| Wylie | e-texts based on the ACIP/ALL Input |
། །།རྒྱ་གར་སྐད་དུ། །ཨཱརྱ་མཉྫུ་ཤྲཱི་ནཱ་མ་སི་ཀཱི་ཏྱ་མྲི་ཏ་ལོ་ཀ་ཧྲི་ཏྟི་ནཱ་མ། བོད་སྐད་དུ། དཔལ་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བདུད
རྩིའི་ཐིགས་པ་སྒྲོན་མ་གསལ་བ་ཞེས་བྱ་བ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡུལ་དང་ཡུལ་ཅན་མཁའ་འདྲ་རང་བཞིན་ཅན། །ཉི་ཟླ་མུན་པའི་ལམ་ཞུགས་མདའ་ཡིས་གཡོ། །ས་མཛའ་ལས་བྱུང་ཆུ་ཡིས་ཀུན་ཏུ་ཁྱབ། །བདེ
གཤེགས་འཇམ་དབྱངས་དེ་ལ་བདག་ཕྱག་འཚལ། །བླ་མའི་ཞལ་ལས་བརྒྱུད་པ་ཡི། །བདུད་རྩི་ཐིགས་པ་ལྟ་བུ་འདི། །དང་པོ་སངས་རྒྱས་ལེགས་འོངས་པ། །མཚན་བརྗོད་མན་ངག་བྲི་བར་བྱ། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ། །སྣ་ཚོགས་རྒྱུད
དོན་གཉེར་བ་ཡི། །འཇིག་རྟེན་པ་དང་འཇིག་རྟེན་འདས། །ས་གའི་བཅོ་ལྔ་ལ་འདུས་སོ། །དེ་དུས་སྟོན་པས་འགྲོ་དོན་དུ། །ཆོས་དབྱིངས་དག་གི་དབང་ཕྱུག་གི་།དཀྱིལ་འཁོར་སྤྲོས་པ་འབྲས་སྤུངས་ཡིན། །དེ་ཡི་ཕྱི་དང་ནད་དག་ཏུ། །དཔལ་ལྡན་རྒྱུ་སྐང
དཀྱིལ་འཁོར་ཆེ། །དང་པོ་སངས་རྒྱས་དཀྱིལ་འཁོར་སྤྲོས། །ལྷ་ལ་སོགས་པ་ཐམས་ཅད་ལ། །དབང་བསྐུར་བྱིན་ཏེ་རྒྱུད་སྡེ་བ་ཞི། །སྙིང་པོའི་རྒྱུད་དང་ལྔ་པོ་དག་།རྡོ་རྗེ་འཆང་གིས་རྒྱས་པར་གསུངས། །སྙིང་པོའི་སྙིང་པོ་འདི
ཡིན་ནོ། །བསྡུས་ཏེ་མཁའ་འགྲོ་མ་རྣམས་ཀྱིས། །རང་རང་གནས་སུ་རྒྱས་གདབ་བོ། །སྙིང་པོའི་སྙིང་པོ་འདི་དེ་ནི། །འགྲོ་བའི་དོན་དུ་འཛམ་བུའི་གླིང། །བྱེ་བ་ཕྲག་བརྒྱར་ཀླགས་གྲུབ་ཏུ། །རབ་ཏུ་གྲགས་སོ་འདི་ཡི་དོན། །ཟབ་ཅིང་གཏིང་དབག་དཀའ་བ་ནི། །དུས?
ཀྱང་ཤེས་བ་མ་ཡིན་ཏེ། །ཟླ་བ་བཟང་བོས་དྲི་མེད་བཤད། །དེ་དོན་རིགས་ལྡན་རྣམས་ལ་ནི། །བདག་གིས་རབ་ཏུ་དགྲོལ་བར་བྱ། །འདི་ལ་བཅུ་བཞིར་གསུངས་པ་ཡང། །བཅུ་གསུམ་དོན་ལྡན་སྒྲ་ཡི་དབྱིངས། །གཅིག?་ནི་ཀུན
གྱིས་བསྔགས་པའོ། །དེ་ཉིད་ཕྱིན་ན་འདིར་མི་འཆད། །བཤད་པར་བྱ་བ་བཅུ་གསུམ་ནི། །ཞུས་དང་གསུང་དང་གཟིགས་པ་དང། །སྒྱུ་འཕྲུལ་དྲ་བ་རྡོ་རྗེ་དབྱིངས། །ཆོས་དབྱིངས་མེ་ལོང་སོ་སོ་རྟོག་།མཉམ་ཉིད་བྱ་གྲུབ་རྒྱུད་བསྡུས་པ། །སྔགས་དང་རྗེ་སུ་ཡི
རང་དང། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །དེ་ལས་དང་པོ་ཐོག་མར་ནི། །ཞུས་པ་བཅུ་དྲུག་བསྟན་པར་བྱ། །འཐད་པ་སྟོན་པ་ཆོས་ཀྱི་སྐུ། །ཛཱ་ལནདྷཱ་རའི་ཐ་ཡིག་ལས། །ཞུ་པོ་ཏཱི་ཤ་ཀུ་ནི་ཡི། ། ཡིག་རྐྱེན་པས་ཆོས་ཀུན་གྱུར། །ེ་བཾ་ཡ་ཞེས།
བཤད་པ། །དེ་ཉིད་རྡོ་རྗེ་བཙུན་མོ་ཡི། །བྷ་ག་ལར་ཞུགས་དེ་ཉིད་དོ། །དེ་ཡང་བཤད་པ། དེ་ནས་རྡོ་རྗེ་འཆང་དཔལ་ལྡན། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག་།འཇིག་རྟེན་གསུམ་ལས་རྒྱལ་བས་དཔང། །གསང་དབང་རྡོ་རྗེ་དབང་ཕྱུག་པོ་ཞེས་པ། །
