Wylie | e-texts based on the ACIP/ALL ![]() ![]() |
། །།*། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སིམྦ?་ར་ཏ་སྟ་བཱུ་ཇི་བི་དྷི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་ལག་མཆོད་ཀི་ཆོག་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་བ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི
གཙོ་མོ་ནི། །རྡོ་རྗེ་ཕག་མོ་ལ་བཏུད་དེ། །བདག་གི་ལག་པའི་མཆོད་པ་ཡེ།?་།ཆོག་མན་ངག་བཞིན་དུ་བསྡུ། །དེ་ལ་ཚོགས་ཀྱི་འཁོར་ལོ་ལ་སོགས་པར་དཔལ་འཁོར་ལོ་བདེ་མཆོག་གི་རྣལ་འབྱོར་དང་ལྡན་པའི་སྔགས་པས་ལག་པ་གཡོན་པའི་མཐེ་བོ
དང་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་དེ་དག་གི་སེན་མོ་རྣམས་སུ་རྡོ་རྗེ་སེམས་དཔའ་དང་རྣམ་པར་སྣང་མཛད་དང། འོད་དཔག་མེད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་གོ་རིམས་ཇི་ལྟ་བར་དཀར་པོ
དང་སེར་པོ་དང་དམར་པོ་དང་ནག་པོ་དང། དམར་པོ་དང་ལྗང་གུའི་མདོག་ཅན་གྱི། ཨོཾ་ཧ་ན་མ་ཧི། སྭཱཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོའ་དབ་མ་ལྔ་པ་བསྒོམས་ལ་དེའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡོན་བསྐོར་དུ་རིམ་པ་ཇི་ལྟ་བ་བཞིན་ཡ་མི་ནི་དང་རྨོངས་བྱེད་མ་དང་སྐྱོང་བྱེད་མ་དང་འཇིག་བྱེད་མ་དང་ཙཎྜི་ཀའི་རང་བཞིན་ཅན་ནག་པོ་དང་དཀར་པོ་དང་སེར་པོ་དང་ལྗང་གུ་དང་དུ་བའི
མདོག་དང་ལྡན་པ། ཧཾ་ཡོཾ། ཧྲིཾ་མཾ། ཧྲེཾ་ཧཱུཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པའི་ཡི་གེ་རྣམས་དང། ལྟེ་བ་ལ་ནི་རྡོ་རྗེ་ཕག་མོའི་རང་བཞིན་ཁ་དོག་དམར་མོ་ཨོཾ་བཾ་ཞེས་བྱ་བའི་ས་བོན་དག་བལྟ་བར་བྱའོ། །ལག་པའི་དོ་ལ་ལ་ཡང་འདི་དག་ཉིད་ཀྱི་གཟུགས་བརྙན
ནམ་འཁོར?་ལོ་གསུམ་ཡོངས་སུ་རྫོགས་པར་བལྟ་བར་བྱའོ། །དེ་ནས་ལག་པ་ལ་གནས་པའི་འབྱུང་བས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་རྣམས་ལྟུང་བྱེད་མ་དང་གསོད་བྱེད་མ་དང་འགུགས་བྱེད་མ་དང། གར་གྱི་དབང་ཕྱུག་མ་དང། པདྨའི་དྲ་བ་ཅན་གྱི་རང
བཞིན་དུ་ལྷག་པར་མོས་པར་བྱའོ། །དེ་ནས་ལག་པ་ལ་གནས་པའི་ས་བོན་གྱི་ཡི་གེ་དག་ལ་ཁུ་བའི་རྫས་ཀྱིས་བྱུགས་ཏེ་ལག་མཐིལ་དེ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འཁོར་ལོ་གསུམ་གྱི
རང་བཞིན་དུ་ལྷག་པར་མོས་པར་བྱས་ནས་ཁུ་བ་ལ་སོགས་པའི་རྫས་དེ་ཡི་གེ་གསུམ་གྱི་སྔགས་སམ་རྐང་པ་བརྒྱད་པའི་སྔགས་ཀྱིས་དབུལ་བར་བྱའོ། །དེ་ནས་ཡང་དག་པར་མཆོད་ནས་ཆོག་ལྷག་པ་དང་མཚང་བ་དག་པར་བྱ་བའི་དོན་དུ་ཡི་གེ་བརྒྱ་པའི
