| Wylie | e-texts based on the ACIP/ALL Input |
སློབ་དཔོན་ཆེན་པོ་སྤྱོད་པའི་བརྟུལ་ཞུགས་ནག་པོས་མཛག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་ལ་གོས་ལྷས་བཙས་ཀྱིས་བསྒྱུར་བ་ལས། སླད་ཀྱིས་དཔལ་སུ་མི་ཏི
ནི་ཀཱིར་ཏི་དང། མར་པ་ཆོས་ཀྱི་དབང་ཕྱུག་གིས་གཏན་ལ་ཕབ་པའོ།། །།བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ེ་བཾ་མ་ཡཱ། ཨེ་ལས་ཀྱི་ཕྱག་རྒྱའོ། །མ་ཕྱག་རྒྱ་ཆེན་པོའོ། །ཡཱ་རམ་དམ་ཚིག་གི་ཕྱག་རྒྱའོ། །ེ
ཤེས་རབ་བཾ་ཐབས་སོ། །སྤྲུལ་པའི་འཁོར་ལོ་དང། ཆོས་ཀྱི་འཁོར་ལོ་དང། ལོངས་སྤྱོད་ཀྱི་འཁོར་ལོ་དང། བདེ་བ་ཆེན་པོའི་འཁོར་ལོ་དང། ཨཱ་ལི་དང་ཀཱ་ལི་ནི་གཡོན་དང་གཡས་དག་ཏུའོ། །ཱ་ཨའི་ཨའུ་ཨེ་ཨཽ་ཨཾ་ཨ:ཀ་ཙ་ཊ་ཏ་པ
ཡ་ཤ་རྣམས་དང། ཨོཾ་སྤྲུལ་པའི་འཁོར་ལོ་ལའོ། །ོཾ་ཏྲཾ་ཛྲི་བཾ་ཧཱུཾ་ལཾ་མཾ་པཾ་ཧཱུཾ་ཆོས་ཀྱི་འཁོར་ལོ་ལའོ། །ོཾ་ཨཱ་ཨའི་ཨའུ་ཨཻ་ལོངས་སྤྱོད་ཀྱི་འཁོར་ལོ་ལའོ། །ཧཾ་བདེ་བ་ཆེན་པོའི་འཁོར་ལོ་ལའོ། །འོག་ཏུ་བསྲུང་བ་ནི་ཡི་གེ་ཀྵའོ། །ཟླ་བ་དང
ཉི་མ་དག་ནི་འོག་དང་སྟེང་གི་སྒོ་གཉིས་སོ། །གནད་བྱེད་པ་དང་གསེར་གྱི་སྒོ་སྟེ་འགྲོ་བ་དང་འོང་བའོ། །རྣལ་འབྱོར་བཞི་ནི་མྱུར་བ་དང། རླངས་པ་དང། རྣམ་པར་འཆིང་བ་དང། སྣ་ཚོགས་གནས་པ་སྟེ། སྟེང་དང་འོག་ཏུའོ། །ཐང་ཀ་དང།
འོག་ཏུའོ། །ཏིང་ངེ་འཛིན་གསུམ་ནི་དང་པོ་སྦྱོར་བ་དང། དཀྱིལ་འཁོར་རྒྱལ་མཆོག་དང། ལས་རྒྱལ་པོ་མཆོག་གོ་།ལས་གསུམ་ནི་སྤྱན་དྲང་བ་དང། གཤེགས་སུ་གསོལ་བ་དང་བཞུགས་པའོ། །ཡན་ལག་བཞི་ནི་བསྙེན་པ་དང། སྒྲུབ་པ་དང།
སྒྲུབ་པ་ཆེན་པོའོ། །འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་བ་དང། ཀུན་འབྱུང་དང། འགོག་པ་དང། ལམ་མོ་སྡེ་པ་བཞི་ནི་གནས་བརྟན་པ་དང། ཐམས་ཅད་ཡོད་པར་སྨྲ་བ་དང། མང་པོས་བསྐུར་བ་དང། དགེ་འདུན་ཕལ་ཆེན་པོའོ། །
