CLOSE WINDOW

N905: འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་པ
Wyliee-texts based on the ACIP/ALL Input

། །།མྱུར་དུ་སྒྲོལ་བའི་གྲུ་ལྟ་བུར་ཆོས་འདི་གྱུར་ཅིག། །།འཇམ་དཔལ་མཚན་ཇོད་གྱི་ཕ་ཡོན་བཞུག་??། །།*། །རྒྱ་གར་སྐད་དུ། ཨཱ་མྱ?་མཉྫ?་ཤྲཱི་ནཱ་མ ?་ལི་ཏི་མྱཱ་ནུ་སཾ་སཱི་བྲཏྟི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། ནམ་མཁའ་ལས་བྱུང་རང་བྱུང པའི། །གཟུགས་བརྙན་མ་ལུས་འཆང་བའི་མཆོག། །འགྲོ་བའི་མགོན་ལ་ཕྱག་འཚལ་ལོ། །གང་གིས་དེ་དོན་རྟོགས་འདོད་བས། །དམ་པའི་ཞལ་ལས་བྱུང་བ་ཡི། །བདུད་རྩིས་མི་ཤེས་ཟུག་རྡུ་འཇོམས། །དེ་ཕྱིར་འདི་ནི་བྲི་བང་བྱ། །འདིར་མཁས་པ་དང་རྒྱལ ?་ཡིགས་དང་སྒྲ་དག་གིས་སེམས་ཁེངས་ནས་འགྲེལ་བྱས་པ་དག་ཡོད་མོད་ཀྱི། འོན་ཀྱང་དམ་པའི་གདམས་དག་དང་བྲལ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པའི་དོན་ནི་ཤེས་པར་འགྱུར་བ་དཀོན། པའི་ཕྱིར་ཟླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གདམས་དག་གིས་མཚན་ཡང་དག་པར་བརྗོད་པའི་གཞུང་གི་མདུད་པ་དགྲོལ་པར་བྱའོ། །དེ་ཡང་སྔར་མཚན་ཡང་དག་པར་བརྗོད་པ། ཆིག་གི་བདག་པོ་བཅོམ་ལྡན་འདས་ཀྱིས་ཆིག་སུ་བཅད་པའི ཚུལ་གྱི་དོན་གསར་སྔགས་ཀྱི་རྒྱལ་པོ་དྲུག་དང་ལྡན་པར་གསུངས་ལ། འདིར་དེའི་དོན་གསལ་བར་དགྲོལ་བའི་ཕྱིར་ཞུ་བ་པོ་ལ་བོད་པ་མཛད་དེ། ཀྱེ་ལག་ན་རྡོ་རྗེ་འཆང། ཞེས་པ་བྱ་བ་ལ་སོད་པ་ཕན་ཡོན་ཀྱི་སྐབས་ལྔིད?་བཀབ་སྩལ་ཏོ། །དེ་ལ་འཁོར་ལོ་དང་པོའི་ཕན་?? ཆེ་དང་པོ་ཞུས་པའི་སྐྱབས་དང། ལན་གནང་བའི་སྐབས་དང། རིགས་དྲུག་ལ་གཟིགས་པའི་སྐབས་དང། སྒྱུ་འཕྲུལ་དྲ་བའི་སྐབས་དང། བྱང་ཆུབ་སེམས་རྡོ་རྗེའི་སྐབས་དང། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐབས་རྣམས་ཉེ་ཐར་འགྲེལ་ཏོ། །གཞན་འཁོར ལོ་གཉིས་པའི་ཕན་ཡོན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་འགྲེལ་ཏོ། །འཁོར་ལོ་གསུམ་པའི་ཕན་ཡོན་གྱིས་ནིས་སོར་རྟོག་པའི་ཡེ་ཤེས་ཀྱི་སྐབས་འགྲེལ་ཏོ། །འཁོར་ལོ་བཞི་པའི་ཕན་ཡོན་གྱིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐབས་འགྲེལ་ཏོ། །འཁོར ལོ་ལྔ་པའི་ཕན་ཡོན་གྱིས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྐབས་འགྲེལ་ཏོ། །དེ་ལ་ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ནི་གང་གི་ལག་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་མཚོན་པར་བྱེད་པའི་རྡོ་རྗེ འཛིན་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ། །མཚོན་པར་བྱ་བའི་རྡོ་རྗེ་བསྟན་པའི་ཕྱིར་རྡོ་རྗེ་ཆང་ཞེས་གསུངས་སོ། །རྡོ་རྗེ་རྗེ་འཆང་ཞེས་པ་ནི་འདིར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་སེམས་བསྐྱེད་ནས། བདག་དང་གཞན་གྱི་དོན་མཐར་ཕྱིན་པའོ། །དེ་བ་ཕྱིར ལག་ན་རྡོ་རྗེའི་ལག་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་ནས། འཇིག་རྟེན་གསུམ་གྱིས་གདུལ་བར་དཀའ་བ་འདུལ་བའི་དོན་དུ་ཁྲོ་བོའི་ཞལ་སྤྱན་དང་ཕྱག་ཞབས་ཅན་སྨིན་མ་ཁྲོ་གཉེར་ལ་སོགས་པ་དང། ཁྲོ་བོའི་ཉམས་རྣམས་དང་ལྡན་པར བྱས་ཏེ་རྡོ་རྗེ་ནམ་མཁའ་དབྱིངས་སུ་འཕེན་ཅིང་འཛིན་པར་བྱེད་པའོ། །དེ་ཡང་གདུལ་བྱ་གཅིག་ལ་སྐུ་དེ་ལྟ་བུ་གཅིག་བྱུང་ནས། འདུལ་བ་མ་ཡིན་གྱི་དཔག་ཏུ་མེད་ཅིང་བགྲང་བའི་མཛའ་ལས་འདས་པ་དུ་མ་འདུལ་བར་བྱེད་པའི། །དེ་ལྷ་བུའི་ལག ན་རྡོ་རྗེས། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་ཏེ་ཞེས་པ་ནས། བཏུད་དེ་སྤྱན་སྔར་འདུག་ཅེས་བའི་བར་གྱིས་གསོལ་བ་བཏབ་པ་གང་ཡིན་པ་དང། བཅོམ་ལྡན་འདས་ཤཱཀྱ ཐུབ་པ་དས་ཀྱང་སྣོད་དུ་རུང་བར་བྱ་བའི་ཕྱིར་འོད་ཟེར་གྱིས་འགྲོ་བའི་རྒྱད་སྦྱངས་ནས་ཁྱོད་ལ་ཉོན་ཅིག་པར་གདམས་ཏེ། སྣོད་གང་ཟག་གི་རིགས་དང། བཅུད་ཐེག་པའི་རིགས་ལ་གཟིགས་ནས། །ཐབ་སྒྱུ་འཕྲུལ་དྲ་བས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི དབྱིངས་རང་བཞིན་འོད་གསལ་བ་དེ་ལ་གློ་བུར་གྱི་དྲི་མས་བསྒྲིབས་པས་སྒྲིབ་པ་དེ་བསལ་བའི་ཕྱིར་ཡེ་ཤེས་ལྔའི་དོ་བོ་ཉིད་དུ་མཚན་བརྗོད་པ་འདི་ནི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྤྱི་གཟུགས་ཞེས་བྱ་ཟ་ཏེ། འདི་ཞེས་པ་ནི་དེ་ལྷར་བཤད མ་ཐག་?། །ནི་ཞེས་པ་ནི་བརྗོད་བྱ་དེས་པར་སྙོན་པའི་སྒྲའོ། །བཅོམ་ལྡན་འདས་ཞེས་པ་ནི་ཕུང་པོ་ལ་སོགས་པའི་བདུད་བཞིའི་དཔུང་འཛིག་པར་བྱེད་པས་ནའོ། །ལྡན་ཞེས་པ་ནི་ལེན་པ་དྲུག་དང་ལྡན་པའོ། །འདས་ཞེས་པ་ནི་འཇིག་རྟེན་ལས འདས་པའོ། །ཡེ་ཤེས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །སྤྱི་གཟུགས་ཞེས་པ་ནི་ཡེ་ཤེས་ལྔའི་ངོ་བོ་ཉིད་དུ་རོ་གཅིག་པའི་སྐུའོ། །དོ་ཁོ་ན་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུར་བསྟན་པའི་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ཡེ་ཤེས་ཀྱི་སྐུ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པའང་ཡིན་ཡི་ཤེས་ཀྱང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སོ། །དེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་རང་བྱུང་ནི་དེའི་ཞེས་བའོ། །དེ་ནི དངོས་པོ་བརྗོད་པར་བྱ་བའོ། །དེ་རྗོད་པར་བྱེད་པ་ནི་མཚན་གྱི་ཐ་སྙད་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང། འབྲེལ་བའི་མཚན་ཡང་དག་པར་བརྗོད་པ་ཞེས་གསུངས་ཏེ། འཇམ་དཔལ་ཞེས་པ་ནི་དངོས་པོ་དང་སྟོང་བའི་ཟུག་རྡུ་དང་བྲལ་བས ན། འཇམ་པའོ། །དཔལ་ནི་དེ་ཁོང་དུ་ཆུང་ནས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །ཡེ་ཤེས་སེམས་དཔའ་ཞེམ་པ་ལ་ཡེ་ཤེས་ནི་རང་བྱུང་གི་ཡེ་ཤེས་སོ། །སེམས་དཔའ་ནི་དེའི་དོ་བོ་བོ་ཉིད་དུ་གྱུར་པའོ། །དང་ཞེས་པ་ནི་ཉེ་པར་སྡུད་པའི་སྒྲའི། །དོན་ཉེ་བར བསྡུ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱ་ཐུགས་ཡང་དག་བའི་ཡེ་ཤེས་བརྗོད་པ་བྱ་བ་ལ་རྗོད་བར་བྱེད་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་མཚན་ཕྱིན་ཅི་མ་ལོག་པར་བརྗོད་པའོ། །དེ་བས་ན་བརྗོད་པར་བྱ་བ་དང། རྗོད་པར་བྱེད་པའི་ཐབས་དང་ཐབས་ལས་བྱུང བའི་འབྲེལ་བའི་མཚན་ཡང་དག་པར་བརྗོད་པ་ཞེས་པའོ། །མཚན་ཡང་དག་པར་བརྗོད་པས་བརྗོད་བྱ་ཁོང་དུ་ཆུད་ནས་སངས་རྒྱས་པ་ནི་བརྗེད་བྱའི་དགོས་པའོ། །དེ་སྐད་དུ་ཡང། དེའི་བརྗོད་བྱ་བརྗོད་བྱེད་དག། འབྲེལ་དང་དགོས་པ་ཤེས་པར་བྱ། །ཞེས བྱ་བས་སོ། །དེ་ལྟར་དགོས་འབྲེལ་དུ་བཤད་ནས་མན་ངག་དུ་བསྟན་པར་བྱ་སྟེ། འདི་ནི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྤྱི་གཟུགས་ཞེས་གསུངས་ཏེ། བཅོམ་ལྡན་འདས་ནི་གཙུག་ཏོར་གྱི་འཁོར་ལོ་ལ་གནས་པའི་ཧི་དོ། །དེ་ཁམས བཞིའི་?་པས་བཅིངས་ཏེ་མི་འཇག་པ་ལས་ཙཎ་ཌི་ལ་བཞུ་ནས་འབྱུང་བ་བཞིའི་ནུས་པ་བཅོམ་པ་ནི་བཅོམ་པའོ། །ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས། གཉིས་སུ་མེད་པར་བྱས་པས་ན་ལྡན་ན། །རང་གི་གནས་ནས་བབས་པས་ན་འདས་པའོ། ། ཡེ་ཤེས་ཞེས་བ་ནི་དེ་ཉིད་ཡེ་ཤེས་ལྔའི་ངོ་བོ་ཉིད་དོ། །དེ་སྐད་དུ་ཡང། དེ་ཉིད་མེ་ལོང་ཡེ་ཤེས་ལྡན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཨ་བ་དྷཱུ་ཏཱི་ཞེས་བྱ་བའི་རྩ་ཆེན་པོའི་ཡར་སྣ་གཙུག་གི་གནས་ཚངས་པའི་བུ་ག་ལ་ཐུག་པར་གནས ལ། འབྱུང་བ་ནམ་མཁའ་དང་རྣམ་པར་ཤེས་པ་འབབ་པའོ། །དེའི་ཤར་གྱི་རྩ་ནས་རླུང་དོ། །ལྷོ་ཕྱོགས་ནས་མེའོ། །ནུབ་ཕྱོགས་ནས་སའོ། །བྱང་ཕྱོགས་ནས་ཆུའོ། །དེ་ཡང་རླུང་ནི་འདུ་བྱེད་དོ། །མེ་ནི་འདུ་ཤེས་སོ། །ས་ནི་གཟུགས་སོ། །ཆུ་ནི་ཚོར་བའོ། །དེ་བཞིན དུ་སྐྱེ་མཚོད་རྣམས་ཀྱང། །ནམ་མཁའ་ནི་ཐིག་ལེ་ཆེན་པོ་ཡི་གེ་མེད་ཅེས་པའོ། །དེའོ་དབུས་ན་ཧ་ངོ། །གཡས་ན་ཐིག་ལེ་ཟླ་བའོ། །གཡོན་ན་ཚེག་དྲག་ཉི་མའོ། །རྒྱབ་ན་སྒྲ་གཅན་ནོ། །མདུན་ན་དུས་ཀྱི་མེ་སྟེ། སྟོང་པ་ཆེན་པ་ཡི་གེ་ལྔ། །ཾ་ཡཾ་རཾ་ཁཾ་ལཾ་མོ། ད་ཨེའི་ཡོན་ཏན་གྱིས་ཨ་ཨཱ་ཨཻ་ཨའི་ཨཽ་ཨའུ་ཨར་ཨཱར་ཨལ་ཨལ་ཨེ་ཨཻ་ཨོ་ཨོཾ་ཨཾ་ཨཀྱི་ཐིག་ལ་སྤྲོས་པ་ནི། ཨ་ཨ་ཨཱ་ཨཱ་ཨཻ་ཨ་ཨཻ་ཨའི་ཨའི་ཨཽ་ཨཽ་ཨའུ་ཨའིུ་རི་རི་རཱི་ལི་ལཱི་ཨེ་ཨེ་ཨ་ཨཻ་ཨོ་ཨོ་ཨཽ་ཨཽ་ཨཾ་ཨཱཔའི་རྩ་རྣམས་ཀྱི་བཟུང་བ་སྟེ། རྩ་འདི་རྣམས་ལོ་བཅུ་དྲུག་ལ་གང། དེ་ནས་ཡང་བདེ་བ་ཆེན་པོའི་གནས་སུ། །འབབ་ཅིད་རྒྱུ་མཐུན་པས་སྐྱེད་པར་བྱེད་པའོ། །ལོ་རེ་ལ་ཟླ་བ་བཅུས་སི་ཀྱི་ས་རྗོད་པར་བསྟན་པའི་ཕྱིར་མ་ནིང་སྤངས་པས་བསྟན་ཏོ། ། ཨཱ་ཨཻ་ཨའི། །ཽ་?་ཨེ་ཨེ་ཨཽ་ཨཽ ་ཨི་སདེ་ཡང་ནང་དུ་ནི་ཉིན་གཞག་གཅིག་ལ་ལོ་ཞེས་པའོ། །འདིར་རང་བ་དང་ཐུང་བ་ནི་ཉིན་མོ་དང་མཚན་མོའོ། །ཉིན་མཚན་གཅིག་ལ་དུས་དྲུག་ཏུ་ཕྱེ་བའི་རིམ་པས་དུས་རེ་རེ་ལ་ཟླ་བ་གཉིས་གཉིས་ཤེས་པ་ནི་ཐུན་ཟུར་རེང་བྱས་པའོ། །གསུམ་གསུམ་དུ་ཕྱེ་པ་ནི བཞིའོ། །བཞི་བཞིར་ཕྱེ་ནི་གསུམ་མོ། །དྲུག་དྲུག་ཏུ་ཕྱེ་བ་ནི་གཉིས་སོ། །།དེ་ནི་ཟླ་བ་བཅུ་གཉིས་ལས་ཕྱེ་བ་དང་བསྡུས་པའོ། །གཞག་ཏུ་བརྩིས་པ་ནི་ཆུ་ཚོད་ལ་གོ་བར་བྱ་སྟེ། མ་ནང་མ་བོར་པར་ཉིས་འགྱུར དུ་བྱས་པའོ། །ཡང་ཚས་གཅིག་ལ་ཨ། གཉིས་ལ་ཨོཾ། གསུམ་ལ་རཾ། བཞི་ལ་ཨཾ། ལྡ་ལ་ལཾ། དྲུག་ལ་ཨོཾ། བདུན་ལ་ཨོཾ། བརྒྱད་ལ་ཨར། དགུ་ལ་ཨོཾ། བཅུ་ལ་ཨཾ། བཅུ་གཅིག་ལ་ཧཾ། བཅུ་གཉིས་ལ་ཡཾ། བཅུ་གསུམ་པ་ལ་རཾ། བཅུ་བཞི་པ་ལ ཝཾ། བཅོ་ལྔ་པ་ལ་ལཾ་མོ། །འདི་ནི་མུན་པ་དང། རྡུལ་དང། སྙིང་སྟོབས་ཀྱི་དབྱེ་བས་ཆུང་དུ་དང། འབྲིང་དང། ཆེན་པོའི་དབྱེ་བའོ། །ཚེས་གཅིག་བྱིས་པ། བཅུ་གཉིས་གཞོན་ནུ། །བཅུ་གསུམ་པ་ལང་ཚོ། བཅུ་བཞི་པ་རྒན་པོ། བཅོ་ལྔ་པ ཡོངས་སུ་སྨིན་པ་སྟེ་རྫོགས་པར་བརྗོད་པའོ། །དེ་བཞིན་དུ་ནག་པོའི་ཕྱོགས་ལ་ཡང་སྟེ། ཚེས་བཅུ་དྲུག་ལ་ལཱ། བཅུ་བདུན་ལ་ཝཱ། བཅོ་བརྒྱད་ལ་རཱ། བཅུ་དགུ་པ་ལ་ཡཱག་སུམ་པ་ལ་ཨཱ་རབཟློག་པར་ཤེས་པར་བྱ་སྟེ། སྙིང་སྟོབས་དང། རྡུལ་དང། མུན་པའི་དབྱེ་བས་ཆེན་པོ་དང། འབྲིང་དང། ཆུང་དུས་ཚེས་གཅིག་ལ་བྱིས་པ། གཉིས་ལ་གཞོན་ནུ། གསུམ་ལ་ལང་ཚོ། །བཅུ་བཞི་ལ་རྒན་པོ། །གནམ་སྟོང་ལ་ཡོངས་སུ་སྨིན་པར འགྱུར་བའོ། །དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་འཕེལ་བ་ན། སའི་ཁམས་ཀྱི་མུན་བ་འཇིག་ཅིང། རླུང་གི་ཁམས་ཀྱི་སྣང་བ་འཕེལ་ཏེ། དེ་བཞིན་དུ་རླུང་གི་མུན་པ་བྲི་བ་ནས། སའི་ཁམས་ཀྱི་སྣང་བ་འཕེལ་བའི་བར་དུ་རིག་པར་བྱའོ། །དཀར་པོའི ཕྱོགས་ལ་ནི་ཐིག་ལེའོ། །ནག་པོའི་ཕྱོགས་ལ་ནི་ཚེག་དྲག་གོ། །ཉ་ན་གནམ་སྟོང་གི་བར་མཛའ་དག་ལ་ནི་སྒྲ་གཅན་གྱིས་འཛིན་པའི་དུས་གཉིས་སོ། །འདིར་ལོ་བཅོ་ལྔ་པའི་གཡས་དང་གཡོན་ནི་འཕེལ་བ་དང་འགྲིབ་པའི་ཕྱོགས་དག་སྟེ། གཡས་བའི་རྐང་པའི་མཐེ་བོ ཆེ་ནས་སྤྱི་བོའི་ཁམས་ལ་ཐུག་པ་དང། ཁམས་ནས་གཡོན་བའི་མཐེ་བོ་ཚོའི་བར་དུ་རིག་པར་བྱའོ། །གཟུགས་ཞེས་པ་ནི་ལོངས་སྤྱོད་ཀྱི་འཁོར་ལོའི་ཧཱུཾ་གི་ས་བོན་ལ་བྱ་སྟེ། གོང་དུ་བདེ་བ་ཆེན་པོའི་འཁོར་ལོར་བྱང་ཆུབ་ཀྱི་སེམས་ཀྱི་བཀོད་པ་བསྟན་ནས། འདིར་རླུང་གི བཀོད་པ་བསྟན་པས་ན། ཧཱུཾ་བཤད་པར་བྱའོ། །དེ་ཡང་གཟུགས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། མིག་གི་ཡུལ་དུ་བྱས་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་དུ་ཡུལ་དང་ཡུལ་ཅན་རྣ་བ་དང་སྒྲ་དང། སྣ་དང་དྲི་དང། ལྕེ་དང་རོ་དང། ལུས དང་རེག་བྱ་སྟེ། ཡན་ལག་གི་རླུང་བཅུ་ལ་དགོངས་ནས། དེ་རྣམས་ལོངས་སྤྱོད་པ་དང། ལོངས་སྤྱོད་པ་བྱེད་བའི་མཚན་ཉིད་ཅན་སྔགས་ཀྱི་ཐེག་པར་ཐབས་ཁྱད་པར་ཅན་དུ་གསུངས་སོ། །འདིར་ལོངས་སྤྱོད་ཀྱི་འཁོར་ལོ་ནི་མགྲིན་པའི་གནས་སུ་གསུངས ལ?་དག་གི་སྒོ་རྡོ་རྗེ?་ཞེས་པའོ། །དག་གི་སྒོ་ནི་སྒྲ་འབྱུང་བའོ། །ལུས་མ་གྲུབ་བར་དག་འབྱུང་བ་ནི་མེད་དེ་ལུས་ཇི་ལྟར་གྲུབ་ཅེ་ན། དེ་ཡང་སངས་རྒྱས་ཀུན་གྱི་སྐུ་ཆེ་བ། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པ་སངས་རྒྱས་ཀུན་ནི་རྣམ པར་སྣང་ཡང་ད་ལ་སོགས་བ་སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་བས་སོ། །སྐུ་ཆེ་བ་ནི་བརྟན་པ་དང་གཡོ་བ་མ་ལུས་བའི་བདག་ཉིད་ཅན་སྐུ་གཅིག་ཏུ་གྱུར་བའོ། །དེ་ཡང་ཇི་ལྟར་ཞེ་ན། ཨ་ཞེས་བ་དང། ཡ་ཞེས་པ་དང། ར་ཞེས་པ་དང། ཝ་ཞེས་པ་དང། ལ་ཞེས པ་དང་མ་ཞེས་པ་དང། ཀྵ་ཞེས་པ་དང། ཧཀྱང་ཡིན་ལ་ཞེས་པ་སྔ་མ་བཞིན་ནོ། །གསུང་ཡང་ཡིན་པ་ནི་ཡི་གེའི་བཀོད་པ་སྟེ། ཨ་ཨཱ་ཞེས་པ་ནམ་མཁའ་ཨི་ཁམས་ཀྱི་ཡི་གེ་དང། ཨཻ་ཨའི་ཞེས་པ་རླུང་གི་ཁམས་ཀྱི་ཡི་གེ་དང། ཨཽ་ཨའུ་ཞེས་པ་ནི་ཆུའི་ཁམས་ཀྱི་ཡི་གེ་དང། རི་རཱི་ཞེས་པ་མེའི ཁམས་ཀྱི་ཡི་གེ་དང། ལི་ལཱི་ཞེས་པ་སའི་ཁམས་ཀྱི་ཡི་གེ་དང། མ་མཱ་མེ་རུ་ཞེས་པ་རི་རབ་ཀྱི་ཡི་གེ་དང། ཀྵེ་ཀྵེ་པ་ཞེས་བ་གཡོ་བའི་ཡི་གེ་དང། བ་བིན་དུ་ཞེས་པ་ཐིག་ལེའི་ཡི་གེ་དང། ན་ནཱ་ད་ཞེས་པ་སྒྲ་མཛའ་ཨི་ཡི་གེ་རྣམ་སོ། །དེ་ལ་ནམ མཁའ་ཨི་ཁམས་ཀྱི་ཡི་གེ་ནས་རིའི་རྒྱལ་བོ་རི་རབ་ཀྱི་བར་གྱི་ཡི་གེས་ནི་བརྟན་པའི་འཇིག་རྟེན་གྱི་ཁམས་སོ། །ཀྵ་ནས་ནཱ་དའི་བར་གྱིས་ནི་གཡོ་བའི་འཇིག་རྟེན་གྱི་ཁམས་སོ། །ཡི་གེ་དེ་རྣམས་གོ་རིམས་བཞིན་བརྩེགས་ཏེ། ལུས་ཀྱི་གནས་རྣམས སུ་དམ་པའི་གདམས་ངག་གིས་བསྒོམ་པ་ནི་སྐུ་དང་གསུང་དང་དབྱེར་མེད་བས་ན་གསུང་ཡང་ཡིན་ནོ། །དེ་རྣམས་རླུང་ལ་བརྟེན་པས་ན། རྩ་བར་རླུང་བསྟན་ཏེ། དེ་ཡང། ལྔའི་བདག་ཉིད་བཅུའི་མིང་ཅན་ཞེས་གསུངས་ཏེ། རྩ་བའི་རླུང་དང། ཡན གི་རླུང་ལྔའོ། །དེ་ཡང་སྒྲ་ཇི་བཞིན་པ་དང། ཇི་བཞིན་པ་མ་ཡིན་པར་གསུངས་ཏེ། སྲོག་དང། ཐུར་སེལ་གྱི་དང། གྱེན་རྒྱུའི་དང། ཁྱབ་བྱེད་དང། མཉམ་གནས་ཞེས་བཤད་པ་ནི་སྒྲ་ཇི་བཞིན་པའོ། །ཀླུ་དང་རུས་སྦལ་རྩངས་པ དང། ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །དེ་དག་བདག་གཟུགས་བུད་མེད་དུ། སླར་ཡང་སྤྲུལ་བར་མཛད་པ་ཡིན། །ཞེས་པ་དང། ཀོ་ཏ་ཁྱད་དང། ཀོ་ཏ་པ། ཀོ་ཊ། གོ་ཏ་བཤཙ། ཀུ་ཏི་ར་ག། ཀོ་ལ་ཁྱ། །ཀོ་ལ་བ། ཀོ་ལ། ཀོ་ལ་བཤཙ། ཀོ་ལ་ཏ་ཐ། ཞེས་པ་ནི་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པའོ། །རྒྱུ་བ་དང། རྣམ་པར་རྒྱུ་བ་དང། ཡང་དག་པར་རྒྱུ་བ་དང། རབ་ཏུ་རྒྱུ་བ་དང། ངེས་པར་རྒྱུ་བ་དང། ཞེས་པ་ནི་སྒྲ་ཇི་བཞིན་པར་བཤད་པའོ། །འདི་རྣམས་ལུས་ཀྱི་ཆ་ལ་གནས་ནས། ལུས་ཀྱི བྱ་བ་བྱེད་དེ། རླུང་ལྔ་ནི་དབང་པོ་རྣམས་དང་སྐྱེ་མཚེད་ཀྱི་བྱ་བ་བྱེད་དོ། །སྲོག་ཅེས་བྱ་བ་སྙིང་ག་ན་གནས་ཏེ་མི་བསྐྱོད་བའོ། །ཐུར་སེལ་འདོམ་ན་གནས་ཏེ་རིན་ཆེན་ཏོ་གོ། །གྱེན་དུ་རྒྱུ་བ་ལྐོག་མ་ན་གནས་ཏེ་འོད་དཔག་མེད་དོ། །མེ་དང་མཉམ་གནས ལྟེ་བ་ན་གནས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་སྟེ། རྣམ་བར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་བར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཡང རླུང་བཅུ་པོ་འདི་དག་དཀྱིལ་འཁོར་བཞི་ཡི་བྱེ་བྲག་གིས་ཨེ་བཾ་མ་ཡཱའོ། །དེ་དག་གོ་རིམས་བཞིན་དུ་སངས་རྒྱས་སྤྱན་ལ་སོགས་པའི་ལྷ་མོ་རྣམས་དང། ས་ལ་སོགས་པ་ལྔ་དང། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དང། དཀར་པོ་ལ སོགས་བའི་འོད་ཟེར་ལྔ་དང། འབྱུང་བ་དང། འཇུག་པ་དང་གནས་པའི་ཚུལ་གྱིས་རྡོ་རྗེའི་བཟླས་པ་དང། ཡི་གེ་གསུམ་གྱིས་རྡོ་རྗེའི་བཟླས་པ་དང། ཡི་གེ་གསུམ་གྱིས་སྦྱང་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའོ། །སྟེང་དུ་འབར་བ་མེའོ འོག་ཏུ་འབར་བ་ཆུའོ། །འཕྲེང་ལ་གནས་པ་སའོ། །ཐད་ཀར་རྒྱུ་བ་རླུང་ངོ། །ཕྱོགས་བཞི་པོ་རྣམས་སུ་གཡས་སྐོར་གྱིས་འབྱུང་བ་ནི་མ་ཝ་ལ་རའོ། །མཚམས་རྣམས་སུ་གཡོན་བསྐོར་གྱིས་འཇུག་པ་ནི་ཡར་ལ་ཝའོ། །དབུས་ན་ཨའོ། །འབྱུང་བ་ཆ་ཕྲ་བའི་དཀྱིལ་འཁོར སྒོ?་པ་ལ་ཆོས་ཀྱི་དབྱིངས་ཀྱི་གདུགས་པའི་གནས་སུ་བརྗོད་དུ་མེད་པར་སྦྲོ་ཞིང་སྟེང་དུ་སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེའི་ངོ་བོ་ཉིད་དོ། །བསྡུ་བ་འཇིག་པའི་རིམ་པས་གཡོན་སྐོར་གྱིས་ནང་དུ་ཞུགས་ནས་སྟོང་པ་ཉིད་ཀྱི་རང་བཞིན་མཚན་མ་མེད་པའོ། །དེ་ལྟ་བུའི གཡས་ལ་སོགས་པར་འཕོ་བ་ནི་ལན་བཅུ་དྲུག་སྟེ། རྒྱུད་ལ་ལས་བཞེད་པའོ། །འདིར་ཐ་མ་སྤངས་པའི་བཅོ་ལྔའོ། །དེ་ཡང་ཉིན་མཚན་ཆ་མཉམ་པའི་དབང་དུ་བྱས་ནས་ཉིན་མོ་དང་མཚན་མོ་འཕོ་བ་བརྒྱད་དོ། །དེ་ལ་ཐབས་ཀྱི་འཕོ་བ་དང་ཤེས་རབ་ཀྱིས འཕོ་བ་རེ་རེའི་དབང་དུ་བྱས་པ་སུམ་ཅུ་རྩ་གཉིས་དང། ཐ་མ་སྤངས་པ་ལ་སུམ་ཅུ་ཉིད་དོ། །སྔར་སྨོས་པ་ཉིན་མཚན་གཅིག་ལ་ཕྱོགས་ཉི་ཤུ་རྩ་བཞི་དང་བགྲོད་པ་བཅུ་གཉིས་དང། དུས་དྲུག་དང། ཐུན་བཞི་དང། དུས་གསུམ་དང། བགྲོད་པ་གཉིས ཀྱིས་འཁོར་ལོར་འགྱུར་ཏེ། དེ་ལ་མིའི་དབུགས་དབྱུང་བ་འཇུག་པ་གཉིས་གཅིག་ཏུ་བརྩིས་བའི་ཉི་ཁྲི་ཆིག་སྟེང་དྲུག་བརྒྱ་ནི་ཉིན་ཞག་གཅིག་ཡིན་ལ། ཉི་ཁྲི་ཚིག་སྟོང་དྲུག་བརྒྱའི་ཆ་གཅིག་ན་ལུས་ལས་སྐྱེས་བའི་སྲིན་བུའི་དབུགས་འགྱུར་བ དང་འཇུག་པ་སྟེ་དབུགས་ཕྲ་མོ་ཞེས་བྱའོ། །དབུགས་ཕྲ་མོ་དེ་དྲུག་ལ་??་ལས་སྐྱེས་བའི་སྲིན་བུ་ལ་སོགས་པའི་གིས་རྣམས་ཀྱི་ཆུ་སྲད་གཅིག་གོ། །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག་གོ། ཆུ་ཆོ་དེ་དྲུག་ཅུ་ལ་ཉིན་ཞག་གཅིག་གོ་།མི་རྣམས་དང་ལུས་ལས་སྦྱོས པ་ལ་སོགས་པ་རྣམས་ཀྱི་རང་རང་གི་ཉི་མ་ལ་དབུགས་རྡུབ་པ་དང། འབྱུང་བའི་གྲངས་ཉི་ཁྲི་ཚིག་སྟོང་དྲུག་བརྒྱའོ། །མི་རྣམས་ཀྱི་ཞག་སུམ་ཅུའི་དབུགས་བསྒྲེས་པ་ལ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་གི་དབུགས་ཏེ། མི་རྣམས་ཀྱི་ཡལ་ངོ་དང མར་ངོ་ནི་ཡི་དགས་རྣམས་ཀྱི་ཉིན་མོ་དང་མཚན་མོའོ། །མི་རྣམས་ཀྱི་དབུགས་སུམ་བརྒྱ་དྲུག་ཅུ་ལ་ལྷ་རྣམས་ཀྱི་དབུགས་གཅིག་གོ། །མི་རྣམས་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་རྒྱ་ལ་ལྷ་མ་ཡིན་རྣམས་ཀྱི་དབུགས་གཅིག་གོ། མི ནམས་ཀྱི་ལོ་གཅིག་གི་དབུགས་རྣམས་ལ་འོག་མིན་གྱི་ལྷ་རྣམས་ཀྱི་དབུགས་གཅིག་གོ། །མི་རྣམས་ཀྱི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་རིལ་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་སོང་བའི་དབུགས་གཅིག་གོ། །དབུལ ཕྲ་མོ་དང། ཟླ་བ་དང། ཆུ་ཚོད་དང། ཉིན་ཞག་དང། ལོ་དང། དུས་དང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་དྲུག་གི་རིམ་པས་ལུས་ལས་སྐྱེས་པ་དང། མི་རྣམས་དང། འབྱུང་པོ་རྣམས་དང། ལྷ་དང། ལྷ་མ་ཡིན་རྣམས་དང། འོག་མིན་དང། གཟུགས མེད་པའི་??་མའི་ཉིན་ཞག་གཅིག་གོ། དེ་ལྟར་སྔར་བཤད་པའི་རིམ་པ་ལས་ལུས་ལས་སྐྱེས་པ་ནས་གཟུགས་མེད་པ་གོང་མའི་བར་དུ་རང་རང་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཉི་མར་འགྱུར་རོ། །འོག་མིན་གྱི་ཚད་འདི་རྣམས་མིའི་ལོའི་དུས་བཞི ལས་སྟེང་དུ་འཁོར་ལོས་བསྒྱུར་བ་དང། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཞེས་པ་དང་པོའི་སངས་རྒྱས་ལས་གསུངས་སོ། །ད་ནི་ཕྲ་མོ་ལ་སོགས་བའི་དབུགས་ཀྱི་དབྱེ་བའི་སྒོ་ནས་སྔར་ཀྱི་ལུས་ཀྱི་དབྱེ་བ་བཤད་དེ། འདིར་ཉི་མ སོང་བ་ལ་ལུས་ལས་སྐྱེས་པ་ལ་སོགས་པ་ཟླ་བ་ཕྱེད་པ་ཉི་ཤུ་རྩ་བཞི་ལ་རང་རང་གི་དབུགས་དགུ་བརྒྱ་དགུ་བརྒྱས་ལོར་འགྱུར་རོ། །དབུགས་སྟོང་བརྒྱད་བརྒྱས་སྟོང་བརྒྱད་བརྒྱས་ཟླ་བ་བཅུ་གཉིས་ཀྱི་ཉིན་ཞག་ལས་ལོར་འགྱུར་རོ། །དབུགས བརྒྱ་ཕྲག་སུམ་ཅུ་རྩ་དྲུག་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་གིས་ཉིན་ཞག་ལས་ལོང་འགྱུར་རོ། །དབུགས་བརྒྱ་ཕྲག་ལྔ་བཅུ་རྩ་བཞི་བརྒྱ་ཕྲག་ལྔ་བཅུ་རྩ་བཞིས་དུས་སུ་འགྱུར་རོ། །དུས་བཞིས་ཉིན་ཞག་ལས་ལོར་འགྱུར་རོ། །དབུགས་བརྒྱ་ཕྲག་བདུན་ཅུ་རྩ་གཉིས གཉིས་གྱི་དུས་གསུམ་གྱི་ཉིན་ཞག་ལས་ལོང་འགྱུར་རོ། །དབུགས་ཁྲི་བརྒྱ་བརྒྱ་བརྒྱས་བགྲོང་པར་འགྱུར་ཏེ། བགྲོད་པ་གཉིས་ཞག་ལས་ལོར་འགྱུར་རོ། །དེ་བཞིན་དུ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རང་རང་གི་ཚད་ཀྱིས་སོ་སོར་ཉི་མ་ལས་ལོར འགྱུར་རོ། །ལུས་ལས་སྐྱེས་པ་ལ་སོགས་པ་རྣམས་ཀྱིའོ། །གཞན་གྱི་གཞུང་མངས་པས་འཇིགས་པའི་ཕྱིར་མ་སྤྲོས་སོ། །དེ་དག་གིས་ནི་ནང་དུ་ཉིན་ཞག་གཅིག་ལ་ཇི་ཙམ་རྒྱུ་བ་དང། ཕྱི་རོལ་ཏུ་དུས་ལས་སྐྱེས་པ་ལ་སོགས་པའི་ལོ་ལ་ཇི་ཙམ་འབྱུང བཤད?་བརྩ་བའི་རླུང་གི་དབང་དུ་བྱས་པའོ། །ཡན་ལག་གི་རླུང་ནི་ཡུལ་དང་དབང་པོ་ལ་བརྟེན་ནས། རྣམ་པར་ཤེས་པ་ཆོ་རབ་བདེ་བ་དང། སྡུག་བསྔལ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་སྟེ། དེའི་དབང་གིས་འདོད་ཆཊ ??་ཞེས?་དང། གཏི་མུག་ཏུ་སྐྱེ་བ་ལོངས་སྤྱོད་ཀྱི་འཁོར་ལོའི་བླ་མའི་བཀའ་དྲིན་གྱིས་སྦྱང་བར་བྱའོ། །ད་ནི་ཐིག་ལེ་ངད་རླུང་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པ་ལྔ་དང། ཡེ་ཤེས་ལྔར་དང། ཕུང་པོ་ལ་སོགས་པར་བཤད་པའི ??་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་གསུངས་ཏེ། དེ་ནས་ཨ་དེ་ཉིད་ལ་སྡེ་ཚན་ལྔ་བཅུས་བསྐོར་བ་ནི་འདི་ལྟ་སྟེ་དང་པོ་ཨའི་བཅུ་དྲུག་ལས་ཁམས་དབྱེ་བ་བརྗོད་པར་བྱ་སྟེ། ཨ་ཨཱ་ཞེས་པ་ནས་ནམ་མཁའ་ཨི་ཁམས་སོ། །དེ་ཁོར་ནས འབྱུང་བའི་ཕྱིར་རོ། །ཻ་ཨའི་ཞེས་པ་ནི་རླུང་གི་ཁམས་ཀྱི་ཡི་གེ་སྟེ། ཡའི་ཡོན་ཏན་ལས་བྱུང་བའི་ཕྱིར་རོ། །ེ་ཨཻ་ཞེས་པ་མེའི་ཁམས་ཀྱི་ཡི་གེ་སྟེ། ཡི་གེ་རའི་ཡོན་ཏན་ལས་འབྱུང་བའི་ཕྱིར་རོ། །རི་རཱི་ལི་ལཱི་ནི་མེ་དང་སའི་ཡོན་ཏན་ཡིན་ཏེ་དབྱངས་ཀྱི་མ་ནིར བཞིན་ཞེས་བྱའོ། །ོ་ཨཽ་ཞེས་པ་ནི་ཆུའི་ཁམས་ཀྱི་ཡི་གེ་སྟེ། ཡི་གེ་ཝའི་ཡོན་ཏན་ལས་འབྱུང་བའི་ཕྱིར་རོ། །ཾ་ནི་རྣམ་པར་ཤེས་པའི་ཁམས་ལས་བྱུང་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར་རོ། །བའོ། །ཡང་ན་ཨཾ་ཞེས་བ་ནི་བླ་བའི་ཁམས་སོ། །ལྟ་སྟེ། ཀ་ཁ་ག་བྷ་ང་ཞེས་པ་ནི་དབྱངས་ཡིག་ཨ་ཨཱའི་ཡོན་ཏན་ལས་འབྱུང་སྟེ། ཨ་ཀུ་ཧ་ཞེས་བྱ་བའི་སྒྲ་མགྲིན་བ་ལས་འབྱུང་བ་ནམ་མཁའ་ཨི་ཁམས་སོ། །དེ་ནི་གསལ་བྱེད་དབྱངས་ཡིག་ཨས་ཁྱད་པར་དུ་བྱས་པའོ། །ཙ་ཚ་ཛ་ཛཧ་ཉ་ཞེས་པ་ནི་དབྱངས་ཡིག ཻ་ཨཻ་ཡོན་ཏན་ལས་འབྱུང་བ་སྟེ་ཨཻ་ཙུ་ཡ་ཤ་ཞེས་བྱ་བའི་སྒྲ་ནི་སྤྱི་བོ་ལས་འབྱུང་བ་རླུང་གི་ཁམས་སོ། །དེ་ནི་གསལ་བྱེད་ཡི་གེ་ཨཻས་ཁྱད་པར་དུ་བྱས་པའོ། །ཊ་ཐ་ཌ་ཌཧ་ཎ་ཞེས་པའི་གསལ་བྱེད་དབྱངས་རིའི་ཡོན་ཏན་ལས་འབྱུང་སྟེ། རི་རུས ཞེས་པའི་སྒྲས་ལྕེ་རྩེ་དང་རྐན་ལས་འབྱུང་བའི་མེའི་ཁམས་སོ། །དེ་རྣམས་ནི་གསལ་བྱེད་ལ་དབྱངས་ཡིག་རིས་ཁྱད་པར་དུ་བྱས་སོ། །ཏ་ཐ་ད་དྷ་ན་ཞེས་པ་ནི་དབྱངས་ཡིག་ལི་ལཱི་དི་ཡོན་ཏན་ལས་འབྱུང་བ་སྟེ། ལཾ་ཏུ་ལ་ཞེས་བྱ་བའི་སྒྲ་ལྕེ་རྩེ་དང་སོ ལས་འབྱུང་བ་སའི་ཁམས་སོ། །དེ་ནི་གསལ་བྱེད་དབྱངས་ཡིག་རིས་ཁྱད་པར་དུས་བྱས་པའོ། །པ་ཕ་བ་བྷ་མ་ཞེས་པ་ནི་དབྱངས་ཡིག་ཨོ་ཨཽའི་ཡོན་ཏན་ལས་བྱུང་བ་སྟེ། ཨཽ་ཨོ་པུ་ཝ་ཞེས་བྱ་བའི་སྒྲ་མཆུ་ལས་འབྱུང་བ་ཆུའི་ཁམས་སོ། །དེ་ནི་གསལ བྱེད་ལ་ཡིག་ཝས་ཁྱད་པར་བྱས་བའོ། །ཡ་ནི་རླུང་ངོ། །རིན་མེའོ། །ལ་ནི་སའོ། །ཝ་ནི་ཆུའོ། །ཤ་ཥ་ས་ཧ་ཀྵ་ཞེས་པ་ནི་ལྕེ་ཆུང་ལས་འབྱུང་བས་ལྟེ་བའི་ཡི་གེའོ། དེ་བས་འདི་ལྟར་སྦྲུལ་བའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་ལ་ཡི་གེ་བཏོན་ནས གཡས་ནས་བསྐོར་བའི་གསལ་བྱེད་ལ་འབྱུང་བ་གཉིས་དང། གཡོན་ནས་བསྒོར་བའི་གསལ་བྱེད་ལ་འབྱུང་བ་གཉིས་ཏེ། དྲུག་ཅུ་ཐམ་པ་བཀོད་པའོ། །དེ་དག་ཀྱང་འབྱུང་བའི་བྱེ་བྲག་གིས་ཁ་དོག་གི་བྱེ་བྲག་གསལ་ཏེ། དེ་ཡང་ནམ་མཁའ་ཨི་ཁ་དོག་སྔོ་བ དབྱིངས་གྲུ་གསུམ་དང་རླུང་ལྗང་ཁུ་དབྱིབས་ཟླ་བ་ཕྱེད་པ་མེད་མར་སེར་དབྱིབས་གྲུ་གསུམ་ཆུ་དཀར་པོ་དབྱིབས་ཟླུམ་པོ་ས་སེར་པོ་དབྱིབས། གྲུ་བཞི་པའོ། །ཇི་སྐད་དུ་སྔར་ཆོས་ཀྱི་འཁོར་ལོར་སྨོས་པའི་རླུང་རྣམས་དང་གོང་མའི་འཁོར་ལོ་ལ་སྨོས་པ་རྣམས ཀྱང་འདི་ལས་ཤེས་བར་བྱའོ། །འདིར་ཡི་གེ་བཤད་མ་ཐག་པ་འདི་དག་ལས་སོ་སོའི་ཁ་དོག་དང་དབྱིབས་ཀྱང་རིག་པར་བྱའོ། །དེ་སྐད་དུ་ཡང། ཨ་མཆོག་ཏུ་གྱུར་དམ་པ་སྟེ། །སྡེ་ཚན་བརྒྱད་ཀྱིས་ཡང་དག་བསྐོར། ། ནི་ཡིག་འབྲུ་ཀུན་གྱི མཆོག་དོན་ཆེན་སྡེ་ཚན་རྣམས་ཀྱི་གཙོ། །ལུས་ཅན་རྣམས་ཀྱི་སྔགས་རྣམས་ནི། །དེ་ཉིད་གནས་ནི་ཡང་དག་འབྱུང་ཞེས་གསུངས་སོ། །དེ་ཉིད་ལས་སྟེང་དུ་མངོན་པར་ཕྱོགས་ནས་རླུང་དང་རྣམ་པར་ཤེས་པ་སྟེང་གི་སྒོ་རྣམས་སུ་འབབ་པ་དེའི་ཚེ་ཉི་མ ད་ཨང་ཟླ་བའི་ལམ་ལས་དཀྱིལ་འཁོར་ལྔ་ལྔ་གཡས་སྐོར་གྱིས་འབྱུང་བ་དང་གཡོན་སྐོར་གྱིས་འཇུག་པ་ལ་སེམས་སྦྱང་ཞིང་ནང་དུ་འཇུག་པ་ལ་ལྟེ་བར་རིམ་གྱིས་གནས་པའི་ཆ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་མིང་གིས་ངོན་དམ་པ ཁོར་དུ་ཆུད་བར་བྱེད་དོ། །ཡང་གསང་སྔགས་ཀྱི་ཐབས་གཏུམ་མོ་ཞེས་བྱ་བའི་རིམ་པས་གཡས་པ་དང་གཡོན་བའི་རྩ་རོ་མ་དང་རྐྱང་མ་སྲོག་གིས་གང་བར་བྱས་ནས་དབུས་ཀྱི་རྩ་གསོར་གསོར་བ་བཞིན་བསྐྱེད་པས་ཨ་བ་དྷུ་ཏཱི་ར་སྲོག་གི་རླུང ཞུགས་ཏེ་སྔར་བཤད་པའི་སྙིང་གའི་འཁོར་ལོ་ཆེན་པོ་ཞུ་བས་ཐིག་ལེ་རྟེན་དང་བཅས་པའི་ས་བོན་ཙམ་ཡང་མི་དམིགས་པར་བྱས་ཏེ། འཛིན་པ་རང་བཞིན་སྟོང་པར་ཞུགས་ནས་སྔར་བཤད་པའི་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བསྐུར་སྟི། ལན་གསུམ་བྱས་ཏེ། བདེ་བ་ཆེན་པོའི་ལམ་ནམ་མཁའ་ལ་རྒྱུ་བའི་ལམ་དུ་ཞུགས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་སྣང་བར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོར་གྱུར་བའི་ཐུགས་ཀར་སོང་སྟེ། དེ་དག་གི་དམ་ཚིག་གི་འཁོར་ལོ བཀྲུགས་ཏེ། ཡེ་ཤེས་ཀྱི་བདུང་རྩི་འཛིན་པས་སྟོང་པའི་ཐིག་ལེ་དང་བཅས་བས་གཙུག་ཏོར་གྱི་འཁོར་ལོར་སྔར་བཅོམ་ལྡན་འདས་ཀྱི་དོན་བཤད་པ་བཞིན་བབས་ཏེ། ཐམས་ཅད་བྱང་ཆུབ་སེམས་དཔའ་ཨི་ངོ་བོར་བྱས་ནས། དུ་བ་ལ་སོབས་པ་སྔོན དུ་ཤད་བས་རིམ་གྱིས་བདེ་བ་ཆེན་པོའི་འཁོར་ལོར་སྦྲོས་ཏེ་ཉམས་སུ་མྱོང་བ་ཇི་སྐད་དུ་སྟོན་པ་བཞིན་བསྐྱེད་དེ། ལོངས་སྤྱོད་རྫོགས་པའི་འཁོར་ལོར་སྐུ་རྡོ་རྗེའི་ངོ་བོར་ཐིམ་པས་སྔར་བཤད་པའི་གདམ་ངག་གི་རིམ་པས་རླུང་དང་རྣམ་པར་ཤེས་པའི་ཐབས ཁྱར་བར་ཅན་ལ་བརྟེན་ནས་དང་བོར་ཤེས་བའི་ཡེ་ཤེས་སུ་ཤེས་པར་བྱའོ། །དེ་ནས་སླར་ནང་དུ་འཇུག་པའི་རིམ་པས་སྙིང་ཆོས་ཀྱི་འཁོར་ལོར་གནས་པའི་ཚེ་རོ་ལྔས་ཆེན་པོའི་ཏིང་ངེ་འཛིན་ཅེས་པ་སྔར་བསད་པ་ཐམས་ཅད་གསོས་ཏེ་དེ་ཡང་ཐལ་བར་གྱུར བ་ཡིན་ཡང་གསོ་བར་བྱེད་པ་ཞེས་བྱ་བས་ཐིག་ལེ་ཆེན་བོ་ལས་སེཾས་བསྐྱེད་བ་དང། སེམས་ཀྱི་རེ་ཁཱ་དང། ས་བོན་དང་ལྷའི་སྐུ་རྣམས་སྔ་མ་བཞིན་དུ་བལྟའོ། །འོན་ཀྱང་ཁྱད་པར་ནི་འདི་ཡིན་ཏེ། སྒྱུ་མའི་དཔེ་རྣམས་ཀྱིས་ཉེ་བར་མཚོན་བའོ། །མཚན་ཉིད དབང་པོའི་གཞུ་ལྟ་བུའོ། །དེ་ཡང་ལྷ་རྣམས་བླ་མའི་མན་ངག་གི་རིམ་པས་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་དུ་གྱུར་ཏེ། སླར་ལྟེ་བའི་དཀྱིལ་འཁོར་གྱི་དོན་དམ་པའི་མཚན་བཞི་དང་མཚོན་བྱེད་ཨའི་གནས་སུ་མཚོན་བྱ་ཡན་ལག་མེད་ཅིང་རྩིས་ལས འདས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུར་གནས་པའོ། །དེ་ཉིད་འོག་ཏུ་མངོན་པར་ཕྱོགས་ནས། འགྲོ་བ་ཐམས་ཅད་སྐྱེད་པར་བྱེད་པས་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པས་རིམ་པས་སླར་ཡེ་ཤེས་ཀྱི་སྐུར་གྲུབ་པར་བྱ་བའི་ཕྱིར འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་གསུངས་ཏེ། བལ་ཏེ་ཡེ་ཤེས་ཀྱི་སྐུ་དང་འབྲེལ་ན་འཇོག་པོའི་ནོར་བུ་བཞིན་བླང་བར་མི་ནུས་པ་ལས་ཐབས་གང་གིས་ཤེ་ན། མཆན་ཡང་དག་བར་བརྗོད་པ་ཞེས་པ་སྟེ། དེ་ལ་མཆན་གྱིས་ནིམ གྲངས་མི་ཟད་པ་ལ་འཇུག་པ་སྟེ། དངོས་པོ་གཅིག་ལ་མིང་དུ་མས་སྟོན་པའི་ཕྱིར་རོ། །དེ་བསན་ཡེ་ཤེས་སྐུའི་ཡན་ལག་མེད་ཅིང་རྩིས་ལས་འདས་པ་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་ཞེས་བྱ་བའི་མིང་དུ་བརྗོད་པ་ནི་མཚོན་ཆ་ཕྱིན་ཅི མ་ལོག་པར་སྟོན་པས་ཡང་དག་པར་བརྗོད་པའོ། །གཞན་དུ་ན་ཡེ་ཤེས་སེམས་དཔའ་སེམས་ཀྱི་དོན་དམ་པ་དེ་ནི་སངས་རྒྱས་ཉིད་མ་ཡིན་པས་བལྟར་མི་སྣང་བའི་ཕྱིར་རོ། །དེ་ཡང་སྒྲ་དང་བློ་ནི་ཀུན་རྫོབ་པ་སྟེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན་ཞེས བྱ་བས་??་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་འདི་ཡང་སྒྲ་ཉིད་ཡིན་ལ། དོན་དམ་པ་དེ་ཚུ་རོལ་མཐོང་བ་ལ་བློ་ཡི་ཡུལ་ལོ་ཞེས་ན། བདེན་མོད་ཀྱི་ཆོས་ཐམས་ཅད་བརྗོད་དུ་མེད་པ་ཉིད་སྒྲ་ཡིན་ཀྱང་བློ་དང་ལྡན་པ་བདག་ནི་བརྗོད་དུ་མེད པའི་སྒྲ་ཙམ་དཔྱོད་པར་མི་བྱེད་དོ། །དེ་ཡང་སྟོང་པ་ལ་སོགས་མངོན་བརྗོད་པ། དེ་ལ་སྒྲོ་འདོགས་གཅོད་པ་ཡི། ཞེས་གསུངས་སོ། །འདི་ཉིད་ལས་ཀྱང། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཛའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི ཁྱུ་མཆོག་སྟེ། །ཞེས་བྱ་བ་ལ་སོགས་པ་ཆོས་སུ་སྨྲ་བར་བརྡ་ཙམ་དུ་གསུངས་སོ། །བརྡ་དེ་ཡང་རྣམ་པ་གསུམ་སྟེ། རྣམ་པ་ཁོང་དུ་པར་བྱེད་པ་དང། བྱ་བ་ཁོང་དུ་ཆུང་པར་བྱེད་པ་དང། དེ་ཉིད་ཁོང་དུ་ཆུང་པར་བྱེད་པའོ། །དེ་ལ་རྣམ་པ་ཁོང་དུ་ཆུད་པར བྱེད་པ་ནི་རྒྱུ་མཚན་ལས་མིང་དུ་བརྟགས་པའི་བརྡའོ། །བྱ་བ་ཁོང་དུ་ཆུད་པར་བྱེད་པའི་བརྔ་ནི་ཡན་ལག་དང་ཉིད་ལག་གིས་ཟས་སྐོམ་གྱི་བརྡ་བྱེད་པ་ལྟ་བུའོ། །དེ་ཉིད་ཁོང་དུ་ཆུད་པར་བྱེད་པའི་བརྡ་ནི་དངོས་པོ་རང་གི་མཚན་ཉིད་ལ་རིག་པར བྱེད་པའོ། །དེ་ལས་སྔ་མ་གཉིས་ནི་ཐུན་མོང་པའོ། །ཕྱི་མི་ནི་ཐུན་མོང་མ་ཡིན་པའོ། །ཐུན་མོང་མ་ཡིན་པ་དེ་ཡང་གང་ཞེན་དཔེར་མེ་ལ་རག་པ་དང། །དུག་ཟོས་ན་སྲེག་པ་དང། འཆི་བ་བཞིན་ཅུང་ཟད་ཀྱིས་ཀྱང་དོན་བྱེད་ནུས་པའོ། །ངེ་བས་ན་བླ་མའོ་བྱིན་བརླབས རྩ་ནི་ལོངས་སྤྱོད་རྫོགས་པ་ཅན། །འོག་ཏུ་ཕྱོགས་ཤིང་བདུད་རྩི་འཛག། ལྟེ་པའི་དབུས་སུ་ངལ་གསོན། །ལྟེ་བ་ནས་འགྲེང་རྩ་ནི་དཀར། །སྟེང་གི་ཕྱོགས་ནི་དེ་བཞིན་དུ། ཁྲག་ནི་འབབ་པའི་བར་དུ་གནས། །མགྲིན་པའི་དབུས སུ་ངལ་བསོའོ། །བདུད་རྩི་ཟླ་བ་ཞེས་བྱ་སྟེ། །བྲག་ནི་ཉི་མར་བརྗོད་པ་ཡིན། །སྟེང་དང་འོག་ཏུ་བསྟན་ནས་སུ། །སྒོ་གཉིས་ལ་ནི་འབྱུང་བ་ཡིན། །ཉི་ཟླར་གྲུགས?