CLOSE WINDOW

N980: དཔལ་བདེ་མཆོག་གི་སའ་ཙྪའི་ཆོ་ག
Wyliee-texts based on the ACIP/ALL Input

བདེ་མཆོག་གི་སྦྱིན་སྲེག་གི་ཆོ་ག་བསྡུས་པ་རྫོགས་སོ།། །།དཔལ་བདེ་མཆོག་གི་སཱཙྪ་བརྗོད་པར་བྱ་སྟེ། དེ་ནས་འཇིམ་པ་བྱས་ལ་མདུན་དུ་བཞག་ལ། ཁྲུས་བྱས་ནས སེམས་བསྐྱེད་དེ། བདག་ཉིད་སྐད་ཅིག་མས་ལྷར་བསྒོམས་ལ། ཚད་མེད་པ་བཞི་བསྒོམས་པར་བྱ། དེ་ནས་ཆོས་ཉིད་རྣམ་པར་དག་པའི་སྔགས་ཀྱིས་བདག་པ་མི་དམིགས་པར་བྱ་སྟེ། ཡི་གེ་ཧཱུཾ་བསམ། དེ་ལས་རྡོ་རྗེ། དེ་ལས་ཧེ་རུ་ཀ་ཡབ ཡུམ་དུ་བསྐྱེད་དོ། །དེ་ནས་རང་གི་སྙིང་གའི་ཧཱུཾ་གི་འོད་ཟེར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ལ། ཧེ་རུ་ཀ་ཡབ་ཡུམ་ལ་བསྟིམ་པར་བྱའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་འོད་དུ་ཞུ་སྟེ། བྱང་ཆུབ་སེམས སུ་གནས་པ་ལ། ཧེ་རུ་ཀའི་སྙིང་པོ་འམ། ཉེ་བའི་སྙིང་པོ་ཉི་ཤུ་རྩ་གཅིག་གིས་བྱིན་གྱིས་བརླབས་ཏེ། ཡང་སྔགས་དེ་ཉིད་ཀྱིས་གདབ་པར་བྱའོ། །སཱཙྪ་རེ་རེ་ལ་ཧེ་རུ་ཀ་རེ་རེ་བསམས་ལ། དེ་རེ་རེ་ལས་ཀྱང་ཧེ་རུ་ཀ་མང་པོ་སྤྲོས ལ་དེ་རྣམས་ཀྱིS་བདག་དང་སེམས་ཅན་ཐམས་ཅད་གྱི་དོན་རྫོགས་པར་བྱེད་པར་བསམ་མོ། །རྟེན་འབྲེལ་གྱི་སྔགས་བཟླས་པས་མཇུག་བསྡུ་བར་བྱའོ། །དེ་ནས་གྲུབ་ན་མཆོད་པ་རྣམ་པ་ལྔ་དབུལ། མ་གྲུབ་ན་མེ་ཏོག་གཏོར་ལ་བསྐོར་བ་བྱའོ། ། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱིས་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པ། །ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །དེ་ནས་སྨོན་ལམ་གདབ། དགེ་བའི་རྩ་བ་བསྔོ་བར་བྱའོ། །བདེ་མཆོག་གི སཱཙྪའི་ལུགས་རྫོགས་སོ། ། །།དེ་ནས་རབ་གནས་རྒྱས་པ་བྱེད་ན། །གོང་དུ་བསྟན་པ་ལྟར་སཱཙྪ་གང་འགྲུབ་བཏབ་ལ། །དེ་ནས་རང་ལྷའི་རྣལ་འབྱོར་དུ་སྐད་ཅིག་མས་བསྒོམ། སཱཙྪ་དེ་སྟོང་པ་ཉིད་དུ་བསམ། དེ་ལས པདྨའི་གདན་བསྒོམ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་བསམ། དེ་ལས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས། འོད་ཀྱི་སླར་ལ་འདུས་པས་ཧཱུཾ་ལ་ཐིམ་།ཧཱུཾ་དེ་ཡང་འོད་དུ་ཞུ་བ ལས་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བར་བསྒོམས་ལ། རང་གི་སྙིང་གིའི་ཧཱུཾ་གི་འོད་ཀྱིས་ཡེ་ཤེས་ཀྱིས་ཧེ་རུ་ཀ་ཡབ་ཡུམ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་དེ་ལ་དབང་བསྐུར་ལ། སྤྱི་བོར་མི་བསྐྱོད་པ བསྒོམ་མོ། །དེ་ནས་མཆོད་པ་དང་རྒྱན་རྣམས་དབུལ་ལོ། །ཧེ་རུ་ཀའི་སྙིང་པོ་བཟླས། རྟེན་འབྲེལ་གྱི་སྔགས་ལན་གསུམ་བཟླས། དེ་ནས་སྨོན་ལམ་གདབ་པོ། །དེ་ནས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོའོ། །སཱཙྪ་གཙང་སར བཞུགས་སུ་གསོལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། །ཌཱ་ཀི་ནི་ཛཱ་ལ་སཾ་བ་རཾ་སྭཱཧཱ། ཨོཾ་ཧྲི:ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཡེ་དྷརྨཱ་ཧེ་ཏུ་བྲ་བྷ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོཥྱ?་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཡེ་བཾ་ཝཱ་དཱི་མཧཱ་ཤྲ་མ་ཎ:།། །། སཱཙྪའི་ཆོ་ག་མཧཱ་བྲཛྙཱ་རཀྵིས་ཏས་མཛད་པ། ལོ་ཙ་བ་བཤེས་གཉེན་བ་རིས་བསྒྱུར་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཙཀྲ་སཾམྦ?་ར་སཱ་དྷ་ནཾ། བོད་སྐད་དུ། འཁོར་ལོ་སྡོམ་བའི་སྒྲུབ་ཐབས། རྡོ་རྗེ དྲག་པོ་ལ་ཕྱག་འཚལ་ལོ།

CLOSE WINDOW