དབྱེ་བ་བཞི་ནི་ཆུ་ངུ་དང། འབྲིང་དང་ཆེན་པོ་དང། ཆེན་པོའི་ཆེན་པོའོ། །སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་པ་དང། རྣམ་པར་སྨིན་པ་དང། རྣམ་པར་འཇོམས་པ་དང། མཚན་ཉིད་དང་བྲལ་བའོ། །དགའ་བ་བཞི་ནི་དགའ་བ་དང། མཆོག་ཏུ
དགའ་བ་དང། ཁྱད་པར་གྱི་དགའ་བ་དང། ལྷན་ཅིག་སྐྱེས་པའི་དགའ་བའོ། །འབྲས་བུ་བཞི་ནི་རྒྱུ་མཐུན་པ་དང། རྣམ་པར་སྨིན་པ་དང། སྐྱེས་བུ་བྱེད་པ་དང། དྲི་མ་དང་བྲལ་བའོ། །བཟང་པོ་བཞི་ནི་བདག་གི་བཟང་པོ་དང། གཞན་གྱི
བཟང་པོ་དང། དུས་ཀྱི་བཟང་པོ་དང། ཡེ་ཤེས་ཀྱི་བཟང་པོའོ། །གདན་བཞི་ནི། བདག་གི་གདན་དང། གཞན་གྱི་གདན་དང། རྣལ་འབྱོར་གྱི་གདན་དང། དེ་ཁོ་ན་ཉིད་ཀྱི་གདན་ནོ། །དེ་ཁོ་ན་ཉིད་བཞི་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དང། ལྷའི་དེ?་ཁོ་ན་ཉིད
དང། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དཀྱིལ་འཁོར་གསུམ་ནི་སྐུའི་དཀྱིལ་འཁོར་དང། གསུང་གི་དཀྱིལ་འཁོར་དང། ཐུགས་ཀྱི་དཀྱིལ་འཁོར་རོ། །ཤེས་རབ་གཉིས་ནི་དམིགས་པ་དང་བཅས་པ་དང་དམིགས་པ
མེད་པའོ། །དམིགས་པ་དང་བཅས་པ་ནི་ཏཱ་ཐའི་དབུགས་དབྱུང་བ་སྟེ། འཁོར་བའོ། །དམིགས་པ་མེད་པ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་སྟེ་མྱ་ངན་ལས་འདས་པའོ། །སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུའོ། །དེ
བཞིན་གཤེགས་པ་ལྔ་ནི། རྣམ་པར་སྣང་མཛད་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་དང། མི་བསྐྱོད་པའོ། །ཕུང་པོ་ལྔ་ནི་གཟུགས་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར།
ཤེས་པའོ། །ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོར་རྟོག་པ་དང། བྱ་བ་སྒྲུབ་པ་དང། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ལྷ་མོ་བཞི་ནི་སྤྱན་མ་དང་མཱ་མ་ཀཱི་དང
གོས་དཀར་མོ་དང། སྒྲོལ་མའོ། །འབྱུང་བ་བཞི་ནི་ས་དང། ཆུ་དང་མེ་དང་རླུང་ངོ། །བྱང་ཆུབ་སེམས་དཔའ་དྲུག་ནི་སའི་སྙིང་པོ་དང། ཕྱག་ན་རྡོ་རྗེ་དང། ནམ་མཁའ་ཨི་སྙིང་པོ་དང། འཇིག་རྟེན་དབང་ཕྱུག་དང། སྒྲིབ་པ་ཐམས་ཅད་རྣམ་པར