་པའི་རྩལ་གཉིས་དག། དཔའ་མོ་མཁའ་འགྲོ་རྣམ་གཉིས་ཀྱི་འགྲོ་དང་འོང་བར་དེས པར་བརྗོད། །འཆར་དང་ནུབ་དང་གཉིད་ལོག་དང། གཡས་དང་དེ་བཞིན་གཡོན་གཉིས་སུ། །སྟེང་བལྟས་དབྱངས་ཡིག་བཅུ་གཉིས་གནས། །ཀ་སོགས་འོག་ཏུ་བལྟས་བ་ནི། །དོས་གཉིས་དག་ཏུ་སྦེལ་བའོ། །དབུས་སུ་དེ་ནི་སྦྱང་བར་བྱ། །འོག་གི་ཆ ལ་གནས་པ་ནི། །ཡེ་ཤེས་ཀླ་ཡིས་བསྲུར་བར་བྱ། །གང་གིས་མགྲིན་པར་ཆགས་ཆེན་པོ། །ཟླ་བའི་གཟུགས་ཀྱིས་ཡང་དག་གནས། །དེ་ཚེ་ལོངས་སྤྱོད་རྫོགས་པར་བཤད། །སངས་རྒྱས་རྣམས་ཀྱི་སྐུའི་མཆོག། གད་ཚེ་རྡོ་རྗེའི་རྩེར་གནས པ། །གང་ཆེ་ལོངས་སྤྱོད་རྫོགས་སྐུ་དེ། །ནུབ་པར་འགྱུར་བ་དེའི་ཚེ། །གང་གི་ནང་དུ་སོན་འདི་ཡང། །ཉུངས་ཀར་ཞེས་ནི་བརྗོད་པར་བྱ། །ཉི་མའི་གཟུགས་སུ་ཡོང་དག་བཤད། །སྤྲུལ་པའི་སྐུར་ནི་བརྗོད་པ་སྟེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། བསྐྱེད་ཅིང་སྤྲོ་བར་བྱེད་པ་ཡིན། །པདྨ་གར་དབང་རྒྱལ་པོ་ཡིས། །པད་མ་འབྱེད་པའི་འབྱོར་ལྡན་པ། །དེ་ནི་ཉི་མ་ནུབ་གྱུར་པ། །སྤྲུལ་བའི་རང་བཞིན་གང་ཡིན་དེ། །རྫོགས་པཱི་བྱང་ཆུབ་སེམས་ཤེས་བྱ། །གྲོང་བུར་གྱུར་བརྟག་མེད་དངོས། །འཁོར་བའི ལམ་ནི་རྣམ་སྤྱོད་ཅིང། །སྦྲོས་བ་ཉེར་ཞི་དགེ་བ་དང། དམིགས་མེད་མཆོག་ཏུ་ངག་བ་ཡིན། །རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དང། །དཔལ་ལྡན་ཧེ་རུ་ཀ་ཞེས་བྱ། རྒོད་དང་བལྟ་དང་ལག་བཅངས་དང། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི་སྲིན་བུའི ཚུལ་གྱིས་རྒྱུད་བཞིར་གནས། །འདོད་ཆགས་ཉིད་དང་ཆགས་བྲལ་ནི། །ཟོས་ནས་སྲིན་བུའི་ཚུལ་དུ་གནས། །རྩ་རྣམས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་མའི་དྲ་བསྡོམ་།ཞེས་བཤད་པའི་རྒྱུད་ལས་གསུངས་པ་སྟེ་བླ་མའི་མན་ངག་གིས ཤད་པར་བྱའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས་ཀྱང། །རྡོ་རྗེ་བཙུན་མོའི་བྷ་ག་ནི། ??་མ་??་རྣམ་པའི་མ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག། བདེ་བ་ཅན་ན་རྟག་ཏུ་བཞུགས། །འཆད་པ་པོ་ང་ཚེས་ཀྱང་ང། །རང་གི་ཆོགས་ལྡན་ཉན་པ་ལ། །འཇིག རྟེན་སྟོན་བསྒྲུབ་བ་??། །འཇིག་རྟེན་འཇིག་རྟེན་འདས་པ་དང། །ལྷན་ཅིག་སྐྱེས་དགའ་ཨི་རང་བཞིན་??། །མཆོག་མཛའ་དགའ་བྲལ་དང་པོར་ན། །མུན་པ་ལ་ནི་མར་མེ་ལྟར། །དེ་བཞིན་བུས་ཀྱང་ཡིད་ཀྱིས་ནི། །བཙུན་མོའི་བྷ་ག་བདེ་ཆེན་དུ། །སྟོན་པ གསུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུ་ལྡན?། །བུལ་ཞེས་བྱས་རྣམ་པར་གནས། །དེ་མེད་པས་ན་བདེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དད་བཅས། །ལྷའི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས མེད་ཚུལ་ཡང་མིན། །ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་དགའ་བས་གཟུགས་མེད་པ། །དེ་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས། །རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་གསུངས་ཏེ། ཕྱི་རོལ་དང་ནང་དུ་བཅས་པའི་མན་ངག་གིས གསང་གནས་ཡེ་ཤེས་ཀྱི་འཁོར་ལོ་ལ་གང་ཟག་དང་ཡེ་ཤེས་ཀྱི་སྐུ་འབྲེལ་པར་བྱེད་པས་འཁོར་བ་ལུགས་ལས་བཟློག་པར་བསྟན་པའོ། །དེ་ལྟར་རྟེན་འཁོར་ལོ་དྲུག་གིས་འགྲོ་བའི་དངོས་པོ་རྣམ་པར་དག་པར་བསྟན་ནས། ད་ནི་ཐུན་མོང་མ་ཡིན པར་བསྟན་པའི་ཕྱིར། །ཡོངས་སུ་དག་པ་ཐུན་མོང་མ་ཡིན་བའི་མཚན་ཡང་དག་པར་བརྗོད་པ་ཡིན་ཏེ་ཞེས་བྱ་བར་གསུངས་ཏེ། མ་དག་བ་འཁོར་བ་ལུགས་སུ་འཇུག་པར་སྔར་བསྟན་བལྟར་དག་པར་བྱ་སྟེ། ཡོངས་སུ་དག་པ་ནི་ལེགས་??་དག་པར བྱས་ཞེས་བྱ་བའི་དོན་ཏོ། །ཐུན་མོང་མ་ཡིན་བ་ནི། ཡོངས་སུ་དག་པར་བྱེད་པའི་ལམ་ཐུན་མོང་མ་ཡིན་བའོ། །དེ་གང་ཞེན་མཚན་ཡང་དག་པར་བརྗོད་བ་ཡིན་ཏེ་ཞེས་པའོ། །ཐུན་མོང་ཞེས་བྱ་ང་ནི་དྲང་བའི་དོན་དང། སྒྲ་ཇི་བཞིན་པ་དང། དགོངས་ཏེ་གསུངས་པའོ། །ཐུན་མོང་མ་ཡིན་བ་ནིངས?་བའི་དོན་དང། སྒྲ་ཇི་བཞིན་མ་ཡིན་བ་དང། དགོངས་ཏེ་གསུངས་པ་མ་ཡིན་པའོ། །དྲང་དོན་གང་ཞེ་ན། ཐེག་པ་སྣ་ཚོགས་སུ་གསུངས་པའོ། །དེས་དོན་གང་ཞེ་ན། ཐེག་པ་གཅིག་ཏུ་གསུངས་བའོ། །སྒྲ་ཇི་བཞིན པ་གང་ཞེ་ན། སྐད་ཅིག་མས་སངས་རྒྱས་པའོ། །དགོངས་ཏེ་གསུངས་བ་གང་ཞེ་ན། ཉོན་མོངས་སྤངས་ནས་སངས་རྒྱའོ། །དགོངས་ཏེ་གསུངས་པ་མ་ཡིན་པ་གང་ཞེ་ན། །ཉོན་མོངས་སྦྱངས་དུ་མེད་པར་གསུངས་པའོ། །དེ་སྐད་དུ་ཡང་འདི་ཉིད་ལས། །ཐེག པ་སྣ་ཚོགས་ཐབས་ཚུལ་རིག། འགྲོ་བའི་དོན་ལ་རྟོག་པ་བོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་བྱ་བ་ལ་སོགས་པ་གསུངས། །ཐུན་མོང་མ་ཡིན་པ་ནི་གསང་སྔགས་ཀྱི་ཐེག་པ་སྟེ། དབང་དང དམ་ཚིག་དང། སྔགས་དང། ཕྱག་རྒྱལ་སོགས་བས་ཁྱད་པར་དུ་བྱས་བའི་ཕྱིར་རོ། །ཐུན་མོངས་མ་ཡིན་པ་གསང་སྔགས་ལས་ཀྱང་ཁྱད་པར་ཅན་གྱི་དབང་བསྐུར་བའི་དོན་བསྟན་པའི་ཕྱིར། ཁྱོད་ཀྱི་དགའ་བ་དང། དང་བ་དང། མགུ་བ་ཆེན་པོ བླ་ན་མེད་པ། བསྐྱེད་པ་དང་ཞེས་གསུངས་ཏེ། ཁྱོད་ཅེས་བྱ་བ་ནི་ལག་ན་རྡོ་རྗེ་ཞེས་པའོ། །དགའ་བ་ཞེས་བྱ་བ་ནི་བཟུང་བ་དང་འཛིན་པའི་ངོ་བོ་སྣང་བ་སྣ་ཚོགས་པའི་སྐད་ཅིག་མ་སྟེ། དགའ་བ་འོ་དང་བ་ཞེས་བྱ་བ་ནི་གཟུང་པ་དང་འཛིན་པ སྣ་ཚོགས་ཀྱི་དྲི་མ་དང་བྲལ་བས་དང་བ་སྟེ། རྣམ་པར་སྨིན་བས་མཆོག་ཏུ་དགའ་བའོ། །མགུ་བ་ཆེན་པོ་ཞེས་བྱ་བ་ནི་སྔར་གྱི་བདེ་བ་ཕུལ་དུ་ཕྱིན་བའི་ཉམས་སུ་མྱོང་བ་ཙམ་ལ་དམིགས་པ་མགུ་བར་བྱས་པ་རྣམ་པར་ཉེད་པ་དགའ་བྲལ་ལོ བླ་ན་མེད་པར?་སྐྱེད་པ་དང་ཞེས་བྱ་བ་ནི་ཐར་ཐུག་པའི་ཡེ་ཤེས་གོང་ན་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་དང་བྲལ་བ་ལྷན་ཅིག་སྐྱེས་དགའ་ཨོ། །བསྐྱེད་པ་ཞེས་པ་ནི་སྔར་ཁྱོད་ཀྱི་རྒྱུད་ལ་ཡེ་ཤེས་དེ་ལྟ་བུ་སྐྱེ་མ་མྱོང་བ་དེ་དག་བསྐྱེད་པར་བྱའོ། །ཞེས་པའོ། ། དེ་དག་གིས་ཀྱང་ཅི་བྱེད་ཅེ་ན། དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་བཟུང་བའི་བར་གྱི་ཕྱིར་ངས་བསྟན་ཅིང་བཤད་ཅེས་བྱ་བར་འབྲེལ་ལོ། །དེ་ཡང་མདོར་བསྡུ་ན། མ་དག་པ་དག་པར་བྱེད་པའོ། །མ་དག་པ་བསྟན་པར་བྱ་བའི་ཕྱིར། ལུས་དང་ངག་དང་ཡིད ཀྱི་གསང་བ་ཡོངས་སུ་མ་དག་པ་ཞེས་གསུངས་ཏེ། མ་དག་པའི་དངོས་པོ་བཞི་ཡོད་ངོ་ཞེས་པའོ། །མ་དག་པར་བྱས་པ་ནི་དྲི་མ་སྟེ་དྲི་མ་དང་བཅས་པའི་ལུས་ལ་སོགས་པའོ། །དེ་ཡང་ཉོན་མོངས་པ་དང་ལས་དང་ཤེས་བྱའི་དྲི་མས་སོ། །ཉོན་མོངས་པ ནི་ཡིད་འདོད་ཆགས་ལ་སོགས་པ་དང་ལྡན་བས་ཀུན་ནས་བསླང་སྟེ། ལུས་ཀྱི་ལས་སྲོག་གཅོད་པ་ལ་སོགས་པ་གསུམ་ལུས་ལས་ཀྱི་དྲི་མ་དང། ཐུན་དུ་སྨྲ་བ་ལ་སོགས་པ་བཞི་དག་ལས་ཀྱི་དྲི་མ་དང། གནོད་སེམས་ལ་སོགས་པ་གསུམ་ཡིད་ལས ཀྱི་དྲི་མ་དང། ལས་དང་ཉོན་མོངས་པ་ཀུན་ཆ་ཕྲ་མོས་ཀྱང་དྲི་མ་དང་བཅས་པར་བྱེད་པ་ནི། གསང་བ་ཡོངས་སུ་མ་དག་པའོ། །དག་པར་བྱ་བ་དང་ཞེས་པ་ནི་གང་གིས་དག་པར་བྱེད་ཅེ་ན། ཐུན་མོང་མ་ཡིན་པའི་ལམ་གྱི་ཡེ་ཤེས་ཀྱི་དག་པར་བྱེད་དེ། འདིར་དབང་བཞི་ལས་སྐྱེས་པའི་རྟོགས་པའི་ཡེ་ཤེས་ཀྱིས་སོ། །དབང་བཞི་གང་ཞེ་ན། བུམ་པ་དང། བསང་བ་དང། ཤེས་རབ་ཡེ་ཤེས་དང། བཞི་པའོ། །དེ་ལ་བུམ་པའི་དབང་གིས་ནི་ལུས་ཀྱི་དྲི་མ་དག་ནས་རྟོགས་པའི་ཡེ་ཤེས་ལུས་ཡོངས་སུ་དག པའི་ལྷའི་འཁོར་ལོའོ། །གསང་བའི་དབང་གིས་ནི་ངག་གི་དྲི་མ་དག་ནས་རྟོགས་པའི་ཡེ་ཤེས་དག་ཡོངས་སུ་དག་པ་ཡིག་འབྲུ་སྔགས་ཀྱི་འཁོར་ལོའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ནི་ཡིད་ཀྱི་དྲི་མ་དག་ནས་རྟོགས་པའི་ཡེ་ཤེས་ཡིད་ཡོངས་སུ དག་པ་ཡེ་ཤེས་ཀྱི་འཁོར་ལོའོ། །དབང་བཞི་པས་ནི་མ་དག་པ་གསང་བའི་སྒྲིབ་པ་ཐམས་ཅད་དག་ནས་གསང་བ་ཡོངས་སུ་དག་པ་བདེ་བ་ཆེན་པོའི་འཁོར་ལོའོ། །དང་ཞེས་པའི་སྒྲ་ནི་ཀྱང་གི་དོན་ཏོ། །མ་དག་པ་མེད་ལོང གི་གཡའ་དང་ནམ་མཁའ་ལ་སྤྲིན་ལྟ་བུ་དག་ནས་ཀྱང་མ་རྫོགས་པ་དང། མ་ཐོབ་པ་དང་མ་རྟོགས་པ་རྣམས། མ་རྟོགས་པ་རྣམས་རྟོགས་པ་དང་ཐབ་དང་བྱེད་པ་ཞེས་པའོ། །དེ་དག་བསྡུ་པའི་སྒྲ་བསྟན་ནས་སོ་སོར་བསྟན་པའི་ཕྱིར། ཡོངས་སུ་མ་རྫོགས པའི་ས་དང་ཞེས་གསུངས་ཏེ། དེ་ལ་ཡོངས་སུའི་སྒྲ་ནི་མཆོག་ཏུའོ། །མ་རྫོགས་པ་ནི་མ་ཚངས་པ་དང། མ་ཁེངས་པའོ། །དངོས་པོ་གང་མ་རྫོགས་ཤེ་མས་ཞེས་པའོ། །དེ་ལས་ནི་གོང་མའི་འབྲས་བུ་དང། ཡོན་ཏན་ཀྱི་རྟེན་དུ་གྱུར་པའོ། །རྫོགས པ་ནི་བཅུ་གཅིག་པ་དང། བཅུ་གསུམ་བ་སྟེ་སངས་རྒྱས་ཀྱི་སའོ། །དེ་བསན་སངས་རྒྱས་ཀྱིས་དེ་དག་མ་རྫོགས་པའོ། །ཇི་སྐད་དུ་གསུངས་བའི་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཆེན་པོར་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་སར་གསུངས་ལ གསང་སྔགས་ཀྱི་ཐེག་པར་ནི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཞེས་གསུངས་སོ། །བཅུ་གཅིག་མན་ཆད་ཐུན་མོང་དུ་གསུངས་ལ། བཅུ་གཉིས་ཡན་ཆད་ཁྱད་པར་གྱི་སར་གསུངས་སོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་ས་བཅུ་རིམ་ཀྱིས་འགྲོ བའི་ཐེག་པར་འདོད་ལ། འདིར་ནི་ཐབས་ཀྱི་བྱང་པར་དང་གདམས་ངག་གི་ཁྱད་པར་གྱིས་མའི་སྒྱེ་བ་འདི་ཉིད་ལ་རྫོགས་པར་འདོར་དོ། །དེ་ཡང་ཁྱད་པར་ནང་གི་ས་བཅུ་ནི་འདི་ལྟ་སྟེ། གནས་དང་ཉ་བའི་གནས་དང། ཞིང་དང་ཉེ་བའི་ཞིང། འདུ་བ་དང་ཡེ་བའི་འདུ་བ་དང། འཐུང་གཅོད་དང་ཉེ་བའི་འཐུང་གཅོད་དང། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་བཅུའོ། །འདིར་བཤད་བའི་ཆོས་དང་ལོང་སྤྱོད་པ་དང་སྦྲུལ་བའི་འཁོར་ལའོ། །ནང་ན་གསང་བའི་རྩ་བརྒྱད་བརྒྱབ་ཉི་ཤུ་རྩ་ལ་བླ་མ ནང་དག་གི་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་རིམ་པས་ཁེངས་ཙན། ས་བཅུ་དང། ཕ་རོལ་དུ་ཕྱིན་པ་དང། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་ཤིང། ཡོངས་སུ་དག་པར་བྱ་བ་དང། ཞེས་བྱའོ། །དེ་ལ་ཕ་རོལ་དུ་ཕྱིན པ་ནི་སྦྱིན་པ་དང། ཚུལ་ཁྲིམས་དང། བཟོད་པ་དང། བརྩོན་འགྲུས་དང། བསམ་གཏན་དང། ཤེས་རབ་དང། སྟོབས་དང། ཐབས་དང། སྨོན་ལམ་དང། ཡེ་ཤེས་བཅུད་གང་གསུངས་པ་རྣམས་སོ། །དང་ཞེས་པ་ནི་ས་བཅུ་དང། ཤེས་པ་བཅུ་དང། དབང བཅུ་དང། ??་བུམ?་པ?་དེ?་ནི་བཅུ་དང། སྟོབས་བཅུ་བསྡུ་བའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་གནས་པ་ལམ་ལ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང། དག་བ་རང་བཞིན་ལ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱ་བ་དང། ཚུལ་གདམས་ངག་ལམ ??་པ་རྫོགས་པར་བྱའོ། །དེ་ཡང་གནས་པ་ལམ་ཕ་རོལ་དུ་ཕྱོན་པ་བཅུ་རྫོགས་པར་བྱ་བ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྐབས་ནས་སྟོན་ཏོ། །དག་པ་རང་བཞིན་གྱི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་ཆོས་ཀྱི་དབྱིངས་གྱི་ཡེ་ཤེས ཀྱི་སྟབས?་ནས་སྟོན་ནོ། །ཐོབ་བས་འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་ན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐབས་ནས་སྟོན། ཚུལ་མན་ངག་གི་ཕ་རོལ་དུ་ཕྱིན་པ་ནི་བླ་མཱི་མན་ངག་གིས་ཐེག་པ་ཆེན་པོའི་ཚུལ་བར་སྦྱོར་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི ཕ་རོལ་དུ་ཕྱིན་པ་རྣམས་ཉིད་དེ། སྦྱིན་པ་དང་ཚུལ་ཁྲིམས་བཟོད་པ་གསུམ། །ལོངས་སྦྱོད་རྫོགས་དང་སྤྲལ་བའི་སྐུ། །བསམ་གཏན་ཤེས་རབ་ཆོས་ཀྱི་སྟེ། །བརྩོན་འགྲུས་གཉིས་གར་འདོད་པ་ཡིན་ཞེས་བྱ་བས་སོ། །སྟོབས་དང་ཐབས་དང་སྨོན་ལམ་ནི་བསོད་ནམས་ཀྱི ཚོགས་སོ། །ཡེ་ཤེས་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་བདག་དང་གཞན་གྱི་དོན་གཉིས་ཚད་??་རྫོགས་པའོ། །ཡང་ན་རྫོགས་པ་ཞེས་བྱ་བའི་སྒྲ་ནི་བླ་བ་ཉ?་བ་བཞིན་ནོ། །ཡོངས་སུ་རྫོགས་ནི་སྔར་སྨོས་བའི་བཅུ་པོ་ཀུན་རྣམ་པར་དག་པར་འགྱུར་བའོ། ། བྱ་བ་ཞེས་བྱ་བ་ནི་རྒྱུ་དེས་ན་ཞེས་པའི་དོན་ཏོ། །ཐབས་ལས་བྱུང་བའི་འབྲས་བུ་བསྟན་པའི་ཕྱིར། །བླ་ན་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བ་དང། མ་ཐོབ་པ་ཐོབ་པར་བྱ་བ་ནས་ཞེས་སྨོས་ཏེ། བླ་ན་མེད་ཅེས་བ་ནི་གོང་ན་མེད པའོ། །དོན་ནི་དོན་དུ་གཉེར་བར་བྱ་བ་ཕྱག་རྒྱ་ཆེན་པོའོ། །མ་རྟོགས་པ་ཞེས་བྱ་བ་ནི་ཁོང་དུ་མ་ཆུང་བའོ། །རྟོགས་པར་བྱ་བ་དང་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཚིག་གོ་དཔེར་ན་དབུལ་པོས་གཏེར་ཡོང་པར་རྟོགས་པ་བཞིན་ནོ། །མཐོབ་པ་ཞེས་བྱ་བ ནིས་བས་རྒྱས་ཀྱི་ཡོན་ཏན་གེང་དང་གང་གིས་ཐོབ་པར་མ་ནུས་པ་དེའོ། །ཐོབ་པ་ནི་དེའི་བདག་ཉིད་དུ་གྱུར་པ་ལ་འམ་དབང་དུ་བསྒུར་བའོ། །ནས་ཤེས་པ་ནི་དངོས་པོ་གཞན་འོག་ནས་འབྱུང་བསྡུད་བར་བྱེད་པ་སྟེ། ཐོག་མཛའ་བསྡུ་བའི་སྒྲའོ། །གང་ཞེ་ན། ཇི་སྙད་དེ བཞིན་གཤེགས་བ་ཐམས་ཅད་ཀྱི་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་པ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་དུས་གསུམ་གྱིས་བསྡུས་པའམ་རིགས་དྲུག་གིས་??་པའོ། །དམ་པའི་ཆོས་ཀྱི་ཚུལ་ཡང དག་པར་བཟུང་བའི་བད་གྱི་ཕྱིར་དང་ཞེས་པ་ནི་དམ་པ་ནི་བཤད་??་??་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱིས་གསུངས་པའི་ཆོས་ནི་དམ་པའི་ཆོས་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲེ་བཞིན་སྟོང་གི་སྙེར་པོ་རྡོ་རྗེ་ཐེག་པ་འདིའོ། །དེ་བསན་འདི གཟུང་བས་སངས་རྒྱས་ཀྱི་བཀའ་མཛའ་དག་གཟུང་བར་འགྱུར་ཞེས་པའོ། །ཤིན་དུ་རྒྱས་པད་སྐབས་འོག་ནས་སྟོན་ཏོ། །ཕྱི་ཞེས་པ་ནི་དགོངས་པ་སྨོས་པའོ། །དང་ཞེས་པ་ནི་དགོས་པ་དེ་གཞན་ཡང་ཡོད་དེ་ཞས་པའོ། །གང་ཞེ་ན། དས་བཤད་ཅི?་བསྟན? ཏེ་འགྲེལ་ཅིང་རྣམ་པར་ཕྱེ་ལ་གསལ་བར་བྱས་ཏེ་བྱིན་གྱིས་བརླབ་པོ་ཞེས་བྱ་བ་གསུངས་ཏེ། ངས་ཞེས་པ་ནི་ཤཱཀྱ་ཐུབ་བའོ་ཞེས་པའོ། །བཤད་ཅིང་ཞེས་པ་ནི་གཞུང་ཡི་གེའི་སྒོ་ནས་སོ། །བསྟན་ཏེ་ཞེས་བྱ་བ་ནི་མངོན་སུམ་དུ་ཉམས་སུ་མྱོང་བར བྱས་ཞེས་པའོ། །འགྲེལ་ཅིང་ཞེས་བྱ་བ་ནི་དགོངས་པ་དེས་པར་འགྲེལ་པ་སྟེ། དྲང་དོན་དང་དེས་དོན་ལ་སོགས་པའི་མན་ངག་གོ། རྣམ་པར་ཕྱེ་ལ་ཞེས་པ་ནི་བཤད་པའི་རྣམ་གྲངས་དབྱེ་བ་སྟེ། ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པར་རོ། །གསལ་བར་བྱས ཞེས་པ་ནི་བཤད་མ་ཐག་པའི་དོན་བཞིའི་སྒོ་ནས་རིམ་པ་བཞིན་དུ་གཞུང་དང་ཉམས་སུ་མྱོང་བ་དང། དགོངས་པའི་དོན་དང། བཤད་པའི་རྣམ་གྲངས་གསལ་བར་ཁོང་དུ་ཆུད་པར་བྱས་སོ། །ཞེས་པའོ། །དེ་དག་ཐམས་ཅད་ཀྱང་མདོར་བསྡུས་པ་བྱིན་གྱི་བརླབ ཀྱི་སྒོ་ནས་འཇུག་པ་བསྟན་པའི་ཕྱིར་རོ། །ལག་ན་རྡོ་རྗེ་འཆང་ཞེས་པས་བོད་པ་མཛད་དེ། ལག་ན་རྡོ་རྗེའི་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །ངས་ཡང་ཁྱོད་ཀྱི་རྒྱུད་ལ་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བྱིན་གྱིས་བརླབས་གྱིས་བྱིན་གྱིས་བརླབས་པའི ཞེས་བྱ་བ་ནི་ཡང་ཞེས་བ་ནི་བསྣན་པའི་སྒྲ་སྟེ་བཤད་པ་དང། འབྲེལ་བ་དང་རྣམ་པར་ཕྱེ་བ་གསུམ་གྱིས་གཞུང་ཐོས་པ་ལ་སོགས་པ་བྱིན་གྱིས་བརླབས་ལ། ཡང་བསྟན་པ་དང་གསལ་བར་བྱས་པ་གཉིས་ཀྱི་ནི། རྟོགས་པར་བྱིན་གྱིས་བརླབས་?? ཞེས་པ་ནི་སྟོན་པ་པོས་ངས་ཞེས་པའོ། །ཁྱོད་ཀྱི་རྒྱུད་ལ་ཞེས་པ་ནི་སྣོད་དང་ལྡན་པ་ལག་ན་རྡོ་རྗེ་ཁྱོད་ཀྱི་ཤེས་པའི་རྒྱུད་ལ་ཞེས་པའོ་གསང་སྔགས་ཐམས་ཅད་ཀྱི་ཞེས་པ་ནི། གསང་སྔགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རིག་སྔགས་?? གཟུང་སྔགས་ཐམས་ཅད་དོ། །དེ་རྣམས་ཆོས་བཅུད་དུ་གྱུར་པས་བྱིན་གྱིས་བརླབས་ཞེས་པའོ། །ཆོས་ཉིད་ཅེས་པ་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུར་ལས་གསང་བའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་ཆོས་ཉིད་ནི་དེ་བཞིན་གཤེགས པ་ཐམ་ཅད་ཀྱིས་མ་བྱས། བྱེད་དུ་ཡང་མ་བཅུག། རྗེས་སུ་ཡི་ངད་བདམ་བྱས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ན། འདི་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད། །འདི་ལྟ་སྟེ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་དེ ཡེ་ཤེས་གནས་བསྟེ། དེ་ཡང་འདིར་གསང་སྔགས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །དེ་ལྟ་བུ་ལ་སོགས་པའི་བྱིན་བརླབས་ནི་དེ་ཉིད་ཁོང་དུ་ཆུ་དཔལ་སོགས་བྱིན་གྱིས་བརླབས་པའོ། །དེ་དག་གིས་ནི འཁོར་ལོ་དང་པོའི་ཕན་ཡོན་ཚིག་བཅུ་གཅིག་ཏུ་བགྲངས་པའི་རྣམ་པར་བཤད་པའོ། །།དེ་ནས་འཁོར་ལོ་གཉིས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྐབས་བཤད་པར་བཞེང་ནས། ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་བྱ་བ་གསུངས་ཏེ། ཚིག་གི་དོན་ནི་གོ་བདེ་བའོ། །བརྗོད་པར་བྱེད་པའི་མཚན་ཡང་དག་པར་བརྗོད་པའི་དགོས་པ་འཁོར་ལོ་དད་པོའི་ཕན་ཡོན་གྱི་སྐབས་སུ་དེ་ལྟར་བསྟན་ནས། དེ་གཉིས་པའི་སྐབས་འདིར་མི་འདྲ་བ་བསྟན་པའི་ཕྱིར། གཞན་ཡང་མཆན་ཡང དག་པར་བརྗོད་པ་འདི་ནི། ཞེས་བྱ་བ་གསུངས་ཏེ། དེ་ཡང་མཚན་ཡང་དག་པར་བརྗོད་པ་ཞེས་པའི་གཞུང་གཅིག་ཏུ་ཟིན་ཀྱང་སྐབས་ཕྱེ་བ་ལས་དོན་ཐ་དད་པར་སྟོན་ཏོ་ཞེས་པའོ། །འདི་དོན་ཅི་སྟོན་ཅེ་ན། དེ་བཞིན་གཤེགས་པ་ཐམས ཅད་ཀྱི་ཤིན་དུ་དག་ཅིང་ཡོངས་སུ་བྱང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་པ་ཐམས་ཅད་ཀྱང་ཡིན་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དུས་གསུམ་དུ་གཤེགས་པའི་དེ་བཞིན གཤེགས་པ་མ་ལུས་པའི་འོ། །དེ་ཤིན་ཏུ་དག་པ་ནི་ལེགས་པར་སྣང་བ་དག་པ་སྟེ། དྲི་མ་དང་སྒྲིབ་པར་གྱུར་པ་མ་ལུས་པ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཡང་སྔར་ཡོངས་སུ་རྫོགས་པ་དག་པ་ཞེས་བཤད་དོ། །བྱད་པ་ཞེས་པ་ནི་བསོད ནཾས?་དང་ཡེ་ཤེས་ཀྱི་ཚོགས་ལ་རབ་ཏུ་འབྱོངས་པ་སྟེ། ལེགས་པར་སྦྱངས་པའི་གསར་བཞིན་ཉེས་པ་ཕྲ་མོའི་ཚད་ཙམ་ཡང་མི་མདའ་བའ་ཨོ། །དེ་ལྟར་དག་པ་དང་བྱང་བའི་ཕྱིར་ཇི་སྙེད་པ་དང་ཇི་ལྟ་བ་མཁྱེན་པ་ནི་ཐམས་ཅད་མ་ཕྱིན་པའི་ཡེ་ཤེས་ཞེས? བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རོ་གཅིག་པར་གི་དོན་རྟག་ཏུ་མཉམ་པར་བཞག་པའོ། །ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྣང་བའི་རིམ་པ་སོ་སོར་བསྟན་པའི་ཕྱིར། སྐུ་དང་གསུང དང་ཐུགས་གསང་བར་འགྱུར་བའོ། །ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་དག་ཅིང་བྱང་བར་བྱས་པའི་མེ་ལོང་ལ་གཟུགས་བརྙན་སྣ་ཚོགས་སོ་སོར་སྣང་བ་བཞིན་དུ་ཐུགས་རྗེ་ཆེན་པོའི་སྨོན་ལམ་གྱིས་འདུལ་བ་ལ་སྐུ་དང་གསུང་དང་ཐུགས་དང་གསང་བ ཡང་ཡོངས་སུ་གྱུར་པ་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བ་ན་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་དཀྱིལ་འཁོར་དང་གདུལ་བྱ་དྲག་པོ་འདུལ་བའི་ཕྱིར་མི་བསྐྱོད་པ་ཡང་རྣམ་པ་ལྔར་འགྱུར་བད་གོ་བར་བྱའོ། །དེ་རྣམས་ཀྱི་དོན་གཙོ་བོར་མི བསྐྱོད་པ་ཉིད་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་བཞི་པོའོ། །ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་མ ལུས་བཀུན་ཀྱང་རིགས་ལྔར་འདུས་སོ་ཞེས་དགོངས་པའོ། །སངས་རྒྱས་ཞེས་བྱ་བ་ནི་བློ་ཕྱེ་བ་དད་རྒྱས་བའི་ཕྱིར་རོ། །དེ་མཚན་གང་ལ་ཡོང་པའོ། །བྱང་ཆུབ་པོ་ཞེས་པ་ནི་དི་དག་ཀུན་གྱི་བྱང་ཆུབ་ནི་ཐུགས་ཀྱི་རིགས་མི་བསྐྱོད་པ་ཞེས་པའོ། །མི་བསྐྱོད་པས་རྒྱུས བཏབ་པའི་ཕྱིར་ཐམས་ཅད་ཅེས་པའི་སྒྲ་ནི་འོག་ནས་སྟན་པ་ལ་ཡོངས་གོ་བར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མངོན་པར་རྟོགས་པའོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་བདག་དང་གཞན་གྱི་ངན་ཕུན་སུམ་ཚོགས་པ་རྫོགས་པ་ནི ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་རྣམས་ཀྱི་མངོན་དུ་བྱ་བའི་ཆོས་ཉིད་མི་བསྐྱོད་པས་ནམ་མངོན་པར་རྟོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་པའོ། །ཞེས་པ་ན་དེ་བཞིན་གཤེགས་པ་སྔ་མ་བཞིན་ན། ཆོས ཀྱི་དབྱིངས་ཞེས་པ་ནི་མི་འཇིགས་པ་ལ་སོགས་པའོ། །དབྱིངས་ཞེས་པ་ནི་འབྱུང་ཁྲུངས་སུ་འགྱུར་བའོ། །བླ་ན་མེད་པ་ནི་དེའི་གོང་ན་གཞན་མེད་པའོ། །ཐུགས་སུ་ཆུང་ཅེས་པ་ནི་མདོན་དུ་མཛད་ཅེས་པའོ། །དེ་ལྟར་རྟོགས་པ་དང་ཐུགས སུ་ཆུང་བས་ཅིར་འགྱུར་ཞེ་ན། །རྒྱལ་བ་རྣམས་ཅི་གདུང་ཀྱི་སྟོབས་ཐམས་ཅད་ཕམ་པར་མཛད་པའོ། །ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བས་ན་རྒྱལ་བའོ། །དབར་ན་རྡོ་རྗེ་ནི་རིན་པོ་ཆེའི། བྱད་པར་ཀུན་ལས རྒྱལ་བ་བཞིན་ནོ། །མི་མཐུན་པའི་ཕྱོགས་དེ་དག་གང་ཞེ་ན། བདུད་ཀྱི་སྟོབས་ཐམས་ཅད་བམ་བར་མཛད་པའོ་ཞེས་གསུངས་ཏེ། བདུད་ནི་ཕུང་པོའི་དང། ལྷའི་བུ་དང། ཉོན་མོངས་པ་དང། འཆི་བདག་གི་བདུད་དོ། །དེ་རྣམས་ཁམས་གསུམ་པའི སེམས་ཅན་ལ་དག་དང་འདྲ་བ་ཉེ་བར་འཚོ་ཞིང་འཇིགས་པར་བྱེད་པས་བདུད་ངོ། །ལྷའི་བུའི་བདུད་ཀྱི་སྟོབས་ཀྱིས་མདངས་འཕྲོག་པ་དང། དབུགས་འཕྲོག་ཅིང་ལོངས་སྦྱོད་དང། བྱང་ཆུབ་ཀྱི་ལམ་སྒོམ་པ་རྣམས་ལ་བར་དུ་གཅོད་དོ། །ཉོན་མོངས བའི་བདུད་ཀྱི་སྟོབས་ཀྱིས་ནི་དྲན་པ་དང་ཤེས་བཞིན་ལ་སོགས་པ་མཐོ་རིས་དང་ཐར་བའི་དགེ་བའི་བར་དུ་གཅོད་པར་བྱེད་དོ། །དེ་སྐད་དུ་ཡང། ཉོན་མོངས་སྟོབས་ཆེན་དགྲ་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕུང་པོའི་བདུད་ཀྱི་སྟོངས ཀྱིས་ནི་རླུང་དང་མཁྲིས་པ་ལ་སོགས་པས། འཚོ་བ་ལ་སོགས་པ་འཇོམས་པར་བྱེད་དོ། །འཆི་བདག་གི་བདུད་ཀྱི་སྟོབས་ཀྱིས་ནི་མྱུར་དུ་བར་དོར་འཁྲིད་ཅིང་གསོན་པོའི་ཚེ་འཇོམས་པང་བྱེད་པའོ། །དེ་ལས་གཞན་པའི་སྟོབས་རྣམས་? བའི་ཕྱིར་ཐམས་ཅད་ཅེས་པའོ། །ཕམ་པར་མཛད་པ་ནི་དེ་ལྟ་བུ་དེ་བཅོམ་པ་དང། བཤིག་བར་བྱས་བའོ། །དེ་བས་ན་བདུད་རྣམས་རབ་ཏུ་འཇིག་པར་མཛད་ཅེས་བྱའོ། །དེ་ནི་རང་གི་ཡེ་ཤེས་ཀྱི་སྟོབས་བསྟན་པའི་ཕྱིར། སྟོབས་བཅུང་བསྔན? པ?་ཐམས་ཅད་ཀྱི་སྟོབས་བཅུའི་སྟོབས་ཉིད་དོ་ཞེས་གསུངས་ཏེ་དེ་ལ་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་དང། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང མོས་བསྣ་ཚོགས་མཁྱེན་བའི་སྟོབས་དང། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་སྣ་ཚོགས་པའི་ཏིང་ངེ་འཛིན་དང་རྣམ་པར་ཐུར་པ་དང་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང། ལས་ཀྱི་རྣམ པར་སྨིན་པ་མཁྱེན་བའི་སྟོབས་དང། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་བའི་སྟོབས་དང་སྡོན་ཀྱི་གནས་རྗེས་སུ་དྲན་པའི་སྟོབས་དང། འཆི་འབོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང། ཟག་པ་དང་ཟག་པ་མེད་པ་མ་ཁྱེན་པའི་སྟོབས་ཏེ་བཅོམ་ལྡན་འདས་ཀྱིས ?་མཐུ་རྩལ་ཁྱད་པར་དུ་བསྒོམས་པའི་ཕྱིར་དང། ཐོག་མ་མེད་པའི་མཉམ་པ་ཉིད་ཀྱི་གནས་ལས་སྤྲོས་པས་མཐོང་བའི་ཕྱིར་མཁྱེན་པ་ཞས་བྱའོ། །དེ་ཡང་མཁྱེན་པའི་སྟོབས་ཀྱི་གཞི་སྤྱན་རྣམས་དང། སྟོབས་ཀྱི་རྟགས་ཕྱག་དྲུག་ཏུའོ། །དེ ཡང་ཤེལ་ལས་ཀྱི་སྟོབས་དང། ཐབས་ཀྱི་སྟོབས་ཏེ། སྡང་གྱི་སྟེང་དུ་གཉིས་བསྟན་པ་ནི་བཅུ་གཉིས་སོ། །དེ་ཡང་མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་པའོ། །སྟོབས་བཅུ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྟོབས་བཅུར་གང་རྩིས་པ་ད་རྣམས་ཀྱི སྟོབས་ན་ཐབས་ཞེས་རབ་ཀྱི་སྟོབས་ལས་བྱང་བས་རྡ་སྟོབས་བཅུའི་སྟོབས་སོ། །དེ་ཡང་ཤེས་རབ་ཀྱི་སྟོབས་ཀྱི་ཁྱད་བར་བསྟན་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ཀྱི་ཐམས་ཅད་མཁྱེན་བ་ཉིད་དོ་ཞེས་གསུངས་ཏེ། ཐམས་ཅད་ཀྱི་སྒྲ་ནི་མ་ལུས་བའོ། ། མཁྱེན་པ་ནི་ཇི་ལྟ་བ་བཞིན་དུ་སྟེ། ཡེ་ཤེས་ཀྱི་སྦྱན་མཉམ་པ་མེད་པས་ཇི་སྙེད་པ་མཁྱེན་པའོ། །རྣམས་ཀྱི་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་རྣམས་ཀྱི་ཡེ་ཤེས་ནི། ཡེ་ཤེས་ཀྱི་སྦྱན་འདི་ཞེས་བའོ། །ཉིད་དོ་ཞེས་པ་ནི་ཁོ་ན་སྟེ། ངེས་པར་བྱ་བའོ དེ་ལྟར་སྟོབས་རྣམས་ཀྱིས་བདུད་བཞིའི་སྟོབས་རྣམས་དུག་ཧ་ལ་ཧ་ལ་དང་འདྲ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདུད་རྩིར་བྱས་ནས་ཞལ་བརྒྱ་པའི་སྟོབས་མངའ་བས་གསོལ་པའོ། །འཆི་བདག་གི་བདུད་ལ་སོགས་པ་རྩད་ནས གཅོད་པས་ན་མཆེ་བའི་ཁྱད་པར་ཀྱང་རབ་ཏུ་གཙིགས་པ་ཞེས་སྦྱར་རོ། །དེ་བས་ན་ལོག་པར་འདྲེན་པ་རྣམས་ཀྱི་ཡང་གཉེན་པོ་དང་གདུལ་དཀའ་འདུལ་བའི་དུས་སུ་ནམ་མཁའ་ལས་ཐོག་ལྷུང་བ་བཞིན་འཇིགས་པར་མཛད་དོ། །དེ་ལྟར་ཡང་ཅི་མངོན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་ལུང་ངོ། །ཞེས་གསུངས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ནི་རྡོ་རྗེ་ལྟར་གང་ལ་ཡང་ཐོགས་པ་མེད་དོ་ཞེས་སོ། །སངས་རྒྱས་ཀྱང་ཡིན་ལ་ཞེས་པ་སྣ་མ་བཞིན་ཏེ། དུས་གསུམ་བྱི་སངས་རྒྱས་ཀུན ?་ཆོས་ཤེས་པ་ནི་ཐེག་པ་ཆེན་པོའོ། །ལུང་ངོ་ཞེས་པ་ནི་གཞན་ལས་འོངས་པའི་ཕྱིར་རོ། །དེ་བས་ན་རང་དམ་གཞན་ལ་དེ་སྐད་དུ་གྲགས་པའོ། །དི་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དེ་བསྒྲུབ་བྱ་སྙིང་བོར་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད གྱི་པར་དག་པར་བསྒྲུབ་པའོ། །ཞེས་གསུངས་ཏེ། སྙིང་པོར་རྡོ་རྗེ་དེ་ཕྱིན་ཅི་མ་ལོག་པར་བསྒྲུབས་པས་སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས་པའོ་ཞེས་པའོ། །དེ་ཡང་དེ་ཉིད་བསྒྲུབས་ན་ཚོགས་རྫོགས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །ཞེས་གསུངས་ཏེ་སེམས་རྡོ་རྗེ་ལྟར་སྐྱེས་པས་ན། དེ་བྱང་ཆུབ་སེམས་དཔའ་ཨོ། །གཞན་ཡང་གནས་དེ་ལ་དགོང་པར་སེམས་དཔས་ན་ཆེན་པོའོ། །ཀུན་ཞེས་པ་ནི? ས་ཐོབ་པ་དང་མ་ཐོབ་པ་ཀུན་ནོ། །བསོད་ནམས་ནི་ཐབས་སོ། །ཡེ་ཤེས་ནི་ཤེས་རབ་བོ། །རྫོགས་པ་ནི་གཉིས་སུ་མེད་པར་གྱུར་པ་སྟེ། རྡོ་རྗེ་ལྟར་དབྱེར་མི་ཕྱོད་པའི་ཕྱིར་རོ། །དྲི་མ་མེད། ཅིང་ཞེས་པ་ནི་སྐྱོན་མེད་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པ་ནི་སྒྲིབ་པར་གྱུར་པ མ་ཨེད་?་ནི་ཐམས་ཅད་ཀྱི་སྐྱེ་གནས་སུ་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་གནས་སོ་ཞེས་གསུངས་ཏེ་དོན་དམ་པར་ཆོས་གང་ལ་ཡང་སྐྱེ་བ་འམ་འགག་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མ་དམིགས་ཀྱང་ཀུན་རྫོབ་ཏུ་གཉིས སུ་?་ཡེ་ཤེས་དེ་ཉིད་སྒྱུ་མ་དང་སྤྲུལ་པའི་ཚུལ་གྱིས་ཐམས་ཅད་སྐྱེ་བའི་གནས་སུ་བསྟན་ཏེ། དེ་ལས་ཐེག་པ་ཆུང་དུ་ཉན་ཐོས་དང་རང་སངས་རྒྱས་གཉིས་ཀྱིས་གྲུབ་པའི་མཛའ་ཡང་འདི་ལ་སྐྱེས་སོ་ཞེས་བའོ་འཇིག་རྟེན་པའི་བདེ་བའི་འབྱུང་ཁུངས་བསྟན ?་ལྟ་དང་མི་ཐམས་ཅད་ཀྱི་ཕུན་སུམ་ཚོགས་བའི་ཞིང་ངོ། །ཞེས་གསུངས་ཏེ། ལྷ་ནི་འདོད་པ་དང། གཟུགས་དང། གཟུགས་མེད་པའི་ལྷའོ། །མི་ནི་གླིང་བཞི་ལ་སོགས་པར་སྐྱེས་པའོ། །ཐམས་ཅད་ཅེས་བ་ནི་དེ་དག་མ་ལུས་པའོ། །ཕུན་སུམ་ཚོགསཌ ཕན་གཟུངས་དང་དབང་པོ་དང། ཚེ་དང་ལོངས་སྤྱོད་དང་འཁོར་རབ་ཏུ་འབྱོར་པ་མཐར་ཕྱིན་པའོ། །ཞིང་ནི་མེ་ཏོག་དང། འབྲུའི་འབྱུང་ཁུངས་སོ། །དེ་བཞིན་དུ་ཞེས་པའོ། །ཐེག་པ་ཆེན་པོའི་གཞིའོ་ཞེས་པ་ནི་ཐེག་པ་ཆེན་པོ་ནི་ཐེག་པ་ཡང་ཡིན་ལ་ཚན་པོ་ཡང ཡི་ཟལ་ཐག་པ་ཆེན་པོ་སྟེ། ཐེག་པ་གང་གིས་བདག་དང་གཞན་གྱི་ངོན་བསྒྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞིའོ་ཞེས་པ་ནི་རྟེན་ཏེ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ལ་བརྟེན་ནས་ཞེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱུང་ཁུངས་སུ་ཞེས་པ་ནི་བྱང་ཆུབ ནི་མཉམ་པ་ཉིད་དོ། །དེར་སེམས་བསྐྱེད་པ་ནི། བྱང་ཆུབ་སེམས་དཔའ་ཨོ། །རྣམས་ཞེས་པ་ནི་འབྲུ་མང་པོ་པའོ། །འབྱུང་ཁུངས་སོ་ཞེས་པ་ནི་གང་ཇི་སྙེད་པ་དག་ཀྱང་འདི་ལས་སོ་ཞེས་པའོ། །འཕགས་པའི་ལམ་ཡང་དག་པར་རྫོགས་པའི་ཐམས་ཅད་ཀྱི་མཛའ་ཨོ། ཞེས་པའོ་འཕགས་བ་ནི་ཁྱད་པར་དུ་འཕགས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་བསེམས་དཔའ་ཨོ། །ལམ་ཞེས་པ་ནི་གང་གིས་རང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་འགྲོ་བར་བྱེད་པའི་ལམ་མོ། །ཡང་དག་པར་རྫོགས་པ་ཞེས་པ་ནི་སྐྱོན་མེད་པར་རང རང་གིས་མཐར་ཕྱིན་བའོ། །ཐམས་ཅད་ཀྱི་མཛའ་ཨོ། །ཞེས་པ་ནི་དེ་རྣམས་ཀྱི་གོང་ད་གྱུར་པས་མཐར་ཐུག་པ་སངས་རྒྱས་ཀྱི་སའོ་ཞེས་པའོ། །རྣམ་པར་གྲོལ་རྣམས་ཀྱིས་བརྟགས་པའོ་ཞེས་པ་ནི་རྣམ་བར་གྲོལ་བ་ནི་འཆིད་བར ཕྱར་པ་ཐམས་ཅད་དང་བྲལ་བའོ། རྣམས་ཤེས་བ་ནི་ཉན་ཐོས་ལ་སོགས་པ་རྣམས་སོ། །བརྟག་བའོ། ནས་པ་ནི་ཆད་མར་གྱུར་བ་སྟེ་འདས་བརྟག་པར་བྱང་ཁོ་ནའོ། །དེས་པར་འབྱུང་བའི་ལམ་གྱི་སྐྱེ་གནས་སོ་ཞེས་པ་ནི་དེས་པར་འབྱུང་བ་ནི་རང་རང་གི་ས་ལ་ཐེ་ཚོན མ་ཟ་བར་པྲས?