་ཡི་རྣམ་པ་བདག་མེད་མ། །རབ་ཏུ་མི་གནས་སྟོང་པ་ཉིད། རྣམ་པ་ཐམས་ཅད་བྲལ་བའོ། །ཐ་ཡི་རྣམ་པ་མི་བསྐྱོད་པ། །དམིགས་མེད་སྙིང་རྗེ་ཆེན་པོ་ལ། །སྣ་ཚོགས་དངོས་རྣམས་སྣང་བའོ། །རྡོ་རྗེ་གཉིས་མེད་སྦྱོར་བ་དང། །སྟོང་པ་སྙིང་རྗེའི
སྙིང་པོ་ཅན། །ཟག་གསུམ་འཛག་པ་མེད་པའོ། །འཆང་བཟུང་འཇུག་དེ་ཉིད་ནི། །ལྷན་ཅིག་འཛིན་པས་འཆང་བར་བརྗོད། །དེ་ཡང་དུས་ཀྱི་འཁོར་ལོ་ལས། །བསམ་པ་ཐམས་ཅད་ཡོངས་བཏང་ནས། །སྟོང་པར་རྩེ་གཅིག་ཡིད་བྱེད་པ། །ཉི་མ
གཅིག་ཏུ་བརྟགས་ན་ཡང། །གལ་ཏེ་ཡིད་ཆེས་མ་གྱུར་ན། །དེ་ཆེ་ང་ཡི་བརྫུན་གྱི་ཚིག་ཅེས་པས་དམ་བཅའ་གསུངས་པའོ། །རྟགས་གསུམ་དང་པོར་བར་ཐམ། །དང་པོ་དུ་སོགས་ལྔ་ཐོབ་པ། །གཉིས་པ་སྟོང་དང་བརྒྱད་བརྒྱ་འགགས། །ཐ་མར་ཉི
ཁྲི་ཆིག་སྟོང་དང། །དྲུག་བརྒྱ་འགགས་པས་རྫོགས་སངས་རྒྱས། །དཔལ་ནི་དེ་ལས་རང་དོན་གཞན། །དམ་པ་གཉིས་ནི་འབྱུང་བའམ། །ཡང་ན་གཉིས་མེད་སྦྱོར་ལྡན་བས། །རིལ་བུ་བུམ་བ་མཆིལ་ལྷམ་དང། །ས་འོག་མཁའ་སྤྱོད་རྐང་མགྱོགས་དང། །གནོད་སྦྱིན
མོ་དང་བཅུད་ཀྱི་ལེན། །དེ་ལ་སོགས་པ་དཔག་མེད་མཆོག་།གདུལ་དཀའ་ཡན་ལག་བཞི་པའི་དཔུང། །ཁྱད་པར་རྟ་བའི་ཚོགས་ཆེན་པོ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང། སྟོང་དང་བརྒྱད་བརྒྱ་སུམ་བརྒྱ་དང། །དྲུག་ཅུའི་དམག་དཔུང་གདུལ་དཀའ་བའོ། །ཅི་ཕྱིར
ཉིན་མཚན་གནོད་བྱེད་ཕྱིར། །འདུལ་བ་དྲུག་སོགས་དཔག་མེད་ཀྱང། །ཀུན་གྱིས་ཐུལ་བམ་ཡིན་ཏེ། །མཆོག་ཏུ་མི་འཛག་ཡེ་ཤེས་ཆེ། །འདུ་བྱེད་རྣམས་ཀྱི་མཆོག་ཡིན་ནོ། །དེ་ནི་གང་ལས་རྙེད་ཅེ་ན། །བུམ་པ་གཏུམ་མོ་ལྷན་ཅིག་སྐྱེས། །ཡན་ལག་དྲུག
གིས་ལུས་བཅིངས་པའོ། །དེ་ཡང་དུས་ཀྱི་འཁོར་ལོ་ལས། །བྱེད་པ་བཅིངས་པའི་སྦྱོར་བ་ཡིས། །ས་གསུམ་པོ་ཡང་འགྲུབ་པར་གྱུར། །ཞེས་གསུངས་སོ། །འཇིག་རྟེན་གསུམ་གྱི་སྒོ་གསུམ་བོ། །རྒྱལ་བ་རང་ལུས་བདེ་སྟོང་རྒྱས། །ཁྲོ་རྒྱུ་ཅན་ལས་ཐག་བསྲིངས
པ། །གསང་པ་གསང་བ་ལྔ་ཡིན་ཏེ། །དེ་ཡང་རྡོ་རྗེ་ཐེག་པ་ལས། །ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །གཞན་གྱི་བུད་མེད་བསྟེན་པར་བྱ། །བརྫུན་གྱི་ཚིག་ནི་སྨྲ་བ་ཡིན། །མྱོས་པར་གྱུར་པའི་ཁུ་བ་བཏུང། །དེ་ལྟར་སྤྱད་ན
བློལ?་བར་འགྱུར། །ཞེས་པ་རླུང་ནི་སྲོག་ཡིན་ལ། །དེ་འགོག་བྱེད་པ་སྲོག་ཆགས་གསོད། །གཞན་གྱི་བུད་མེད་རང་ལུས་མཛེས། །རང་གིས་གྲུབ་པ་རྣམ་པར་དག་།མ་ཕྱིན་ཧི་ལས་ཐིག་ལེ་ལེན། །སེམས་ཅན་ཐམས་ཅང་བསྒྲལ་ལོ་ཞེས། །བརྫུན་གྱི་ཚིག་ནི