སེལ་བ་དང། ཀུན་ཏུ་བཟང་པོའོ། །དབང་པོ་དྲུག་ནི་མིག་ལ་སོགས་པའི་དབང་པོའོ། །ཆུ་ཚོད་ནི་སུམ་ཅུ་རྩ་གཉིས་སོ། །དབྱུ་གུ་ནི་དྲུག་ཅུ་རྩ་བཞིའོ། །འཕོ་བ་ནི་བཅུ་དྲུག་གོ་།ཐུན་ནི་བཞིའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ནི། སྦྱིན་པའི་ཕ
རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་དང
སྨོན་ལམ་དང། སྟོབས་དང། ཡེ་ཤེས་སོ། །འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །ས་བཅུ་ནི། རབ་ཏུ་དགའ་བ་དང། དྲི་མ་མེད་པ་དང། འོད་བྱེད་པ་དང། འོད་འཕྲོ་བ་དང། སྤྱང་དཀའ་བ་དང། མངོན་དུ་གྱུར་པ་དང། རིང་དུ་སོང
བ་དང། མི་གཡོ་བ་དང། ལེགས་པའི་བློ་གྲོས་དང། ཆོས་ཀྱི་སྤྲིན་ནོ། །འདི་དག་ནི་སའི་རིམ་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་འབྲས་བུ་ཡེ་ཤེས་ཀྱི་གནས་སྐབས་ཀྱིས་རྣམས་སོ། །ནང་གི་ས་བཅུ་ནི། གནས་དང་ཉེ་བའི་གནས
དང། ཞིང་དང་ཉེ་བའི་ཞིང་དང། ཚནདོ་ཧ་དང་ཉེ་བའི་ཚནདོ་ཧ་དང། འདུ་བ་དང་ཉེ་བའི་འདུ་བ་དང། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དོ། །ཡུལ་ཉི་ཤུ་རྩ་བཞིའི་དབྱེ་བ་ཐ་དད་དེ། པུལླཱི་ར་མ་ཡ་དང། ཛཱ་ལནདྷཱ་ར་དང། ཨོ་ཊཡཱན་དང། ཨརྦུ
ད་ནི་གནས་སོ། །གོ་དཱ་བ་རི་དང། རཱ་མེ་ཤྭ་རི་དང། དེ་བི་ཀོ་ཊི་དང། མཱ་ལ་བི་ནི་ཉེ་བའི་གནས་སོ། །ཀཱ་མ་རཱུ་པ་དང། ཨོ་ཊེ་ནི་ཞིང་ངོ། །ཏྲི་ཤ་ཀུ་ནེ་དང། ཀོ་ས་ལ་ནི་ཉེ་བའི་ཞིང་ངོ། །ཀ་ལིངྒ་དང། ལཾ་པཱ་ཀ་ནི་ཚནདོ་ཧའོ། །ཀཱཉྩི་དང། ཧི་མཱ་ལ་ཡ་ནི་ཉེ་བའི
ཚནདོ་ཧའོ། །བྲེ་ཏ་པུ་རི་དང། གྲི་ཧ་དེ་བ་ཏཱ་ནི་འདུ་བའོ། །སཽ་རཱཥྚ་བ་དང། སུ་ཝརྞ་དྭཱི་པ་ནི་ཉེ་བའི་འདུ་བའོ། །ན་ག་ར་དང། སིནདྷུ་ནི་དུར་ཁྲོད་དོ། །མ་རུ་དང་ཀུ་ལུ་ཏཱ་ནི་ཉེ་བའི་དུར་ཁྲོད་དོ། །འདིར་རིམ་པ་ཇི་ལྟ་བར་མགོ་དང། སྤྱི་གཙུག་དང་རྣ་བ
