་པ་བར་མ་ལྔའི་བར་དུ་རྒྱུན་མི་འཆད་པའི་ཆར་འབབ་བོ།། བསྐལ་པ་བར་མ་ལྔའི་བར་དུ། ཐིགས་པ་ཆེན་པོའི་ཆར་འབབ་བོ།། དེས་ས་ཆེན་པོ་འདི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་ཁྱབ་པར་གང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆུའི་ཕུང་པོ་ཆེན་པོ་དེ་འབྱུང་བའི་ཚེའང་གང་ནས་ཀྱང་མི་འོང་ངོ་། ། རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ། ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཉི་མ་གཉིས་འཇིག་རྟེན་དུ་བྱུང་བའི། ཆུ་མིག་དང་ཆུ་ཕྲན་རྣམས་སྐམ་པར་འགྱུར་རོ།། དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་གསུམ་འཇིག་རྟེན་དུ་བྱུང་བས། ཆུ་མིག་ཆེན་པོ་དང་། ཆུ་ཀླུང་ཆེན་པོ་རྣམས་སྐམས་པར་འགྱུར་རོ།། དེ་ནས་ཉི་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་འཇིག་རྟེན་དུ་བྱུང་བས། གང་ནས་ཆུ་ཀླུང་ཆེན་པོ་བཞི་པོ་འདི་དག་འབབ་པའི་མཚོ་ཆེན་པོ་མ་དྲོས་པདེའང་ཡོངས་སུ་སྐམ་པར་འགྱུར། ཐིམ་པར་འགྱུར་ཏེ། མེད་པར་འགྱུར་རོ།། དེ་ན་ས་ཉི་མ་ལྔ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས། རྒྱ་མཚོ་ཆེན་པོ་ལང་དཔག་ཚད་གཅིག་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། ། དཔག་ཆད་གཉིས་དང་། གསུམ་དང་། བཞི་དང་། ལཱྀ་དང་། བཅུ་དང་། ཉི་ཤུ་དང་སུམ་ཅུ་དང་། བཞི་བཅུ་དང་། དཔག་ཚད་། བཅུ་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ།། དཔག་ཚད་བརྒྱ་དང་། ཉིས་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་། དཔག་ཚད་ལྔ་བརྒྱ་དང་། དཔག་ཚད་སྟོང་དང་། ཉིས་དང་། སུམ་སྟོང་དང་། དཔག་ཚད་བཞི་སྟོང་ཙམ་དུ་རྒྱ་མཚོ་ཆེན་པོ་ལས་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་རྒྱ་མཚོ་ཆེན་པོ་ལ་དཔག་ཚད་བཞི་ཁྲིའི་ཆུ་ལས་པར་འགྱུར་བ་དང་། དཔག་ཚད་སུམ་ཁྲི་དང་། ཉི་ཁྲི་དང་། ཁྲི་དང་། དགུ་སྟོང་དང་། བརྒྱད་སྟོང་དང་། བདུན་སྟོང་དང་། དྲུག་སྟོང་དང་། ལྔ་སྟོང་དང་། བཞི་སྟོང་དང་། སུམ་སྟོང་དང་། ཉིས་སྟོང་དང་། སྟོང་གི་ཆུ་ལས་པར་འགྱུར་བ་དང་། དཔག་ཚད་དགུ་བརྒྱའི་ཆུ་ལས་པར་འགྱུར་བ་དང་། དཔག་ཚད་བརྒྱད་བརྒྱ་དང་། བདུན་བརྒྱ་དང་། དྲུག་བརྒྱ་དང་། ལྔ་བརྒྱ་དང་། བཞི་བརྒྱ་དང་། སུམ་བརྒྱ་དང་། ཉིས་བརྒྱ་དང་། བརྒྱའི་ཆུ་ལས་པར་འགྱུར་བ་དང་། དཔག་ཚད་ལྔ་བཅུ་དང་། བཞི་བཅུ་དང་། སུམ་ཅུ་དང་། ཉི་ཤུ་དང་། བཅུ་དང་། དགུ་དང་། བརྒྱད་དང་། བདུན་དང་། དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། དཔག་ཚད་གཅིག་གི་ཆུ་ལས་པར་འགྱུར་བ་དང་། ཤིང་ཏལ་བཅུ་དང་། དགུ་དང་། བརྒྱད་དང་། བདུན་དང་། དྲུག་དང་། ལྔ་དང་། བཞི་དང་གསུམ་དང་། ཤིང་ཏ་ལ་གཉིས་ཙམ་གྱི་ཆུ་ལས་པར་འགྱུར་བ་དང་། མི་འཐོང་བཅུ་དང་། དབུ་དང་། བརྒྱད་དང་། བདུན་དང་། དྲུག་དང་། ལྔ་དང་། བཞི་དང་། བསུམ་དང་། མི་བགྲེང་ག་ཙམ་གྱི་ཆུ་ལས་པར་འགྱུར་བ་དང་། ལྐོག་མ་ནུབ་ཙམ་དང་། མཚན་ཁུང་ནུབ་ཙམ་དང་། ལྟེ་བ་ནུབ་ཙམ་དང་། པུས་མོ་ནུབ་ཙམ་གྱི་ཆུ་ལས་པར་འགྱུར་བ་ནས། བ་ལ། གི་རྨིག་རྗེས་ཀྱི་ཆུ་ཙམ་གྱི་བར་དུ་ལས་པར་འགྱུར་བའི་དུས་དེ་ཡོད་དོ།། རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་ལས་ཟིལ་པ་ཕྲ་མ་ཕྲུམ་ཙམ་ལས་པར་འགྱུར་བའི་དུས་དེ་ཡོད་དོ།། འདི་ལྟ་སྟེ། དཔེར་ན་ཆར་པའི་ཐིགས་པ་ཆེན་པོ་བབ་ན་ས་ཆེན་པོ་ལ་ཐོག་མར་ཟིལ་པ་ཟམ་ཟུམ་ཚམ་དུ་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྒྱ་མཚོ་ཆེན་པོ་དེའང་ཟིལ་པ་ཟམ་དུམ་ཙམ་ལས་པར་འགྱུར་བའི་དུས་དེ་ཡོད་དོ། ། རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལ་མཛུབ་མོ་སྣུམ་པ་ཙམ་གྱི་ཆུའང་མ་ལས་པར་འགྱུར་བའི་དུས་དེ་ཡོད་དོ།། རྒྱལ་པོ་ཆེན་པོ་དེ་ཙམ་དུ་ཆུའི་ཁམས་དེ་འགག་པའི་ཚེའང་གང་དུའང་མི་འགྲོ་སྟེ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་འོག་དང་། ཕྱོགས་མཚམས་རྣམས་སུ་མི་འགྲོའོ།། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་སྐྱེ་བའང་སྟོང་། འཇིག་པའང་སྟོང་། གནས་པའི་ཚེའང་ཆུའི་ཁམས་དེ་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་ཐ་སྙད་ཙམ་མ་གཏོགས་པར། ཆུའི་ཁམས་ཀྱིས་སྟོང་ཞིང་མི་དམིགས་པ་སྟེ། ཐ་སྙད་དེའང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་ནོ།། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག། རྒྱལ་པོ་ཆེན་པོ་དེ་ལ་མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ།། ནང་གྱི་མེའི་ཁམས་གང་ཞེ་ན། གང་ཅིའང་རུང་ཏེ། ལུས་འདི་ལ་མེ་དང་། མེའི་རྣམ་པ་དང་། རྡོ་བ་དང་། རྡོ་བའི་རྣམ་པ་དང་། ལུས་ལསསྷོ།། པ་དང་། ཟིན་པའོ།། དེའང་གང་ཞེ་ན། གང་གིས་ལུས་འདི་ལ་གདུང་བ་དང་། ཀུན་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་བདེ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང་། གང་གི་ཤས་ཆེས་ན་རིམས་སོ་རིམས་སོ་ཞེས་བྱ་བའི་གྲོངས་སུ་འགྲོ་བ་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་མེ་དང་། མེའི་རྣམ་པ་དང་། རྡོ་བ་དང་། རྡོ་བའི་རྣམ་པ་དང་། ལུས་སུ་གཏོགས་པ་དང་། ཟིན་པ་འདི་ནི་ནང་གི་མེའི་ཁམས་ཞེས་བྱའོ།། ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་མེ་དང་། མེའི་རྣམ་པ་དང་། དྲོ་བ་དང་། རྡོ་བའི་རྣམ་པ་དང་། ལུས་སུ་མ་གཏོགས་པ་དང་། མ་ཟིན་པ་ཏེ། དེ་ནི་མི་དག་གཙུབ་ཤིང་དང་ལྡན་པ་འམ། རྩཝ་དང་ལྡན་པ་འམ། བ་ལང་ཀི་ལྕི་བའི་བུར་མ་འམ། ཤིང་བལ་གྱི་སྤོང་དང་ལྡན་པར་བྱས་ཤིང་མེ་འབྱིན་ཏེ། དེ་བྱུང་ནས་གྲོང་ཡང་འཚིག། གྲོང་གི་ཕྱོགས་ཀྱང་འཚིག། གྲོང་ཁྱེར་རམ། ཟོང་ཁྱེར་གྱི་ཕྱོགས་སམ། ཡུལ་ལམ། ཡུལ་གྱི་ཕྱོགས་སམ། གླིང་ངམ། རྩཝའི་གཏོས་སམ། ནགས་སམ། ཤིང་ངམ། རྩཝ་འམ། བ་ལང་གི་ལྕི་བ་དག་སྲེག་ཅིང་འགྲོ་བ་དང་། གཞན་ཡང་གང་ཚུལ་འདི་དང་འདྲ་བ་འདི་ནི་ཕྱི་རོལ་གྱི་མེའི་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་དེ་ལ་ཕྱི་རོལ་གྱི་མེའི་ཁམས་ནི་འབྱུང་བའི་ཚེའང་གང་ནས་ཀྱང་མི་འོང། འགག་པའི་ཚེའང་གང་དུའང་སོགས་པར་མི་འགྲོ་ན། དེ་ནི་རང་བཞིན་དང་བྲལ་བའི་ཕྱིར་མེད་པ་ལ་ཡོད་པར་འགྱུར་ཞིང་། ཡོད་པར་གྱུར་ནས་ཀྱང་མེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རླུང་གི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ།། དེ་ལ་ནང་གི་རླུང་གི་ཁམས་གང་ཞེ་ན། གང་ལུས་འདི་ལ་རླུང་དང་། རླུང་གི་རྣམ་པ་དང་། ཡང་བ་ཉིད་དང་། གཡོ་བ་ཉིད་དང་། ལུས་སུ་གཏོགས་པ་དང་། ཟིན་པའོ།། དེའང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང་ཐུར་དུ་འགྲོ་བ་དང་། ཐད་ཀར་འགྲོ་བ་དང་། རྒྱབ་ཏུ་འགྲོ་བ་དང་། རྒྱབ་ན་གནས་པ་དང་། ལྟོ་ན་གནས་པ་དང་། འཆད་པར་བྱེད་པ་དང་། འགགས་པར་བྱེད་པ་དང་། གཟེར་བར་བྱེད་པ་དང་། འདར་བུ་དང་། སྣ་སྐད་དང་། རླུང་སྨན་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་། ལྡན་པ་དང་། ཡན་ལག་དང་ལྡན་པ་དང་། ཡན་ལག་དང་ཉིང་ལག་ལ་གནས་པའི་རླུང་དག་དང་། གཞན་ཡང་གང་དག་ལུས་འདི་ལ་ནང་གི་ཁོང་ན་རླུང་དང་། རླུང་གི་རྣམ་པ་དང་། ཡང་བ་ཉིད་དང་། གཡོ་བ་ཉིད་དང་། ལུས་སུ་གཏོགས་པ་དང་། ཟིན་པ་འདི་ནི་ནང་གི་རླུང་གི་ཁམས་ཞེས་བྱའོ།། ཕྱི་རོལ་གྱི་རླུང་གི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་རླུང་དང་། རླུང་གི་རྣམ་པ་དང་། ཡང་བ་ཉིད་དང་། གཡོ་བ་ཉིད་དང་། ལུས་སུ་མ་གཏོགས་པ་དང་། མ་ཟིན་པ་དག་སྟེ། ཕྱི་རོལ་གྱི་རླུང་དེའང་ཤར་ཕྱོགས་ཀྱི་རླུང་ཡོད་དོ། ། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རླུང་ཡོད་དོ།། རྡུལ་དང་བཅས་པ་དང་། རྡུལ་མེད་པ་དང་། ཆུང་བ་དང་། ཆེ་བའི་རླུང་ཡོད་དོ།། ཀུན་ཏུ་ཁྱབ་པ་རླུང་དང་། རྣམ་པར་འཐོར་བའི་རླུང་དང་། ཚུབ་མའི་རླུང་དག་ཀྱང་ཡོད་དོ།། རྒྱལ་པོ་ཆེན་པོ་རླུང་གི་ཕུང་པོ་ཆེན་པོ་ལངས་ན། ཤིང་དག་ཀྱང་གཅོག། རྩིག་པའི་ཁ་དག་དང་། རིའི་རྩེ་མོ་དག་ཀྱང་སྙིལ་ཞིང་། སྙིལ་ནས་དམིག་མེད་པར་འགྱུར་བ་དག་དང་། ཡང་སེམས་ཅན་དག་གོས་ཀྱི་མཐའ་མ་འམ། སྤྱད་པ་འམ། རླུང་ཡབ་དག་གིས་རླུང་དེ་གཡོབ་པའི་དུས་དེ་ཡོད་དེ། གཞན་ཡང་གང་ཚུལ་འདྲི་དང་འདྲ་བ་དེ་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱའོ། ། རྒྱལ་པོ་ཆེན་པོ་དེ་ལ་ནང་དང་ཕྱིའི་རླུང་གི་ཁམས་ནི་འབྱུང་བའི་ཚེའང་ག་ལས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་སོགས་པར་མི་གྲོ། པ་སྟེ། རང་བཞིན་དང་བྲལ་བའི་ཕྱིར་མེད་པ་ལས་ཡོད་པར་འགྱུར་ཞིང་། ཡོད་པར་གྱུར་ནས་ཀྱང་མེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་ནམ་མཁའི་ཁམས་ཀྱང་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ།། ནང་གི་ནམ་མཁའི་ཁམས་གང་ཞེ་ན། གང་ཅིའང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ལུས་ལ་ཡོད་པ་དང་། ཟིན་པ་དང་། ནམ་མཁའ་དང་། ནམ་མཁའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ་མ་གང་བ་དང་། པགས་པ་དང་། ཤ་དང་། ཁྲག་གིས་དགའ་བར་བྱ་བ་མ་ཡིན་པའོ།། དེའང་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེ་འམ། རྣ་བ་དང་སྣའི་ནང་ཞེ་འམ། ཁ་ཞེ་འམ། ཁའི་ནང་ཞེ་འམ། ཁའི་སྤོ་ཞེ་འམ། ལྐོག་མ་ཞེ་འམ། མིད་པ་ཞེ་འམ། གང་ནས་མིད་པ་དཔ་དང་། གང་དུ་གནས་པ་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ཐུར་དུ་རྒྱུ་བར་བྱེད་པ་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ལུས་ལ་ཡོད་པ་དང་། ཟིན་པ་དང་། ཕུང་བོར་གྱུར་པ་འམ། ཁམས་སུ་གྱུར་པ་འམ། སྐྱེ་མཆེད་དུ་གྱུར་པ་དག་གི་ནམ་མཁའ་དང་། ནམ་མཁའི་རྣམ་པ་དང་། མ་གང་བ་དང་། པགས་པ་དང་། ཤ་དང་། ཁྲག་གིས་དགང་བར་བྱ་བ་མ་ཡིན་པ་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། དེ་ནི་ནང་གི་ནམ་མཁའི་ཁམས་སོ།། ཕྱི་རོལ་གྱི་ནམ་མཁའི་ཁམས་གང་ཞེ་ན། གང་ཅིའང་རུང་སྟེ། ཕྱི་རོལ་གྱི་ནམ་མཁའ་དང་། ནམ་མཁའི་རྣམ་པ་དང་། མ་གང་བ་དང་། གཟུགས་སུ་གྱུར་པས་དགང་བར་བྱ་བ་མ་ཡིན་པ། མ་འདྲེས་པ་ཁོང་སྟོང་དང་བུ་བར་གྱུར་པ་འདི་ནི་ཕྱི་རོལ་གྱི་ནམ་མཁའི་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་གང་ལས་ཀྱི་རྐྱེན་གྱིས་སྐྱེ་མཆེད་རྣམས་འབྱུང་བའི་དུས་དེ་ཡོད་དོ།། དེ་དག་ནམ་མཁའི་ཁམས་ལ་སྒྲིབ་པར་འགྱུར་ཏེ། དེ་ནང་གི་ནམ་མཁའི་ཁམས་ཞེས་བྱ་བའི་གྲངས་སུ་འགྲོའང་། དེ་ནི་ག་ལས་ཀྱང་མ་འོངས་སོ།། རྒྱལ་པོ་ཆེན་པོ་གཟུགས་ཞིག་ན་ཐམས་ཅད་ནམ་མཁར་འགྱུར་བའི་དུས་ཡོད་དོ།། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ཟད་མི་ཤེས་པའི་ཕྱིར་རོ།། དེ་ནི་ནང་གི་ནམ་མཁའི་ཁམས་ཞེས་བྱ་སྟེ། གནས་ཤིང་མི་གཡོ་བའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་འདུས་མ་བྱས་ནི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེ་བཞིན་དུ་ནམ་མཁའི་ཁམས་ཀྱང་ཐམས་ཅད་དུ་སོང་བར་བལྟ་བར་བྱའོ། ། རྒྱལ་ཆེན་པོ་འདི་ལྔ་སྟེ། དཔེར་ན་མི་ཞིག་གིས་ཐང་ལ་ཁྲོན་པ་འམ། རྫིང་དུ་འམ། ཁྲོན་རིངས་སམ། རྫིང་ཞིག་བརྐོས་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། དེའི་ནམ་མཁའ་དེ་ག་ལས་འོངས། གསོལ་པ། བཅོམ་ལྡན་འདས་དེ་ནི་ག་ལས་ཀྱང་མ་མཆིས་སོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་དེས་ཁྲོན་པ་ནས་རྫིང་གི་བར་དེ་དག་ཕྱིར་བཀང་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས།། དེའི་ནམ་མཁའ་དེ་གང་དུ་སོང་། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་དུའང་མ་མཆིས་ཏེ། དེ་ཅིའི་ཕྱིར་ཞེ་ན། ནམ་མ་ཁམས་ནི་འགྲོ་བའམ། འོང་བར་ཉེ་བར་གནས་པ་མ་ཡིན་ལགས། བུད་མེད་ཀྱི་དངོས་པོ་དང་སྐྱེས་པའི་དངོས་པོར་ཉེ་བར་གནས་པ་མ་ལགས་པའི་སླད་དུའོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཕྱི་རོལ་གྱི་ནམ་མཁའི་ཁམས་ནི་མི་གཡོ་མི་འགྱུར་བའོ། ། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང་ཞིང་། ནམ་མཁའི་ཁམས་ནི་ནམ། མཁའི་ཁམས་དང་བྲལ་བ་སྟེ། ནམ་མཁའི་ཁམས་ནི་བུད་མེད་ཀྱི་དངོས་པོར་ཉེ་བར་མི་གནས། སྐྱེས་པའི་དངོས་པོར་ཉེ་བར་མི་གནས་ཀྱི། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་དབང་པོ་ནི་བདག་པོ། གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར་རིག་པ་འམ། སེར་པོ་དང་། དམར་པོ་དང་། ཁ་བོ་རྣམ་པར་རིག་པའམ། རིང་པོ་དང་། ཟུང་ངུ་དང་། སྦོམ་པོ་དང་། ཕྲ་རོ་རྣམ་པར་རིག་པ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་གང་ཅིའང་རུང་ཁ་དོག་དང་དབྱིབས་རྣམ་པར་རིག་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། དེ་བཞིན་དུ་གང་ཅིའང་རུང་རྣ་བའི་དབང་པོ་ནི་བདག་པོ་ནས། ཡིད་ཀྱི་དབང་པོ་ནི་བདག་པོ། ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པ་འམ། དྲི་རྣམ་པར་རིག་པ་འམ། རོ་རྣམ་པར་རིག་པ་འམ། རེག་རྣམ་པར་རིག་པ་འམ། ཆོས་རྣམ་པར་རིག་པ་འདི་ནི་རྣ་བའི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་ཏེ། དེ་ལྟར་དབང་པོ་དྲུག་ནི་བདག་པོ། ཡུལ་དྲུག་ནི་དམིགས་པ་ཡིན་ལ་ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པའི་ཁམས་དེ་ནི་དབང་པོ་ལ་མི་རྟེན། ཡུལ་རྣམས་ལས་མ་འོངས། བར་གྱི་དབུས་ནི་མི་གནས་ཏེ། དེ་ནི་ནང་ནའང་མ་ཡིན། ཕྱི་རོལ་ནའང་མ་ཡིན། གཉིས་ཀ་མེད་པ་ལའང་མ་ཡིན་ནོ།། རྣམ་པར་ཤེས་པའི་ཁམས་དེ་ནི་དངོས་པོ་སོ་སོར་རྣམ་པར་རིག་རིས་འགག་སྟེ། དེ་འབྱུང་བའི་ཚེ་གང་ནས་ཀྱང་མ་འོངས་འགག་པའི་ཚེ་གང་དུའང་མི་འགྲོའོ། ། རྣམ་པར་ཤེས་པའི་ཁམས་དེ་འབྱུང་བའང་སྟོང་། འཇིག་པའང་སྟོང་སྟེ། རྣམ་པར་ཤེས་པའི་ཁམས་དེ་བྱུང་བའང་རང་བཞིན་གྱིས་སྟོང་ངོ་།། རྒྱལ་པོ་ཆེན། པོ་དེ་ལྟར་ན་ཐ་སྙད་མ་གཏོགས་པར་རྣམ་པར་ཤེས་པའི་ཁམས་དེ་ནི་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་སྟོང་སྟེ། ཐ་སྙད་དེའང་སྐྱེས་པ་མ་ཡིན། བུད་མེད་མ་ཡིན་གྱི། དེ་ནི་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག། རྒྱལ་པོ་ཆེན་པོ་དེ་ལ་མིག་གི་སྐྱེ་མཆེད་གང་ཞེ་ན། དེ་ནི་འབྱུང་བ་ཆེན་པོ་བཞི་དང་བ་སྟེ། འདི་ལྟར་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ།། དེ་ལ་སའི་ཁམས་དང་བ་ནི་མིག་གི་སྐྱེ་མཆེད་མ་ཡིན་ནོ།། ཆུའི་ཁམས་དང་བའང་མ་ཡིན་ནོ།། མེའི་ཁམས་དང་བའང་མ་ཡིན་ནོ། ། རླུང་གི་ཁམས་དང་བའང་མིག་གི་སྐྱེ་མཆེད་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་ཆོས་གང་ལའང་སྐྱེ་མཆེད་དམ། སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ། ། དེ་བཞིན་དུ་རླུང་གི་བར་གྱི་ཁམས་དང་བ་ནི་ཆོས་གང་ལའང་སྐྱེ་མཆེད་དམ། སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་སེམས་པ་མེད་ཅིང་།། བྱེད་པ་མེད་ལ། ཅིའང་མི་ནུས་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་རེ་རེ་ནས་བཙལ་ན་ཐ་སྙད་ཙམ་མ་གཏོགས་པར་མིག་གི་སྐྱེ་མཆེད་མི་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་སའི་ཁམས་དང་བས་སྟོང་། རླུང་གི་ཁམས་དང་བའི་བར་ནི་རླུང་གི་ཁམས་དང་བས་སྤོང་སྟེ། ཆོས་གང་དག་རང་བཞིན་གྱིས་སྟོང་པ་དེ་དག་ལ་དང་བ་འམ། འཁྲུགས་པར་འགྱུར་བའང་ག་ལ་ཡོད་དེ། གང་ལ་དང་བ་འམ། འཁྲུགས་པ་མི་དམིགས་པ་དེ་དག་ཇི་ལྟར་གཟུགས་ལ་ལྟ་བར་འགྱུར། དེ་ལྟར་མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་ཤིན་ཏུ་སྟོང་སྟེ། དེ་ནི་འོང་བ་དང་འགྲོ་བ་མེད་པའི་ཕྱིར་སྔོན་གྱི་མཐར་ཡང་མི་དམིགས་སོ།། ཕྱི་མའི་མཐར་ཡང་མི་དམིགས་སོ།། རང་བཞིན་མེད་པའི་ཕྱིར་དེ་ལ་གནས་པའང་མི་དམིགས་སོ།། གང་རང་བཞིན་གྱིས་མེད་པ་དེ་ནི་བུད་མེད་ཀྱང་མ་ཡིན། སྐྱེས་པའང་མ་ཡིན་ནོ།། གང་བུད་མེད་ཀྱང་མ་ཡིན། སྐྱེས་པའང་མ་ཡིན་པ་དེ་ནི་དེས་རློམ་སེམས་སུ་ག་ལ་འགྱུར་ཏེ། རྒྱལ་པོ་ཆེན་བོ་རློམ་སེམས་ནི་བདུད་ཀྱི་སྤྱོད་ཡུལ་ལོ། ། རློམ་སེམས་མེད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རློམ་སེམས་དང་བྲལ་བའོ།། རྒྱལ་པོ་ཆེན་པོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་ན། མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱིས་སྟོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་འདི་ལ་ནི་མཚན་མ་མེད་དེ། དེའི་ཕྱིར་མིག་གི་སྐྱེ་མཆེད་ཀྱི་མཚན་མ་འདི་ནི་མིག་གི་སྐྱེ་མཆེད་ཀྱིས་སྟོང་སྟེ། འདི་ནི་སྟོང་པ་ཉིད་དོ།། མིག་གི་སྐྱེ་མཆེད་ནི་མཚན་མས་མཚན་མ་དང་བྲལ་བ་སྟེ། འདི་ནི་མཚན་མ་མེད་པའོ།། འདི་ནི་སྨོན་པར་མི་བྱེད་པས་འདི་ནི་སྨོན་པ་མེད་དོ། ། རྒྱལ་པོ་ཆེན་པོ་དེ་ལྟར་ནི་མིག་གི་སྐྱེ་མཆེད་ནི་རྣམ་པར་ཐར་པའི་སྒོ་གསུམ་སྟེ། མིག་གི་སྐྱེ་མཆེད་ནི་རྣམ་པར་ཐར་པ་ལ་མངོན་པར་ཕྱོགས་པའོ།། རྒྱལ་པོ་ཆེན་པོ་དེ་ལ་རྣ་བའི་སྐྱེ་མཆེད་ནས། ལུས་ཀྱི་སྐྱེ་མཆེད་ཀྱི་བར་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་དང་བའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་བར་ནི་རྣམ་པར་ཐར་པ་ལ་མངོན་པར་ཕྱོགས་པ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་ཀླས་པ། གདགས་སུ་མེད་པ། ཐ་སྙད་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པའོ།། རྒྱལ་པོ་ཆེན་པོ་གང་ལ་དབང་པོ་རྣམས་ཐོགས་པར་འགྱུར་བ་དེ་ནི་ཡུལ་རྣམས་ཞེས་བྱ་སྟེ། མིག་ནི་གཟུགས་རྣམས་ལ་ཐོགས་པར་འགྱུར་བས།། དེའི་ཕྱིར་གཟུགས་རྣམས་ནི་མིག་གི་ཡུལ་ཞེས་བྱའོ།། དེ་བཞིན་དུ་རྣ་བ་ནི་སྒྲ་རྣམས་ལ། སྣ་ནི་དྲི་རྣམ་ལ། ལྕེ་ནི་རོ་རྣམས་ལ། ལུས་ནི་རེག་བྱ་རྣམས་ལ། ཡིད་ནི་ཆོས་རྣམས་ལ་ཐོགས་པར་འགྱུར་བས། ཡིད་ན་ཆོས་རྣམས་ལ་ཐོགས་པར་འགྱུར་བས།། དེའི་ཕྱིར་ཆོས་རྣམས་ནི་ཡིད་ཀྱི་ཡུལ་ཞེས་བྱའོ། ། དེ་ལ་མིག་གཟུགས་རྣམས་ལ་ཐོགས་སོ་ཞེས་བྱ་བ་འདི་ནི། འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ། འདི་ལྟར་མིག་ནི་གཟུགས་རྣམས་ལ་རྣམ་པ་གསུམ་དུ་འབབ་སྟེ། མཐུན་པ་རྣམས་ལ་སྡུག་པའི་འདུ་ཤེས་ཀྱིས་འབབ་པ་དང་། མི་མཐུན་པ་རྣམས་ལ་ཁོང་ཁྲོ་བའི་འདུ་ཤེས་ཀྱིས་འབབ་པ་དང་། མཐུན་པའང་མ་ཡིན། མི་མཐུན་པའང་མ་ཡིན་པ་རྣམས་ལ་བཏང་སྙོམས་ཀྱི་འདུ་ཤེས་ཀྱིས་འབབ་པའོ། ། དེ་བཞིན་དུ་ཡིད་ནི་ཆོས་རྣམས་ལ་ཐོགས་པར་འགྱུར་རོ་ཞེས་བྱ་བ་འདི་ནི། འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ། འདི་ལྟར་ཡིད་ནི་ཆོས་རྣམས་ལ་རྣམ་པ་གསུམ་དུ་འབབ་སྟེ། མཐུན་པ་རྣམས་ལ་རྗེས་སུ་ཆགས་པས་འབབ་པ་དང་། མི་མཐུན་པ་རྣམས་ལ་ཁོང་ཁྲོ་བས་འབབ་པ་དང་། མཐུན་པའང་མ་ཡིན། མི་མཐུན་པའང་མ་ཡིན་པ་རྣམས་ལ་རྨོངས་པས་འབབ་པའི་ཡུལ་དེ་དག་ནི་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱ་སྟེ། དེ་ལ་ཡིད་སྤྱོད་ཅིང་རྣམ་པར་སྤྱོད་པས། དེའི་ཕྱིར་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་ཡིད་དེ་མཐུན་པའི་གཟུགས་རྣམས་ལ་རྗེས་སུ་ཆགས་པར་སྤྱོད་པ་དེས་ནི་དེའི་འདོད་ཆགས་སྐྱེ་བར་འགྱུར། མི་མཐུན་པའི་གཟུགས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ནི་དེའི་ཞེ་སྡང་སྐྱེ་བར་འགྱུར་མཐུན་པའང་མ་ཡིན། མི་མཐུན་པའང་མ་ཡིན་པ་རྣམས་ལ་རྨོངས་པར་སྤྱོད་པ་དེས་ནི་དེའི་གཏི་མུག་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ལའང་ཆོས་རྣམ་བ་གསུམ་ལ་དམིགས་པ་མྱོང་བར་འགྱུར་ཏེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། རྨོངས་པར་འགྱུར་བའོ།། ཡིད་ཀྱི་ཤེས་བྱ་མཐུན་པའི་ཆོས་རྣམས་ལ་རྗེས་སུ་ཆགས་པར་སྤྱོད་པ་དེས་ནི་དེའི་འདོད་ཆགས་སྐྱེ་བར་འགྱུར། མི་མཐུན་པའི་ཆོས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ནི་དེའི་ཞེ་སྡང་སྐྱེ་བར་འགྱུར། མཐུན་པའང་མ་ཡིན། མི་མཐུན་པའང་མ་ཡིན་པོའི་ཆོས་རྣམས་ལ་རྨོངས་པར་སྤྱོད་པ་དེས་ནི་དེའི་གཏི་མུག་སྐྱེ་བར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་དབང་པོ་རྣམས་ནི་སྒྱུ་མས་བུ། ཡུལ་རྣམས་ནི་རྨི་ལམ་ལྟ་བུར་ཤེས་པར་བྱ་སྟེ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བཟང་མོ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་བུད་མེད་ཡུལ་གྱི་བཟང་མོ་དེ་རྗེས་སུ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས་སྐྱེས་བུ་གང་རྨི་ལམ་དུ་ཡུལ་གྱི་བཟང་མོ་མཐོང་བའི་བུད་མེད་དེ་དང་ལྷན་ཅིག་རྩེ་བ་དང་། དགའ་བ་དང་། མངོན་པར་ཞེན་པར་འགྱུར་བ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་དང་ལྷན་ཅིག་ཏུ་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་མིག་གིས་གཟུགས་མཐོང་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ། ། རྗེས་སུ་ཆགས་པར་གྱུར་ནས་ཡོངསུ་ཆགས་པར་འགྱུར་རོ།། ཡོངས་སུ་ཆགས་པར་གྱུར་ནས། འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ།། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བིན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། ཡང་ནི་སེམས་ཅན་དམྱལ་བར། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ། ཡང་ན་ནི་ལྷ་མ་ཡིན་གྱི་རིས་སུ། ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷའི་ནང་དུ་འབྱུང་བར་འགྱུར་ཏེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ་འགག་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་དེ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་།། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་བ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ། ། ལས་དེའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་།། འགག་པའི་ཚེའང་གང་དུའང་མི་འགྲོའོ།། རྣམ་པར་ཤེས་པ་དང་པོ་དེའང་སྐྱེ་བའི་ཚེའང་གང་ནས། ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྤོང་། ལས་ནིལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་། རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་དགྲ་དང་འཐབ་པཞིག་མིས་ལ། ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་ལ་ཇི་སྙམ་དུ་སེམས། རྨི་ལམ་དུ་རྨིས་པའི་དགྲ་དེའང་དགྲ་དེ་དང་འཐབ་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་སྐྱེས་བུ་གང་རྨི་ལམ་གྱི་དགྲལ་མངོན་པར་ཞེན་པའམ། དགྲ་དང་འཐབ་པར་གྱུར་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་དགྲ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་དང་འཐབ་པ་ལྟ་ག་ལ་མཆིས་དེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་མིག་གིས་གཟུགས་མཐོང་ན་ཡིད་མི་བདེ་བར་འགྱུར་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར། ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར། ཞེ་སྡང་བར་གྱུར་ནས།། ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་གནས་པ་མ་ཡིན། པ་བི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་དགྲ་དང་འཐབ་པ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་།། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། སྐྱེས་སོ་ཞེས་བྱ་བའི་གྲངས་སུ་འགྲོའོ།། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བར་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ལ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་བོ་དཀར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚི་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དེ་དང་། སྐྱེ་བ་དེ་དང་། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྟོང་།། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་བློ་སྟོང་། ལས་ནི་ལས་ཀྱིས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་།། རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡར་བྱ་བ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། ། བམ་པོ་བཅུ་གསུམ་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་འདྲེས་ནོན་པ་རྨིས་ཏེ། འཇིགས་པས་ཤིན་ཏུ་རྨོངས་པར་གྱུར་ལ། ཉལ་བ་ལས་སད་ནས་འདྲེ་དེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་འདྲེ་དེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། ། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་དེ་ལྟར་རྨི་ལམ་ན་མཐོང་བའི་འདྲེ་དེ་ལ་མངོན་པར་ཞེན་ཅིང་ཤིན་ཏུ་རྨོངས་པར་གྱུར་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་འདྲེ་དེ་ནི་ཤིན་ཏུ་མ་མཆིས་ན། ཤིན་ཏུ་རྨོངས་པ་ལྷག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་མིག་གིས་གཟུགས་མཐོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། ། ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་རྟེན་ཏེ་གནས་པ་སྨིན། ལྕེ་ཕྱོགས་དང་ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པའང་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་འདྲེ་དེ་དང་། ཤིན་ཏུ་རྨོངས་པ་དང་འདྲ་བར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་དེ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དེའང་སྐྱེ་བའི་ཚེའང་གང་ནས་ཀྱང་མེ་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། རྣམ་པར་ཤེས་པ་དང་པོ་དེའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་ལ། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་། རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ།། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་གླུ་ལེན་པའི་གླུ་སྙན་པ་དང་། པི་ཝང་ལེན་པའི་སྒྲ་སྙན་པ་ཉན་ཅིང་དེ་གླུ་དང་རོལ་མོའི་སྒྲ་དེས་ཡོངས་སུ་སྤྱོད་པ་རྨིས་ལ། ཉལ་བ་ལས་སད་ནས་ཀླུ་དང་རོལ་མོ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དང་། ཀླུ་དང་། རོལ་མོའི་སྒྲ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་དེ་ལྟར་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དང་། གླུ་དང་། རོལ་མོའི་སྦ་ལ་མངོན་པར་ཞེན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ནི་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེའི་གླུ་དང་རོལ་མོའི་སྒྲ་ལྟ་ཀ་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་རྣ་བས་སྒྲ་ཐོས་ན་ཡིད་དུ་འོང་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པར་རྗེས་སུ་ཆགས་པར་འགྱུར་རོ།། རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། ། ཡོངས་སུ་ཆགས་པར་གྱུར་ནས། འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ།། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་དུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོའི་ཀླུ་དང་རོལ་མོའི་སྔ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟ་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་།། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དེའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པ་ཚེའང་གང་དུའང་མི་འགྲོའོ། ། རྣམ་པར་ཤེས་པ་དང་པོ་དེའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྟོང་། ལས་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བ་ས་སྟོང་། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་། རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་མ་ཤི་བ་འམ། པ་ཤི་བ་འམ། སྡུག་པ་གང་ཡང་རུང་བ་དག་དང་བྲལ་ཏེ། ། སྡུག་པ་དང་བྲལ་བས་མྱ་ངན་དུ་གྱུར་ནས། ཉམ་ཐཀྲ་པར་དུ་བཞིག་རྣཾ་སུ་ལཱ། དེ་ཉལ་བྱལས་སད་ནས་སྡུག་པ་དང་བྲལ་བ་དེ་དང་། སུས་བསྔལ་གི་དུ་དུ་བ་དེ་དྷཱནྟནྟུ། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་གྱི་སྡུག་པ་དང་བྲལ་བ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་སྡུག་པ་དང་བྲལ་བ་དང་། སྡུག་བསྔལ་བར་དྲ་བ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་ཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་སྡུག་པ་ཉིད་ཀྱང་ཤིན་ཏུ་མ་མཆིས་ན། དེ་དང་བྲལ་བ་དང་། མྱ་ངན་བགྱིས་པ་དང་། ངུས་པ་དང་། སྨྲེ་སྔགས་བཏོན་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་རྨི་ལམ་ན་སྡུག་པ་དང་བྲལ་བ་དང་། སྡུག་བསྔལ་བ་དང་། དུས་པ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་རྣ་བས་སྒྲ་ཐོས་ན་ཡིད་དུ་མི་འོང་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར། ཁོང་བྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར། ཞེ་སྡང་བར་གྱུར་ནས། ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས། པ་མ་ཡིན། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོ་ག་དང་། སྟེང་དང་། ཕྱོགས་མཚམ་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཚེད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་བྲང་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་སྡུག་པ་དང་བྲལ་བ་དང་། སྡུག་བསྔལ་བར་དུ་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མདེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང། འགུག་པའི་ཚེ་འང་། གང་དུའང་མི་འགྲོའོ།། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། རང་ཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མའི་རང་བཞིན་གྱིས་སྟོང་། ལས་དང་རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོའི་རང་བཞིན་གྱིས་སྟོང་། འཆི་འཕོ་ནི་འཆི་འཕོའི་རང་བཞིན་གྱིས་སྟོང་། སྐྱེ་བ་ནི་སྐྱེ་བའི་རང་བཞིན་གྱིས་སྟོང་། འཁོར་བའང་འཁོར་བའི་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། ། གང་སྟོང་པོ་ཉིད་ཀྱིས་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ།། གང་ལ་མཚན་མ་མེད་པ་དེ་ལ་སྨོན་ལམ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་དེ།། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉ་བའི་རྨི་ལམ་ན་ཚིག་གི་དོན་མ་ཤེས་པའི་སྔ་ཞིག་ཐོས་ལ། ཉལ་བ་ལས་སད་ནས་སྒྲ་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་ཐོས་པའི་སྒྲ་དེ་ཡོད་དམ། གསོལ་པ།། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་དོན་མ་ཤེས་པའི་སྒྲ་ཐོས་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་ཐོས་པའི་སྒྲ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། ཚིག་གི་དོན་ཤེས་པ་འམ། ཚིག་གི་དོན་མ་ཤེས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་རྣ་བས་སྒྲ་ཐོས་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་པས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱེད་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟེང་དང་། འོག་དང་། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་དུ་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས།། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཚིག་གི་དོན་མ་ཤེས་པའི་སྒྲ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་དེ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགག། མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་།། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང། མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་ཟོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་མཐག་མ་ནི་རྣམ་པར་ཤེས་པ་མཐའ་མའི་རང་བཞིན་གྱིས་སྟོང་། ལས་ནི་ལས་ཀྱི་རང་བཞིན་གྱི་སྟོང་། རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པའི་རང་བཞིན་གྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོའི་རང་བཞིན་གྱིས་སྟོང་། འཆི་འཕོ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བའི་རང་བཞིན་གྱིས་སྟོང་། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་ལ། ལས་རྣམས་ཆུད་མི་ཟ། ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གཞན་གང་ཡང་རུང་བས་བདག་གི་ལུས་ལ་བསླུས་པར་རྨིས་ལ། ཉལ་བ་ལས་སད་ནས་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གཞན་གང་ཡང་རུང་བ་དེ་དག་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གཞན་གང་ཡང་རུང་བ་དེ་དག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ནཱ་དེ་ལྟར་རྨི་ལམ་ན་མཐོང་བའི་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ། སྤོས་ཀྱི་རྣམ་པ་གང་ཡང་རུང་བ་དེ་དག་ལ་མངོན་པར་ཞེན་ཅིང་། དེས་བདག་གི་ལུས་སྐུད་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཙན་དན་ནམ། ཏ་མ་ལའི་ལོ་མ་འམ་སྤོས་ཀྱི་རྣམ་པ་གང་ཡང་རུང་བ་དེ་དག་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་སྐུད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་སྣས་དྲི་ཚོར་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ།། རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ།། ཡོངས་སུ་ཆགས་པར་གྱུར་ནས།། འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱེད་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོག་དང་། སྟེང་དང་ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། པ་བི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཆོད་ཉེ་བར་གནས་པའི་ཚེ། སྲོག་གི། དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཙན་དན་ནམ། ཏ་མ་ལའི་ལོ་མའམ། སྤོས་ཀྱི་རྣམ་པ་གང་ཡང་རུང་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པ་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོ་དའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེ་རང་ཀླུང་དུརང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མོའི་རང་བཞིན་གྱིས་སྟོང་། ལས་ནི་ལས་ཀྱི་རང་བཞིན་གྱིས་སྟོང་། རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པའི་རང་བཞིན་གྱིས་སྡོང་རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོའི་རང་བཞིན་གྱིས་སྟོང་། འཆི་འཕོ་དང་སྐྱེ་བ་ནི་འཆི་འཕོ་དང་སྐྱེ་བཞིན་གྱིས་སྟོང་། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་ལ་ལས་རྣམས་ཆུད་མི་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཁྱི་རོ་འམ། མི་རོ་འམ། སྦྲུལ་གྱི་རོ་མགུལ་དུ་བཏགས་པ་ཞིག་རྨིས་ལ། དེ་ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཁྱི་རོ་དང་། མི་རོ་དང་། སྦྲུལ་གྱི་རོ་དེ་དག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་ཁྱི་རོ་དང་། མི་རོ་དང་། སྦྲུལ་གྱི་རོ་མགུལ་དུ་བཏགས་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་མཐོང་བའི་ཁྱི་རོ་འམ། མི་རོ་འམ། སྦྲུལ་གྱི་རོ་དག་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་མགུལ་དུ་བཏགས་པ་ལྟ་ག་ལ་ཞིག་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་ནུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་སྣས་དྲི་ཚེར་ན་ཡིད་དུ་མི་འོང་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ། ། ཁོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར་རོ།། ཞེ་སྡང་བར་གྱུར་ནས།། ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱེད་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགག་པ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་དུས་དང་ཆོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ། ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས། ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཁྱི་རོ་དང་། མི་རོ་དང་། སྦྲུལ་གྱི་རོ་ལྟ་བུར་ཡིད་ཀྱི་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱི་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་།། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོའང་སྐྱེ་བའི་ཆའང་གང་ནས་ཀྱང་མི་འོང་། འགག་པའི་ཚེརང་གང་དུའང་མི་འགྲོའོ། ། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྟོང་པ་ནས། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། དེ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ།། གང་རང་བཞིན་གྱིས་སྟོང་ཞིང་མེད་པ་དེ་ནི་མཚན་མ་མེད་པའོ།། གང་མཚན་མ་མེད་པ་དེ་ནི་སྨོན་པ་མེད་པའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ། ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བདག་ཉིད་སྣའི་དབང་པོ་ཉམས་པར་རྨིས་ལ། ཉལ་བ་ལས་སད་ནས་སྣའི་དབང་པོ་ཉམས་པར་གྱུར་པ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་སྣའི་དབང་པོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་དེ་ལྟར་རྨི་ལམ་ན་སྣའི་དབང་པོ་ཉམས་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་སྣའི་དབང་པོ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ཉམས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིསྨྲ་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་སྨྲས་ནི་ཚོར་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགེགས་ལ། བྲལ་ཞིང་རྣམ་པར་གྱུར་པ་ནི།། ཤར་ཕྱོགས་སུ་བརྟེན་ཏེ་ཀུནས་བ་མ་ཡིན་པ་ནས། འདི་ན་མ་ཡིན། པ་བི་ནཱ་མ་ཡིན། བར་མ་དོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚེད་ཉེ་བར་གནས་པའི་ཆ། སྲོག་གི་དབང་པོ་གགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་སྣའི་དབང་པོ་ཉམས་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་།། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་འགག་པའི་ཚེའང་གང་དུའང་མི་འགྲོའོ། ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྟོང་པ་ནས། འཁོར་བ་ནི་འཁོ་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། ལས་རྣམས་ཆུད་མི་ཟ་ཞིང་། རྣམ་པར་སྨིན་པ་མྱོང་བ་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ། ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བཀྲེས་པ་ལས་རོ་སྣ་བརྒྱ་དང་ལྡན་པའི་ཁ་ཟས་ལ་ཚིམ་ཚིམ་དུ་ཟོས་པ་ཞིག་རྨིས་ལ་ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཁ་ཟས་རོ་སྣ་བརྒྱ་དང་ལྡན་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས།། འོ་ན་རྨི་ལམ་ན་མཐོང་བའི་ཁ་ཟས་རོ་སྣ་བརྒྱ་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་ཁ་ཟས་རོ་སྭཱ་བརྒྱ་དང་ལྡན་པ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེས་དོན་དེ་ལ་ཡོངས་སུ་སྤྱད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ལྕེས་རོ་མྱོང་ན་ཡིར་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ།། རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ།། ཡོངས་སུ་ཆགས་པར་གྱུར་ནས། འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགེགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། དེ་ནི་ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། པ་བི་ན་མ་མིན། བར་མདོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་དཆི་བའི་དུས་དང་ཆོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་རྨ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཁ་ཟས་རོ་སྣ་བརྒྱ་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་རི་འགྲགས་མ་ཐག་ཏུ་བར་མ་ཆར་བར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོའང་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པ་ཚེའང་གང་དུའང་མི་འགྲོའོ། ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མའི་རང་བཞིན་གྱིས་སྟོང་པ་ནས། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། ལས་རྣམས་ཆུད་མི་ཟླ་ཞིང་། རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་ཀུན་རྫོབ་ཀྱི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཤིན་ཏུ་བཀྲེས་པར་གྱུར་ཏེ། ཀུ་བ་ཁ་བོའི་ས་བོན་ནམ། ཀོ་ཤ་ཏ་ཀའི་ས་བོན་ནམ། བི་ཙུ་མརྡའི་ས་བོན་ཞིག་ཟོས་པར་རྨིས་ལ། ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཀུ་བ་ཁ་བོ་དང་། པི་ཙུ་མ་རྔའི་ས་བོན་གྱི་བར་དུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་ཀུ་བ་ལ་བོ་དང་། པི་ཙུ་མ་རྡའི་ས་བོན་གྱི་བར་དུ་ཟོས་པ་དེ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཀུ་བ་ལ་པོ་དང་། བི་ཙུ་མ་རྡའི་ས་བོན་གྱི་བར་དེ་དག་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་དག་ཟ་བ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ལྕེས་རོ་མྱོང་ན་ཡིད་དུ་མི་འོང་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ།། ཁོང་ཁྲོ་བར་གྱུར་ནས་ཞེ་སྣང་བར་འགྱུར་རོ།། ཞེ་སྣང་བར་གྱུར་ནས། ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་ཀ་སུ་མ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། བ་བི་ན་མ་ཡིན། བར་མངོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཆོད་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་སྐུ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཀུ་བ་ཁ་བོ་དང་། པི་ཙུ་མརྡའི་ས་བོན་གྱི་བར་དུ་ཟ་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ།། འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་ཟོའོ།། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མའི་རང་བཞིན་གྱིས་སྟོང་པ་ནས། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། ། གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ།། གང་ལ་མཚན་མ་མེད་པ་དེ་ལ་སྨོན་ལམ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བདག་ཉིད་ལྕེའི་དབང་པོ་ཉམས་པར་རྨིས་ལ། ཉལ་བ་ལས་སང་ནས་ལྕེའི་དབང་པོ་ཉམས་པར་གྱུར་པ་དེ་ཉིད་དྲན་པར་གྱུར་ན།། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས།། རྨི་ལམ་ན་མཐོང་བའི་ལྕེའི་དབང་པོ་ཉམས་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་རྨི་ལ་མྲ་ན་ལྕེའི་དབང་པོ་ཉམས་པར་གྱུར། པ་ལ་མངོན་པར་ཞེན་པར་གྱུར་པ་དེ་མཁས་པའི་རང་ཤིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ལྕེའི་དབང་པོ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེའི་ཉམས་པ་ལྟ་མཆིས་པར་ག་ལ་འགྱུར་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ལྕེས་རོ་མྱོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས་འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མདོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་ཀི་དབང་པོ་འགགས་ཏེ་ཚེ་ཡོད། སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ལྕེའི་དབང་པོ་ཉམས་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་།། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་ནཱའི་རང་བཞིན་གྱིས་སྟོང་པནས། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། ལས་རྣམས་ཆུང་མི་ཟ་ཞིང་། རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་ཀུན་རྫོ། ཀྱི་པན་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ཀ་སྟེ། དཔེར་ན་མི་ཞིག་རྣམ་པའི་རྨི་ལམཱ་ན་ཡུལ་གྱི་བཟང་མོ་ཞིག་པང་དུ་འབྱུང་བར་རྨིས་ལ། དེ་དང་རེག་པ་ཉམས་སུ་མྱོང་ནས་ཉལ་བ་ལས་སད་ནས་ཡུལ་གྱི་བཟང་མོ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས།། རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་ད་དང་རིག་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་དང་རེག་པ་ལ་མ་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་བཟང་མོ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེའི་རེག་པ་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ལུས་ཀྱིས་རེག་བྱ་རྣམས་ལ་རེག་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེས་སུ་ཆགས་པར་འགྱུར་རོ།། རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། ། ཡོངས་སུ་ཆགས་པར་གྱུར་ནས། འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་དུ་ན་འཆི་བའི་དུས་དང་ཆོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེའང་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་དེ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱི་བཟང་མོ་ལ་རེག་པ་དེ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་ང་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་།། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་ད་སྐྱེ་བའི་ཆར་གཏོགས་པ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་།། དེ་ལག་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཀྱང་རང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མ་ནས། རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། བཀག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། ལས་རྣམས་ཆུད་མི་ཟ་ཞིང་། རྣམ་པར་སྨིན་བ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་ཀུན་རྫོབ་ཀྱི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟབ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཟངས་ཀྱི་སྤང་ལེབ་ཤིན་ཏུ་འབར་བ་ཞིག་པང་དུ་འཁྱུད་པར་རྨིས་ལ། དེ་ཉལ་བ་ལས་སད་ན་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཟངས་ཀྱི་སྤང་ལེ་ཤིན་ཏུ་འབར་བ་ལ་རེག་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་སྐྱེས་བྱ་གང་རྨི་ལམ་གྱི་ཟངས་ཀྱི་སྤང་ལེབ་ཤིན་ཏུ་འབར་བ་པང་དུ་འཁྱུད་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཟངས་ཀྱི་སྤང་ལེབ་ཤིན་ཏུ་འབར་བ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རེག་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ལས་ཀྱིས་རེས་བྱ་རྣམ། ལ་རེག་ན་ཡིད་དུ་མི་འོང་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ།། ལོང་ཁྲོ་བར་གྱུར་ནས་ཞེ་སྡང་བར་འགྱུར་རོ།། ཞེ་སྡང་བར་གྱུར་ནས། ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚེད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་པབ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཟངས་ཀྱི་སྤང་ལེབ་ཤིན་ཏུ་འབར་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྣམ་པར་ཤེས་པ་མཐའ་མ་ནས། རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ། ། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐུའ་མའི་རང་བཞིན་གྱིས་སྟོང་པ་ནས། འགྲོ་བའང་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ།། གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། ། གང་ལ་མཚན་མ་མེད་པ་དེ་ལ་སྨོན་ལམ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། མྱ་ངན་ལས་འདས་པ་ལ་གཞོལ་བ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེརན། མི་ཞིག་ཉལ་བའི་རྨི་ལམ་ན་བདག་ཉིད་ལུས་ཀྱི་དབང་པོ་ཉམས་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ནཐོང་བའི་ལུས་ཀྱི་དབང་པོ་ཉམས་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་རྨི་ལ་ན་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ལུས་ཀྱི་དབང་པོ་ཉིད་ཀྱང་ཤིན་ཏུ་མཆིས་ཤིང་མི་དམིགས་ན། དེའི་ཉམས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའི་སྐུལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ལུས་ཀྱིས་རེག་བྱ་རྣམས་ལ་རེག་ན་བཏང་སྙོམས་སུ་འབྱུང་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགེགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། པ་བི་ན་མ་ཡིན། བར་མ་དོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚད་ཉེ་བར་གནས་པར་ཚེསྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ལུས་ཀྱི་དབང་པོ་ཉམས་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་པབ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མི་དེ་ནས། རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་གྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྟོང་པ་ནས། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། 