སྨྲ་བ་ཡིན། །བདེ་བ་ཕྱག་རྒྱའི་ཁུ་བ་ནི། །རྟག་ཏུ་བཏུང་བར་བྱ་བ་ཡིན། །དེ་ལྟ་མིན་པར་དངོས་སྤྱོད་པ། །རྡོ་རྗེ་དམྱལ་བར་ངེས་པར་འཚེད། །དགོངས་པའི་སྐད་ཀྱིས་བསྟན་པ་ཡིན། །དབང་པོ་དབང་པོ་ལྔ་ཡིན་ཏེ། །དད་པ་དྲན་པ་བརྩོན་འགྲུས་དང། །བསམ་གཏན
ཤེས་རབ་ལྡན་པ་ཡིས། །རྡོ་རྗེ་ཐེག་པའི་ལམ་བསྒྲུབ་པའོ། །རྡོ་རྗེ་གསར?་ལྡན་དབང་ལྔ་ལྡན། །དེ་ཉིད་ཕྱིར་ན་དེ་དབང་ཕྱུག་།རྣམ་པར་རྒྱས་པ་རྡོ་རྗེའི་ལུས། མི་ཡི་འགྲོ་བ་མཆོག་ཡིན་ནོ། །པདྨ་རྩ་ལ་དཀར་པོ་ནི། ཐིག་ལེན་ནམ་མཁའ་ཨི་ཁམས
གནས་པའོ། །སྦྱན་ནི་གསལ་བར་སྣང་བ་སྟེ། །རྟགས་དང་ཡེ་ཤེས་ནོར་བུ་བརྟན། །སྣ་ཚོགས་པདམོ་རྩ་ཡོ་དབྱིབས། །གདན་ལ་བཞུགས་ནི་སྐྱེ་མཆེད་དག་།རང་གི་ལག་ནི་རོ་རྐྱང་གཉིས། །རྡོ་རྗེའི་མཆོག་ནི་གཉིས་མེད་མ། །རྣམ་གྲངས་མང་ལ་རྟེན་ནས་ནི། །
ཉམས་སུ་མྱོང་བར་བྱ་བའི་ཕྱིར། །གསོར་བར་བརྩོན་འགྲུས་གཉེན་པོ་ཡིས། །ཡང་དང་ཡང་དུ་བྱད་ཅེས་པ། །ཉམས་སུ་མྱོང་བར་བྱེད་པའོ། །ཁྲོ་གཉེར་དཔྲལ་བའི་ཐིག་ལེ་ལ། །རིམ་པར་ལྡན་སོགས་བཅུ་དྲུག་ཕྱེད། །ཉམས་སུ་མྱོང་བས་ཡེ་ཤེས་འཕེལ། །ལག་ན
རྡོ་རྗེ་གཉེན་ཡེ་ཤེས། །ཐབས་ཆེན་མཛའ་ཡས་རྙེད་པ་ཡིས། །ཉོན་མོངས་རྣམ་དག་གདུལ་དཀའ་འདུལ། །དེ་འདུལ་དཔའ་བོ་རྣམས་ཀྱི་ནི། །ཕྲིན་ལས་གཅིག་གོ་ཞེས་བརྗོད་པའོ། །དཔའ་བོ་དེ་འཇོམས་ཕྱིར་ན་དཔའ་།
འཇིགས་སུ་རུང་བའི་ཉན་རང་སོགས། །འདོད་ཡོན་སྤྱོད་ལ་སྐྲག་པའོ། །གཟུགས་ནི་གནོད་སྦྱིན་དེས་མི་ཐུབ། །མི་ཐུང་བྱིས་བའི་ལུས་འཆང་བ། །ཞེ་སྡང་མི་སྤྱོད་རྡོ་རྗེ་ཉིད། །ཅེས་གསུངས་སོ། །རྡོ་རྗེ་ལུས་ལ་རྩེ་མོ་ནི། །སྤྱི་བོའི་ཧི་དང་བུམ་པའི་ཨ། །རབ་བསློབ?
ནི་ཡན་མར་གཤེགས། །རང་གི་ལག་ནི་ཡན་ལག་དྲུག་།གསོར་བྱེད་པ་ནི་སྲོག་རྩོལ་སོགས། གོང་ནས་གོང་དུ་གོམས་བྱེད་པའོ། །དེ་ཡང་དགོས་པ་ཅའི་ཕྱིར་ན། །སྙིང་རྗེའི་དོན་གྱི་བྱང་ཆུབ་སེམས། །དེ་ཡང་རྡོ་རྗེ་མཁའ་འགྲོ་ལས། །ཇི་སྲིད་སེམས་ཅན
འཁོར་གནས་སུ། །གནས་པར་གྱུར་པའི་བར་དག་ཏུ། །དཔལ་མཆོག་མཚུངས་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པ་ཡིན། །དེ་ཕྱིར་སེམས་དཔའ་དོན་པ་ནི། །སྲེད་པའི་ཞགས་པས་རྟག་མི་འཇིགས། །སྲིད་བདེ་སྨོན་པ་དགག་པའི་ཕྱིར། །རྟག་ཏུ
འདོད་ཆགས་རབ་མྱོས་པས། །རྟོག་པ་རྒྱས་པས་སྨིན་པར་མཛད། །ཅེས་གསུངས་སོ། །དེ་ལྟའི་རྣལ་འབྱོར་དབང་ཕྱུག་ཆེ། །ཤེས་རབ་མི་རྟོག་ཆོས་ཀྱི་དབྱིངས། །ཡང་ན་ལས་དང་ཡེ་ཤེས་གཉིས། །ལས་ནི་བཅོས་མ་ཡེ་ཤེས་མཆོག་།དེ་ལྟའི་འཐད་པ་འདི་ཉི་དེ
ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག་། འདོད་ཆགས་ཆེན་པོ་རྗེས་ཆགས་པའམ། །སོ་སོར་བསྡུ་དང་ལྷ་ཡི་ཡུམ། །དེ་ལ་བརྟེན་ནས་རྟོགས་པའོ། །དགའ་དད་བདེ་བའི་ཡེ་ཤེས་ཉིད། །བགུབ་མི་ངོམས་སྤངས་པའོ། །རངས་པ་དེ་ཡི་ལུས་སེམས་ཆིམ