གཡས་པ་དང། ལྷག་པའི་རྒྱབ་དང། རྣ་བ་གཡོན་པ་དང། སྨིན་མཚམས་དང། མིག་གཉིས་དང། དཔུང་བ་དག་དང། མཚན་ཁུང་དག་དང། ནུ་མ་གཉིས་དང། ལྟེ་བ་དང། སྣ་རྩེ་དང། ཁ་དང། ལྐོག་མ་དང། སྙིང་ག་དང། འདོམས་བར
དང་རྟགས་དང། བཤང་ལམ་དང། བརླའི་ཕྱོགས་དང། བྱིན་པ་གཉིས་དང། སོར་མོ་རྣམས་དང། རྐང་པ་གཉིས་ཀྱི་བོལ་དང། མཐེ་བོང་དག་དང། པུས་མོ་དག་ཏུ་ལྟའོ། །པུལླཱི་ར་མ་ལ་ཡར་དབང་བྱེད་དོ། །ཛཱ་ལནདྷ་རར་ལོངས་སྤྱོད་དོ། །ོཌཡཱན
དུ་འཇུག་གོ་། ཛཱ་ལནདྷ་རར་དབང་བྱེད་དོ། །ོ་ཌཡཱན་དུ་ལོངས་སྤྱོད་དོ། །རྦུ་ཏར་འཇུག་གོ་།ོ་ཌཡཱན་དུ་དབང་བྱེད་དོ། །རྦུ་དང་ལོངས་སྤྱོད་དོ། །གོ་དཱ་བ་རིང་འཇུག་གོ་།རྦུ་དར་དབང་བྱེད་དོ། །གོ་དཱ་བ་རིར་ལོངས་སྤྱོད་དོ། །རཱ་མེ་ཤྭ་རིར་འཇུག་གོ་།
གོ་དཱ་བ་རིར་དབང་བྱེད་དོ། །རཱ་མེ་ཤྭ་རིར་ལོངས་སྤྱོད་དོ། །དི་བི་ཀོ་ཊར་འཇུག་གོ་།རཱ་མེ་ཤྭ་རིར་དབང་བྱེད་དོ། །དེ་བི་ཀོ་ཊར་ལོངས་སྤྱོད་དོ། །མཱ་ལ་བེར་འཇུག་གོ་།དེ་བི་ཀོ་ཊིར་དབང་བྱེད་དོ། །ཀ་ལིངྒར་འཇུག་གོ་།མཱ་ལ་བེར་དབང་བྱེད་དོ། །ཀཱ་མ་རུ་པར་ལོངས
སྤྱོད་དོ། །ོཾ་དྲེར་འཇུག་གོ་།ཀཱ་མ་རུ་པར་དབང་བྱེད་དོ། །ོ་དྲེར་ལོངས་སྤྱོད་དོ། །ཏྲི་ཤ་ཀུ་ནེར་འཇུག་གོ་།ོ་དྲེར་དབང་བྱེད་དོ། །ཏྲི་ཤ་ཀུ་ནེར་ལོངས་སྤྱོད་དོ། །ཀོ་ས་ལར་འཇུག་གོ་།ཏྲི་ཤརྐུ་ནེར་དབང་བྱེད་དོ། །ཀོ་ས་ལར་ལོངས་སྤྱོད་དོ། །ཀ་ལིངྒར་འཇུག་གོ་།
ཀོ་ས་ལར་དབང་བྱེད་དོ། །ཀ་ལིངྒར་ལོངས་སྤྱོད་དོ། །ལམྦཱ་ཀར་འཇུག་གོ་།ཀ་ལིངྒར་དབང་བྱེད་དོ། །ལམྦཱ་ཀར་ལོངས་སྤྱོད་དོ། །ཀཉྩིར་འཇུག་གོ་།ལམྦར་ཀར་དབང་བྱེད་དོ། །ཀཱཉྩིར་ལོངས་སྤྱོད་དོ། །ཧི་མཱ་ལ་ཡར་འཇུག་གོ་།
ཀཱཉྩིར་དབང་བྱེད་དོ། །ཧི་མཱ་ལ་ཡར་ལོངས་སྤྱོད་དོ། །ཡི་དགས་ལྷག་གནས་སུ་འཇུག་གོ་།ཧི་མཱ་ལ་ཡར་དབང་བྱེད་དོ། །གྲི་ཧ་དེ་བ་ཏཱར་ལོངས་སྤྱོད་དོ། །ཡི་དགས་ལྷག་གནས་སུ་འཇུག་གོ་།ཡི་དགས་ལྷག་གནས་སུ་དབང་བྱེད་དོ། །གྲི་ཧ་དེ་བ་ཏཱར་ལོངས