་བུ་ཐབ་པ་སྟེ་ཉན་ཐོས་ཀྱིས་ངེས་པར་འབྱུང་བ་དང། རང་སངས་རྒྱས་ཀྱིས་ངེས་པར་འབྱུང་བ་དང། བྱང་ཆུབ་སེམས་དཔའ་ཨི་དས་བར་འབྱུང་བའོ། །ལམ་ཞེས་པ་ནི་ཐེག་པའོ། །སེ་གནས་ཞེས་ཡ་ནི་མངལ་ལོ། །དེ་དང་ཚེས་མཐུན་བའི་ཕྱིར དེ་སྱད་ཙས་བྱ་སྟེ། ད་མོས་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་བའོ། །དེ་ལས་བྱུང་བ་རིགས་ཁྱད་པར་ཅན་དུ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པའི་གདུང་རྒྱན་མི་འཆད་པའོ་ཞེས་གསུངས་ཏེ། ནེ་བཞིན་གཤེགས་པ་ཞེས་བྱ་བ་ཏིང་བཞིན ཉི་དུ་གཤེགས་པ་སྟེ། དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་བརྟན་པའོ། །དེའི་རོ་པོ་ཉིད་དུ་སན་པས་ན་གཤེགས་པའོ། །ཡང་ན་དེ་མཁྱེད་པ་འམི་མ་གཤེགས་པ་ལ་ཡང་དེ་སྐད་ཅེས་བྱའོ། །དེ་སྐད་དུ་ཡང། དཔལ་ལྡན་དེ་བཞིན་ཉི་ཤར ཤིད། །དེ་བཞིན་སླང་ཡང་བྱོན་པས་ན། དེ་བཞིན་གཤེགས་ཞེས་བྱ་བ་ཡིན། །ཞེས་གསུངས་སོ། །གདུང་ནི་རུས་སོ། །མི་འཆད་པ་ཞེས་བྱ་བ་ནི་ནམ་ཡང་གཞན་དུ་མི་འགྱུར་བའོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ད་གིས་དང་རྒྱུད་རབ་དུ འཕེལ་བའོ་ཞེས་བྱ་བ་ནི་བྱང་ཆུབ་ནི་སྡར་བསྟན་མ་ཐ་ག་པའི་རྡོ་རྗེ་ལྟར་བརྟན་པའི། །དེ་ལྟ་བུ་ལ་རང་གིས་ཐོབ་པར་བྱ་བ་དད། ཁོང་དུ་ཆུང་པར་བྱ་བར་སེམད་བསྐྱེད་པ་རང་སེམད་ཅན་ཐམས་ཅད་ཀྱང་གནས་དེ་ལ་ངོག་པར་ཕྱི་བ་ནི་སེངས དཔའ་སེམས་དཔའ་ཆེན་པོའོ། །རིགས་ཞེས་པ་ནི་དུས་སོ། །དང་ཞེས་པ་ནི་རྣམ་གྲངས་བསྡུས་པའོ། །རྒྱུད་ཅེས་པ་ནི་སྔར་བསྟན་པ་དེ་ལས་སྐྱེས་པ་ནི། དེའི་བདག་ཉིད་ཀྱི་རྒྱུད་འཛིན་པའོ། །འཕེལ་བ་ནི་མང་པོར་གྱུར་པའི་དོན་ནོ། །དེ་ཀྱང་ཅི་བྱེད་ཅེན། ཕ་རོལ་གྱི་རྒོལ་བ ཐམས་ཅད་ཚར་གཅོད་པའོ་ཞེས་གསུངས་ཏེ། དེ་ལ་ཕ་རོལ་ནི་རང་གི་སྡེ་ལས་གཞན་པའོ། །རྒོལ་བ་ནི་སྐྱོན་རྟོགས་ཤིང་རྒལ་བར་ཕྱག་བར་སེམས་སོ། །ཚར་གཅོད་པ་ནི་དེ་ལྟ་བུའི་སྟོབས་མེད་པར་བྱེད་པའོ། །དེ་ཡང་རང་གི་སྡེ་བ་རྡོ་རྗེའི་སྙིད་པོ་འདུས་མ་བྱས པའི་ཕྱིར་རོ། །རྒོལ་བ་པོ་དེ་ཡངས་སུ་ཞིག་ཡིན་ཞེས་ན། མུ་སྟེགས་ཅན་ཐམས་ཅད་རྣམ་པར་འཇོམས་པའོ་ཞེས་གསུངས་ཏེ། ཤེས་རབ་ཕྱིན་ཅི་མ་ཡོག་གིས་བརྟགས་པའི་རྟག་པའི་མུ་དང་ཆད་པའི་མུ་ལ་བརྟེན་བབས་པས་ན་མུ་སྟེགས་སོ། ། ཐམས་ཅད་ཀྱི་སྒྲན་ལྟེ་དང་དབུང་ཐམས་ཅད་ཕམ་པའི་བྱེད་པའོ། །ཞེས་པ་ནི་བདུད་བཞི་ནི་གོ་བླའོ། །སྡེ་ནི་དམག་གེ་ཚོགས། །དཔུང་ནི་ནབ། །པོའི་རྩ་ལག་ཀུན་ནོ། །དེ་ཐམས་ཅད་འདི་ལྟར་མེ་ལོང་གི་ནང་གི་གཟུགས་བརྙན་ལྟ་པཱུམ་སྐུ་དྲག་ངོ་? བསུངས་པ། བདུད་བཞིའི་སྡེ་དང་དཕུང་ཐམས་ཅད་ཕམ་པའི་བྱེད་པའོ། །ཞེས་པ་ནི་བདུད་བཞིན་ནི་གོ་བླའོ། །སྡེ་ནི་དམག་གེ་ཚོགས། །དཔུང་ནི་ནག་པོའི་རྩ་ལག་ཀུན་ནོ། །དེ་ཐམས་ཅད་འདི་ལྟར་མེ་ལོང་གི་གཟུགས་བརྙན་ལྟ་བུའི་སྐུ་དྲ་འོ? དང། དེ་བཞིན་གཤེགས་?་འཕྲིན་ལས་གང་ཡིན་པ་ལ་གདུལ་བྱ་དྲག་པོས་འདུལ་བས་ཉེས་བས་མི་གོས་ཏེ། གཟུགས་བཞིན་ནོ། །གསུང་གིས་སྒྲ་དྲག་པོས་སྤུལ་བ་རླག་པར་བྱེད་པས་ན་ཕམ་པར་བྱེད་པའོ། །དེ་ལྟ་བུ་ཆིས་གཅད་ནས་ཕན། ?་པར་བྱ་བ་གང་ཞེན། སེམས་ཅན་ཐམས་ཅད་ཡང་དག་བར་སྡུང་པའོ། །ཞེས་པ་ནི་སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་དེ་ལ་སེ་སའི་དབང་གིས་འགྲོ་བའི་གནས་སོ་སོའི་སྐྱེ་གནས་སུ་སྤྱི་པའི ཕྱིར་ཏེ། མགོ་ལས་སྐྱེས་པའི་སྐྲ་བཞིན་ནོ། །ཡང་དག་པར་བསྡུད་པ་ནི་ཕྱིན་ཅི་མ་ལོག་པར་བསྡུད་པ་དེ་རྟོགས་པ་ལས་སེམས་སུ་སྡུད་པ་དང། སྐྱོད་པ་བསྡུ་པའི་དངོས་པོ་བཞི་སད་པའི་ཡང་དག་པར་བསྡུད་པའོ། །དེ་ནི་རལ པ་གཅིག་ཏུ་བསྐྱིངས་པ་ལྟ་བུའོ། །དེ་བས་ན་དངོས་པོ་སྣ་ཚོགས་སུ་སྣ་ཚོགས་སུ་སྣང་ཡང་སེམས་ལས་མི་གཡོ་བ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཐ་དག་ཀྱང་སེམས་ཅན་གྱི་དོན་ལས་མི་གཡོ་ཞེས་པའི་དོན་ཏེ། །གཞན ཡང་ཅི་མཛད་ཅན། དེས་པར་འབྱུང་བའི་འགྲོད་པ་ཐམས་ཅད་ཀྱིའི་གས་པའི་ལམ་ཡོངས་སྨིན་པའོ། །ཞེས་བྱ་བ་གསུངས་ཏེ། དེ་ལས་ངེས་པར་འབྱུང་བ་ནི་འབྲུས་བུའོ། །བགྲོད་པ་ཞེས་པ་ནི་སྒྲུབ་པར་བྱེད་པའི་ལམ་མོ། །ཐམས་ཅད་ཀྱི་ཞེས བྱ་བ་ནི་ཉན་ཐོས་ལ་སོགས་པའོ། །འཕགས་པའི་ལམ་ཞེས་པ་ནི་ཁམས་གསུམ་ལས་དས་བང་འབྱུང་བའི་ལམ་སྟོ་ཚོགས་ཀྱི་ལམ་ལ་སོགས་པའོ། །ཡངས་སུ་ཞེས་པ་ནི་མཆོག་ཏུ་ཞེས་བའོ། །སྨིན་པ་ན་འབྲས་བུ་མཐར་ཕྱིན་པ ཐོབ་པར་བྱེད་པའོ། །ཚངས་པའི་གནས་བཞི་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་ཏེ། ཞེས་བ་ནི་དེ་ལ་ཚངས་པའི་ཉིད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་སྒྲང་དུ་ཡང། ཚངས་པ་མྱང་འདས་སངས་རྒྱས་ཞེས་གསུངས་སོ། །གཆས བཞིན་ནི་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་བཞིའོ། །ལ་ཞེས་པ་བདུད་པའི་སྒྲའོ། །གནས་པ་རྣམས་ཞེས་པ་ནི་ཐེག་པ་ཆེན་པོ་རྣམས་ཏོ། གཞན་ཉན་ཐོས་ལ་སོགས་པ་ལ་ངེ་ལྟ་བུའི་གནས་མེད་པའི་ཕྱིར་རོ། །ཏིང་དེ འཛིན་ན་བློ་ཆོས་ཐམས་ཅད་ལ་མཉམ་བར་འཇོག་བའོ། །དེ་ཡང་དངོས་ན་མེ་ལོང་ལྟ་བུ་ཡེ་ཤེས་ཞེས་པའོ། །སེམས་རྩེ་གཅིག་པ་རྣམས་ཀྱི་བསམ་གཏན་ནོ། །ཞེས་པ་ནི་སེམས་རྩེད་ནི་དང་ཏུ་འཇོག་པ་རྣམས་ཀྱི་ཞེས་པ་སྟེ། གདོ་དག་སེམས་ཀྱི ར་ནམ་པར་ཤེས་པའི་ཡུལ་གྱི་རྗེས་སུ་འབྲང་ཞིང་གཡེང་བ་ནི་སེམས་ཉམ་པར་འཇོག་མི་ནུས་སོ་སྙམ་ནས་སེམས་ནང་དུ་ཡང་དག་པར་འཇོག་པ་ལ་དམིགས་ནས་རྟོག་པ་དང་དཔྱོད་པའི་བློས་འདོད་ཆགས་དང་བྲལ་བའི་དགའ་བ་དང་བདེ་བ་ལས་འབྱུང་པའི དམིགས་པ་རྣམས་སོ། །བསམ་གཏན་ཞེས་པ་ཡང་དེ་ཉིད་དོ། །དེ་ལྟར་སེམས་འབའ་ཞིག་ལྷུར་ལེན་བ་ལ་ཡིན་གྱིས་བཞན་མ་ཡིན་ནམ་ཞེན། དེའི་ཕྱིར་ལུས་དང་དག་དང་ཡིད་འདུལ་བ་ལ་བརྩོན་པ་རྣམས་ཀྱི་རྣལ་འབྱོར་རོ། །ཞེས་གསུངས་ཏེ། ལུས ཞེས་པ་ནི་ལུས་ཀྱི་ལས་གནས་ངན་ལེན་དང་བཅས་པ་སྤོང་བའོ། །དག་ཅེས་པ་ནི་སྨྲ་བའི་ཉེས་པ་དང་བཅས་པ་ངག་གི་གནས་ངན་ལེན་སྤོང་བའོ། །ཡིད་ནི་ཉོན་མོངས་པ་དང་བཅས་པའི་སེམས་ཀྱི་གནས་དན་ལེན་སྤོང་བའོ། །དེ་ཡང་དྲན་པ་དང་ཤེས བཞིན་གྱིས་ཟིན་པའི་སྦྱེད་ལམ་འབྲས་བུ་མེད་པའི་ཕྱིར་བསྲངས་ནས་རྟག་ཏུ་བགྲ་ཡོད་པ་ལ་གནས་པ་ནི་འདུལ་བ་ཞེས་བྱའོ། །བརྩོན་པ་ཞེས་བྱ་བ་ནི་རྟག་ཏུ་དོན་དེ་ལ་དགའ་བའོ། །རྣལ་འབྱོད་ཅེས་པ་ཉི་ཞིག་ནས་ངད་ལྷག་མཐོང་གི་ལུས་དང དག་ངང་ཡིང་རྣལ་དུ་འཇུག་པའོ། །དེ་ལྟར་ཆར་གཅོད་པ་དང་ཕན་གདས་པའི་ལས་བསྟན་ནས། ད་ནི་ཉེས་བ་ཀུན་དང་བྲལ་བར་བསྟན་པའི་ཕྱིར། ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བར་བྱེད་པའོ། །ཞེས་བྱ་བ་ལ་སོགས་པ་བླས་?་ལེང ལ་ཀུན་དུ་སྦྱོར་བ་ནི་དུག་དང། མ་དང། མཚོན་ཆ་དང། དགྲ་ལ་སོགས་པའི་གནོད་པ་ས་ཚོགས་པའོ། །བྲལ་བར་བྱེད་པ་དང་མི་ཚུགས་པར་བྱད་པའི། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའོ། །ཞས་པ་ནོ་ཉིད་མོངས ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་དྲུག་གོ། །ཉེ་བའི་ཉོན་མོངས་པ་ནི་གཡོ་སྒྱུལ་སོགས་པ་ཉི་ཤུའོ། །ཐམས་ཅད་ཀྱི་སྒྲས་ནི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཡང་བསྡུས་པའོ། །སྤོང་བ་ནི་བྲལ་བར་བྱེད་པའོ། །སྒྲིབ་པ་ཐམས་ཅད ཡོངས་སུ་ཞི་བའོ། །ཞེས་པ་ནི་ཡང་དག་པའི་དོན་གསལ་བར་མི་བྱེད་པ་སྟེ་གློ་བུར་གཡོགས་བ་ཞེས་པའི་དོན་ཏོ། །ཐམས་ཅད་ཤེས་པ་ནི་ཉོན་མོངས་པའི་སྒྲིབ་པ་དང། ཤེས་བྱའི་སྒྲིབ་པ་དང། ལས་ཀྱི་སྒྲིབ་པ་དང། སྐྱེ བའི་སྒྲིབ་བའོ། །ཞི་བ་ཞེས་པ་ནི་བྱང་བ་ཞེས་པའོ། །འཇིགས་པ་ཐམས་ཅད་ལས་རྣམ་བར་གྲོལ་བའོ། །ཞེས་པ་ནི་འཇིགས་པ་ནི་ཡིད་སྡུག་བསྔལ་བ་དང་བཅས་པའོ། །ཐམས་ཅད་ཙས་པ་ནི་ཚེ་འདི་དང་ཕྱི་མའི་འཇིགས་པ་ཀུན་ནོ། །རྣམ་པར ཕྲོལ་བ་ནི་ཡིད་འཇིགས་པ་དང་བྲལ་ནས་བདེ་བར་གྱུར་བའོ། །ཕུང་པོ་ཐམས་ཅད་ལས་རྣམ་པར་ཐར་པའོ་ཞེས་ནི་ཕུང་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ཕུང་པོ་ཐམས་ཅད་དེ་ཉེ་བར་ལེན་པའི་ཕུང་པོ་ཀུན་ནོ། །དེ་རྣམས་ནོ་སྡུག་བསྔལ གྱི་དང་བཞིན་དུ་གསངས་ཏེ། མདོང་ན་ཉེ་བར་ལེན་པའི་ཕུང་པོ་ལྡ་ནི་སྡུག་བསྔལ་ལོ་ཞེས་གསུངས་སོ། །དེ་བས་ན་དེའི་འཆིང་བ་དང་བྲལ་ནས་ཟག་པ་མེད་པའི་ཕུང་པོ་དང་ལྡན་པའོ། །རྣམ་པར་ཐར་པ་ནི་རྣམ་པང་ཕྲོལ་བའོ་སེམས་ཀྱི་གཡེང་བ ཐམས་ཅད་ཞི་བའི་ཞིས་བྱ་བ་ནི་སེམས་ནི་རྣམ་པར་ཤེས་པའོ། །གཡེང་བ་ནི་ཡུལ་ལ་རྣམ་པར་འཕྲོ་བའོ། །ཐམས་ཅད་ཅེས་པ་ནི་མ་ལུས་བ་ཞེས་པའོ། །ཞི་བ་ནི་སེམས་རྣལ་དུ་འཇོག་པའོ། །འབྱོར་བ་ཐམས་ཅད་གྱི་འབྱུང་གནས་སོ་ཞེས་པ ནི་འབྱོར་པ་ནི་ཕུན་སུམ་ཚོགས་པའོ། །ཐམས་ཅད་ཅེས་པ་ནི་ཚེ་རིང་བ་དང་ལོངས་སྦྱོད་ལ་སོགས་པའོ། །འབྱུང་གནས་སོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ་ཞེས་པའི་དོན་ཏོ། །རྒུད་པ་ཐམས་ཅད་ལས་བོབ་ཞེ་བའི་རྒུད་ཕིན་དེ་མེད་པ་བཞེས་པའི དོན་ཏེ། ཐམས་ཅད་ཅེས་པ་ནི་འབྱོར་བ་གཞན་པ་ལ་སོགས་པ་ཐམས་ཅད་དོ། །སེལ་བོ་ཞེས་བ་ནི་རྒུང་པ་དང་བྲལ་ནས་དར་བར་བྱེད་པའོ། །ངན་སོང་གི་སྒོ་ཐམས་ཅད་གཙོད་དང་འོ་ཞེས་པ་ནིང་ན་སོང་ནི་ངན་པར་སོར་སྟེ་སྐྱེ་གནས་དཕན་པའོ། །སྒོ་ནི་དང འདུག་བའི་སྡིག་པ་མི་དགེ་བའི་ལས་སོ། །ཐམས་ཅད་ནི་ལུས་དད་དག་དང་ཡིད་མི་དགེ་བའི་སྒོ་ཀུན་ནོ། །གཅོད་ཅེས་པ་ནི་བསྡམས་པའི་དོན་ཏོ། །དེས་ཅིང་འབྱུང་ཞེ་ན། རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་བཟང་པོའོ་ཞེས་གསུངས་ཏེ། བཅིངས་བ་ཐམས ཅད་ལས་གྲོལ་བ་ནི་གྲོལ་བའོ། །གྲོང་ཁྱེད་ཞེས་པ་ནི་སངས་རྒྱས་ཀྱི་ཕོ་བྲང་སྟག་པོ་བཀོད་པའོ། །འཇུག་པ་ནི་གནས་དེར་འགྲོ་བའི་ལམ་བཟང་པོ་སྐྱོན་མེད་པའོ། །འཁོར་བའི་འཁོར་ལོར་མི་འཇུག་པའོ་ཞེས་པ་ནི་འཁོར་བ་ནི་གནས་གཅིག་ཏུ མ་ཀྱེས་བ་སྟེ་ཀུན་ཏུ་འགྲོ་བའོ། །དེ་ཡང་གོ་རིམ་སུ་འཁོར་པ་ནི་མ་ཡིན་ཏེ། གང་ནས་གང་དུ་སྐྱེ་བ་མ་ངེས་པའི་ཕྱིར་རོ། །འཁོར་ལོ་ཞེས་པ་ནི་ཤིད་རྟའི་འཁོར་ལོ་འམ། ཟོ་ཆུའི་འཁོར་ལོ་ལྟ་གུའོ། །དེ་ཡང་འཀོར་ལོ་ཞེས་པའི་སྒྲས་རྣམ་ཡང གཙོད་བའོ། །མི་འཇུག་པ་ཞེས་པ་ནི་སྐྱེ་བ་མི་ལེན་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་བའི་ཞེས་བ་ནི་ཆོས་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དོ། །དེ་བཞིན་གཤེགས་པའི་བསྟན་པའི་རྒྱལ་མཆོན་དང་བསྒྲེད་པ་དོ། །ཞེས་པ་ནི་དེ་བཞིན གཤེགས་བའི་ཕྱོགས་དཀར་པོའི་ཕྱོགས་ནས་དེ་བཞིན་དུ་གཤེགས་པའོ། །བསྟན་པ་ནི་རྣམ་པ་དཀར་བའི་ཆོས་ཀྱིས་རང་གི་སེམས་འདུལ་བའོ། །གདུགས་ནི་ཆོ་བ་སྐྱོབ་བའི་ཕྱིད་དོ། །རྒྱལ་མཚན་ནི་བདུད་ཀྱི་གཡུལ་ལས་རྒྱལ་བའི་མཚན རྟགས་བྱས་པའོ། །བ་དན་ན་རང་གི་སྡེ་ཡོངས་སུ་མཚོན་པའོ། །བསྒྲེང་བ་ནི་ཕ་རོལ་ཀྱི་དཔུང་ལས་རྒྱལ་བར་གྱུར་བའི་དུས་ན་སློང་བ་དང། འབུབས་པའོ་ཞེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་བསྟན་པའི་གནས་སོ། །ཞེས་པ་ནི་ཧུས་ཀྱང་ཡིན ལ་ཐམས་ཅད་ཀྱང་ཡིན་པ་སྟེ། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙད་པས་སེམས་ཅན་གྱི་དོན་དུ་ཆོས་ཇི་སྙེད་ཅིག་བསྟན་ཅིང་གསུངས་པའི་གནས་དེ་ཡང་འདིའོ་ཞེས་པའོ། །དེའི་ཕྱིར་ན་རྡོ་རྗེའི་གདན་ན་མ་ལུས་ལྡན ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་མྱུར་དུ་འགྲུབ་པའི་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆེན་པོའི་རིགས་ཅན་ནོ། །གསང་སྔགས་ནི་རྡོ་རྗེ་ཐེག་པའི་སྒོ་ནས རྟོགས་པའི་ཡེ་ཤེས་སོ། །སྒོ་ནི་འཇུག་མའི་ལམ་མོ། །སྦྱང་བ་སྤྱོད་པ་རྣམས་ཞེས་པ་ནི་སེམས་ཅན་གྱི་དོན་དུ་ལས་རྣམ་པ་བཞི་སྤྱོད་པའོ། །མྱུར་དུ་འགྲུབ་པ་ཞེས་པ་ནི་གཞུང་འདི་ཉིད་རྫོགས་པའི་སྒོ་ནས་སྤྱོད་པའམ། །མོས་པའི་སྒོ་ནས་ཡིད་ལ་བྱེད་པ་འམ། འདུན་པའི་སྒོ་ནས་ཞལ་དུ་བརྗོད་པའོ། འདི་བྱིན་གྱིས་བརླབས་ཀྱིས་བགེགས་མེད་པར་དངོས་གྲུབ་ཐོབ་པའོ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་བསྒོམ་པའི་རྟོགས་པའོ་ཞེས པའི་བྱང་ཆུབ་སེམས་དཔའ་ཞེས་པ་སྡམ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ། །བརྩོན་པ་ནི་དེ་ལ་སེམས་མངོན་པར་སྦྲོ་བའོ། །བསྒོམ་པ་ནི་ཉམས་སུ་ལེན་པའོ། །རྟོགས་པ་དེ་དབང་གི་ཁོངས་སུ་ཆུད་པའོ། །གཉིས སུ་མེད་པའི་སྤོབས་པ་ལ་སོགས་པ་ལ་བརྩོན་པ་རྣམས་ཀྱི་སྟོང་པ་ཉིད་རྟོགས་པའོ་ཞེས་པ་ནི་གཉིས་ནི་བཟུང་བ་དང་འཛིན་པའི་ངོ་བོ་དེ་དང་བྲལ་བ་ནི་གཉིས་སུ་མེད་པ་སྟེ། ཆོས་ཐམས་ཅད་བདག་མེད་པའོ། །སྤོབས་པ་ཞེས་པ་ནི་དེ་ལ་སེམས མ་ཞུམ་པའོ། །སོགས་པ་ཞེས་པ་ནི་དེར་བརྩོལ་བ་དང་ཉམས་སུ་ལེན་པ་དང་ཐོབ་པར་འདོད་པ་ལ་སོགས་པའོ། །རྣམས་ཤེས་པ་ནི་དེ་ལྟ་བུའི་རིགས་ཀྱི་བཱུམ་ཞེས་པའོ། །བརྩོན་པ་ནི་སེམས་དེ་ལ་སྤྲོ་བའི་སྒོ་ནས་སྒོ་གསུམ་བརྩོལ་བར་བྱེད་པའོ སྟོང་བ་ཉིད་ཅེས་པ་ནི་གཉིས་སུ་མེད་པའི་དོན་གྱི་རྣམ་གྲངས་སུ་བསྟན་པའོ། །རྟོགས་པ་ནི་ཁོང་དུ་ཆུང་པའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཀྱི་ཚོགས་རྫོགས་པའོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ཕ་རོལ་ཏུ་ཕྱིན་པ ཐམས་ཅད་དོ། །དགེ་བའི་སྐ་བ་གང་གིས་བླ་ན་མེད་པའི་གནས་ཕྱིན་པར་བྱེད་པའོ། །དེ་ནི་རྣམ་པ་བཅུ་སྟེ་གོ་བླའོ། །ཚོགས་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ་ཞེས་པ་ནི་མ་ལུས་པ་མཐར་ཕྱིན་པའོ། །ས་ཐམས་ཅད་ཡོངས་སུ་རྫོགས པ་དང་ཡོངས་སུ་དག་པའོ་ཞེས་པ་ནི་ས་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ས་ཐམས་ཅད་དེ་ཕྱི་ནང་དུ་གཏོགས་པའི་ས་ཀུན་ནོ། །གང་གི་ཚེ་ལེགས་པར་གང་བ་ན་རྫོགས་པ་དང་ཡོངས་སུ་དག་པ་ཞེས་བྱའོ། །འཕགས་པའི་བདེན་པ་བཞི་པ་རྣམས ཀྱི་ཡང་དག་པར་གྲུབ་པའོ་ཞེས་པ་ནི་འཕགས་པ་ནི་ཁམས་གསུམ་གྱི་ཆོས་ལས་འཕགས་པའོ། བདེན་པ་ཡང་ཡིན་ལ་བཞི་ཡང་ཡིན་པས་བདེན་པ་བཞི་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང། ཀུན་འབྱུང དང་འགོག་པ་དང། ལམ་འཕགས་པའི་བདེན་པ་དང་བཞིའོ། །དེ་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་སྒྲུབ་པའི་འཔྲས་བུ་ཡང་འདི་ཉིད་དོ། །ཆོས་ཐམས་ཅད་ཀྱི་དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་སེམས་རྩེ་གཅིག་གི་ས་རྟོགས་པའོ། ཞེས་པ་ནི་ཆོས ཐམས་ཅད་ནི་ལུས་དང་ཚོར་བ་དང། སེམས་དང། ཆོས་ཐམས་ཅད་དོ། །དྲན་པ་ནི་འདྲིས་པའི་དངོས་པོ་ལ་སེམས་འཛིན་པའོ། །ཉེ་བར་གཞག་པ་ནི་ཡང་ནས་ཡང་གོམས་པར་བྱས་པའོ། །རྣམས་ཀྱིས་སེམས་རྩེ་གཅིག་གིས་ཞེས་པ་ནི་གང་དག་དྲན པ་ཉེ་བར་འཇོག་པར་བྱེད་པ་རྣམས་ཀྱི་དྲན་པའི་ངོ་བོ་ཉིད་ཀྱི་སེམས་རྣམ་པ་གཞན་གྱིས་མ་གཡེངས་པར་གྱུར་པ་སྟེ། གདམ་ངག་ལ་སོགས་པས་ལུས་ལ་སོགས་པའི་ཡང་རག་པ་ཉིད་ཁོང་དུ་ཆུད་པ་ནི་རྟོགས་པའོ། །མཚན་ཡང་དག་པར་བརྗོད པ་འདི་ནི་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། དེ་བཞིན་གཤེགས་པ་མི་བསྐྱོད་པའི་དཀྱིལ་འཁོར་བསྟན་པ་འདི་ཞེས་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བར་དུ་ཡོངས་སུ་རྫོགས་པ་དང་ཡོངས་སུ་སྐྱེད་པར་བྱེད་དོ་ཞེས་པ་ནི མདོར་ན་ཞེས་པ་ཤུགས་ལས་རྙེད་པའི་སྒྲ་སྟེ་ཡོན་ཏན་གྱི་རྣམ་པ་མང་དུ་སྨོས་ནས་བསྐལ་པར་བརྗོད་ཀྱང་ཟད་པར་མི་འགྱུར་གྱི། འདིར་བསྡུས་ནས་བསྟན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ནི་རྟ་དབྱངས་ཀྱིས་གསུངས་པ་ལྟར་རོ། ། བརྗོད་པར་ནུས་པ་མ་ཡིན་ནོ། །ནམ་མཁའ་བཻ་ཌཱུརྱའི་མདོག་བྱ་ཡིས་མཐར་ཐུག་མེ་རྟོགས་ལྟར། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་བས་ན་སངས་རྒྱས་གཅིག་གི་ཡོན་ཏན་ཡང་བརྗོད་པར་མི་ནུས་ན། ཐམས་ཅད་ཀྱི་ལྟེ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ བུའི་ཡོན་ཏན་གྱི་ཚོགས་རབ་ཏུ་མང་བ་དང་གཞན་ཡང་གཞུང་ཁ་ཅིག་ལས་རབ་ཏུ་ཞེས་པ་ཡང་ཡོད་དོ། །འཇིག་རྟེན་གྱི་ཡོན་ཏན་ཇི་སྙེད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཇི་སྙེད་པ་དང། བྱང་ཆུབ་སེམས་དཔའ་ལ་སོགས་པ་བསྡུའོ། །རབ་ཏུ རྫོགས་པ་དང། ཡོངས་སུ་སྐྱེད་པར་བྱེད་ཅེས་པ་ནི་རབ་ཏུ་སྐྱེད་པ་ནི་སངས་རྒྱས་ཀུན་ལ་མདའ་བཱི་ཡོན་ཏན་གྱི་འབྱུང་གནས་སུ་འགྱུར་རོ། །ཡོངས་སུ་རྫོགས་པ་ཞེས་པ་ནི་དེ་རྣམས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པར་བྱེད་པས་ན་རྒྱུ་བ་ཞེས་པའོ། །འཁོར་ལོ་གཉིས་པའི་ཕན་ཡོན ལ་ཚིག་གི་རྣམ་གྲངས་ལྔ་བཅུ་རྩ་གཉིས་ཀྱིས་བརྩིས་པའི་བཤད་པའོ། ། །།དེ་ལྟར་འཁོར་ལོ་གཉིས་པའི་བཤད་པ་བསྟན་ནས། འཁོར་ལོ་གསུམ་པའི་ཕན་ཡོན་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་དང། སྣང་བ་མཛའ་ ཡས་ཀྱི་དཀྱིལ་འཁོར་བཤད་པའི་ཕྱིར། ལག་ན་རྡོ་རྗེ་འཆང་གཞན་ཡང་མཚན་ཡང་དག་པར་བརྗོད་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལག་ན་རྡོ་རྗེའི་དོན་ནི་བརྡ་ཕྲད་པར་ཟད་དོ། །གཞན་ཡང་ཞེས་པ་ནི་ཕན་ཡོན་མང་བས མི་འདྲ་བ་བསྟན་ཏེ། མཚན་ཡང་དག་པར་བརྗོད་པ་འདི་ནི་ཞེས་པ་ནི་སྔར་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་སུ་མཚན་བརྗོད་མ་ཐག་ཏུ་འདི་ཞེས་པའོ། །ཇི་ལྟར་བཤད་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་ལུས་དང་དག་དང་ཡིད ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པ་རབ་ཏུ་ཞི་བར་བྱེད་པའོ་ཞེས་གསུངས་ཏེ། དེ་ལ་སེམས་ནི་ཀུན་གཞི་རམ་པར་ཤེས་པའོ། །དེ་གང་དང་ལྡན་པ་རྣམས་ནི་སེམས་ཅན་ཐམས་ཅད་དོ། །ལུས་དང་དག་དང་ཡིད་ནི་མི་དགེ་བའི་སྤྱོད་པའོ། །ཀུན་དུ སྤྱོད་པ་ནི་ཉིས་པ་ཀུན་ཏུ་སྤྱོད་པ་དང། རྣམ་པར་སྨིན་པ་ཀུན་ཏུ་སྤྱོད་པའོ། །ཉེས་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བ་བཅུ་ཉོན་མོངས་པ་སྤྱོད་པའོ། །རྣམ་པར་སྨིན་པ་ནི་ངན་སོང་གསུམ་ལ་སོགས་པའི་སྡུག་བསྔལ་རྣམས་སོ། །ཀུན་ཏུ་ཞེས་པའི་སྐྱས་ནི ཐུན་མོང་དུ་ཞེས་པའོ། །མ་ལུས་པའི་སྒྲས་ནི་དྲ་མོ་བག་ལ་ཉལ་བ་དང་བཅས་པའོ། །ཞི་བ་ནི་བདེ་བ་ཐོབ་པར་བྱེད་པའོ། །གང་གིས་ཞི་བར་བྱེད་པ་ནི་སྣང་བ་མཛའ་ཡས་ཀྱིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པོ་དེ་བཞིན ཉིད་ཀྱིས་ནི་ཡིད་ལ་ཀུན་ཏུ་སྤྱོད་པའོ། །སྡིག་པ་མ་ལུས་པར་ཞི་བར་བྱེད་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གཞན་དུ་གང་གིས་སེམས་རྣམ་པར་དག་པར་ནུས་ཤེས་པ་སངས་རྒྱས་ཀུན་གྱིས་བརྟགས་པའོ། །སྟོང་པ་ཉིད་དང་བདག་མེད པའི་སྒ་བརྔའི་སྔགས་དང། བརྗོད་པའི་སྡིགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དག་ལ་ཀུན་ཏུ་སྤྱོད་པའི་སྡིག་པ་མ་ལུས་པ་ཞི་བར་བྱེད་ཅེས་པ་ནི་སངས་རྒྱས་རྡོ་རྗེ་འཛོན་པའི་ངེས་པའོ། །གཞན་དུ་ན་རིག་བྱེད་ཀློག་པའི་རིགས་པས་དག་རྣམ་པར དག་པར་ག་ལ་ནུས་ཞེས་པའོ། །དེ་བཞིན་གཤེགས་པའི་སྐུ་སྒྱུ་མ་ལ་སོགས་པ་དང་མཚུངས་པའི་ཡིད་ཀྱིས་ལུས་དང་འདྲ་བའི་མཚན་དང་དཔེ་བྱང་ཀྱིས་སྤྲས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཀུན་དུ་སྤྱོད་པའི་སྡིག་པ་མ་ལུས་པ་ཞི པར་བྱེད་པ་ནི་སངས་རྒྱས་ཀྱི་དེས་པའོ། །གཞན་དུ་མ་རུངས་བར་བྱས་པས་ལུས་རྣམ་པར་དག་པར་བྱེད་པ་ལྟ་ག་ལ་ནུས་ཞེས་པའོ། །གལ་ཏེ་དེ་ལྟ་བུ་ཡིན་དུ་ངེས་ན། སེམས་བསམ་གཏན་ལ་དམིགས་པ་དང། གླེགས་བམ་ཀླགས་པ་དང། སྦྱངས་པའི་ཡོན་ཏན་ཡང་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་བསྟན་ཅེ་ན། དེ་ལྟ་མོད་ཀྱི་བླ་མའི་གདམས་ངག་དང་བྲལ་བའི་བྱིས་པ་རྣམས་ནི་རྣམ་པར་དག་པར་མི་འགྱུར་བར་གསུངས་སོ། །དེ་བས་ན་གཞན་དག་ལས་ཀྱང་བྱང ཆུབ་ནི་དགེ་བའི་བཤེས་གཉེན་ལས་རག་ལུས་པའོ་ཞེས་གསུངས་ལ། འདི་ཉིད་ལས་ཀྱང་འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། འཇིག་རྟན་སློབ་དཔོན་འཇིགས་པ་མེད། ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་པས་ན་དེའི་ཡོན་ཏན་?? བའི་ཕྱིར་ངན་འགྲོ་ཐམས་ཅད་བཟློག་པའོ། ཞེས་གསུངས་ཏེ། འགྲོ་བ་རྣམས་ལས་ངན་པར་འགྲོ་བ་གང་ཡིན་པ་དེ་ནི་ངན་འགྲོའོ། །དམྱལ་བ་ཐམས་ཅད་དང་ཡི་དགས་ཐམས་ཅད་དང། བྱོལ་སོང་ཐམས་ཅད་ནི་ངན་འགྲོ། ཐམས་ཅད་དོ། ?? པ་ནི་ཐམས་ཅད་སྐྱེ་གནས་སུ་མི་འཇུག་པའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་གཅོད་པའོ་ཞེས་པ་ནི་ལས་དཀར་བོས་བསྒྲིབས་པ་དང། ནག་པོའི་སྒྲིབ་པ་དང། དཀར་ནག་གིས་ཡང་དག་པའི་དོན་ལ་ཀུན་ནས་གཡོགས་པའི ལས་ཀྱིས་བསྒྲིབས་པའོ། །དེ་མ་ལུས་པ་ཀུན་དག་ཅིང་ལས་ལ་དབང་ཐོབ་པ། དེའི་དབང་གིས་ཁམས་གསུམ་གྱི་ཉོན་མོངས་པར་མི་འགྱུར་བ་ནི་ཡང་དག་པར་གཅོད་པའོ། །མི་ཁོམས་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་??་གྱུན་མི་སྐྱེད་དཔྱེད་?? པ་ནི་མི་ཁོམ་པ་ནི་དལ་བའི་གནས་སྐབས་མེད་པ་སྟེ། རྟོགས་པ་དང། གོམས་པའི་གླགས་མེད་པའོ། །དུ་ཞེ་ན། བརྒྱད་དེ། སེམས་ཅན་དམྱལ་བ་རྣམས་དང། ཡི་དགས་རྣམས་དང། བྱོལ་སོང་རྣམས་དང། ཡུལ་མཛའ་འཁོབ་ལ་རྣམས་དང། དབང པོ་མཚངས་བ་དང། ལྷ་ཚེ་རིང་པོ་རྣམས་དང། ལྟ་བ་ལོག་པ་རྣམས་དང། ལས་ཡང་དག་པ་མ་ཡིན་པ་ལ་ཞུགས་ནས་དཀོན་མཆོག་གསུམ་པོ་སྤོང་བ་རྣམས་ནི་བརྒྱད་གྲགས་པ་ཐམས་ཅད་དོ། །སྐྱེ་བའི་རྒྱུན་ཅེས་པ་ནི་ཡང་དང་ཡང་དུ་དེ་དག་ལ སྐྱེ་བ་པེན་པའོ། །མི་སྐྱེ་བར་བྱེད་པ་ནི་དེར་མི་འཇུག་པའོ། །དག་དང་གཞན་གྱི་ཞེས་པ་ལ་སོགས་པ་ཇི་སྙེད་པའོ། །དེ་དག་ནི་འཇིག་རྟེན་ཕྱི་མ་དང་སྔ་མའོ། །འཇིག་རྟེན་འདི་བསྟན་པའི་ཕྱིར། འཇིགས་པ་ཆེན་པོ་བརྒྱད་རྣམ་པར་ཞི་བར་བྱེད་པའོ། ། ཞེས་གསུངས་ཏེ། འཇིགས་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པའི་ཕྱིར་འཇིགས་པ་ཆེན་པོ་སྟེ། སེམས་སྡུག་བསྔལ་གྱི་ཚོར་བ་ལྷག་པར་ཚོ་བ་གང་ཡིན་པའོ། །དེའི་དངོས་པོ་བརྒྱད་དེ། མེས་འཇིགས་པ་དང། ཆུས་འཇིགས་པ་དང། གཅན བྲན་ཁྲོ་བོས་འཇིགས་པ་དང། སྤྲུལ་གྱིས་འཇིགས་པ་དང། གླང་པོ་ཆེས་འཇིགས་པ་དང། མི་མ་ཡིན་གྱིས་འཇིགས་པ་དང། ཆོམ་རྐུན་གྱིས་འཇིགས་པ་དང། རྒྱལ་པོའི་འཆད་པས་འཇིགས་པ་དང། བརྒྱད་དོ། །རྣམ་པར་ཞི་བ་ནི་དེའི་སྡུག་བསྔལ དང་ཕྲལ་ནས་དགེ་བ་ཐོབ་པའོ། །རྨི་ལམ་ངན་པ་ཐམས་ཅད་སེལ་བར་བྱེད་པའོ་ཞེས་པ་ནི་རྨི་ལམ་ངན་པ་ནི་ཁམས་འཁྲུགས་པ་དང་བག་ཆགས་དང་འབྱུང་བ་ལ་སོགས་པ་སྣང་བར་བསྒྱུར་བ་སྟེ། གང་ཞིག་གིས་མཚན་མ་??? ཐམས་ཅད་དོ། །དེ་ཡང་གང་དག་གིས་མཐུ་མེད་པར་བྱེད་པས་སེལ་བར་བྱེད་པའོ། །ལྟས་ངན་པ་ཐམས་ཅད་སེལ་བར་བྱེད་པའོ། །ཞེས་པ་ནི་གང་ཞིག་གིས་ལྟས་སུ་བྱས་པའི་མཚན་མར་བལྟ་བ་ནི་ལྟས་ཞེས་བྱ་བ་སྟེ། པྲས་ནའི་ལྟ་བུར་བགྲི་??? ལོང་དང། གཞོན་ནུ་ལ་སོགས་པ་ལ་སྦྱོར་བ་རྟོག་པའི་ཚེ་ངན་པའི་ལྟ་སུ་བྱུང་བ་ཐམས་ཅད་ནི་ལྟས་ངན་པ་ཐམས་ཅད་དོ། །དེ་དག་གི་མཐུས་མེད་ཅིང་སྡིག་པར་མི་འགྱུར་བས་ན་སེལ་བར་བྱེད་པའོ། །བརྡངས་དང་གོགས་ཀྱི་སྡེ་ངན་པ་ཐམས་ཅད་?? བྱེད་པར་བྱེད་པའོ། །ཞེས་པ་ནི་བགེགས་ནི་ལོག་པར་འདྲེན་པ་སྟེ། གང་དག་གིས་དངོས་གྲུབ་ཀྱི་བདུད་བཅོད་པ་དང། བསམ་པ་ཕྱིན་ཅི་ལོག་ཏུ་བྱེད་པས་ན་བགེགས་ཞེས་བྱའོ། །བརྡངས་ནི་དེ་དག་གི་སྔོན་དུ་འབྱུང་བ་སྟེ། གཟུགས་དང་སྒྲ་ལ་སོགས་པ ཡིད་དུ་མི་འོང་པ་སྟོན་པའོ། །གང་གིས་མཐོང་ཞིང་ཐོས་ན་བཀྲ་མི་ཤིས་པར་འགྱུར་བ་ལྟས་ངན་པའོ། ཞི་བ་ནི་དེ་ལྟ་བུ་མི་འབྱུང་བར་བྱེད་པའོ། །བདུད་ཀྱི་དགྲའི་དཔུང་བཞི་ཐམས་ཅད་རབ་ཏུ་སྤྲོད་པའོ་ཞེས་པ་ནི་བདུག ཉིད་འགྲ་དང་འདྲ་བས་ན་དགྲའོ། །འདི་ལྟ་སྟེ། དགྲ་རྣམས་ཀྱིས་རྟ་དང་གླང་པོ་ཆེ་དང། རྐང་ཐད་དད་ཞིས་ཅན་བཞིས་བཤམས་ནས་ནོར་དང་སྲོག་འཔྲོག་པར་བྱེད་པའོ། །དེ་བཞིན་དུ་བདུད་ཀྱི་དཔུང་བཞིས་ཀྱང་དགེ་བའི་ནོར་དང་ཐར་པའི་ནོར དང་ཐར་པའི་ཕྲོག་འཇོམས་པར་བྱེད་པའོ། །དེ་བས་ན་དེ་རྣམས་ཀྱིས་མི་ཚུགས་པར་བྱེད་པའོ། །དགེ་བའི་རྩ་བ་དང། །བསོད་ནམས་ཐམས་ཅད་འཕེལ་བར་བྱེད་པའོ། ཞེས་པ་ནི་དེ་ལྟར་བར་དུ་གཅོད་པའི་ཚོགས་དང་བྲལ་ནས་བགེགས མེད་པའི་དགེ་བའི་རྩ་བ་ལ་སོགས་པ་ཟླ་བ་སྒྲ་གཅན་འཛིན་ལས་གྲོལ་བ་ལྟར་འགྱུར་ཞེས་པའི་དོན་ཏོ། །དེའི་ཕྱིར་ན་མགོན་སྐྱོབས་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་བྱ་བ་ལ་སོགས་པ་དང། སློབ་དཔོན གྱི་ཡོན་ཏན་དད་མཚན་ཉིད་བརྒྱ་ན་ནས། ད་ནི་དེ་དང་འབྲེལ་བའི་དབང་བསྐུར་བ་བསྟན་པའི་ཕྱིར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱད་པ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་གསུངས་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་སེམས་མཉམ པར་འཇོག་པའི་མི་མཐུན་པའི་ཕྱོགས་མ་རིག་པ་སྔོན་དུ་འགྲོ་བ་ཅན་ནོ། །ཐམས་ཅད་ཅེས་པ་ནི་འདོད་ཆགས་ཡིད་ལ་བྱེད་པ་ལ་སོགས་པའོ། །ཇི་ལྟར་མི་སྐྱེ་བར་བྱེད་ཅེ་ན། བླ་མའི་གདམས་དག་གིས་བརྟགས་ལ་མཚན་མར་འཛིན་པ་ལས ཡོག་ཅིང་ཕྱི་ནང་གི་ཆོས་ལ་བདག་མེད་པར་ཤེས་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བཟློག་གོ། མ་རིག་པ་ཉིད་གང་ཞེ་ན། ཚུལ་བཞིན་མ་ཡིན་པའི་དབང་གིས་རྒྱགས་པ་དང་དྲེགས་པ་དང། ང་རྒྱལ་དང། ང་ཡིད འཛིན་པ་ཐམས་ཅད་འཇོམས་པར་བྱེད་པའོ་ཞེས་པའོ། །དེ་ལ་རྒྱགས་པ་ནི་རང་གི་ཕུན་སུམ་ཚོགས་པ་ལ་ཆགས་ཤིང་སེམས་དགའ་བ་ལ་ཆགས་པས་བག་མེད་པར་སྤྱོད་པའོ། །དྲེགས་པ་ནི་བདག་ལ་ལྷག་པར་སེམས་པའོ། །ང་རྒྱལ་ནི་སེམས ??པའོ། །ང་ཡིད་འཛིན་པ་ནི་བདག་གིར་འཛིན་པའོ། །གང་ལ་བརྟེན་ཅེ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བརྟེན་ནས་རྣམ་པར་ཤེས་པ་ལ་དག་ཏུ་འཛིན་ལ་ལྷག་མ་རྣམས་ལ་བདག་གིར་འཛིན་ནོ། །དེ་བས་ན་ཁམས་དྲུག་འདུས་པ་ལ་རིལ ཡང་འཛིན་པ་ལ་མ་རིག་པ་ཞེས་བྱའོ། །དེ་ནི་བདག་མེད་པར་རྟོགས་པས་སྣང་བ་འབྱུང་བའོ། །བུ་ག་དང་སྲུབས་མེད་པའི་ཕྱིར་སྒོ་ངའི་སྡུབས་བཞིན་ནོ། །དེ་གང་གིས་བྱེད་པར་ནུས་ཞེ་ན། རྡོ་རྗེ་ལྟར་རབ་ཏུ་མཁྲེགས་པའི་ཐབས་ཐོག་པ་སྟེ དེ་ཡང་རིག་པའི་དབང་གིས་དུས་སུ་ངར་འཛིན་པའི་ཕུང་པོ་མི་བསྐྱོད་པ་དེ་བཞིན་གཤེགས་པར་རིག་ལ། ང་ཡིད་འཛིན་པའི་ཕུང་པོ་བཞི་དེ་བཞིན་གཤེགས་པ་བཞིར་རིག་པ་དང། ས་ལ་སོགས་པ་ཡུམ་བཞིར་རིག་པ་དང། མིག་ལ་སོཌ པའི་སྐྱེ་མཆེད་རྣམས་བྱང་ཆུབ་སེམས་དཔའ་རྣམས་སུ་རིག་གོ་། གསང་བའི་དབང་གིས་དུས་ལྷའི་འཁོར་ལོ་རྣམས་ཀྱང་གཟུང་བ་དང་འཛིན་པས་སྟོང་པ་བདག་མེད་པར་རིག་ཅིང་ཤེས་རབ་ཡེ་ཤེས་ཀྱི་དུས་སུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང་བ དང་སྟོང་བ་རོ་གཅིག་པས་མ་ལུས་པ་འཇོམས་པར་བྱེད་དོ། །དེ་ཡང་མ་རིག་པ་བཅོམ་བས་སྲིད་པའི་ཉེས་དམིགས་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་གསུངས་ཏེ། དབང་གསུམ་པོའི་དུས་སུ་དགའ་བར་དུ བྲལ་བའི་སྡུག་བསྔལ་དང། མཆོག་དགའ་ལ་བདེ་བ་ཕུལ་དུ་མ་ཕྱིན་པའི་ཡིད་མི་བདེ་བའི་སྡུག་བསྣལ་དང་ཡིད་མི་བདེ་བའོ། །དེའི་བྱེད་པའི་རྒྱུ་ནི་ཤེས་རབ་སྨན་པས་ལོག་པར་རྟོགས་པའོ་མི་སྐྱེ་བར་བྱེད་པ་ནི་བདེ་བ་ཕུལ་དུ་ཕྱིན་པའི་ལྷན་ཅིག་སྐྱེས བའི་ཡེ་ཤེས་ཉམས་སུ་མྱོང་བས་ན་སྡུག་བསྣལ་དང་ཡིད་མི་བདེ་བ་ནུབ་པར་གྱུར་བའོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ་ཞེས་གསུངས་ཏེ། དེ་བཞིན་གཤེགས་པ་ནི་སྔར་གྱི་རིག་པའི་དབང གི་དུས་ན་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཡང་ཡིན་པ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ། །སྙིང་པོ་ནི་དེ་རྣམས་གཅིག་པར་གྱུར་བའི་བཅུད་དེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྒྲིབ་པ་དང དྲི་མ་དང་བྲལ་བ་ནམ་མཁའ་ལྟ་བུ་དུས་གསུམ་མཉམ་པ་ཉིད་དུ་གནས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསང་བ་པའོ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ནི་སའི་སྙིང་པོ་ལ་སོགས་པ་ཀུན་ནོ། །གསང་བ་ནི་རོ་གཅིག་པར་གྱུར་པའོ ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ནོ། །ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ནི་འདོད་ཆགས་དང་བྲལ་བའོ། །དེ་ལས་གྱུར་པ་ནི་ཆགས་བྲལ་གྱི་གནས་སུ་སྐྱེ་བ་འཛིན་པ་གང་གསུངས་པའོ། །གསང་ཆེན་ནི་ལོངས་སྤྱོད་རྫོགས པའི་སྣང་བ་ནུབ་ནས་ཉུངས་ཀར་ཙམ་དུ་གནས་པའི་ཚེའོ། །འདི་ནི་དགའ་བྲལ་གྱི་ཡེ་ཤེས་བླ་མའི་བཀའ་དྲིན་གྱིས་ཤེས་པར་བྱའོ། །ཕྱག་རྒྱ་དང་སྔགས་ཐམས་ཅད་དོ། ཞེས་པ་ནི་ཕྱག་རྒྱ་ནི་འདི་མཚོན་པར་བྱེད་བས་ན་ཕྱག་རྒྱ་སྟེ། ལས་ཀྱི ཕྱག་རྒྱལ་སོགས་པའོ། །སྔགས་ནི་ཡིད་སྐྱོབ་པར་བྱེད་པའི་ཡེ་ཤེས་སོ། །ཐམས་ཅད་ནི་དེ་ལྟ་བུའི་མཚན་ཉིད་ཅན་ཀུན་ནོ། །ཆོས་ཐམས་ཅད་བརྗོད་དུ་མེད་པར་སྨྲ་བ་རྣམས་ཀྱི་དྲན་པ་དང་ཤེས་བཞིན་ཡང་དག་པར་བསྐྱེད་པའོ་ཞེས་པས ཆོས་ནི་ཕུང་པོ་ངང་ཁམས་དང་སྐྱེ་མཆེད་དོ། །བརྗོད་དུ་མེད་པ་ནི་ཐིག་ལེ་ཆེན་པོ་ཡི་གེ་མེད་དོ། །སྨྲ་བ་ནི་གང་གིས་དེའི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་གཞན་ལ་ཐ་སྙད་ཙམ་དུ་སྨྲ་བའོ། །རྣམས་ཞེས་པ་ནི་དེ་གཟུང་བ་འཛིན་རྐུན གྱི་ཞེས་པའོ། །དྲན་པ་ནི་རང་གིས་སྔར་ཉམས་སུ་མྱོང་བར་བྱས་པའོ། །ཤེས་བཞིན་ནི་གདམ་ངག་གི་བརྔལ་ཡིད་ཆེས་པར་བྱས་ནས་དངོས་པོ་ཀུན་ལ་རང་དབང་དུ་འཇུག་པའོ། །ཡང་དག་པར་བསྐྱེད་པ་ནི་དེ་དག་ཕྱིན་ཅི་མ་ལོག་པ་སྟེ་དེ་ལྟ་བུ་འགྲུབ་པར་བྱེད་བའོ། དེ་ནི་ནད་ལ་བྱུང་བ་བཞི་པའི་མན་ངག་ཏུ་ཤེས་པར་བྱའོ། །ད་ནི་ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུ་བསྟན་པའི་ཕྱིར། བླ་ན་མེད་པའི་ཤེས་རབ་བསྐྱེད་བ་དང། ཡིད་གཞུངས་པར་བྱེད་པའོ་ཞེས་གསུངས་ཏེ། བླ་ན་མེད་པ་ནི་དེའི་གོང་ན་མེད་པའོ། །ཤེས་རབ་ནི ཤེས་པའི་ཁྱད་པར་ཏེ་ཤེས་རབ་ཕུལ་དུ་ཕྱུང་བ་ཞེས་བྱ་བའི་དོན་ཏོ། །གང་གིས་བསྐྱེད་ཅེ་ན། སྔར་དམ་པའི་བཀའ་དྲིན་ལས་བྱུང་བའི་བདུད་རྩིའི་ཐིག་ལེ་སྙིང་གའི་པདྨའི་སྟེང་དུ་བཞག་སྟེ་བསྒོམས་ན་ཟག་པ་མེད་པའི་ཤེས་རབ་ཀྱིས་དུས གསུམ་དུ་མཁྱེན་པར་འགྱུར་བ་དང། །གང་གིས་རྡོ་རྗེ་པདྨར་ཡང་དག་པར་སྦྱར་བའི་བཅུད་ལྕེ་ཡིས་བླངས་ན་ཡིད་གཞུང་ག་ཤིང་བློ་ལ་འབེལ་ཏེ་ཚིགས་སུ་བཅད་པ་བརྒྱ་སྟོངས་མས་ཀྱིས་འཛིན་ཅིང་མི་བརྗེད་པ་ལ་སོགས་པར་འགྱུར་བའོ། །དེ་སྐད དུ་ཡང། བློ་དང་སྟོབས་ནི་འཕེལ་བའི་ཕྱིར། །མི་འཆི་ལྕེ་ཡིས་བླང་བར་བྱ། །ཞེས་གསུངས་སོ། །ནད་མེད་པ་དང། སྟོབས་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ་ཞེས་པ་ལ། དེ་ལ་ནད་ནི་རླུང་དང། མ་ཁྲིས་པ་དང། བད་ཀན་ལ་སོགས་པའོ། །གང དག་བདུད་རྩི་ལྔ་པོ་ཕྱིར་བསྒྲུབས་པས་སམ། སོ་སོར་བསྒྲུབས་པས་སམ། བཅུད་ཀྱིས་ལེན་ནམ། སྨན་མར་གྱི་ཡེ་ཤེས་དང། སྐུ་བྱུག་གི་ཡེ་ཤེས་དང། ནད་མེད་ཅིང་ཚོན་མཁའ་དང་མཉམ་པར་འགྱུར་པ་ལ་སོགས་པ་རྒྱུད་དེ་དང་དེར་བཅོམ་ལྡན་འདས ཀྱིས་རྒྱས་པར་གསུངས་སོ། །སྟོབས་དང་ཞེས་པ་ནི་ཤ་ལྔའི་སྦྱོར་བ་འམ། བདུད་རྩི་ལྔ་ཉིད་ཀྱིས་ཕྱག་རྒྱ་སྟོང་ལ་སྦྱར་བས་སྟོབས་འཕེལ་བར་བྱེད་པའོ། །དབང་ཕྱུག་ནི་རིག་པ་འཛིན་པའི་རྣམ་གྲངས་སུ་གྱུར་ནས་དབང་ཕྱུག་ཏུ་གྱུར་པའོ། །ཕུན སུམ་ཚོགས་པ་ནི་ས་འོག་དང། རལ་གྲི་ལ་སོགས་པ་ཡང་གྲུབ་པར་བྱེད་དོ་ཞེས་པའི་ཐ་ཚིག་གོ། དེ་ལྟར་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བསྟན་ནས་འཇིག་རྟེན་གྱི་བདེ་བ་དང་ལེགས་པ་??