བཏང་སྙོམས་ཅན་ནི་ཐར་པ་འདོད། །འཁོར་བ་སྤང་སོགས་གཉིས་རྟོག་མེད། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །ཞེས་པ་སྟོང་པ་ཁྲོ་བོ་ལ། །ཆགས་བྲལ་ཡེ་ཤེས་ལྟན་སྐྱེས་གཟུགས། །དེ་ཡང་སངས་རྒྱས་ཐོད་པ་ལས། །དངོས་པོ་ཐད་སྐྱེས་བར་བྱེད། །སྟོང་བས་གཤིག
བར་བྱེད་ངས་ཏི་ལཕི?་ཕྱིར་དྲག་པོ་ཕྲོ་བོའི་གཟུགས། །སླུ་བའི་རི་དགས་རྣམས་པར་སྤངས། །རང་བཞིན་སྟོང་པའི་ནམ་མཁའ་ནི། །དགོད་ཅིང་འཛིག་པ་མ་ཡིན་ནོ། །ཞེས་གསུངས་སོ། །སངས་རྒྱས་མཆོག་གི་བདེ་བ་ལ། །བྲིན་ལས་བདེབས་སྤྲ་བྱེད་པའོ། །དོན་ན་རྣལ་འབྱོར
དབང་ཕྱུག་སོགས། །ལུས་བཏུད་ནས་ནི་མཉམས་པ། །ལྷན་ཅིག་རྫགས་པ་ཡང་དག་རྫགས། །འདུད་ཅེས་པ་ནི་ཧི་ལའོ། །བཅོམ་ལྡན་འདས་ནི་ཡས་བྱོན་པ། །བདེ་བས་རྟོག་པ་འཇོམས་པའོ། །དེ་བཞིན་གཤེགས་པ་མས་ལོག་པའོ། །དེ་ཉིད་གནས་སུ
གཤེགས་པའོ། །རྫོགས་པ་དུད་ཁང་རྫོགས་པ་ལ། །སངས་རྒྱས་སྤང་བྱ་སྤངས་ཐོབ་པར། །ཕྱག་འཚལ་ཞེས་པ་དེ་ལ་འདུད། །ཐལ་མོ་རྩ་དང་རླུང་གཉིས་ལ། །སྦྱར་བྱས་ཐིག་ལེ་འཕོར་མི་སྟེར། །སྦྱན་སྔར་རྡོ་རྗེ་བུམ་པའི་ནང། །འདུག་སྟེ་འོད་འཕྲོ་ཐིག
ལེ་ལ། །འདི་སྐད་གསོལ་མི་སྟ་ཞིང་སྙེམས་སྟེངས་རྗེ་དེ་དབྱད། །ཁྱབ་བདག་འཕེལ་སྡུག་ཐིག་ལེ་ལ། །བདག་ལ་སྨན་པ་མཆོག་བདེ་དང། །དཀར་པོའི་བྱོགས་ལ་ལུས་བདེ་བའོ། །གཞན་དོན་བདེ་བ་ཆེན་པོ་ལ། །རྗེས་སུ་སློབ་པར་འདོད་པའི་རྟེན། །ཐུགས་རྩ་བས་ནི
རང་ལུས་ཀྱི། །བྱང་ཆུབ་སེམས་ནི་མ་འཕྲོས་པར། །རྟག་ཧུ་མ་ཉམས་ལྡན་ཕྱིར་རོ། །སྒྱུ་འཕྲུལ་དྲ་བས་དགའ་བཅུ་དྲུག་།མངོན་རྫོགས་དགའ་བ་རྣམས་ཐིམ་པའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །རྙེད་པའི་མི་འགྱུར་ཡེ་ཤེས་ཏེ།
རང་བཞིན་ཆོས་དབྱིངས་རྣམ་དག་པ། །དེ་ནི་མངོན་སུམ་ཐོབ་པར་མཛོད། །ཉིན་མོངས་པས་ནི་ཐིག་ལེ་ཉམས། །འཁོར་བ་རྒྱས་པར་བྱས་པ་ཡི། །སེམས་འཁྲུལ་བས་ནི་དེ་སྡུག་བསྔལ། །སྣ་ཚོགས་རྒྱས་པར་བྱས་པའོ། །མི་ཤེས་མ་རིག་བག་ཆགས་སྟོབས། །
འདམ་དུ་བྱིང་བ་རྒལ་དཀའ་བ། །དེ་ཡང་མཁའ་འགྲོ་ཀུན་སྤྱོད་ལས། །མི་ཤེས་མུན་པས་ཁེབས་པ་དང། །ཁེངས་པ་ལ་ནི་རྟག་ཏུ་དགའ་། །རྟག་ཏུ་གདུག་སེམས་ལྡན་ཀུན་གྱིས། །གསང་བའི་སྤྱོད་ཡུལ་འདི་མི་ཤེས། །ཞེས་གསུངས་སོ། །སེམས་ཅན་ཀུན་ལ་ཉི་ཁྲི
དང། །ཚིག་སྟོང་དྲུག་བརྒྱ་ལགས་པས་ན། །སྨན་པ་བདེ་ཚན་དབྱེར་མེད་པའོ། །བླ་མེད་འབྲས་བུ་ལྟན་སྒྱེས་བདེ། །དེ་ཐོབ་བྱ་ཕྱིར་དགའ་བཞི་བསྒོམ། །རབ་ཏུ་གསལ་བ་རྫོགས་སངས་རྒྱས། །ཞེས་པ་རབ་གསལ་རང་གཞན་ལ། །ཆོས་དང་གཟུགས་སུ་གསལ
པའོ། །དེ་ཉིད་རྫོགས་པའི་སངས་རྒྱས་སོ། །བཅོམ་ལྡན་ཟག་མེད་ཡེ་ཤེས་ལ། །སྟོན་པ་ཐིག་ལེ་བདེ་ཆེན་པོ། །འབྱུང་གནས་སྤྱི་པོའི་ཧཾ་ཡིག་ལ། །འགྲོ་བའི་རླུང་གི་ལས་རྣམས་སོ། །བླ་མ་ཐབས་མཆོག་མེ་རླུང་སྦོར། །གཉིས་མེད་འདྲེས་པ་བདེ་བ་ཆེ། །དམ་ཚིག