སྤྱོད་དོ། །སཽ་རཱཥྚར་འཇུག་གོ་།གྲི་ཧ་དེ་བ་ཏཱར་དབང་བྱེད་དོ། །སཽ་རཱཥྚར་ལོངས་སྤྱོད་དོ། །སུ་ཝརྞ་དྲཱི་པར་འཇུག་གོ་།སཽ་རཱཥྚར་དབང་བྱེད་དོ། །སུ་ཝརྞ་དཱི་བར་ལོངས་སྤྱོད་དོ། །ན་ག་རར་འཇུག་གོ་།སུ་ཝརྞ་དྭཱིར་དབང་བྱེད་དོ། །ན་ག་རར་ལོངས་སྤྱོད་དོ།།
སིནདྷུར་འཇུག་གོ་། ནག་རང་དབང་བྱེད་དོ། །སིནདྷུར་ལོངས་སྤྱོད་དོ། །མ་རུའི་ཡུལ་དུ་འཇུག་གོ་།སིནདྷུར་དབང་བྱེད་དོ། །མ་རུའི་ཡུལ་དུ་ལོངས་སྤྱོད་དོ། །ཀུ་ལུ་ཏར་འཇུག་གོ་།མ་རུ་ཏཱ་འཇུག་གོ་།མ་རུའི་ཡུལ་དུ་དབང་བྱེད་དོ། །ཀུ་ལུ་ཏཱར་ལོངས་སྤྱོད
ཡན་ལག་ཐམས་ཅད་ལ་འཇུག་གོ་། གནས་འདི་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཇི་ལྟ་བར་རིམ་པ་ཇི་ལྟ་བཞིན་དུ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་སྐྱེ་ཞིང་གནས་པ
འཇིག་པའོ། །འདི་རྣམས་གཙོ་བོ་ཇི་ལྟ་བུར་ཨོ་ཌཡཱན་དང་གནད་འབྱེད་པའི་སྒོ་ནས་རྡོ་རྗེ་མཁའ་འགྲོ་མ་བསྐུལ་ཞིང་ཛཱ་ལནདྷ་རར་ནི་བདེ་བ་ཆེན་པོའི་ཡེ་ཤེས་དང་འདྲེས་ཏེ། ཕྱིས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་རྣམས་སྡུད་པའོ། །
འདི་ཉིད་ལ་དཀྱིལ་འཁོར་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་བཟླས་པ་དང་བསམ་གཏན་དང་བསྒོམ་བྱ་དང་གཟུགས་དང། རྡུལ་ཚོན་དགྱེ་བ་ལ་སོགས་པར་རྟོགས་པར་བྱའོ། །རྒྱུད་ཀྱི་རིམ་པའོ།། །།བསྲུབ་བྱ་སྲུབ་བྱེད་ཡང
ད་ཨག་པར་སྦྱོར་བས་ཡེ་ཤེས་ཀྱི་མེ་ལས་རླུང་གིས་སླར་ཏེ་ལྟེ་བའི་དཀྱིལ་འཁོར་དུ་དུ་བར་འཐུལ་བ་དང་གནས་པ་དང་གསལ་བ་དག་གི་དམ་ཚིག་གི་འཁོར་ལོར་སོན་པའི་བདག་གི་དེ་བཞིན་གཤེགས་པ་རྣམས་བསྲེགས་པས་ལོངས་སྤྱོད་ཀྱི་འཁོར་ལོ་ཆུད
པའི་ཐབས་ལ་བསྐོར་བར་བྱ་སྟེ། མཛོད་སྤུར་སོར་ནས་གནད་འབྱེད་པའི་སྒོ་ཨོ་ཌཡཱན་གྱི་མིང་ཅན་བྱུང་ནས་འཇིག་རྟེན་གྱི་ཁམས་རྣམས་སུ་སོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་བསྡུས་ཏེ་སྤྱི་གཙུག་གི་བུ་གནས་སོན་ནས་གསེར་སྒོ་ཛཱ་ལནདྷ