2་རྣམས་ཆུད་མི་ཟ་ཞིང་རྣམ་པར་སྨིན་པ་མྱོང་བར་མངོན་པའང་ཡོད་དེ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། །། བམ་པོ་བཅུ་བཞི་པ། ། །། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་སྒྱུ་མའི་མཁན་པོས་སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་ཏེ། ཤིན་ཏུ་ཚིམ་པར་ཡོངས་སུ་སྤྱོད་པ་ཞིག་རྨི་ས་ལ། ཉལ་བ་ལས་སད་ནས་འདོད་པའི་ཡོན་ཏན་དེ་དག་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་ན་མཐོང་བའི་འདོད་པའི་ཡོན་ཏན་ལྔ་སྒྱུ་མའི་མཁན་པོས་སྤྲུལ་པ་དེ་དག་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་བ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་འདོད་པའི་ཡོན་ཏན་ལྔ་པོ་སྒྱུ་མའི་མཁན་པོས་སྤྲུལ་པ་དེ་དག་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་སྒྱུ་མའི་མཁན་པོ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། སྤྲུལ་པའི་འདོད་པའི་ཡོན་ཏན་ལྔ་པོ་དེ་དག་དང་། དེ་དག་ལ་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དྲུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ན་ཡིད་བདེ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་མངོན་པར་ཞེན་པས་རྗེསུ་ཆགས་པར་འགྱུར་རོ།། རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ། ། ཡོངས་སུ་ཆགས་པར་གྱུར་ནས། འདོད་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ།། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མ་དོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་།། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་འདོད་པའི་ཡོན་ཏན་ལྔ་པོ་སྒྱུ་མ་མཁན་གྱིས་སྤྲུལ་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཚར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་སེམས་ཅན་དམྱལ་བ་རྣམས་སུ། ། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ། ཡང་ན་ནི་ལྷ་མ་ཡིན་གྱི་རིས་སུཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷའི་ནང་དུ་སྐྱེ་སྟེ། རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་ཀྱང་དམིགས་ཤིང་། རྣམ་པར་སྨིན་པའང་དམིགས་ལ། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་ཚོར་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་ནས་རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མས་སྟོང་པ་ནས། འཁོར་བའི་བར་དུ་འཁོར་བའི་རང་བཞིན་གྱིས་སྟོང་། མྱ་ངན་ལས་འདས་པའང་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སྟོང་། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ།། གང་སྟོང་པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་མཚན། མ་མེད་པའོ།། གང་ལ་མཚན་མ་མེད་པ་དེ་ལ་སྨོན་ལམ་མེད་དེ། འདི་ནི་སྨོན་པ་མེད་པའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པའི་ངོ་བོ་ཉིད། སྨོན་ལམ་དང་བྲལ་བ། མྱ་ངན་ལས་འདས་པ་ལ་གཞོལ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་བདག་ཉིད་གཡོག་འཁོར་དང་བཅས་ཏེ་ཆུ་བོ་ཆེན་པོས་ཁྱེར་ནས། དེ་དེ་ན་སེམས་ལས་བྱུང་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་མ་མྱོང་བར་རྨིས་ལ། དེ་ཉལ་བ་ལས་སད་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་རེ་ལ་ཇི་སྙམ་དུ་སེམས། རྨི་ལམ་གྱི་ཆུ་ཆེན་པོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། ། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་སྐྱེས་བུ་གང་རྨི་ལམ་ན་བདག་ཉིད་ཆུ་བོ་ཆེན་པོས་ཁྱེར་ཞིང་། སྡུག་བསྔལ་དང་ཡིད་མི་བདེ་བ་མཐོ་བ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་ཆུ་གང་གིས་མི་དེ་ཁྱེར་བའི་ཆུ་ཆེན་པོ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེའི་སྡུག་བསྔལ་དང་ཡིད་མི་བདེ་བ་ལྐུག་ལ་མཆིས་ཏེ། གཞན་དུ་ན་ཀང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་ཡིད་མི་བདེ་བར་འགྱུར་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ།། ཁོང་ཁྲོ་བར་གྱུར་ནས་གནོད་སེམས་སུ་འགྱུར་རོ། ། གནོད་སེམས་སུ་གྱུར་ནས་ཞེ་སྡང་བར་འགྱུར་རོ།། ཞེ་སྡང་བར་གྱུར་ནས། ཞེ་སྡང་ལས་བྱུང་བའི་ལས་ཀྱིས་ནི་རྣམ་པ་གསུམ།། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན། ཕ་བི་ན་མ་ཡིན། བར་མདོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཚོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟང་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཆུ་ཆེན་པོས་ཁྱེར་ཞིང་ཡིད་མི་བདེ་བ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱིས་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོར་འགྲགས་མ་ཐག་ཏུ་བར། མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་ཀྱང་དམིགས་ལ། བྱེད་པ་པོའང་གང་ཡང་མེད། རྣམ་པར་སྨིན་པའང་དམིགས་ལ། མིང་གི་བརྡ་ཙམ་མ་གཏོགས་པར་འདི་ལ་ཚོར་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སྤུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་ནས། རྣམ་པར་ཤེས་པ་དང་པོའི་བར་དུ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ། ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་པ་མཐའ་མའི་རང་བཞིན་གྱིས་སྡོང་པ་ནས། འཁོར་བའི་བར་དུ་ནི་འཁོར་བའི་རང་བཞིན་གྱིས་སྟོང་། མྱ་ངན་ལས་འདས་པའང་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སྟོང་། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་སྟེ། འདི་ནི་རྣམ་བར་ཐར་པའི་སྒོ་སྟོང་པ་ཉིད་དོ། ། གང་སྟོང་བ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ།། གང་ལ་མཚན་མ་མེད་པ་དེ་ལ་སྨོན་ལམ་མེད། དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པའི་ངོ་བོ་ཉིད། སྨོན་ལམ་དང་བྲལ་བ། མྱ་ངན་ལས་འདས་པ་ལ་གཞོལ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཆང་གིས་ར་རོ་སྟེ་བདག་ཉིད་ཤིན་ཏུ་གཏི་མུག་པར་གྱུར་ནས། རེ་རེ་ན་དགེ་བའང་མི་ཤེས། མི་དགེ་བའང་མི་ཤེས། ཁ་ན་མཐོ་བ་དང་བཅས་པའང་མི་ཤེས། ཁ་ན་མ་ཐོ་བ་མེད་པའང་མི་ཤེས་ཕན་པའང་མི་ཤེས། གནོད་པའང་མི་ཤེས། ཡོན་ཏན་དང་ཉེས་པའང་རྣམ་པ་ཐམས་ཅད་དུ་མི་ཤེས་པར་གྱུར་པ་ཞིག་རྨི་ས་ལ། དེ་ཉལ་བ་ལས་སད་ནས་ཆང་གི་ས་ར་རོ་བའི་གཏི་མུག་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ལ་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཆང་གིས་ར་རོ་ཞིང་གཏི་མུག་པ་དེ་ཡོད་དམ། གསོལ་བ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཀའ་སྩལ་བ། རྒྱལ་པོ་ཆེན་པོ་འདི་ལ་ཇི་སྙམ་དུ་སེམས། འོ་ན་རྨི་ལམ་གྱི་ཆང་གིས་ར་རོ་བ་ལ་མངོན་པར་ཞེན་པ་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཆང་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། གཏི་མུག་པ་ལྔག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར། ཞེན་པའི་མི་དེ་ནི་འཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པའང་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལའང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན་ཏུ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ། ངག་གིས་ནི་རྣམ་པ་བཞི། ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ།། ལས་མངོན་པར་འདུ་བྱས་པ་དེའང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ། བྲལ་ཞིང་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས། འདི་ན་མ་ཡིན་ཕ་བི་ན་མ་ཡིན། བར་མངོན་མ་ཡིན་པའི་བར་དུ་སྟེ། དུས་གཞན་ན་འཆི་བའི་དུས་དང་ཆོད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་། དེ་དང་སྐལ་བ་འདྲ་བའི་ལས་རྣམས་ཀྱང་ཟད་ནས། རྣམ་པར་ཤེས་པ་མཐའ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་ཆང་ཀི་ས་ར་རོ་སྟེ་གཏི་མུག་པ་ལྟ་བུར་ཡིད་ཀྱིས་དམིགས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་མཐའ་མའི་དབང་དང་། ལས་དམིགས་པ་དེ་དང་། རྐྱེན་གཉིས་ཀྱི་སྐྱེ་པའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འགྲོ་བ་རྣམས་སུ་འབྱུང་སྟེ། རྣམ་པར་ཤེས་པ་དང་པོ་དང་དེ་འགགས་མ་ཐག་ཏུ་བར་མ་ཆད་པར་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་མངོན་པའི་སེམས་ཀྱི་རྒྱུད་སྐལ་བ་འདྲ་བ་འབྱུང་ངོ་། ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ལས་ཀྱང་དམིགས་ལ། བྱེད་པ་པོའང་གང་ཡང་མེད། རྣམ་པར་སྨིན་པའང་དམིགས་ལ། མིང་གི་བརྡ་ཙམ་མ་གཏོགས་པར་འདི་ལ་ཚོར་བ་པོ་གང་ཡང་མེད་དོ། ། རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་མཐའ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱ་བའི་གྲངས་སུ་འགྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བའང་མེད་ལ། འཆི་འཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་མཐའ་མ་དེ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། ལས་དང་། རྣམ་པར་སྨིན་པ་དང་། འཆི་འཕོ་དང་།། སྐྱེ་བ་དང་། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཚེའང་གང་ནས་ཀྱང་མི་འོང་། འགག་པའི་ཚེའང་གང་དུའང་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་སྤོང་བའི་ཕྱིར་ཏེ། རྣམ་པར་ཤེས་པ་མཐའ་མ་ནི་རྣམ་པར་ཤེས་བ་མཐའ་མའི་རང་བཞིན་གྱིས་སྟོང་། སྐྱེ་བ་དང་། འཇིག་པ་དང་། ལས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཤེས་པ་དང་པོ་དང་། འཆི་འཕོ་དང་། སྐྱེ་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པའི་རང་བཞིན་གྱིས་སྤོང་། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྤོང་སྟེ། འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ།། གང་སྟོ། པ་ཉིད་ཀྱི་མཚན་མས་སྟོང་པ་འདི་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ།། གང་ལས་མཚན་མ་མེད་པ་དེ་ལ་སྨོན་ལམ་མེད་དེ། འདི་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་སྟེ། སྟོང་པ་ཉིད་དུ་ཡང་དག་པར་འདུ་བ། མཚན་མ་མེད་པའི་ངོ་བོ་ཉིད། སྨོན་ལམ་དང་བྲལ་བ། མྱ་ངན་ལས་འདས་པ་ལ་གཞོལ་བ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའོ།། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་འདི་ལ་སེམས་ངེས་པར་གཞག་པ་དང་། སེམས་ངེས་པར་གཞག་པ་ལ་བརྩོན་པར་བྱའོ།། གཞན་གྱི་དྲིང་ལ་མི་འཇོག་ཅིང་བདག་ཉིད་ཀྱིས་ཤེས་པར་བྱ་སྟེ། འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། དབང་ཕྱུག་ལ་མངོན་པར་ཞེན་པ་ཐམས་ཅད་རབ་ཏུ་འཇོམས་པ། སྲེད་པ་ཐམས་ཅད་ཡོངས་སུ་སྐེམས་པ། ང་རྒྱལ་ཐམས་ཅད་སྙིལ་བ། ལྟ་བའི་རྣམ་པ་དང་ཐེ་ཙོམ་ཐམས་ཅད་ཡང་དག་པར་གཅོད་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་ཡིན་པ། ཉན་ཐོས་རྣམས་ཀྱི་ས་མ་ནོན་པ། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པ་ཡིན་གྱི། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཇི་ལྟར་ན་བདག་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་དང་། སྒྲོན་མེ་དང་། མ་ར་མེ་དང་། སྣང་བ་དང་། གྲུ་དང་། དོག་ས་དང་། འབབ་སྟེགས་དང་། འདྲེན་པ་དང་། ཡོངས་སུ་འདྲེན་པ་དང་། སྟོན་པ་དང་། དེད་དཔོན་དང་། སྔོན་དུ་འགྲོ་བར་འགྱུར་སྙམ་པ་དང་། བདག་གྲོལ་ནས་དགྲོལ་བར་བྱའོ།། བརྒལ་ནས་བསྒྲལ་བར་བྱའོ།། དབུགས་ཕྱིན་ནས་དབུགས་དབྱུང་བར་བྱའོ།། ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་སྙམ་དུ་ཡིད་ལ་གཞག་པར་བྱའོ། ། རྒྱལ་པོ་ཆེན་པོ་དབང་ཕྱུག་ལྟ་ཞིག་ནི་སྔོན་མྱོང་བར་གྱུར་པའི་མཐའ་ཡང་མི་མངོན་ཏེ། པོ་ཆེན་པོ་དེ་ལྟར་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་སྟེ་ཆོ་ག་མི་ཤེས་པའོ།། ཚིམ་པར་མི་རུང་བའོ།། ཡུལ་རྣམས་རྨི་ལམ་ལྟ་བུ་སྟེ། ཚིམ་པར་མི་ནུས་པའོ།། ངོམས་པར་མ་གྱུར་པའོ།། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་དེ་ནི་ཁྱོགས་དང་། དཔུང་དང་། བཞོན་པ་མཐའ་ཡས་ཤིང་། འཁོར་ལོ་ཐོགས་པ་མེད་པས་སྦྱར་བ། མི་འཁྲུགས་པའི་ཐེག་པ་དང་། ཚུལ་ཕུན་སུམ་ཚོགས་པ་དང་ལྡན་པ།། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། ཡིད་བཞིན་དུ་འགྱུར་བའི་སྟོབས་དང་ལྡན་པ་སྟེ། དེ་གང་ཅི་སེམས་ཀྱང་རུང་། དེའི་དེ་ཐམས་ཅད་འགྲུབ་ཅིང་། དེའི་བསམ་པ་དོན་མེད་པར་འགྱུར་བ་གང་ཡང་མེད་དོ། ། དེ་ལྟར་རྒྱལ་པོ་དེ་ནི་རང་གི་དགེ་བའི་རྩ་བའི་གཟི་བརྗིད་ཀྱིས་བསམ་པ་ཡིད་བཞིན་དུ་དོན་མེད་པ་མ་ཡིན་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འདི་སྙམ་དུ། བདག་གི་བསོད་ནམས་ཀྱི་སྟོབས་ཉམས་པ་མེད་པ་ལ་བརྟག་པར་བྱའོ་སྙམ་ནས། དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་ཤིང་ལྗོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འབྲས་བུ་ཆགས་པར་གྱུར་ཅིག་སྙམ་པ་དང་། རྒྱལ་པོ་གྲགས་པ་མཐའ་ཡས་དེའི་སེམས་བསྐྱེད་མ་ཐག་ཏུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་ཤིང་ལྗོན་པ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འབྲས་བུ་ཆགས་པར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་དེས་ཡང་བདག་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ལ་བརྟག་པར་འདོད་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་འཁོད་པ་འདི་དག་ཐམས་ཅད་གནོད་པ་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། ཡིད་ལ་བསམ་པ་དོན་ཡོད་པར་གྱུར་ཅིག་སྙམ་པ་དང་། རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་གནོད་པ་ཐམས་ཅད་རྒྱུན་ཆད་དེ། ཡིད་ལ་བསམ་པ་ཐམས་ཅད་དོན་ཡོད་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་བདག་གི་དགེ། བའི་རྩ་བའི་སྟོབས་བསྐྱེད་པ་ལ་བརྟག་པར་འདོད་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་སྤོས་ཆུའི་ཆར་རབ་ཏུ་འབབ་པར་གྱུར་ཅིག་སྙམ་པ་དང་། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤོས་ཆུའི་ཆར་རབ་ཏུ་འབབ་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེ་ནས་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་བདག་གི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་ལ་རྒྱ་ཆེར་བརྟག་པར་འདོད་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་མེ་ཏོག་གི་ཆར་རབ་ཏུ་འབབ་པར་གྱུར་ཅིག་སྙམ་པ་དང་། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མེ་ཏོག་གི་ཆར་རབ་ཏུ་འབབ་པར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདིར་ལྷའི་གོས་ཀྱི་ཆར་དང་། དབྱིག་གི་ཆར་དང་། གསེར་གྱི་ཆར་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དང་། ཡོ་བྱད་ཐམས་ཅད་ཀྱི་ཆར་རབ་ཏུ་འབབ་པར་གྱུར་ཅིག་སྙམ་པ་དང་། རྒྱལ་པོ་ཆེན་པོ་རྒྱལ་བོ་གྲགས་པ་མཐའ་ཡས་ཀྱིས་སེམས་བསྐྱེད་མ་ཐག་ཏུ། འདི་ལྟར་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསགས་པའི་དགེ་བའི་རྩ་བ་ཡངས་པ་དང་ལྡན་པའི་རྒྱུས་ལྔའི་གོས་ཀྱི་ཆར་དང་། དབྱིག་གི། ཆར་དང་། གསེར་གྱི་ཆར་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དང་། ཡོ་བྱད་ཐམས་ཅད་ཀྱི་ཆར་རབ་ཏུ་བབ་བོ།། རྒྱལ་པོ་ཆེན་པོ་དེའི་ཚེ་འཛམ་བུའི་གླིང་འདི་ནི་རྒྱར་དཔག་ཚད་ཁྲི་བརྒྱད་སྟོང་ཡོད་པར་གྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་འདི་ན་གྲོང་ཁྱེར་བྱེ་བ་ཕྲག་དྲུག་ཅུ་ཡོད་པར་གྱུར་ནས། འཛམ་བུའི་གླིང་དེའི་དབུས་ན་རིན་པོ་ཆེས་རབ་ཏུ་བརྒྱན་པ་ཞེས་བྱ་བའི་གྲོང་ཁྱེར་རྒྱལ་བའི་ཕོ་བྲང་འཁོར་དུ་གྱུར་པ། ཆུང་ཞེང་དུ་དཔག་ཚད་བཅུ་གཉིས་བཅུ་གཉིས་ཡོདཔ། གྲུ་བཞི་ལྷམ་པ། དྲི་མ་མེད་པ། ཤིན་ཏུ་འབྲེལ་པར་བྲེས་པ་ཞིག་ཡོད་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ནི་ཤིང་ཏ་ལའི་འཕྲེང་བ་རིམ་བདུན་གྱིས་ཀུན་ནས་ཡོངས་སུ་བསྐོར་བ་སྟེ། ཏ་ལ་དེ་དག་ཀྱང་རིན་པོ་ཆེ་སྣ་བཞིའི་རྒྱུ་ལས་བྱུང་བ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་གྱི་ཏ་ལ་ཤ་སྟག་གོ། དེ་ལ་གསེར་གྱི་ཏ་ལ་རྣམས་ནི་དངུལ་གྱི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་ལྡན་པར་གྱུར་ཏོ།། དངུལ་གྱི་ཏལ་རྣམས་ནི་གསེར་གྱི་ལོ་མ་དང་། མེ་ཏོག་དང་། བྲས་བུ་དང་ལྡན་པར་གྱུར་ཏོ། ། བེ་ཌཱུཪྻའི་ཏ་ལ་རྣམས་ནི་ཤེལ་གྱི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་ལྡན་པར་གྱུར་ཏོ།། ཤེལ་གྱི་ཏ་ལ་རྣམས་ནི་བཻ་ཌཱུཪྻའི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་ལྡན་པར་གྱུར་ཏོ།། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ནི་རིན་པོ་ཆེ་སྣ་བདུན་གྱི་དྲིལ་བུ་གཡེར་ཁའི་དྲ་བ་བཀྲ་བ། བལྟ་ན་སྡུག་པ་རིམ་པ་བདུན་སྟེང་དུ་བྲེས་པར་གྱུར་ཏོ།། རིན་པོ། ཆེའི་དྲ་བ་ཆེན་པོའི་རིན་པོ་ཆེ་སྣ་བདུན་ནི། འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། སྤུག་དང་། རྡོའི་སྙིང་པོ་དང་བདུན་ནོ།། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ཀུན་ནས་འོ་བས་ཟབ་པ། ཆུ་འབྱུང་བ། ཟབས་སུ་དཔག་ཚད་ཕྱེད་ཡོད་པ། ཁ་ཚོན་དུ་དཔག་ཚད་གཅིག་ཡོད་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་བྱ་རོག་གིས་བཏུང་དུ་རུང་བ་ཙམ་གྱིས་ཁ་ད་ཆད་དུ་ཡོངས་སུ་གང་བ། མེ་ཏོག་ཨུ་ཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཀུན་ཏུ་གང་བ། གསེར་གྱི་བྱེ་མ་བརྡལ་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བར་གྱུར་ཏེ། འོ་བས་དེ་དག་གི་ཁོ་ར་ཡུ་ག་ནས་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། རིན་པོ་ཆེ་དེ་བཞི་ལས་བྱས་པའི་ཐེམ་སྐས་བཀྲ་བ། བལྟ་ནུ་སྡུག་པ་ཤ་སྟག་བཀོད་པར་གྱུར་ཏོ། ། དེ་ལ་གསེར་གྱི་གཞི་ལ་ནི་དངུལ་གྱི་ཐིམ་པ་བཀྱེ། དངུལ་གྱི་གཞི་ལ་ནི་གསེར་གྱི་ཐེམ་པ་བཀྱེ། བཻཌཱུཪྻའི་གཞི་ལ་ནི་ཤེལ་གྱི་ཐིམ་པ་བཀྱེ། ཤེལ་གྱི་གཞི་ནི་བཻཌཱུཪྻའི་ཐེམ་པ་བཀྱེ་བ་ཤ་སྟག་སྟེ། ཐེམསྐས་དེ་དག་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཁ་ཁྱེར་འགྲབ། བལྟ་ན་སྡུག་པ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་བར་གྱུར་ཏོ།། རིན་པོ་ཆེའི་ཐེམ་སྐས་དེ་། གི་སྟེང་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་རྟ་བབས་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏོ།། ཐེམ་སྐས་དེ་དག་སོ་སོའི་ཁར་འཛམ་བུའི་ཆུ་བོའི་གསེར་གྱི་ཆུ་ཤིང་ལྗོན་པ་བཀྲ་བ། བལྟན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏོ། ། འོབས་ཀྱི་ཆུ་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བདུན་གྱི་གྲུ་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཅས་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་བསོད་ནམས་ཀྱི་གཟི་བརྗིད་ཀྱིས། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པའི་ཁོར་ཡུག་ཏུ་སྐྱེད་མོས་ཚལ་བཀྲ་བ། བལྟ་ན་སྡུག་པ། བདག་གིར་བྱ་བ་མེད་པ། ཡོངས་སུ་བཟུང་བ་མེད་པ་བརྒྱད་ཁྲི་བྱས་པར་གྱུར་ཏོ།། དེ་དག་ཀྱང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སྐྱེ་བོ་ཐམས་ཅད་