ཆེན་པོའི་ཐིག་ལེ་བཞི། །དེ་ཉིད་མཁྱེན་པ་ཡེ་ཤེས་སོ། །དབང་པོ་བསམ་པ་སྒོ་ལྔ་ཡི། །ཡུལ་དང་ཡུལ་ཅན་སྣང་བའོ། །སོ་སོར་སྡུད་བས་རྟགས་ཐོབ་པ། མཁྱེན་མཆོག་ཅེས་ནི་དེ་ལ་བྱ། །བཅོམ་ལྡན་འདས་ན་རྟོགས་པའི་དོན། །ཡེ་ཤེས་སྐུ་ནི་བཞི་པའི་སྐུ། །ཉམས
པ་བཞི་པའི་སྐུ་མ་ཡིན། །གཙུག་ཏོར་བདེ་ཆེན་དཔྲལ་བའི་ཏཾ། །ཆེན་པོ་ཨེ་ཡི་རྣམ་པ་ཅན། །བཾ་ལས་ཀཱ་ལིའི་ཕྲེང་བ་ལ། །ཚིག་གི་བདག་པོ་ཞེས་བཤད་དོ། །ཡེ་ཤེས་གཙུག་ཏོར་ཐིག་ལེ་ཆེ། །རང་འབྱུང་བ་ནི་རྒྱུ་ནི་ལྟོས། །བྱས་པ་མེད་ཅིང་རྣམ་པར་སྤངས
ངར?་ཉིད་ཀྱིས་རིགས་བསོད་ནམས་མཆོག་། དཱ་རི་ཀ་པའི་ཞལ་སྔ་ནས། །སྐྱེ་བ་མེད་པའི་ཡེ་ཤེས་འདི། །རྡུལ་མེད་ནམ་མཁའ་ཨི་དཀྱིལ་ལྟ་བུ། །ལུས་གནས་བདེ་བས་རྒྱས་པ་ལས། །དཱ་རི་ཀ་པས་ད་ལྟ་རྙེད། །ཅེས་གསུངས་སོ། །འཇམ་དཔལ་ནོར་རྩེའི་ཐིག་ལེ་ལ། །ཡེ་ཤེས
གཉིས་མེད་བདེ་བའི་རྟེན། །སེམས་དཔའ་ལིང་ག་རྒྱས་པའོ། །མིང་ནི་བདེ་ཆེན་ལྷན་སྐྱེས་ཏེ། །ཡང་དག་བརྗོད་པའི་རྒྱུད་མང་ལས། །མཆོག་གི་བསྒྲུབ་བྱ་དམ་པར་གསུངས། །དོན་ཟབ་རྟོགས་དཀའ་མི་འགྱུར་ཏེ། །རྡོ་རྗེ་ཐེག་པའི་བསྒྲུབ་བྱ་འང། །དེའོ། །
དོན་ནི་རྒྱ་ཆེན་ཞིང་ཞེས་པ། །ལྷན་སྐྱེས་དངོས་རྣམས་ཁྱབ་པའོ། །དོན་ཆེན་མཚུངས་མེད་བཞི་པ་ཡི། །དབང་གིས་ཐོབ་པའི་ཅིག་ཤོས་དེས། །རང་བཞི་བ་ནོར་ཕྱག་རྒྱ་ཆེ། །ཉན་རང་རྣམས་ནི་སྐྲག་འགྱུར་བའི། །ཐོག་མ་དགའ་བས་དཔའ་པ་སྟེ། །བར་དང་མཆོག
དགའ་ཐ་མར་ནི། །དགའ་བྲལ་དགེ་བ་ལྷན་ཅིག་སྐྱེས། །འདས་པ་ཐོས་པའི་དུས་དག་ཏུ། །སངས་རྒྱས་རྣམས་ཀྱིས་བསུངས་པ་ནི། བླ་མས་གསུངས་པ་ཐོས་ཉམས་མྱོང། མ་འོངས་སྒོམ་པའི་དུས་དག་ཏུ། །རྣམ་ཡང་གསུངས་འགྱུར་ལ་བ་པ། སྒོམ་པ་ཉམས་སུ་མྱོང་བའོ། །ད་ལྟར
བྱུང་བ་རྫོགས་སངས་རྒྱས། །བསམ་པས་དེ་དོན་རྟོགས་པའོ། །ཡང་དང་ཡང་དུ་གསུངས་པ་གང། །རྡོ་རྗེ་ཐེག་པ་ཉམས་སུ་མྱོང། །རང་ལ་རང་གིས་བསྟན་པའོ། །རྒྱུད་ཆེན་བདེ་ཆེན་རྒྱུད་ཆགས་པ། །སྤས་པ་དེ་པོན་ཉིད་དོ། །རྒྱུ་འཕྲུལ་མངོན་པར་རྟོགས
པ་སྟེ། །དྲ་བརྩ་དང་ཐིག་ལེར་འབྲེལ། །རྡོ་རྗེ་འཆང་ཆེན་ཡེ་ཤེས་སྐུ། གསང་སྔགས་འཛིན་ནི་བདེ་ཆེན་གྱི། །ཡེ་ཤེས་ལྔ་པ་གསལ་བར་འཛིན། །དཔག་མེད་རྣམས་ནི་ལམ་བྱེ་བྲག་།བཀའ་བཞིན་དུ་ནི་ཀུན་དུ་འོད། །མ་མཐོང་དང་དུ་རླུང་འགོག་མཆོག་།གླུར
བླངས་གང་ལགས་བཤད་དུ་གསོལ། །ཞེས་ནི་གླུ་ཡི་ཡིད་ཚིམ་བྱེད། །དེ་ལྟར་རང་ཉིད་རྟོགས་ཤིད་བདེ། །མགོན་པོ་རྫོགས་སངས་རྒྱས་ཡཀུན་ནི། །མཆོག་ཏུ་མི་འགྱུར་ཡེ་ཤེས་ལ། །ཐིག་ལ་བཞི་བའི་མཛའ་ཅ་ནོ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང། །