་པར་བསྟན་པའི་ཕྱིར། དཔལ་དང་དགེ་བ་དང། ཞི་པ་དང་ལེགས་པ་རྣམས་རབ་ཏུ་འཕེལ་བར་བྱེད་པའོ་ཞེས་གསུངས་ཏེ། དེ་ལ་དཔལ་ནི་བཀྲ་ཤིས་པའོ། །དག་པ་ནི་དཀར་པོའི་ཆོས་སོ། །ཞི་བ་ནི་བདེ་བ་བསྐྱེད་པའོ། །ལེགས་པ་ནི་གང་ལ་ཡོད་ན་མཛེས་པ་དང་གཞན དགའ་བར་འགྱུར་བའོ། །དེ་རྣམས་དེས་འཕེལ་ཞིང་རྒྱན་མི་འཆད་པར་འགྱུར་པ་ནི་རབ་ཏུ་འཕེལ་བའོ། །གྲགས་པ་དང། སྙན་པ་དང། ཚིགས་སུ་བཅད་པ་དང། བསྟོད་པ་གྲགས་པར་བྱེད་པའོ། །ཞེས་པ་ལ་གྲགས་པ་ནི་བདག་གི་ཡོན ཏན་ཀུན་གྱིས་བརྗོད་པའོ། །སྙན་པ་ནི་ཇི་བཞིན་གྱི་ཡོན་ཏན་བརྗོད་པས་བདག་སེམས་བདེ་བའོ། །ཚིགས་སུ་བཅད་པ་ནི་བདག་གི་བསྔགས་པ་བརྗོད་པའི་ཚེ་ཚིགས་སུ་བཅད་པའི་ཚུལ་གྱིས་སོ། །བསྟོད་པ་ནི་བདག་གི་ཆེ་བའི་བདག་ཉིད་བརྗོད བར། །གྲགས་པ་ནི་ཀུན་ཀྱིས་ཐོས་པའི་ཚུལ་ལོ། །ནད་དང་འཇིགས་པ་ཆེན་པོ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ་ཞེས་པ་ནི་ནད་ནི་ལུས་དང་སེམས་ལ་ཟུག་རྡུར་གྱུར་པའོ། །འཇིགས་པ་ཆེན་པོ་ཐམས་ཅད་ཅེས་པ་ནི་ཤ་ཟའི་འཇིགས་པ་དང ནད་ཀྱི་འཇིགས་པ་དང། དབང་པོ་ལ་སོགས་པའི་འཇིགས་པ་དང། ནོར་མེད་པའི་འཇིགས་པ་དང། མཛའ་བོ་དང་བྲལ་བས་འཇིགས་པ་དང། རྒྱལ་པོ་འཆད་པས་འཇིགས་པ་དང། ཐོག་ལྷུང་བས་འཇིགས་པ་དང། དོན་ཉམས པས་འཇིགས་པ་ནི་འཇིགས་པ་ཆེན་པོའོ། །ཐམས་ཅད་ཀྱི་སྒྲས་ནི་འཇིགས་པ་ཆེན་པོ་འདི་དག་དང། སྔར་སྨོས་པ་ཀུན་ཞི་??་བྱེད་པའོ། །ཞེས་བྱའོ། །དེ་ལྟར་དབང་བསྐུར་ཞིང་རྟོགས་པ་དང་ལྡན་པ་ལ་སེམས་བསྐྱེད་པ་དང། དབུགས འབྱུང་བའི་ཕྱིར་དེ་ལྟར་བསྟན་ནས། དག་བྱེད་ཁྱད་པར་ཅན་དུ་བསྟན་པའི་ཕྱིར། ཤིན་དུ་རྣམ་པར་དག་པ་རྣམས་ཀྱི་ཡང་ཤིན་དུ་རྣམ་པར་དག་པའོ་ཞེས་གསུངས་ཏེ། དེ་ལ་ཤིན་དུ་རྣམ་པར་དག་པ་ནི་ལྷའི་སྐུའོ། །རྣམས་ཀྱི་ཡང་ཞེས་བྱ་བ་ནི་རང་རང་གི བསམ་པ་རྣམ་པར་དག་པའོ། ཞེས་གང་གིས་བརྟགས་པ་རྣམས་སོ། །ཡང་ཞེས་པ་ནི་ཀྱང་ཞེས་པའི་དོན་ཏོ། །མཚུངས་པ་ལ་ཁྱད་པར་དུ་བྱེད་པའི་སྒྲའོ། །ཇི་ལྟར་ཤེས་གཉེན་ཅན་རྣམས་ལ་དག་སྦྱོང་དམ་བྲམ་ཟེ་ཞེས་བྱ་བ་ལྟ་བུའོ། །དེ་བས་ན རྣམ་པར་དག་པ་ལྷའི་སྐུ་ཡང་ཡིན་མོད་ཀྱི། འོན་ཀྱང་ཤིན་ཏུ་རྣམ་པར་དག་པ་ནི་སྐྱོན་སྤངས་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། །ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི་ཡང་ཤིན་ཏུ་རྣམ་པར་དག་པའི་ཞེས་པ་ནི་ཤིན་དུའི་སྒྲ་ནི་རབ་ཅེས པའོ། དག་པ་ནི་དྲི་མ་དང་བྲལ་བའོ། །རྣམས་ཀྱི་ཡང་ཞེས་པ་ནི་དེ་ལྟ་བུའི་གང་དག་ཡིན་པ་རྣམས་ཀྱི་ཡང་ངོ། །ཤིན་དུ་དག་པའོ་ཞེས་པ་ནི་དག་པའི་ངོ་བོ་ཉིད་དེ་ཡང་འདི་ཞེས་པའོ། །ཤིན་དུ་དག་བྱེད་རྣམས་ཀྱི་ཡང་ཤིན་ཏུ་དག་བྱེད་དོ། ། ཞེས་པ་ནི་ཤིན་དུའོ་སྒྲ་ནི་སྔ་མ་བཞིན་ནོ། །དག་བྱེད་ཅེས་པ་ནི་དག་པར་བྱ་བ་ལ་བལྟོས་པ་སྟེ་གང་དག་དྲི་མ་དང་བཅས་པ་གང་ཡིན་པའོ། །དེ་འཁྲུ་བར་བྱེད་བས་ན་དག་བྱེད་དོ། །དྲི་མ་དེ་ཡང་གཉིས་ཏེ། ཕྱིའི་དྲི་མ་ཞེས་བྱ་བ་དང། ནང་གི་དྲི་མའོ། །དེ ལ་ཕྱིའི་དྲི་མ་དག་པས་ན་དག་དྲི་མ་ངག་པར་འདོད་པ་དང། ནང་གི་དྲི་མ་དག་པས་ཕྱིའི་དྲི་མ་དག་པར་འདོད་པ་དང། རང་བཞིན་རྣམ་པར་དག་པས་དྲི་མ་རྣམ་པར་དང་པར་འདོད་པའོ། །ཕྱིའི་དྲི་མ་དག་བས་ནང་གི་དྲི་མ་དག་པར་འདོད་པ་ནི་དྲག བྱེད་ས་དང་ཆུ་དང་ཀུ་ཤ་ལ་སོགས་པ་བསྟན་པའོ། །ནང་གི་དག་པས་ཕྱིའི་དག་བར་འདོད་བ་ནི་ཕྱག་རྒྱ་དང། སྔགས་བཟློག་པ་དང། བསྒོམ་པས་དག་པའོ། །དེ་ལྟ་བུ་ཡང་དག་བྱེད་དུ་བལྟས་པས་དག་བྱེད་རྣམས་སོ། །ཤིན་ཏུ་དག་བྱེད་ནི་རང་བཞིན རྣམ་པར་དག་པའོ། །གཞན་དུ་དག་པར་བྱེད་པ་ནི་བཏགས་པ་ཚམ་མོ། །དེ་སྐད་དུ་ཡང། འདི་ལྟར་མི་གཙང་ལས་བྱུང་ཞིང་མི་གཙང་བས་ནི་རིལ་བོར་གང། །དེ་ལྟ་བུ་ཡིས་ལུས་འདི་ཉིད། །གང་གར་བཀྲུས་པས་ཇི་ལྟར་འདག། མི་གཙང་ཐུམ་པོའི་ཆུ་དག་གིས། །ཡང་ཡང་བཀྲུས་ཀྱང་དག་མི་འགྱུར། །དེ་བཞིན་མི་གཙང་ལུས་གང་བའི། །ཕུང་པོ་འདི་ཡང་དག་མི་འགྱུར། །ཞེས་འབྱུང་བ་དང། ཡང་དེ་ཉིད་ལས། ཁྲུས་ཀྱིས་སྡིག་པ་ཟད་པ་ཡང། །དེས་པར་ཡོད་པ་མ་ཡིན དེ་ཇི་ལྟར་འབབ་སྟེགས་བསྟེན་པ་ལ། །ཉོན་མོངས་ལ་སོགས་སྐྱེ་བར་མཐོང། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །ཕྱག་རྒྱ་དང་སྔགས་འབའ་ཞིག་གིས་ཀྱང་དག་པ་མ་ཡིན་པར་གསུངས་པ་ནི་ལྟ་དང་སྔགས་ཀྱང་ཡོད་མ་ཡིན། ཞེས་བྱ་བ་ལ སོགས་པ་གསུངས་སོ། །རང་བཞིན་རྣམ་པར་དག་བྱེད་ཁྱད་པར་དུ་གསུངས་པ་ངེས་པར་དངོས་པོ་ཐམས་ཅད་ཀྱི། དག་པ་དེ་བཞིན་ཉིད་དུ་བརྗོད། །དག་པ་གཞན་གྱིས་རྣམ་གྲོལ་མེན། །ཞེས་པ་དང། ཡང་དག་བྱེད་ཀྱི་ཐབས་ལ་ཁྱད་པར ཅན་བསྟན་པའི་ཕྱིར་ཕོ་ཉ་དག་བྱེད་ཀྱི་ཁྱད་པར་དང་བཏུད་བདག་བྱེད་ཀྱི་ཁྱད་པར་བསྟན་བ་དང། བཟའ་བདག་བྱེད་ཀྱི་ཁྱད་པར་རོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་དྲི་མ་འཇོམས་པའི་ཕྱིར་རོ། །དེ་སྐད་དུ་ཡང། ཕོ་ཉའི་གཙང་སྦྲ་དང་པོ་སྙེ། །གཉིས བཞི་བའི་བཏུད་བ་ཡིན། །སྣོད་གཅིག་ཏུ་ནི་ཟ་བྱེད་པ། །གཙང་སྦྲ་གསུམ་པ་ཡིན་པར་འདོད། །ཅེས་གསུངས་སོ། །གཙང་སྤྲ་དག་གི་ཁྱད་པར་གསུངས་ནས། །གཙང་སྦྲ་དེ་དག་གི་ཡོན་ཏན་ཡང། སྟོང་ཕྲག་གཅིག་གི་གཞལ་མིན་པར། །ཁ་ཅིག་གིས ནི་བརྗོད་ནུས་སམ། །ཞེས་གསུངས་སོ། །གཞན་ཡང་གཞན་དག་འདོད་པའི་མཆོད་ཕྱིར་ཐོགས་པ་ལ་སོགས་པས་དག་པར་མི་འགྱུར་གྱི། གསང་སྔགས་གྱི་སྦྱོད་བ་ལ་དག་བྱེད་ཀྱི་དག་བྱེད་ཅེས་བྱའོ། །རང་བཞིན་དག་པ་ཡིན་ན་དེ་ལྟ་བུ་ཅི་དགོས ཤེ་ན་གྲོ་དུར་གྱི་དྲི་མ་དེ་བསལ་བའི་ཕྱིར་རོ། །དེ་ནི་ཆུ་ལ་སོགས་པས་ཀྱང་དག་གོ་ཞེ་ན། སེམས་ཀྱི་དྲི་མ་ནི་རྣམ་པར་རྟོག་པ་སྟེ། །ཆུ་ལ་སོགས་པས་དེ་དག་ལ་ནུས་ཤེའོ། །རབ་ཏུ་བྱང་བ་རྣམས་ཀྱི་ཡང་རབ་ཏུ་བྱད་བའོ། །ཞེས་པ་ནི་རབ བྱད་པ་ནི་ལེགས་པར་རབ་ཏུ་བྱང་བ་སྟེ། སྐྱོན་དུ་གྱུར་པ་ཆ་ཕྲ་རབ་ཀྱང་མེད་པའོ། །དེ་ལྟ་བུ་གང་དག་ཡིན་པ་དེ་རྣམས་ཀྱི་རབ་ཏུ་བྱང་བའི་ངོ་བོ་ཉིད་གང་དག་ཡིན་པ་སྟེ་ཡེ་ཤེས་འདིའོ་ཞེས་པའོ། །དེ་ལྟར་དག་པ་དང་བྱང་བར་ལུང བསྟན་ནས། ད་ནི་དག་པ་དང་བྱང་བའི་འབྲས་བུ་བསྟན་བའི་ཕྱིར། རབ་ཏུ་བཀྲིས་པ་རྣམས་ཀྱི། ཡང་རབ་ཏུ་བཀྲ་ཤིས་པའོ། །ཞེས་གསུངས་ཏེ། རབ་ཏུ་བཀྲ་ཤིས་བ་ནི་རབ་ཏུ་དཔལ་ཆེ་བའོ། །དེ་ནི་མཁྱེན་པའི་ཁྱད་པར་ལམ་བྱུང་བར་གསུངས་སོ། །ཅི་མཁྱེན བ་དང། ཅིས་མཁྱེན་ན་དུས་མཁྱེན་པ་དང། དག་པ་དང། བྱད་པའི་ཡེ་ཤེས་མཁྱེན་པའོ། །དུས་གང་ཞེ་ན། བཟང་བའི་དུས་དང་དན་བའི་དུས། །དེ་ནི་དབང་ཐང་གི་འཁོར་ལོ་བསྟན་པ་ལས་ཤེས་པར་བྱའོ། །གྲང་དག་གིས་བཟད་བྱའི་དུས་རྣམས ཤེས་བར་བྱས་ནས་བྱ་བ་བརྩམས་ན་བྱ་བ་ཐམས་ཅད་ལ་བཀྲ་ཤིས་པར་འགྱུར་ལ། དན་པའི་དུས་ཤེས་ན་དེར་བྱ་བ་མ་རྩམས་པས་བཀྲ་ཤིས་པ་ཐམས་ཅད་མི་འབྱུང་ངོ། །དེའི་ཕྱིར་རབ་ཏུ་བཀྲ་ཤིས་པ་ནི་རྟག་ཏུ་བཀྲ་ཤིས་པའོ། །དེ་ལས་ཀྱང བཀྲ་ཤིས་པ་ནི་བཅམ་ལྡན་འདས་དགའ་ལྡན་ནས་འཕོ་བ་དང། ལྷུམས་སུ་ཞུགས་པ་ལ་སོགས་བའི་དུས་ན་བཀྲ་ཤིས་པ་ནི་རབ་ཏུ་བཀྲ་ཤིས་བའོ། །དེ་ལྟར་བཀྲ་ཤིས་པ་བཤད་ནས། ད་ནི་སེམས་ཅན་ཀུན་རྫོགས་ཀྱི་དོན་དུ་རྗེས་སུ་ན གནས་པ་ཡང་བསྟན་པའི་ཕྱིར་སྐྱབས་འདོད་པ་རྣམས་ཀྱི་སྐྱབས་སོ་ཞེས་གསུངས་ཏེ། སྐྱབས་འདོད་པ་རྣམས་ནི་སེམས་འཇིགས་པ་དང་བཅས་པ་ཡང་བར་གྱུར་པ་སྟེ། དེ་སྤོངས་བར་འདོད་བའི་སེམས་དང་བཅས་པའོ། །འཇིགས་པ་སེལ?་ཞིང གཞན་སེམས་ཡང་བ་ལས་བསྲུང་བས་ན་སྐྱབས་སོ་ཞེས་བྱའོ། །གནས་མེད་པ་རྣམས་ཀྱི་གནས་སོ། །ཞེས་པ་ནི་གང་ལ་འདུག་བར་བྱ་བའི་རྟེན་མེད་བའོ། །དེ་ལྟ་བུ་ཀུན་ཀྱང་རྟེན་བྱེད་ཅིང་རབ་ཏུ་གནས་པས་གནས་སོ། །ས་གཞི་ལྟར་སེམས དཔའ་སེམས་ཅན་ཀུན་གྱི་རྟེན་གྱིས་ཤིག་བའི་དོན་ཏོ། །སྐྱོབས་པ་འདོད་པ་རྣམས་ཀྱི་སྐྱོབ་བའོ། །ཞེས་པ་ནི་ཇི་ལྟར་ཚ་བས་གདུངས་བ་རྣམས་ཀྱི་ཚ་བ་སྐྱོབ་པར་འདོད་བའོ། །གྲངས་པས་ཉེན་པ་རྣམས་ཀྱི་གྲང་བ་སྐྱོབ་པར་འདོད་པའོ། །དེའི་ཕྱིར སྐྱོབ་བར་འདོད་བའོ། །དེ་བཞིན་དུ་བཀྲེས་པ་དང་བསྐོམ་པ་ལ་སོགས་པའོ། །སྐྱོབ་པ་ནི་གདུགས་དང། སྣམ་བུ་དང། ཟས་དང། སྐོམ་ལ་སོགས་པའོ། །དེ་ལྟར་བསམ་ཞིང་དོན་ཀྱིས་ཤིག་པའོ། །དབང་གཉེན་འདོད་པ་རྣམས་ཀྱི་དཔུང་གཉེན་ན། ། ཞེ་ས་པ་ནི་རོལ་པོའི་སྡེ་རབ་ཏུ་གཉེན་ཏེ། བདག་སྡེ་དང་དཔུང་རབ་ཏུ་ཚོལ་པའི་དཔུད་གཉེན་ནོ། །དེ་ལྟར་སྡུག་བསྔལ་བ་མཐོང་ནས་དེའི་དཔུང་དང་གཉེན་བྱེད་པ་ནི་དཔུང་གཉེན་ནོ། །གླིང་འདོད་པ་རྣམས་ཀྱི་གླིང་ངོ། །ཞེས་པ་ནི་གང་དག་འབབ་ཆུ་འམ་ཆུ བོ་འམ་མཆོ་རྣམས་ཀྱི་ས་ཀུན་ནས་བསྐོར་བའི་དབུས་རྟེན་དུ་གྱུར་བའི་ས་འམ་ཐད་ལྟ་བ་ནི་གླིང་ཞེས་བའོ། །གང་དག་འབབ་ཆུལ་སོགས་བས་ཁྱེར་ཏེ། གོང་མ་ལྟ་བུ་དང་ཕྲད་པར་སེམས་སྨོན་པ་ནི་གླིང་འདོད་བའོ། །བདག་དེ་ལྟར་གྱུར པར་བྱེད་ཅིང་དོན་བྱེད་པ་ནི་གླིང་ངོ། །འཁྲས་བླ་ན་མེད་པ་འདོད་པ་རྣམས་ཀྱི་འཁྲ་ས་བླ་ན་མང་པའོ། །ཞེས་པ་འཁྲ་ས་ཞེས་པ་ནི་གང་དག་གཅན་ཟན་ལ་སོགས་པས་རབ་ཏུ་ཉེན་པ་ན་ཤིང་དང་དྲག་ལ་སོགས་པ་ནི་འཁྲ་སའོ། །བླ་ན་མེད་པ་ནི བདུད་དང། ངན་འགྲོའི་གཏན་པོ་ལ་སོགས་པ་གཏན་དུ་གབ་བའི་གནས་སོ། །དེ་བས་ན་འཁྲས་བླ་ན་མེད་པའོ་ཞེས་སོ། །སྲིད་པའི་རྒྱ་མཚོའི་ཕ་རོལ་ཅུ་འགྲོ་བར་འདོད་པ་རྣམས་ཀྱི་གྲུབ་ཞེས་བྱ་བ་ནི་དེ་ལ་སྲིད་པ་ནི་འདོད་པ་དང་གཟུགས ངག་གཞུགས་མེད་པ་རྣམས་ནི་རྒྱ་མཚོ་དང་འདྲ་བས་ན་མཚོའི། །ཅིའི་ཕྱིར་ན། རབ་ཏུ་རྒལ་དཀའ་བའི་ཕྱིར་རོ། །ཟབ་པ་དང་རྒྱ་ཆེ་བ་དང། དཔའ་རློང་དང། མི་མ་ཡིན་པ་དང། ཆུ་སྲིན་ལ་སོགས་པ་རབ་ཏུ་མང་བླ་ན། ཡང་རབ་ཏུ་རྒལ་དཀའ་བའོ། །དེ་བཞིན་དུ་སྲིད བ་ཡང་ཤིན་ཏུ་རྒལ་དཀའ་བ་སྟེ། ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་འཐུག་བོ་དང། ཉོན་མོངས་པ་རབ་ཏུ་ཆེ་བ་དང། སྡིག་པའི་གྲོགས་པོ་རབ་ཏུ་མང་བ་ལ་སོགས་པ་སྲིད་པ་ནི་རབ་ཏུ་རྒལ་དཀའ་ཞེས་བྱའོ། །དེའི་ཕྱིར་རོལ་ནི་མྱ་ངན་ལས འདས་པའི་འགྲོ་བར་འདོད་པ་ནི་སྲིད་པའི་ཉེས་དམིགས་ཤེས་ཤིང་མྱ་ངན་ལས་འདས་པའི་ཡོན་ཏན་ཤེས་པའོ། །དེ་སྐད་དུ་ཡང། འཁོར་བའི་རྒྱ་མཚོ་རབ་འཇིགས་ལས། །གྲོལ་བར་འགྱུར་བའི་བསམ་པ་ཅན་ཞེས་གསུངས། །གྲུབ་ཞེས་བྱ་བ་ནི་དེ ལས་སྒོལ་བའི་ཐབས་ཏེ། གཟིངས་ལ་སོགས་པ་ལྟ་བུའོ་ཞེས་པའོ། །ནད་ཐམས་ཅད་སེལ་བའི་སྨན་གྱི་རྒྱལ་པོ་ཆེན་པའོ་ཞེས་པ་ནི། ནད་ཀྱང་ཡེན་ལ་ཐམས་ཅད་ཀྱང་ཡིན་པས་ནང་ཐམས་ཅད་དོ། །སེལ་བ་ནི་ཞི་བར་བྱེད་པའོ། །གང་གིས་ཤེས་ན སྨན་པའི་རྒྱལ་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེས་ཕྱི་རང་ནང་གི་ནང་ཐམས་ཅད་ཞི་བར་བྱད་དོ། །ཟུག་རྡུ་ཕྲ་མོ་ཡང་མ་ལུས་པར་འཐོམས་པས་ན། དེ་སྐད་བྱའོ། །བླད་བ་དང་དོར་བའི་དངོས་པོའི་བྱེ་བྲག་ཉེད་པའི་ཤེས་རབ་ཉིད་དོ། ཞེས་པ་ནི་བླང་བ་ནི་བསྒྲུབ་པར་བྱ་བའོ། །དངོས་པོ་ཞེས་པ་ནི་དོན་བྱེད་ནུས་པའི་ཕྱིར་རོ། །གཞན་དུ་དངོས་པོ་གསུམ་ནི་མི་སྲིད་པའི་ཕྱིར་བ། བྱེ་བྲག་ཕྱེད་པ་ནི་ཁྱད་པར་ཤེས་པའོ། །ཞེས་རབ་ནི་ཆོས་རྣམས་ལ་ཁད་པར་དང་བྱེ་བྲག་ཤེས་པར་བྱེད བའི་ཤེས་རབ་བོ། །ལྟ་བ་ངན་པའི་མུན་པ་ནུ་ན་ནག་ཐེད་སེལ་བའི་ཡེས་ཤེས་ཀྱི་སྣང་བའོ་ཞེས་པ་ནི་ལྟ་བ་ངན་བཞིས་པ་ནི་ཤེས་རབ་ཕྱིན་ཅི་ལོག་པ་སྟེ་རྒྱུ་དང་འདྲས་བུའི་དོན་ལ་རྨོངས་པས་འཇིགས་རྟེན་ཕ་རོལ་པ་མེད་ཅེས་སྨྲ་བའོ། །དེ་ཉིད་མུན་པ་དང་འདྲ་བས་ན མུན་ནག་གོ་ཡང་དག་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་བསལ་ནས་རྒྱུ་དང། འབྲས་བུ་དང། སྐུ་དང་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་ཡེ་ཤེས་ཀྱི་སྣང་བ་ཞེས་བྱའོ། །དེས་ཅི་བྱེད་ཅེ་ན། སེམས་ཅན་ཐམས་ཅད ཀྱི་སེམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུའོ་ཞེས་པས་ནི་སེམས་ཅན་གང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་དོ། །སེམས་ནི་ཡིད་དོ། །བསམ་པ་ནི་རེ་བ་སྨོན་པའོ། །ཇི་ལྟ བཞིན་དེ་བ་ནི་ཇི་ལྟ་བ་བཞིན་ནོ། །ཡོངས་སུ་རྫོགས་པ་ནི་བསམ་པ་མཐར་ཕྱིན་པར་བྱེད་པའོ། ཡིད་བཞིན་གྱི་ནོར་བུའོ་ཞེས་པ་ནི་ནོར་བུ་ཁྱད་པར་ཅན་གྱིས་སེམས་ཅན་ཀུན་གྱི་ཡིད་ལ་བསམས་པའི་དོན་སྤྱིན་པར་ནས་པ་ནི་ཡིད་བཞིན་གྱི་ནོར བུའོ་ཞེས་བྱའོ། །དེས་ཉེ་བར་མཚོན་པའི་དཔག་བསམ་གྱི་ཤིང་དང། བུམ་པ་བཟང་པོ་ལྟར་སེམས་ཅན་ཀུན་གྱི་དོན་བྱེད་ཅས་པའོ། །འཇམ་དཔའ་ཡེ་ཤེས་སེམས་དཔའ་ཨི་སྐུ་ཐོབ་པར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ་ཞེས་པ་ན་འཇི དཔལ་ཡེ་ཤེས་སེམས་དཔའ་ཨི་དོན་ནི་བཤད་ཟིན་ཏོ། །སྐུ་ནི་ཡེ་ཤེས་ཀྱི་སྐུ་རང་བྱུང་ངོ། །ཐོབ་པ་ནི་རྟོགས་པར་གྱུར་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་དངོས་པོ་མ་ལུས་པ་ཇི་ལྟ་བ་བཞིན་མཁྱེན་པའོ། །དེ་བསན་ཡེ་ཤེས་ཀྱི་སྐུ་དེ་ནི་ཐམས་ཅད མཁྱེན་པའི་ཡུམ་ཡིན་ནོ། ཞེས་བསྟན་པ་ཡིན་ནོ། །གཞན་གྱི་ཡུམ་མ་ཡིན་ནམ་ཞེ་ན། སྤྱན་ལྔ་ཐོབ་པར་བྱ་བའི་ཕྱིར། ཡེ་ཤེས་མཐོང་བ་ཡོངས་སུ་དག་པའོ་ཞེས་པ་སྤྱན་ལྡན་ནི་ཤའི་སྤྱན་དང། ལྷའི་སྤྱན་དང། ཤེས་རབ་ཀྱི་ལྷན་དང། ཆོས་ཀྱི་སྤྱན་དང སངས་རྒྱས་ཀྱི་སྤྱན་ནོ། །ཐོབ་པར་བྱ་ཞེས་པ་ནི་དེ་རྣམས་དང་ལྡན་པར་བྱ་དགོས་པའོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་མཐོང་བ་ཡོངས་སུ་དག་པའོ་ཞེས་བྱའོ། །ཡེ་ཤེས་ནི་སྔར་བཤད་མ་ཐག་པ་ཐམས་ཅད་མཁྱེན་བའི་ཡེ་ཤེས་སོ་དེ་ཡེ་ཤེས་ཀྱི་སྐུས? ཏུ་ལྟ་དཀའ་བ་ཡང་གཟིགས་པས་ན་ཡོངས་སུ་དག་བའོ། །སྤྱན་ལྔ་པོ་གང་ལ་རབ་རིབ་མི་མདའ་བ་གསལ་བའི་བདག་ཉིད་ཡོང་པ་གང་ཡིན་པ་འདི་ནི་ཡེ་ཤེས་ཀྱིའོ་ཞེས་པ་ཡང་དོ། །ཟང་ཟིང་དང་མི་འཇིགས་པ་དང། ཆོས་ཀྱི་སྦྱིན་བ་གཏོང་བའི ??་??་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ། །ཞེས་པ་ནི་ཟང་ཟིང་ནི་ནོར་བུ་ངང་འབྲུལ་སོགས་པའོ། །མི་འཇིགས་པ་ནི་སྐྱབས་བྱེད་པ་ལ་སོགས་བའོ། །ཆོས་ནི་རྣམ་པར་དཀར་པས་འགྲོ་བའི་དོན་བྱེད་པའོ། །སྦྱིན་པ་ནི་གཞན་ལ་ཕན་པར་འདོད ??་??་འཛིན་པར་གཏང་པའོ། །འདིར་དངོས་པོ་གསུམ་ཡོངས་སུ་གཏོང་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ཇི་ལྟར་རྫོགས་པར་འགྱུར་ཞེ་ན། འདི་ལྟར་ཟང་ཟིང་གིས་ནི་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲམས་དང་སྐབས་ཀྱིས་ནི་སོམ པའི་ཚུལ་ཁྲིམས་དང། ཆོས་ཀྱིས་ནི་དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་སོ། །དེའི་དུས་ན་བྱ་བ་གཞན་ལ་མི་འཇུག་པ་ནི་བརྩོན་འགྲུས་སོ། །སེམས་གཡེང་བ་གཞན་མི་སེམས་པ་ནི་བཟོད་པའོ། །རྩ་གཅིག་ཏུ་གནས་པ་ནི་བསམ་གཏན་ནོ། །དེ རྣམས་ཀྱི་རང་བཞིན་ཤེས་པ་ནི་ཤེས་རབ་པོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་དང། ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་ཐོབ་པའོ་ཞེས་པ་ནི་བསོད་ནམས་ནི་གང་བྱས་ན་དགེ་བར་འགྱུར་རོ ཡེ་ཤེས་ནི་གང་བྱས་ན་གྲོལ་བོར་འགྱུར་བའོ། །ཚོགས་ནི་བདེ་བ་མཆོག་ཏུ་འགྱུར་བའོ། །ཏིང་ངེ་འཛིན་ནི་བློ་མཉམ་པར་འཇོག་པ་སྟེ། འདི་ལྟར་ལུས་དྲང་པོར་སྲང་སྟེ། སླར་བཤད་བའི་འཁོར་ལོ་དྲུག་པོ་ལུས་ལ་བསམ་དོར་བྱས་ནས་ཨ་ལས སྐྱེས་པའི་རལ་གྲི་ཨས་མཚན་པར་བསམ། སྡུག་བསྔལ་ཀྱི་རྩ་བར་གྱུར་བ་སྟིང་གའི་རྟོག་བ་བཅད་ནས་རྡོ་རྗེ་ཆོས་ཀྱི་ལམ་དང། རྡོ་རྗེ་ཟབ་མོའི་ལམ་ནས་ཡེ་ཤེས་ཀྱི་བདུད་རྩིས་སྐུ་གསུམ་གྱི་གསང་བའི་སིང་རྩ་ཉི་ཤུ་རྩ་བཞི་གང བས་ས་བཅུ་ཐོབ་ཅིང་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་བ་སྔ་ཕྱིའི་གདམས་ངག་གིས་ཤེས་པར་བྱའོ། །དེ་ལྟར་དབང་གི་ཆོ་གའི་རིམ་པ་བཤད་ནས། ད་ནི་གཉིས་མེད་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་གསལ་བར་བསྟན་པའི་ཕྱིར། ཆོས་གཉིས་དང་བྲལ་བའི་ཕྱིར་གཉིས་སུ་མེད་པའི་ཆོས་ཉིད་དོ། །ཞེས་པ་ནི་ཆོས་གཉིས་ནི་གཟུང་བ་དང་འཛིན་པ་རྣམས་སོ། །བྲལ་བ་ནི་ངོ་བོ་ཉིད་ཀྱིས་མ་གྲུབ་པའོ། །དེ་བས་ན་ཡེ་ཤེས་འདི་གཉིས་སུ་མེད་པའོ་ཞེས་སོ། །སྒྲོ་བཏགས་པ་མེད་པའི་ཕྱིར དེ་བཞིན་ཉིད་ཀྱི་རང་བཞིན་དང། གཞན་མ་ཡིན་པའི་ཆོས་ཉིད་དོ་ཞེས་པ་ནི་སྒྲོ་བཏགས་པ་ནི་མེད་པ་ལ་ཡོང་བར་སྒྲོ་བཏགས་པའོ། །དེ་བཞིན་དུ་ཡོང་པ་ལ་མེད་པར་སྐུད་པ་འདེབས་པ་ཡང་སྟེ། དེ་ལྟ་བུའི་མཛའ་ལས་འདས་པ་ནི་དེ་ཁོ ན་ཉིད་ཀྱི་རང་བཞིན་ནོ། །གཞན་མ་ཡིན་པའི་ཆོས་ཉིད་ཅེས་པ་ནི་ཆོས་རྣམས་ལས་ཆོས་ཉིད་གུ་ན་མེད་པའི་ཐ་ཚིག་གོ། དེ་སྐད་དུ་ཡང། ཆོས་རྣམས་ཀྱི་ཆོས་ཉིད་ནི་གང་ནས་ཀྱང་མ་འོངས། གང་དུ་ཡང་མི་འགྲོའོ། །གང་གནས་པ་ལས་གཞན དུ་འགྱུར་བ་ཡང་མེད་ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་དག་པའི་མཛའ་ཨི་རང་བཞིན་ཉིད་དོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་དོན་ནི་བརྡ་ཕྲད་པར་ཟད་དོ། །ཡེ་ཤེས་ཡོངས་སུ་དག བཞེས་བྱད་ལ། ཡེ་ཤེས་ནི་ཡེ་ཤེས་སྔ་རོ་གཅིག་པའི་སྐུའོ། །ཡོངས་སུ་དག་པ་ནི་སྐྱོན་མ་ལུས་པ་དང་བྲལ་བའོ། །ཕྱིར་ཞེས་པ་ནི་དེ་བསན་ཞེས་པའི་དོན་དོ། །ཡང་དག་པའི་མཛའ་ཨི་རང་བཞིན་ཉིད་དོ་ཞེས་པ་ནི་ཡང་དག་པ ནི་ཕྱིན་ཅི་མ་ལོག་པ་སྟེ། མཛའ་ནི་མཐར་ཐུག་པ་སྟེ། དེ་ལས་ལྷག་པ་མེད་དེ་ཞེས་པའི་ཐ་ཚིག་གོ་རང་བཞིན་ཉིད་ནི་ངོ་བོ་ཉིད་ཁོ་ནའོ། ཞེས་པའོ། །ལྟ་བ་ངན་པའི་ཚང་ཚིང་བརྒྱ་སྟོང་མ་ལུས་པར་སེལ་བའི་ཕྱིར་རྣམ་པ་ཐམས་ཅད ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ་ཞེས་པ་ནི་ལྟ་བ་ངན་པ་ནི་ཆད་པར་བལྟ་བའོ། །དེ་ཚད་ཚིད་དང་འདུ་བས་ན་ཚད་ཚིད་སྟེ། ལམ་བདེ་བ་ལས་གོས་བའི་ཚད་ཚིད་མི་མཉམ་པར་འགྲོ་བའོ། །དེ་བཞིན་དུ་ལྟ་བ་ངན་པ་ཉི་ཚེ་པའི་ཚད ཚིད་དུ་འགྲོ་བའོ། །མ་ལུས་བར་སེལ་བ་ནི་ལམ་དེར་མི་འཇུག་པའི་ཕྱིར་ཡང་དག་པའི་ལྟ་བའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་གོམས་པར་བྱེད་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ནི་རྣལ་བའི་སྣང བ་གད་ཡང་མཆད་པ་དང། དེ་ཡང་ངོ་བོ་ཉིད་སྟོང་པ་སྟེ། ཆོས་ཐམས་ཅད་དབང་པོའི་གཞུ་ངང་མཚུངས་པར་ཁོང་དུ་ཆུད་པ་ཁོ་ནའོ། །ད་ནི་དེ་ལྟར་བསྟན་པ་དེ་དག་མཇུག་བསྡུས་ཏེ་བསྟན་པའི་ཕྱིར། མཚན་ཡང་དག་པར་བརྗོད་པ་འདི་ནི་ཞེས གསུངས་ཏེ། མདོར་ན་ཞེས་པ་ཤུགས་ལ་སྟོན་པའོ། །མཚན་ཡང་དག་པར་བརྗོད་པ་འདི་ནི་དེ་བཞིན་གཤེགས་པ་སྣང་བ་མཛའ་ཡས་དང། སོ་སོར་རྟོག་པའི་འོ། །དེ་དག་མདོར་བསྟན་པ་གང་ཞེ་ན། འདི་ལྟ་སྟེ། གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དོན གྱི་མཚན་ཡང་དག་པར་བརྗོད་པ་འཛིན་པ་བསྟོན་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ཤེས་རབ་ཉིད་དོ། །དེ་ལ་གཉིས་སུ་མེད་པའི་ཆོས་ཉིད་ཅེས་པ་ལ་གཉིས་སུ་མེད་པ་ནི་གཟུང་བ་དང། འཛིན་པས་སྟོང་པ་རིག་པའོ། །ཆོས་ཉིད་ནི་རིག བའི་ངོ་བོ་ཉིད་ཀྱིས་སྟོང་པ་བརྗོད་དུ་མེད་པའི་རང་བཞིན་ནོ། །དོན་གྱི་མཚན་ཡང་དག་པར་བརྗོད་པ་འཛིན་པ་ཞེས་པ་ནི་དེ་ལྟ་བུའི་ཆོས་ཉིད་ཀྱི་དོན་ཡིན་པས་དོན་ནོ། །ཀྱི་ཞེས་པ་ནི་དྲུག་ཨཔའི་སྒྲོའོ། །མཚན་ནི་མིང་གི་བླ་དགོས། །འཛིན་པ ནི་དོན་ཁོར་དུ་ཆུད་པ་ལ་ཕན་པར་འདོད་པའོ། །སྟོན་པ་ནི་གཞན་ལའོ། །འཁོར་ལོ་གསུམ་པའི་ཕན་ཡོན་ལས་ཚིག་གི་གྲངས་ལྔ་བཅུ་རྩ་གཉིས་སུ་བགྲངས་པའི་བཤད་པའོ། །དེ་ལྟར་འཁོར་ལོ་གསུམ་པའི་ཕན་ཡོན་བཤད་ནས་ད་།ནི འཁོར་ལོ་བཞི་བི་ད་ཡོན་བཤད་པའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་གསུངས་ཏེ། ལག་ན་རྡོ་རྗེ་ནི་སྔ་མ་བཞིན་ནོ། །གཞན་ཡང་ཞེས་པ་ནི་སྔ་མ་བཞིན་ནོ། །རིགས་ཀྱི་བུའི་མ་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྤྱད་པ སྤྱོད་པ་གང་ལ་ལ་ཞེས་པ་ནི་རྟགས་ཀྱིས་གང་ཟག་གི་རིགས་ཀྱི་བྱེད་པར་སྟོན་པར་དགོངས་པ་སྟེ། དེ་ལ་རིགས་ཀྱི་དུ་ཞེས་པ་ནི་སེམས་བསྐྱེད་པ་དང། དབང་བསྐུར་བ་མ་ཐོབ་པ་སྟི། འདིར་རིགས་ནི་རྡོ་རྗེ་ལ་སོགས་པའོ། །མེ་ཏོག་གང་དུ་ལྟུང་པ་ནི་རིགས དེའི་བུའོ། །རྟེན་གྱི་བྱེ་བྲག་གིས་ཕོ་དང་མོར་གྱུར་པ་ནི་བུ་དང་བུ་མོའོ། །གསང་སྔགས་ནི་གང་དག་གསང་བའི་དམ་ཚིག་རྣམས་སོ། །སྤྱོད་པ་ནི་མཚན་ཉིད་དཔལ་ལྡན་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཕྱིར་རོ། །སྤྱོད་པ་ཞེས་པ་ནི་ཉམས་སུ་ལེན་པའོ། །གང་ལ ཞེས་པ་ནི་གཞི་བྱེ་བྲག་ཏུ་མ་ཕྱེ་པ་སྤྱིར་སྟོན་པའི་སྤྲ་སྟེ། གསང་སྔགས་ཀྱི་སྤྱོད་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་རུང་བ་དབང་པོ་འབྲིང་དམ། དབང་པོ་རབ་མཆོག་རྣམས་ཀྱི་ཞེས་པའོ། །དེ་ལ་དབང་པོ་ཐ་མ་སྤྱད་པར བྱ་བ་ཇི་ཙམ་ཡིན་པ་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་དོན་ནི་སྔར་བསྟན་པ་ཁོ་ནའོ། །ཡེ་ཤེས་སེམས་དཔའ་ཞེས་པའི་ཡེ་ཤེས ནི་དམ་ཚིག་ལྔས། ཉེ་བར་མཚོན་པའི་དམ་ཚིག་ལྔའོ། །བཟའ་བ་ལྔས་མཚོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལྔ་ཡིན་ལ། །དེའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་དག་དབྱེར་མེད་པར་གྱུར་པ་ནི་སེམས དཔའ་ཨོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་གཉིས་སུ་མེད་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་གཙུག་གི་ནོར་བུ་འདི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤཾད? མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་དབང་པོ་ཐ་མ་ལ་དམིགས་པའི་ཡུལ་ཡང་དཾ་ཡིན་ཞེས་པ་སྟེ། དོན་ནི་བཤད་མ་ཐག་པ་ཉིད་དེ། དེའི་མཚན་ཉིད་ཅི་འདྲ་ཞེ་ན། གཉིས་སུ་མེད་པ་ཞེས་པ་སྟེ། དེ་ལི་ངོན་གོ་བར་ཟད་དོ། །དཾ་ཉིད་ཀུན་རྫོབ་ཏུ་མ་ཡིན པ་??་ལྡན་པའི་ཕྱིར། །དོན་དམ་ཕ་ཞེས་པའོ། །གང་གིས་མཚོན་ཞེ་ན། མཚན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཞེས་པ་ནི་མཚོན་པར་བྱེད་པའི་གཞུང་དེའི་མིང་དེ་སྐད་ཅེས་བྱའོ། །གཞུང་དེའི་ཆེ་བའི་དཔེ་བསྟན་པའི་ཕྱིར། གཙུག་གི ནེ???་བུ་ཞིས་ལས། །གང་གི་སྤྱི་བོའི་གཙུག་ན་ནོར་བུའི་ན་ཐད་མེད་པ་ཡོད་པ་དེ་འདྲ་ཞེས་པའོ། །དབང་པོ་ཐམས་དམིགས་པར་བྱ་བ་དེ་ཡིན་གྱི། སྤྱོད་པའི་ཚུལ་དེ་ལྟར་ཡིན་ནམ་ཞེ་ན། གཞུང་ཡེད་བཞིན་གྱི་ནོར་བུ་དང་འདྲ་བ་འདི་སྤྱོད་པའི་ཚུལ ཡིན་གྱི། གསང་སྔགས་ཀྱི་སྤྱོད་པ་སྤྱོད་པའི་དོན་ནི་དེ་ལྟར་མ་ཡིན་ནོ། །ད་ལྟར་ཅིས་ཤེས་ཤ་ན་ཐམས་ཅད་ཡོངས་སུ་རྫོགས་པ་དང། མཉམས་ཤིང་ལྷག་ཆད་མེད་པ་ཚིགས་སུ་བཅད་པའི་ཚིག་དང་ཡིག་འབྲུ་འདི་དག་ཉིད་ཀྱིས་ཞེས་གསུངས་ཏེ། ཐམས་ཅད་ཅེས་པ་ནི་མ་ལུས་པས་སོ། །ཡོངས་སུ་རྫོགས་པ་ནི་མཚན་ཡང་དག་པར་བརྗོད་པའི་དི་ནས་ཞེས་པ་ནས་རྫོགས་སོ་ཞེས་པའི་བར་མ་ཉམས་ཤིང་ཞེས་པ་ནི་ཚིགས་སུ་བཅད་པའི་རྐང་པ་ཚད་བའོ། །ལྟག་ཆད་མེད་པ་ཞེས་པ་ནི་ཡིག་འབྲུ ཚང་བདྲོ། །དེ་གང་ཞེ་ན། ཚིགས་སུ་བཅད་པ་དང་ཡིག་འབྲུ་ཞེས་པ་སྟེ། ཡི་གེ་རེ་རེ་བགྲངས་པ་ནི་ཡིག་འབྲུའོ། །ཡིག་འབྲུ་བརྒྱད་བརྒྱད་ནི་ཚིག་རྐང་པ་ཞེས་པའོ། །རྐང་པ་བཞི་བཞི་ནི་ཚིགས་བཅད་ཅེས་པའོ། །འདི་དག་ཉིད་ཅེས་པ་ནི་དེ་ལྟར་བགྲང པ་དང་ཅས་པ་འདི་དག་ཉིད་ཅེས་པའོ། །ཀྱིས་ཞེས་པ་ནི་གསུམ་པའི་དོན་ལ་དྲུག་པ་སྟེ། ཚིག་དང་ཡི་གེ་ལྷུར་ལེན་པར་དབྱེད་པས་བདག་དང་གཞན་གྱི་དོན་བྱེད་པ་སྟེ། དེ་བས་ན། ཉིན་གཅིག་བཞིན་དུ་དུས་གསུམ་དུ་འཆང་བ་དང། ཀློག་པ་དང། ཀུན ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་ཞེས་བསུངས་ཏེ། ཉིན་གཅིག་བཞིན་དུ་ཞེས་པ་ནི་ཉི་མ་རེ་རེ་བཞིན་ཞེས་པའོ། །དུས་གསུམ་དུ་ཞེས་པ་ནི་སྔ་དྲོ་དང། ཉི་མ་ཕྱེད་དང། ཕྱི་འཕྲེད་དོ། །འཆང བ་ནི་གཞུང་འཇིན་པའི། ཀློག་པ་ནི་གླེགས་བམ་འདོན་པའོ། །ཀུན་ཆུབ་པར་བྱེད་པ་ནི་དོན་ལ་སེམས་པའོ། །ཚུལ་བཞིན་ངེས་པ་ནི་གཞུད་སྔར་བསྟན་པ་བཞིན་ནོ། །ཡིད་ལ་བྱེད་པ་ནི་བློ་ལ་གནས་པར་བྱེད་པའོ། །དེ་ལྟ་བུ་དེས་ཀྱང གཞན་དོན་ཕྱེད་པར་གསུངས་ལ། གཞན་དག་ལ་ཡང་དམ་ཚིག་ཇི་ལྟ་བ་བཞིན་སྟོན་པ་དང། ཞེས་པ་སྟེ། གཞན་ཞེས་པ་ནི་ཕ་རོལ་པོའོ། །དག་ལ་ཡང་ཞེས་པ་ནི་ཡང་གི་སྒྲས་རང་གི་དོན་དུ་འཆད་བ་དང། ཀློག་པ་བཞིན་དུ་གཞན དག་ལ་ཡིད་འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྟོན་པའོ། །དམ་ཚིག་ཇི་ལྟ་བ་བཞིན་ཞེས་པ་ནི་སྣོད་ཀྱི་རིམ་པར་སྦྱོར་བའོ། །དེ་ལྟར་དབང་པ་ཐ་མ་བསྟན་ནས། ད་ནི་དབང་པོ་འབྲིང་གིས དམིགས་པའི་ཡུལ་གང་ཡིན་པ་བསྟན་པའི་ཕྱིར། མཚན་གྱི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་སྐུ་ལ་དམིགས་ཏེ། ཞེས་གསུངས་ཏེ། དེ་ལ་མཚན་ནི་མིང་དོ། །དོན་ནི་དེས་མཚོན་པའི་ལྷའོ། །གང་ཡང རུང་བ་ཞེས་པ་ནི་གནས་སྐབས་གང་ལ་བབ་པ་དེའོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཤེས་རབ་ཀྱི་འཁོར་ལོའི་ལྟེ་བ་ལ་གང་གནས་བར་གྱུར་པའོ། །དམིགས་ཏེ་ཞེས་པ་ནི་བསམས་ཏེ་ནེགས་པའི་དོན་ཏོ། །དོན་ནི་ངེས་མཚོན་པའི ལྷའོ། །ད་ནི་སྤྱོད་པའི་ཚུལ་བསྟན་པའི་ཕྱིར། །སེམས་རྩེ་གཅིག་ཏུ་བསྒོམ་པ་དང། མོས་པ་དང་ཞེས་གསུངས་ཏེ་སེམས་རྩེ་གཅིག་གིས་བསམ་གཏན་གྱི་གནས་སྐབས་ནས་དམིགས་པའི་ཡུལ་ལས་གཞན་དུ་མི་འཕྲོ་བའོ། །སྒོམ་པ་ནིར་?? པོ་ལ་མོ་མོས་པ་དང་ཞེས་པ་ནི་དེ་ལྟར་སེཾས་ཀྱི་འདན་པའོ། །དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་པ་ནི་ཁོ་ན་ཉེད་ནི་ལྷའི་རེ་ཁོ་ན་ཉིད་དོ། །ཡིད་ལ་འབྱེད་པ་ནི་སེམས་ཀྱིས་མདོན་དུ་བྱེད་པའོ། །པས་ཞེས་པ་ནི་གསུམ་པའི་སྒྲའོ། །ཀུན་ནས་སྒོའི་གནས་པས་གནས་བ་དང་ཞེས་པ་ནི། ཀུན་ནས་ཞེས་པ ནི་སྦྱོར་ལམ་མོ། སྒོ་ཞེས་པ་ནི་སྒྲ་གསུམ་མོ། །གནས་པ་ནི་འདུག་པའོ། །གནས་པ་ནི་ཉལ་བའོ། །དང་ཞེས་པ་ནི་འགྲོ་བ་ལ་སོགས་པ་བསྡུ་བའོ། །དེ་ལ་མཚན་ཡང་དག་པར་བརྗོད་པའི་དོན་གསང་སྔགས་ཀྱི་རྒྱལ་པོ་དཀྱིལ་འཁོར་དྲུག་ལ་ལྷའི་རྣལ འབྱེར་ནི་སྐད་བཤད་པ་བཞིན་དམིགས་ནས་མཚན་གྱི་ཡེ་འཕྲུ་སྤྲོ་བ་དང། བསྡུ་བའི་ཏིང་ངེ་འཛིན་གྱིས་གདུལ་བྱའི་ཉོན་མོངས་པ་སྦྱངས་ནས་ལྷ་དང་ཡིག་འབྲུའི་ཚུལ་གྱིས་བཟླས་བརྗོད་དང་བསྟོད་པའི་ཚུལ་གྱིས་སྒོ་གསུམ་གྱི་སྦྱོར་ལམ་གྱིས ཉིན་མཚན་འདའ་བར་བྱེད་པའོ། །ད་ནི་དབང་པོ་རབ་གསང་སྡིགས་ཀྱི་སྒོའི་སྦྱད་པ་བསྟན་པའི་ཕྱིར། ཆོས་ཐམས་ཅད་རྟོགས་པའི་མཆོག་ཅེས་གསུངས་ཏེ། དེ་ལ་ཆོས་ནི་འདུས་བྱས་དང། འདུས་མ་བྱས་ཀྱི་ཆོས་སོ། །ཐམས་ཅད་ཅེས་པ་ནི་དེ་ལས་གཞན ལམ་སྲིད་པའི་ཕྱིར་རོ། །རྟོགས་པ་ནི་ཤེས་རབ་ཕུལ་དུ་བྱུང་བའོ། །མཆོག་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐད་ཅིག་ལ་ཁོང་དུ་ཆུད་བས་ནའོ། །དེ་སྐད་དུ་ཡང། ཤེས་རབ་ཆེན་པོ་སྐད་ཅིག་ལ། ཆོས་ཀུན་ཁོང་དུ་ཆུད་པ་པོ། ཞེས་བྱ་བ་ལ་སོགས་པ གསུངས་སོ། །ཅེའི་སྒོ་ནས་ཤེ་ན། རྙོག་པ་མེད་བ་ཞེས་བྱ་སྟེ། རབ་ཏུ་དང་བའོ། །དབའ་རླབས་དང་བྲལ་བའི་ཆུ་བཞིན་ནོ། །གང་ཞེ་ན། དང་པོ་དང་ལྡན་ཞིང་མོས་པ་དན་ཞེས་པ་སྟེ། དང་བའི་དད་པ་དང་ལྡན་པའོ། མོས་པ་ནི་འདུན་པའོ། །གཞན་ཡང་ཅི་ཞེ་ན། དེ་ཁོ་ན ཉིད་ཡིད་ལ་བྱེད་པ་དང། སེམས་རྩེ་གཅིག་ཏུ་བསྒོམ་པ་དང་ཞེས་པ་སྟེ། དེ་ལ་དེ་ཁོ་ན་ཉིད་ནི་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །ཡིད་ལ་བྱེད་པ་ནི་ཚུལ་བཞིན་དུ་སེམས་པའོ། །དེ་བསྒོམས་ནས་ཡིད་ལ་བྱེད་པ་གཞན་མི་འབྱུང་པ་ནི སེམས་རྩེ་གཅིག་པའོ། །བསྒོམ་པ་དང་ཞེས་པ་ནི་ཐོས་པ་དང། བསམ་པ་དང་ཞེས་པའི་སྒྲའོ། །དེ་ལྟར་དབང་པོ་རབ་ཀྱི་མཚན་ཉིད་བསྟན་པ་སྟེ། སྔར་བཤད་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་ཞེས་པར་འབྲེལ་ཏོ། །དེས་ཅི་བྱ་ཞེ་ན སྤྱོད་པ་སྤྱད་པར་བྱའོ། དེའི་ཕན་ཡོན་ཅི་ཞེ་ན། དེ་ལ་ནི་དུས་གསུམ་གྱི་དུས་མེད་པ་དང་ལྡན་པའི་སེམས་ཞེས་གསུངས་ཏེ། དེ་ལ་ཞེས་པའི་བཀར་བའི་སྒྲ་སྟེ། དབང་པོ་རབ་དེ་ལའོ། །གཞན་དུ་ན་དབང་པོ་འབྲིང་ལ་སོགས་པ་ལ་ནི་དུས་དང་ཚེས་གྲངས ལོ་སོགས་པ་ལ་ལྟོས་པ་ཡོད་ཀྱི་འདི་ལ་ནི་མེད་དོ་ཞེས་པའོ། །འདི་ཉིད་ལས། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་པ་དང། །གཞན་དག་ལས་ཀྱང་དུས་ཀྱི་དེས་པ་ཡོངས་སྤངས་ནས། །བླ་མེད་གནས་སུ་སྐྱེ་བར ??