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་བྱིན་ཏེ། མི་དེ་དག་སྐྱེད་མོས་ཚལ་དེ་དག་ཏུ་དོང་ནས། ཕུན་སུམ་ཚོགས་པའི་བདེ་བ་མཆོག་གིས་རྩེ་དགའ་ཞིང་ཡོང་སུ་སྤྱོད་པར་གྱུར་ཏོ།། སྐྱེད་མོས་ཚལ་དེ་དག་རེ་རེ་ཞིང་ཡང་རྫིང་བུ་བརྒྱད་བརྒྱད་བཤམས་པར་གྱུར་ཏེ། རྫིང་བུ་དེ་དག་ཀུན་ཀྱང་རྒྱར་རྒྱང་གྲགས་ཕྱེད་ཕྱེད་ཡོད་པ་ཤ་སྟག་གོ། ། རྫིང་བུ་དེ་དག་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་བཞི་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་གྱི་ཐེམ་སྐས་བཀྲ་བ། བལྟ་ན་སྡུག་པ་བརྒྱད་བརྒྱད་དང་ལྡན་པར་གྱུར་ཏོ།། ཐེམ་སྐས་དེ་དག་གི་སྟེང་དུའང་རིན་པོ་ཆེ་སྣ་བདུན་གྱི་རྟ་བབས་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏོ།། ཐེམ་སྐས་དེ་དག་རེ་རེའི་ཁར་ཡང་འཛམ་བུའི་ཆུ་བོའི་གསེར་གྱི་ཆུ་ཤིང་ལྗོན་པ་བཀྲ་བ། བལྟ་ན་སྡུག་པ་ཤ་སྟག་བཙུགས་པར་གྱུར་ཏོ།། རྫིང་བུ་དེ་དག་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པས་བྱ་རོག་གིས་བཏུང་དུ་རུང་བ་ཙམ་དུ་ཁ་ད་ཆད་དུ་ཡོངས་སུ་གང་བར་གྱུར་ཏོ། ། རྫིང་བུ་དེ་དག་ཏུ་མེ་ཏོག་ཆུ་ལས་སྐྱེས་པ་འདི་ལྟ་བུ་དག་བསྐྱེད་པར་གྱུར་ཏེ། འདི་ལྟར་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོ་དང་། དྲི་ཞིམ་ལྡན་རྣམས་སོ།། ཁོར་ཡུག་ཏུའང་ཐང་ལས་སྐྱེས་པའི་མེ་ཏོག་འདི་ལྟ་བུ་དག་བསྐྱེད་པར་གྱུར་ཏེ། འདི་ལྟར་ཨ་ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། བ་ར་ཤ་ཀ་དང་། སྣ་མའི་མེ་ཏོག་དང་། མ་ཡུ་ཀ་དང་། ད་ནུ་སྐ་རི་དང་། དེ་མ་ཡིན་པའི་མེ་ཏོག་ཐང་ལས་སྐྱེས་པ་མང་པོ་དག་ཀྱང་བསྐྱེད་པར་གྱུར་ཏོ།། རྒྱལ་པོའི་པོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེའི་སྟེང་གི་བར་སྣང་ལ་དྲིལ་བུ་གཡེར་གཱའི་དྲ་བ་ཆེན་པོ་བྲིས་པ་དང་། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆོས་རབ་ཏུ་བརྒྱན་པོའི་ཤིང་ཏ་ལ་དེ་དང་། རིན་པོ་ཆེའི་དྲ་བ་དེ་དག་དང་། དྲིལ་བུ་གསེར་གའི་དྲ་བ་དེ་དག་རླུང་གིས་བསྐྱོད་པ་ལས་འདི་ལྟ་བུའི་སྒྲ་སྙན་ཅིང་ཡིད་དུ་འོང་ལ་མཉན་ན་བདེ་བ། འདི་ལྟ་སྟེ། དཔེར་ན་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་སིལ་སྙན་མཁྲ་པས་ལེགས་པར་བླངས་པའི་སྒྲ་ལྟ་བུ་བྱུང་བར་གྱུར་ཏོ། ། དེའི་ཚེ་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ན་མི་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་ཀྱང་སྒྲ་དེས་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་གྱུར་ཏོ། ། རྒྱལ་པོའི་ཕོ་ཟུང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་དེ་ནི་འབྱོར་པ། རྒྱས་བྱ། བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོ་དང་མིས་ཡོངས་སུ་གྲང་བ། མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་གང་བར་གྱུར་ཏོ།། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འདི་སྙོམ་དུ་སེམས་ཏེ། འོ་ན་བདག་ནི་ཤར་གྱི་ལུས་འཕགས་གླིང་དུ་འགྲོའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཤར་གྱི་ལུས་འཕགས་གླིང་ག་ལ་བ་དེར་སོང་སྟེ། དེས་དེར་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོར་རྒྱལ་པོ་བྱས་སོ།། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འདི་སྙམ་དུ་སེམས་ཏེ། འོ་ན་བདག་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་འགྲོའོ་སྙམ་པ་དང་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་ནུབ་ཀྱི་བ་ལང་སྤྱོད་ག་ལ་བ་དེར་སོང་སྟེ། དེས་དེར་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོར་རྒྱལ་པོ་བྱས་སོ། ། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་འདི་སྙམ་དུ་སེམས་ཏེ། འོ་ན་བདག་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་འགྲོའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོ་ག་ལ་བ་དེར་སོང་སྟེ། དེས་དེར་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོར་རང་གི་དཔུང་གི་ཚོགས་ལ་རྗེས་སུ་བསྟན་ཏོ། ། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་ཡུན་རིང་པོ་འདས་པའི་དུས་ཤིག་ན་འདི་སྙམ་དུ་སེམས་ཏེ། སུམ་ཅུ་རྩ་གསུམ་ཞེས་བྱ་བའི་ལྷ་རི་རབ་ཀྱི་ཟོམ་ལ་གནས་པ་དག་ཡོད་ན། བདག་ནི་སུམ་ཅུ་རྩ་གསུམ་པའི་ལྷ་ག་ལ་བ་དེར་འགྲོའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་གླང་པོ་རིན་པོ་ཆེའི་བྱ་ལ་ཁར་ཞོན་ཏེ། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་སོང་ངོ་།། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས། ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་གླིང་ཆེན་པོ་བཞི་དང་། རིའི་རྒྱལ་པོ་རི་རབ་དང་། རྒྱ་མཚོ་ཆེན་པོ་ཇི་ལྟར་མཐོང་། ཁ་ལོ་སྒྱུར་བས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རྫ་མཁན་གྱི་འཁོར་ལོ་དབྱིག་པས་འཕངས་ན་ཡོངས་སུ་འཁོར་བ་དེ་བཞིན་དུ། གླིང་ཆེན་པོ་བཞི་དང་། རིའི་རྒྱལ་པོ་རི་རབ་དང་། རྒྱ་མཚོ་ཆེན་པོ་འདིའང་ཡོངས་སུ་འཁོར་བར་མཐོང་ངོ་།། རྒྱལ་པོས་སྨྲས་པ། ཁ་ལོ་སྒྱུར་བ་པོ་ནད་དུང་གླང་པོ་རིན་པོ་ཆེས་འགྲོས་མ་ཕྱུང་ངོ་།། ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས། ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་གླིང་ཆེན་པོ་བཞི་དང་རིའི་རྒྱལ་པོ་རི་རབ་དང་། རྒྱ་མཚོ་ཆེན་པོ་འདི་ད་ཇི་ལྟ་བུར་མཐོང་། ཁ་ལོ་སྒྱུར་བས་སྨྲས་པ། རྒྱལ་པོ་ཆེན་པོ་གླིང་ཆེན་པོ་བཞི་དང་། རིའི་རྒྱལ་པོ་རི་རབ་དང་། རྒྱ་མཚོ་ཆེན་པོ་དག་ད་ནི་འགུལ་ཞིང་རབ་ཏུ་འགུལ་བ་དང་། ཀུན་ཏུ་རབ་ཏུ་འགུལ་བར་མཐོང་ངོ་།། རྒྱལ་པོས་སྨྲས་པ། ཁ་ལོ་སྒྱུར་བ་འོ་ན་ད་དུང་གླང་པོ་རིན་པོ་ཆེས་འགྲོས་མ་ཕྱུང་ངོ་།། ཡང་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས། ཁ་ལོ་སྒྱུར་བ་ལ་སྨྲས་པ། ཁ་ལོ་སྒྱུར་བ་གླིང་ཆེན་པོ་བཞི་དང་། རིའི་རྒྱལ་པོ་རི་རབ་དང་། རྒྱ་མཚོ་ཆེན་པོ་འདི་དེ་ཇི་ལྟར་མཐོང་། ཁ་ལོ་སྒྱུར་བས་སྨྲས་པ། རྒྱལ་པོ་ཆེན་པོ་ད་ནི་གླིང་ཆེན་པོ་བཞི་དང་། རིའི་རྒྱལ་པོ་རི་རབ་དང་། རྒྱ་མཚོ་ཆེན་པོ་དག་ཀྱང་གཡོ་བ་འམ། འགུལ་བའམ། ལྡེག་པ་མ་མཆིས་པར་གནས་པར་མཐོང་ངོ་།། རྒྱལ་པོས་སྨྲས་པ། ཁ་ལོ་སྒྱུར་བ་ད་ནི་གླང་པོའི་རྒྱལ་པོས་འགྲོས་བསླང་བལྟས། རིང་པོ་མི་ཐོགས་པར་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོར་ཕྱིན་པར་འགྱུར་རོ།། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་རིང་པོ་མ་ཐོགས་པར་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོར་ཕྱིན་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་གྲགས་པ་མཐའ་ཡས་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་།། མཐོང་ནས་སྟན་གྱི་ཕྱེད་ལ་བདར་ཏེ། རྒྱལ་པོ་ཆེན་པོ་ཚུར་སྤྱོན། རྒྱལ་པོ་ཆེན་པོ་བྱོན་པ་ལེགས་སོ།། རྒྱལ་པོ་ཆེན་པོ་སྟན་གྱི་ཕྱེད་ལ་བཞུགས་ཞེས་སྨྲས་པ་དང་། རྒྱལ་པོ་གྲགས་པ་མཐའ་ཡས་ལྷའི་དབང་པོ་བརྒྱ་བྱིན་གྱི་སྔུན་གྱི་ཕྱེད་ལ་འདུག་སྟེ། ངོས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་སུམ་ཅུ་རྩ་གསུམ་པའི་ལྷའི་རྒྱལ་སྲིད་ཕྱེད་ཀྱི་དབང་ཕྱུག་ལ་དབང་བྱས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་ཡུན་རིང་པོ་འདས་པའི་དུས་ཤིག་ན་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གིས་བརྒྱ་བྱིན་གྱི་སྟན་ཐམས་ཅད་ལ་འདུག་པར་བྱའོ་སྙམ་པ་དང་། དེས་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་སྟན་ཕྱེད་པོ་དེ་ལས་ཉམས་ནས་འཛམ་བུ་གླིང་དུ་གནས་པར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པའི་སྐྱེད་མོས་ཚལ་གྱི་ར་བ་ན་འཁོད་པའི་མི་རྣམས་ཀྱིས། རྒྱལ་པོ་གྲགས་པ་མཐའ་ཡས་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པའི་རིན་པོ་ཆེའི་སྐྱེད་མོས་ཚལ་དུ་འོངས་ཤིང་དེ་ན་འདུག་པར་མཐོང་ནས། མཐོང་མ་ཐག་ཏུ་མྱུར་བ་མྱུར་བར་རིངས་པའི་གཟུགས་ཀྱིས། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེན་རབ་ཏུ་བརྒྱན་པ་དེ་ན་རྒྱལ་པོ་དགའ་བྱེད་ཅེས་བྱ་བ་རྒྱལ་པོ་བྱེད་ཅིང་འདུག་པ་ལ་སྦྲན་ཏོ།། རྒྱལ་པོ་དགའ་བ་ཡེད་དེས་རིན་པོ་ཆེའི་ཟ་མ་ཏོག་གི་སྐྱེད་མོས་ཚལ་ན་ལྷའི་མི་ཞིག་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་གནས་ཞེས་ཐོས་ནས་མྱུར་བ་མྱུར་བར་རིངས་པའི་གཟུགས་སུ་བཞོན་པའི་མཆོག་ལ་ཞོན་ཏེ། ཡན་ལག་བཞི་པའི་དཔུང་གི་ཚོ་གས་དང་ལྷན་ཅིག་ཏུ་རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་ནས་བྱུང་ནས། རིན་པོ་ཆེའི་ཟ་མ་ཏོག་གི་སྐྱེད་མོས་ཚལ་ག་ལ་བ་དེར་སོང་ངོ་།། རྒྱལ་པོའི་ཕོ་བྲང་འཁོར་རིན་པོ་ཆེས་རབ་ཏུ་བརྒྱན་པ་ན་འཁོད་པ་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས་རྒྱུག་པར་གྱུར་ཏོ།། དེ་ནས་རྒྱལ་པོ་དགའ་བྱེད་བཞོན་པ་ལས་བབས་ཏེ། རྒྱལ་པོ་གྲགས་པ་མཐའ་ཡས་ག་ལ་བ་དེར་སོང་ནས། དེས་སྤོས་དང་། མེ་ཏོག་དང་། འཕྲེང་བ་དང་། བྱུག་པ་དང་། བདུག་སྤོས་ཕུལ་ཏེ། གོས་ཕྲག་པ་གཅིག་ཏུ་གཟར་ནས། པུ་ས་མོ་གཡས་བཱི་ལྷ་ང་ས་ལ་གཙུགས་ཏེ། རྒྱལ་པོ་གྲགས་པ་མཐའ་ཡས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། རྒྱལ་པོ་གྲགས་པ་མཐའ་ཡས་ལ་ཁྱོད་སུ་ཞིག་ལགས་ཞེས་དྲིས་སོ།། རྒྱལ་པོས་དེ་ལ་སྨྲས་པ། རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བྱ་བ་ཞིག་བྱུང་བ་དེ་ཁྱོད་ཀྱིས་ཐོས་སམ། རྒྱལ་པོ་དགའ་བྱེད་ཀྱིས་སྨྲས་པ། བདག་གིས་རབ་ཏུའང་ཐོས་ཏེ་རྒན་རབས་དག་མཆི་ན་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བགྱི་བ་འཁོར་ལོས་སྒྱུར་བ་ཁྱོགས་དང་། དཔུང་དང་། བཞོན་པ་དང་བཅས་ཏེ་མཐོ་རིས་སུ་བཞུད་དོ་ཞེས་ཐོས་སོ།། སྨྲས་པ། ང་ནི་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བྱ་བ་དེ་ཡིན་ནོ།། དེ་ནས་རྒྱལ་པོ་གྲགས་པ་མཐའ་ཡས་དེ་མིའི་གཟི་བརྗིད་ཀྱིས་མིག་མ་གང་སྟེ། མིའི་ལོངས་སྤྱོད་མི་བཟོད་པར་གྱུར་ནས། བྱིང་ཞིང་མི་གནས་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་མར་གྱི་གོང་བུ་འམ། མར་གསར་གྱི་གོང་བུ་བྱེ་མ་ཚ་བ་ལ་བཞག་པ་ནི་འཇུ་ཞིང་མི་གནས་སོ།། དེ་བཞིན་དུ་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱང་བྱིང་ཞིང་མི་གནས་པར་གྱུར་ཏོ། ། དེ་ནས་རྒྱལ་པོ་དགའ་བྱེད་ཀྱིས། རྒྱལ་པོ་གྲགས་པ་མཐའ་ཡས་དེ་ལྟར་བྱིང་བ་དེ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་ལེགས་པར་བརྗོད་པ་ཇི་སྐད་ཅིག་གསུངས་ཤེས་མཆི་ན། བདག་གིས་འཇིག་རྟེན་རྣམས་ལ་ཇི་སྐད་ཅིག་ལུང་བསྟན་པར་བགྱི། དེས་སྨྲས་པ་རྒྱལ་པོ་པགས་པ་མཐའ་ཡས་ནི་གླིང་ཆེན་པོ་བཞིའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཤིང་བསམ་པ་ཡིད་བཞིན་དུ་གྲུབ་ལ། དོན་མེད་པར་མ་གྱུར་པའང་མྱོང་། ཤིང་ཐམས་ཅད་ཡིད་བཞིན་དུ་འབྲས་བུ་ཆགས་པ་དང་། གནོད་པ་ཐམས་ཅད་རྒྱུན་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་བསམས་པ་དོན་ཡོད་པ་དང་། སྤོས་ཀྱི་ཆུའི་ཆར་འབབ་པ་དང་། ལྷའི་ཡིད་བཞིན་གྱི་གོས་ཀྱི་ཆར་བ་བབ་པ་དང་། དབྱིག་གི་ཆར་འབབ་པ་དང་། གསེར་གྱི་ཆར་འབབ་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབབ་པ་དང་། ཡོ་བྱད་ཐམས་ཅད་ཀྱི་ཆར་འབབ་པའང་མྱོང་བར་གྱུར་ནས་གླིང་ཆེན་པོ་བཞི་པོ་དག་ཏུ་གནས་ཏེ། གླིང་ཆེན་པོ་བཞིའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས། བརྒྱ་བྱིན་གྱི་སྟན་ཕྱེད་མནན་པ་ལས་འདོད་པ་ཆེན་པོས་མ་བཏང་སྟེ། འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་སོ་ཞེས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལུང་སྟོན་ཅིག། དེ་སྐད་ཅེས་སྨྲས་ནས། རྒྱལ་པོ་གྲག་པ་མཐའ་ཡས་དེ་འཆི་བའི་དུས་བྱས་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་ན་དེ་དེ་ལྟར་མི་བལྟའོ། ། དེ་ཅིང་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ང་ཉིད་ནི་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་ཞེས་བྱ་བར་གྱུར་ཏོ།། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ། ཡུལ་རྣམས་ནི་རྨི་ལམ་ལྟ་བུའོ་ཞེས་དེ་ལྟར་རིག་པར་བྱས་ནས། སེམས་ངེས་པར་གཞག་པར་བྱ་སྟེ། གཞན་གྱི་དྲིང་མི་འཇོག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། འདོད་པའི་དབང་ཕྱུག་རྣམ་པ་ལས།། སེམས་ནི་མཁས་པས་བསྐྱོད་བྱས་ཏེ།། ཆོས་ཀྱི་དབང་ཕྱུག་དགའ་བ་ལ།། སེམས་ནི་ཡང་དག་ཉིད་དུ་གཏང་།། འདོད་པ་དེའི་དབང་ཕྱུག་སྤང་བྱས་ཤིང་།། ཆོས་ཀྱི་དབང་ལ་ཡིད་གཞག་སྟེ།། སེམས་གདུལ་བ་ལ་རབ་བརྟེན་ན།། ཉོན་མོངས་རབ་ཏུ་ཚར་གཅོད་འགྱུར། ། ཉོན་མོངས་ཚར་བཅད་བརྟེན་རྣམས་ནི།། ལས་ཀྱི་ལམ་ཡང་འཆད་པར་འགྱུར།། ལས་ཀྱི་ལམ་ནི་ཆད་གྱུར་ན།། འཇིག་རྟེན་གྱི་ནི་མཆོད་རྟེན་འགྱུར།། འདོད་ལ་ཀུན་ནས་ཉོན་མ་མོངས། ། འདོད་པའི་ཉེས་པ་རབ་བསྟེན་ཏེ།། སེམས་ཅན་རྣམས་ལ་ཕན་སེམས་པས།། དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ།། འདོད་པའི་ཉེས་པ་ཐོས་གྱུར་ནས།། མི་ནི་འདོད་པའི་འདོད་ཆགས་ལས། ། སེམས་སྦྱོང་བྱེད་པ་ཐམས་ཅད་མཁྱེན།། དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ།། སེམས་ཅན་རྣམས་ཀྱི་སྡང་སྤང་བ།། གང་ཟག་མཆོག་གིས་རབ་མཁྱེན་ཏེ།། སྡང་ལས་སེམས་ནི་འགྲོལ་མཛད་པས། ། དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ།། སེམས་ཅན་རྣམས་ཀྱི་རྨོངས་སྤང་བ།། ཤཱཀྱའི་ཁྱུ་མཆོག་རབ་མཁྱེན་ཏེ།། རྨོངས་ལས་སེམས་ནི་སྤྱོད་མཛད་པས། དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ།། སེམས་ཅན་ང་རྒྱལ་སྤང་བ་ཡང་།། སེམས་ཅན་ཁ་ལོ་སྒྱུར་བས་མཁྱེན།། ང་རྒྱལ་དག་ལས་སེམས་སྦྱོང་བས།། དེ་ཕྱིར་མཆོད་པའི་རྟེན་ཅེས་བྱ། བཅོམ་ལྡན་འདས་ཀྱིས་གཞན་ཡང་། རྒྱལ་པོ་ཟས་གཙང་མ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་སའི་ལྷ་ཞེས་བྱ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བྱུང་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་དག་སྟེ། འདི་ལྟར་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེན་དང་། ནོར་བུ་རིན་པོ་ཆེ་དང་བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་བདུན་ནོ།། རྒྱལ་པོ་སའི་ལྷ་དེའི་པ་ནི་རྒྱལ་པོ་ས་འབྱུང་ཞེས་བྱ་བར་གྱུར་ཏོ།། རྒྱལ་པོ་ས་འབྱུང་དེའི་བུའི་ཐུ་བོ་ནི་གཞོན་ནུ་སའི་ལྷ་སྟེ། དེ་ནས་རྒྱལ་པོ་ས་འབྱུང་འཆི་བའི་དུས་བྱེད་པའི་ཚེ། རྒྱལ་པོ་གཞོན་ནུ་སའི་ལྷ་རྒྱལ་སྲིད་ལ་དབང་བསྐུར་ཏོ།། དེ་ནས་རྒྱལ་པོ་སའི་ལྷ་དེ་རྒྱལ་པོ་རྒྱལ་རིག་སྤྱི་བོ་ནས་དབང་བསྐུར་བར་གྱུར་ཏོ། ། དེ་ནས་རྒྱལ་པོ་སའི་ལྷ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེ་གསོ་སྦྱོང་གི་ཉི་མ་ཟླ་བ་ཉ་བའི་ཚེ་སྐྲ་བཀྲུས་ཏེ། རས་བཅོས་བུ་གསར་པ་བགོས། སྐྲ་དང་ཁ་སྤུ་བཅོས་འཕྲེང་བ་དང་རྒྱན་བཏགས། ནོར་བུ་དང་རྣ་ཆ་གདུབ་ཀོར་བཏགས་ནས། ཁང་སྟེང་དུ་བུད་མེད་ཀྱི་འཁོར་གྱིས་བསྐོར་ཅིང་མདུན་དུ་བདར་ཏེ་འདུག་འདུག་པ་དང་། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ། ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། འོད་ཟེར་དང་ལྡན་པས་འོད་གསལ་བ་འཕང་དུ་ཁྲུ་བདུན་ཡོད་པ། ཐམས་ཅད་གསེར་ལས་བྱས་པ་བྱུང་བར་གྱུར་ཏོ།། རྒྱལ་པོ་སཱའི་ལྷ་དེས་སྔོན་ཡང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཀེང་གསོ་སྦྱོང་གི་ཉི་མ་ཟླ་བ་ཉ་བའི་ཞེས་བྱ་བ་ནས། བུད་མེད་ཀྱི་ཚོགས་ཀྱིས་བསྐོར་ཅིང་མདུན་དུ་བདར་བའི་བར་དུ་སྔ་མ་བཞིན་ཏེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ཞེས་བྱ་བ་ནས། ཐམས་ཅད་གསེར་ལས་བྱས་པའི་བར་དང་ལྡན་པ་བྱུང་བར་གྱུར་པ་དང་། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་པས། དེ་འདི་སྙམ་དུ་སེམས་ཏེ། བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་ཡིན་ནམ། དེ་ལ་བདག་གིས་སད་པར་བྱའོ་སྙམ་ནས། རྒྱལ་པོ་སའི་ལྷོ་སྟན་ལས་ལངས་ཏེ། གོས་ཕྱོགས་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ལྷའི་འཁོར་ལོ་རིན་པོ་ཆེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་འཁོར་ལོ་རིན་པོ་ཆེ་བོབས་ཏེ་ས་ལ་གནོས་ཤིག་ཅེས་བྱས་པ་དང་། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་ནམ་མཁའ་ལས་བབས་ཏེ་ས་ལ་གནས་པར་གྱུར་ཏོ།། དེ་ནས་རྒྱལ་པོ་སའི་ལྷ་དེས་ལྷའི་འཁོར་ལོ་རིན་པོ་ཆེ་དེ་གོས་ཁྱེའུ་ཚང་གིས་ཕྱིས་ཏེ། ལག་པ་གཡས་པས་བསྐུས་ནས་འདི་སྐད་ཅེས་སྨྲས་སོ།། ཀྱེ་འཁོར་ལོ་རིན་པོ་ཆེ་ཤར་ཕྱོགས་ལས་རྣམ་པར་རྒྱལ་བར་གྱིས་ཤིག། དེ་ནས་འཁོར་ལོ་རིན་པོ་ཆེ་དེ་ཤར་ཕྱོགས་ལོགས་སུ་གྱུར་པ་དང་། ཤར་ཕྱོགས་ཀྱི་གནས་རྣམས་སུ་དེ་ཉིད་ཀྱི་ཚེ་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་ལམ་མཉམ་ཤིང་ཤིན་ཏུ་བདེ་བ། ཉམས་དགའ་བ། རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ། མེ་ཏོག་སིལ་མ་སྣ་ཚོགས་ཀྱིས་གང་བ་བྱུང་བར་གྱུར་ཏོ།། དེའི་གཤོང་དུ་གྱུར་པའི་ཕྱོགས་རྣམས་ནི་མཐོ་བར་གྱུར་ཏོ།། སྐང་དུ་གྱུར་པ་རྣམས་ནི་དམའ་བར་གྱུར་ཏོ། ། དེའི་ཁྲོན་པ་དང་། འབབ་ཆུའི་དངོ་དང་། མཚོ་དང་། མཚེའུ་དང་། ཆུ་ཀླུང་བསྐམས་པ་རྣམས་སུ་ནི་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བྱུང་བར་གྱུར་ཏེ། འདི་ལྟ་སྟེ། བསིལ་བ་དང་ཞིམ་པ་དང་། ཡང་བ་དང་། འཇམ་པ་དང་། དང་བ་དང་། དྲི་ང་བ་མེད་པ་དང་། འཐུངས་ན་ལྐོག་མར་མི་གནོད་པ་དང་། འཐུངས་ན་ལྟོ་བདེ་བས་ཡོངས་སུ་གང་བར་གྱུར་ཏོ།། མེ་ཏོག་གི་ཤིང་ལྗོན་པ་རྣམས་ལའང་མེ་ཏོག་ཆགས་པར་གྱུར་ཏོ། ། འབྲས་བུའི་ཤིང་ལྗོན་པ་རྣམས་ལའང་འབྲས་བུ་ཆགས་པར་གྱུར་ཏོ།། མེ་ཏོག་རྒྱས་པའི་ཤིང་རྣམས་ཀྱང་རྟག་ཏུ་མེ་ཏོག་རྒྱས་པར་གྱུར་ཏོ། ། འབྲས་བུ་ཆགས་པའི་ཤིང་རྣམས་ཀྱང་རྟག་ཏུ་འབྲས་བུ་ཆགས་པར་གྱུར་ཏོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འཁོར་ལོ་རིན་པོ་ཆེ། དེའི་ཕྱི་བཞིན་སོང་སྟེ། ས་ཕྱོགས་གང་དུ་འཁོར་ལོ་རིན་པོ་ཆེ་དེ་འདུག་པར་གྱུར་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོའང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་འདུག་པར་གྱུར་ཏོ།། དེའི་ཚེ་ཤར་ཕྱོགས་ཀྱི་རྒྱལ་པོ་འམ། ཁམས་ཀྱི་རྒྱལ་པོ་འམ། གྲོང་རྡལ་གྱི་མི་འམ། ཞིང་པ་དེ་དག་ཐམས་ཅད་གསེར་གྱི་གཞོང་པ་དངུལ་སིལ་མས་བཀང་བ་དང་། དངུལ་གྱི་གཞོང་པ་གསེར་ཕྱེས་བཀང་བ་དག་ཐོགས་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་བསུ་ཞིང་། ལྷ་ཚུར་གཤེགས། ལྷ་གཤེགས་པ་ལེགས་སོ།། ལྷའི་ཆབ་འོག་ཏུ་མངའ་བ་འདི་དག་ནི་འབྱོར་ཅིང་རྒྱས་ལ་ལོ་ལེགས་ཤིང་། སྐྱེ་བོ་མང་པོ་དང་མིས་གང་བ་སྟེ། འདི་དག་དང་བདག་ཅག་ལ་ལྷ་མངའ་མཛད་དུ་གསོལ། དེ་སྐད་ཅེས་སྨྲས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས། དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ང་ལ་ལོངས་སྤྱོད་འདི་དག་མི་དགོས་ཀྱི། འདི་དག་ཁྱེད་ཀྱི་ལོངས་སྤྱོད་དུ་གྱུར་ཏེ། ཉེ་བར་འཚེ་བར་གྱིས་ཤིག། ཁྱེད་འདི་ལྟར་ངའི་རྗེས་སུ་འབྲང་བར་གྱིས་ཤིག། གལ་ཏེ་ཁྱེད་ཀྱིས་སྲོག་གཅོད་པ་སྤངས་མོ་བྱིན་པར་ལེན་པ་སྤངས་ཤིང་། ལོག་པར་ལྟ་བོའི་བར་དུ་སྤངས་ན། དབང་བདག་གིས་ནི་ཡུལ་འདི་དག་ལས་རྒྱལ་ཏེ། མི་གང་དག་མར་འཛིན་པ་དང་། ཕར་འཛིན་པ་དག། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་གཙོ་བོ་ལ་རིམ་གྲོ་བྱེད་པ་དེ་དག་ནི་ངའི་རྗེས་སུ་འབྲང་བ་ཡིན་ནོ་སྙམ་དུ་སེམས་སོ།། དཔན་རྦད་ཁྱེད་ཡུལ་འཁོར། དུ་ཆོས་མ་ཡིན་པའི་སྤྱོད་པ་དང་། མི་རིགས་པའི་སྤྱོད་པ་འདོད་པར་མ་བྱེད་ཅིག། དེ་ལྟར་བྱས་ན་ངའང་ཡུལ་འདི་རྣམས་ལས་རྒྱལ་ཞིང་། མི་དེ་དག་ཀྱང་ངའི་རྗེས་སུ་འབྲང་བ་ཡིན་པར་སེམས་སོ།། ། དེ་དག་གིས་དེ་ལ་ལེ་གོས་སོ་ཞེས་ནས། དེ་བཞིན་དུ་ནན་ཏན་དུ་བྱེད་དོ།། དེའི་ལྷའི་འཁོར་ལོ་རིན་པོ་ཆེ་དེས་ཤར་ཕྱོགས་སུ་རྣམ་པར་རྒྱལ་བར་བྱས་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ལས་བརྒལ་ནས། མདུན་དུ་ཤིང་རྟའི་སྲོག་ཤིང་བཙུགས་པ་ལྟར་འདུག་པར་གྱུར་ཏོ།། དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་སུའང་རྒྱ་ཆེར་རྣམ་པར་རྒྱལ་བར་བྱས་ནས། བྱང་ཕྱོགས་སུ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོའི་བར་ལས་རྣམ་པར་རྒྱལ་བར་བྱས་ཏེ། བྱང་ཕྱོགས་ཀྱི་རྒྱ་མཚོ་ལས་བརྒལ་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕོ་བྲང་གི་སྒོའི་སྟེང་དུ་ཤིང་རྟའི་སྲོག་ཤིང་བཙུག་པ་བཞིན་དུ་འདུག་པར་གྱུར་ཏོ། ། རྒྱལ་པོ་སའི་ལྷས་འཁོར་ལོ་རིན་པོ་ཆེ་བསྐོར་མ་ཐག་ཏུ། དེ་ནས་དེའི་མོད་ལ་གླིང་ཆེན་པོ་བཞི་པ་ཐམས་ཅད་རིན་པོ་ཆེའི་རང་བཞིན་བཀྲ་བ། བལྟ་ན་སྡུག་པར་གནས་པར་གྱུར་ཏེ། རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། མུ་ཏིག་དམར་པོ་དང་། སྤུག་དང་། རྡོའི་སྙིང་པོ་དང་བདུན་ནོ།། རྒྱལ་པོ་སའི་ལྷས་འཁོར་ཡོ་ན་པོ་བསྐོར་མ་ཐག་ཐམམས་ཅན་དམྱལ་པ་བརྒྱས་ཅང་རྒྱུན་དདྨ་བར་གྱུར། དྲང་འགྲོའི་སྒྲ་གནས་ཐམས་ཅད་དང་། ཀཤིན་རྗེའི་འཇིག་རྟེན་ཐམས་ཅད་དང་། ལྷྭམ་ཡིན་གྱི་རིས་བྱམས་། དང་། མི་ཁོམ་པ་ཐམས་ཅད་ཀྱང་རྒྱུན་ཆད་པར་གྱུར་ཏོ།། མི་དགེ་བའི་བླ་རྣམས་ཀྱང་ཡོངས་སུ་ནུབ་པར་གྱུར་ཏོ།། འདི་ལྟར་རྒྱལ་པོ་སའི་ལྷའི་སྔོན་གྱི་སྨོན་ལམ་གྱིས་གླིང་ཆེན་པོ་བཞི་པོ་ཐམས་ཅད་དུས་མོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུའང་བྱུང་བར་གྱུར། དཔག་བསམ་གྱི་ཤིང་རྣམ་པ་སྔ་ཚོགས་ཀྱང་བྱུང་བར་གྱུར་ཏོ།། སེམས་ཅན་དེ་དག་གི་ནད་ཀྱི་རྣམ་པའང་འདི་ལྟ་སྟེ། འདོད་པདང་ཁ་ཟས་མི་ཟ་བ་དང་། རྒ་བ་གསུམ་མ་གཏོགས་པར་ཐམས་ཅད་རྒྱུན་ཆད་པར་གྱུར་ཏོ།། སེམས་ཅན་དེ་དག་གི་ཚེའི་ཚད་དོན་ལོ་བྱེ་བ་ཚང་བར་གྱུར་ཏོ།། སེམས་ཅན་དེ་དག་ལ་སྡུག་བསྔལ་རྣམ་པ་ཐམས་ཅད་དུ་མི་མངོན་ཞིང་མི་གནོད་པར་གྱུར་ཏེ། དེའི་ཚེ་འདི་དག་དང་། གཞན་ཡང་ངོ་མཚར་རྨད་དུ་བྱུང་བ་མཐའ་ཡས་པ་བྱུང་བར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་སའི་ལྷ་དེ་འདི་སྙམ་དུ་སེམས་ཏེ། མིའི་འཇིག་རྟེན་ན་ལོངས་སྤྱོད་འདི་ལྟ་བུ་ཡོད་ན། ལོངས་སྤྱོད་འདི་བས་རྒྱ་ཆེ་བ་དང་། འདི་ལས་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་གཞན་འགའ་ཞིག་ཡོད་དམ་མེད་སྙམ་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སུམ་ཅུ་རྩ་གསུམ་པའི་ལྷ་ཞེས་བྱ་བ་རི་རབ་ཀྱི་རྩེ་མོ་ལ་གནས་པ་དག་ཡོད་ཅེས་ཐོས་ན། དེ་དག་གི་ལོངས་སྤྱོད་དེ་ཅི་འདྲ་བ་ཞིག་ཡོད་སྙམ་མོ།། དེ་ནས་རྒྱལ་པོ་སའི་ལྷ་དེ་འདོད་པ་མ་སྤངས་པའི་ཕྱིར། མིའི་ལོངས་སྤྱོད་ལ་ནི་སྤྱོད། ལྷའི་ལོངས་སྤྱོད་ལ་ནི་སྨོན་ཅིང་འདི་སྙམ་དུ། འོ་ན་བདག་སུམ་ཅུ་རྩ་གསུམ་པའི་གནས་སུ་འགྲོ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་སའི་ལྷ་དེས་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་རིའི་རྒྱལ་བོ་རི་རབ་ཀྱི་རྩེ་མོ་ལ་ཕྱིན་པར་གྱུར་ཏོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་སའི་ལྷ་རྒྱང་རིང་པོ་ནས་འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་ཏེ། རྒྱལ་པོ་ཆེན་པོ་ཚུར་སྤྱོན། རྒྱལ་པོ་ཆེན་པོ་བྱོན་ལེགས་སོ་ཞེས་སྟན་གྱི་ཕྱེད་ལ་བདར་ཏེ། རྒྱལ་པོ་ཆེན་པོ་གང་གི་དུས་ལ་དབབ་པར་མཁྱེན་ན་སྟན་འདི་ལ་བཞུགས་ཤིག་ཅེས་སྨྲས་པ་དང་། རྒྱལ་པོ་སའི་ལྷའང་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་སྟེ། དེས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ཕྱེད་ལ་དབང་བྱས་སོ།། དེ་ཡུན་རིང་པོ་འདས་པའི་དུས་ཤིག་ན་འདོད་པ་ཆེན་པོའི་དབང་གིས་འདི་སྙམ་དུ་སེམས་པར་གྱུར་ཏེ། ཀྱེ་མ་བདག་གིས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལས་ཉམས་ནས། ཕྱིར་འཛམ་བུའི་གླིང་གི་གྲོང་ཁྱེར་བདེ་བའི་ཁྱིབ་ཞེས་བྱ་བར་གནས་པར་གྱུར་ཏོ།། དེ་ལྷའི་གཟི་བརྗིད་དང་ལྡན་པ་ལས་འཛམ་བུའི་གླིང་དུ་གནས་པར་གྱུར་པས། མིའི་གཟི་བརྗིད་མི་བཟོད་པར་གྱུར་ནས། དེ་བྱིང་ཞིང་མི་གནས་པ་རྀ་ཏོ།། དེ་ནས་རྒྱལ་པོ་སའི་ལྷ་ས་ལ་བྱིང་བ་ན། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། རྒྱལ་སྲིད་དབང་ཕྱུག་རྒྱ་ཆེན་གྱིས།། འདོད་ལ་སྲིད་པ་ནི་མི་འགྱུར།། མེ་ལ་རྩ་ཤིང་ཇི་བཞིན་ཏེ།། དེ་བས་འདོད་པ་རྣམ་པར་སྤང་།། ཡུན་རིང་རྒྱུན་གྱིས་འདོད་པ་ལ།། བསྟེན་ན་ངོམས་པར་མི་འགྱུར་ཏེ།། སྐོམ་པས་ཉན་པ་རྒྱུ་ཆུ་ལ། ། རབ་ཏུ་འཐུངས་ཀྱང་ཡོངས་གདུང་བཞིན།། ཆུ་བོ་རྣམས་ཀྱི་ནམ་དུ་ཡང་།། རྒྱ་མཚོ་ངོམས་པར་མི་འགྱུར་ཏེ།། དེ་བཞིན་འདོད་པ་བསྟེན་བྱས་ན།། གཞན་ཡང་ངོམས་པར་མི་འགྱུར་རོ།། ཤིང་དང་རྩཝ་དག་རབ་བསྲེགས་ཀྱང་།། མི་ནི་ངོམས་པར་མི་འགྱུར་རོ།། དེ་བཞིན་འདོད་པ་བསྟེན་བྱས་ན།། འདོད་པའི་ལོངས་སྤྱོད་ངོམས་མི་མྱོང་།། མེ་ལོང་ཇི་ལྟར་གཟུགས་བརྙན་གྱིས།། ནམ་ཡང་ངོམས་པར་མི་འགྱུར་བ།། དེ་བཞིན་གཟུགས་རྣམས་བསྟེན་བྱས་ན།། འདོད་པའི་ལོངས་སྤྱོད་ངོམས་མི་མྱོང་།། བྲག་ཆ་ཇི་ལྟར་སྒྲ་རྣམས་ཀྱིས།། ནམ་ཡང་ངོམས་པར་མི་འགྱུར་བ། དེ་བཞིན་སྒྲ་རྣམས་བསྟེན་བྱས་ན།། འདོད་པའི་ལོངས་སྤྱོད་ངོམས་མི་མྱོང་།། ཇི་ལྟར་སྤོས་སྣོད་སྤོས་རྣམས་ཀྱིས།། རྣབས་ཡང་ངོམས་པར་མི་འགྱུར་བ།། དེ་བཞིན་དྲི་རྣམས་བསྟེན་བྱས་ཀྱང་། སྔ་ནི་དྲི་སིས་ངོམས་མི་མྱོང་།། ཇི་ལྟར་གཟར་བུ་རོ་མཆོག་གིས།། ནམ་ཡངས་ངོམས་པར་མི་འགྱུར་བ།། དེ་བཞིན་ལྕེ་ནི་རོ་མཆོག་གིས།། ནམ་ཡང་ངོམས་པར་མི་འགྱུར་རོ།། ཇི་ལྟར་ནམ་མཁའ་རླུང་རྣམས་ཀྱིས། ། ནམ་ཡང་ངོམས་པར་མི་འགྱུར་བ།། དེ་བཞིན་ལུས་ནི་རེ་ག་རྣམས་ཀྱིས།། ནམ་ཡང་ངོམས་པར་མི་འགྱུར་རོ།། དཔེར་ན་རྨི་ལམ་རྨིས།། པ་ཡིས།། ཆུ་འཐུངས་ངོམས་པར་མི་འགྱུར་བ།། དེ་བཞིན་ཆོས་ལ་ཆགས་པ་ཡི།། ཡིད་ཀྱང་ངོམས་པར་འགྱུར་བ་མེད།། སེམས་ཅན་འདོད་ལ་རྟེན་པ་ནི།། ཕྱིར་ཞིང་སྲེད་པ་འཕེལ་འགྱུར་ཏེ། ། ཡུལ་ལ་ཉེ་བར་བརྟེན་བྱས་ན།། འདོད་པས་ནམས་ཀྱང་ངོམས་པ་མེད།། སྐོམ་དང་མེ་འདྲའི་འདོད་པ་ལས།། སྡུག་བསྔལ་འབྱུང་བ་སུས་མཐོང་བ།། དེ་དག་སྲེད་པ་ཞི་འགྱུར་ཏེ།། མེ་ལ་ཆུས་ནི་བླུགས་པ་བཞིན། ། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སའི་ལྷ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཐེ་ཙོམ་ཟ་འམ། ཡིད་གཉིས་སུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དེ་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སའི་ལྷ་ཞེས་བྱ་བར་གྱུར་ཏེ། དེ་ཙམ་དུ་ཆེ་ཞིང་དེ་ཙམ་དུ་ཡངས་པའི་དབང་ཕྱུག་ལ་དབང་བྱས་ཀྱང་། དབང་ཕྱུག་གིས་མི་ངོམས་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ཏོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དབང་པོ་རྣམས་ནི་མི་ངོམས་ཤིང་ངོམས་པར་མི་རུང་བ། ཡུལ་རྣམས་ནི་ངོམས་པར་མི་བྱེད་པ་སྟེ། དབང་པོ་རྣམས་ནི་མེ་ལོང་དང་འདྲ། ཡུལ་རྣམས་ནི་གཟུགས་བརྙན་དང་འདྲ། དབང་པོ་རྣམས་ནི་ཐག་ཆ་དང་འདྲ། ཡུལ་རྣམས་ནི་སྒྲ་བརྙན་དང་འདྲ། དབང་པོ་རྣམས་ནི་སྦྱར་མ་དང་འདྲ། ཡུལ་རྣམས་ནི་རྨི་ལམ་དང་འདྲ་བ་ཡིན་གྱིས། རྒྱལ་པོ་ཆེན་པོ་ཁྱོད་དེ་ལ་ཡིད་གཞག་ཅིང་། གཞན་གྱི་རིང་མི་འཇིག་པར་གྱིས་ཤིག། ། བམ་པོ་བཅོ་ལྔ་པ་སྟེ་མཐའ་མའོ།། རྒྱལ་པོ་ཆེན་པོ་གཞན་ཡང་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་རྫུ་འཕྲུལ་ཆེ་ཞིང་མཐུ་ཚེཆེལ། དབང་ཆེ་བར་གྲགས་པ། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ནས་བྱུང་བ། སྔོན་དགེ་བའི་རྩ་བ་བསགས་པ། སངས་རྒྱས་དཔག་ཏུ་མེད་པ་མཐོང་བ། དགེ་བའི་རྩ་བ་ཡང་དག་པབར་བསྒྲུབས་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་ལ་ཆོས་དཀར་པོ་ཡོངས་སུ་བསྒྲུབས་པ་ཞིག་བྱུང་སྟེ། དེས་གླིང་ཆེན་པོ་བཞིར་དབང་ཕྱུག་ལ་དབང་བྱས་སོ།། དེ་འཛམ་བུ་གླིང་ན་ག་ནས་པ་དེའི་ཚེ་འདོད་པའི་ཁམས་ཀྱི་སེམས་ཅན་མི་དང་ལྷ་གང་ཇི་སྙེད་ཅིག་འདོད་པ་ལ་སྤྱོད་པར་གྱུར་པ་དེ་དག་གི་ནང་ན་རྒྱལ་པོ་ང་ལས་ནུ་དེ་འདི་ལྟར་འདོད་པ་ལ་ལོངས་སྤྱོད་པས་མཆོག་ཏུ་བརྗོད་དོ། ། དེའི་ཚེ་འཛམ་བུའི་གླིང་ནི་འབྱོར་ཅིང་རྒྱས་ལ། བདེ་ཞིང་པོ་ལེགས་པ་དང་། སྐྱེ་བོ་མང་པོ་དང་མིས་གང་བ་དང་། གྲོང་དང་། ཟོང་ཁྱེར་དང་། ཟོང་རྡུལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཡང་འདབ་ཉེ་བར་གྱུར། གྲོང་རྣམས་ཀྱང་བྱ་གག་གི་འབུར་སྟབས་ཀྱིས་སོན་པ་ཙམ་དུ་ཉེ་བར་གྱུར་ཏོ།། འདི་ལྟར་ཆོས་ཀྱིས་གནས་པར་གྱུར་པས་ས་ཆེན་པོ་འདིའང་གསེག་མ་དང་གྱོ་མོ་མེད་ཅིང་། གསེར་དངུལ་མང་པོ་དང་། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། རྫིང་བུ་དང་། མཚེའུ་དག་གིས་མཛེས་པར་བྱས་པར་གྱུར་ཏོ། ། རྒྱལ་པོ་ང་ལས་ནུའི་རྒྱལ་པོའི་ཕོ་བྲང་འཁོར་ནི་གྲོང་ཁྱེར་མི་ཚུགས་པ་ཞེས་བྱ་བར་གྱུར་ཏེ། ཤར་ནུབ་ཏུ་ཆུར་ནི་དཔག་ཚད་བཅུ་གཉིས། ལྷོ་བྱང་གི་ཞེང་དུ་ནི་དཔག་ཚད་བདུན་ཡོད་པར་གྱུར་ཏོ། ། དེ་ནི་བསྐལ་པའི་དང་པོ་ལ་བྱུང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིགས་ཆེན་པོར་གྲགས་པར་སྐྱེས་པའི་རྒྱལ་པོ་རྣམས་ཀྱི་དང་པོའི་གྲོང་ཁྱེར་དུ་གྱུར་པ་སྟེ། འདི་ལྟ་སྟེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་ཆེན་པོ་བལྟ་ན་སྡུག་ཅེས་བྱ་བ་ནི་སྟེང་གི་ཕྱོགས་ནས་དྲིལ་བུ་གཡེར་གིའི་དྲ་བ་བྲེས་པའི་བར་དུ་རྒྱ་ཆེར་ཏེ། དེ་བཞིན་དུ་རྒྱལ་པོ་ང་ལས་ནུའི་དབྱེད་གནས་པ་ནི་ཟླ་བ་འཆར་བ་ཞེས་བྱ་བའི་ཁང་བཟངས་བཤམས་པར་གྱུར་ཏོ། ། དབྱར་གནས་པ་ནི་བཻ་ཌཱུཪྻའི་སྙིང་པོ་ཞེས་བྱ་བའི་ཁང་བཟངས་བཤམས་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི་ཁང་བཟངས་ལྟ་བུའོ། ། རྒྱལ་པོ་ང་ལས་ནུའི་དགུན་གནས་པ་ནི་ཉི་མའི་འོད་ཟེར་ཡང་དག་འཕགས་ཞེས་བྱ་བའི་ཁང་བཟངས་བཤམས་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་རྣམ་པར་རྒྱལ་བའི་ཁང་བཟངས་ལྟ་བུའོ།། རྒྱལ་པོ་ང་ལས་ནུ་ཁང་བཟངས་ཟླ་བ་འཆར་བར་གནས་པའི་ཆ་ནི། བཙུན་མོ་དང་བཅས་པར་འདི་ལྟ་སྟེ། དཔེར་ན་ཙན་དན་གྱིས་བསླུས་པ་བཞིན་དུ་ལུས་བསིལ་བར་གྱུར་ཏོ།། ཁང་བཟངས་བཻ་ཌཱུཪྻའི་སྙིང་པོར་གནས་པའི་ཚེ་ནི། འདི་ལྟ་སྟེ། དཔེར་ན་ཏ་མ་ལའི་ལོ་མས་བསླུས་པ་བཞིན་དུ་ལུས་དུས་དང་ལྡན་པར་བདེ་བར་གྱུར་ཏོ། ། ཁང་བཟངས་ཉི་མའི་འོད་ཟེར་ཡང་དག་འཕགས་སུ་གནས་པའི་ཚེ་ནི། འདི་ལྟ་སྟེ། དཔེར་ན་ཨ་ཀ་རུས་བསྐུས་པ་བཞིན་དུ་ལུས་དྲོ་བར་གྱུར་ཏོ།། རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུའི་བསམ་པའི་དབང་གིས་ཁང་བཟངས་དེ་དག་ཀྱང་ཉམས་སུ་བདེ་བའི་རེག་པ་འབྱིན་པར་གྱུར་ཏོ། ། བསམ་པའི་དབང་གིས་རླུང་ལྡང་བར་འགྱུར། ཆར་འབབ་པར་འགྱུར། རོལ་མོའི་སྒྲ་འབྱུང་བར་འགྱུར་རོ།། བསམ་པའི་དབང་གིས་སྐྱིད་པ་དང་། ལོངས་སྤྱོད་དང་། ཡོངས་སུ་སྤང་བའི་རྣམ་པ་འབྱུང་ངོ་།། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བདག་གི་ཕོ་བྲང་དུ་ཞག་བདུན་དུ་དབྱིག་གི་ཆར་འབབ་པར་གྱུར་ཅིག་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུའི་ཕོ་བྲང་དུ་ཞག་བདུན་དུ་དབྱིག་གི་ཆར་འབ་བར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུས་ཞག་བདུན་པོར་འདས་ནས་དབྱིག་གི་ཆར་འབ་བོ་པ་དེ་ལ་འདི་སྙམ་དུ་སེམས་ཏེ། ཇི་ཙམ་དུ་ཡོངས་སུ་དག་པ་འདི་ལས་ཀྱི་རྣམ་པར་སྨིན་པས། བསམ་པ་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་དམིགས་ཤིང་། བསོད་ནམས་དག་ཀྱང་མི་སླུ་བ་འདི་ནི་ངོ་མཚར་རྨད་དུ་བྱུང་ངོ་སྙམ་ནས། དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གིས་གླིང་ཆེན་པོ་འཛམ་བུའི་གླིང་འབྱོར་ཅིང་རྒྱས་ལ། བདེ་ཞིང་ལོ་ལེགས་པ་དང་། སྐྱེ་བོ་མང་པོ་དང་མིས་གང་བ་ལའང་དབང་བྱས། བདག་གི་ཁྱིམ་དུ་ནི་ཞག་བདུན་དུ་དབྱིག་གི་ཆར་འབབ་ན། ད་ནི་བདག་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་དུ་འགྲོའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོ་གས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། འཛམ་བུའི་གླིང་ནས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་ཕྱིན་ནས། དེས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་མིའི་ལས་འདས་ཤིང་ལྷ་རྫས་སུ་མ་གྱུར་པའི་ལོངས་སྤྱོད་དང་ལྡན་པར་རྒྱལ་པོ་བྱས་སོ། ། དེ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆེན་པོ་དོན་གནས་པོའི་ཚེ། ཡང་སེམས་བསྐྱེད་མ་ཐག་ཏུ་འཛམ་བུའི་གླིང་དུ་བབས་པ་བཞིན་དུ་ཞག་བདུན་གྱི་བར་དུ་དབྱིག་གི་ཆར་བཟོ་བར་གྱུར་ཏོ། ། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལ་སོ་ནུ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འཛམ་བུའི་གླིང་འབྱོར་ཅིང་རྒྱས་པ་ནས། སྐྱེ་བོ་མང་པོ་དང་མིས་གང་བའི་བར་ལ་ནི་དབང་བྱས་བདག་གི་ཁྱིམ་དུ་ཞག་བདུན་དུ་དབྱིག་གི་རྨར་ནི་བབ། བདག་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆེན་པོ་ལའང་དབང་བྱས་ཏེ། བདག་གི་ཁྱིམ་འདིར་ཡང་ཞག་བདུན་དུ་དབྱིག་གི་ཆར་བ་བན། ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ཆེན་པོ་ཡོད་ཀྱི། བདག་ནི་གླིང་ཆེན་པོ་ཤར་གྱི་ལུས་འཕགས་པོ་ག་ལ་བ་དེར་འགྲོའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དེ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཤར་གྱི་ལུས་འཕགས་པོའི་གླིང་ཆེན་པོར་ཕྱིན་པར་གྱུར་ཏེ། དེས་དེར་ཡང་ལོ་བརྒྱ་སྟོང་ཕྲག་མང་པོར་མིའི་ལས་འདས་ཤིང་ལྷ་རྫས་སུ་མ་གྱུར་པའི་ལོངས་སྤྱོད་དང་ལྡན་པར་རྒྱལ་པོ་བྱས་སོ། ། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུས་དེར་ཡང་འདི་སྙམ་དུ་བསམས་ཏེ། བདག་གིས་འཛམ་བུའི་གླིང་དང་། ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་པོ་ལ་ནི་དབང་བྱས་ན། ད་ནི་བདག་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོར་འགྲོའོ།། དེའི་མི་རྣམས་ནི་ང་ཡིར་བྱ་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་མོད་ཀྱི། འོན་ཀྱང་དེར་སོང་སྟེ་རང་གི་དཔུང་གི་ཚོགས་ལ་རྗེས་སུ་བསྟན་པར་བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ང་ལས་ནུ་དེ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས། ཤར་གྱི་ལུས་འཕགས་པོའི་གླིང་ཆེན་པོ་ནས། བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོར་ཕྱིན་པར་གྱུར་ཏེ། དེས་དེར་ཡང་མི་རྣམས་ང་ཡིར་བྱ་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ནང་དུ་ལོ་བརྒྱ་སྟོང་ཕྲག་དུ་མར་བདག་གི་དཔུང་གི་ཚོགས་རྣམས་ལ་རྗེས་སུ་བསྟན་ཏོ། ། རྒྱལ་པོ་ཆེན་པོ་དེ་ནས་ལོ་བརྒྱ་སྟོང་ཕྲག་མང་པོ་འདས་པ་ཞིག་ན་རྒྱལ་པོ་ང་ལ་ས་ནུ་དེ་འདི་སྙམས་དུ་སེམས་ཏེ། བདག་གིས་འཛམ་བུའི་གླིང་ལ་ནི་དེ་བང་བྱས་ཏེ། ཞག་བདུན་དུ་ནི་ཁྱིམ་དུ་དབྱིག་གི་ཆར་བབ། བདག་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆེན་པོ་ལ་ནི་དབང་བྱས། བདག་གིས་ཤར་གྱི་ལུས་འཕགས་ཀྱི་མིང་ཆེན་པོ་ལའང་དབང་བྱས། བདག་གིས་བྱང་གི་སྒྲ་མི་སྙན་གྱི་གླིང་ཆེན་པོ་ལའང་དབང་བྱས་ན། ད་ནི་སུམ་ཅུ་རྩ་གསུམ་པ་ཞེས་བྱ་བའི་ལྷ་རི་རབ་ཀྱི་རྩེ་མོ་ལ་གནས་པ་ཞིག་ཡོད་ཅེས་ཐག་གིས། སུམ་ཅུ་རྩ་གསུམ་གྱི་གནས་སུ་འགྲོའོ་སྙམ་དུ་བསམས་སོ།། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ལས་ནུས་སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཚོ་གས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་མངོན་པར་འཕགས་ནས་རི་རབ་ཀྱི་རྩེ་མོ་ལ་ཕྱིན་པར་གྱུར་ཏོ། ། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཆོས་བཟངས་ལྷོའི་འདུན་ས་ཞེས་བྱ་བ་ན་འདུས་ཤིང་འཁོར་འཁོད་པ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ང་ལས་ནུ་རྒྱང་རིང་པོ་ནས་འོང་བ་མཐོང་སྟེ། མཐོང་ནས་སྟན་གྱི་ཕྱེད་ལ་བདར་ཏེ། རྒྱལ་པོ་ཆེན་པོ་ཚུར་སྤྱོན། རྒྱལ་པོ་ཆེན་པོ་བྱོན་པ་ལེགས་སོ། ། གང་གི་དུས་ལ་དབབ་པར་ཤེས་ན་སྟན་གྱི་ཕྱེད་ལ་བཞུགས་ཤིག་ཅེས་སྨྲས་པ་དང་། རྒྱལ་པོ་ང་ལས་ནུ་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་གྱི་ཕྱེད་ལ་འདུག་གོ། རྒྱལ་པོ་ང་ལས་ནུ་བརྒྱ་བྱིན་གྱི་སྟན་གྱི་ཕྱེད་ལ་འདུག་མ་ཐག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་ཐམས་ཅད་ལྷག་པའི་གནས་བཅུས་ཟིལ་མནན་ཏོ། ། བཅུ་གང་ཞེ་ན། ལྷའི་ཚེ་དང་། ལྷའི་གྲགས་པ་དང་། ལྷའི་ཁ་དོག་དང་། ། ལྷའི་བདེ་བ་དང་། ལྷའི་དབང་ཕྱུག་ལ་དབང་བ་དང་། ལྷའི་གཟུགས་དང་། ལྷའི་སྒྲ་དང་། ལྷའི་དྲི་དང་། ལྷའི་རོ་དང་། ལྷའི་རེ་ག་དང་། རྣམ་པ་བཅུ་པོ་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་མ་གཏོགས་པར་ཐམས་ཅད་ཟིལ་གྱིས་མནན་ཏོ། ། དེ་ཅིའི་ཕྱིར་ཞེ་ན། མིག་འཛུམས་པ་དང་། མིག་མི་འཛུམས་པ་ཙམ་ལས་ལྷ་རྣམས་ཀྱིས་འདི་ནི་རྒྱལ་པོ་ང་ལས་ནུའོ།། འདི་ནི་ལྷའི་དབང་པོ་བརྒྱ་བྱིན་ནོ་ཞེས་བྱ་བར་ཤེས་པ་མ་གཏོགས་པར། རྒྱལ་པོ་ང་ལས་ནུ་དེ་དང་ལྷའི་དབང་པོ་བརྒྱ་བྱིན་གཉིས་ཀྱང་གཟུགས་མཉམ་པར་གྱུར། སྤྱོད་པ་མཉམ་པར་གྱུར། ལོངས་སྤྱོད་མཉམ་པར་གྱུར་ཏེ། རྒྱལ་པོ་ཆེན་པོ་མིར་གྱུར་པ་དང་ལྷར་གྱུར་པ་གཉིས་ལུས་མཉམ་པར་གྱུར་པ་དེ་ནི་ངོ་མཚར་ཆེའོ།། རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུས་དེར་ལོ་བརྒྱ་སྟོང་ཕྲག་མང་པོར་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ཕྱེད་ལ་དབང་བྱས་སོ། ། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་ང་ལས་ནུས་གླིང་ཆེན་པོ་བཞི་པའི་དབང་ཕྱུག་ལ་དབང་བྱས། སུམ་ཅུ་རྩ་གསུམ་པའི་ལྷའི་རྒྱལ་སྲིད་ཕྱེད་ལ་དབང་བྱས་ཀྱང་དབང་ཕྱུག་གིས་མ་ངོམས་ནས། འདི་སྙམ་དུ་སེམས་བསྐྱེད་དེ། ཀྱེ་མ་བདག་གིས་སུམ་ཅུ་རྩ་གསུམ་པའི་ལྷའི་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བྱའོ།། སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་དཔུང་གི་ཆོ་གས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་སུམ་ཅུ་རྩ་གསུམ་པའི་གནས་ནས་ཉམས་ཏེ། འཛམ་བུའི་གླིང་དུ་རྒྱལ་པོ་ཆེན་པོའི་སྐྱེད་མོས་ཚལ་མཆོག་ཏུ་ཕྱིན་པར་གྱུར་ཏོ། ། དེ་འཛམ་བུའི་གླིང་དུ་གནས་པར་གྱུར་པའི་ཚེ། ཕྱོགས་ཐམས་ཅད་ཀྱང་སྣང་བར་གྱུར་ཏེ། ཉི་མའི་འོད་ཟེར་ཡང་ཟིལ་གྱིས་མནན་ནས། འདི་ལྟ་སྟེ། དཔེར་ན་ཟླ་བའི་འ་ཀྱིམས་བིལ་གྱིས་མནན་པ་ལྟའོ། ། ཁྱི་མ་ནམ་མཁའ་ལ་འདུག་པའང་ལམ་མེ་མ་ཡིན་ཏེ། འདི་ས་། དཔེར་ནཟླ་བའི་དཀྱིལ་འཁོར་སྟོང་གི་བར་སྣང་བ་འདུག་པ་ཉི་མས་ཟིལ་གྱིས་ནོན་ན་མི་སྣང་བ་བཞིན་ནོ། ། དེ་ནས་གྲོང་ཁྱེར་མི་ཚུགས་པའི་ཕོ་བྲང་དམ་པ་ན་མི་འཁོད་པ་རྣམས་ཀྱིས་རྒྱལ་པོ་དེ་སྐྱེད་མོས་ཚལ་དེར་ཕྱིན་པ་མཐོང་བར་གྱུར་ཏོ།། མཐོང་ནས་ཀྱང་ངོམཐར་དུ་གྱུར་ཏེ། དེ་དག་བོང་དུ་དོང་ནས། ཀྱེ་གྲོགས་པོ་དག་འདི་ལྟར་ལྷའི་བུ་ཞིག་པར་སྣང་ལས་བབས་ཏེ། རྒྱལ་པོའི་སྤྱོད་མོས་ཚལ་འདིར་བྱིན་ཏོ་ཞེས་ཚིག་བརྗོད་པ་བསྒྲགས་སོ། ། རྒྱལ་པོ་ཆེན་པོ་དེ་ནས་ཡུལ་འཁོར་གྱི་མི་དང་རྒྱལ་པོར་བཅས་པས་དེ་སྐད་ཐོས་ནས། མྱུར་བ་མྱུར་བར་རིངས་པའི་གཟུགས་སུ་གླུ་དང་། རོལ་མོ་དང་། མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དག་ཐོགས་ནས་གཙང་སྦྲའི་སྤྱོད་པས་གྲོང་ཁྱེར་དེ་ནས་བྱུང་སྟེ། སྐྱེད་མོས་ཚལ་ག་ལ་བ་དེར་དོང་ངོ་།། རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དེ་སྐྱེད་མོས་ཚལ་དེར་འདུག་མ་ཐག་ཏུ་ས་ཆེན་པོ་འདིའང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེ་ནས་ཡུལ་འཁོར་གྱོ་མི་ངང་རྒྱལ་པོར་བཅས་པ་མིའི་དྲི་ཁྱད་པར་དུ་འཕགས་པས་རྒྱལ་པོ་ང་ལས་ནུའི་དྲུང་དུ་དོང་བ་དང་། རྒྱལ་པོ་ང་ལས་ནུ་ལྷའི་ལོངས་སྤྱོད་ལ་གོམས་པས། མིའི་ལོངས་སྤྱོད་མི་བཟོད་པར་གྱུར་ནས། ས་ལ་བྱིང་ཞིང་མི་གནས་པར་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་མར་གྱི་གོང་བུ་འམ། མར་གསར་གྱི་གོང་བུ་བྱེ་མ་ཚ་བ་ལ་བཞག་ན་ཞུ་ཞིང་མི་གནས་པ་དེ་བཞིན་དུ་ཡུལ་འཁོར་གྱི་མི་དང་རྒྱལ་པོར་བཅས་པས་དེ་བྱིང་བར་མཐོང་ནས། ཁྱོད་སུ་ཞིག་ལགས་ཞེས་དྲིས་སོ།། དེ་ནས་རྒྱལ་པོ་ང་ལས་ནུས། རྒྱལ་པོ་དང་། ཡུལ་འཁོར་གྱི་མིར་བཅས་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ཀྱིས་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་ཞིག་བྱུང་བ་ཐོས་སམ། དེ་དག་གིས་སྨྲས་པ། བདག་ཅག་གིས་རྒན་རབས་དག་ལས་རྒྱལ་པོ་ང་ལས་ནུ་ཞེས་བགྱི་བ་ཞིག་ལུས་དེ་ཉིད་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཐོ་རིས་སུ་བཞུད་དོ་ཞེས་ཐོས་སོ། ། རྒྱལ་པོ་ང་ལས་ནུས་དེ་དག་ལ་སྨྲས་པ། གྲོགས་པོ་དག་རྒྱལ་པོ་དཱ་ལས་ནུ་ཞེས་བྱ་བ་དེ་ནི་ཁོ་བོ་ཡིན་ཏེ། མཐོ་རི་ནས་ཉམས་ནས་ལྷུང་བར་གྱུར་ཏོ་ཞེས་སྨྲས་ནས། རྒྱལ་པོ་དང་ཡུལ་འཁོར་གྱི་མིར་བཅས་པ་དེ་དག་གིས་གླུའི་དབྱངས་ཀྱིས་ཚིགས་སུ་བཅད་པས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་རྣམས་ཀྱིས་རྒན་རབས་ལས། ། མི་ཡི་བདག་པོ་རྫུ་འཕྲུལ་ཆེ།། མྱ་ངན་བྲལ་ཞིང་གྲགས་ཆེན་ལྡན།། ང་ལས་ནུ་ཞེས་བྱ་བ་བྱུང་།། དེ་ནི་ཁྱོགས་དཔུང་བཞོན་པར་བཅས།། གཡོག་བཅས་མཐོ་རིས་འཇིག་རྟེན་བཞུད། ། མི་དབང་གཙོ་བོ་ལྷ་གནས་བཞུགས།། ཁྱོད་ཀྱིས་ས་ཡང་སྐྱོང་ཞེས་ཐོས།། དེ་སྨྲས་མི་ཡི་བདག་པོ་དེ།། མི་རྟག་ཉེན་ཏེ་འཕོངས་པར་གྱུར།། བདེ་བ་སྟོར་ཏེ་སྡུག་བསྔལ་ཐོབ།། @རྒྱལ་པོ་དེ་ནི་ཁོ་བོ་ཡིན།། དེ་སྨྲས་སྐྱེ་བོ་ཐམས་ཅད་ཀྱིས།། ཐལ་མོ་སྦྱར་ཏེ་རྐང་པར་གཏུགས།། རྒྱལ་པོ་བདག་ཅག་ཅི་བརྗོད་པ།། མ་མཚན་ངོ་མཚར་བཀའ་སྩལ་གསོལ། 8་སྤྲས་རྒྱལ་པོ་ལྷ་ལས་ཉམས། ། སྡུག་བསྔལ་རྙེད་པའི་ངོ་མཚར་ཉོན།། སུན་རིང་བདེ་བར་འདོད་པ་ཡི།། མི་ཡིས་རྟག་ཏུ་བག་ཡོད་བྱ།། ང་ལས་ནུ་བ་རྒྱལ་པོ་མཆོག། རྒྱལ་པོས་གླིང་བཞི་རབ་བསྟན་ནས།། འདོད་པའི་ལོངས་སྤྱོད་མཆོག་ལྡན་ཏེ།། འདོད་པས་མངོམས་དེ་འདས་སོ།། དེ་ཡི་ཁྱིམ་དུ་ཞག་བདུན་དུ།། དབྱིག་གི་དྲ་བའི་ཆར་པ་བ་བ།། གླིང་བཞི་པ་ལ་རབ་བསྟན་ནས།། འདོད་པས་མ་ངོམས་དེ་བྱིང་ངོ་།། ལྷ་ཡི་དབང་པོ་བརྒྱ་བྱིན་གྱི།། སྟན་ཕྱེད་ལ་ནི་རྒྱལ་པོ་འདུག། ཀུན་ཏུ་རྟོག་པའི་རྟོག་པས་བརླག། བདག་འདོད་ང་རྒྱལ་བཅོམ་ནས་རྒུད།། མི་མཁས་འཁོར་བའི་རྒྱ་མཚོ་འདིར།། འགྲོ་བ་དག་ཏུ་སང་ནུབ་སྟེ། ། འདོད་པ་རབ་ཏུ་བསྟེན་བྱས་ན།། རྒྱལ་བའི་བསྔགས་པའི་ངོམས་མི་རྙེད།། རྨི་ལམ་རྨིས་པའི་ཆུ་ལྟ་བུར།། འཐུངས་ཀྱང་ངོམས་པར་མི་འགྱུར་བ།། དེ་ལྟར་འདོད་པའི་ལོངས་སྤྱོད་རྣམས། ། བསྟེན་ན་ངོམས་པར་མི་འགྱུར་རོ།། བློ་གྲོས་ལྡན་པ་གང་དག་གིས།། ཤེས་པས་མུ་པ་རྣམ་བསལ་ཏེ།། ངོམས་པར་བྱ་ཕྱིར་བཅོམ་ལྡན་གྱི།། འཕགས་པའི་ཤེས་རབ་ཡང་དག་རྟོགས། ། སྲིད་པ་རྣམ་བཤིག་བློ་གྲོས་ཅན།། རྒ་དང་ཤོ་དང་སྐྱེ་ལ་རྟོག། སྲེད་པ་རབ་ཏུ་སྤངས་ནས་སུ།། སྲིད་པ་སྤངས་ཏེ་ལེན་མི་བྱེད།། ཚོར་བའི་རྣམ་པ་མེ་འདྲར་རིག། རེག་བའང་མེ་འདྲར་རིག་ནས་ནི། ། ཚོར་བ་འཕགས་པ་མ་ཡིན་དང་།། རེག་པ་དེ་ལ་སྲེད་མི་བྱེད།། རོལ་མོ་སིལ་སྙན་བརྡུང་བ་ལྟར།། ཡུལ་དང་དབང་པོ་མི་ཕྱེད་དེ།། རྒྱལ་བསྟན་བྱེད་པ་དབང་པོ་རྟོམ། རང་བཞིན་མཐོང་བ་དབང་པོ་འདོར།། སྐྱེ་མཆེད་དྲུག་པོ་ཡོད་ཡིན་ཡང་།། གཟུགས་དང་འབྲེལ་བར་ཡིད་བསྐྱེད་དོ།། རྣམ་པར་ཤེས་པས་བརྟགས་པའི་ཕྱིར།། ཚོར་བ་ཀུན་ཏུ་རྟོག་ཅེས་བརྗོད།། དེ་ལྟར་རིག་ནས་འཕགས་པ་རྣམས།། སྲིད་པའི་རྒྱུད་ལ་ཡིད་མི་སྟོན།། ཤེས་རབ་འཕགས་པས་ངོམས་གྱུར་ཏེ།། ཤིང་མེད་མེ་བཞིན་ཞི་བར་འགྱུར།། སྲིད་པ་མི་རྟག་བརྟེན་བྱས་ཏེ།། རྒྱལ་པོའི་ཡུལ་འཁོར་མིར་བཅས་ལ། ། ང་ནུས་དེ་སྐད་ལུང་བསྟན་ནས།། མི་ཡི་བདག་པོ་ནུབ་པར་གྱུར།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་དོགས་ཤིང་ཐེ་ཙོམ་ཟ་འམ། ནེམ་ནུར་དུ་གྱུར་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏེ། རྒྱལ་སྲིད་དབང་ཕྱུག་རྒྱ་ཆེན་པོ་ལ་དབང་བྱས་ཀྱང་། འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན། དེ་ལྟར་རིག་པར་བྱས་ལ། དབང་ཕྱུག་གི་དྲེགས་པ་སྤངས་ཏེ་བག་ཡོད་པར་བྱའོ། ། བག་ཡོད་པ་ལ་གནས་ཏེ། ཁྱོད་ཀྱིས་དགེ་བའི་རྩ་བ་རྣམས་ཡང་དག་པར་བསྒྲུབ་པར་བྱའོ།། རྒྱལ་པོ་ཆེན་པོ་བག་ཡོད་པ་ལ་མངོན་པར་དགའ་བ་ནི་དོན་གྲུབ་པར་འགྱུ་གྱིས། རྒྱལ་པོ་ཆེན་པོ་བག་ཡོད་པར་ཁམས་མཉམ་པ་ཉིད་ཡང་དག་པར་བསྒྲུབ་པར་བྱ་སྟེ། རྒྱལ་པོ་ཆེན་པོ་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་ནི་བུད་མེད་མ་ཡིན།། སྐྱེས་པ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་འདི་ལ་ཁྱོད་ཀྱིས་སེམས་ངེས་པར་གཞག་ཅིང་། གཞན་གྱི་དྲིང་མི་འཇོག་པར་བྱའོ།། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་བག་ཡོད་པ་ལྷུར་ལེན་པ་ཞིག་བྱུང་སྟེ། དེ་བྱ་བ་གང་དང་གང་ཙོམ་ཡང་དེ་དང་དེ་ཐམས་ཅད་ལ་བག་ཡོད་པར་སྤྱོད་ཅིང་བྱེད་དོ། ། རྒྱལ་པོ་ཆེན་པོ་རྒྱལ་པོ་མུ་ཁྱུད་དེ་ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། འདས་པའི་དུས་ནའང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ། ། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ནའང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ་ཞེས་དུས་གསུམ་མཉམ་པ་ཉིད་ལ་བརྩོན་པར་གྱུར་ཏོ།། དེས་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་མཐོང་བས། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པར་གྱུར་ཏེ། དེས་སེམས་ཅན་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་དང་། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་དག་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་སེམས་ཅན་འདི་དག་ནི་ཆོས་ཐམ་ཅད་སྟོང་པར་མ་མཐོང་བས། ཀྱེ་མ་ཀྱི་ཧུད་འཇིག་རྟེན་གནས་པ་འདི་ནི་ཕུང་ངོ་།། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་རྣམ་པར་ཕུང་ངོ་སྙམ་ནས། དེས་འདི་སྙམ་དུ་བསམས་ཏེ། བདག་གིས་སེམས་ཅན་འདི་དག་བསྡུ་བའི་དངོས་པོ་བཞིས་བདུ་བར་བྱའོ།། བདག་གིས་དེ་དག་བསྡུ་བའི་དངོས་པོ་བཞིས་བསྡུས་ན་ཆོས་ལ་སྦྱར་བ་ལ་དབང་དུ་འགྱུར་རོ་སྙམ་མོ། ། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་ཐབས་མཁས་པ་སྔོན་དུ་བཏང་སྟེ། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུས་ནས། དུས་གསུམ་མཉམ་པ་ཉིད་དུ་གདམས་ངག་གིས་བསྟན་ཏེ། ཀྱེ་སེམས་ཅན་དག་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ་སྟེ། ཀྱེ་སེམས་ཅན་དག་ཆོས་གང་ལ་རང་བཞིན་མེད་པ་དེ་ནི་འདས་པའང་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཕྱིར་ཏེ། འདས་པ་ཞེས་གདགས་པར་བྱ་བ་མ་ཡིན། མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་གདགས་པར་བྱ་བ་མ་ཡིན་ནོ། ། རྒྱལ་ཆེན་པོ་དེ་ནས་སེམས་ཅན་དེ་དག་རྒྱལ་པོ་མུ་ཁྱུད་དེས་དེ་ལྟར་དུས་གསུམ་མཉམ་པ་ཉིད་ལ་བསྐུལ་བས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། ། དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཆོས་བཟངས་ལྷའི་འདུན་ས་ན་འདུས་ཤིང་འཁོད་འཁོད་པའི་ནང་དུ་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། དེ་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཐབས་མཁས་པས་ཕྱིན་ཅི་ལོག་མེད་པ་ཡང་དག་པར་སྟོན་པ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཐབས་མཁས་པ་དང་ལྡན་པ་མུ་ཁྱུད་འདི་སུ་དག་གི་རྒྱལ་པོ་ཡིན་པའི་མི་རྣམས་ནི། ཀྱེ་མའོ་རྙེད་པ་དང་ལྡན་པ་སྟེ། ཀྱེ་མ་མི་རྣམས་ནི་རྙེད་པ་ལེགས་པར་རྙེད་པའོ་ཞེས་ཟེར་བར་གྱུར་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཆོས་བཟངས་ལྷའི་འདུན་ས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རང་གི་སྟན་ལ་འདུག་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ཁྱེད་ད་ལྟར་འདི་ན་འའོ། པ་རྣམས་གཏམ་ཅི་ཞིག་བྱེད་བྱེད། དེ་སྐད་ཅེས་སྨྲས་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་དབང་པོ་བདག་ཅག་ཆོས་བཟངས་ལྷའི་འདུན་ས་འདི་ན་མཆིས་པའི་ཚེ། བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། འདི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་ཐབས་མཁས་པས་གང་འདི་ཆོས་ཐམས་ཅད་རང་བཞིན་མེད་པའོ་ཞེས་ཕྱིན་ཅི་མ་ལོག་པར་སྟོན་པ། ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཐབས་མཁས་པ་དང་ལྡན་པ་མུ་ཁྱུད་འདི་སུ་དག་གི་རྒྱལ་པོ་ཡིན་པའི་མི་རྣམས་ནི། ཀྱེ་མའོ་རྙེད་པ་དང་ལྡན་པ་སྟེ། ཀྱེ་མའོ་མི་རྣམས་ནི་རྙེད་པ་ལེགས་པར་རྙེད་པའོ་ཞེས་བགྱིས་སོ།། དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། སུམ་ཅུ་རྩ་གསུམ་པའི་ལྷ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་དེ་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ན། རྒྱལ་པོ་མུ་ཁྱུད་དེ་འདིར་འོངས་ནས་མཐོང་བར་ཁྱེད་འདོད་དམ་མི་འདོད། སུམ་ཅུཿ་གསུམ་པའི་ལྷ་རྣམས་ཀྱིས་སྨྲས་པ། ལྷའི་དབང་པོ་རྒྱལ་པོ་མུ་ཁྱུད་དེ་འདིར་མཆིས་ཏེ། མཐོང་བར་བདག་ཅག་ཀྱང་འཚལ་ལོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཁ་ལོ་སྒྱུར་བ་མ་ཏ་ལི་ལ་སྨྲས་པ། མ་ཏ་ལི་ཚུར་ཤོག། ཁྱོད་ལྷའི་ཤིང་རྟ་ཅང་ཤེས་རྩིབས་སྟོང་དང་ལྡན་པ་ཁྲིད་ལ་རྒྱལ་པོ་མུ་ཁྱུད་ག་ལ་བ་དེར་སོང་སྟེ། རྒྱལ་པོ་མུ་ཁྱུད་ལ་འདི་སྐད་གྱིས་ཤིག། རྒྱལ་པོ་ཆེན་པོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་རྟ་ཅང་ཤེས་རྩིབས་སྟོང་དང་ལྡན་པ་འདི་བཀྲི་སྟེ་མཆིས་ན། རྒྱལ་པོ་ཆེན་པོ་ཐགས་ཐོགས་མ་མཆིས་པར་འདི་ལ་བཅིབས་སུ་གསོལ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཁྱོད་མཐོང་བར་དགའ་འོ་ཞེས་གྱིས་ལ། ཤིང་རྟ་ལ་ཞོན་པ་དང་འདི་སྐད་ཅེས་གྱིས་ཤིག། རྒྱལ་པོ་ཆེན་པོ་ལམ་གང་ནས་གཤེགས་པར་བགྱི་གང་གིས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིན་ཅི་ལོག་གི་ས་ནས་བཞུད་དམ། ཕྱིན་ཅི་ལོག་མ་མཆིས་པ་རྣམས་ཀྱི་ཕྱིན་ཅི་ལོག་མ་མཆིས་པའི་ས་ནས་བཞུད་ཅེས་གྱིས་ཤིག། ལེགས་སོ་ཞེས་སྨྲས་ནས་ཁ་ལོ་སྦྱར་བ་མ་ཏ་ལི་ལྷའི་དབང་པོ་བརྒྱ་བྱིན་གྱི་ལྟར་མཉན་ནས་བབས་ཏེ། ཇི་སྐད་བསྒོ་བ་བཞིན་རྒྱལ་པོ་མུ་ཁྱུད་ལ་དེ་སྐད་ཅེས་སྨྲས་སོ།། དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་མུ་ཁྱུད་ཀྱིས། ལོ་སྒྱུར་བ་མ་ཏ་ལི་ལ་འདི་སྐད་ཅེས་སྨྲས་སོ།། མ་ཏ་ལི་དེ་ལྟ་བས་ན་ལམ་དེ་གཉིས་ཀ་ནས་འདོང་ངོ་ཞེས་བྱས་པ་དང་། ཁ་ལོ་སྒྱུར་བ་མ་ཏ་ལིས་རྒྱལ་པོ་མུ་ཁྱུད་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་ཕྱིན་ཅི་ལོག་གི་ས་དང་། ཕྱིན་ཅི་ལོག་མེད་པ་རྣམས་ཀྱི་ཕྱིན་ཅི་ལོག་མེད་པའི་ས་དེ་གཉིས་ཀ་ནས་དྲངས་ཏེ་དོང་ངོ་།། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས། ཁ་ལོ་སྦྱར་བ་མ་ཏ་ལི་ལ་སྨྲས་པ། མ་ཏ་ལི་དེ་བས་ན་ཕྱིན་ཅི་ལོག་ཏུ་གྱུར་པའི་ས་བལྟའི་ཡུད་ཙམ་ཞིག་ཤིང་རྟ་སྡོང་དུ་ཆུག་ཅིག། དེ་ནས་ཁ་ལོ་སྒྱུར་བ་མ་ཏ་ལིས་ཤིང་རྟ་སྡོད་དུ་བཅུག་པའི་ཡུན་ཇི་སྲིད་པ་དེ་ཉིད་ཀྱི་བར་སྐབས་སུ། རྒྱལ་པོ་མུ་ཁྱུད་ཀྱིས་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཅུ་དེ་ཁོ་ན་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལ་བཀོད་པར་གྱུར་ཏེ། འདི་ལྟར་བག་ཡོད་པ་དང་། མངོན་པར་ཤེས་པས་རྣམ་པར་བརྩེ་བའི་ཕྱིར་རོ། ། དེ་དག་གིས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ།། ཁ་ལོ་སྒྱུར་བ་མ་ཏ་ལིས་ནི་རྒྱལ་པོ་མུ་ཁྱུད་ཀྱིས་ལས་ཅི་བྱས་པ་ཤེས་པར་མ་གྱུར་ཏོ།། དེ་ནས་ཁ་ལོ་སྒྱུར་བ་མ་ཏ་ལིས་དེ་བཞིན་དུ་དྲངས་ཏེ། རྒྱལ་པོ་མུ་ཁྱུད་དང་རི་རབ་ཀྱི་རྩེ་མོ་ལ་ཕྱིན་ཏོ།། དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་རྒྱང་རིང་པོ་ནས་ནགས་ཚལ་སྟུག་པོ་རྣམ་པ་ཐམས་ཅད་དུ་སྔོ་བ་མཐོང་སྟེ། མཐོང་ནས་ཁ་ལོ་སྒྱུར་བ་མ་ཏ་ལི་ལ་འདི་སྐད་ཅེས་སྨྲས་སོ།། མ་ཏ་ལི་ནགས་ཚལ་སྟུག་པོ་འདི་ནི་ཐེ་ཙོམ་མེད་པར་ཕྱིན་ཅི་ལོག་མེད