སྔགས་བཏོན་ཏེ། ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབས་པའི་དོན་དུ་གསོལ་བ་བཏབ་ནས་རྫས་གཞན་ནམ་ཡང་ན་དེ་མ་ཡིན་པ་གཞན་དུ་གཞག་སྟེ་ལག་པའི་མཐིལ་དུ་སྦྱར་བའི་རྫས་སྲིན་ལག་གིས་བླངས་པ་ལས་སྙིང་ག་དང་ལྟེ་བ་དང་མགོ་རྣམས
སུ་ཡི་གེ་ཧཱུཾ་དང་ཨཱ:?་དང་ཨོཾ་བརྗོད་པ་སྔོན་དུ་འགྲོ་བས་བྱུགས་པ་ན་ལྷའི་ཚོགས་དེ་དག་བདག་ཉིད་ལ་ཞུགས་པར་མོས་པར་བྱའོ། །ཆོག་འདི་ཡང་ཀུན་སྤྱོད་པའི་རྒྱུད་དང་འབྲེལ་པ་ཡིན་ནོ། །ལག་པའི་མཆོད་པའི་ཆོ་གའོ། །ཡང་ན་སྔར་བརྗོད་པའི་ཚོགས
ས་བྱངས་པའི་ལག་པ་གཡོན་པའི་སྲིན་ལག་གིས་གནས་དང་ཉེ་བའི་གནས་ལ་སོགས་པའི་རང་བཞིན་དུ་ཛ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་གཅིག་བརྗོད་ཅིང་ཇི་ལྟར་སྦྱངས་པའི་ཆང་གི་གྲུ་གསུམ་གཉིས་བྱུགས་ནས་དེའི་དབུས་སུ་ཡང་དཀྱིལ་འཁོར
ལུམ་པོའོ། །དེ་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བརྟེན་པའི་དཀྱིལ་འཁོར་བཅས་པའི་བཅོམ་ལྡན་འདས་བཀུག་པར་བསམས་ཏེ། དེ་ལ་བདུད་རྩི་ལྔ་ལ་སོགས་པའི་རང་བཞིན་དུ་གྲུབ་པའི་བཟའ་བ་དང་བཅའ་པ་ལ་སོགས་པ་ཡི་གེ
གསུམ་མམ་རྐང་པ་བརྒྱད་པའི་སྔགས་ཀྱིས་ཕུལ་ནས་པདྨའི་སྣོད་ལ་གནས་པའི་ཆང་བདུད་རྩིར་བསྒྲུབས་པ་སྲིན་ལག་དང་མཐེ་བོས་བླངས་ཏེ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ལ་རང་རང་གི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་དང།
མཁའ་འགྲོ་མ་ནས་བརྩམས་ཏེ་གཤིན་རྗེ་འཇོམས་མའི་མཐར་ཐུགས་པ་རྣམས་ལ་ཡང་འདི་རྣམས་ཉིད་ཀྱི་རང་རང་གི་སྔགས་ཇི་ལྟ་བ་དག་གིས་ཚིམ་པར་བྱའོ། །དེ་ནས་ཡང་དག་པར་མཆོད་ནས་མ་ཚང་བ་དང་ལྷག་པར་དག་པར་བྱ་བའི་དོན་དུ་ཡི་གེ་བརྒྱ་པ་གཏོན
ནས་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་གདབ་པའོ། །ོཾ་ཡོ་ག་ཤུདཏ་སརྦ་དྷརྨཱ་ཡོ་ག་ཤུདྡྷོཉཧཾ། ཞེས་བརྗོད་བཞིན་པར་པདྨའི་སྐོར་བའི་ཕྱག་རྒྱས་མཉེས་པར་བྱ་སྟེ། ཕྱག་རྒྱ་དེ་བཏུལ་བ་འཁྱུད་པའི་སྟངས་ཀ་སྔོན་དུ་འགྲོ་བས་སྲིན
ལ་ཨག་གིས་ས་ལ་རེག་ཅིང་ཨོཾ་བཛྲ་མུར་ནམས་སུ་ཡི་གེ་ཧཱུཾ་དང་ཨཱལག་པས་མཆོད་པ་བཤད་པ་འདི། །རྣལ་འབྱོར་པ་ལ་ཕན་བྱེད་ཡིན། །ལག་པའི་མཆོད་པའི་ཆོག་དཔལ་པྲཛྙཱ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱི་རྟི་དང། སྒྲ་བསྒྱུར་ལོ་ཙ་བ་དགེ
སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་མདོར་བསྡུས་པ་བཞུགས་སོ།། *། །རྒྱ་གར་སྐད་དུ། ཤྲཱི་ཙ་ཀྲ་སཾ་བ་ར་སཾ་གྲ་མཎྜལ་བི་དྷཱི་ནཱ་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆོག
མདོར་བསྡུས་པ་ཞེས་བྱ་བ།
CLOSE WINDOW