་ཞེས་སོ། །དེ་བས་ན་དཔང་པོ་མཆོག་གང་ཡིན་པ་དེ་ལ་དུས་གཙོ་བོར་མུ་གསུངས་སོ། །ཡང་ན་དབང་པོ་མཆོག་ཆོས་ཐམས་ཅད་རྟོགས་པའི་མཆོག་ལམ་ཡིན་མོད་ཀྱི། དབང་པོ་མཆོག་གི་རིགས་ཅན་ལས་དང་པོ་པ་ཙམ་ལ་དགོངས ནས་བཟང་པོའི་དུས་དང་ངན་པའི་དུས་དང། འབྲིང་པོའི་དུས་ཙམ་དུ་གསུངས་སོ། །གཞན་དག་ནས་ཡི་དགས་ཟླ་ཕྱེད་བཅུ་བཞི་ལ་སོགས་པར་གསུངས་པ་དང། རྟག་ཏུ་དུས་ཀྱི་ཁྱད་པར་བཤད་པ་ཡང་དྲང་བའི་དོན་དང། ངེས་པའི་དོན་ཁོ ནར་རིག་པར་བྱའོ། །དེ་ལྟར་དུས་ཀྱི་ཐེ་ཚོམས་སལ་ནས་བླ་མའི་མན་དག་གླིས་ཉམས་སུ་བླང་བ་བདེ་བླག་དུ་བསྟན་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་བྱ་བའི་གོ་རིམས་སོ་སོང་ཏེ། སྤྱོད་པའི་ཡུལ་ལམ་གཞི བསྟན་པའི་ཕྱིར་དུས་བསྟན་པའི་འོག་ཏུ་གནས་གསུངས་པ་ནི་གྲོང་དང། གྲོང་ཁྱེར་དང། གྲོང་རྡལ་དང། ལྗོངས་དང། ཡུལ་འཁོར་དང། རྒྱལ་བའི་ཕོ་བྲང་འཁོར་ན་འདུག་ཀྱང་རུང་ཞེས་པ་སྟེ། དེ་ལ་གྲོང་ཞེས་པ་ནི་གང་དག་གྲོང་ཁྱེར ལས་གུ་དེ་ན་གནས་པའི་གྲོང་བརྒྱ་ལ་སོགས་པའི་ཁྱིམ་ཚོགས་པའོ། །གྲོང་ཁྱེར་ཞེས་པ་ནི་ཡུལ་ཀུན་དང་འབྲེལ་བའི་གྲེང་ཁྱེར་ཆེན་པོར་གྲགས་པའོ། །གྲོང་ལྡལ་ནི་ཚོམ་སུ་གྲགས་པའོ། །ལྗོངས་ཞེས་པ་ནི་གངས་རྩེ་དང། སྨན་གྱིས་རྒྱས་པའི་ཡུལ བདག་གིར་??་བའོ། །ཡུལ་འཁོར་ནི་ཡུལ་དེ་དང་ཉེ་བའི་ཡུལ་གང་ཡིན་པས་རྒྱལ་པོ་ལ་དཔྱོ་ཕུལ་བའི་ཡུལ་ལོ། །རྒྱལ་པོའི་ཕོ་བྲང་ནི་སའི་བདག་པོ་གང་ན་བཞུགས་པའི་གནས་སུ་རྟོགས་པའོ། །འཇུག་ཀྱང་རུང་ཞེས་པ་ནི་གནས་པར་བསྔགས བ??་གནས་འདི་དག་ཏུ་གནས་ནས་ཆང་དེ་བ་ཕལ་ལ་སོགས་པས་ཕན་གདོགས་པར་བྱའོ། །ཡང་ན་འདི་དག་ཏུ་རྒྱ་ཞིང་གང་དག་ཏུ་སུ་ས་རྐྱང་མི་ཤེས་པར་སྤྱོད་པ་བྱའོ། །གཞན་ཡང་གཏོར་མ་རབ་ཏུ་དགུལ་བའི་གནས་བརྟན་པའི་ཕྱིར་སྐྱོ་དང། སྒོ ཁང་དང། ཁྲི་ལམ་དང། སྲང་དང། བཞི་མདོ་དང། སུམ་མདོ་དང། གྲོང་བར་དང། ཚོང་ཁང་ན་འདུག་ཀྱང་རུང་ཞེས་གསུངས་ཏེ། སྒོ་ནི་གང་ཡིན་པའི་ཕྱི་རོལ་ཏུ་གྱུར་བའོ། །སྒོ་ཁང་ནི་སྒོའི་སྐྱབས་སུ་བྱས་པ་གང་ཡིན་པའོ། །ཁྲི་ལམ་ནི་རིན་པོ་ཆེའོ། །སྲིང ནི་ཁྱིམ་དེ་དང་ཉེ་བའི་ལམ་མོ། །ཆུ་སྲང་དང། ཞེས་པའི་གཞུང་ཡོད་དེ་དེ་ཡང་དེ་ཉིད་དེ། །བཞི་མདོ་དང་ཞེས་པ་ནི་ལམ་བཞི་འདུས་པའི་ས་གང་ཡིན་པའོ། །སུམ་མདོ་ཞེས་པ་ནི་ལམ་གསུམ་འདུས་པའི་དབུ་སོ། །སྲོང་བར་ཞེས་པ་ནི་གྲོང་གཉིས ལྟོས་པའི་སའོ། །ཚོང་ཁང་ཞེས་པ་ནི་ཚོང་འདུས་ཀྱི་ཁྱིམ་མོ། །ན་ཞེས་པའི་སྒྲ་ནི་ཡུལ་གྱི་བདུན་པའི་སྒྲའོ། །འདུག་ཀྱང་རུང་ཞེས་པ་ནི་དེར་གཞག་ནས་གཏོར་མའི་ལས་བྱ་བ་སྟེ། མཁའ་འགྲོ་དང། འབྱུང་པོ་དང། ཤ་ཟ་དང། ཡི་དགས་ལ་སོགས་པའི རྒྱུ་བའི་གནས་ཡིན་པའི་ཕྱིར་རོ། །ད་ནི་ཚོགས་ཀྱི་འཁོར་ལོའི་གནས་བསྟན་པའི་ཕྱིར། །ཁང་སྟོང་བ། རི་དང། ཆུ་རླུང་དང། ནགས་ཚལ་དང། ནགས་ཚང་ཚིང་ན་འདུག་ཀྱང་ཞེས་གསུངས་ཏེ། ཁང་སྟོང་ནི་མི་མེད་པའི་གྲོང་ཁྱེར་རོ། །རི་ནི་བྱ་སྒྱིབས་དང། རི ཕུག་དང། རིའི་སུལ་ལ་སོགས་པའོ། །ཆུ་ཀླུང་ནི་འབབ་ཆུ་ཆེན་པོའི་འགྲམ་མོ། །ཡང་ན་རྒྱ་མཚོ་ཆེན་པོའི་འགྲམ་མོ། །ནགས་ཚལ་ནི་ཤིང་གི་ཚལ་ཕུན་སུམ་ཚོགས་པ་ཡོད་པའོ། །ནགས་ཚང་ཆིང་ནི་ཤིང་འཁྲིགས་པས་གཡོགས་པའི སའོ། །འདི་དག་ནི་རབ་ཏུ་དབེན་པའི་གནས་སུ་གསུངས་པའོ། །དེ་བས་ན་སོ་སོའི་སྐྱེ་བོ་དང། ཉན་ཐོས་དང། རང་སངས་རྒྱས་ལ་སོཌ་པས་དབེན་པའི་ས་ཕྱོགས་སུ་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་ལ་གསང་བ་བསྟན་པ་རྩ་བའི་ལྷུང་བར་འགྱུར བ་དང། གཞན་དག་ལས་ཀྱང་གང་ཞིག་དག་སློང་དངོས་གནས་དང། གང་དག་རྟོག་གེ་ལ་དགའ་ཨི་མི། །གང་ཞིག་རྒན་པོའི་གནས་གྱུར་བ། །དེ་ལ་དེ་ཉིད་མི་བསྟན་ནོ། །ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདིར་འདོད་ཆགས་ཀྱི་སྒོ་ནས། བྱང་ཆུབ བསྒྲུབ་པ་ཡིན་ལ། ཁ་ཅིག་ལ་ནི་གཉིས་པ་ལུགས་དང་འདྲ་བར་གྱུར་པས་སྤངས་པ་ཁོ་ནའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུད་ཁ་ཅིག་ཏུ་སྤངས་པར་བྱ་བར་གསུངས་ལ། །ཁ་ཅིག་ཏུ་སྤྱད་པས་གྲོལ་བར་གསུངས་ལ། ཁ་ཅིག་ཏུ་སྲོས གེ་ཅད་པ་བཀག་ལ། ཁ་ཅིག་ལས་གཅད་པར་གསུངས་ན། འདིར་ཇི་ལྟ་བུ་ཞེ་ན། བརྗོད་པར་བྱ་སྟེ། འདིར་ཁྱད་པར་ཅན་གྱི་རྒྱུད་ལས་ཁྱད་པར་ཅན་གྱི་འབྲས་བུ་འབྱུང་བར་འདོད་དེ། གཟུགས་ལ་སོགས་པ་འདོད་པའི་དོན་རྣམས་ལ་ཁྱད པར་ལོངས་སྤྱོད་ཀྱི་དངོས་པོར་གྱུར་པས་དོན་གྲུབ་པ་ཡིན་པར་ཤེས་པར་བྱའོ། །གཞན་དུ་སྤོང་བར་འདོད་པ་རྣམས་དོན་གྲུབ་པར་མི་དགྱུར་ཏེ། དབང་པོ་དང་ཡུལ་ཚར་གཅད་ནས་གཞན་དུ་འདོད་པའི་ཕྱིར། །དེ་སྐད་དུ་ཡང། དཀའ་ཐུབ་སྡོམ་པ མི་ཟད་པས། ལུས་སྐམས་འགྱུར་ཞིང་སྡུག་བསྔལ་ལ། །སྡུག་བསྔལ་གྱིས་ནི་སེམས་གསེངས་ཏེ། །གཡེངས་པས་དངོས་གྲུབ་གཞན་དུ་འགྱུར། །ཞེས་བགསུངས་པ་དང། ཡང་གསུངས་པ། དཀར་ཐུབ་དཀའ་སྤྱད་མི་ཟད་པས། །བསྟེན་ནས་འགྲུབ པར། མི་འགྱུར་ཁྱི། །འདོད་པ་ཀུན་ལ་ལོངས་སྤྱད་པས། །བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་པའོ། །དེ་བས་ན་འདོད་པས་དོན་གྲུབ་པའི་དེས་པའོ། །ཐབས་ཀྱིས་ཟིན་ན་ཉོན་མོངས་པ་སྤྱད་པས་དུག་དུ་མི་འགྱུར་བས་ཉོན་མོངས་པའི་རང་བཞིན་ཤེས པའི་ཕྱིར། །ཉན་ཐོས་ལ་སོགས་པ་ཁ་ཅིག་ལོ་ངན་སོང་གི་རྒྱུར་འགྱུར་ལ། དེའི་རང་བཞིན་ཤེས་པ་ལ་ནི་དེས་ལྟར་མི་འགྱུར། །དེ་སྐད་དུ་ཡང། འདོད་ཆཌ་ཞེ་སྡང་གཏི་མུག་གསུཾ། འཛིན་པས་དུག་དུ་འབྱུང་བ་ཡིན། །དུག་ཉིད་ཉེ་བར་ཞི་གྱུར་ན། དུག་ནི་དུག་མེད་བྱས་པ་ཡིན། །འདུད་རྩི་ཤི??? བསྟེན་ནས། བདུད་རྩི་??་བ་ཡིན། །ཞེས་གསུངས་པ་དང། གཞན་དག་ལས་ཀྱང་གང་ཞིག་འདི་ལྟར་སངས་སྐྱབས་སྤྲོ་བ་ནི། དུག་གི་སྔགས་ཅན་དུག་གིས་ག་ལ་ཚུགས། ཞེས་སོ། །དེ་བཞིན་དུ་འོད་སྤུང་འདི་ལྟ་སྟེ། སྔགས་དང་སྨན་གྱིས་ཡོང་སུ་ཟིན་བས འཆི་བར་བྱེད་མི་ནུས་སོ་འོད་སྲུངས་དེ་བཞིན་དུ་ཐབས་དང་ཤེས་རབ་དང་ཐབས་མཁས་བས་ཡོངས་སུ་ཟིན་པའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟར་མི་ནུས་སོ། །ཞེས་པ་དང། གཞན་དག་ནས་ཀྱང་བླུན་པོ་གང་གིས་འཆིད་འགྱུར་བ། མཁས བདེ་ཡིས་མྱུར་དུ་གྲོ??་། བྱང་ཆུབ་རྣམ་པར་བསྒོམས་ནས་ནི། །འདི་དག་ཐམས་ཅད་ཕྱིན་ཅི་ལོག། གང་གིས་སྨོངས་པ་འཆིང་འགྱུར་ཞིང། །དུ་འབོད་མཐར་ནི་གྲོལ་བར་འགྱུར། །དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང། ཤེས་རབ་སྟོབས་ཀྱིས་བདེ་བ་ཐོབ་ཅེས གསུངས་བ་དང། ཡང་གསུངས་པ། ལས་དྲག་གང་གི་སྐྱེ་བོ་རྣམས། །མི་བཟད་དམྱལ་བར་འཚེད་པར་འགྱུར། །ཐབས་དང་བཅེས་ན་དེ་ཉིད་ཀྱིས། །སྲིད་ཕའི་འཆིང་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་དག་ཡང་གསུངས་པ། ཤེས་རབ་ཐབས དང་བཅས་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བས་སྤྱོད་དང་གྲོལ་བའི་འབྲས་བུ་འབྱུང་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་དབེན་པའི་གནས་སུ་གསུངས་པ་དེར་བཟའ་བ་ལ་སོཌ་པ ལོངས་སྤྱོད་པ་ཡང་གནས་ལ་སོགས་པའི་ཁྱད་པར་ཡིན་ན་ཡང་རུང། གལ་ཏེ་མ་ཡིན་ཡང་དེ་རུ་མོས་པ་རྒྱས་པར་བྱ་སྟེ། དེར་འདུ་བའི་ཁང་པ་སུམ་བརྩེགས་བྱས་ལ་དང། པོར་ནི་དཔའ་བོ་དང་དཔའ་མོ་དང་སྤུན་དང་མིང་སྲིད་གི ཚོགས་ཀྱང་ཚོགས་པར་བྱའོ། །གཉིས་པར་ནི་རོལ་མོའི་བྱེ་བྲག་གོ། །གསུམ་པར་ནི་བཟའ་བ་ལ་སོགས་པའི་བྱེ་བྲག་གོ་།དཔའ་བེ་འདུ་བའི་གནས་དེ་ཡང་བ་སོ་ལ་སོགས་པ་བྱ་བའམ་མོ། །ཡང་ན་བྲུས་པར་བྱ་བ་སྟེ། གྲུ་བཞི་པ་སྒོ་བཞེས་བ་རྟབས་བཞིན་ཡིས མཛེས་པར་བྱས་པ། རྡོ་རྗེ་རིན་ཆེན་པདྨ་སོགས། སྒོ་སྲུངས་བཞི་དང་ལྡན་པར་བྱ། །རང་གི་ལྷ་དང་དགྲན་པ་ཡི། །བུད་མེད་དག་ནི་ལེགས་བསྒྲུབ་པའི། །བསྐལ་བཟང་རང་གི་ཕྱག་རྒྱས་མཚན། །ཚོགས་ཀྱི་འཁོར་ལོ་བརྟག་པར་བྱ། །ཞེས་གསུངས་པར དེ་ལྟ་བུའི་གནས་སུ་ང་དུག་པར་བྱ་བ་གང་ཡིན་པ་དེ་བསྟན་པའི་ཕྱིར། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས་ནས་ཀྱང་ཆོས་ཀྱི་སྒོ་ཐམས་ཅད་རྟོགས་པར་འཆད་དེ་སྐུ་ཡང་སྟོན་ཏོ། །ཞེས་གསུངས་ཏེ་དེ་ལ་སྔར་བཤད པའི་གནས་དེར་དཔལ་དམ་པ་དང་པོའི་དཀྱིལ་འཁོར་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་རྣམས་སུ་སྒོ་བཞི་གཞལ་ཡས་ཁང་པར་བརྟགས་ལ། སངས་རྒྱས་དང་ཞེས་པ་ནི་དཔལ་དམ་པ་དང་པོའི་སངས་རྒྱས་དང་ཡུམ་སྣ་ཚོགས་མ་ནི ཐུགས་ཀྱི་འཁོར་ལོའི་དབུས་སུའོ། །འོག་ནས་བཤད་བཞིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་དེ། །དཀྱིལ་འཁོར་དེ་ཉིད་ཀྱི་མེ་དང། བདེན་བྲལ་དང། རླུང་དང་དབང་ལྡན་དུ་རྗེས་སུ་དཔྱོད་པ་མོ་དུ་བ་མ་ལ་སོགས་པ་བཞི་ནག་མོ་དང། དམར མོ་དང། སེར་མེ་དང། དཀར་མོའི་ཚུལ་གྱིས་གནས་པར་བྱའོ། །དེ་རྣམས་ཉི་ཉེ་འཁོར་དུ་ཡང་ཆོས་ཀྱི་དུང་དཀར་པོ་དང། ག་ཏྭནི་དམར་པོ་དང་ཡིད་བཞིན་གྱི་ནོར་བུ་ནག་པོ་དང། དཔག་བསམ་གྱི་ཤིང་སེར་པོ་གཞག་པར་ཡང་ལ་ལ་དག་ནི་ཤར་དུ རྣལ་འབྱོར་མ་ནག་མོ། །ལྟར་དམར་མོ། །ནུབ་ཏུ་སེར་མོ། །བྱང་དུ་དཀར་མོ་འབར་མའི་ཚུལ་གྱིས་གནས་པར་བྱའོ། །ཡང་དེའི་ཕྱི་རོལ་གྱི་འདབ་མ་བཞིའི་གནས་སུ་སངས་རྒྱས་བཞི་སྟེ། ཤར་དུ་དོན་ཡོད་གྲུབ་པ་དང། ལྷོར་རིན་ཆེན་ཏོག་དང། ནུབ་དུ་རྟག ?་བྱང་དུ་འོད་དཔག་མེད་དོ། །དེ་རྣམས་དང་ལྷན་ཅིག་སྤྱོད་པ་ནི་མེར་སྒྲོལ་མ། བདེན་བྲལ་དུ་གོས་དཀར་མོ། དབང་ལྡན་དུ་མཱ་མ་ཀཱི། རླུ་དང་དུ་སྤྱང་ཡི་ངང་བཞིན་གྱིས་གནས་པར་བྱའོ། །ལ་ལ་ནི་ཤར་ལ་སོགས་པའི་སྒོན་སུ་གོ་རིམས་བཞིན་དུ་གྲོ་བོར་བསྟོབས ??་རྨོངས་བྱེད་དང། དེང་བྱེད་དང། ང་རྒྱལ་བྱེད་ཅེས་བྱའོ། །ཤར་སྒོང་གཡས་ལོགས་ཀྱི་རྩིག་པའི་རྩར་ནམ་མཁའ་ཨི་སྙིང་པོའོ། །ལ་ལ་ནི་སྒོའི་གཡས་ལོགས་ཀྱི་ར་བའི་ཕྱོགས་ཀྱི་རྩིག་པའི་རྩར་མེར་རེག་རྡོ་རྗེ་དང། ལྷོ་སྒོ་རིགས་གཡས་སའི་སྙིང་པོ་དང། དེན བྲལ་དུ་?་རྡོ་རྗེ་རང། ནུབ་སྒོའི་གཡས་སུ་སྒྲིབ་པ་ཐམས་ཅད་རྣམ་པར་སལ་བ་དང། རླུང་གི་མཚམས་སུ་དྲི་རྡོ་རྗེ་དང། བྱང་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང། དབང་ལྡན་དུ་གཟུགས་རྡོ་རྗེ་དང། འོག་ན་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཤར་སྒོའི གཡོན་ལོགས་ཀྱི་ཐིག་པའི་རྩར་ཀུན་ཏུ་བཟང་པོའོ། །བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེའོ། །སྟེང་གི་བྱང་ཆུབ་སེམས་དཔའ་ནི་ལྷོ་??་གཡོན་དུ་ཕྱག་ན་རྡོ་རྗེའོ། །ནུབ་སྒོའི་གཡོན་དུ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མའོ། །འདི་རྣམས་ནི་བྱང་ཆུབ་སེམས་དཔའ་ རྣམས་དང་ལྷན་ཅིག་ཕྱག་པས་ན་གཙོ་བོ་ལ་རྒྱབ་ཕྱོགས་པའོ། །དེ་རྣམས་ཀྱི་ནི་ཐུགས་ཀྱི་འཁོར་ལོའི་གནས་རིམ་པར་ཕྱ་བའོ། །ད་ནི་གསུང་གི་འཁོར་ལོ། བརྗོད་པར་བྱ་སྟེ། ཐུགས་ཀྱི་འཁོར་ལོའི་ཕྱི་རོལ་གྱི་སྣམ་བུ་ལ་ཕྱོགས་མཚམས་བརྒྱད་དུ པདྨ་འདབ་མ་བརྒྱད་བརྒྱད་དུ་དགོད་པ་ཕ་གཙོ་བོའི་ཚུལ་དུ་གནས་པ་འདི་ལྟ་སྟེ། ཤད་དུ་ནི་རྒན་བྱང་མའོ། །མེ་རུ་ནི་ནམ་མཁའ་ལྡིང་གི་བདག་མོའོ། །གཤིན་རྗེར་ནི་ཕག་མོའོ། །བདེན་བྲལ་དུ་གཞོན་ནུ་མའོ། །རྡུར་ནི་དབང་མོའི། །རླུང་དུ་ཚངས་མའོ། བྱང་དུ་ནི་དྲ མོའོ། །དབང་ལྡན་དུ་ནི་དཔའ་མོའོ། །འདི་དག་ལྟེ་བ་ལའོ། །དེ་ལ་རྒན་བྱད་མའི་ཤར་ཕྱོགས་ཀྱི་འདབ་མ་ལ་འཇིགས་མའོ། །ཤར་ལྷོ་ལ་སོགས་པར་དྲག་མོ་དང། མཆེ་བ་གཙིགས་མ་དང། །འབར་བའི་གདོང་མ་དང་རླུང་ཤུགས མ་དང། རབ་ཏུ་གཏུམ་མ་དང། གཏུམ་མིག་མ་དང། སྣ་ཆེན་མ་རྣམས་སོ། །མེར་ཁྱབ་འཇུག་མ་གནས་པའི་འདབ་མ་ལ་ཤར་ལ་སོགས་པའི་འདབ་མ་ལ་རྣམས་ལ་སྔ་མ་བཞིན་དུ་གཡང་མ་དང། སྒྱུ་མ་དང་གྲགས་མ་དང། དཔལ་མོ དང། རྣམ་པར་རྒྱལ་མ་དང། དཔལ་རྒྱལ་མ་དང། དཔལ་རྒྱལ་བྱེད་མ་དང། དཔལ་གྱི་རྡོ་རྗེ་མ་རྣམས་སོ། །དེ་ནས་ལྷོ་ཕྱོགས་ཀྱི་པདྨའི་དང་པོའི་འདབ་མ་ལ་ཀེང་རུས་མའོ། །དེ་བཞིན་དུ་དུས་མཚན་མ་དང། རབ་ཏུ་ཁྲོས་པའི་གདོང་མ་དང། དུས་ཀྱི ལྟེ་བ་མ་དང། གཅིགས་མ་དང། ནག་མོ་དང། འཇིགས་མ་དང། གཟུགས་ངན་མ་རྣམས་སོ། །དེ་བཞིན་དུ་བདེན་བྲལ་དུ་གཞོན་ནུ་མའི་ཤར་ལ་སོགས་པའི་འདབ་མར་པདྨ་མ་དང། ཡན་ལག་མེད་མ་དང། གཞོན་ནུ་མ་དང། རིགས་ཀྱི བདག་པོ་ལ་གནས་མ་དང། རིན་པོ་ཆེའི་ཕྲེང་བ་མ་དང། ཤིན་ཏུ་སྤྱན་མ་དང། རིགས་བཟང་མོ་དང། བཟང་མོ་རྣམས་སོ། །དེ་བཞིན་དུ་ནུབ་ཏུ་རྡོ་རྗེ་མ་དང་རྡོ་རྗེ་ལུས་དང། གསེར་བཅོ་མ་ལྟ་བུ་དང་འདོད་པ་ལ་དབང་མ་དང། རི་མོའི་དྲི་མ དང། རྩོལ་མ་དང། ཀུན་ཏུ་ཚིམ་དང། ཤིན་ཏུ་སྒྲོགས་མ་རྣམས་སོ། །དེ་ནས་རླུང་དུ་ཚངས་པའི་ཤར་ལ་སོགས་པར་རྩ་བཅས་མ་དང། པདྨའི་མིག་དང་ཆུ་ལས་སྐྱེས་མ་དང། བླ་གོས་མ་དང། ངག་གི་དབང་ཕྱུག་མ་དང། གྱུར་ལེན་བྱེད་མ དང། ཀློག་མ་དང། དྲན་པ་མ་རྣམས་སོ། །བྱང་ཕྱོགས་ཀྱི་དྲག་མོའི་གཙོ་མོའི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་དཀར་མོ་དང། གང་གཱ་མ་དང། རྟག་མ་དང། ཤིན་ཏུ་མྱུར་མ་དང། ཐིག་ལེ་མཆོག་མ་དང། དཔལ་གྱི་གདོང་མ་དང། སེར་སྐྱ་མ་དང ནག་མོ་རྣམས་སོ། །དེ་ནས་དབང་ལྡན་དུ་དཔལ་གྱི་ལྷ་མོའི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་དཀར་མོ་དང། །ཟླ་བ་དྲི་བྱེད་མ་དང། ཟླ་བའི་གདོང་མ་དང། ངང་པའི་ཁ་དོག་ཅན་མ་དང། འཛིན་བྱེད་མ་དང། པདྨ་དང། སྐར་མ་དང་བཅས་པའི་མིག་དང། དྲི་མ མེད་པའི་ཟླ་བ་རྣམས་སོ། །དེ་དག་ནི་གསུང་གི་འཁོར་ལོའི་གནས་སུ་དགོད་པའི་རིམ་པར་ཕྱེ་བའོ། །དེ་བཞིན་དུ་ལ་ལ་ནི་སྐུའི་འཁོར་ལོ་ལ་གནས་པར་བྱ་སྟེ། སྐུའི་དཀྱིལ་འཁོར་གྱི་པདྨ་བཅུ་གཉིས་ཀྱི་ཤར་གྱི་སྒོའི་གཡས་ཀྱི་ཆ་ལ་སོགས་པར་གནས་པར བྱ་སྟེ། ཤར་གྱི་དཀྱིལ་འཁོར་ལ་གནས་བའི་ནམ་མཁའ་ཨི་སྙིང་པོ་ལ་སོགས་པའི་གནས་པའི་ཚུལ་བཞིན་དུ་འདིར་ཡང་གཉིས་པའི་རྩིག་པའི་རྩར་གནས་པར་བྱའོ། །དེ་ལ་ཤར་གྱི་སྒོའི་གཡས་ཕྱོགས་སུ་སྲིན་པོ། །མེ་རུ་རླུང་ལྷའོ། །གཤིན་རྗེ་ནི་ལྷོའི་སྒོའི་གཡོན ཅུའི། །དེའི་གཡས་སུ་མེ་ལྷའོ། །བདེན་བྲལ་དུ་གདོང་དྲུག་པའི་གཞོན་ནུའོ། །ནུབ་ཀྱི་སྒོའི་གཡོན་དུ་གནོད་སྤྱིན་ནོ། །དེའི་གཡས་སུ་ནི་བརྒྱ་བྱིན་ནོ། །རླུང་དུ་ཚངས་པའོ། །བྱང་སྒོའི་གཡོན་དུ་དྲག་པོའོ། །གཡས་སུ་ཆུ་ལྷའོ། །དབང་ལྡན་དུ་ཚོགས་ཀྱི་བདག པོའོ། །ཤར་སྒོའི་གཡོན་དུ་ཁྱབ་འཇུག་གོ་།དེ་དག་གིས་སྐུའི་དཀྱིལ་འཁོར་གྱི་གནས་ཀྱི་རིམ་པར་ཕྱེ་བའོ། །ད་ནི་སྒོ་བའི་གནས་བརྗོད་ལ་ལ་ནི་ཤར་སྒོར་ལུ་གུ་བརྒྱུད་མའོ། །ལྷོའི་སྒོར་ནི་ཁྲོ་གཉེར་མའོ། །ནུབ་ཀྱི་སྒོར་ནི་འོད་ཟེར་ཅན་ནོ། །བྱང་གི་སྒྲོ་སྐུལ་བྱེད མའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་བའི་རིམ་པར་བྱེད་པའོ། །འབྱུང་པ་སྔོན་པོ་དང། འདོད་པའི་རྒྱལ་པོ་དང། སྟེབས་པོ་ཆེ་དང། མི་གཡོ་བ་རྣམས་ནི་ཤར་ལ་སོགས་པར་རིམ་པ་བཞིན་ཏེ། གསུང་གི་དཀྱིལ་འཁོར་གྱི་སྒོ་པའོ། །ཡང་ཤར་ལ་སོགས པའི་སྒོ་རྣམས་སུ་ཁྱི་གདོང་མ་དང། ཕག་གདོང་མ་དང། ཅེ་སྤྱང་གི་གདོང་མ་དང། རྟའི་གདོང་མ་བཞི་ནི་སྐུའི་འཁོར་ལོའི་སྒོ་བའོ། །ཕྱིའི་སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ནི་རྣལ་འབྱོར་པ་གང་དག་སྐལ་པ་ངན་པ་ཁ་ཅིག་ཀླུ་ཆེན་པོ་རྣམས་ཀྱི ཚུལ་གྱིས་གནས་པར་བྱ་སྟེ། དེ་ཡང་རྟ་བབས་བཞི་བདེགས་པའི་ཀ་བ་བརྐྱང་ཀྱི་འོག་དང་ཤར་དང་ནུབ་སྟེ། ཤར་ཏུ་ནི་པདྨ་དང། སྟོབས་ཀྱི་རྒྱུའོ། །ལྷོ་རུ་ནི་ནོར་རྒྱས་དང། དུང་སྐྱོང་ངོ། །ནུབ་ཏུ་འཇོག་པོ་དང། པདྨ་ཆེན་པོའོ། བྱང་དུ་མཛའ་ཡས་དང་རིགས་ལྡན་ནོ། །སྔར་སྨོས་པ་གཉིས་སུ་རྒྱལ་བ་དང། རྣམ་པར་རྒྱལ་པའོ། །ཀླུ་རྣམས་ཀྱི་གནས་རིམ་པར་ཕྱེ་བའོ། །ཁྭ་གདོང་མ་དང། བྱ་གདོང་མ་དང། ནམ་མཁའ་ལྡིང་གི་གདོང་མ་དང། འུག་པའི་གདོང་མ་ནི་སྐུའི དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བདེན་བྲལ་ལ་སོགས་པའི་མཚམས་རྣམས་སུའོ། །ཕྱིའི་ཁོར་ཡུག་ཆེན་པོ་ལ་ནི་དེ་ལས་གཞན་པའི་འབྱུང་པོ་སྐྱེས། །གནས་བྱེ་བ་ཕྲག་ཕྱེད་དང་བཞིའོ། །དེ་དག་ནི་བླ་མའི་གདམས་ངག་གིས་འདུས་པ་ཆེན་པོ དང་ལྡན་པ་དང་པོ་སངས་རྒྱས་ཀྱིས་འཁྱུད་པའི་མཚན་ཡང་དག་པར་བརྗོད་པ་རྡོ་རྗེ་དབྱིངས་ཆེན་པོའི་ཚོགས་ཀྱི་འཁོར་ལོའི་འདུས་པ་ཆེན་པོ་ཡིན་ནོ། །དེ་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་ཏེ་གཤེགས ནས་ཞེས་བྱའོ། །ཅི་མཛད་ཅེ་ན། ཆོས་ཀྱི་སྒོ་རྟོགས་པར་འཆད་དོ། །དེ་ལ་ཆོས་ནི་ཕུང་པོ་དང། སྐྱེ་མཆེད་དང། ཁམས་རྣམས་སོ། །སྒོ་ནི་སྐྱེ་བ་མེད་པ་དོན་དོ། །དེ་སྐད་དུ་ཡང་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཞེས་གསུངས་པ་དང། ཡང་ཆོས ཐམས་ཅད་ཨའི་རྣམ་པའི་སྒོ་ཅན་ཏེ། ཐོག་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་བས་ན་དེ་ལྟ་བུའི་རྟོག་པ་ནི་འདུས་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱེད་པའོ། །སྐུ་ཡང་སྟོན་ཏོ་ཞེས་པ་ནི་འོག་ནས་སྟོན་པའི་སྤྲུལ་པའི་སྐུ་གཟུགས་ཀྱི ཞེས་པ་དང་འབྲེལ་ཏོ། །རྣམ་པ་ཅི་འདྲ་ཞེ་ན་མ་རུངས་པ་འདུལ་པའི་ཁྲོ་བོའི་རྒྱལ་པོ་རྣམས་དང་ཞེས་པ་སྟེ་མ་རུངས་པ་གདུལ་དགའ་བའི་ཉོན་མོངས་པ་རྣམས་སམ། དེའི་དབང་དུ་གྱུར་ནས་ཞི་བའི་སྐུ་ལ་སོགས་པས་མི་འདུལ་བ་རྣམས་སོ ཡས་འདུས་པ་དེ་རྣམས་ལ་ཁ་ཅིག་ནི་སྐལ་པ་དང་མི་ལྡན་བདག་གཟུ་ལུམས་ཀྱིས་ཞུགས་པ་ཡོར་དེ་དེ་ལྟ་བུ་འདུལ་བའི་ཕྱིར་མི་གཡོ་བ་དང། དབྱུག་པ་སྔོན་པོ་ལ་སོགས་པ་རྣམས་སུ་སྤྲུལ་པའི་གཟུགས་འཛིན་པས་ཚང་གཅོང་པའོ། །ཅི་སངས་རྒྱས་དང བྱང་ཆུབ་སེམས་དཔའ་དང། ཁྲོ་བོའི་རྒྱལ་པོ་རྣམས་སུ་འདུས་ཤིང་འཁོར་པ་དེ་ལྟ་ཡིན་གྱི་རྣལ་འབྱོར་མ་འདུས་པ་གང་ལས་ཤེས་ཤེ་ན། གསར་སྔགས་དང་རིག་སྔགས་ཀྱི་རྒྱལ་མོ་མ་ལུས་ཤིང་ལུས་པ་མེད་པ་དང་ཞེས་གསུངས་ཏེ། གསང་སྔགས ཞེས་པ་ནི་ལྷན་ཅིག་སྤོང་བའི་རྣལ་འབྱོར་མ་སངས་རྒྱས་སྤྱན་ལ་སོགས་པའོ། །རིག་སྔགས་ཞེས་པ་ནི་རྗེས་སུ་སྤྱོད་པའི་འོད་ཟེར་ཅན་ལ་སོགས་པའོ། །རྒྱལ་མོ་ཞེས་པ་ནི་གང་དག་གཙོ་བོར་གྱུར་པའོ། །མ་ལུས་ཞེས་པ་ནི་རྣལ་འབྱོར་མ་མཛའ་ དག་ཅེས་པའི། །ལུས་པ་མེད་པ་དང་ཞེས་པ་ནི་ཐམས་ཅད་ཀྱང་ངས་དེར་འདུས་པའོ། །རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་འགྲོ་བ་ཡོངས་སུ་སྐྱོབ་པ་རྣམས་ཀྱང་སྤྲུལ་པའི་གཟུགས་ཀྱིས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེ་འཆང་ཡང དེ་ཆེན་པོ་ཡང་དེ་བས་ཏེ། དབུས་ཀྱི་དཔལ་དམ་པ་དང་པོ་སངས་རྒྱས་སོ་སོགས་པའི་སྒྲས་ནི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་བར་དག་གོ། །དེ་དག་ཐམས་ཅད་ཀྱང་འགྲོ་བ་ཡོངས་སུ་སྐྱབ་པའི་ཕྱིར་ཟངས་དང་ར་གནལ་སོགས་པ་ལ་ལྷ་རྣམས ཀྱི་འདྲ་འབག?་ཏུ་བྱས་ནས་རྩ་བ་དང་འབྲས་བུ་འམ། ནི་རང་སུའི་རྒྱན་བྱས་ཏེ་སྤྲུལ་པའི་གཟུགས་ཀྱིས་གཞན་དང་བར་བྱ་ཞིང་ངོ་མི་ཤེས་པར་བྱའོ། །གང་གི་ཚུལ་གྱིས་ཤེ་ན། ལུས་སྣ་ཚོགས་ཀྱིས་ཤེས་པ་སྟེ། ཞལ་བཞི་དར་མགྲིན་པ་གསུམ་དང ཕྱག་ཉི་ཤུ་རྩ་བཞི་ལ་སོགས་པའོ། །ལ་ལ་ནི་ཞལ་གསུམ་ཕྱག་དྲུག་པ་ཡིས། །ལ་ལ་ནི་ཞལ་གཅིག་དང་ཕྱག་བཞི་པའོ། །ལ་ལ་ནི་ནམ་མཁའ་ལྡིང་དང། ཕག་ལ་སོགས་པའི་གདོང་ངོ། །ལ་ལ་ནི་གདེབས?་ཀ་དང་ལྡན་པའི་ཀུན་ཆེན་པོའི་གཟུགས ཀྱིས་སོ། །ལ་ལ་ནི་སྐེམས་ཞིང་རིང་པ། །ལ་ལ་ནི་སྦོམ་ཞིང་ཐུང་བ་སྟེ། མི་མཐུན་པའི་ཕྱིར་སྣ་ཚོགས་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མདངས་དང། སྟོབས་དང། གཟི་བརྗིད་ལ་ཟིལ་གྱིས་མི་ནོན་པ་དང་ཞེས་གསུངས་ཏོ། །འགྲོ་བ་རྣམས ཐུན་མོང་མ་ཡིན་པར་བསྟེན་པའི་ཕྱིར་རོ། །དེ་ལ་མདངས་ནི་ཁ་དོག་གསལ་བའོ། །སྟོབས་ནི་ནུས་པའོ། །གཟི་བརྗིད་ནི་གཟི་བརྗིད་དོ། །ཟིལ་གྱིས་མི་ནོན་པ་ནི་ཁྱད་པར་དུ་གྱུར་པའོ། །དེ་སྐད་དུ་ཡང། དཀྱིལ་འཁོར་ཁང་བའི་གནས་ཉིད་དུ། སངས རྒྱས་གང་མཁན་རོལ་བ་མཛད། །མཁན་རྡུལ་དེ་བཞིན་རྩ་བའམ། །དག་པའི་དུས་པ་འམ་རྒྱན་རྣམས་ཀྱིས། །སངས་རྒྱས་རྣམས་ཀྱི་གར་མཁན་གར། །བདེ་བ་དགའ་བར་བྱེད་དང་བཅས། །ཆོས་འབྱུང་གྲོལ་ཁྱེར་ཉམས་དགའ་པར། །རྡོ་རྗེ དམ་ཚིག་གླུ་ཡིས་དང། །རྡོ་རྗེ་རྐང་པའི་གོམ་པའི་གང། །མཐར་ནི་རྡ་རྔ་ལ་སོགས་པ། །ཕྱག་རྒྱ་ཆེན་པོ་གསང་བའོ། །དེ་ཉིད་འདི་ནི་ཆེར་གསང་ངོ། །ཞེས་གསུངས་སོ། །དེ་ནས་ཁྲོ་བོ་མིག་ཡོན་པོ་ཞེས་བྱ་བ་ཁ་སོགས་པའི་སྒོ་བ་རྣམས་ཕྱིར་རོལ ནས་གསོལ་བ་གདབ་པར་བྱ་སྟེ། འདི་སྐད་དུ། ཁྲོ་བོ་སྔོན་པོ་མཛེས་པ་སྟེ། དམ་ཚིག་སེམས་ལྡན་ཕྱག་ན་སྣམས། །རིན་ཆེན་སྤྲས་པའི་དབྱུག་པ་སྣམས། །བདག་ཉིད་ལྡན་པ་འཁོར་བ་ལས། །བསྒྲལ་ཕྱིར་རྣལ་འབྱོར་མ་དབུས་སུ། །བཟང་པོའི་སྒོ ནི་ཕྱེ་སྟེ་ཐོང། །ཞེས་སོ། །གསང་སྔགས་དང། ཕྱག་རྒྱ་དང། མངོན་པར་རྟོགས་པ་དང། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད། །ཞེས་པ་ནི་དེ་ལ་གསང་སྔགས་ནི་རབ་གི་སྤུན་དང་མིང་སྲིང་མ་ཡིན་པ་སུས་ཀྱེད་མི་ཤེས་པར་གསང་བར་བྱ་བ་མ ཡིན་ཏེ། སྤུན་དང་མིང་སྲིང་ཉིད་ཅེས་པ་ཇི་ལྟ་བུ་ཞེ་ན་ཕྱག་རྒྱ་དང་ཞེས་པ་སྟེ། དེ་ཡང་རང་གི་སྤུན་དང་མིང་སྲིང་རྣམས། །ཐེ་ཚོམ་མང་པར་ཤེས་པར་འགྱུར། །བརྡའི་རིམ་པ་བཤད་པར་བྱ་ཞེས་པས་ཕྱག་རྒྱ་དང་ཕྱག་རྒྱའི་ལན། བརྡ་དང་བརྡའི ལན་གྱིས་ཤེས་པར་འགྱུར་པའོ། །དེ་ཡང་ལུས་ཀྱི་བརྡ་དང། ངག་གི་བརྡའོ། །དེ་ལ་ངག་གི་བརྡ་ནི་ཨོཾ་ཨ་ཧི་ཧོ་ཞེས་པ་ནི་ཕྱག་འཚལ་པའོ། །ོཾ་པྲ་ཏི་ཀ་ཞེས་པ་ནི་ཕྱག་འཚལ་བའི་ལན་ནོ། །ཏསྩ་ཏསྩ་ཞེས་པ་ནི་སློབ་དཔོན་ལ་འཚལ་བའོ། །བྷཀྵ་ནི་ཞུགས པའོ། །ཙྪ་ཞེས་པ་ནི་ལེགས་པར་འོངས་སམ་ཞེས་པའོ། །ཙྪ་ནི་འདུག་ཅིག་པའོ། །ཁམས་ནི་ཟོ་ཞིག་པའོ། །ཏྲཾ་ཏྲཾ་ནི་ཤའོ། །ཤྲཾ་ཤྲཾ་ནི་ཁྲག་གོ་།དྲེཾ་དྲེཾ་ནི་ཟོ་ཞིག་པའོ། །ཛཾ་པཾ་ནི་རྡོ་རྗེའི་ཆུའོ། །སོ་མ་ནི་བདུད་རྩིའི་ཆུའོ། ཟེ་ནི་ཆང་ངོ། །ཤང་བ་རི་ནི བཏུང་བའོ། །སཾ་པ་རི་ནི་ཆུའོ། །པུ་ཏྲ་ཡ་ནི་མེ་ཏོག་གོ་། ན་ཚ་ལ་མ་ནི་འབྲས་བུའོ། །ཛ་ལ་ཀཾ་ར་ནི་གོས་སོ། །ཁྱ་པ་ཞེས་པ་ནི་ཁྱི་མོ། །ཀ་མ་དམ་ནི་ལྷའི་ཁང་པའོ། །ཁྲེ་ཏ་པ་ནི་དཀྱིལ་འཁོར་རོ། །བྷེ་ཏད་ནི་དཀྱིལ་འཁོར་གྱི་དཔོན་ནོ། །ཽ་པ་ཡ་ནི་སློབ་མའོ མེད་ངང་ནི་དག་པའི་ལྷ་མའོ། །གོ་བྲི་ཏ་ནི་རྡོ་རྗེ་རྣལ་འབྱོར་མའོ། །དར་མ་རི་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཡ་ལ་པ་ནི་མེ་རྣམས། །སྭ་མུ་ཁ་ནི་པའོ། །ཡོ་ཀྱ་ནི་བུའོ། །ཕྲིཾ་ཕྲིཾ་ནི་བུ་མོའོ། །བ་ཧུ་ལ་ནི་གཟུགས་བཟང་མའོ། །ལོ་ཏ་ནི་འགྲོ་བ་དང་འོང་བའོ། །བབ རི་ནི་ཟོ་ཞིག་པའོ། །དྷ་ནུ་ནི་རྫས་བྱིན་ཅིག་པའོ། །ཤེ་ཤེ་ནི་སོང་ཅིག་པའོ། །ཕྲེ་སེ་ནི་ཤོག་ཅིག་པའོ། །ཏྲཾ་ནི་མེད་པའོ། །བི་ཏུ་མོ་ནི་ཁྲོས་པའོ། །རྩེར་ནི་རྩོད་པའོ། ཇི་བ་ནི་སྲུང་བའོ། །རིན་ནི་ཆཊ་པ་དང་བྲལ་བའི་ཧྲི་ནི་ཆཊ་བའོ། །དྲ་བ་ནི་རྫ་སོ། །རིམ་པ་བཞིན་དུ་མཆོད་པ་ནི་སུ་རྟ་སྟཾ་ཞེས་པའོ། །རང་གི་ལྷ་དྲན བ་བ་ལ་སུར་ཧཾ་ཞེས་པའོ། ། ནུ་རཱ་ག་མི་ཤེས་པ་ནི་རྡོ་རྗེ་སེད་འཾ?་བསྐུལ་བའོ། ། ནུ་བ་ཏེ་ཡ་ཞེས་པ་ནི་ཧེ་རུ་ཀའོ། །མ་ནུ་རཱ་ག་ཡ་ཞེས་པ་ནི་གར་དབང་གིའོ། ། ནུ་བར་ཤ་ཡ་མི་ཤེས་པ་ནི་རྡོ་རྗེ་མགྱོགས་འགྲོ་སྐུལ་བའི་ལན་ཡིན་ནོ། །རྣལ་འབྱོར་མ་རྣམས་ཀྱི་ས་མ་ཡ་སྟཝཾ་ཞེས པ་ལན་ནོ། །ས་ཡ་ཧོ་ཞེས་པས་དཔལ་དང་པོའི་སངས་རྒྱས་མཆོད་པའོ། །དེ་དག་ནི་ངག་གི་བརྡའོ། ལུས་ཀྱི་བརྡ་བསྟན་པ་ནི་སྤྱི་བོར་ཉུག་པ་ནི་ཕྱག་འཚལ་བའོ། །འབྲལ་བ་ས་ལ་རེག་པ་ནི་ཕྱག་གི་ལན་ནོ། །གཡས་པ་ནི་སྨིན་མ་བསྐྱེད་པ་ནི་དངོས་གྲུབ་བོ། །གཡོན པ་ནི་རྣམ་པར་རྒྱལ་བའོ། །མིག་གཡོན་པའི་སྨིན་མ་ལ་རེག་པ་ནི་བུད་མེད་བཟང་མོའི་ཞེས་པའོ། །གཡས་པ་ལ་རེག་པ་ནི་སྐྱེས་བཟང་པོའོ། །རྣ་བ་གཡོན་པ་ལ་རེག་པ་ནི་ལེགས་པར་འོངས་པའོ། །གཡས་པ་ལ་རེག་པ་ནི་ལེགས པར་སྨྲ་བའོ་། སྣ་བུག་གཡས་པ་ལ་རེག་པ་ནི་སྤོས་སོ། །གཡོན་པ་ལ་རེག་པ་ནི་སློང་བའོ། །ལྕེ་གཡས་སུ་རྒྱུ་བ་ནི་ཤའོ། །གཡོན་དུ་རྒྱུ་བ་ནི་ཆང་སློང་བའོ། །མཆན་ཁུང་གཡོན་པ་ལ་རེག་པ་ནི་ཟས་སོ། །གཡས་པ་ལ་རེག་པ་ནི་ཚོད་མ་སློང་བའོ། །ལུས ཀྱི་བརྡའོ། །དེ་ལྟར་རྟགས་དེ་དག་མཚོན་པ་ནི་ཕྱག་རྒྱ་སྟེ། གང་གིས་དེ་ཕན་ཚུན་ཤེས་པ་ནི་སྐལ་པ་དང་ལྡན་པ་རྒྱུད་གཅིག་གིས་བསྡུས་པའི་མིང་སྲིད་དང། སྤུན་དུ་གྱུར་པའོ། །གལ་ཏེ་མི་ཤེས་ན་སྐལ་པ་དང་མི་ལྡན་པས་སྤུན་དང་མིང་སྲིད་མ་ཡིན པ་སྟེ་སྐལ་བ་མེད་པའོ། །གལ་ཏེ་ཐམས་ཅད་སྔ་ནས་ཡིན་པར་ཤེས་ཀྱང་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་ཀྱི་ཕྱིར་བརྡ་བྱ་བ་ཁོ་ནའོ། །ཡང་ན་གཞན་གྱིས་མི་རིག་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་དཔའ་བོ་ལ་སོགས་པ་རྣམས་རང་གི་གཟུགས་ཀྱིས སམ། འོན་ཏེ་ལྷའི་རྣལ་འབྱོར་གྱིས་ཤེ་ན། མངོན་པར་རྟོགས་པ་དང་ཞེས་བྱ་བ་གསུངས་ཏེ། དེ་ལ་མངོན་པར་རྟོགས་པ་ནི་སྒྲུབ་པའི་ཐབས་ཀྱི་རིམ་པར་ཕྱེ་བས་འབྲས་བུ་མངོན་པར་རྟོགས་པར་བྱེད་པ་སྟེ། དེ་བས་ན་སྒྲུབ་ཐབས་ལས་འབྱུང བ་བཞིན་ལྷའི་རྣལ་འབྱོར་གྱི་རིམ་པས་གནས་པར་བྱ་ཞེས་པའོ། །དེ་ནས་གཟུགས་ལ་སོགས་པ་རང་རང་གི་ཡུལ་ལ་ལོངས་སྤྱད་པར་བྱ་སྟེ། དེ་ཡང་ཉོན་མོངས་པ་དང། འཇིག་རྟེན་པའི་བྱ་བ་དང། རང་ཉིད་ཀྱི་དོན་དུ་སྤྱད་པར་བྱ་བ་ནི་བཅོམ་ལྡན འདས་ཀྱིས་མ་གཟུངས། །དེ་ཡང་སྤྱོད་པ་ལོངས་སྤྱོད་ཕྱིན་མ་གསུངས་ཞེས་བྱ་བ་ལ་སོགས་པ་དང་ཡང་གཟུངས་བ། འདོད་ཆགས་པར་མི་བྱ་སྟེ། སེམས་ཅན་དོན་ཕྱིར་རྣལ་འབྱོར་པས། །མཆོད་པ་ཐམས་ཅད་རྟག་པར་བྱ། །ཞེས་གསུངས་པའོ། །གང་གི་ཚེ་གཞན དུ་ཉོན་མོངས་པའི་དབང་དུ་གྱུར་པ་ན་དེའི་ཚེ་དཔའ་བོ་ཞེས་པའི་མིང་མི་ཐོབ་བོ། །དེ་བས་ན་མི་ཤེས་པའི་དྲེགས་པ་དང། ཉོན་མོངས་པའི་གཡུལ་གཞོམ་པ་དང། དཔའ་བོའི་བློས་ལྷས་བྱིན་དང། ལྷའི་དབང་པོའི་སྤྲོ་བ་དང། འཇིགས་པ་མེད་པ་དང། སེམས་བརྟན་པས་མི་གཡེང་ཞིང་བརྗེད་ངས་པ་མེད་པ་དང། བག་ཆ་བ་སྤངས་ནས་མི་སྡུག་པའི་ཕྱོགས་ཀྱི་གོས་ལ་གནས་པ་ནི་དཔའ་བོའོ། །ཀུན་ཏུ་རུ་མཆོད་པའི་གནས་བཙལ་ཏེ། དེས་ཀྱང་དང་པོར་གཟུགས་ཀྱི་མཆོད་པས་མཉེས་པར བྱ་བའི་ཕྱིར་སྔར་བཤད་པའི་རྒྱུན་ནམ་ཡང་ན་མི་རུས་ལ་བྱས་པའི་རྒྱུན་བྱའི་མུ་ཏིག་ལ་སོགས་པས་མཛེས་པར་བྱ་བར་མི་གསུངས་སོ། །དེ་སྐད་དུ་ཡང། དུང་དང་མུ་ཏིག་བྱུ་རུ་རྣམས། །གསུམ་ཆར་བཅོ་བརྒྱད་བཅུ་ཀུན་ལས། །བྱུང་ཞིང་དེ་དག མེད་ན་ཡང། །ཆོས་སྐུའི་ཡེ་ཤེས་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོང། །དཔའ་བོ་ཐོབ་པའི་ཕྲེང་བཅན། །ཞེས་གསུངས་སོ། །དེ་ནས་སྒེག་པའི་ཉམས་ལ་སོགས་པ་བསྟན་ཏེ། སྒེག་པའི་ཉམས་དང། དཔའ་བའ་ཨི་ཉམས་དང། མི་སྡུག་པའི་ཉམས་དང། དགོད པའི་ཉིས་དང། དགྲ་བོའི་ཉམས་དང། འཇིག་སུ་རུང་བའི་ཉམས་དང། ཞི་བའི་ཉམས་དང། རྔམ་པའི་ཉམས་དང། སྙིང་རྗེའི་ཉམས་སོ། །དེ་ནས་ལག་པ་དག་ནས་བརྒྱར་བསྐྱོད་ཅིང་གོམ་པའི་སྟོབས་ཀྱི་གར་བྱ་སྟེ། ལག་པའི་བཀོད་པ་ནི་རྡོ་རྗེའི་ཚུལ་དང། རལ གྲིའི་ཚུལ་དང། འཁོར་ལོའི་ཚུལ་དང། རིན་པོ་ཆེའི་ཚུལ་དང། པདྨའི་ལག་པ་དང། ཡང་རལ་གྲིའི་ཚུལ་དང། བཞུའི་ཚུལ་དང་དབྱུག་པའི་ཚུལ་དང། དབྱུག་ཏོའི་ཚུལ་དང། གཏུན་ཤིང་གི་ཚུལ་དང། རྡོ་རྗེ་རྩེ་གཅིག་པའི་ཚུལ་དང། ཁ་བཅུ་པའི་ཚུལ་དང། གྲིའི ཚུལ་དང། སྣ་ཚོགས་དབྱུག་པའི་ཚུལ་དང། མདུང་གི་ཚུལ་དང། གོང་བུ་བསྐྱོད་པའི་ཚུལ་དང། འཕེན་པའི་ཚུལ་དང། སྤྱན་གསུམ་པ་དང། མེ་ཏོག་གི་ཚུལ་དང། བདུག་སྤོས་ཀྱི་ཚུལ་དང། མར་མེའི་ཚུལ་དང། དྲིའི་ཚུལ་དང། ལ་སྱེའི་ལག་པ་དང། ཕྲེང་བའི་ལག་པ་དང། གླུའི་ལག་པ་དང། གར་གྱི་ལག་པ་དང། གླིང་བུའི་ལག་པ་དང། པི་བཾ་གི་ལག་པ་དང། རྫ་རྔའི་ལག་པ་དང། རྐེད་ལྔའི་ལག་པ་དང། དེ་ལ་གཡས་དང། གཡོན་དང། དབུས་དང། སྤྱི་བོའི་སྟེང་དུ་བསྒྱུར་བ་ནི་བསྒྱུར་བཀོད པའོ། །གོམ་པའི་སྟབས་ཀྱི་རྣམ་པ་ཡང་གཡས་བརྐྱང་བ་དང། གཡོན་བརྐྱང་བ་དང། མཉམ་པའི་རྐང་སྟབས་དང། རྡོ་རྗེའི་རྐང་སྟབས་དག་དཀྱིལ་འཁོར་དང། སྣ་ཚོགས་ཐམས་ཅད་དང། རུ་སྦལ་གྱི་རྐང་སྟབས་དང། བུང་བའི་དྲ་བ་དང། རྒྱ མཆོ་བསྐྱོད་པ་དང། རིའི་མཆོག་དང། མཛེས་པའི་འོད་ཅན་དང། ཁྲོ་མོའི་བཀོད་པའོ། །དེ་ལྟར་ལག་པ་དང། རྐང་པའི་བཀོད་པ་སོ་སོར་བསྟན་ནས། ད་ནི་ནམ་མཁའ་ཨི་ཁམས་ཁྱབ་པར་གཉིས་ཀས་གར་བྱ་བ་ནི། གུས་བཅས་དང་པོར་སྒེག་པར་ལྡན དང་པོར་རྩེ་བཅས་རྗེས་བཟུང་བས། །རྐང་པ་བརྒྱད་དུ་ཆོ་ག་ཡིས། །རྡོ་རྗེའི་གོམ་པས་རོལ་པར་བྱ། །མེ་ཏོག་སྙིང་པོར་སྦྱོར་བ་ཡིས། །སྤོས་ཀྱི་ཡལ་གའི་སྟོར་བ་དང། །མར་མེ་སྡོང་བུའི་ལག་ཚུལ་དང། །ཡང་ནི་དབུག་མའི་ལུགས་དང་ནི། ། བརྡུང་བ་འམ་དཀྲོལ་བའི་སྦྱོར་བ་བྱ། །དེ་བཞིན་སླར་ཡང་གཡོན་པས་སོ། །དེ་ནས་རྒྱུད་ཀྱི་གར་བྱས་ནས། །གཡོན་པ་ཡང་ནི་གར་བྱ་ཞིང། །མྱུར་དུ་བརྡུང་པས་དེ་བཞིན་གར། །བྱས་ནས་འཁོར་ལོ་ལྟ་བུར་བསྐོར། །ཕྱི་ནས་གྲུ་བཞི་དག་པར་བྱ། །ཕྱིས