ར་ཅན་ནས་ཞུགས་ཏེ། སྔ་མ་ལྟར་དམ་ཚིག་གི་འཁོར་ལོ་བསྲེག་གོ་།འབྱུང་བ་དང་འཇུག་པ་ནི་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི་ཚད་ཀྱི་ཕྱིར་རོ་ཞེས་བྱའོ། །སྔགས་ཀྱི་རིམ་པའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས
ཀར་ཕྱིན་པའི་དམ་ཚིག་གི་འཁོར་ལོ་བསྡུས་ཏེ། ཆོས་དབྱིངས་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་ལར་བསྟན་པའི་སྒོ་ནས་བྱུང་སྟེ་འོ་མའི་རྒྱུན་ལྟར་འོངས་ནས་སྒོ་དེ་ཉིད་ནས་ཞུགས་ཏེ་མཚམས་ཀྱི་ནང་དུ་སོན་པའི་བུ་ག་ནས་ཞུགས་ཏེ་སོ་མཚམས་ཀྱི་ནང
དུ་སོན་པའི་བུ་ག་ནས་ལོངས་སྤྱོད་ཀྱི་འཁོར་ལོ་རང་ལ་བོས་སྟེ་བསྲེགས་པའི་དེ་བཞིན་གཤེགས་པ་དམ་ཚིག་གི་དཀྱིལ་འཁོར་དུ་སོན་པ་རྣམས་ལ་དགའ་བ་བསྐྱེད་ནས་ལྟེ་བའི་དཀྱིལ་འཁོར་དུ་གནས་པ་ཡིན་ནོ། །འདིར་ཡང་འབྱུང་བ་དང་འགྲོ་བ་དང
འོང་བ་ཡང་མི་མཐོང་སྟེ། སྐྲའི་རྩེ་མོ་བརྒྱ་སྟོང་གི་ཚད་ཀྱི་ཕྱིར་རོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱའོ། །ཡེ་ཤེས་ཀྱི་རིམ་པའོ།། །།ད་ནི་རྒྱུད་དང་སྔགས་དང་ཡེ་ཤེས་སྤངས་པ་སྒོ་གཉིས་འགྲོ་འོང་ལས་རྣམ་པར་གྲོལ་བ་ཕུང་པོ་དང
ཁམས་དང་སྐྱེ་མཆེད་དང་བྲལ་བ། ཡུལ་རྣམས་ལས་པར་ལོག་པ། མུན་ནག་སྟུག་པོ་ལ་ནོར་བུ་ཆུ་ཤེལ་ལྟར་འོང་གསལ་བ་རྡུལ་དང་བྲལ་བ་སྟོང་པའི་མཆོག་།མཚན་མ་མེད་ཅིང་སྨོན་པ་མེད་པའི་ཡེ་ཤེས། རང་གཞན་རིག་པ་དང་བྲལ་བ
མཆོག་ཏུ་ཞི་བ། འདོད་ཆགས་དང་ཆགས་བྲལ་འདྲེས་པ། མར་ལ་མར་བཞག་པ་ལྟར་མྱ་ངན་ལས་འདས་པ། བདག་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ། བཙུན་མོའི་བྷ་ག་ལ་ནི་བདེ་བ་ཅན་པའོ། །བཞུགས་སོ་ནི་གནས་དང
ལྡན་པའོ། །ཐམས་ཅད་ཀྱང་ཡིན་ལ་དེ་བཞིན་གཤེགས་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཨོཾ་ཨཱ:ཧཱུཾ་ཞེས་པའི་ཡི་གེ་གསུམ་མོ། །དེ་རྣམས་ཀྱི་རྡོ་རྗེ