སྦྱོར་བའི་ཡན་ལག་དྲུག་ཡིན་ནོ། །འཛིན་པ་ཐིག་ལེ་འཛིན་པ་སྟེ། །དགའ་བཞི་ཡེ་ཤེས་རྒྱས་པར་བྱས། །ངེས་པར་འབྱུང་ནི་ཧཾ་ལས་སྐྱེས། །ལྟེ་བའི་དཀྱིལ་འཁོར་བར་དུ་ནི། །རབ་ཏུ་གསལ་བར་སེམས་ཅན་ལ། །ཇི་ལྟར་བར་ནི
བསྟན་པར་བྱ། །བདག་གིས་རླུང་གཉིས་སྦྱོར་པ་ཡིས། །བསམ་པ་བརྟན་པོས་ཐིག་ལེ་གཟུང། །དེ་ལས་ཕྱག་རྒྱ་ཆེན་པོ་ཐོབ། །ཉོན་མོངས་ཉམས་པའི་སྡུག་བསྔལ་ལ། །མ་ལུས་བསལ་བ་གཅོད་པ་དང། །མི་ཤེས་རྣམ་པར་རྟོག་པའི་གཟུགས། །མ་ལུས་སྦང་ཕྱིར
དངོས་པོ་བསྟན། །བསམ་པའི་ཁྱད་པར་ཇི་བཞིན་དུ། །ཉོན་མོངས་བྱང་ཆུབ་ཡན་ལག་ལམ། །དེ་ཡང་སངས་རྒྱས་ཐོད་པ་ལས། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་འདོད་ལ་ནན་ཏན་དུ། །བུ་ཁྱེད་ཀྱིས་ནི
རྟག་ཏུ་གྱིས། །ཞེས་གསུངས་སོ། །སེམས་ཅན་ཐིག་ལེར་གནས་པའོ། །དེ་ཡང་སཾ་པུ་ཊ་ལས། །འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། རྣམས
ལ་བཤད་པར་འཚལ་བར་སྟོན། །གསང་དབང་ནོར་བུའི་ཡན་ལག་ན། །རྡོ་རྗེ་ཡིས་ནི་མི་བསྐྱོད་པ། །དེ་སྐད་ཨེ་བཾ་ཐབས་ཤེས་རབ། །དེ་བཞིན་གཤེགས་པ་གྱེན་གཤེགས་པའོ། །བདེ་ཆེན་སེམས་ལ་གསོལ་མཛད་ནས། །ཐབས་ཤེས་ཐལ
མོ་སྦྱར་བྱས་ཏེ། །ལུས་བཏུད་སྐར་མའི་སྦྱོར་བ་ལས། །སྤྱན་སྔར་འདུག་ནི་རྟོགས་པའོ། །དེ་ལྟར་དྷཱུ་ཏཱི་ལ་བརྟེན་ནས། །དགའ་བ་བཅུ་དྲུག་རྣམ་དག་པས། །ཞུས་པའི་ཚིགས་བཅད་བཅུ་དྲུག་དག་།ཞུས་པའི་ལེའུ་སྟེ་དང་པོའོ།། །།
ལེའུ་གཉིས་པ་སླར་གསུངས་པ། །བྱེས་པའི་སྐྱེ་བོ་གདུལ་སླད་དུ། །སྟོན་པ་ལ་སོགས་མི་འགའ་ལ། །འདིར་ཆེན་པོའི་དོན་བཤད་པ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུག་ཅེས་བ་ཤཱཀྱ་ཐུབ་པ་ནི། རྡོ་རྗེ་འཛིན་པ་རྣམ་སྣང་ཆེ། ། ར་ལི་ལས་ཟས་གཙང་ཐབས། །སྒྱུ་མ་ཆེན་མོ་ཤེས
རབ་ལ། །དོན་གྲུབ་རྡོ་རྗེ་སེམས་དཔའ་ཨོ། །མཆོག་ཏུ་དགའ་བ་བདེ་བ་ཆེ། །བཅོམ་ལྡན་འདས་ནི་ཕྱག་རྒྱ་ཆེ། །རྫོགས་པ་གཙུག་ཏོར་ཐིག་ལེ་རྫོགས་།སངས་རྒྱས་འཁོར་དྲུག་དག་ཡེ་ཤེས། །རྐང་གཉིས་མཆོག་ནི་བདེན་པ་གཉིས། །ཡང་ན་གཙུག་ཏོར་ནོར་བུ་གཉིས
ཉིད་ཀྱི་ཞལ་ནས་ལྟགས་བཟང་བ། །ཞེས་པ་ཡིན་ནི་དོན་བཤད་པ། །འཇིག་རྟེན་ཀུན་ཏུ་ཁྱབ་པ་ཡི། །ཡེ་ཤེས་སྐྱེས་པས་ཡེ་ཤེས་ཀྱི། །དྷཱུ་ཏཱི་མཐོང་རྟགས་མཐར་ཐུག་པ། །རེ་ཁཱ་ནག་པོ་ཕྲ་བའི་ཕྲ། །ལོངས་སྐུ་འཕྲོ་བ་མཐོང་བའོ། །དེ་ཡང་དང་པོ་སངས་རྒྱས་ལས། །
དུ་བ་སྨིག་རྒྱུ་ཀྲིན་བུ་མེ། །ཞེས་བརྟགས་བཅུ་བསྟན་པའོ། །རིང་ཞིང་རྣམ་པར་རྟོག་པ་ལས། །མཚན་བརྟགས་ཐོབ་པས་བློ་ཡངས་པ། །ཉིན་མཚན་རབ་ཏུ་བརྒྱད་མཛད་དེ། །དེ་ཡང་འཁོར་ལོ་སྔོམ་པ་ལས། །གང་ཆེ་གོམས་པ་བརྟན་གྱུར་པ། །གསལ་སྣང་དངོས་སུ་མཐོང