ནི་འདོད་པའི་ལག་གཡས་བསྐོར། །ས་ལ་བུས་མོ་གཉིས་བཙུགས་ནས། །ལག་པ་མཆོད་རྟེན་ལེགས་པར་བྱས། །ཇི་སྙེད་གར་གྱི་བསྟན་བཅོས་སུ། །བྱེད་པའི་ཆ་ལུགས་བརྗོད་པ་ནི། །དེ་ཉིད་རྡོ་རྗེ་སེམས་དཔའ་ཡི། །སྒེག་པ་བྱང་ཆུབ་སྒྲུབ པའི་ཐབས་ཞེས་སོ། །རྣལ་འབྱོར་མ་རྣམས་ཀྱི་འདུག་སྟངས་བསྟན་པའི་ཕྱིར་ཡང་གསུངས་པ། རྡོ་རྗེའི་སྐྱིལ་ཀྲུང་དང། སེམས་དཔའ་ཨི་སྐྱིལ་ཀྲུང་དང། པདྨའི་འདུག་སྟངས་དང། བཟང་པོའི་འདུག་སྟངས་དང། སྐྱིལ་ཀྲུང་བྱེད་པ་དང། བཀྲིས་པའི་འདུག་སྟངས་ཏེ། དེ་ལྟ་བུ དག་གིས་འདུག་པར་བྱའོ། །དེ་ནས་སྒྲའི་ཡུལ་སྤྱད་བའི་ཕྱིར་དྲུག་གི་རྗེས་སུ་འགྲོ་བའི་གླུ་དང། དྲང་སྲོང་གི་རྗེས་སུ་འགྲོ་བའི་གླུ་དང། དྲི་ཟའི་རྗེས་ཀྱི་གླུ་དང། བར་མའི་རྗེས་ཀྱི་གླུ་དང། བློ་གསལ་རྗེས་ཀྱི་གླུ་དང། ཉན་པའི་གླུའོ། །ཉུང་ངུའི དབྱེ་བ་དང། སྒྲོལ་བའི་དབྱེ་བ་དང། འཇིགས་པའི་དབྱེ་བ་དང། གང་བའི་དབྱེ་བ་དང། རྣམ་པར་འདྲེན་པ་དང། འདོད་ཆགས་གཉིས་པ་དང་མཚུངས་པར་བྱེད་པ་དང། འདོད་ཆགས་གསུམ་པ་དང་མཚུངས་པར་བྱེད་པ་དང། ལྐོག་མ་ཉེད་པ་དང། རྐན་ཉེད པ་དང། ལྕེ་ཉེད་པ་དང། སོ་ཉེད་པ་སྟེ། གླུའི་བྱེ་བྲག་གོ་།གཞན་ཡང་རོལ་མོའི་རབ་ཏུ་དབྱེ་བ་ནི་ཆ་ལང་དང་ནི་རྔ་དང་ཡང། །རྫ་རྔ་ཁ་ཅིག་པི་བང་རྒྱས། །མ་ར་བྷནབྷ་གླིང་བུ་དང། །རྒྱུད་གསུམ་ཀ་ར་ཀ་ནི་དང། རྨཾ་གསུཾ་བརྡུངས་བརྡུང་བར་བྱ། །ཆུང་ངུར་བརྡུང བ་རྒྱས་པ་སྟམ། །དཀྱིལ་འཁོར་གསོལ་བ་གདབ་ལ་སོགས་མཆོད་པ་འདི་ནི་བླ་མེད་ཅེས་སོ། །དེ་དག་གི་བརྡུང་བ་ལ་སོགས་པའི་སྒྲ་ཡང་འདི་སྐད་དུ། ཨཱ་ར་ཨར། ཛཾ་སྨྲ་ར་ཛཾ་སྤ་ར། ར་ཙ་ཏ་པཾ་ཧོ། ཧུ་ལུ་ཧུ་ལུ། ཧུ་ཛ་ཧུ་ཛ། ཨ་ལ་ཡ་ཨ་ལ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཎུ་ཎུ་ཎུ། ཧྲི་ཧུ་ཏ། མེ་ཧེ་ཏ་མཽ་ཏ། མེ་གྷོ་གྷེ་གྷ་ཏ་ཊ། གྷེ་གྷེཾ་ཏ་བི་ཤ། གྷ་ཧནྟོ་ཏོ། ཧཱུཾ་ཀ་ཀ་ཏོ། ཧཱུཾ་ཧཱུཾ། ཀ་ཀ། ཀཾ་ཀཾ་པཾ་ཀེ་པོཾ། བཛྲ་བཛྲི། ཧེ་ཀོ་ཧུཏྟོ། ཧུ་དྷོ་ཧུ་དྷོ་ཧུ་དྷོ་ཧུ་དྷོ། རུ་ལུ་རུ་ལུ་དཱུཾ་བྷཡོ་ཧཱཾ་བྷཡོ་ཞེས་པ་དང། ཐྲ་ཏི་ཐྲ་ཏི། ཐྲ་ཀ་ཐྲ་ཀ། ཐུ་ཡ་རྡུས། ཐོ་ཧོ་ཐོ་ཧོ། བྷ་དྷི་ས དྷ་དང་དྷི་དང། ཨཽ་ད་ཀྲ་ཀ་ཀྲ་ག་།ཐ་ཀ་ཐ་ཀ། དྷི་དི་ཏི་དཾ། དྷི་དི་ཏི་ད་ཏ་ན་པོ། ཏྲ་ཏྲ་ཏ་པོ་ཏ་ཞེས་པ་དང། ཀ་ཀ་ཀ་ཀ། ཧི་ཧི་ཧི། ཧི་ཧི་ཧི། ཧི་ཧི་ཧི་ཧི། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཻ་ཧ་ཧ། ཧི་ཧ་ཧ། ཨཱ་ཨ་ཨཱ་ཧི། ཛི་ཛ་ཛི་ཛ། ཨཾ་ཨཾ། ཛེཾ་ཛེཾ། ཨཻ་ཨ། ཨོཾ་ཧི་ཧི་ཧི་ཧི། ཀ་ཙ་ཎི་ཌི་ཞེ་ཞེས་པ ནི་སྒྲའི་རབ་ཏུ་དབྱེ་བའོ། །དེ་ནས་དྲི་བྱུག་སྦྱད་བའི་ཕྱིར། གླ་སྒང་ཀུ་ན་ཏ་དང། རུ་རྟ་ཀུ་ཤི་ལ་ཏ་ཀ། ཨ་གར་རྒྱས་སྤོས་ཤ་རི་པ། གུར་ཀུམ་ཙན་དན་པ་རྣ་ཀ། གཾ་དྷ་སྒྲོན་ནི་ཤིང་ཁྲག་པར། ཤུག་པ་པ་ལ་པར་ནི་ཀ། ལི་ཤི་ཤིང་ཚ་ཀ་ལ་ཡ། །ཐད་ཤིན ་རུ་པྲི་ཡང་ཀུ། སཽ་བྷ་ཎ་པ་ལ་ཀ། ཤཻ་ཨ་པ་མུ་པེ་རང། །སེང་ཀྲོ་ཤ་ཏི་ཀ་པིཏྟ། །ཀ་རུ་ཀ་རུ་པ་ལ་ནི། །ན་ལི་ཤི་པ་རྩཾ་པ་དང། །སུ་བ་ན་རང་ཤ་ཀ་མ། །མ་དུ་ལུང་ཀ་ཤུན་པར་བཅས། །པ་ལ་ཨཽ་ཡང་ཡོ་སུ་ན། །མཁན་པ་མུ་ཏྲ་མ་རུ པ། །ཀེ་ཤི་ཏེ་མ་ལ་པུ་ཀ། སུ་ག་སྨེ་ལ་བྱ་གྷ་ན་ག་དང། །འུ་སུ་པ་ཏོ་ལ་ཡི་ལི། །ཏ་ཀ་སྤུས་པ་ཧ་ར་མུ། །ཛཱ་ཏི་པ་ལ་ཙ་ར་ཀ། སུ་པུ་ནེ་ཡ་ད་མ་ཀ། ཙན་དན་ཏུ་ཧུ་སྤ་སྟ་ར། །ཐར་ཆུ་དང་ནི་ར་ས་དང། །གེ་སར་ལ་སོགས་སྦྱར་པ་ལས། །དྲི་སྦྱར་ཕྱིར ནི་རྒྱད་ཤས་པས། །བདག་ཉིད་འདོད་པ་བཞིན་དུ་སྦྱར་ཞེས་གསུངས་སོ། །དེ་ནས་རོའི་ཡུལ་སྤྱང་པར་བྱ་བའི་ཕྱིར་ཁ་བ་དང། མདང་བ་དང། སྒྱུར་བ་དང། ཚ་བ་དང། ལན་ཚྭ་དང། བསྐ་བ་རྣམས་དང་ལྡན་པའི་བཟའ་བ་དང། བཅའ་བ་དང། བཏུང པའི་རབ་ཏུ་དབྱེ་བ་ནི་འདི་ལྟ་སྟེ། དེ་ཡང་བཟའ་བ་ཐུན་མོང་བ་དང། ཐུན་མོང་མ་ཡིན་པ་དག་གོ། དེ་ལ་ཐུན་མོང་ནི་ཁ་ཟས་གང་ཡང་རུང་བ་ཟན་དང་འབས་ཆན་ལ་སོགས་པའོ། །ཐུན་མོངས་མ་ཡིན་པ་ནི་སྒྲོན་མ་ལྔ་དང། བདུད་རྩི་ལྔའོ། ། བཅའ་བ་ནི་རྩ་བ་དང་འབྲས་བུའི་བྱེ་བྲག་རྣམས་སོ། །དེ་སྐད་དུ་ཡང། ཨ་མྲ་རྒུན་འབྱམ་པ་ནས། །ན་རི་ཀེ་ལ་ཨ་རུ་སོགས། །འབྲས་བུ་དག་ནི་སྣ་ཚོགས་པ། །ཆོགས་ཀྱི་འཁོར་ལོར་དབུལ་བར་བྱ། །ཞེས་གསུངས་སོ། །བཏུང་བའི་ཡང་གསུངས་པ། ?? ནི་སྒེག་མོ་ཡིན་པར་བཤད། །རབ་ཏུ་མེས་པ་སྦྲང་རྩའོ། །བུ་རམ་ཆར་ནི་སྨྱོས་བྱེད་གསུངས། །རྒུན་ཆང་དག་ནི་བདུད་རྩི་ཡིན། །བདུང་རྩི་ལ་མི་གྱི་ཡན་བག་བརྒྱད། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །རྒུན་འབྲུམ་སྦྲང་རྩི་དཔའ་བོ་གཅིག། ཚ་ནི འདོད་ཆགས་བྲལ་བ་ཡིན། །ཁུ་བ་སྒྱུར་བོ་གཡོ་ཅན་ཏེ། སངས་པོ་དག་ན་བྲན་མོར་བཤད། །ཤ་དང་ཆང་དུ་ལྡན་པ་དག། དེ་ལྟར་སྣ་ཚོགས་སྟོན་མོ་ཡིན། །དགའ་བའི་ལོངས་སྤྱོད་སྐལ་བཟང་པོ། །རྡོ་རྗེ་སེམས་དཔའ་རབ་སྒྲུབ་པའོ། །ཞེས་པའི རྡོ་རྗེ་སེམས་དཔའ་ཞེས་པ་ནི་ཕྱི་དང་ནང་གི་བྱེ་བྲག་གིས་དཀྱིལ་འཁོར་གྱི་གཙོ་བོ་དང་འཁོར་གྱི་ཁྱད་པར་གྱིས་དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་བ་དང། བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང། སྙིང་རྗེ་དབྱེར་མེད་པའི་སྙིང་པོ་ལེན་པར་བྱེད་པས་ན དཀྱིལ་འཁོར་ཐམས་ཅད་སྒྲུབ་པའོ། །དེ་ནི་དཀྱིལ་འཁོར་ཡང་དེ་ཐམས་ཅད་ཀྱང་དེ་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་དོ། །དགའ་བ་དང་བདེ་བ་དང། སྤྱོད་པ་དང། གྲོལ་བ་སྒྲུབ་པར་བྱེད་དོ། །དེ་ནས་བཟང་བ་ལ་སོགས་པ་སྤྱོད་པ་ཡང་རང་རང་ལ་དཀྱིལ འཁོར་གྱི་འཁོར་ལོའི་སྔར་བཞིན་པའི་མངོན་པར་རྟོགས་པ་གྲུབ་པར་བྱས་ལ། མེ་ཏོག་བདུག་པ་མར་མེ་དང། །བཟའ་བའི་སྟོན་མོ་དེ་བཞིན་དབུལ། །ཞེས་བྱེ་བ་མེ་ཏོག་ལ་སོགས་པ་རྣམས་གཙོ་བོ་ནས་བཟུང་སྟེ། རིམ་པ་བཞིན་དུ་དབུལ་བར་བྱའོ། །མེ ཏོག་ལ་སོགས་པའི་དབྱེ་བ་ནི་གཞུང་མངས་པས་འཇིགས་པས་མ་བྲིས་སོ། །དེ་ནས་གང་གིས་སྦྱིན་སྒྱེག་གི་རིམ་པས་ལྐོག་མ་སྦྱང་པ་ལ་སོགས་པ་བྱས་ལ། དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ། །དེ་ཡང་གཡས་པ་པདྨར་བསམས་ནས་སུ། །གཡོན པ་རྡོ་རྗེ་བསྐྲང་བྱས་ནས། །པདྨའི་བསྐོར་བས་བསྐོར་ནས་ནི། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ། ། ཨ་ཧོ་ཧཱཾརྟེན་པ་སོགས་ཡེ་ཤེས་སྤྱན། །ཕྱིའི་དཀྱིལ་འཁོར་བརྟག་པར་བྱ། །ས་སོར་དྲི་ཡིས་བྱུག་པ་དང། །སོ་སོར་མེ་ཏོག་དོར་བ་དང། སོ་སོར་བདུག་སྤོས་བདུག་སོཌ་ལས་སོའི་སྤྱོར་བས་དབུལ་བར་བྱ། །བདུད་རྩི་ལྔ་ནི་བསྲས་ནས་སུ། །ཉ་ཕྱིས་ལ་སོགས་དབུལ་བར་བྱ། །ཧ་ཞེས་བྱ བས་ཁ་དོག་འཕྲོག་། ཧོ་ཞེས་བྱ་བས་དྲི་གཞོམ་སྟེ། །ཧྲི་ཞེས་པས་ནི་ནུས་པ་འཇོམ་ས། །གོ་རིམས་དེ་ལྟར་མངོན་པར་བརྗོད། །རྣཾ་གསུམ་ལན་གསུམ་བརྗོད་ནས་ནི། །ལྷ་གསུམ་དུ་ནི་བསམ་པར་བྱ། །པདྨའི་དབང་ཕྱུག་གཟུགས་མཛེས་གསེར་གྱི་མདོག དྲི་ཆུའི་ངོ་བོ་ཤིན་ཏུ་རྣམ་སྣང་མཛད། །མྱང་བས་རྡོ་རྗེ་དབང་ཕྱུག་ཕྱག་རྡོ་རྗེ། །ལྷ་གསུམ་རྣམ་པ་གསུམ་དུ་བསྒོམ་པར་བྱ། །གཡོན་པ་ཟླ་བའི་ལག་པ་ལ། །ཟླ་བའི་དབུས་སུ་བདུད་རྩི་ཡི། །ཡི་གེ་ཀུན་རིག་གུག་བསྐྱིད་བཅས། །མཐེ? འོང་སོང་མོས་ཉིད་དེ། །སྲིན་ལག་ཀྱང་ནི་རི་རབ་བོ། །བསྲུ་བས་པའི་སྟོབས་ཀྱིས་བདུད་རྩི་ཡི། །ནུ་ཡི་རྣམ་གསུམ་ཤེས་པར་བྱ། །རྣལ་འབྱོར་པ་ནི་ཐམས་ཅད་ལ། །མཐེ་བོའི་འཐོ་ཐམས་སོ་སོ་ཅད་བུ་ལ། །དེ་ཡང་རང་གི་དངོས་པོ་ཡིས། །བོད་གཉིད་ལ་ནི བསམ་པར་བྱ། །སྒྲོགས་པ་ལྔ་ཡི་མཆོད་རྟེན་ནི། །རྣམ་པ་ལྔ་ནི་བཀྲུ་བར་བྱ། །ལྕེ་རྩེ་ཐིག་ལེའི་སྟེང་དུ་ཡང། །བློ་དང་ལྡན་པས་གནས་གསུམ་མཆོད། །ཅེས་གསུངས་པའི་རིམ་པས། །བཏུང་པ་ལ་སོགས་པ་སྦྱང་བའོ། །བཏུང་བ་འདྲིམ་པའི་ཚན ཡང། །མི་ཐོད་ཆེན་པོ་དུམ་གཅིག་པར། །མྱོས་བྱེད་ཀྱིས་ནི་རབ་བཀད་ལ། །བླ་མ་སྐལ་པ་ཆེ་ལ་དབུལ། །ཕྱག་བྱས་ནས་ནི་རང་གིས་བཏུང། །དབུལ་བ་དང་ནི་ལེན་པ་དག། པདྨའི་ལག་པས་བསྐོར་བྱས་ཤིང། །དེར་ནི་བསྒྲབ་པ་པོ་རྣམས་ཀྱིས། །ཡང དང་ཡང་དུ་ཕྱག་བྱའོ། །འདྲེན་པ་པོས་ཨ་ལ་ལ་ཧོ་ཞེས་བྱའོ། །ལེན་པ་པོས་ཨ་ཧོ་སུ་ཁ་ཞེས་བྱའོ། །བདུད་རྩི་ལ་སོགས་པ་འདྲི་མ་པའི་ཚོ་ཡང་འདི་སྐད་བརྗོད་དོ། །ལྟོས་ཤིག་ཤིན་ཏུ་མཛས་པའི་ཆོས། །འདི་ལ་རྟོག་པ་ཡོང་མིན་པས། །བྲམ? ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་པས་ལྷན་ཅིག་བཟའ་། །རྣལ་འབྱོར་ཕོ་མོའི་དཀྱིལ་འཁོར་དུ། །ཚིགས་བཅང་འདི་ཡིས་སྦྱིན་པར་བྱ། །པདྨའི་བསྐོར་ཐ་སྔོན་འགྲོ་བས། །སེམས་ནི་ཤེལ་ལྟར་བསམས་ནས་སུ། །གཡས་པས པདྨའི་གང་ན་ལ་ནི། །རྡོ་རྗེ་རྩེ་གསུམ་བསྦྲང་བར་བྱ། །འདོད་ཆགས་དྲི་མ་བྲལ་བ་ཡིས། །ལེགས་འོངས་ཆོས་ནི་རིན་ཐང་མེད། །འཛིན་??་འཛིན་མེད་རྣམ་པར་སྤངས། །དེ་ཁོ་ཉིད་ལ་བདག་ཅག་འཆལ། །སྦྱོར་བའི་དངོས་གྲུབ་དོན་དུ་ནི། ། ཀུན་སྤྱོད་པེ་ནི་ཇི་བཞིན་དུ། རྣལ་འབྱོར་པ་ཡིས་ཀུན་ཏུ་སྦྱང། །ཇི་ལྟར་བཇེ་བར་སྒྱོད་ཅེས་བརྗོད། །ལན་སོ་སོའི་ཚིགས་སུ་བཅད་པའོ། །དེ་ལྟར་བཟས་ལ་སོགས་པ་འདྲི་མ་པའི་ཚེ་འཐོར་འཐུང་ལ་སོགས་པ་བྱ་འམ་ཞེ་ན། གཙང་སྦྲ་མ་བྱས་པ་དང་ཞེས གསུངས་ཏེ། དག་དང་མ་དག་མི་བརྟག་གོ། །ཞེས་པ་དང། དེ་ཡང་གཞན་ནས་ཀྱང། །འདིར་ནི་བཟའ་དང་བཟའ་མིན་དང། །བགྲོད་དང་བགྲོད་མིན་དེ་བཞིན་ནོ། །བཏུང་དང་མི་བཏུང་མི་བརྟག་གོ་ཞེས་པ་དང། ཁྲུས་དང་གཙང་སྒྲ་འདིར་མི་དགོས། །དཀའ་ཐུབ དཀའ་སྦྱར་འདིར་མི་དགོས། །ཞེས་པ་དང། གྲོད་པའི་ཆོས་ནི་རབ་ཏུ་སྤངས་ཞེས་པ་དང། ར་རོ་པ་དང། བག་མེད་པར་འདུག་ཀྱང་རུང་སྟེ་ཞེས་པ་ནི་བཏུང་བའི་ཉེས་པ་གཞུང་གཞན་ལས་གསུངས་ཀྱང་འདིར་དེ་ལྟ་བུའི་ཉེས་པར་འགྱུར བ་མེད་དེ། །ཞེས་པའོ། །དེ་ནི་རེག་བྱའི་ཡུལ་ལ་སྤྱད་པར་བྱ་བའི་ཕྱིར་རེག་བྱའི་ཡུལ་བསྟན་པ་ཡང། མ་དང་སྲིད་མ་ཚ་མོ་དང། །སྒྱུག་མོ་དེར་ནི་ཀུན་ཏུ་སྤྱོད། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །ཞེས་གསུངས་པས། རྒྱལ་རིགས་དང། བྲམ ཟེ་དང། རྗེའུ་རིགས་དང། ང་མངས་རིགས་སུ་གྱུར་པ་གར་མ་དང། ཆོས་མ་དང། སྨེ་ཤ་ཅན་དང། གཡུང་མོ་ལ་སོགས་པའི་རིག་ས་རྣམས་ལ་ཡང་བྱ་བྲག་ཏུ་མ་བཟུང་བར་མཆོད་པར་བྱའོ། །དེ་དག་རིགས་ལྔའི་བདག་ཉིད་ཀྱིས་རྒྱས་གདབ བར་བྱས་ལ། བྱང་ཆུབ་ཀྱི་ཡན་ལག་ཏུ་རུང་བའི་སྐྲ་མཆོག་ཏུ་རིང་བ་གནག་པའམ་མཐོན་མཐིད?་ལྟར་འདུག་པ་ལི་བ། །པདྨ་ལ་ནོར་བུ་པད་མ་རཱ་བའི་འོད་ཆགས་པ་མིག་ཡངས་པ་སྐབས་ཕྱེད་པ་ལ་སོགས་པ་སྤྲུལ་སྐུའི་མཚན་ལྟ་བུ་དང་ལྡན་པ། རྣལ་འབྱོར བ་བརྒྱའི་ཡིང་འཕྲོག་པར་ནུས་པ་དེ་ལ་སྦྱངས་པ་ན་ལུས་ལྷར་དྲན་པ་ཉེ་བར་གཞག་པ་དང། ཚོར་བ་བདེ་བ་དྲན་པ་ཉེ་བར་གཞག་པ་དང། སེམས་ལྷན་ཅིག་སྐྱེས་པར་དྲན་པ་ཉེ་བར་གཞག་པ་དང། ཆོས་སྐྱེ་བ་མེད་པར་དྲན་པ་ཉེ བར་བཞག་པ་དང། དེ་རྣམས་ཀྱིས་ཀྱང་སྡིག་པ་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ་དང། སྐྱེས་པ་མི་མཐུན་པར་གྱུར་པས་སྤོང་བ་དང། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང། སྐྱེས་པ་རྣམས་བརྟན་པར་བྱེད་པའོ། །དེ་བཞིན་དུ་ཁམས བསུམ་འདི་ལས་སངས་རྒྱས་ཀྱི་ཞིང་གཞན་ན་མེད་པར་འདུན་པ་དང། སེམས་ཀྱིས་བྱང་ཆུབ་སྐད་ཅིག་ལ་རྟོགས་པ་དང། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྐད་ཅིག་ལ་ལྗོགས་པ་དང། དཔྱོད་པས་སྐད་ཅིག་ལ་ཐེ་ཙོམ་གཅོད་པའོ། །བླ་མ་དང་སྤུན་ལ རྩེ་ཞིང་རྩ་བའི་ལྟུང་བར་གྱུར་པ་ལ་འཇོམ་པ་ནི་དང་པའི་འབར་དང་དེ་ཉེ་བར་ལེན་པའི་བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པ་བསྲུང་བ་སྟེ། ཏིང་འཛིན་གྱིས་རྩེ་གཅིག་ཏུ་སྒོམ་པ་ནི་ཏིང་ངེ་འདེཟིན་གྱི་དབང་པོའོ། །ཏིང་ངེ་འཛིན་གྱིས་རྩེ་གཅིག་ཏུ་བྱས་པ དེ་ཉིད་རང་གིས་ཉམས་སུ་མྱོང་བར་བྱེད་པ་ནི་ཤེས་རབ་ཀྱི་དབང་པོ་ལྔ་པོ་དེ་ཉིད་གོང་ནས་གོང་དུ་འཕེལ་བར་བྱེད་པ་ནི་སྟོབས་ལྔའོ། །བྱང་ཆུབ་ཀྱི་ཡན་ལག་བཏུན་ནི་དྲན་པ་དང། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཏེ། འདི་རྣམས་ནི་ལུས་ཁྲུས་བྱས་ནས་སྤོས་དང། མེ་ཏོག་ལ་སོགས་པས་བརྒྱན་པ་ལ་འདོད་པ་དང། སྤོས་དང། མེ་ཏོག་དང། མར་མེ་དང། དྲི་དང་མཚོད་ཡོན་དང། རོལ་མོ་དང། བཤོས གཙད་ལ་དགོངས་པའོ། །ཞེས་ཀྱང་འཆད་དོ། །འཕགས་པའི་ལམ་ཡན་བརྒྱད་ཇི་ལྟ་བུ་ཞེ་ན། བླ་མ་ལ་རྡོ་རྗེ་འཛིན་པར་ཡང་དག་པར་ལྟ་བ་དང། ཕུང་པོ་དང། ཁམས་དང། སྐྱེ་མཆེད་ལྷར་ཡང་དག་པར་རྟོག་པ་དང། དག་སྔགས་སུ་གནས་པ དང། དམ་ཚིག་དང་སྔོམ་པ་ལ་སྤྱོད་པའི་ལས་དང། ཉུང་ཟད་དང་དན་ངོན་གྱིས་འཆོ་བའི་ཕྱིར་ཤ་ལྔ་ལ་སྤྱོད་པ་ཡང་དག་པའི་འཚོ་བའོ། །སེམས་ཅན་གྱི་དོན་བྱ་བར་རྩོལ་བ་ནི་ཡང་དག་པའི་རྩོལ་བའོ། །བླ་མའི་གདམ་ངག་མི་བརྗེད་པ ནི་ཡང་དག་པའི་དྲན་པའོ། །སེམས་བྱ་བ་རྒྱ་ཆེན་པོའི་གོ་འཕང་ལ་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་བས་ན་འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་ལ་ལ་ལ་དག་ནི་དཀྱིལ་འཁོར་གྱི་རྣམ་པར་དག་པ་ལ་འཆད་དོ། །འདིར ནི་ལས་ཀྱི་བྱ་བ། རྒྱ་སྤང་བར་རིག་པར་བྱའོ། །གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་ལ། ལས་ཀྱི་ཕྱག་རྒྱ་ཞེས་པ་ནི་འདིར་འདོད་ཆགས་ཅན་ལ་གསུངས་སོ། །ཞེ་ན། སེམས་ཅན་ཀུན་ལ་ཤས་ཚེར་ཆགས། ནམ་མཁའ་ལྟ་བུར་ཆཌ པ་མེད། དུས་གསུངས་པས། འདི་ལྟ་བུའི་ཐབས་མ་ཡིན་པས་སངས་རྒྱས་ཀྱི་ལམ་མི་རིག་པས་སངས་རྒྱས་ཀྱི་ས་དང་ལམ་རིག་པའི་ཐབས་ཉིད་དུ་གསུང་སོ། །དེ་བས་ན་ཐབས་འདི་ལ་བརྟེན་པའི་ཕྱིར། །ས་གཞིར་གསུངས་སོ། །དེ་སྐད་དུ་ཡང། བཞི ནི་ས་གཞེར་བྱས་ནས་སུ། །རྣལ་འབྱོར་ལོངས་སྤྱོད་ས་གཞིར་ཡིན། ཞེས་གསུངས་སོ། །དེ་བསན་ས་གཞི་གནོན་པར་བྱ་བ་ནི་སྙོམས་པར་འཇུག་པ་སྟེ། རྐང་སྟབས་དང། ཚུལ་ཇི་ལྟར་ཞེ་ན། གཞན་ཡང་རྐང་སྟོབས་བཅིང་བ་ནི། །སེམས་ཅན་སྒྲོལ་བའི གནས་ཡིན་ཏེ། །གཉིས་ནི་ཀུན་ཏུ་ལུས་གནས་བསྐྱོད། །དེ་ཉིད་ཕྱག་རྒྱ་ཞེས་བྱ་ཞིང། །མཉམ་པའི་རྐང་སྟབས་དང། བུང་བའི་དྲ་བ་དང། དབྱེ་བའི་རྐང་སྟབས་དང། ཟླུམ་པའི་སྟབས་དང། རུ་སྤལ་གྱི་སྟབས་དང། གསུམ་གནོན་པའི་སྟབས་དང། གཡང བརྐྱད་པ་དང། གཡོན་བརྐྱང་བ་དང། གནས་བཅང་བ་དང། འདུག་པ་དང། རྐང་བའི་འཕེན་པ་དང། མཚོད་སྡོང་གི་ཚུལ་དང་པུས་མོ་བཙིར་བ་དང། བསྡུ་བའི་ཚུལ་དང། མཉམ་དུ་གནས་པ་དང། དུས་ཀྱི་མེའི་སྙིང་པོ་དང། དགའ་པས་གནས་པ་དང གཅིག་ཏུ་སྡུད་པའོ། །རྐང་སྟབས་སྤྱོད་པ་བཅོ་བརྒྱད་ནི། །མཆོད་པའི་དུས་སུ་སྦྱར་བར་བྱ། །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །རྣལ་འབྱོར་པ་ཡིས་མཚོན་པར་བྱ། སྙིང་ག་གཅིར་བ་དང། །རྐང་བ་སྦྱར་བ་དང། ཕྲེང་བའི ཚུལ་དང། གུང་མོའི་ཚུལ་དང། རྩེ་གསུམ་པའི་ཚུལ་དང། གཉིས་ཀ་སྦྱར་ཏེ་བཟའ་བར་བྱ། །བྱེད་ཀྱིས་འཁྱུད་པ་དང། གཉིས་ཀའི་ལག་པ་ཕྱེད་ཀྱིས་འཁྱུད་ནས་གསང་པར་དེག་པ་དང། ནུམ་མཉེ་བ་དང། ཀོས་ཀོ་མཉེ་བ དང། དེ་ལྟར་ཚུལ་ནི་རྣམ་པ་བཅུ། །ཞལ་ནི་བཞད་ཅིང་སྒེག་དང་བཅས། །མཚན་ཉིད་སྣ་ཚོགས་ལྔ་ན་པ་ཡིས། །དེ་ཡིས་ལས་རྣམས་བསྒྲུབ་པར་བྱ། །ཞེས་གསུངས་སོ། །ཇི་ལྟར་འདོད་པའི་བསྟན་བཅོས་ལས་འབྱུང་བ་བཞིན་དུ་ལུས་ཀྱི་ཀ་ར་ཎ་བྱའོ། །དེ་ལྟར ཚོགས་ཀྱི་འཁོར་ལོ་བྱ་བ་ཡང་འབྱོར་པ་ཆེ་ཆུང་གིས་བྱའོ། །ཐམས་ཅད་དུ་རྒྱ་ཆེན་པོ་མི་བྱར་མི་རུང་བ་མ་ཡིན་ནོ། །དེ་སྐད་དུ། དེ་ནས་བསྐྲུབ་པ་པོ་རྣམས་ཀྱིས། །སྤྱོར་བ་ཀུན་ལ་མེད་པར་བཤད། །བཟའ་དང་བཅའ་བའི་དངོས་པོ་སོགས། །ཅི་ནུས པར་ནི་རྣམ་པར་བྱ། མེད་པར་གྱུར་ཀྱང་བཟའ་བ་ནི། ལྔ་པ་ཉིད་དུ་བྱས་པ་ཡིན། །མཚན་མོ་རྟག་ཏུ་བྱ་བ་སྟེ། བཟའ་དང་བཅའ་བ་རྒྱ་ཆ་བ། །མཆོད་པའི་དུས་ཉིད་དུ་ནི་བྱ། །དེ་ནས་ཕོ་ཉ་རབ་སྦྱིན་ཞིང། །རང་གི་ཕང་པར་ཤེས་རབ་བཞག། དཔའ་བློ གཉིས་མེད་མཆོད་བར་བྱ། མ་འམ་ཡང་ན་སྲིད་མོ་འམ། བུ་མོ་འཛའ་མོ་ཆུང་གཉིད། །འདི་འདྲའི་ཆོག་སྦྱོར་བ་ཡིས། །བཅིངས་པ་ལས་ནི་གྲོལ་བར་བྱ། །དེ་ནས་སྔགས་ནི་འགྲུབ་འགྱུར་ཏེ། །ཇི་སྲིད་འབྱུང་པོ་ཡོད་པར་དུའོ། །སློབ་དཔོན་ལུས སུ་ལེགས་གནས་ཏེ། །སྒྲུབ་པ་པོས་ནི་མཆོད་པ་ལེན། །དཔའ་པོ་རྣམས་ཀྱི་སྟན་ཉིད་དང། །ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད། །སྒྲུབ་བོ་ཤིན་ཏུ་མཉམ་གཞག་བས། །གླུ་དང་གར་ལ་སོགས་པ་བྱ། །ལུས་ཅན་ཐམས་ཅད་ཇི་སྲིད་དུ། །རྣལ་འབྱོར་ཡེ་ཤེས ལ་མངོན་ཞེན། །དེ་སྲིད་འཁོར་བར་འཁོར་འགྱུར་ཞིང། །མྱ་ངན་སྡུག་བསྔལ་གྱིས་གཡེངས་འདིར། །ཀུན་ནས་དང་པ་སྒྲུབ་པ་པོས། །དངོས་པོ་ཀུན་གྱིས་ཕྱག་རྒྱ་མཆོད། །མཆོད་པ་དེས་ནི་མཆོད་འགྱུར་ཏེ། །མཉམ་པ་ཡིས་ནི་ངེས་པར་སྲོན། རྣལ འབྱོར་རྒྱུད་བ་གནས་པ་ཡི། །ཕྱག་རྒྱ་ཆེན་པོ་དང་པོར་བསྒྲུབ། །དེ་བཞིན་རབ་ཏུ་འཔད་པ་དང། ཀུན་ནས་དང་བས་མཆོད་པར་བྱ། །དེའི་འོག་ཏུ་དཔའ་བོས་ནི། །དཔའ་བས་ཀུན་ཏུ་སྦྱང་བར་བྱ། །དེ་ལྟར་མཆོང་པ་བྱས་ན་ནི། །ས་འོག་འགྲོ་བ་འགྲུབ་པ་དང། །ཞི་དང རྒྱས་དང་དབང་དང་དགུག། བསད་དང་བསྐྲང་ལ་སོགས་པ་དང། །རྨོངས་དང་རེངས་སོགས་ལས་སྦྱོར་ཞིང། །དབྱེ་དང་དེ་བཞིན་ཚར་གཅད་དང། །ལས་རྣམས་གང་ཅི་རུང་བ་ལ། །ཉོན་མ་མོངས་བར་གྲུབ་པའོ་འདྲུང་པར་འགྱུར་པར་དངོན་མི་ནས་གསུངས་སོ། །དེ་ལྟར་ཚོགས ཀྱི་འཁོར་ལོ་ཆེན་པོ་ལ་སོགས་པའི་ཉེ་བར་སྤྱོད་པ་ཟིན་ནས། གཏོར་མའི་ལས་བསྟན་པའི་ཕྱིར། །སང་སརྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་རློབ་པར་མཛད་དེ་ཞེས་གསུངས་སོ། །དེ་ལ་སངས་རྒྱས་ནི་དཔལ་དམ་པ་དང་པོ་ལ་སོཌ པའོ། །བྱང་ཆུབ་སེམས་དཔའ་ནི་ནམ་མཁའ་ཨི་སྙིང་པོ་ལ་སོགས་པའོ། །ཐམས་ཅད་ཀྱི་སྦྲས་ནི་དཀྱིལ་འཁོར་ཆེན་པོར་འདུས་པ་གང་ཡིན་པ་ཐམས་ཅད་དོ། །བྱིན་གྱིས་བརླབ་པར་མཛད་དེ་ཞེས་པ་ནི་གཏོར་མ་ཆེན་པོའི་བཟའ་བ་དང་བཏུང་བ་རབ་ཏུ་སྦྱང་བ་བུམ་པའི་ཐོད? པ་ཨའི་ཨོད་པར་གནས་པར་??་བྱས་ནས་ཨ་ན་མ་ཤི་བཛྲ་རཱ་གཡ་ཨོཾ་ཨཱབར་བྱ་བའོ། །ལག་པ་གཡས་པས་རྟོགས་པར་བྱ་བའོ། །ཐལ་མོ་བཀའ་ནས་གོམས་པར་བྱ་བའོ། །ནམ་མཁའ་ལྡིང་གི་ཕྱག་རྒྱས་ཟླ་བ་ཞུ་བས་རང་བཞིན་གྱི་བདུད་རྩིར་བྱ་བའོ། །དེ་ནས་གཡོན་པའི་སྲིན་ལག་གིས་དབུས་ནས་ཐིག་ལ་ཆོས་འབྱུང་གྲུ གསུམ་བྱ་ཞིང་དེའི་ནང་དུ་བླུ་མ་པོའི་ཐིག་ལེས་གཟུགས་བྱའོ། །དེའི་ནང་དུ་མེ་ལོང་གི་གཟུགས་བརྙན་ཤིན་ཏུ་གསལ་བའི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་ཞིང་དེས་ཚ་མི་པར་བྱའོ། །དེའི་ཕྱིར་བསུངས་པ། སྐུ་དང་གསུངས་དང། ཐུགས་ཐམས་ཅད་ཀྱིས དེའི་རྒྱུད་ལ་བྱིན་གྱིས་རློབ་པོ་ཞེས་པ་ལ། དེའི་རྒྱུད་ཅེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་ཡང་སྤྱོར་བ་དང་པོ་ལ་སོགས་པ་མཆོག་གི་ཡན་ལག་གསུམ་གྱི་མཐར་གསང་བའི་གནས་དེ་ནས་སྤྲོབ་འམ། །རང་ཡེ་ཤེས་ཀྱི་འཁོར ལོ་དང་གཉིས་སུ་མེད་པའི་སྙིང་གིངས་པོ་ན་ལས་སམ། སྣའི་བུ་ག་གྲ་གཉིས་པས་སྤོར་ཞིང་དགེད་དོ། །ས་བོན་ཧཇི་ལྟ་བུ་ཞེ་ན། ཨོཾ་ཨཱ་ཾ་ཨཱས་སཱ། ཝ་ཝཱ། ཧ་ཧཱ། ཡ་ཡཱ། ར་རཱ། ལ་ལཱ། ཀྵ་ཀྵཱ། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ལས་བྱུང་བའི་ཐུགས་དང་གསུང་དང་སྐུ་རི་དཀྱིལ་འཁོར་གྱི་ལྷ་རྣམས་ཚམ་པར་བྱ་བའི་ཕྱིར་སྲིན་ལག་དང། མཐེ་བོང་གིས་ཐིག་ལེ་ཕུལ་ཏི་དཀྱིལ་འཁོར་རང གི་ཡན་ལག་པ་བསྡུ་བ་བྱས་ལ། རང་གི་ཁ་མཚན་མ་གཅིག་པའི་གནས་སུ་བདུད་རྩི་ལྔའི་ཐིག་ལེ་མཁའ་འགྲོ་མའི་གྲངས་དང་མཉམ་པར་སྔགས་འདི་དགོད་པར་བའོ། །ོཾ་སརྦ་ཀྲོ་ཏ་ཏྱ་ཀི་ནི་མ་པཱ་ལི་པྲ་ཏི་ནི་རུ་སམ་ཡ་མ་ནུས་པར་ཨཱ་བ་ཧཱུཾ པ་ན་སྦཱ་ཧཱ། །དེ་ནས་ཡོང་སུ་མཉེས་པར་བྱ་བའི་དོན་དུ་སྔགས་འདི་ཡང་བརྗོད་པར་བྱ་སྟེ། །ོ་དི་བྱ་ནེ་སམ་དྷི་ཉ་ན་པི་ནི་ནཱ་སཱ་ཧཱ། ཞེས་བྱའོ། །དེ་ནས་ལས་ཐམས་ཅད་བསྒྲབ་པའི་ཕྱིར་འབྱུང་པོའི་གཏོར་མ་གཏང་བར་བྱ་སྟེ། འདི་ལྡར་གསུངས་པའི་སྡགས ཀྱི་རྗེ་སུ་དབྲངས་ནས་སྔར་བཤད་པའི་སྒོ་དང། སྒོ་ཁང་ལ་སོགས་པར་བུམ་པ་དང། ཐོང་པ་ལ་སོགས་པའི་བཟའ་བས་ཡོངས་སུ་བཀང་ལ་མཆོག་པ་ལྔ་དང། ཡང་དག་པར་ལྡན་པ་འམ་ཤལ་སོགས་པའི་གཏོང་མས་འཇིག་རྟེན་ལས་འདས་པའི་ལྷ་ཚོག? ཀྱིས་བསྐོར་བའི་ལྷ་ཚོཌ་དགོང་བའི་ཕྱིར་ཚངས་བར་??། །དབང་པོ་དང། ཉེ་བའི་དབང་པོ་དང། དྲག་པོ་དང། ཚང་པ་ཆེན་པོ་དང། ཀུན་བྱེད་གཞོན་ནུ་དང། དབང་ཕྱུག་ཆེན་པོ་དང། སྨིན་དྲུག་གི་བུ་དང། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གྲུ་གསུམ་གྱི་དབུས་སུ་ཅིག་ལེ་ཟླུ་མ པོ་ལ་སྔར་སྨོས་པའི་ཡེ་ཤེས་ཀྱི་ལྟ་བཀོད་ལ། ཕྱས་ཞི་བ་ལ་སོགས་པའི་ཁ་དོག་དང་དབྱིབས་སུ་བྱས་པའི་རིམ་པ་གཉིས་པ་ལ། ཤར་དུ་ནི་ཚངས་པའོ། །ལྷོར་དབང་པོའོ། །ནུབ་ཏུ་ཉེ་བའི་དབང་པོ་ལ་བྱང་དུ་དྲུག་པོའོ། །མེད་ཚངས་པ་ཆེན་པའོ། །སྲིན་པོར ཀུན་སྐྱེད་གཞན་ནུའོ། །རླུང་དུ་དབང་ཕྱུག་ཆེན་པོའོ། །དབང་ལྡན་དུ་ནི་སྨིན་དྲུག་གི་བུའོ། །སྟེང་དུ་ནག་པོ་ཆེན་པོའོ། །འོག་ཏུ་ནི་དགའ་བྱེད་དབང་ཕྱུག་གོ། །དེ་དང་ཀྱང་ཞལ་གཅིག་སྦྱན་གསུམ་པ་ཕྱག་བཞི་པ། གོས་དང་རྒྱན་སྣ་ཚོགས་པས་བརྒྱན་པའོ། །སྐུ མདོག་ཀྱང་གོ་རིམས་བཞིན་དུ་ཕྱོགས་རྣམས་ནག་པོ་དང། སེར་པོ་དང། དཀར་པོ་དང། དམར་པོའོ། །མཚམས་རྣམས་ནི་དམར་པོ་དང། དཀར་པ་དང། སེར་པོ་དང། ནག་པོའོ། །ཚངས་པ་ནི་ཕྱག་ན་ཐོད་པ་དང། བགྲང་ཕྲེར་དང། སྦྱི་བླགས་དང། པ་དང། ། དབང་པོའི་མདུང་ཐུང་དང། ཐོད་པ་དང། བགྲང་ཕྲང་འཛིན་པའོ། །ཉེ་བའི་དབང་པོའི་མདུང་རྩེ་གསུམ་དང། ཐོད་པ་དང། ཞགས་པ་དང། བྲང་ཕྲེད་དོ། །དྲག་པོའི་དུང་དང། འཁོར་ལོ་དང། ཐོང་པ་དང། དབྱུག་ཏོའི། །མཚམས་ཀྱི་ནི་གྲི་དང འོད་པ་དང། ཁ་ཊཱ་ག་དང། མདུང་རྩེ་གསུམ་ཀུན་འཁོར། །སྟེང་དང་འོག་གི་ལ་དོག་དང་ཕྱག་མཚན་ནི་ཤར་བུབ་གཉིས་བཞིན་ནོ། །དེ་རྣམས་ཀྱི་ཐུན་མོང་ནི་འོག་ནས་འཆང་པ་ཁོ་ནའོ། །དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་??་བསྟན་པའི་ཕྱིར་གཤིན་??་དང། ཆུ་ལྷ དང??་ཀླུ་བར་དང། འཕྲོག་མ་དང། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་གང་ཡིན་པ་དེ་དག་ཀྱང་ཞེས་གསུངས་ཏེ། དེ་ལ་གཤིན་རྗེ་ལ་སོགས་པས་ཉེ་བར་མཚོན་པ་ནི། ཤར་དུ་ཨཻ་ལས་བརྒྱ་བྱིན་ཏེ། ?་བོ་ཚེའི་སྙན་ལ་འདུག། མདོག་སེར ཕྱག་ནི་བཞི་པ་ལ། །རྡོ་རྗེ་དང་ནི་ཐོད་པ་ལག། ལག་གཉིས་ཐལ་མོ་སྦྱོར་བར་མཛད། །མེ་མཚམས་ཁི??་གི་དྲང་སྲོང་ནི། །མདོག་དམར་ཕྱག་བཞིར་སྐྱེས་ཞོན། །མེ་ཐབ་དང་ནི་ཐོད་པ་དང། །སྐྲག་པས་ཐལ་མོ་སྦྱོར་ལ་བརྩོན། །ལྷོ རུ་ཡཾ་ལས་ཉི་མའི་བུ། །མདོག་དམར་ཕྱག་བཞི་མ་ཧེ་ཞོན། །དབྱུག་པ་ཐོད་པ་བསྣམས་པ་དང། །སྐྲག་པས་ཐལ་མོ་སྦྱོར་ལ་བརྩོན། །བདེན་བྲལ་རཾ་གྱི་སྲིན་པོ་ནི། །མདོག་ལྗང་ཕྱག་བཞི་མི་རོ་ཞོན། །རལ་གྲི་དང་ནི་ཐོད་པ་ཐོགས། །སྐྲག་པས་ཐལ་མོ སྦྱོར་ལ་བརྩོན། །ནུབ་ཏུ་བཾ་གྱི་རྒུ་བདག་ནི། །མདོག་དཀར་ཕྱག་བཞི་ཆུ་སྲིན་སྟན། །ཞགས་པ་དང་ནི་ཆུ་སྲིན་ཐོགས། །སྐྲག་པས་ཐལ་མོ་སྦྱོར་ལ་བརྩོན། །རླུང་མཚམས་ཡཾ་ཡིག་རླུང་གིས་བཏེག་།དུང་ཀ་ཕྱག་བཞི་རི་དགས་ཏེ། །བ་དན་དང་ནི་ཐོད་པ ཉིད། །དེ་བཞིན་ཐལ་མོ་སྦྱོར་ལ་བརྩོན། །བྱང་དུ་སྐུ་ཡི་ལུས་ངན་པོ། །མདོག་སེར་ཕྱག་བཞི་བུམ་པ་ཐོགས། །རིན་པོ་ཆེ་དང་ཐོད་པ་འཛིན། །ཐལ་མོ་སྦྱོར་ལ་བརྩོན་པར་མཛད། །དབང་ལྡན་ཨཻ་ལས་བྱུང་བའི་བདག་།ཐལ་བའི་མདོག་ལ་ཁྱུ་མཆོག་སྟེ། ཐོད་པ་དང་ནི་སུམ་རྩེག་འཛིན། །སྐྲག་ནས་ཐལ་མོ་སྦྱོར་ལ་བརྩོན། །སྟེང་དུ་བཾ་ལས་ཚངས་པ་ནི། །སེར་པོ་ཤིང་རྟའི་སྟན་ལ་གནས། །གྲི་གུག་ཐོད་པ་འཛིན་པ་སྟེ། །དེ་བཞིན་ཐལ་མོ་སྦྱོར་བར་བྱེད། །འོག་ཏུ་ཕུལ་ས་བདག་ནི། །སེར་པོ་གླུར བསྟན་ལ་བཞུགས། །བུམ་པ་དང་ནི་ཐོད་པའི་ལག་།ལག་པ་ཐལ་མོ་སྦྱོར་ལ་གུས། །འཕྲོག་མ་ནི་འོག་ནས་འབྱུང་བའི་མ་མོ་རྣམས་དང་ཞེས་གསུངས་པའི་སྐབས་འདི་ཉིད་དུ་རིག་པར་བྱ་སྟེ། མ་མོ་རྣམས་ནི། ཤར་དུ་ཧྲི་ལས་ཕག་མ་ནི མདོག་སྔོན་དྲག་མོ་ཆེན་མོ་སྟེ། །ཕག་མོ་ཞེས་བྱ་ཕྱག་བཞི་མ། །མངའ་དང་གཞུ་དང་དེ་བཞིན་དུ། །རྒྱལ་མཚན་དང་ནི་ཐོད་པ་ཉིད། །ཕག་གི་གདོང་ཅན་འཇིགས་བྱེད་པའོ། །བྱང་གི་ཐེཾ་གྱི་བསྒེགས་མ་ནི། །མདོག་དམར་དྲག་མོ་ཆེན་མོ་སྟེ།། ཐོད་བ་ཉིད་དང་ལྕགས་ཀྱུ་དང། །ཁ་ཊཝཱཾ་ག་སྟེ་དེ་བཞིན་ནོ། །ནུབ་ཏུ་ཀུཾ་ལས་གཞོན་ནུ་མ། །མདོག་སེར་མ་ལ་ཕྱག་བཞིན། །མདུང་རྩེ་གསུམ་དང་བ་དན་གསུམ། གཞུ་དང་མདའ་ནི་དེ་བཞིན་ནོ། །ལྷོ་རུ་ཧི་ཡིག་ཙཱ་མུཎྜི། །མདོག་སྔོན་མ་ལ་ཕྱག་བཞི་མ། །ཁ་ཊཝཾ་ཉིད དང་ཐོད་པ་དང། །དེ་བཞིན་རལ་གྲི་ཅིང་ཏེའུའོ། །མེ་མཚམས་སའི་མཚམས་ལ་ནི། །སྐུ་མདོག་དཀར་པོ་ཕྱག་བཞི་མ། །ཚངས་པའི་སྐུ་དང་ཐོད་པ་ཉིད། །གཞུ་དང་མདའ་ནི་དེ་བཞིན་ནོ། །སྲིན་པོ་གཾ་གིས་ཚོགས་བདག་མ། །མདོག་ལྗང་མ་ལ་ཕྱག་བཞི་ནོ། ། མདུད་རྩི་གསུམ་དང་ཐོད་པའི་ཕྱག་། བགྲང་ཕྲེང་དང་ནི་ལ་ཕུག་གོ་།རླུང་མཚམས་པ་ཡིག་ཁྱབ་འཇུག་མ། །མདོག་སྔོན་མ་ལ་ཕྱག་བཞི་ན། །ཚངས་དང་ཆུའི་ཐོད་པ་བསྣམས། །ཞགས་པ་ཁ་ཊཝཾ་དེ་བཞིན་ནོ། །དབང་ལྡན་ཨཻ་ཡིག་ལས་བྱུང་བའོ། །དབང་མོ མདོག་སེར་ཕྱག་བཞིན། །རྡོ་རྗེ་དུང་དང་ཐོད་པ་དང། སྔགས་མཛུབ་དང་ནི་ཞགས་པ་ཉིད། །མ་མོ་ཐམས་ཅད་གྱེན་སྐྲ་འབར། །སྣ་ཚོགས་རྒྱན་གྱིས་རྣམ་པར་ཀླུབས་སོ། །མི་རོའི་སྟན་ལ་བཞུགས་སྤྱན་གསུམ། །སྟག་གི་པགས་པས་རྐང་པ་དཀྲིས། །དཔལ ལྡན་ཡི་ཡིག་གནོད་སྦྱིན་མ། །ཁྱུ་མཆོག་སྟན་ལ་བཞུགས་པ་སྟེ། མདོག་དཀར་མ་ལ་ཕྱག་བཞིན། །ཐོད་པ་དང་ནི་མདུང་རྩེ་གསུམ། །ཐལ་མོ་སྦྱོར་ལ་བརྩོན་པ་ལ། །དེ་ནས་ཡང་སྔར་བཤད་པའི་ཚངས་པ་ལ་སོགས་པ་དང། དེ་རྣམས་ཀྱི་བཙུན་མོ་དང། འཁོར བསྟན་པའི་ཕྱིར། །ཚོགས་ཀྱི་བདག་པོ་གཞན་དག་དང། མ་མོ་བདུན་པོ་གང་ཡིན་པ་རྣམས་དང། གནོད་སྦྱིན་མོ་དང་སྲིན་མོ་དང། ཤ་ཟ་མོ་གང་ཡིན་པ་དེ་དག་ཐམས་ཅད་ཅེས་གསུངས་ཏེ། དེ་ལ་ཚོགས་ནི་གཏོང་མའོ། །དཀྱིལ་འཁོར་ཆེན་པོ་ལ གཏོགས་པའོ། །དེའི་བདག་པོ་ནི་རྡོ་རྗེ་ཧེ་རུ་ཀའོ། །གཞན་དག་ཅེས་པ་ནི། འབྱུང་པོའི་བདག་པོ་ལས་གཞན་དུ་གོ་བར་བྱའོ། །ཡང་ན་མ་མོའི་ཚོཌ་ཀྱི་བདག་པོ་གང་ཡིན་པ་ནི་ཚོཌ་ཀྱི་བདག་པོའོ། །གཞན་དག་ཅེས་པ་ནི་སྔ་མ་བཞིན། །མ་མོ་བདུན་པོ་གང་ཡིན་པ་ཞེས་པ ནི་ཚངས་པ་ལ་སོགས་པའི་བཙུན་མོ་ཡིན་པས་གཙོ་མོ་ཞེས་པའོ། །གནོད་སྦྱིན་མོ་ཞེས་པ་ལ་སོགས་པ་ནི་འཆད་པར་འགྱུར་བའི་མ་མོ་རྣམས་ཀྱང་རིགས་འདི་གསུམ་དུ་བསྡུས་པའོ། །ཞེས་པའོ། །གང་ཞེ་ན། དྲག་མོའི མདུན་དུ་ཙཱ་མུཎྜིའོ། །གཡོན་དུ་དྲག་མོའོ། །རྒྱབ་ཏུ་མི་སྡུག་མའོ། །གཡས་སུ་རྐང་མདོག་མ་རྟེ་མདོག་ནག་མོ་ལ་མཆོད་པ་ལྔས་གང་བའི་ཐོད་པ་བསྣམས་པའོ། །ཉེ་བའི་དབང་པོའི་མདུན་དུ་ནི་རྒྱལ་མ་དང། རྣམ་པར་རྒྱལ་མ་དང། མི་ཐུབ་མ་དང། གཞན་གྱི་མི་ཐུབ་པ་རྣམས་ཏེ། བཅའ་བ་དང་ལྡག་པ་འཛིན་པ། ལྗང་གུའི་མདོག་གོ་།དབང་པོའི་མདུན་དུ་ནག་མོ་བཟང་མོ་དང། ནག་མོ་ཆེན་མོ་དང། ནག་སྐྲམ་མ་དང། རྣལ་འབྱོར་མ་རྣམས་ཏེ། དམར་མོ་མཆོད་པ་ལྔས་གང་བའི ཐོད་པ་ཐོགས་པའོ། །ཚངས་པའི་མདུན་དུ་དབང་མོ་དང། ཟླ་བ་མོ་དང། དྲག་མོ་དང། སྔར་མ་རྣམས་ཏེ། བཟའ་བ་དང། བཏུང་བ་ཐོགས་པ་སེར་མོའོ། །སྨིན་དྲུག་གི་བུའི་མདུན་དུ་འབྲང་མ་དང། ལྷའི་དབང་ཕྱུག་མ་དང། དུང་ཅན་མ དང། མར་མེ་མ་རྣམས་ཏེ། གཙོ་བོའི་མདོག་ཅན་ཕྱག་ན་བཟའ་བ་དང། བཏུང་བ་ཐོགས་པའོ། །ཆེན་པོ་ཆེའི་མདུན་དུ་འཇམ་མ་དང། གྲོང་ཁྱེར་ན། གནས་པའི་རྣལ་འབྱོར་མ་དང། དྲག་པོའི་གཟུགས་ཅན་མ་དང། གཟུགས་མ་རྣམས ཏེ། གཙོ་བོའི་མདོག་དང་སྟོན་མོས་བཀང་བའི་ཐོད་པ་ཐོགས་པའོ། །ཀུན་འགྱེད་གཞོན་ནུའི་མདུན་དུ་བཀའ་ལས་འདས་ཀྱི་ཆུང་མ་དང། །ཕྱེ་བའི་གཟུགས་དང། གཟིགས་མ་དང། ཐོད་པའི་ཕྲེད་པ་ཅན་དང། གཤིན་རྗེའི་ཁ་ཊཱཾ་ག ཕྱར་བ་རྣམས་ཏེ། བདག་པོའི་མདོག་ཅན་བཟའ་བཏུང་འཛིན་པའོ། །དབང་ཕྱུག་ཆེན་པོའི་མདུན་དུ་ལག་ན་རལ་གྲི་མ་དང། ལག་ན་དགྲ་སྟ་མ་དང། ལག་ན་རྡོ་རྗེ་མ་དང། ལག་ན་མདའ་ཆེན་མ་རྣམས་ཏེ། བདག་པོའི་མདོག་དིང བཟའ་བཏུང་ལ་སོགས་པ་ཐོགས་པའོ། །བཟའ་དང་རྒྱུ་སྐར་དང་ཞེས་པ་ལ། དེའི་ཕྱི་རོལ་ཏུ་ཤར་དུ་ནི་ཉི་མ་མདོག་དམར་པོ་དང། ཕྱག་གཉིས་ན་པདྨ་འཛིན་པ། ཐེལ་མོ་སྦྱོར་བ་ལ་བརྩོན་པར་མཛད་པའོ། །རྟ་བདུན་ལྡན་པ་ཤིང་རྟ་ཞོན། །མེ་མཚམས་ཤུཾ་གི་པ་བ གསང། །ཁ་དོག་དཀར་པོ་འབར་བ་སྟེ། །གཡོན་པས་པད་སྟེང་ནོར་བུ་འཛིན། །གཡས་པས་དེ་བཞིན་འཁོར་ལོ་སྟེ། །ཐལ་སྦྱོར་བྱས་པར་སྐྱེས་ཞེ་ན། །ལྷོ་རུ་ཨོཾ་གི་མིག་དམར་ནི། །མདོག་དམར་པོའི་སྟན་ལ་གནས། །རལ་གྲི་དང་ནི་ཞགས་པ་འཛིན། །ཐལ་མོ་སྦྱར ལ་བརྩོན་པར་བྱེད། །སྲིན་པོ་རི་གྱི་སྒྲ་ཅན་འཛིན། །གཡས་ན་ཉི་མ་གཡོན་ན་ཟླ། །དུད་བ་ཐལ་མོ་སྦྱར་བྱས་པ། །ལུས་བྱེད་རང་གི་སྟན་ལ་གནས། །ནུབ་ཏུ་མཾ་ཡིག་ཡིན་པ་སྟོ། །ཕྱག་གཉིས་ཐོད་པ་འཛིན་པ་དང། ཐལ་མོ་སྦྱར་བ་བྱས་པའི་ཕྱག། མེ་ཡི ཐབ་ཀྱི་སྟེང་དུ་ནི། །མེ་བཞིན་འབར་བར་གནས་པའོ། །རླུང་དུ་ཤིག་ཟླ་བ་དཀར། །གཡོན་དུ་པདྨ་ནོར་བུའོ། །གཡས་པ་པདྨའི་སྟེང་དུ་ཟླ། །ཐལ་མོ་སྦྱར་ནས་ངང་པ་ཞོན། །བྱང་དུ་བཾ་གི་ཕུར་བུ་ལེགས། །གཡོན་དུ་རིལ་པ་སྤྱི་བླུགས་ཏེ། གཡས་སུ་དེ་བཞིན་ཐོད པའོ། །ཐལ་སྦྱར་རིན་ཆེན་སྟན་ལ་གནས། །དབང་ལྡན་དྲུང་གི་བཟའ་ལག་དཀར། །གཡས་པ་ན་ནི་རིན་ཆེན་ཏེ། །དེ་བཞིན་གཡོན་དུ་ཐོད་པའོ། །ཐལ་སྦྱར་བུམ་པའི་སྟན་ལ་གནས། །ཀཾ་གི་རྒྱལ་མཚན་སྦྲུལ་གདྲུག་དམར། །ཕྱག་གཉིས་རལ་གྲི