ནི་བྱང་ཆུབ་ཀྱི་སེམས་རྣམས་སོ། །བཞུགས་སོ་ནི་གནས་དང་ལྡན་པའོ། །དེ་རྣམས་ཀྱི་བཙུན་མོ་ནི་མི་ལ་སོགས་པའི་གཟུགས་སུ་གནས་པའོ། །དེའི་བྷ?་ག་དེ་ལ་ཞེས་བྱ་བའི་དོན་ཏོ། །ེ་བཾ་ཞེས་བྱ་བའི། ཨེའི་ཆ་བྱད་བཟང་པོ་གང། །དབུས་སུ་བཾ་གྱིས
རྣམ་པར་བརྒྱན། །བདེ་བ་ཀུན་གྱི་གནས་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་།དེ་ཡི་སྤྲུལ་པའི་སྐུ་བདག་གིས། །ལོངས་སྤྱོད་རྫོགས་དེ་ཐོས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན
མོའི་བྷ་གར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ད་ལྟར་ཡང་བཞུགས་པའོ། །དུས་གཅིག་ན་ཞེས་བྱ་བ་ལན་ཅིག་གི་ཚེ་དེའི་དུས་གཅིག་ན་སྟེ་འགོག་པའི་དུས་དང་དཔྱིད་ཀྱི་དུས་ཞེས་བྱ་བ་སྟེ། ཇི་སྲིད་དུ་གཡས་དང་གཡོན་པའི་རླུང་སྣ
སྤུ་བསུ་ཡོན་པའི་རླུང་འགོག་པ་ན་ཞེས་བྱ་བ་ཐ་ཚིག་གོ་། ཆོས་གང་རྒྱུས་འབྱུང་རྒྱུ་དེ་དག་།དེ་བཞིན་གཤེགས་པ་ཡིས་ནི་གསུངས་པ་སྟེ། །དེ་དག་ལ་ནི་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་ཡིས་ནི་འདི་སྐད་གསུངས། །སྲིད་པ་ངོ་བོ་ཉིད
ཀྱིས་བདག་། ངོ་བོ་ཉིད་ཀྱིས་སྲིད་དྲལ་བྱས། །དེ་ལྟར་བྱུང་བའི་རང་བཞིན་ལས། །འདའ་བར་དཀའ་བར་བྱས་པའི་ཕྱིར། །ཞེས་བྱའོ། །གསང་བའི་རིམ་པའོ། །དེ་བཞིན་གཤེགས་པའི་གསུང་རབ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས
བསྟན་པའི་རིམ་པ་བཞི་པོའི་དོན་འདི་ནི་སྤྱོད་པའི་བརྟུལ་ཞུགས་པ། སློབ་དཔོན་ནག་པོ་པས་མཛད་པའོ། །རིམ་པ་བཞི་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་སུ་མ་ཏི་ཀཱིརྟིའི་ཞལ་སྔ་ནས་དང་དགེ་སློང་གྲགས་པ་ཤེས་རབ་ཀྱིས
བསྒྱུར་ཏེ། ཡུལ་དབུས་ཀྱི་དཔེ་དང་གཏུགས་པའོ། །གང་ཕྱིར་དམ་པ་རྣམས་ཀྱི་ཐུགས། །སྟོན་ཀའི་ཟླ་འོད་དང་མཚུངས་པས། །བདག་གིས་ཉེས་པར་སྣང་ན་ཡང། །རང་གི་བ་བཞིན་བཟོད་པར་གསོལ།། །།
*།
CLOSE WINDOW