བར་འགྱུར། །ལྕེ་རྩེར་ཕྱིན་པའི་སྦྱོར་བ་ཡིས། །ཇི་སྲིད་འདོད་པ་དེ་སྲིད་དུ། །ལྕེ་འཕེལ་བར་ནི་འགྱུར་བ་ཡིས། །དེ་ཚེ་ཁམས་གསུམ་པོ་ཡང་བལྟ། །ཞེས་གསུངས་སོ། །འཇིག་རྟེན་གསུམ་པོ་ལུས་ངག་ཡིད། །སྣང་བྱེད་ཅིང་ནི་རྩ་གསུམ་ཉིད། །
བདུད་བཞི་དུ་??་ཉོན་འཆི་ལྟ་བུ། །དགྲ་རྣམས་བདུད་སོགས་ཉོན་མོངས་རྣམས། །འདུལ་བྱེད་བདེ་རླུང་ཐིག་ལེ་ཁམས་།མ་ཐུལ་སེམས་ཅན་རྣམས་ཀྱི་ལམ། །འོག་ལྟས་རྩ་གསུམ་ངན་སོང་གསུམ། །བྲག་པ་རྒྱས་པས་འཁོར་བར་འཁོར། །དེས་ན་མི་འཇག
ཡེ་ཤེས་གསུམ། །སྦྱོང་བར་བྱེད་པའི་ལྷན་ཅིག་སྐྱེས། །འཛུམ་བསྟན་ནས་ནི་དགའ་བ་བཞི། །ཚངས་པ་དབུ་མའི་ལམ་ཡིན་ཏེ། །གསུང་ནི་གྱེན་རྒྱུའི་ལམ་ཡིན་ཏེ། །སྙེད་པ་བདེ་རླུང་སྲིལ་སྒྲ་འབྱུང། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པ་བཅུ་དྲུག་རྩ
རྒྱས་པས། །སྒོ་གསུམ་ལྷན་སྐྱེས་ཁྱབ་པའོ། །ལག་ན་རྡོ་རྗེ་བསམ་གཏན་ལ། །སྟོབས་པོ་ཆེ་ནི་ལྷན་སྐྱེས་བདེ། །རིམ་གྱིས་བྱོན་པས་དགའ་བཞི་རྒྱས། །གསང་དབང་རྡོ་རྗེ་ནོར་བུ་ལ། །སླར་གསུངས་པ་ནི་མཐར་ཐུག་ནས། །སླར་ལ་གནས་སུ་གཤེགས
བའོ། །སྙིང?་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པ་ཐམས་ཅད་བདེ་ཆེན་ཁྱབ། །རང་སྣང་བཞིན་དུ་བཞིན་སྣང་བའི་འགྲོ་ལ་རྣམ་པར་རྟོག་པའི་རླུང། །ཕན་བའི་དོན་དུ་འགོག་པར་བྱེད། །ཡུམ་ལྔས་ལོངས་སྤྱོད་ལྡན་པ་ཁྱོད། །ཡེ་ཤེས་ལུས
ནི་རྡོ་རྗེའི་ལུས། །འཇམ་དཔལ་ཐིག་ལེའི་ཁམས་ཡིན་ཏེ། །མིང་བརྗོད་དགའ་བ་སྐད་ཅིག་མ། །དོན་ཆེན་རྟོག་པད་བདེ་བ་ཆེ། །དག་བར་བྱེད་པ་རྟོག་སྤྲོས་བྲལ། །བཅིང་གྲོལ་ཐམས་ཅད་དེ་བཞིན་ཉིད། །སྡིག་ཡུལ་ལྔས་ཐེར་བར་བྱད། སེལ་བ་ནི་སྲོག་གཅོད་སོགས། །རྩ
བ་བཞི་དག་གོས་པ་མེད། །ཏིལློ་པ་ཡི་ཞལ་ནས་ཀྱང། །རི་རབ་གསེར་གྱི་ལོགས་ལ་གང་གནས་པ། །གང་གི་རང་བཞིན་བོར་ནས་གསེར་དུ་སྣང། །དེ་བཞིན་སྐྱེ་མེད་རྟོགས་པའི་རྣལ་འབྱོར་གྱིས། །དངོས་པོའི་རང་བཞིན་བོར་ནས་ཕྱག་རྒྱ་ཆེ། །ཞེས་གསུངས་སོ། །ད
ནི་མཆོག་མི་འགྱུར་ཡེ་ཤེས། །ཉན་པར་བརྩོན་པའི་རྣལ་འབྱོར་ནི། །དཔལ་ལྡན་རྡོ་རྗེ་འཆང་ཉིད་དོ། །ལེགས་སོ་ཉོན་མོངས་ཡེ་ཤེས་རྟོགས། །ལག་ན་རྡོ་རྗེ་སྦྱོར་གྲུབ་ལ། །ཁྱོད་ལེགས་སོ་ནི་བསྒོམ་པའོ། །གསང་བ་ཏ་ག་ནོར་བུའི་གནས། །བདག་པོ་ལྟེ་བར་བདེ་བ་འཛིན
ལྷན་གཅིག་སྐྱེས་བ་ཉམས་སུ་མྱོང། །དེ་ཕྱིར་གསུམ་བའི་དུས་སུ་ནི། །ད་ཡིས་ཁྱོད་ལ་རབ་ཏུ་བསྟན། །ཁྱོད་ནི་རྟོག་མེད་རྩེ་གཅིག་པས། །ཡིད་ཀྱི་ཉོན་ལ་བསྒོམ་པར་གྱིས། །བཅོམ་ལྡན་བྷ་ག་བཙུན་མོའི་གནས་།དེ་ནི་སྐྱོན་ནུབ་པས་ལེགས་ཞེས། །དེ་ཡང
ཏེ་ཡི་རྡོ་རྗེ་ལས། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་ངང་ལང་ཚེས་རྣམ་པར་སྤྲས། །རང་གི་དབང་བསྐུར་སྙིང་རྗེ་ཆེ། །རྡོ་རྗེ་བུ་མོ་འདི་ཁྱེར་ལ། །སྤྱོད་པ་བྱེད་པར་རྟོགས་པར་བྱ། །ཞེས་གསུངས་སོ། །གྱེན་ལ་གཤེགས་པ་གསོལ་བའོ། །གཙུག་ཏོར