ཐལ་སྦྱར་བརྩོན་ཞེས་སོ། །དེ་བཞིན་དུ་རྒྱུ་སྐར་རྣམས་ཀྱང་བུད་མེད་ཀྱི་གཟུགས་ཅན་ཏེ། ཐ་སྐར་ནི་དཀར་ནི་དཀར་པོའོ། །བྲ་ཉེ་ནི་ལྗང་ཁུའོ། །སྨིན་དྲུག་ནི་སྔོ་སངས་སོ། །སྣར་མ་ནི་དམར་སྐྱའོ། །མགོ་ནི་སྔོན་པོའོ། །ལག་ནི་སེར་པོའོ། །ནམ་སོ་ནི་སེར་པོའོ། །རྒྱལ་ནི་སོ་སངས སྐག་ནི་དཀར་པོའོ། །མཆུ་ནི་སེར་པོའོ། །བྲེ་ནེ་མི་ཏོག་པྲི་ཡང་ཀུ་ལྟ་བུ་ལྗང་གུའོ། །དཔོན་ནི་ལྗང་གུའོ། །མ་བཞིན་ནི་དཀར་པོའོ། །ནག་པ་ནི་ལྗང་གུའོ། །སེར་ནི་སེར་པོའོ། །ས་ག་ནི་ནག་པོའོ། །སེར་ནི་སེར་པོའོ། །སྣུབས་ནི་སེར་པོའོ། །ཆུ་སྟོད་ནི་སྔོན་པོའོ། །ཆུ སྨད་ནི་དཀར་པོའོ། །གྲོ་ཞུན་ནི་སྐྱ་པོའོ། །བྱི་ཞིན་ནི་སྔོ་སར་སོ། །མོན་དྲེ་ནི་སེར་པོའོ། །ཁྲུམས་སྟོད་ནི་ལྗང་གུའོ། །ཁྲུམས་སྨད་ནི་སེར་པོའོ། །ནམ་གྲུ་ནི་སྐྱ་པོའོ། །ཐམས་ཅད་ཀྱང་གསེར་གྱི་སྟོད་གཡོགས་ཅན་ཐལ་མོ་སྦྱར་བར་བསམ་མོ། །ཡང་ཤར ཕྱིར་ཀྱི་དུར་ཁྲོད་ཀྱི་མདུན་དུ་འཇིགས་བྱེད་དང། ཐོད་ཕྲོད་ཅན་དང། སྲིན་པོ་ཁར་ཅན་དང། ཚོགས་ཀྱི་དབང་ཕྱུག་དང། བཞི་པོ་དེ་དག་ཆུང་མི་དང་བཅས་པ་ནག་པོའོ། །བྱང་གི་དུར་ཁྲོད་ནི་གཏུམ་པའི་དབང་ཕྱུག་དང། ཛམ་ཡིག་རྔ་དང། རྐེད པའི་དྲ་ཏྲ་དང། སྤོམ་པོའི་དབང་ཕྱུག་རྣམས་ཆུང་མ་དང་བཅས་པ། །ལྗང་གུའི་མདོག་ཅན་ནོ། །ནུབ་ཏུ་དུར་ཁྲོད་མ་ར་དང། ཕེ་ག་དང། འཇིགས་སུ་རུང་བ་རྣམས་ཆུང་མ་དང་བཅས་པ་དམར་པོའི་ཁ་དོག་ཅན་ནོ། །ལྷོ་ཕྱོགས་ཀྱི་དུར་ཁྲོད་དུ་སྐུའི་དབང ཕྱུག་དང། སྒྲ་ཆེན་དང། མཆེ་བ་གཙིགས་པ་དང། མངའ་འཛིན་རྣམས་ཆུང་མ་དང་བཅས་པ་ཁ་དོག་སེར་པོའོ། །དེ་དག་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ། །ཁ་ཊཝཱཾ་དང། ཐོད་པ་དང། མདུང་རྩེ་གསུམ་པ་ལྟ་མོ་ལ་འཁྱུད་པ་སྟེ། ཤིང བརྒྱད་ལ་གནས་པར་བསམ་པར་བྱའོ། །དེ་དག་ཐམས་ཅད་ཀྱང་གཅིག་དུ་འདུས་ཤིང་མཐུན་པར་དཔུང་དང་བཅས། འཁོར་དང་བཅས། ཞེས་པའི་དོན་ཡང་དེ་དག་སྟེ་གོ་སླའོ། །གཞན་ཡང་གསུངས་པ། ལྷ་དང། ཀླུ་དང། གནོད་སྦྱིན་དང ཞེས་པ་སྟེ། ལྷ་ནི་མ་ཧཱ་དེ་བ་ལ་སོགས་པ་བརྒྱད་དོ། །ཀླུ་ནི་མཛའ་ཡས་ལ་སོགས་པ་བརྒྱད་དོ། །གནོད་བྱིན་ནི་གང་བ་བཟང་པོ་ལ་སོགས་པ་བརྒྱད་དོ། །འདི་དག་རྣམས་ཀྱང་སོ་སོར་གཏོར་མའི་ཆོ་གར་གསུངས་བའམ། ཤར་ལ་སོགས པར་སྒྲུབ་པའི་ཐབས་གཞན་ལས་བཤད་པ་བཞིན་དགོད་པར་བྱའོ། །གཞན་ཡང་འཇིག་རྟེན་གསུམ་ན་གནས་གྲུབ་པ་དང། རིག་པ་འཛིན་པ་དང། ལྷ་ཡི་བུ་མོ་དང། དྲི་ཟ་བ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་དང་གཞན་དག་ཀྱང་ཕྱོགས་མཚམས་དང་མདུན་དུ་བདར་ཏེ། ཡི་དྭགས་དང། ཤ་ཟ་ལ་སོགས་པ་ཀུན་ཀྱང་ཤཱན་ཏིང་ཀ། པུཥྚི་ཀ། པ་ཤང་ཀུ་རུ་དང། མཱ་ར་ཡའི་སྒྲ་སྒྲོགས་པ་ཡིད་ཀྱིས་བསམ་པར་བྱ་ཞིང་བསྒྲུབ་པ པོ་ལ་མཆོག་སྩོལ་བར་བལྟ་བར་བྱའོ། །དེ་དག་གི་ཡང་རང་རང་གི་ཡི་གེ་སྙིང་གར་བཀོད་ལ། ཨོཾ་ཨཱབ་རུ་ཎ། ཀུ་བེ་ར། ཧ་རི་ཏེ། ད་ཤ་དི་ཀ་ལོ་ཀ་པཱ་ལཱ་ཤཙ། ན་ག། ཡཀྵ་གནྟེ་རྦྷ། ཨ་སུ་ར། ག་རུ་ཌཱ། ཀིནྣ་ར། མ་ནུ་ཥུ། གྲ་ཧཱ་ཎཱ། ནཀྵ་ཏྲ། མ་ཏྲི་ག་ཎ། ག་ཎ་པ་ཏི། སཔཏ་མ་ཏྲི། ཡཀྵ་ན། རཀྵ་ས། བི་ཤཱ་ཙ། སརྦ་ནཱཾ། ས་པ་རི་ཝཱ་ར་ན། ཨཻ་མཾ་བ་ལིཾ། ཁ་ཁ་ཁཱ་ཏི་ཁཱ་ཏི གྲིཧྞ་གྲིཧྞ། མ་ཏི་ཀྲ་མ་ཐཱ། བྷུཉྫ་ཐཱ། པི་བ་ཐཱ། ས་མ་ཡ་མ་ནུསྨར་རཀྵནྟུ། མ་མ་སརྦ་སིདྡྷི་བྲི་ཡཙྪནྟུ་སརྦ་བྱ་དྷི་ཤཱནྟིཾ་ཀུ་རུ་ཧཱུཾ་ཕཊ། སྭཱཧཱ། ཞེས་བྱ་བས་ཆོ་ག་བཞི་དུ་འཐོར་འཌུར་བྱིན་ལ་མེ་ཏོག་དང། བདུག་པ་དང། མར་མེ་དང། རོལ་མོ་ལ་སོགས་པས མཆོད་ལ་གཏོང་མ་གཏང་བར་བྱའོ། །དེ་ནས་ཆོ་ག་གཞན་ལས་གསུངས་པ་བཞིན་དུ་སྦྱིན་བསྲེག་གིས་ཀྱང་ཞི་བ་དང་རྒྱས་པ་ལ་སོགས་པ་ཡང་བསྒྲུབ་པར་བྱའོ། །ཞི་བ་དང་རྒྱས་པ་དང། མངོན་སྦྱོང་ཀྱང་འགྲུབ་པར་བསྟན་པའི་ཕྱིར་འགྱུར པ་དང། སྐྱོབ་པ་དང། སྦོད་པར་བྱེད་པར་འགྱུར་རོ། །ཞེས་གསུངས་ཏེ། སྲུང་བ་ནི་སྡིག་པ་དང། བར་ཆོད་ཀྱིས་མི་ཚུགས་པར་བྱེད་པ་དང། བསོད་ནམས་དང། དགེ་བའི་རྩེ་བ་ལ་སོགས་པ་མི་ཉམས་པར་བྱེད་པའོ། །སྐྱོབ་པ་ནི་འཇིག་རྟེན་འདི་དང་ཕྱི་མའི་འཇིགས པ་ལ་སོགས་སྐྱོབ་པའོ། །སྦེད་པར་བྱེད་པ་ནི་གང་དག་ཉེས་པའི་གཡུལ་དུ་འཇུག་པའམ། ལམ་དུ་འཇུག་པའི་དུས་སུ་མི་དང་མི་མ་ཡིན་པ་རྣམས་ཀྱི་བལྟར་མི་སྣང་བའོ། །གནས་སྐབས་གང་དུ་ཞེ་ན། མཉམ་པར་བཞག་ཀྱང་དུར་ཞེས་གསུངས་ཏེ། གོ་སླའོ། །དུས། ཇི་ཙམ་དུ་ཞེ་ན། རིང་བ་དང་ཉེ་བ་དག་སྟེ། དེ་བསྟན་པའི་ཕྱིར། རྟག་པར་རྒྱུན་མི་འཆད་པར་ཉིན་མཚོན་ཕྱད་པར་ཞེས་གསུངས་ཏེ། རྟག་པར་རྒྱུན་མི་འཆད་པར་ཡིན་རིང་པོ་སྟེ་གཏན་ཏུའོ། །ཉིན་མཚན་ཕྱད་པར་ནི་དུས་ཉེ་བར ཏེ། ཉིན་ཞག་གཅིག་ལའོ། །སྤྱོད་ལམ་གང་ཞེ་ན། འགྲོ་ཡང་རུང་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ། །རྒྱས་པའི་ལས་བསྟན་པའི་ཕྱིར། མདངས་དང་སྟོབས་དང། གཟི་བརྗིད་མཆོག་ཀྱང་ཞེས་པ་གསུངས་ཏེ། གོ་བླའོ། །དབང་གིས་ལས་བསྟན པའི་ཕྱིར། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཕན་གདགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ལ་མི་འཇིགས་པའི་དབང་ཐོབ་པ་དང། མི་འཇིགས་པའི་སྤོབས་པ་ཡང་དག་པར་སྒྲུབ་པ་དང མཛད་པའོ། །ལྷག་མ་ནི་གོ་བླའོ། །དྲག་པོའི་ལས་བསྟན་པའི་ཕྱིར། བགེགས་དང། ལོག་པར་འདྲེན་པ་དང། བདུད་ཀྱི་དགྲ་དང། ཕྱིར་ཟློག་པ་དང། གཞན་གྱིས་མི་ཚུགས་པ་ཞེས་གསུངས་ཏེ། དེ་ལ་བགེགས་ནི་དངོས་གྲུབ་ཀྱི་བར་དུ་གཅོད པ་སྟེ། བསམ་པ་ལ་བགེགས་བྱེད་པའོ། །ལོག་པར་འདྲེན་པ་ནི་ལམ་ཕྱིན་ཅི་ལོག་པར་འདྲེན་པའོ། །བདུད་ཀྱི་དགྲེ་ཉིད་ནི་དེ་དག་སྟེ། བདུད་ཀྱང་དེ་བགེགས་ཀྱང་དེ་ཡི་པས་ན་བདུད་ཀྱི་དགྲའོ། །དེ་བས་ན་དེ་ལམ་དོན་སྤྱོད་ཀྱི་ལས་བྱ་བར གསུངས་སོ། །ལྷག་མ་ནི་གོ་སླའོ། །འཁོར་ལོ་བཞི་པའི་ཕན་ཡོན་ལ་ཚིགས་གི་རྣམ་གྲངས་བཤད་པ་སྟེ། བླ་མའི་མན་ངག་གིས་དཀྲུགས་པ་ཕྲེང་དུ་བྱས་པའོ། །དེ་ལྟར་འཁོར་ལོ་བཞི་པ་རྣམ་པར་བཤད་ནས། ད་ནི་འཁོར་ལོ་ལྔ་པ་འདི ལ་ལས་དང་པོ་པ་དང། དབང་པོ་ཐ་མས་ཚུལ་ཇི་ལྟར་ཉམས་སུ་བླངས་པའི་ཕན་ཡོན་ནི་ཚུལ་ཇི་ལྟར་ཉམས་སུ་བླང་བ་ལ་གཉིས་ཏེ། འདོན་པའི་ཚུལ་དང། བསམ་གཏན་གཉིས་ལས་བཏོན་པས་གཟུགས་སྐུ་མཐོང་བ་དང། སྦྱོར་བ་དྲུག་ལ བསམ་གཏན་བྱ་བ་བསྟན། དེས་དྲོང་བསྟན། །དེ་ལ་ཡང་གཉིས་ཏེ། མཚན་མོའི་རྟོགས་དང། མཚོན་མོའི་རྟགས་ལས་ཉིན་མོའི་ཕྱི་རྟགས་སུ་བརྟན། །མཚན་མོ་ནང་གི་རྟགས་སུ་སྟོན། །སྤྲུལ་སྐུ་མཐོང་བ་ལ་གཉིས་ཏེ་སྐྱེ་བའི་སྒྲིབ་པ་བཅུ་སྤངས་པས་མཐོང བ་དང། དབང་བཅུ་དང་ལྡན་པས་སངས་རྒྱས་ཀྱི་ཡོན་ཏན་བགྲངས་བས་མི་ལང་བས་འཇུག་བསྡུས་ཏེ་བསྟན་པའོ། །དེའི་རྗེས་ལ་གཞུང་གི་འཇུག་དོན་བསྟན་ཏེ། དེ་ལ་མ་འོངས་དུས་སུ་གཞུང་འདི་འཛིན་པར་ལུང་བསྟན་པ་དང། མཇུག་དགེ་བའི་རྩ་བ་བསྔོ་ཞིང བཟོད་པར་གཟོལ་བའོ། །ད་ནི་འཁོར་ལོ་ལྔ་པའི་ཕན་ཡོན་བཤད་པའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བརྡ་ཕྲད་པར་ཟད་དོ། །མཚན་གྱི་གཙུག་གི་ནོར་བུ་འདི་ཞེས་པ་ན་སྔར་བཤད་པ་བཞིན་ནོ། །རྒར ཞིག་ཉིན་ཅིག་བཞིན་དུ་དུས་གསུམ་དུ་མ་ཉམས་པར་ལན་གསུམ་དུ་ཁ་ཏོན་དུ་འདོན་ཏམ། གླེགས་བམ་དུ་བྱས་པ་ལ་ཀློག་ཅིང་བརྗོད་ལ་ཞེས་པ་ནི་དེ་ལ་གང་ཞིག་ཅེས་པ་ནི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོ་དབང་པོ་ཐ་མའམ་ལས་དང་པོ་པ་ཞེས པའོ། །ཉིན་གཅིག་ཞེས་པ་ནི་ཉི་མ་རེ་རེ་བཞིན་ཞེས་པའོ། །དུས་གསུམ་ནི་གོ་སླའོ། །མ་ཉམས་པ་ནི་ལྷག་ཆད་མེད་པར་གྱུར་པའོ། །ལན་གསུམ་དུ་ཞེས་པ་ནི་ཐེབས་གསུམ་དུ་ཞེས་པའོ། །ཁ་དོན་མི་བློ་ལ་གསལ་བ་ཁར་བརྗོད་པའོ། །གླེགས་བཾ ནི་པོ་ཏི་ལ་གློག་པའོ། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཨི་གཟུགས་ཡིད་ལ་དམིགས་ཤིང་གཟུགས་དང་མཐུན་པར་སེམས་ཏེ། དེའི་གཟུགས་དང་མཐུན་པར་བསམ་གཏན་དུ་བྱེད་པ་ཞེས་པ་ནི་དབང་པོ་འབྲིང་པོ་སྔར་འཁོར་ལོ་བཞི པའི་སྐབས་སུ་བཤད་པ་བཞིན་སྐྱེད་པའི་རིམ་པ་ལ་དམིགས་ནས་གཟུགས་སུ་བསྒོམ་པའོ། །ཞེས་པའོ། །དེའི་གཟུགས་དང་མཐུན་པར་བསམ་གཏན་བྱེད་པ་ནི་ཞེས་པ་ནི་དེའི་གཟུགས་ནི་དེའི་ངོ་བོ་ཉིད་དོ། །འདིར་ལ་ལ་དག་ཡེ་ཤེས་སེམས་པའི་སྐུའོ དམིགས་ནས་ལ་དོན་དང། གླེགས་བམ་གློག་ཅིང་འདོན་པའོ་ཞེས་འཆད་དེ། དེ་ལྟ་ན་ནི་སྔར་ཡང་གཟུགས་དང་མཐུན་པར་དམིགས་ཏེ་ཞེས་བློས་པའི་སྐྱོན་དུ་འགྱུར་རོ། །དེའི་རང་བཞིན་དང་མཐུན་པ་ནི་ཇི་ལྟ་བུ་ཞེ་ན། དེའི་རང བཞིན་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྟོགས་པར་མཛད་པར་གྱུར་པ་དང་རྟོགས་པར་མཛད་པ་དང། རྟོགས་པར་མཛད་པར་འགྱུར། དེ་བས་ན་དེའི་ངོ་བོ་ཉིད་ནི་སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའོ། །ཚུལ་གང་ལས་བྱུང་ཞེ་ན། བླ་ན མེད་པ་རྡོ་རྗེའི་ཐེག་པ་ལས་བྱུང་བའི་སྐུའི་ངོ་བོ་ཉིད་དོ། །དེའི་སྒྲུབ་པའི་ཡན་ལག་ནི་སྦྱོར་བ་དང་པོ་དང། དཀྱིལ་འཁོར་རྒྱལ་མཆོག་ལ་སོགས་པ་དང། གཞི་དང། རྣལ་འབྱོར་བཞི་དང། བསྙེན་བསྒྲུབ་བཞི་དང། རྣལ་འབྱོར་གྱི་ཡན་ལག དྲུག་ལ་སོགས་པའོ། །དེ་ལས་བྱུང་བའི་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་ཉིད་ཡི་གེ་མེད་པའི་དེ་ཁོ་ན་ཉིད་དེ། །འོན་ཀྱང་དེ་ཁོ་ན་ཉིད་ལ་སྙིང་རྗེ་རྒྱུན་ཆད་ནས་གནས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ནི་ལྔ་དང་རིགས་དྲུག་དང བརྒྱད་ལ་སོགས་པ་ཡང་འབྱུང་ངོ། །དེ་བས་ན་སྐུ་དེའི་ངོ་བོ་ཉིད་ནི་སྟོང་པ་ཆེན་པོ་དང། ཐིག་ལེ་ཆེན་པོ་ཞེས་བྱའོ། །དེའི་ཕྱིར་རྣམ་པ་ཐམས་ཅ་དཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཡིན་པས་རྣམ་པ་ཡང་རང་བཞིན་མེད་པའི རྣམ་པའོ། །དེའི་ལས་ཀྱི་ཕྱག་རྒྱའམ། ཕྱག་རྒྱ་ཆེན་པོའམ། ཡེ་ཤེས་ཀྱི་ཕྱག་རྒྱའམ། དེ་ལ་བརྟེན་ནས་འབྱུང་བའམ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ལ་བརྟེན་པ་ཡང་ཕྱག་རྒྱ་སྦྱར་བ་ནི་བསྙེན་པའོ། །སྙོམས་པར་འཇུག་པ་ནི ཉེ་བར་བསྙེན་པའོ། །སྤྲོས་པ་ནི་སྒྲུབ་པའོ། །བཅུ་དྲུག་ཕྱེད་ཕྱེ་ཐིག་ལེ་ཅན་གྱི་གནས་སྐབས་ནི་སྒྲུབ་པ་ཆེ་པོའོ། །དེ་ལྟར་རྣལ་འབྱོར་བཞི་ལ་སོགས་པ་བསམ་གཏན་གྱི་ཡན་ལག་བཞི་བཞིར་གསུངས་པ་ཀུན་རིགས་པར་བྱའོ། ཕྱག རྒྱ་ཆེན་པོ་ནི་སྟོང་པ་དང། སྙིང་རྗེ་དབྱེར་མེད་པའི་ངོ་བོ་ཉིད་ཡིན་པས་བསྙེན་པ་ལ་སོགས་པ་བསྒྲུབ་པར་བྱ་བ་ཁོ་ན་ཡིན་པས་ཡན་ལག་མེད་ཅིང་རྩིས་ལས་འདས་པའོ། །དེ་ལྟ་བས་ན་དེའི་ངོ་བོ་ཉིད་དང་མཐུན་པར་བསམ་གཏན་བྱེད་པའོ། །སྦྱོར་བའི་ཡན་ལག་དྲུག ལས་བསམ་གཏན་ཞེས་པ་ནི་ཡན་ལག་གཅིག་གསལ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དོན་གྱིས་ན་ཡན་ལག་དྲུག་གོ་པར་བྱའོ། །དེ་ཡང་སོ་སོར་སྤོང་དང་བསམ་གཏན་དང། །སྲོག་དང་རྩོལ་བ་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་ཏེ། བླ་མའི་མན་ངག་ལས་རྟོགས་པར་བྱའོ། །དེ་ལ་བསམ་གཏན་ནི་བཞིར་གསུངས་ཏེ། །རྟོག་པ་དང། དཔྱོད་པ་དང་དགའ་བ་དང བདེ་བའོ། །དེ་ལ་རྟོག་པ་ནི་ཕྱི་ནང་དུ་ཐམས་ཅད་ལ་འཛིན་པར་བྱེད་པའོ། །དཔྱོད་པ་ནི་དེའི་ངོ་བོ་ངས་པར་བྱས་ཤིང་དེའི་རང་བཞིན་ཁོང་དུ་ཆུད་པར་བྱེད་པའོ། །དགའ་བ་ནི་སྟོང་པ་ཉིད་ཀྱི་སྐུ་མཐོང་བས་དེ་ཉིད་ལས་ཞེན་པ་དང་བཅས་ཤིང་སེམས་མི་འགྱུར་བར གནས་པའོ། །བདེ་བ་ནི་སྐུ་དང་ལྷན་ཅིག་སེམས་འདྲེས་ནས་རོ་མཉམ་པ་གསལ་བའི་བདག་ཉིད་ཅན་གྱི་མི་གཡོ་བར་འགྱུར་རོ། །གདུལ་བའི་དབང་གི་ཕྱིར་རིང་པོར་མི་ཐོགས་པར་སྤྲུལ་པའི་དེ་ཉིད་ཀྱི་གཟུགས་ཀྱི་ལུས་མཐོང་བར་འགྱུར་རོ་ཞེས་པ་ནི། དེ བཞིན་གཤེགས་པས་སེམས་ཅན་གྱི་དོན་དུ་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་དབང་གིས་སྙིང་རྗེ་ཆེན་པོའི་སྐུས་གདུལ་བྱ་ལ་སྐུ་སྔོན་པ་ནི་གདུལ་བྱའི་དབང་གི་ཕྱིར་རོ། །རིང་པོར་མི་ཐོགས་པར་ཞེས་བྱ་བ་ནི་བསམ་གཏན་གྱི་སྦྱོར་བ དག་པས་ནའོ། །དེ་སྐད་དུ་ཡང་བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་པར་ཤེས་པ་ལྔ་པོ་ནི། །ཐོབ་པར་འགྱུར་རོ་ཀྱེ་མི་བདག་ཅེས་གསུངས་སོ། །བསམ་གཏན་གྱི་སྦྱོར་བ་ནི་སྔོན་དུ་དབང་བསྐུར་བ་ཐོབ་ཅིང་ཐོགས་བསགས་པ་དང། ལྷ་བསྒོམ་པ ཀྱིས་གསང་གནས་ཀྱི་འཁོར་ལོ་འདིར་འཁོར་བ་ལུགས་སུ་འཇུག་པ། སྐྱེ་བ་རང་གི་མཚན་ཉིད་དང། ལུགས་ལས་ཟློག་པར་བྱེད་པའི་རང་གི་མཚན་ཉིད་དོ། །དེ་ལ་ཅིའི་ཕྱིར་གསང་བའི་གནས་ཞེས་བྱ་ཞེ་ན། དེ་བཞིན་གཤེགས པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ལས་སྙིང་པོ་མཆོག་ཏུ་གསང་བའི་གནས་སུ་འགྱུར་བ་དང། འདོད་ཆགས་དང་བྲལ་བས་སྲེག་པའི་གནས་ཡིན་པས་གསང་བའི་གནས་ཞེས་བྱའོ། །ལུགས་སུ་འཇུག་པ་སྲིད་པའི་ཡན ལག་ཏུ་བྱས་ནས་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་སུ་རྣམ་པར་བཞག་གོ། ལུགས་ལས་བཟློག་པ་རྣམ་པར་དག་པའི་དབང་དུ་བྱས་ནས་དག་པ་རྣམ་པ་བཅུ་གཉིས་སུ་རྣམ་པར་བཞག་གོ། དེ་ཡང་མ་རིག་པ་ལ་སོགས་པ་ཕ་དང་མའི འདུ་འཕྲོད་ལས་ལུས་ཇི་ལྟར་ལེན་པའི་རིམ་པ་ནི་མ་དག་པའི་སྐྱེ་བ་ཞེས་བྱ་སྟེ། ཕྱི་ཞེས་བྱའོ། །ཆོས་ཀྱི་འཁོར་ལོ་ལ་གནས་པའི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །ཡེ་ཤེས་ཀྱི་སྐུ་ཞེས བ་ནི་རྡོ་རྗེ་འཆང་ངོ། །དེ་ཡང་ལྟེ་བའི་རྩ་བ་ནས་བ་ལང་གི་རྨིག་པའི་མཐར་ཐུག་པར་ཆུ་ཤིང་གི་མེ་ཏོག་ལྟར་འཕྱང་ཞིང་འོག་ཏུ་ཕྱོགས་པ་ཉི་མ་དང་ཟླ་བའི་དབུས་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ས་བོན་གཞོམ་དུ་མེད་པ་གནས བ་དེ་ནི་ཆོས་ཀྱི་འཁོར་ལོའོ། །དེ་ཡང་དངོས་སུ་དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་བའོ། །དེ་ཉིད་ཐོག་མ་མེད་པ་ནས་བདག་ཏུ་ང་རྒྱལ་བ་དང་བདག་ཏུ་རྨོངས་པ་ལ་སོགས་པའི་ཉོན་མོངས་པས་དཀྲུགས་ནས་འཁོར་བའི་འདམ ཆེན་པོར་བྱིང་བ་སྟེ། དེ་བསལ་བའི་ཕྱིར་ཐབས་སྒྱུ་འཕྲུལ་དྲ་བ་ཞེས་བྱ་བ་ལ་སོགས་ནས་བྱང་ཆུབ་བའི་འབྲས་བུ་ཐོབ་པར་བྱེད་པའོ། །དེ་ཡང་འཆང་བཞིན་པའི་བླ་མ་དམ་པའི་གྲུལ་བརྟེན་བཞིན་པའི་སློབ་མ་མཚན་ཉི། དང་ལྡན་པས ཕུན་མེད་མ་ཡིན་པའི་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐོག་མ་མེད་པའི་བག་ཆགས་དང་བཅས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྤྱད་པའི་ཕྱིར་བུམ་པའི་དབང་གི་སྐབས་སུ་དེ་བཞིན་གཤེགས་པ་རྣམས་དང། ཡབ་ཡུམ་དང། སེམས་དཔའ་དང སེམས་མ་དང། ཁྲོ་བོས་རྟོག་པ་བསྐྱེད་པའི་གནས་ནི་སྙིང་གའོ། །བླ་མས་ཡེ་ཤེས་སེམས་དཔའ་བཀུག་སྟེ། བསྟིམ་པའི་གནས་ཀྱང་ཆོས་ཀྱི་འཁོར་བའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཆོས་ཀྱི་འཁོར་ལོའོ། །དེ་ཡང་ཟེ་འབྲུ་ལ་རྣམ པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་མི་བསྐྱོད་པ་སྡུག་བསྔལ་གཅོད་བྱེད་དེ་བཞིན་གཤེགས་པའོ། །ཤར་དུ་གཟུཌ་ཀྱི་ཕུང་པོ་རྣ་བར་དག་བ་རྣཾ་པ་སྣང་མཛད་ཤེས་རབ་ཡེ་ཤེས་ཀྱི་སྐུའོ། །ལྷོ་ཕྱོགས་སུ་ཚོར་བའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་ཡེ་ཤེས ཀྱི་སྐུའོ། །ནུབ་ཕྱོགས་སུ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སྣང་བ་མཛའ་ཡས་དག་གི་དབང་ཕྱུག་གོ། བྱང་ཕྱོགས་སུ་འདུ་བྱེད་ཀྱི་ཕུང་པ་རྣམ་པར་དག་པ་དེ་བཞིན་གཤེགས་པ་སྡིག་མ་སྲོག་བྱེད་དོ། །མཚིམས་སུ་ཅད་དང། ཆུ་དང། མེ་དང། རླུང་རྣམ་པར དག་པའི་རང་བཞིན་སངས་རྒྱས་སྤྱན་དང། མཱ་མ་ཀཱི་དང། གོས་དཀར་མོ་དང། སྒྲོལ་མ་རྣམས་སོ། །གཟུགས་ཀྱི་ཕུང་པོ་ལ་སྤྲོས་པའི་བྱང་ཆུབ་སེམས་དཔའ་བཞི་དང། དེ་བཞིན་དུ་ཚོར་བའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ དང། རྣམ་པར་ཤེས་པའི་ཕུང་པོ་ལས་འཕྲོས་པའི་རང་རང་གི་ཁམས་ཕྲ་མོའི་རྣམ་པར་དག་པའོ། །ཕྱེའི་ལྷ་མོ་བཞི་ནི་ཕྱི་རོལ་གྱི་སྐྱེ་མཆེད་རྣམ་པར་དག་པའོ། ནང་གི་ལྷ་མོ་རྣམས་ནི་ནང་གི་སྐྱེ་མཆེད་རྣམ་པར དག་པའོ། །བྱམས་པ་ལ་སོགས་པ་བཅུ་དྲུག་ནི་ཤེས་རབ་སྟོང་པ་ཉིད་བཅུ་དྲུག་ལས་སྙིང་རྗེ་བཅུ་དྲུག་གིས་སེམས་ཅན་ཡོངས་སུ་སྐྱོད་པའོ། །སྒོ་སྐྱོར་མ་བཞིན་ནི་ཚད་མེད་པ་བཞིས་སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བ་དང། འབེབས པ་དང། བརྟན་པ་དང། དགྱེས་པར་བྱེད་པ་དང། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ཡང་རྩིབས་བརྒྱད་པ་དང། ཡང་རྩིབས་དྲུག་པ་རྣམས་སུ་ཨོཾ་བཛྲ་ཏཱི་ཀྵུ། དུ། བརྩྪེ་ད། པྲ་ཛྙཱ་ཛྙཱ་ན་མཱུརྟཱ་ཡེ། ཛྙཱ་ན་ཀཱ་ཡ། བཱ་གཱི་ཤྭ་ར། ཨ་ར་པ་ཙ་ནཱ་ཏི?? ན་ཨམགཉིས་པས་མཚན་པ་དགོད་པར་བྱའོ། །དང་པོའི་རྩིབས་སུ་སུམ་ཅུ་རྩ་གཉིས་པ་དགོད་པ་ནི་འདི་ལྟ་སྟེ། སཱ་ཨཱ་ཞེས་པ་རིང་པོ་ཆུ་དྲུགས་པ་ཨ་ཨ་ཞེས་པ་ཐུང་དུ་བཅུ་དྲུག་གོ། རྩིབས་བཅུ་དྲུག་པའོ། དབ་ནི་ཨ་ཨཱ་ཞེས་པ་རི་ཐུང་འདྲེས་པ་བཅུ་དྲུག་གོ། རྩིབས་བརྒྱད་ལ་དགོད་པ་ནི་ཨ་ཨའི་ཨཽ་རི་རི་ལཱ་ཨེ་ཨོ་ཨཾ་ཞེས་པའོ་?? དྲུག་ཅུ་པ་ལ་དགོད་པ་ནི་ཀ་ཁ་ལ་སོཌ་འབྱུང་བའི་ཡི་གེ་བཞི་ཚོ་གཅིག་སྤངས་ནས་ལུགས་ལས་འབྱུང་བ་དང་ལུགས་ལས་བཟློག་པ་བཀོད་པའོ། །རྩིབས་སུམ་ཅུ་རྩ་གཉིས་པར་དགོད་པ་ནི་ཨ་ཨ་ཞེས་པ་ཐུང་དུ་སུམ་ཅུ་རྩ་གཉིས་སོ། །དེའི་ཕྱི་རིམ་དེ་ཀཱ་གཉིས་ཀྱིས་བསྐོར པའི་བར་དུ་ནི་དག་ཅིང་ཡོངས་སུ་དག་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་སྔགས་ཨོཾ་སརྦ་དྷརྨ་ཞེས་པ་ནས་ཨའི་མཐར་ཐུག་པར་དགེད་པར་བྱའོ། །དྲུག་པ་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆད་པ་ལ་ནི་མན་ངག་གི་ཇི་ལྟ་བ་བཞིན་དུ་གཙུག་ཏོར་ལ་སོགས བ་གནས་དྲུག་ཏུ་བལྟ་བར་བྱའོ། །དེ་ལྟར་གོམས་པར་བྱས་ཤིང་རྟོགས་པ་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུགས་འབྱིན་པའོ། །དེ་རྣམས་ཀྱང་དབུས་ཀྱི་གཙོ་བོས་རྒྱས་འདེབས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་སྤྱོས་པ པ་གནས་དྲུག་ཏུ་བལྟ་བར་བྱ་རོ། །དེ་ལྟར་གོམས་པར་བྱས་ཤིང་རྟོགས་པ་བསྐྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུགས་འབྱིན་པའོ། །དེ་རྣམས་ཀྱང་དབུས་ཀྱི་གཙོ་བོས་རྒྱས་འདེབས་ཤིང་དཀྱིལ་འཁོར་གྱི་འཁོར་ལོ་སྤྱོས་པ ཡང་རང་གི་སེམས་སྣང་བ་ཙམ་དུ་ཤེས་པར་བྱས་པ་ནི་མི་བསྒྱོད་པའི་དབུགས་དབྱུང་བའོ། །དེ་ཡང་སྣང་བ་དང་སྟོང་པ་དབྱེར་མེད་ཅན་གྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་དུ་རྟོགས་པ་ནི་རྡོ་རྗེ་སེམས་དཔའ་ཨི་དབུགས་དབྱུང་བའོ། །དེ་ནི་ཆོས་ཀྱི འཁོར་ལོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བསྒོམ་པའི་དོན་ཏོ། །དེ་ནས་གསང་བའི་དབང་གིས་གདམས་དག་དུ་བྱས་ནས་བླ་མ་དང་ཕྱག་རྒྱ་བསྟེན་པ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས་སྔར་གྱི་རིགས་ལྔར་སྣང་བའི་དེ་བཞིན་གཤེཌ པ་ཐམས་ཅད་གསུང་ཡི་གེའི་རང་བཞིན་དུ་འགྱུར་ཏེ། བྲུཾ་ཛྲ་ཨཾ་ཁཾ་ཧཱུཾ་ཞེས་པ་ལྔ་དང་ལཾ་མཾ་བཾ་ཏཾ་ཞེས་པ་བཞི་དད། ཨ་ལ་ཨཽ་ཨེ་ཨཻ་ཞེས་པ་བཞི་དང། ཨཽ་ཨ་ཨཻ་ཡལ་ཞེས་པ་བཞི་དང། ཨེ་ཨཻ་ཨ་ལ་ཨའུ་ཞེས་པ་བཞི་དང། ཨཻ་ཨ་ལ་ཨཽ་ཨེ་ཞེས པ་བཞི་དང། ཨ་ཨ་ཨཾ་ཨ་ཞེས་པ་བཞི་དང། རི་རཱི་ལཱ་ཞེས་པ་བཞི་དང། ཨ་ཨཱ་ཨཻ་ཨའི་ཨཽ་ཨའུ་རི་རཱི་ལི་ལཱི་ཨེ་ཨཻ་ཨོ་ཨཽ་ཨཾ་ཨསྐབས་ན་ཕྱོགས་དང་ཕྱོགས་བྲལ་དང་རང་རང་གི་གནས་སུ་པདྨ་དང་ཉི་མ་དང་ཟླ་བའི་གདན་ལ་བཞུགས་པ་ཡིན་ལ་འདིར་པདྨའི་ཟེ་འབྲུ་ལ་ཐིག་ལེ་ཆེན་པོ་ཡི་གེ་མེད་པ་རྟན་དུ་བྱས་ནས་སེམས་ཀྱི་རེ། བཱ་པདྨའི་སྣམ་མ་ལྟར་ཕྲ་བས་རེ་ཁཱ་བཞི་སར་མིག དགུར་བྱས་ལ། དེའི་ཕྱི་རོལ་ཏུ་ཟླུམ་པོར་བསྐོར་བ་དང། དེ་ཉིད་རིམ་པར་བསྐོར་བ་དང། ཐིག་ལེའི་མཛའ་སྐོར་གྱི་རྔམས་ལ་ཕྱོགས་བཞིར་མ་ནང་གི་ཡི་གེ་བཀོད་ལ་བསྒོམ་པ་བྱ་ཞིང་ཡི་གེ་དེ་རྣམས་རེ་རེ་ལས་ཀྱང་འོད་ཟེར་ཁ་དོག་ལྔ་སྟེང་གི་ཆ་ལས་མང མེའི་རྩེ་མེ་བཞིན་དུ་བྱུང་བས་སེམས་ཅན་གྱི་ཁམས་མཛའ་ཡས་པའི་ཉོན་མོངས་པ་དང། ལས་ཀྱི་ཚོགས་བསལ་ནས་སླར་འདུས་ནས་ཡེ་ཤེས་ཀྱི་སྐུ་སྟོང་པ་ཆེན་པོར་ཐིམ་ནས། དམིགས་པ་མེད་པར་བྱ་བ་དང་རྗེས་སྟོང་པ་ཆེན་པོ་ཡི་གེ་ལྔ་ལ་སོཌ བའི་ཡི་གེར་རྒྱར་སྤྲོ་བ་ནས་མཛའ་ཡས་པར་སྤྲོས་ཏེ་འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་གེ་ཙམ་དང་བ་རྡར་བརྟགས་པ་ཙམ་དུ་རིག་པར་བྱའོ། །ད་ནི་མིང་ཙམ་གྱི་སྒོ་ནས་དོན་བསྟན་པར་བྱ་བའི་ཕྱིར། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ གསུངས་ཏེ། འཇམ་དཔའ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོ་ལ་གནས་པའི་ཡེ་གེ་ཨའོ། །དེ་ཉིད་ནི་དོན་དམ་པའི་ཡི་གེ་ཡིན་པའི་ཕྱིར་རོ། །དེ་ཡང་ལྟ་བར་གྱུར་པའི་ཟུག་རྡུ་དང་བྲལ་བས་འཇམ་པའོ། །བདག དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པས་ན་དཔའ་ཨོ། །དེ་ཉིད་ཀྱིས་མི་ཤེས་པ་མ་ལུས་པ་སྤྱངས་པས་ན་ཡེ་ཤེས་སོ། །དེའི་དོན་གང་གིས་ཁོང་དུ་ཆུད་པ་ནི་སེམས་དཔའ་ཨོ། །དེ་ཁོ་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་མཚོན་པས་ན་ཨའོ། །དེ ཡང་དེ་ཁོ་ནས་ཤེས་པ་ནི་དངོས་པོ་བདེན་པར་སྟོན་པའི་སྒྲའོ། །ཆོས་ཐམས་ཅད་ཅེས་པ་ནཾ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཏེ། པུད་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་དང། དེ་བཞིན་གཤེགས་པ་རྣམས དང། ལྷ་མོ་རྣམས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའོ། །རང་བཞིན་ཞེས་པ་ནི་ངོ་བོ་ཉིད་དོ། །མཚོན་པར་བྱེད་པས་ན་ཨ་ཞེས་པའི་ཡི་གེའོ། །དེ་སྒང་དུ་ཡང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བརྟག་པ་གཉིས་པ་ལས། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ ཱ་དྱ་ནུ་ཏཔ་ཙཱ་ཏཱ་ཏ་ཞེས་གསུངས་སོ། །དེ་བས་ན་ཆོས་ཐམས་ཅད་ཐོག་མ་ནས་མ་སྐྱེས་པ་ནི་མཚན་ཉིད་དོ། །ཏེའི་དོན་རྟོགས་པ་ནི་ཆོས་ཀུན་གྱིའོ་?་ཉིད་ཁོར་དུ་ཆུང་བའོ། །དེ་ལ་ཡང་འདིར་ཁ་ཅིག་ནི་སྐྱེད་མེད་པ་ཞེས་བྱ་བ་ཉིད་ཚེ་བའི་སྟོང་བ་ཉིད་ཡིན སྙམ་སེམས་སོ། །དེ་ལྟར་བལྟ་བར་མི་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་དག་ཉིད་སྐྱེ་པ་མེད་པ་སྟེ་ཐམས་ཅད་ཆུའི་ཟླ་བ་ལྟ་བུའོ། །ཞེས་གསུངས་སོ། །དེ་སྐད་དུ་ཡང། རྟེན་ཅིང་འབྲེལ་བར་གང་འབྱུང་ག། ངོ་བོ་ཉིད་ཀྱིས་དེ་མ་སྐྱེས་ཞེ གསུངས་སོ། །འདི་ཉིད་ལས་ཀྱང། སྲོག་ཆེན་པོ་སྟེ་སྐྱེ་བ་མེད་ཅེས་གསུངས་པ་ཡིན་ཏེ། སྲོག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །ཡད་འདི་ཉིད་ལས། མི་འབྱུང་འགྲོ་བ་ཁྱབ་པ་པོ་ཞེས་གསུངས། །དེ་ཡང་མི་འགྱུར བ་ནི་འབུམ་བྱས་པའི་ཕྱིར་ཡིན་ལ། ཀུན་ཏུ་འགྲོ་བ་ནི་སྣ་ཚོགས་པའི་རྗེས་སུ་འགྲོ་བའོ། །ཁྱབ་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཀུན་ལའོ་ཞེས་གསུངས་པའོ། །དེ་བས་ན་འདི་ཉིད་སྣ་ཚོགས་སུ་སྤྲུལ་བས་ན་སྤྲུལ་བའི་འཁོར་ལོའོ། །དེ ལ་འབྱུད་པ་ཆེན་པོ་ལྔས་བསྐོར་བས་ན། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་གསུངས་པ་ཡིན་ནོ། །དེའི་རྟེན་ལུས་ལས་འབྱུང་བའི་དུས་སུ་ཡང་འབྱུང་བ་ཆེན་པོས་བསྐོར་ཅིང་འབྱུང་བ་སྟེ། དེ་ཡང་བདེ་བ་ཆེན་པོ་གཅིག་ཉིད་ལས་ཀུན་ཏུ་རུ་ལས་ལྔ་རུ་འགྱུར ཞེས་སོ། སྐྱེ་བའི་རིམ་པ་དེ་ཉིད་བསྐྱེད་པ་དང་རྫོགས་པའི་ཚུལ་གྱིས་རྣམ་པར་དག་པར་བྱེད་པ་ནི་ནང་ཞེས་བྱའོ། །ཡང་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་བའི་གདམས་ངག་དང་བྲལ་ནས་བསྒྲུབ་པའི་ཐབས་སྒྲ་ཇི་བཞིན་པ་ཙམ་དུ་ཞེས་པ་ནི་བྱེ ཞེས་བྱའོ། །ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ལ་བརྟེན་ནས་སྒྲ་ཇི་བཞིན་བམ་ཡིན་པར་ཉམས་སུ་ལེན་པ་ནི་ནང་ཞེས་བྱའོ། །དེ་ཡང་ཇི་ལྟར་ཕྱི་རོལ་དེ་བཞིའི་ནང་ཞེས་གསུངས་བས་ཕྱི་རོལ་སྒྲ་ཇི་བ་ཞིན་མ་ཡིན་པར་གསུངས་པའི་ཚུལ་ནང་དུ་ཡང། རིག་པར་བྱའོ། །དེ་ལ་སྒྲུབ་པའི་ཐབས་ཀྱི་དང་པོར་གནས་གསུངས་པ། ཕྱི་རོལ་ཏུ་དུར་ཕྲོད་ལ་སོགས་པ་གསུངས་པ་ལ། ནང་དུ་ལུས་ལ་སོགས་པ་གསུངས་སོ། །ཕྱི་རོལ་དུ་ས་བླང་བ་ལ་སོགས་པའི་ཚོ་ག་བྱ་པར་གསུངས་ལ། ནང་དུ་རིག་མ་སྤྱང བའི་རིམ་པར་གསུངས་སོ། །ཕྱི་རོལ་ཏུ་རྟེན་དགྲམ་པའི་ཆོ་གར་གསུངས་ལ་ནང་དུ་བྱང་ཆུབ་ཀྱི་ཡན་ལག་སྤོས་དང་མེ་ཏོག་གིས་མཛེས་པར་བྱ་བར་གསུངས་སོ། །ཕྱི་རོལ་དུ་དཀོན་མཆོག་སྤྱན་དྲང་ཞིང་མཆོད་པའི་ཆོ་གར་གསུངས་ལ། ནང དུ་འདུས་པ་ལ་དཔའ་བོའོ་སྟོན་མོར་གསུངས་སོ། །ཕྱི་རོལ་ཏུ་ཚད་མེད་བ་ལ། གོམས་པར་བྱ་པའི་ཆོ་གར་གསུངས་ལ། ནང་དུ་བསྙེན་པ་དང། ཉེ་བ་སྙེན་དང། སྒྲུབ་པ་དང་སྒྲུབ་པ་ཆེན་པོར་སེམས་གོམས་པར་བྱ་བར་གསུངས་སོ། །ཕྱི་རོལ་དུ་སྔགས་ལ་སོགས་པའི་སྒོ་ནས སྟོང་པ་ཉིད་དུ་བསྒོམ་པར་གསུངས་ལ། ནང་དུ་ཐབས་ཤེས་རབ་དག་སྦྱོར་བས་སྟོང་པ་ཉིད་དུ་གསུངས་སོ། །ཕྱི་རོལ་ཏུ་སྨོན་ལམ་གྱི་མཐུས་ལངས་པར་འདོད་ལ། ནང་ད་ཐབས་ཤེས་རབ་ཀྱི་མཐུ་ལས་གྲུབ་པར་གསུངས་སོ། །ཕྱི་རོལ་དུ་བགགས དང་ལོག་པར་འདྲེན་པ་བསྐྲད་ཅིང་དུར་བུས་གང་བ་བར་གསུངས་ལ། ནང་དུ་མི་དགེ་བ་བཅུ་བསྔ་མ་བ་དང། སྦྱིན་པ་ལ་སོགས་པས་སེམས་ཅན་བསྡུ་བ་དང། དེ་ཡང་སེམས་ཅན་གྱི་དོན་བྱ་བར་གསུངས། དངོས་སུ་ཐ་མལ་པ་ལ་ཟློག་པར་བྱ་བར་གསུངས་སོ། ། ཕྱི་རོལ་དུ་ནམ་མཁའ་ཨི་ཁམས་མཛའ་མེད་པས་ཤེས་རབ་ཀྱི་ཆོས་འབྱུང་ཡིན་ལ། ནང་དུ་ཤེས་རབ་ཀྱི་ལུས་ནམ་མཁའ་ཨི་རང་བཞིན་གང་ལ་ཡོད་པའོ། །དེ་ལ་ཕྱི་རུ་ནམ་མཁའ་དབུས་སུ་ཡི་གེ་ས་བོན་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རྒྱར་དཔག་ཚད་འབུམ ཕྲག་བཞི་བ་སྣ་ཚོགས་རྡོ་རྗེས་མཚན་པའོ། །ནང་དུ་ཤེས་བཀྱི་ལུས་ལ་དཔལ་བད་རླུང་གི་དཀྱིལ་འཁོར་སྔར་བཤད་པའི་རིམ་པས་སོ། །ཕྱི་རུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་གྱུར་པའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྒྱར་དཔག་ཚད འབུམ་ཕྲག་གསུམ་པ་འོག་དང་སྟེང་དུ་ཧཱུཾ་ལས་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང་ལྷན་ཅིག་གཡུང་དུང་གིས་མཚན་པའོ། །ནང་དུ་མགྲིན་པར་མེའི་དཀྱིལ་འཁོར་རོ། །ཕྱི་རོལ་དུ་མེའི་སྟེང་དཔ་ལས་བྱུང་ལ་ཆུའི་དཀྱིལ་འཁོར་དཀར་པོ་རྒྱད དཔག་ཚད་འབུམ་ཕྲག་གཉིས་པ་འོག་དང་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་གཉིས་དང། པདྨས་མཚན་པའོ། །ནང་དུ་སྙིང་པཌ་ཆུའི་དཀྱིལ་འཁོར། ཕྱི་རོལ་དུ་ཆུའི་སྟེང་དུ་ལཾ་ལས་གྱུར་པས་དཀྱིལ་འཁོར་སེར་པོ་རྒྱར་དཔག་ཚད་འབུམ་གྲ་གཅིག བ་འོག་དང་སྟེང་དུ་ཧཱུཾ་ལས་གྱུར་བའི་སྣ་ཚོགས་རྡོ་རྗེ་གཉིས་དང་ལྷན་ཅིག་པ་རྡོ་རྗེ་གཉིས་ཀྱིས་མཚན་པའོ། །ནང་དུ་ཤེས་རབ་ཀྱི་ལྟེ་བར་སའི་དཀྱིལ་འཁོར་རོ། །ཕྱི་རོལ་ཏུ་མེ་ལས་གྱུར་པའི་ལྷུན་པོ་རྡོ་རྗེའི་རང་བཞིན་རི་རབ་ཆེན་པོའི་འོག་གི་རྒྱར ??་ཚད་བཅུ་དྲུག་སྟེང་གི་དཔག་ཚད་སྟོང་ཕྲག་ལྔ་བཅུའོ། །ནང་དུ་ལྟེ་བའི་སའི་དཀྱིལ་འཁོར་ལ་ཐུག་ལྷུན་པོ་ཆེན་པོའོ། །ཕྱི་རོལ་ཏུ་ལྷུན་པོའི་སྟེང་དུ་ཀྵ་ལས་གྱུར་པའི་སྣ་ཚོགས་པདྨ་ལྷུན་པོ་ཆེན་པོའི་ཕྱེད་ཙམ་མོ། །ནང་དུ་བཅོམ་ལྡན་འདས་མའི་གསང་བའི པདྨའོ། །ཕྱི་རོལ་ལ་དེའི་ཕྱེད་ཀྱི་ཆའི་??འབྲུ་ལ་དཔག་ཚས་སྟོང་ཕྲག་ཕྱེད་དང་བཅུ་གསུམ་མོ། །ནང་དུ་བཤད་པ་དང། གཅི་པ་དང། ཁུ་བ་འབབ་པའི་རྩ་གསུམ་ནི་ཟླ་བ་དང་ཉི་མ་དང། སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་གསང་བའི་པདྨའི་བྲེ་འབྲུ་ལ་དེ དང་མཉལ་བའི་རྒྱ་བའོ། །ཕྱི་རོལ་ཏུ་དེའི་སྟེང་དུ་ཧཱུཾ་ལས་སྐྱེས་པ་ཟླ་བའི་དཀྱིལ་འཁོར་ཟེ་འབྲུ་དང་མཉམ་པའོ། །ནང་དུ་ཧཱུཾ་ལས་བྱུང་བའི་ཁུ་བའོ། །ཕྱི་རོལ་ལ་དེའི་སྟེང་དུ་ཚེག་དྲག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་རོ། །ནང་དུ་གཡོན་པས་བྱུང་བའི་ཉི་མའོ། ། ཕྱི་དུ་དེའི་སྟེང་དུ་ཇིག་ལེ་ལས་བྱུང་པ་སྒྲག་ཅན་གྱི་དཀྱིལ་འཁོར་མདོག་སྔོན་པོའོ། །ནང་དུ་ཨ་བ་དྷཱུ་ཏིར་འདྲེས་པའོ། །ཕྱི་རོལ་དུ་དེ་ཐམས་ཅད་འདེས་པ་བསྟན་པའི་ཡི་གེ་རྩེགས་པ་ནི་ཧཱུཾ་ཞེས་པ་ནི་ས་བོན་རྣམས་བསྒོམས་པའོ། །ནང་དུ་ཁམས་གསུམ པ་བསྟན་པ་དང། གཡོ་བར་བཅས་པ་ཤེས་རབ་མ་ལ་རྟོགས་པར་བྱའོ། །དེའི་མན་ངག་ནི་འདི་ཡིན་ཏེ། ཨེ་ཞེས་པ་ནི་ནམ་མཁའ་ཨི་ཁམས་སོ། །ཡ་ཞེས་པ་ནི་རླུང་གི་ཁམས་སོ། །ར་ཞེས་པ་ནི་རླུང་གི་ཁམས་སོ། །ར་ཞེས་པ་ནི་མེའི???