་པའི་སེམས་ཅན་རྣམས་ཀྱི་གནས་ཡིན་ནོ།། མ་ཏ་ལིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཆོས་བཟང་ལྷའི་འདུན་ས་ལགས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་འདིར་འདུས་ཀྱི། རྒྱལ་པོ་ཆེན་པོ་ཐགས་ཐོགས་མ་མཆིས་པར་བཞུད་ཅིག། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི་ཁྱོད་མཐོང་བར་འཚལ་ལོ།། རྒྱལ་པོ་ཆེན་པོ་དེ་ནས་རྒྱལ་པོ་མུ་ཁྱུད་དེ་ཐགས་ཐོགས་མེད་པར་ནང་དུ་སོང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། ། མཐོང་ནས་སྟན་གྱི་ཕྱེད་ལ་བདར་ཏོ།། དེ་ནས་རྒྱལ་པོ་མུ་ཁྱུད་ཀྱང་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་གོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་སྟན་ཕྱེད་ལ་འདུག་པར་ཤེས་ནས། ལེགས་པར་ཤིན་ཏུ་དགའ་བར་བྱས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་འཇིག་རྟེན་དུ་བཞག་པ་ནི་ཁྱོད་ཀྱིས་རྙེད་པ་ལེགས་པར་རྙེད་དོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། ཀྱེ་གྲོགས་པོ་དག་རྒྱལ་པོ་མུ་ཁྱུད་འདི་ནི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་བ་དང་ལྡན་པ་སྟེ། འདི་ལྟར་སྐད་ཅིག་ཙམ་ལ་སྲོག་ཆགས་བྱེ་བ་ཕྲག་བརྒྱད་ཆུ་སངས་རྒྱས་ཀྱི་ཆོས་ལ་བཏུལ་བར་གྱུར་ཏོ།། དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་དབང་པོ་བདག་ནི་ཕྱིར་འཛམ་བུའི་གླིང་དུ་འགྲོ་བར་འདོད་དོ།། དེ་ཅིའི་ཕྱིར་ཞེ་ན། བདག་དེར་སོང་སྟེ་དེ་བཞིན་གཤེགས་པའི་བསྟན་པ་ཡོངས་སུ་གཟུང་བར་བྱའོ།། བརྒྱ་བྱིན་གྱིས་དེ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་གང་གི་དུས་ལ་དབབ་པར་མཁྱེན་ན་བཞུད་ཅིག། དེ་ནས་རྒྱལ་པོ་མུ་ཁྱུད་དཕྱིར་འཛམ་བུའི་གླིང་དུ་ཕྱིན་ནས་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་། ཐབས་མཁས་པ་ལ་ཤིན་ཏུ་བསླབས་པས། སེམས་ཅན་བྱེ་བ་དཔག་ཏུ་མེད་པ་དག་སངས་རྒྱས་ཀྱི་བསྟན་པ་ལ་བཏུལ་བར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་སྙམ་དུ་ཐེ་ཚོམ་མམ་ནེམ་ནུར་བ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་མུ་ཁྱུད་ཅེས་བྱ་བར་གྱུར་ཏོ།། རྒྱལ་པོ་ཆེན་པོ་དེ་ལྟར་རྒྱལ་པོ་མུ་ཁྱུད་ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་དགའ་བ་མེད་པས་མུ་ཁྱུད་ཀྱིས་བག་ཡོད་པའི་སྟོབས་བསྐྱེད་པ་ལ་ལྟོས། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་བག་ཡོད་པར་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྩོན་པར་བྱའོ། ། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་ཆོས་དེ་དག་ཀྱང་གང་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། རྒྱལ་པོ་ཟས་གཙང་མས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེའི་སླད་དུ་གལ་ཏེ་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལགས་ན། དེ་ལྟ་ན་ནི་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་དག་ཕྱིན་ཅི་མ་ལོག་པ་དེ་དག་ནི་སངས་རྒྱས་སོ།། རྒྱལ་པོ་ཆེན་པོ་སངས་རྒྱས་ཞེས་བྱ་བ་དེ་ནི་དེ་ཁོན་མཐོང་བའི་ཚིག་ཐ་དགས་སོ། ། དེ་ཁོ་ན་མཐོང་བ་ཞེས་བྱ་བ་དེ་ནི་ཡང་དག་པའི་མཐའི་ཚིག་བླ་དགས་སོ།། ཡང་དག་པའི་མཐའི་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་ཐ་དགས་སོ།། རྒྱལ་པོ་ཆེན་པོ་ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ནི་གཞན་དུ་ན་མིང་ཙམ་མམ། བརྡ་ཙམ་མམ། ཐ་སྙད་ཙམ་མ། ཀུན་རྫོབ་ཙམ་མམ། བརྗོད་པ་ཙམ་མ། གདགས་པ་ཙམ་མ་གཏོགས་པར་བསྟ་པར་མི་ནུས་སོ། ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་སྐྱེ་བ་མེད་པ་འདི་ནི་གཟུངས་ཀྱི་སྒོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཆོས་ཐམས་ཅད་མི་གཡོ་མི་འགུལ་ཞིང་རློམ་སེམས་མེད་པས་དེའི་ཕྱིར་དེ་ནི་གཟུངས་ཀྱི་སྒོའོ། ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་འགག་པ་མེད་པ་དེ་ནི་གཟུངས་ཀྱི་སྒོ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཆོས་ཐམས་ཅད་མི་གཡོ་མི་འགུལ་ཞིང་རློམ་སེམས་མེད་པས་དེའི་ཕྱིར་དེ་ནི་གཟུངས་ཀྱི་སྒོ། ། དེ་བཞིན་དུ་ཆོས་ཐམས་ཅད་མཚན་ཉིད་མེད་པ་དང་། མཚན་པ་མེད་པ་དང་། མ་སྐྱེས་པ་དང་། རང་བཞིན་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། མ་བྱས་པ་དང་། མངོན་པར་འདུས་མ་བྱས་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པ་དང་། སྤྲོས་པ་མེད་བ་དང་། མཚན་མ་མེད་པ་དང་། རྟགས་མེད་པ་དང་། ཀུན་ནས་དཀྲིས་པ་མེད་པ་དང་། བག་ལ་ཉལ་མེད་པ་དང་། ཀུན་ནས་ཉོན་མོངས་པར་འགྱུར་བ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། རྗེས་སུ་ཆགས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པ་དང་། བཅིངས་པ་མེད་པ་དང་། གྲོལ་བ་མེད་པ་དང་། འགྲོ་བ་མེད་པ་དང་། རྒྱུག་པ་མེད་པ་དང་།། ལྡོག་པ་མེད་པ་དང་། དམའ་བ་མེད་པ་དང་། གནས་པ་མེད་པ་དང་། འདུག་པ་མེད་པ་དང་། མཉམ་པར་གཞག་པ་མེད་པ་དང་། ནོར་བ་མེད་པ་དང་། ཤེས་པ་པོ་མེད་པ་དང་། རྣམ་པར་ཤེས་པ་པོ་མེད་པ་དང་། མཐོང་བ་པོ་མེད་པ་དང་། མི་མཐོང་བ་མེད་པ་དང་། ཚུལ་ཁྲིམས་མེད་པ་དང་། ཚུལ་ཁྲིམས་མ་ཡིན་པ་མེད་པ་དང་། འགྱོད་པ་མེད་པ་དང་། མི་འགྱོད་པ་མེད་པ་དང་། མཆོག་ཏུ་དགའ་བ་མེད་པ་དང་། མཆོག་ཏུ་མི་དགའ་བ་མེད་པ་དང་། དཀའ་བ་མེད་པ་དང་། མི་དགའ་བ་མེད་པ་དང་། ཤིན་ཏུ་སྦྱངས་པ་མེད་པ་དང་། ཤིན་ཏུ་མ་སྦྱངས་པ་མེད་པ་དང་། བདེ་བ་མེད་པ་དང་། མི་བདེ་བ་མེད་པ་དང་། ཏིང་ངེ་འཛིན་མེད་པ་དང་། ཏིང་ངེ་འཛིན་མ་ཡིན་པ་མེད་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་མེད་པ་དང་། ལོག་པ་མེད་པ་དང་། ཡིད་བྱུང་བ་མེད་པ་དང་། ཡིད་མ་བྱུང་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་མེད་པ་དང་། འདོད་ཆགས་དང་མ་བྲལ་བ་མེད་པ་དང་། ལྟ་བ་མེད་པ་དང་། ལྟ་བ་མ་ཡིན་པ་མེད་པ་དང་། རྣམ་པར་གྲོལ་བ་མེད་པ་དང་། རྣམ་པར་མ་གྲོལ་བ་མེད་པ་དང་། ཤེས་པ་མེད་པ་དང་། མི་ཤེས་པ་མེད་པ་དང་། མཐོང་བ་མེད་པ་དང་། མ་མཐོང་བ་མེད་པ་དང་ལས་མེད་པ་དང་། རྣམ་པར་སྨིན་པ་མེད་པ་དང་། ཚུལ་བཞིན་མེད་པ་དང་། ཚུལ་བཞིན་མ་ཡིན་པ་མེད་པ་དང་། རྣམ་པའི་སྒོ་བདུན་དྲུ་པོ་དག་གིས། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་པ་འཇུག་པར་བྱའོ། ། རྒྱལ་པོ་ཆེན་པོ་གཟུགས་ཀྱི་རང་བཞིན་ནི་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ་ཚོར་བ་དང་། འདུགས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ནི་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་གཟུགས་བརྙན་གྱི་གཟུགས་ཀྱི་རང་བཞིན་ནི་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ། ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་གཟུགས་ཀྱི་རང་བཞིན་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་རྙེད་དང་། རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མིའི་བྱུང་། ད་ལྟར་ཡང་མེད་དོ། ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཟག་ཆའི་རང་བཞིན་ཡང་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ནི་སྨིག་རྒྱུའི་ཆུའི་རང་བཞིན་ནི་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། ། དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེ་ནང་དབུ་བ་རྡོས་པ་ནི་སྙིང་པོ་མེད་དེ། མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། དེ་བཞིན་དུ་གཟུགས་ཀྱི་རང་བཞིན་ནས། རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རྨི་ལམ་གྱི་ཡུལ་གྱི་བཟང་མོ་ནི་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། དེ་བཞིན་དུ་གཟུགས་ཀྱི་རང་བཞིན་ནས། རྣམ་པར་ཤེས་བའི་རང་བཞིན་གྱི་བར་དུ་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རྨི་ལམ་གྱི་མོ་གཤམ་གྱི་བུའི་སྐྱེ་བ་ནི་མ་བྱུང་། མི་འབྱུང་། ད་ལྟར་ཡང་མེད་དོ།། དེ་བཞི་གཟུགས་ཀྱི་རང་བཞིན་ནས། རྣམ་པར་ཤེས་པའི་རང་བཞིན་གྱི་བར་དུ་མ་བྱུང་། མི་འབྱུང་། དེ་ལྟར་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་གནས་མེད་དོ།། དེ་བཞིན་དུ་གཟུགས་ནས། རྣམ་པར་ཤེས་པའི་བར་དུ་གནས་མེད་དོ།། རྒྱལ་པོ་ཆེན་པོ་གཟུགས་ལ་ནི་སྐྱེ་བ་མེད་དོ།། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་སྐྱེ་བ་མེད་དོ།། རྒྱལ་པོ་ཆེན་པོ་གཟུགས་ལ་ནི་འགག་པ་མེད་དོ། ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་འགག་པ་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མྱ་ངན་ལས་འདས་པའི་དབྱིངས་ལ་སྐྱེ་བ་འམ་འགག་པ་མེད་དོ།། དེ་བཞིན་དུ་གཟུག་ནས། རྣམ་པར་ཤེས་པའི་བར་ལ་སྐྱེ་བའམ་འགག་པ་མེད་དོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ཆོས་ཀྱི་དབྱིངས་ལ་སྐྱེ་བ་འམ་འགག་པ་མེད་དོ།། དེ་བཞིན་དུ་གཟུགས་ནས། རྣམ་པར་ཤེས་པའི་བར་ལ་སྐྱེ་བ་འམ་འགག་པ་མེད་དོ། ། རྒྱལ་པོ་ཆེན་པོ་ཆོས་འདི་དག་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལོ།། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སྤྱོད་ཡུལ་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན། ཕྲི་བ་མ་ཡིན། བསྣན་པ་མ་ཡིན། ཐོབ་པ་མ་ཡིན། སྟོར་བ་མ་ཡིན།། མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན། མངོན་པར་རྫོགས་པར་སངས་མ་རྒྱས་པ་མ་ཡིན། མངོན་པར་ཤེས་པ་མ་ཡིན། མངོན་པར་མ་ཤེས་པ་མ་ཡིན། ཡོངས་སུ་ཤེས་པ་མ་ཡིན། ཡོངས་སུ་མ་ཤེས་པ་མ་ཡིན་སྤངས་པ་མ་ཡིན། མ་སྤངས་པ་མ་ཡིན། བསྒོམས་པ་མ་ཡིན། མ་བསྒོམས་པ་མ་ཡིན། མངོན་དུ་བྱས་པ་མ་ཡིན། མངོན་དུ་མ་བྱས་པ་མ་ཡིན། བསྟན་པ་མ་ཡིན། མ་བསྟན་པ་མ་ཡིན།། རབ་ཏུ་བསྟན་པ་མ་ཡིན། རབ་ཏུ་མ་བསྟན་པ་མ་ཡིན། བསྒྲགས་པ་མ་ཡིན། མ་བསྒྲགས་པ་མ་ཡིན། ཐོས་པར་བྱས་པ་མ་ཡིན། ཐོས་པར་མ་བྱས་པ་མ་ཡིན། ཐོས་པ་མ་ཡིན། མ་ཐོས་བ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གང་བསྣུན་པར་བྱ་བ་འམ། དབྲི་བར་བྱ་བའི་ཆོས་དོན་མི་དམིགས་ཏེ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་མེད་པ་ཡིན། རྒྱལ་པོ་ཆེན་པོ་འདི་ལ་ཡིད་ཡོངས་སུ་དགའ་བར་བྱ་ཞིང་། གཞན་གྱི་རིང་མི་འཇོག་པར་བྱའོ།། དེ་ནས་རྒྱལ་པོ་བས་གཙང་མ་འདི་སྙམ་དུ་སེམས་ཏེ། འདི་ལ་ནི་གང་རྟོགས་པས་སངས་རྒྱས་ཞེས་བྱ་བའི་ཆོས་དེ་ཀང་ཡང་མི་དམིགས་མོད་ཀྱི། འོན་ཀྱང་དམིགས་སུ་མེད་པའི་ཆོས་རྣམས་ལ། དེ་བཞིན་གཤེགས་པས་གདགས་པ་བསྟན་ཏོ་སྙམ་ནས། དེའི་ཚེ་རྒྱལ་པོ་ཟས་གཙང་མ་ལ་སོགས་པ་ཤཱཀྱ་བདུན་ཁྲི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་ལྷག་པའི་བསམ་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ།། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་སྣ་ཚོགས་ཅན། ཁ་དོག་དུ་མ་དང་ལྡན་པ་དག་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་རྒྱས་པར་བཀང་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ། ཕྱིར་ལོག་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་ཞུས་པ། འཇིག་རྟེན་རྣམ་པར་འདྲེན་པ་པོ།། དཔའ་ཆེན་ཁྱོད་ཀྱིས་འཛུམ་མཛད་པ། འཇིག་རྟེན་སྣང་བ་མཛད་པ་པོ།། འཛུམ་པའི་འཛུམ་རྒྱུ་བཀའ་སྩལ་གསོལ། ། ཐམས་ཅད་མཁྱེན་པ་འདྲེན་པ་པོ།། རྒྱུ་གང་གིས་ནི་འཛུམ་བསྟན་པ། ཁྱོད་ཀྱིས་འགྲོ་བ་རྣམས་ལ་སྟོན།། བདག་གི་ཐེ་ཙོམ་མྱུར་དུ་ཁུམ།། ཤཱཀྱའི་ཚོགས་ཀྱི་དོན་སླད་དུ། གོའུ་མས་ནི་འཛུམ་པ་མཛད། ། དཔའ་བོ་འགྲོ་བ་དགའ་མཛད་པ། འགྲོ་བའི་ཐེ་ཙོམ་བསལ་དུ་གསོལ།། བསམ་གཏན་ཆེན་པོ་ཁྱོད་ཀྱིས་གསུངས།། ཐོས་ནས་འགྲོ་བའི་ཐེ་ཙོམ་འཆད།། མཆོག་ཏུ་དགའ་བའི་ཡིད་གྱུར་ཏེ། ། ཀུན་ཀྱང་ཁྱོད་ཀྱི་བསྟན་པ་ཐོབ།། རྒྱལ་བའི་འཛུམ་གྱི་འཕྲིན་ལས་འདི།། ཁྱོད་ཀྱི་སྲས་རྣམས་འཚལ་གྱུར་ན།། ནན་ཏན་གྱིས་ནི་རབ་ངེས་ཤིང་། ཤེས་པས་རྗེས་སུ་མཆི་བར་འགྱུར། ། རྒྱལ་བ་ཁྱུ་མཆོག་ཁྱོད་ཀྱིས་ནི།། འགྲོ་བའི་ཐེ་ཙོམ་འདི་བསལ་གསོལ།། འཇིག་རྟེན་ཐེ་ཙོམ་ཆད་གྱུར་ན།། བང་བ་རྒྱ་ཆེན་ཐོབ་པར་འགྱུར།། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱི། ཚེ་དང་ལྡན་པ་རྟ་ཐུལ་ལ་ཚིགས་སུ་བཅད་དེ་སླར་བཀའ་སྩལ་པ། ངས་ནི་འཛུམ་ཞི་གང་མཛད་པ།། རྟ་ཐུལ་དེ་ནི་ང་ལས་ཉོན།། ཤཱཀྱ་རྣམས་ཀྱིས་བློ་ངས་པ། ཡང་དག་ཇི་བཞིན་ལུང་བསྟན་ཏོ།། ཆོས་རྣམས་དམིགས་སུ་མེད་པ་ནི།། ཤཱཀྱ་རྣམས་ཀྱིས་ཡང་དག་ཤེས།། དེ་ཕྱིར་སངས་རྒྱས་ཆོས་རྣམས་ལ།། འདི་དག་ཡིད་ནི་ངེས་པར་བཞག་དམིགས་སུ་མེད་ལ་བརྟེན་ནས་ནི། ། ཤཱཀྱ་གྲགས་པ་ཆེན་པོ་པ།། ཆོས་རྣམས་ཀུན་ལ་ངེས་གྱུར་ནས།། བླ་མེད་བྱང་ཆུབ་ཐོབ་པར་འགྱུར།། ཤཱཀྱ་ངེས་པ་འདི་དག་ནི།། མི་ཡི་ནང་ནས་ཤི་འཕོས་ནས། ། བདེ་བ་ཅན་གྱི་འཇིག་རྟེན་དུ།། འོད་དཔག་མེད་ཀྱི་དྲུང་དུའམོ།། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། བདེ་བ་ཅན་ན་གནས་པའི་ཚེ།། སངས་རྒྱས་བྱེ་བ་གྲངས་མེད་ལ།། ཕྱོགས་བཅུ་དག་ཏུ་མཆོད་བྱེད་འགྱུར། ། མཁས་པ་རྣམས་ནི་ཁམས་གཅིག་ན།། སངས་རྒྱས་བཞུགས་རྣམས་བསྙེན་བཀུར་བྱེད།། སེམས་ཅན་ཀུན་ལ་ཕན་ཚོལ་ཞིང་།། བྱང་ཆུབ་མཆོག་ཏུ་སྨོན་ལམ་འདེབས། ། དེ་བཞིན་གཤེགས་རྣམས་མཆོད་བྱེད་ཅིང་།། ཞིང་ནས་ཞིང་དུ་རྣམ་པར་རྒྱུ།། གང་དུ་སངས་རྒྱས་འབྱུང་བ་ཡང་།། རྫུ་འཕྲུལ་སྟོབས་ཀྱིས་འདོང་བར་འགྱུར།། བསྐལ་པ་བྱེ་བ་གྲངས་མེད་དུ།། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས།། དེ་བཞིན་གཤེགས་པ་རྣམས་མཆོད་ནས།། དེ་ཡི་འོག་ཏུ་འདྲེན་པར་འགྱུར།། དེ་ཚེ་སངས་རྒྱས་རེ་རེ་ཞིང་།། སེམས་ཅན་ཁྲག་ཁྲིག་མང་པོ་དག། བྱང་ཆུབ་ཕྱིར་ནི་སངས་རྒྱས་ཀྱིས།། སངས་རྒྱས་དགོངས་ལ་འགྲོ་བ་འདུལ།། སངས་རྒྱས་ཀུན་གྱི་ཞིང་རྣམས་ན།། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན།། དེ་ན་སངས་རྒྱས་གང་ཡིན་ནི།། ། ཉན་ཐོས་འདུལ་བར་ཡོངས་མི་འགྱུར།། སངས་རྒྱས་དེ་དག་རེ་རེ་ཞིང་།། དེ་ན་ཚེ་ཚད་འགྱུར་བ་ནི།། བྱེ་བ་གྲངས་མེད་ལོ་རྣམས་སུ།། ཆོས་སྟོན་པ་དག་གནས་པར་འགྱུར།། དེ་དག་མྱ་ངན་ཡོངས་འདས་ནས། ། བྱང་ཆུབ་སེམས་དཔའ་འཇིགས་མེད་པ།། རྒྱལ་བའི་སྲས་དག་ལོ་གྲངས་ནི།། བྱེ་བ་སྟོང་དུ་དམ་ཆོས་འཛིན།། མི་དབང་སྲས་པོ་དེ་དག་ཀྱང་།། སྟོང་པ་ཉིད་ཀྱི་ཆོས་སྟོན་པས།། སེམས་ཅན་བྱེ་བ་བསམ་པས་དག། བྱང་ཆུབ་ལ་ནི་འདུལ་བར་འགྱུར།། བག་ཡོད་པ་ཡི་མེ་རྣམས་ནི།། བག་ཡོད་པ་ལ་གནས་བཅས་ཏེ།། སྟོང་པ་ཉིད་ཀྱི་ཆོས་བསྟན་ནས།། ཐམས་ཅད་མཁྱེན་དུ་ངེས་པར་འབྱུང་། ། རྫོགས་སངས་རྒྱས་ཀྱིས་ཤཱཀྱ་ཡི།། བུ་ཡི་འགྲོ་བསྟན་འདི་ཐོས་ནས།། ལྷུར་བཅས་འཇིག་རྟེན་དགར་གྱུར་ཏེ།། བྱང་ཆུབ་ཕྱིར་ནི་ཡིད་ཀྱང་བཏང་།། ཤཱཀྱ་ལུང་བསྟན་པའི། ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བ་ཀ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི། བྱང་ཆུབ་སེམས་དཔའ་མཐར་ཕྱིན་པ་རྣམས་ལ་བསྒྲགས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཏིང་ངེ་འཛིན་འདི་ནི་གང་ཟག་མེད་པ་སྟེ། དེ་ལ་དེ་བཞིན་གཤེགས་པས་ཆོས་གང་ཡང་མི་དམིགས་སོ། ། གང་མ་དམིགས་པ་དེ་ནི་མངོན་པར་རྫོགས་པར་སངས་མ་རྒྱས་སོ།། གང་མངོན་པར་རྫོགས་པར་སངས་མ་རྒྱས་པ་དེ་ནི་མ་བསྟན་པའོ།། གང་མ་བསྟན་པ་དེ་ནི་མ་ཤེས་པའོ། ། གང་མ་ཤེས་པ་དེ་ནི་འདྲས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་རྔ་ཆེན་པོ་ཡིན་གྱི། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་འདི་གཟུང་བ་དང་། ཀློག་པ་དང་། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བར་འདི་ཤཱ་རིའི་བུ་ཁྱོད་ལ་ཡོངས་སུ་གཏད་དོ། ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་བསྐལ་པ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་སྤྱད་པ་བས། ཤཱ་རིའི་བུ་གང་གིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཐ་ན་ཐོས་པར་གྱུར་ཀྱང་། དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ།། ཤཱ་རིའི་བུ་གང་གིས་བསྐལ་པ་བཅུའི་བར་དུ་མཉན་པ་བས་གང་གིས་སེམས་ཅན་གཅིག་ཅིག་ལ་འདི་བསྟན་ན། དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ།། གང་གིས་བསྐལ་པ་བཅུའི་བར་དུ་མཉན་ཏེ་གཞན་ལ་བསྟན་པ་བས།། གང་གིས་སེ་གོལ་གཏོགས་པ་ཙམ་དུ་འདི་བསྒོམས་ན། དེ་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ།། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ཉིད་ལ། བྱང་ཆུབ་སེམས་དཔའ་རྣམས་ནན་ཏན་ཐམས་ཅད་ཀྱིས་གདམས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་བསྒོམས་པས་ནི། མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའི་ཚོགས་འདི་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ཁོ་ན་ངེས་པར་བསྟན་པ་འདི་ལ་རབ་ཏུ་གནས་པ་ཤ་སྟག་གོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། དགེ་སློང་དེ་དག་དང་། རྒྱལ་པོ་ཟས་གཙང་མ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ཡ་བ་དང་སྲས་མཇལ་བའི་དེ་ཁོ་ན་ངེས་པར་བསྟན་པའི་ལེའུ་ཞེས་བྱ་བ་སྟེ། འདུས་པ་བཅུ་དྲུག་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང་།

CLOSE WINDOW