་ཁས་སོ། །ལྔ་ཞེས་པ་ནི་ཆུའི་ཁམས་སོ། །ལ་ཞེས་པ་ནི་སའི་ཁམས་སོ། ། མཞེས་པ་ནི་རི་རབ་བོ། །དེ་ནི་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སོ། །ཀྵ་ཞེས་པ་གཡོ་བ་བཅུད་ཡིན་ཏེ། འདོད་པའི་ཁམས་དང། ཐིག་ལེ་དང། ཚེག་དྲག་དང། ཟླ་བ་དང། ཉི་མ་དང་མ། ཧ་ཞེས་པ་གཟུགས་ཁམས་དང། སྒྲ་མཛའ་གཟུགས་མེད པའི་ཁམས་སོ། །དེ་བས་ན་ཁམས་གསུམ་ཀུན་བསྐྱེད་པའི་ཡུམ་མཆོག་ཏུ་བལྟའོ། །ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའོ། །ཡང་ཕྱི་རོལ་དུ་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ། །ནང་དུ་ལུས་དང་དག་དང་ཡིད་དོ། །ཕྱི་རོལ་དུ་ཐུགས ཀྱི་དཀྱིལ་འཁོར་སའི་ཁོར་ཡུག་ལ་ཐུགས་པར་རོ། །དེའི་ཕྱི་རོལ་དུ་གསུངས་གི་དཀྱིལ་འཁོར་ཆུའི་ཁོར་ཡུག་ལ་ཐུག་པར་རོ། །དེའི་ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་རླུང་གི་འཁོར་ཡུག་ལ་ཐུག་པར་རོ། །སྐུའི་དཀྱིལ་འཁོར་ལ་བརྒྱད། དཔག་ཚད་བཞིའོ། །གསུང་གི་དཀྱིལ་འཁོར་ལ་རྒྱར་དཔག་ཚད་གཉིས་སོ། །ཐུགས་ཀྱི་དཀྱིལ་འཁོར་ལ་ཡང་དེའི་ཕྱེད་དོ། །བ་དེ་བ་ཆེན་པོའི་འཁོར་ལོ་ལ་ཡང་དེའི་ཕྱེ་དོ། །དེའི་ཡང་ཕྱེད་ནི་བཅོཾ་དས་ཀྱི་པདྨའོ། །པདྨའི་སུམ་ཆ་ནི་ལྟེ་བའོ། །ཟླ་བ་དང། ཉི་མ དང། སྒ་གཅན་གྱི་དཀྱིལ་འཁོར་ཡང་དེ་བཞིན་ནོ། །ནང་དུ་ནི་གསད་བའི་པདྨ་གནས་ལྟེ་བ་དང། སྙིང་ག་དང། མགྲིན་པ་དང། སྤྱི་བོ་དག། གཙུག་ཏོར་གྱི་བར་རོ། །ཡང་ན་སྙིང་ག་དང། དབང་ཁ་དང། ལག་ངར་དང། སེན་མོ་ལ་ཐུག་པར་ཤེས་རབ་ཀྱི ལུས་ལ་རྣམ་པར་བརྟགས་ནས་བསྒོམ་པའི་ངེས་པའོ། །ཕྱིར་རུ་དཀྱིལ་འཁོར་སོ་སོ་ལ་སྒེ་བཞི་བཞིའོ། །ནང་དུར་ཤི་བཅུ་གཉིས་དང་ལུས་དག་ཡིད་གསུམ་ཀྱི་དབྱེ་བའོ། །ཕྱི་རོལ་དུ་ནོར་བུ་དང། གསེར་ལས་བྱུང་པའི་རྟབས་སོ། །ནང་དུ་ནི་ཟ་བ་དང། ཉི མ་བྱུང་བའོ། །ཕྱི་རོལ་ཏུ་སྐུའི་དཀྱིལ་འཁོར་དུ་དུར་ཁྲོད་བརྒྱད་དོ། །ནང་དུ་རྣམ་པར་ཤེས་པ་བརྒྱད་དོ། །ཕྱི་རོལ་དུ་ཀ་བ་བརྒྱད་བརྒྱད་དོ། །ནང་དུ་དབུང་པ་ལ་སོགས་པ་བརྒྱད། །ཕྱི་རུ་གཅི་བོའི་རང་བཞིན་ནོ། །ནང་དུ་སེམས་དཔས་གྲུབ་པའོ། །ཕྱི་རོལ་དུ་རྡོ་རྗེ ཐེག་པ་ལ་སོགས་པའོ། །ནང་དུ་རྩ་རྣམས་སོ། །ཕྱི་རོལ་ཏུ་དཀར་པོ་ལ་སོགས་པའི་ཁ་དོག་གོ། ནང་དུ་བད་ཀན་ལ་སོགས་པའོ། །ཕྱི་རོལ་དུ་འདོད་པའི་ལྷ་མོའོ། །ནང་དུ་ཡུལ་དང་ཡུལ་ཅན་ནོ། །ཕྱི་རོལ་དུ་དྲ་བ་དང་དྲ་བ་ཕྱེད་པའོ། །ནང་དུ་ཉོན་མོངས་པ་དང་ཉེ་པའི ཉོན་མོངས་པའོ། །དེ་ལྟར་ལུས་ཀྱི་ཁམས་དག་པར་བསྟན་ནས། ཆོས་ཀྱི་ཕུང་པོ་དག་པའི་སྒོ་ནས་ཕྱི་རོལ་བསྐྱེད་པའི་རིམ་པ་དང་ནང་ཟབ་མོ་བསྐྱེད་འབི་རི་བསྟོན་ཆོས་ཀྱི་ཐུང་བོ་??་དག་བསྟན་བྱེ་ཕྱི་རོལ་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་རྣམ་པར་ཐར་མ བརྒྱད་དང་ཡན་ལག་བཅུ་གཉིས་དང། ས་རྣམས་དང། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམས་རྣམ་པར་དག་པ་ཡིན་ལ། ནང་དུ་འཆད་བཞིན་པའི་ཕན་ཡོན་ལྔ་པའི་དཔའ་མོའི་ཚད་བསྟེན་པ་ལས་རྟོགས་པར་བྱའོ། །ད་ནི་ཕྱི་རོལ་དུ་ལྷ་བསྐྱེད་པ་དང། ནང་དུ་ཀུན་རྫོཌ པ་དེ་བརྗོད་པར་བྱའོ། །ཕྱི་རོལ་དུ་ཨ་ཨཻ་རཾ་ཨཽ་ལ་ཨ་ཨེ་ཨཻ་ཨར་ཨ་ལི། ཧ་ཡ་ཝར་ལ་ཨཾ་དང་བཅུ་དྲུག་གཡོན་སྐོར་བྱས་པ་དང་དེ་ནས་གཡས་སྐོར་དུ་ནག་པོའི་ཚེས་གཅིག་ལ་སོགས་པའི་ཆ་ལ་ཝ་རཱ་ཡཱ་ཧཱ་ཨ་ལ། ཨཽ་ཨར་ཨཻ་ཨེ་ཨ། ལཱི་ཨཽ་རཱཾ་ཨཻ་ཨཻ: མཐར་ཚིག་དྲག། ཨགཡོན་སྒོར་དུ་དགོད་པ་ནི། ད་གྷ་ག་ལ་ཀ། ཉ་ཛ་ཛ་ཚ་ཙ། ཎ་ཌཧ་ཌ། ན་ཊ། མ་བྷ་བ་ཕ་པ། ཎ་བྷ་ད་ཐ་ཏ། ཀྵ་ཤ་ཥས་ཧ། ཨ་ཡ་ཧཾ་ཝ་ར་ལ་དྷ་ཌཾ་དྷ་ཡ་ར་ལ་ཞེས་པ་བཞི་བཅུའོ། །དེ་ལྟར་དཔེ་བྱད་བརྒྱད་ཅུ་དང། ཉི་མའི་ཆའོ། །ནང་དུ་ཉི་མ་འབབ་པར་བྱེད་པ་ལ་ནམ་མཁའ་ ???་པ་ལུག་སུ་འབྱུང་བའི་རྩ་བཞི་བཅུ་དང། ས་ལ་སོགས་པ་ལུགས་སུ་འབྱུང་བ་ཟློག་པའི་རྩ་བཞི་ཅུ་སྟེ། དེས་ཉི་མ་འབྱང་ཆུབ་ཀྱི་སེམས་རྫོགས་པའོ། །ཕྱི་རོལ་ཏུ་ཡི་མའི་འོག་ཏུའོ། །ཟླ་བའི་སྟེང་དུའོ། །ནང་དུ་འདྲེས་པར་གྱུར་བའོ། །ཕྱི་རོལ་ཏུ དེ་དག་གི་དབུས་སུ་ས་བོན་དང་མཚན་མའོ། །འཁོར་བ་ལུས་སུ་འབྱུང་བ་ལ་ཀུན་གཞི་རྣམ་པར་ཤེས་པ་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་ནོ། །གཡས་དང་གཡོན་གྱི་ངོས་གཉིས་སུ། །ཟླ་བ་ཉི་མ་ཞེས་བྱ་སྟེ། མགྲིན་པའི་གནས་ལས་བརྩམས་པ་ཡི དང། བཟླས་རྗོད་བྱ་བ་ལ་སོགས་པ་བྱས་པ་ཅན་གྱི་རྣལ་འབྱོར་པས་རྫོགས་པའི་རིམ་པ་བསྒོམ་ཞིང་ལུས་བསྲང་བ་དང། མིག་གི་ལྟ་ལྟངས་དང། སྲོག་དང་རྩོལ་བ་བསྡམ་པ་དང། བྱང་ཆུབ་ཀྱི་སེམས་འཛིན་པ་ལ་སོགས པ་བླ་མའི་མན་ངག་བཞིན་བསྒོམ་པ་ནི་སྦྱོར་བ་དག་པའོ། །དེ་ལ་རང་བྱུང་བའི་རྟགས་དུ་ཞེན། ཕྱི་རྟགས་དང། ནང་རྟགས་གཉིས་ལས་ཕྱིའི་རྟགས་ལ་ཡང་ཉོན་མོའི་རྣལ་འབྱོར་གྱི་རྟགས་པ་དང། མཚན་མའི་རྣལ་འབྱོར་གྱི་རྟགས་སོ། །དེ་ལ ཉིན་མོ་རྣལ་འབྱོར་གྱི་རྟགས་ཟླ་བ་ཤར་བ་ལྟ་བུ་དང། ཉི་མའི་དཀྱིལ་འཁོར་ལྟ་བུ་དང། མེ་ཡོང་ལྟ་བུ་དང་འཇ་ལྟ་བུ་དང། ཐིག་ལེ་ལྟ་བུ་དང། འོད་ཟེར་ལྡ་སྐྲའི་རྩེ་མོའི་ཚད་ཙམ་དུ་མཐོང་བའོ། །མཚན་མོ་ཡང་དུ་བ་ལྟ་བུ་དང། སྨིག་རྒྱུ་ལྟ་དུ་དང། ནམ མཁའ་ལྟར་གསལ་བ་ལྟ་བུ་དང། མར་མེ་ལྟ་བུ་དང། སྤྲིན་མེད་པའི་ནམ་མཁའ་ལྟ་བུའོ། །དེ་ལ་དུ་བ་ལྟ་བུ་ནི་དང་པོ་རྣལ་འབྱོར་པ་ཡིད་ཆེས་པར་བྱེད་པ་ཡིན་ལ། ལྷག་མ་བཅུ་པོ་ནི་ཕྱི་ནས་བརྟན་པར་བྱེད་ཨའི་སྦྱོར་བ་ཡང་དག་པར་བྱེད་པ་ཡིན། དེ་ནམས་ཀྱང་རྣལ་འབྱོར་ཀྱི་སེམས་གསལ་བ་རང་བཞིན་མེད་པ་མི་རྟོགས་པ་བསྒོམས་པའི་སྟོབས་ལས་བྱུང་བ་ཡིན་གྱི་མཚན་མ་དང་བཅས་པས་གཟུང་བ་དང། འཇིན་པ་ལས་བྱུང་བ་ནི་མ་ཡིན་ནོ། །ནད་རྟགས་ནི་ལྟེ་བའི་འོག་ཏུ་དོན་དམ བྱང་ཆུབ་ཀྱི་སེམས་ཁ་དོག་ནག་པོ་སྐྲའི་ཚད་ཙམ་སོར་གཅིག་པ་འམ། བ་ཐག་བརྒྱངས་པ་ལྟ་བུ་འམ། དར་དཀར་གྱི་སྐུད་པ་བརྒྱང་པ་ལྟ་བུ་མཐོང་བའོ། །དེ་སྐད་དུ་ཡང། ཇི་སྲིད་ཐིག་ལེའི་ནང་དུ་ཡང། །རི་མོ་ནག་པོ་སྐྲའི་རྩེ་ཚད་ཙམ། དྲི་མ་མེད པའི་འོད་འཕྲོ་བ། །དུས་ཀྱི་ཆ་ནི་མཐོང་བ་ཡིན། །དེ་མཐོང་འོད་གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡས?་མཐོང་བར་འགྱུར། །འདེ་ན་ལུས་དག་ཡིད་གསུམ་དྲི་མ་མེད་པ་ལས་བྱུང་བ་ཡིད་ཀྱི། ལུས་ངག་དྲི་མ་དང་བཅས་པ་ལས་ནི་མ་ཡིན་ནོ། ། དེ་ལྟར་བསམ་གཏན་སྦྱོར་བ་དག་པའི་རྟགས་བྱུང་ནས་མངོན་པར་ཤེས་པ་ལྔ་འམ་དྲུག་འཐོབ་སྟེ། དེ་ཡང་ལྷའི་སྤྱན་དང། ཤའི་སྤྱན་དང། ཤེས་རབ་དང། ཆོས་ཀྱི་དང། ཡེ་ཤེས་ཀྱི་སྤྱན་ནོ། །དེ་ཉིད་ཀྱི་སྤྲུལ་པའི་ལུས་མཐོང་བར་འགྱུར་རོ་ཞེས་པ་ནི་དེ་ཉིད་ཀྱི་ཞེས པ་ནི་རྣལ་འབྱོར་པ་དེ་ཉིད་ཚོ་འདི་ལོང། །སྤྲུལ་པ་ནི་གཅིག་ཏུ་མ་ངེས་སོ། །གཟུགས་ནི་སྣ་ཚོགས་པའོ། །ལུས་ནི་མིག་ཡུལ་དུ་བྱས་པ་དེ་ཉིད་དོ། །ཅི་གཟུགས་སྣ་ཚོགས་པ་དེ་ཡང་བྱོལ་སོང་ལ་སོགས་པ་འམ་ཞེ་ན། དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞེས་གསུངས་ཏེ། དེ་ལ་སངས་རྒྱས་ནི་མཚན་དང་དཔེ་བྱད་ཀྱིས་སྤྲས་པའོ། །བྱང་ཆུབ་སེམས་དཔའ་ནི་དའི་འཁོར་གྱིས་བསྐོར་བའི་ནམ་མཁའ་ཨི་སྙིང་པོ་ལ་སོགས་པ་དུན་ནོ། །གཟུགས ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞེས་པ་ནི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པའོ། །དེ་ལྟར་མཐོང་བ་ཡིན་གྱི་ཐོས་པ་མ་ཡིན་ནམ་ཞེ་ན། ནམ་མཁའ་ཨི་དཀྱིལ་ན་བཞུགས་བདག་མཐོང་བར་འགྱུར་རོ་ཞེས་གསུངས་ཏེ། ནམ་མཁའ་ནི་བར་སྣང་ངོ། །དཀྱིལ་ཞེས པ་ནི་དབྱིངས་ནི་ཞེས་པོས། །དི་ན་བཞུགས་ནས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་རྣམས་ལ་ཆོས་གསུངས་པའི་སྒྲ་ཡང་ལྷའི་རྣ་བས་ཐོས་པར་འགྱུར་རོ་ཞེས་པའོ། །དེ་ལྟར་འབྱོར་པས་གཟུགས་སུ་སྣང་བ་ཐོས་པ་ནི་སྤྲུལ་པའི་སྐུའོ། །སྒྲར་ཐོས་པ་ནི་ལོང སྤྱོད་རྫོགས་པའི་སྐུའོ། །སེམས་ཀྱིས་ཐོས་པ་ནི་ཆོས་ཀྱི་སྐུའོ། །གལ་ཏེ་དེ་ལྟར་མཐོང་ཞིང་ཐོས་པ་དེ་ཡང་ཕྱིར་རོལ་གྱི་དོན་དུ་མཐོང་ཞིང་ཐོས་ན་བླ་མའི་གདམ་དག་གིས་མ་ཟིན་པས་ཤེས་བྱའི་སྒྲིབ་པར་འགྱུར་རོ། །དེ་ཡང་ཆུ་ཉ་ལྟ་བུར་བ་སྤང?་པ། ། དྲི་མ་མེད་པ་སྣ་ཚོགས་མདོག་། རྣམ་པ་ཀུན་ཏེ་རང་གི་སེམས། །གཞན་གྱི་སེམས་མིན་རང་གི་སེམས། །རང་གི་སེམས་ཡིན་བདེ་བ་ཉིད། །གཞན་གྱི་སེམས་ཡིན་བདེ་བ་མིན། །ཡུལ་དང་རྣམ་པར་བྲལ་བ་ཡི། །རང་བདེ་ཡིད་ཀྱིས་ཉམས་མྱོང་བ། །གཞན་གྱི སེམས་བདེ་མེད་པའི་ཕྱིར། །བདེ་བ་བསྟན་དུ་མི་བཏུབ་བོ། །ཞེས་འབྱུང་ངོ། །དེ་བས་ན་འདིར་དང་པོ་རང་གི་སེམས་ཀྱི་སྣང་བ་འདི་དེ་བཞིན་གཤེགས་པའི་སྤྱན་ཤེས་བྱའི་སྒྲིབ་པ་དང་བྲལ་བས་དཔག་ཚད་སྟོང་མཐོང་བར འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་མདོ་སྔོ་ལས་ཀྱང་གསུངས་སོ། །དེ་བས་ན་ཤའི་སྤྱན་དང། ལྷའི་དང། སངས་རྒྱས་ཀྱི་དང། ཤེས་རབ་དང། ཡེ་ཤེས་ཀྱི་སྤྱན་རྣམས་ཀྱང་འདི་ལྟ་སྟེ། རྣལ་འབྱོར་པས་སེམས་ཨ་བ་བྷཱ་ཏཱིར་བཙུད་ཅིར་བསྒོམས པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེ་བས་ན་ཐམས་ཅད་མཁྱེན་པས་མ་གཟིགས་པ་འམ། མི་མཁྱེན་པ་བཅུ་ཟད་ཀྱང་མེད་དོ། །དེ་ལྟར་རྣལ་འབྱོར་པས་སྲོག་གི་རླུང་དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཨ་བ་དྷ་ཏཱིའི་དབུ་མར བཙུད་ནས་སྣ་བུག་གཡས་གཡོན་ནས་མི་རྒྱུ་ན་ཕྱག་རྒྱ་ཆེན་པོ་བསྒོམས་པའི་སྟོབས་ཀྱིས་དབུགས་སྟོང་ཕྲག་བརྒྱད་བརྒྱ་རྣལ་འབྱོར་པ་ལ་འགག་པར་འགྱུར་རོ། །དེ་ལྟར་འགགས་ན་ནི་ས་དང་པོ་ཐོབ་པར་འགྱུར་རོ། །དེའི་ཡེ་ཤེས་དང་འབྲས བུ་ནི་ཤའི་སྤྱན་རྣམ་པར་དག་པས་འཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་མཐོང་བར་འགྱུར་རོ། །འཕོ་བ་གཉིས་པ་འགོག་བས་ས་གཉིས་འཐོབ་སྟེ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་གཉིས་མཐོང་བར་འགྱུར་རོ། །འཕོ་བ གསུམ་པ་འགོག་པས་ས་གསུམ་འཐོབ་བ་སྟེ། ལྷའི་སྤྱན་གྱིས་མི་ལས་འདས་པའི་འཇིག་རྟེན་གྱི་ཁམས་གསུམ་མཐོང་བར་འགྱུར་རོ། །འཕོ་བ་བཞི་པས་ས་བཞི་འཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚུན་ཆད་མཐོང་བར་འགྱུར་རོ། །འཕོ བ་ལྔ་པས་ནི་ས་ལྔ་འཐོབ་སྟེ། སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱིས་ཁམས་བཅུ་དྲུག་མཐོང་བར་འགྱུར་རོ། །འབོ?་དྲུག་པས་སྲོག་གི་རླུང་ཁྲི་བརྒྱད་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགོག་པར་འགྱུར་རོ། །ས་དྲུག་པ ཐོབ་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་མཐོང་བར་འགྱུར་རོ། །འཕོ་བ་བདུན་པ་སྲོག་གི་རླུང་འགོག་པས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་རྩ་བཞིའི་མཛའ་ཚུན་ཆོད་མཐོང་བར་འགྱུར་རོ། །འཕོ་བ་བརྒྱད་པ་སྲོག་གི་རླུང་ཁྲ? བ་རྒྱད་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་འགོག་པ་སངས་བརྒྱད་འཐོབ་ལས་བརྒྱད་པའི་མངོན་པར་ཤེས་པས་ནི་ཤེས་རབ་ཀྱི་སྤྱན་རྣམ་པར་དག་པས་ནི་ཕྱིར་མི་ལྡོག་པའི་ས་ཐོབ་པའི་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་མཛའ་ཚུན་ཆད་མཐོང་བར འགྱུར་རོ། །འཕོ་བ་རྒྱུ་བའི་སྲོག་གི་རླུང་རྒྱུབ་འགོག་པས་ས་དགུ་འཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ཤེས་རབ་ཀྱི་སྤྱན་ཐོབ་པར་འགྱུར་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་མཛའ་ཚུན་ཆད་མཐོང་བར་འགྱུར་རོ། ། འཕོ་བ་རྩུབས་སྲོག་གི་རླུང་འགོག་པས་ས་བཅུ་ཐོབ་པ་ལ་མངོན་པར་ཤེས་པ་ནི་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་རྩ་གཉིས་ཀྱི་མཛའ་ཚུན་ཆད་མཐོར་བར་འགྱུར་རོ། །འཕོ་བ་བཅུ་གཅིག་པས་སྲོག་གི རླུང་འགགས་པར་གྱུར་པས་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱིས་སྒྲིབ་པ་གསུམ་སྤངས་པ་ཐོབ་པར་འགྱུར་རོ། །མངོན་པར་ཤེས་པ་ལས་ཡེ་ཤེས་ཀྱི་སྤྱན་ལྔ་ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིའི མཐ་ཚུན་ཆང་མཐོང་བར་འགྱུར་ཞའོ། །འཕོ་བ་བཅུ་གཉིས་པས་སྲོག་གི་རླུང་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅ་ཅན་རྩ་ལྔ་གཙུག་ཏོར་གྱི་འཁོར་ལོར་འགོག་ན་ནི་བཅུ་གཉིས་པ་ཆེ་འདི་ཁོ་ན་ལ་རྙེད་དེ། རྡོ་རྗེ་འཆང་གི་ས་ཐོབ་པས་སྟོང་གཉིས པ་བར་མའི་འཇིག་རྟེན་གྱི་ཁམས་དང། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང། གཞན་ཡང་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་དང། དཔག་ཏུ་མེད་པ་དང། བརྗོད་ཀྱིས་མི་ལང་བ་རྣམས་ཡེ་ཤེས་ཀྱི་སྤྱན་ལྔས་ཐོབ་པར་འགྱུར་རོ། །འདིར་དབང་བཅུ་གཅིག་གིས་ས་ཇི་ལྟར་ཐོབ་པ་དང། འོག་སྒོ་བདེ་བ་འཕེལ་བ་ལས་ས་ཇི་ལྟར་ཐོབ་པ་ནི་གཞུང་སྤྲོས་པས་འཇིགས་པས་མ བྲིས་སོ། །དེ་ལྟར་མཐོང་བའི་རྣལ་འབྱོར་པ་དེ་ལ་ཇི་སྐད་ཅེས་བྱ། དེས་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། སེམས་ཅན་ཆེན་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སེམས ཅན་ཆེན་པོ་སྟེ། སེམས་ཅན་རྣམས་ཀྱི་ནང་ནང་ཀླུ་ཆེན་པོ་དང་འདྲ་བས་དེ་སྐད་ཅེས་བྱའོ། །ནམ་ཡང་ཇི་ལྟར་གྱུར་ཀྱང་ཞེས་པ་ནི་སྐྱེ་བ་ལ་དབང་ཐོབ་པས་ཐམས་ཅད་ཀྱི་ཐམས་ཅད་རྣམས་པ་ཐཾ་ཅད་ཀྱི་ཀྱི་ཐཾ་ཅད་དུ་ཞེས་པའོ། །ཇི་ལྟར་གྱུར་ཀྱང ཞེས་པ་ནི་སྤྲུལ་པའི་གཟུགས་ཀྱིས་ལྷ་དང་མི་ལ་སོགས་པའི་འགྲོ་བ་རིས་དེ་དང་དེར་སྐྱེས་ཀྱང་འགྲོ་བ་ཀུན་བཞིན་དུ་སྡུག་བསྔལ་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་པའོ། །དེ་སྐད་དུ་ཡང། རིགས་ངན་ཀླ་ཀློ་ཡིན་ན་ཡང། ཡུལ་དེ་ཡོངས་སུ་བརྟོགས པ་ཡིན། །ཞེས་གསུངས་སོ། །ད་ནི་སྐྱེ་བའི་སྒྲིབ་པར་གྱུར་པ་བཅུ་དང་བྲལ་བར་སྟོན་ཏེ། དེ་ཡང་འཛིན་པའི་ཡན་ལག་གི་སྐབས་ཀྱི་གདམས་ངག་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུ་ནས་ཕཊ་ལ་སོགས་པས་བཟུང་ཞིང་བཟློག་པས ཚངས་པར་སྦྱོད་པ་ལ་སྐྱོན་མེད་པས། ངན་འགྲོ་ངན་སོང་དུ་ལྟུང་བར་མི་འགྱུར་རོ་ཞེས་པའོ། །དེ་ལ་སེམས་ཅན་དམྱལ་བ་དང། ཡི་དགས་དང་བྱོལ་སོང་ནི་ངན་འགྲོ་ངན་སོང་སྟེ། འགྲོ་བ་དྲུག་ལས་འདི་གསུམ་ངན་པར་འགྲོ་བ་ཡིན་པ་དང སྐྱེ་བའི་གནས་ངན་པས་དེ་སྐད་ཅེས་བྱའོ། །ལྟུང་བར་མི་འགྱུར་ཞེས་བྱ་བ་ནི་འོག་ན་ཡོད་པས་དེ་སྐད་ཅེས་བྱ་བ་སྟེ། སྐྱེ་བའི་སྒྲིབ་པ་དང་པོའོ། །རིགས་ངན་དུ་སྐྱེ་བར་མི་འགྱུར་རོ། ཞེས་པན་མི་ཐོ་རིས་ནི་རིགས་ཀྱི་སྐྱེ་བའི་སྒྲིབ་པ་ནི་མིར་གྱུར་པ ལ་ཡོད་པ་སྟེ། ཤར་པ་དང། ཉ་པ་དང། སྨིག་མ་མཁན་དང། བགས་མཁན་ལ་སོགས་པའོ། །དེ་བས་ན་དེ་ནི་སྐྱེ་བའི་སྒྲིབ་པ་གཉིས་པའོ། །ཡུལ་མཛའ་འཁོབ་ཏུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་གང་ནས་སངས་རྒྱས་ཀྱི་ཆོས་མེད་པའི་ཡུལ་ཏོ། །དེ་ནི་གནས་ཀྱི་སྐྱེ་བའི སྒྲིབ་པ་སྟེ་གསུམ་པའོ། །དབང་པོ་མཚད་བར་མི་འགྱུར་རོ། །དབང་པོ་ཉམས་པར་སྐྱེ་བར་མི་འགྱུར་རོ། །ཞེས་པ་ནི་ལོང་བ་དང། འོན་པ་ལ་སོགས་པ་འམ། །ཟ་མ་དང་མི་ནང་དུ་གྱུར་པ་སྟེ། དེ་ནི་རྟེན་ཉམས་པའི་སྐྱེ་བའི་སྒྲིབ་པ་སྟེ། བཞི་པའོ། །ལོག་པར? ལྟ་དང?་ལྟ་ངན་པའི་རིགས་སུ་སྐྱེ་བར་མི་འགྱུར་རོ། །ཞེས་པ་ལ་སོགས་པ་ནི་མི་རྟག་པ་ལ་རྟོག་པར་ལྟ་བ་ལ་སོགས་པའོ། །ལྟ་བ་དན་པ་ནི་ཆད་པའི་ལྟ་བའོ། །རིགས་ནི་ལྟ་བ་ཕྱིན་ཅི་ལོག་པར་འཛིན་པའི་བྲམ་ཟེའི་རིགས་ལ་སོགས་པ་སྟེ། དེ་ནི་ལྟ བ་ཉམས་པའི་སྐྱེ་བའི་སྒྲབ་པ་སྟེ་ལྔ་པའོ། །སངས་རྒྱས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་ཞིང་ཁམས་ན་ཆོས་མེད་པའོ། །དེ་ནི་ཞིང་ཡང མ་དག་པ་དང། སངས་རྒྱས་མཐོང་བའི་སྐལ་པ་མེད་པའི་སྐྱེ་བའི་སྒྲིབ་པ་སྟེ་དྲུག་པའོ། །སངས་རྒྱས་བཞུགས་ན་ཡང་དེས་བསྟན་པའི་ཆོས་སྤོང་པ་དང་བཀོལ་བར་མི་འགྱུར་རོ་ཞེས་པ་ནི་བརྒྱ་ལམ་ན་ཞེས་པ་ཤུགས་ལ་རྙེད་པར་འགྱུར་རོ། སངས རྒྱས་འབྱུང་བ་དང་ཕྲད་ཀྱང་ཆོས་ལ་མ་དད་པའི་དབང་གིས་ཉན་པར་མི་འདོད་པ་ནི་སྤོང་བའོ། །རང་བཞིན་དང་གནས་ལ་སོགས་པས་བསྐལ་ནས་ཆོས་ཐོས་པའི་སྐལ་པ་མེད་པ་ནི་བཀོལ་བའོ། །དེ་ནི་མ་དད་པ་དང་བཀོལ་བ་སྐྱེ་བའི་སྒྲིབ་པ་སྟེ་བདུན པའོ། །ལྷ་ཚེ་རིངས་པོ་རྣམས་ཀྱི་ནང་དུ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་འདུ་ཤེས་མེད་པའི་ལྷའི་བྱེ་བྲག་སྟེ། ཡུན་རིང་པོར་བྱང་ཆུབ་ལ་གེགས་བྱེད་པ་སྟེ། དེ་ནི་ཆོས་ཀྱི་ཡུལ་གྱི་སྒྲིབ་པ་སྟེ་བརྒྱད་པའོ། །མུ་གེ་དང་ནད་དང་མཚོན་བྱའི་བར གྱི་བསྐལ་པའི་ནང་དུ་སྐྱེ་བར་མི་འགྱུར་རོ། །ཞེས་པ་ནི་མར་འགྲིབ་པའི་མཐར་མུ་གེའི་བསྐལ་བ་དང། ནད་ཀྱི་བསྐལ་པ་དང། མཚོན་གྱི་བསྐལ་པ་འབྱུང་སྟེ། དེ་ནི་བསྐལ་བ་དུས་ཀྱི་སྐྱེ་བའི་སྒྲིབ་པ་སྟེ་དགུ་པའོ། །སྙིགས མ་ལྔའི་དུས་སུ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་པ་ནི་ཚེའི་སྙིགས་མ་དང། སེམས་ཅན་གྱི་སྙིགས་མ་དང། ལྟ་བའི་སྙིགས་མ་དང། བསྐལ་པའི་སྙིཌ་མ་དང། ཡོ་བྱད་ཀྱི་སྙིཊ་མ་དང། དེའི་དུས་ན་བསྐལ་པ་དན་པ་གསུམ་པོའི་དུས་སུ་སྐྱེ་བ་ནི་སྙིགས་མའི་དུས་ཀྱི་སྐྱེ བའི་སྒྲིབ་པ་སྟེ་བཅུ་པའོ། །སྐྱེ་བའི་སྒྲིབ་པ་དེ་རྣམས་དང་བྲལ་བའི་ནི་རང་དབང་ཡོད་པ་སྟེ། རྣལ་འབྱོར་བདེ་གལ་ཏེ་སེམས་ཅན་ཀྱི་དོན་མཐོང་ན་གདུལ་བྱའི་དབང་གིས་ཤེས་པ་སྔ་མ་དང་དོན་སྦྱར་རོ། །ཉོན་མོངས་པ་ལ་དབང་པའི་ཕྱིར། རྒྱལ པོ་དང། དགྲ་དང། ཆོས་རྐུན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་ཞེས་གསུངས་ཏེ། རྒྱལ་པོའི་ཆད་པ་དང། དགྲས་སྲོག་འཕྲོག་པ་དང། ནོར་འཕྲོག་པ་དང། ཆོམ་རྐུན་པས་འཇབ་བུས་འཕྲོག་པ་དང། སྟོབས་ཀྱིས་ནོར་འཕྲོག་པ་དང། འཇོམས་པ་སྟེ་འཇིགས་པ་གསུམ་མོ། །ཅི་ནས་ཀྱང་དམན་པ་དང། དབུལ་པོའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཞེས་པ་ནི་ངེས་པར་ཞེས་པ་སྟེ། རྣལ་འབྱོར་པ་འཇིག་རྟེན་གྱི་ཆོས་ལ་སོགས་པ་ལས་ཤེས་པའོ། །དམན་པ་ནི་ཁི་ཞན པའོ། །དབུལ་པ་ནི་ནོར་དང་བྲལ་བའོ། །དེ་བས་ན་འཇིགས་པ་ལྔའོ། །དྲི་ངས་པ་དང། སྐུར་པ་དང། སྨད་པ་དང། མི་སྙན་པ་དང། གཏམ་ངན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ། །ཞེས་པ་ནི་དྲི་ངས་པ་ནི་གཞན་གྱིས་བྱས་པའི་སྐྱོན བདག་ལ་བསྒོ་བའོ། །སྐུར་བ་ཞེས་པ་ནི་གཞན་དང་པ་མེད་པར་བྱ་བའི་ཕྱིར་བདག་ལ་ཡོན་ཏན་མེད་པར་སྒྲོགས་པའོ། །མི་སྙན་པ་ནི་སྙན་པར་འོས་པ་མ་ཡིན་པའི་ཚིག་བརྗོད་པའོ། །གཏམ་ངན་ནི་གྲགས་པ་མ་ཡིན་པ་གླེང་བའོ། །སྣང་བ ནི་ཚར་འབྲུ་བའི་གླེང་གཞི་བརྗོད་པའོ། །དེ་ལར་འཇིགས་པ་རྣམས་པ་བཅུ་ནི་ཉོན་མོངས་པ་ལ་དབང་བའི་ཕྱིར་མི་འབྱུང་བའོ། །ད་ནི་ལྷག་པར་མོས་པ་ལ་དབང་པའི་ཕྱིར། རྒྱུད་དང་རུས་དང། རིགས་བཟང་པོ་དང་ཡང་ལྡན་པར་འགྱུར་རོ། །ཞེས་པ་ནི་རྒྱུད དང་དུས་དང། རིགས་ནི་རྣམ་གྲངས་སོ། །བཟང་པོ་ནི་རྒྱལ་རི་གསལ་སོགས་པའོ། །དེ་ལྟར་རིགས་སྨོས་པའི་ཡུལ་དང་པོར་བསྟན་པའི་ཕྱིར་ཀུན་ནས་མཛེས་པ་དང། གཟུགས་དང། ཁ་དོག་དང་ཡང་ལྡན་པར་འགྱུར་རོ། །ཞེས་གསུངས་ཏེ། ཀུན་ནས་མཛེས པ་ནི་ལུས་ཚད་དང་ལྡན་པའི་ཕྱིར་རོ། །གཟུགས་དང་ཁ་དོག་ནི་སྐུ་མཆུ་ཞེང་གབ་པ་དང། མདོག་གསེར་བཙོ་མ་ལྟ་བུའི་མོས་པའི་ཡུལ་གསུངས་པའོ། །མོས་པར་བྱེད་པ་གང་ཡིན་པ་དང། ཡུལ་གཞན་བསྟན་པའི་ཕྱིར། འཇིག་རྟེན་པ་རྣམས་ལ་སྡུག་པ དང། ཡིད་དུ་འོང་བ་དང། འགྲོགས་ན་བདེ་བ་དང། མཐོང་ན་དགའ་བར་འགྱུར་རོ་ཞེས་གསུངས་ཏེ། འཇིག་རྟེན་པ་ནི་འགྲོ་བ་ཚུ་རོལ་མཐོང་བའོ། །སྡུག་པ་ནི་གང་གིས་མཐོང་ན་ལྷག་པར་རྩེ་བའོ། །ཡིད་དུ་འོང་བ་ནི་འགྲོ་བའི་ཡིད་འཕྲོག་པར་བྱེད་པའོ། །འགྲོགས ན་བདེ་བ་ནི་གང་དང་ལྷན་ཅིག་ཏུ་གནས་ན་སེམས་དབུགས་ཕྱིན་པའོ། །མཐོང་ན་དགའ་བ་ནི་གང་གི་མིག་ལམ་དུ་སྣང་ན་བདེ་བ་འཐོབ་པའོ། །དེ་ལྟར་མོས་པའི་ཡུལ་བདུན་ནོ། །འཇིག་རྟེན་པ་རྣམས་ལ་མཛོད་པ་དང། སྐལ་པ་དང་ལྡན་པ་དང། ཚིག བཙན་པར་ཡང་འགྱུར་རོ་ཞེས་པ་ནི་འཇིག་རྟེན་པ་རྣམས་ལ་མཛེས་པ་ནི་གནག་ལ་ཡོད་པ་དེ་རྒྱན་ལྟ་བུར་གྱུར་པའོ། །སྐལ་པ་དང་ལྡན་པ་ནི་དཔལ་ཆེན་པོའོ། །ཚིག་བཙན་པ་ནི་བདེན་པར་སྨྲ་བ་ལ་ཡིད་ཆེས་པའོ། །དེ་ལྟར་མོས་པའི་ཡུལ་བཅུ་པོའོ། ། ད་ནི་སེམས་ལ་དབང་བསྟན་པའི་ཕྱིར། གང་དང་གང་དུ་སྐྱེ་བ་དེ་དང་དེར་ཡང་ཚེ་རབས་དྲན་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་གང་དང་གང་དུ་སྐྱེས་པ་ཞེས་པ་ནི་སྐྱེ་བའི་གནས་བསྟན་པའོ། །དེ་དང་དེར་ནི་ཞེས་པ་ནི་འབྲེལ་སྒྲུབ་པའི་ཚིག་གོ། །ཚེ རབས་ཤེས་པ་ནི་གནས་དྲན་པ་དང། ཡུལ་དང། རུས་དང། མིང་དང། ཁ་ཟས་དང། ཕ་མ་དང། ཚེའི་ཚད་དང། ཆོས་ལ་སྤྱོད་པ་དང། གང་ནས་ཤི་འཕོས་ནས་དེར་སྐྱེས་པ་དག་དེ་ནས་ཤི་འཕྲོ་ནས་གང་སྐྱེ་བ་དང། དེ་ནས་ཤི འཕོས་ནས་འདིར་སྐྱེས་པ་དང། འདི་ནས་ཤི་འཕོས་ནས་གང་དུ་སྐྱེ་ཞིང་འདུལ་བའི་སྐལ་པ་གང་ཡིན་པ་དྲན་པ་སྟེ། དྲན་པ་བཅུ་ནི་སེམས་ལ་དབང་བའོ། །ཡོ་བྱད་ལ་དབང་བ་བསྟན་པའི་ཕྱིར་ལོངས་སྤྱོད་ཀྱི་གཞི་ཆེ་བ་དང། འཁོར་མང་བ་དང། ལོངས་སྤྱོད་མི་ཟད་པ་དང། འཁོར་མི་ཟད་པ་དང་ཡང་ལྡན་པར་འགྱུར་རོ་ཞེས་བྱ་གསུངས་ཏེ། དེ་ལ་ལོངས་སྤྱོད་ནི་ཆོས་ཀྱི་དབྱིངས་ལས་ཡང་དག་པར་བྱུང་བའི་གཟུགས་ལ་སོགས་པོའོ། །དེ་བས་ན་གཞི་ཆེ་བའོ། །འཁོར་མང་བ་ནི་ལྟ་དང་མི ལ་སོགས་པའོ། །ལོངས་སྤྱོད་མི་ཟད་པ་མི་མཐར་ཐུག་པ་མེད་པའོ། །འཁོར་མི་ཟད་པ་ནི་འཁོར་མི་ཕྱེད་པ་དང་ལྡན་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་དང་ཞེས་པ་ནི། སེམས་ཅན་ཀྱང་ཡིད་ལ་ཞེས་པ་སྟེ། ཀུན་གྱི་གཙོ་བོར་གྱུར པའོ། །ཡོན་ཏན་མཆོག་དང་ཡང་དག་པར་ལྔན་པར་འགྱུར་རོ་ཞེས་པ་ནི་ཡོན་ཏན་མཆོག་དང་ལྡན་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྟེ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དང་ཡང་ལྡན་པར་འགྱུར་རོ། །རང་བཞིན་གྱིས་ཀྱང་ཕ རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པར་འགྱུར་རོ་ཞེས་པ་ལ་རང་བཞིན་གྱིས་ཞེས་པ་ནི་རང་གི་རང་གིས་ཞེས་པ་སྟེ། ཆེད་དུ་མ་བསྐྲབས་ཀྱང་ཞེས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉེད་ཡོ་བྱད་དུ་གསུངས་ཏེ། ཇི་སྐད་དུ། སྦྱིན་པ་ནི་ཡོ་བྱང དོ་ཞེས་པ་ནས་ཤས་རབ་ནི་ཡོ་བྱང་ངོ་ཞེས་པའི་བར་གྱི་ཡོ་བྱང་དུ་གསུངས་པའོ། །ཚངས་པའི་གནས་བཞི་ལ་ཡང་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཚངས་པའི་སེམས་ཅན་མཆོག་གོ་།གནས་བཞི་ནི་གོ་བླའོ། །དྲན་པ་ཤེས་པའི་ཞེས་པ ཡང་ཡོ་བྱད་དོ། །དེ་ལྟར་མང་བ་གཉིས་དང། མི་བཟད་པ་གཉིས་དང། ལྷག་མ་བཅུ་ནི་ཡོ་བྱད་ལ་དབང་བའོ། །དེ་ནས་སྨོན་ལམ་ལ་དབང་བ་བསྟན་པའི་ཕྱིར། ཐབས་དང་སྟོབས་དང། སྨོན་ལམ་དང། ཡེ་ཤེས་དང་ལྡན་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ སྨོན་ལམ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་གཞན་གྱི་དོན་དུ་སྨོན་པ་ཙམ་གྱིས་འགྲུབ་པའོ། །ད་ནི་ཆོས་ལ་དབང་བ་བསྟན་པའི་ཕྱིར་བསྟན་ད་ཅོས་ཐམས་ཅད་ལ་ཡང་འཇིགས་པ་མེད་པ་དང། སྨྲ་བ་ལ་མཁས་པར་འགྱུར་ཞེས་གསུངས་ཏེ། དེ་ལ་བསྟན་བཅོས་ནི ཕྱི་མི་ལྡོག་པའི་བསྟན་བཅོས་དང། ནང་རིག་པའི་བསྟན་བཅོ་དང་སྒྲ་དང་ཚད་མར་གྱུར་པ་རིག་པའི་བསྟན་བཅོས་དང། གཟོ་དང་སྒྱུ་རྩལ་རིག་པའི་བསྟན་བཅོས་དང། གསོ་བ་རིག་པའི་བསྟན་བཅོས་སོ། །དེ་རྣམས་ལ་དབང་ཐོབ་པ་ནི་མི་འཇིགས་ལའོ སྨྲ་པ་ལ་མཁས་པ་ནི་གཞན་ལ་དག་སྐྱོན་དང་བྲལ་བར་སྟོན་པའོ། །མི་བླུན་པ་དང་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཐོས་པ་དང། བསམ་པ་དང་བསྒོམ་པས་རྒྱུད་སྦྱངས་པའི་ཕྱིར་རོ། །ཚིག་གསལ་བ་དང་ཞེས་པ་ནི་སྨྲ་བའི་དུས་སུ་གཞན་གྱིས ཉན་པར་བདེ་བའོ། །སྒྲིན་པོར་ཡང་འགྱུར་རོ་ཞེས་པ་ནི་སེམས་ཀྱི་ཐེག་པ་སྟེ་གཡེར་བའོ། །ཞེས་པའི་དོན་ཏོ། །ཤེས་ཉེན་ཅན་དང་ཞེས་པ་ནི་ཤེས་པར་བྱ་བའི་ཆོས་ཐམས་ཅད་ལ་དབང་ཐོབ་པས་ན་དེ་སྐད་ཅེས་བྱའོ། །བསྟན་བཅོས་ལྔ་དང། འགམ་ལྔ་སྟེ བཅུའོ། །ད་ནི་རྫུ་འཕྲུལ་དང་བ་བསྟན་པའི་ཕྱིར། ལེ་ལོ་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུམ་ཏེ། དེ་ལ་ལེ་ལོ་མེད་པ་ནི་ཤུན་ཏུ་མྱུར་བར་འགྲོ་བར་བྱེད་པའོ། །ཆོག་ཤེས་པ་དང་ཞེས་པ་ནི་ཉུང་ཟད་ཀྱིས་ཚིམ་པར་བྱེད་པའོ། །དོན་ཆེ་བ་དང ཞེས་པ་ནི་ཆོ་འཕྲུལ་གསུམ་གྱིས་སེམས་ཅན་གྱི་དོན་བྱེད་པའོ། །སྲེད་པ་མེད་པར་ཡང་འགྱུར་རོ་ཞེས་པ་ནི་རང་གིས་ནུས་པ་ལ་སེམས་ཀྱིས་གདུང་བ་མི་སྐྱེད་པའོ། །སེམས་ཅན་ཐམས་ཅད་ཀྱི་མཆོག་དུ་ཡིད་བརྟན་པ་དང་ཞེས་པ་ནི་འཇིག་རྟེན་སྣ འདས་པའི་སྒོ་ནས་རྫུ་འཕྲུལ་གྱི་སྒོ་ནས་ཡིད་ཆེས་པའོ། །སློབ་དཔོན་དང་ཞེས་པ་ནི་གང་གིས་གུས་པར་བྱ་བའི་ཡུལ་ལོ། །བླ་མར་བཀུར་བར་ཡང་འགྱུར་རོ་ཞེས་པ་ནི་བཀུར་སྟི་བྱ་བའི་མིང་གི་རྣམ་གྲངས་སུ་གསུངས་སོ། །དེས་སྔོན་ནམ ཐོས་པའི་གཟོ་དང། སྒྱུ་རྩལ་དང་ཞེས་པ་ནི་སེམས་ཅན་ཆེན་པོ་དེས་སྔ་མ་ལ་མ་བསླབས་སུ་ཟིན་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་...་ལ་སོགས་པ་རང་བཞིན་གྱིས་འབྱུང་ངོ། །མངོན་པར་ཤེས་པའི་ཤེས པ་དང་ཞེས་པ་ནི་བཤད་ཟིན་ཏོ། །བསྟན་བཅོས་ཐམས་ཅད་ཀྱང་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུར་རོ། །ཞེས་པ་ནི་བསྟན་བཅོས་ཐམས་ཅད་ནི་དོན་དང་ཡི་གེ་གཉིས་སུ་འདུས་པའོ། །དེ་སྐད་དུ་ཡང། ཇི་ལྟར་མནམས་ན་རབ་དགུ་ལ། །མྱངས ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་རྣམ་པ་གཉིས་སུ་གནས། །དོན་དང་ཡི་གེར་ཤེས་པར་བྱ་ཞེས་གསུངས་སོ། །དེ་ལྟར་ཚིགས་བཅུས་ནི་རྫུ་འཕྲུལ་ལ་དབང་བའོ། །ད་ནི་ལས་ལ་དབང་བསྟོན་པའི་ཕྱིར། །ཚུལ་ཁྲིམས་དང་ཞེས་པ གསུངས་ཏེ། །ཚུལ་ཁྲིམས་ནི་དགེ་སློང་ལ་སོགས་པའི་འོ། །དང་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དང། རྡོ་རྗེ་འཛིན་པའི་བསྡུ་བའོ། །འཆི་བ་དང་ཞེས་པ་ནི་གང་ཡོད་ན་འཚོ་བར་འགྱུར་བས་དེ་སྐད་ཅེས་བྱའོ། །ཀུན་སྤྱོད་པ་ཞེས་པ་ནི ཐམས་ཅད་དུ་སྤྱོད་པ་སྟེ། ལུས་ཀྱི་ཀུན་ཏུ་སྤྱོད་པ་དང། ...་།ངག་གི་ཀུན་ཏུ་སྤྱོད་པ་དང། །ཡིད་ཀྱི་ཀུན་ཏུ་སྤྱོད་པའོ། །ཤིན་ཏུ་ཡོངས་སུ་དག་པར་སྤྱོད་པ་དང། ཞེས་པ་ནི་ཁྱད་པར་དུ་ཡང་ཞེས་པའི་དོན་ཏོ། །ཡོངས་སུ ནི་ཡང་དག་པར་ཞེས་པའོ། །དག་པ་ནི་སྔར་སྨོས་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་དང། དེའི་རྟེན་སྒོ་གསུམ་དང། འཚོ་བ་དང་བདུན་སྐྱོན་མེད་པ་སྤྱོད་པའོ། །ལེགས་པར་རབ་ཏུ་འབྱུང་བ་དང་ཞེས་པ་ནི་ཕྱོགས་གཉིས་ཏེ། བྱང་ཆུབ་སེམས་དཔའ་ཨི་ཐེག་པའོ། ཡང་ན་རྡོ་རྗེ་ཐེག་པར་རོ། །གཞན་དུ་ན་ནི་ལེགས་པར་རབ་ཏུ་བྱུང་བར་མི་འགྱུར་བར་འོག་ནས་གསལ་བ་ཉིད་དུ་སྟོན་ཏོ། །དེ་བས་ན་རྣམ་པ་དགུའོ། །ལེགས་པར་བསྙེན་པར་རྫོགས་པར་འགྱུར་རོ་ཞེས་པའི་དོན་གོ་བར་འགྱུར་རོ། །ཡང ཞེས་པ་ནི་དང་ཞེས་པ་སྟེ། དེ་དང་བཅུ་ནི་ལས་ལ་དབང་བའོ། །དེ་ནི་ཡེ་ཤེས་ལ་དབང་བ་བསྟེན་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པར་འགྱུར་རོ་ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པ་ནི་ཆོས་ཀྱི་སྐུ་དང། ལོངས སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་དང། བདེ་བ་ཆེན་པོའི་སྐུའོ། །ཡང་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྐབས་ལས་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག་།ཅེས་བཅུར་གསུངས་སོ། །བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད མཁྱེན་པའི་ངོ་བོ་ཉིད་དང་ཐ་མི་དད་པ་ཡིན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་སོ། །མི་བརྗེད་པ་ནི་དྲན་པའི་ངོ་བོ་ཉིད་དེ། སྔར་བསྟན་པའི་ཡན་ལག་དྲུག་ནི་མན་ངག་གོ་།ལེགས་པར་རབ་ཏུ་འབྱུང་བ་ཉིད་གང་ཞེ་ན། ཉན་ཐོས་དགྲ་བཅོམ པ་དང། རང་སངས་རྒྱས་ཀྱི་ངེས་པ་ལ་ནམ་ཡང་འཇུག་པར་མི་འགྱུར་རོ་ཞེས་གསུངས་ཏེ། འདོད་ཆགས་དང་བྲལ་བའི་ཐེག་པས་ནི་ནམ་ཡང་སངས་རྒྱས་པར་མི་འགྱུར་ཞེས་པ་སྟེ་གཞན་གྱི་ཚིག་དོན་ནི་གོ་སླའོ། །ད་ནི་སྔར་བསྟན་པ་དེ་དག་གི་དོན་བསྡུས་ནས བསྟན་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་རྡོ་རྗེ་འཆང་དེ་ལྟར་ན་ཡོན་ཏན་དཔག་ཏུ་མེད་པ་དག་དང་ལྡན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་ཞེས་པ་ནི་སྔར་བསྟན་མ་ཐག་པ་དེ་ལྟར་ན་ཞེས་པའོ། །ལྟོན་ནི་ཆེ་བའི་ཡོན་ཏན་ནོ། །དཔག ཏུ་མེད་པ་ནི་གྲངས་དང་རྩིས་ཀྱིས་མི་ལང་ཞིང་འདི་ཙམ་ཞེས་པའི་མཛའ་ལས་འདས་པའོ། །རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་གཞན་དག་དང་ཡང་ལྡན་པར་འགྱུར་རོ། །ཞེས་པ་ནི་ཆོས་དང། ལོངས་སྤྱོད་རྫོགས་པ་དང། སྤྲུལ པའི་སྐུ་ལ་སོགས་པའི་ཆེ་བའི་བདག་ཉིད་སྡར་བཤད་པ་དང། འདིར་མ་སྨོས་པའི་ཡོན་ཏན་གཞུང་གཞན་ལས་ཇི་སྙེད་བཤད་པ་དེ་དག་ཀྱང་འདིར་ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་པར་བྱའོ། །ཞེས་པའོ། །ད་ནི་མཚན ཡང་དག་པར་བརྗོད་པའི་དོན་གཞུང་འདི་གང་དང་གང་གིས་འཛིན་པའི་གང་ཟག་མ་འོངས་པའི་དུས་སུ་ལུང་བསྟན་པའི་ཕྱིར། ལག་ན་རྡོ་རྗེ་འཆང་ཞིས་བོད་པ་མཛད་ནས། དོན་དམ་པའི་མཚན་ཡང་དག་པར་རྗོད་པ་འདི་ཡང་དག་པར འཛིན་པའི་སྐྱེས་བུ་དེ་ནི་ཞེས་གསུངས་ཏེ། །དེ་ལ་དོན་དམ་པ་ནི་དེར་བཱི་དོན་ཏེ། ཆིག་གི་ཡུལ་ལས་འདས་པའོ། །མཚན་ནི་བྱ་དགས་མིང་ངོ། །ཡང་དག་པར་བརྗོད་པ་ནི། སྒྲའི་སྐྱོན་སྤངས་པའོ། །འདི ཞེས་པ་ནི་དེ་ལྟར་བཤད་མ་ཐག་པ་འདི་ཞེས་པའོ། །ཡང་དག་པའི་འཛིན་པ་ནི་ཕྱིན་ཅི་མ་ལོག་པར་འཛིན་པའོ། སྐྱེས་བུ་ཞེས་པ་ནི་ཡོན་ཏན་གོང་གི་ཕྱིར་ངོ། །ཡང་དགེ་པའི་བཤེས་གཉེན་ཚོལ་བ་དང། ཆོས་ཉན་པ་དང། དོན་སེམས པ་དང། དོན་བཞིན་དུ་སྤྱོད་པ་དང། ཆོས་བཞི་དང་ལྡན་པ་ནི་སྐྱེས་བུ་ཞེས་པའོ། །བསོད་ནམས་ཀྱི་ཚོགས་དང། ཡེ་ཤེས་ཀྱི་ཚོགས་ལེགས་པར་བསགས་ཤིང། ཞེས་པ་ན་མཚན་ཡང་དག་པར་བརྗོད་པ་ཉིད་བསོད་ནམས་དང ཡེ་ཤེས་ཀྱི་ཚོགས་ཡིན་པས་ནའོ། །དེ་ཡང་དག་པར་བཟུང་པས་ཚོགས་གསོག་པར་འགྱུར་ཞེས་པའོ། །དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤིན་དུ་མྱུར་བར་འགྲུབ་ནས། རིང་བོར་མི་ཐོགས་པར་ཞེས་པ་སྟེ་དེ་ལ རིང་པོར་མི་ཐོགས་པ་ནི་ཚེ་འདི་ཉིད་ལའོ། །ལྷག་མ་ནི་གོ་སླའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་ཞེས་པ་ནི་བྱང་ཆུབ་དེའི་བླ་ན་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། ། བསྐལ་པ་མང་བོར་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་སུ་མི་འགྱུར་བར་ཞེས་པ་ནི་བསྟན་པ་དང་སྟོན་པ་ཡང་ཡུན་རིང་དུ་གནས་པར་འགྱུར་རོ།

CLOSE WINDOW