ཆེན་པོ་ལ་སོགས་པའི། །འཁོར་ལོ་དྲུག་རྩའི་རྣམ་དག་བས་།སླར་གསུངས་ཤལོ་དྲུག་ཏུ་དག། སླར་གསུངས་པའི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་གཉིས་པའོ།། །།རིགས་དྲུག་ལ་གཟིགས་ལེའུ་ནི། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པས་བཅོམ་ལྡན
བདེ་བ་ལ། །ཤཱཀྱ་སྟོང་པ་ཆེན་པོ་ཉིད། །ཐུབ་པ་ནོར་བུ་མི་འདའ་བའ་ཨོ། །གང་གིས་གཟིགས་ན་དེ་ཡིས་གཟིགས། །གང་ལ་གཟིགས་ན་རིགས་དྲུག་ལ། །ཇི་ལྟར་གཟིགས་ན་འཁོར་ལོ་དྲུག་།སངས་རྒྱས་དྲུག་ཏུ་གཟིགས་པའོ། །གསང་སྔགས་རིགས་ཆེན་ཐམས་ཅད་ནི
འཁོར་??་??་ལྟར་ཁྱབ་པ་ཡི། །འོད་གསལ་བ་ནི་བྱང་ཆུབ་སེམས། །ནོར་བུའི་ཁ་ནས་མི་འཕོ་བ། །མི་བསྐྱོད་རྡོ་རྗེ་ལྷན་སྐྱེས་དགའ་། །བཛྲེ་དྷྲིཀ་སྟེ་འཇིག་པ་མེད། །གསང་སྔགས་ལྟེ་རྩ་ཡི་གེའི་གཟུགས། །རིག་སྔགས་དཀྱིལ་འཁོར་འཁིར་ལོ་འཕྲོ། །འཆང་བའི
རིགས་ནི་ཕ་ཡིན་ཏེ། །ལྟེ་བའི་འཁོར་ལོ་ཇི་ན་ཛིག་།རྣམ་པར་སྣང་མཇད?་ཆེན་པོའོ། །རིགས་གསུམ་རྡུལ་མུན་སྙིང་སྟོབས་ཏེ། །རྣམ་པར་གཟིགས་ནི་མཚན་ཉིད་མེད་།དང་པོ་སངས་རྒྱས་བཅོམ་ལྡན་འདས། །འོད་དཔག་མེད་པ་ཨ་རོ་ལི་ཀ། འཇིག་རྟེན་ལྟེ
བའི་དཀྱིལ་འཁོར་ལ། །འཇིག་རྟེན་འདས་པ་སྙིང་གཉིད། །རིགས་ནི་རིན་ཆེན་འབྱུང་ལྡན་ལ། །མགྲིན་པའི་འཁོར་ལོ་རིན་འབྱུང་ཉིད། །རཏ་ན་དྷྲིཀ་སྟེ་གསལ་བར་བྱེད། །འཇིག་རྟེན་ཞུ་བའི་ཁུ་བ་ལ། །སྣང་བྱེད་བདེ་ཆེན་སྣང་བའོ། །རིག་ཆེན་དོན་གྲུབ་ཡེ་ཤེས་སྐུ། །
ཧཾ་ལས་འབབ་པའི་ཕྲིན་ལས་བྱེད། །སྟོང་པས་བརྒྱན་པས་པྲཛྙཱ་དྷྲེཀ། །ཕྱག་རྒྱ་ཆེན་པོ་རྡོ་རྗེ་སེམས། །རིག་མཆོག་རིགས་བསྡུས་བདེ་ཆེན་གྲོལ། །ཐིག་ལེ་བཅུ་དྲུག་ཡོངས་རྫོགས་བ། །བཅོ་ལྔའི་མཛའ་ཅན་རྣམ་པར་དག། དེ་ཉིད་གཙུག་ཏོར་ཆེན་པོ་དང། རིན་པོ་ཆེན་ཡང
དེ་ཉིད་དོ། །ཆོས་ཀྱི་རྒྱལ་པོ་དབང་བསྐུར་བ། །དེ་ལ་སྟོན་བས་ཆར་གཟིགས་པའོ། །གནས་དང་ཕུང་པོ་དགའ་བ་དང། །ལས་དང་ལྷ་དང་ཡེ་ཤེས་དང། །དྲུག་ལྡན་དེ་ལ་གཟིགས་པའོ། །ཐབས་དང་ཤེས་རབ་བདག་ཉིད་ཀྱིས། །ཤཱོཀ་གཉིས་དག་པའོ། །རིགས་དྲུག་ལ
གཟིགས་པའི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་གསུམ་པའོ། །།དེ་ནས་སྒྲུ་འཕྲུལ་དྲ་བ་ནི། །མངོན་པར་བྱང་ཆུབ་ལེའུ་ལ། །ཆིག་གི་བདག་པོ་སངས་རྒྱས་ཀྱིས། །ཚིགས་སུ་བཅད་པ་ཤལོཀ། རྩ་ཡི་དྲ་བ་ཇི་སྙེད་པ། །བསྡུས་པས་འཁོར་ལོ་དྲུག་ཏུ་བསྡུས། །དེ་ཉིད
གསང་སྔགས་རྒྱལ་པོ་དྲུག་། ལྡན་ཞིང་བཛྲ་དྷྲིཀ་སྣ་ཚོགས། །འཁོར་ལོ་དྲུག་ལ་ལྡན་པའོ། །གཉིས་སུ་མེད་པར་འབྱུང་བ་དང། །ཞེས་བ་ཀུན་རྫོབ་དོན་དམ་ལ། །ཀུར་རྫོབ་ཀུན་བརྟགས་གཞན་དབང་གཉིས། །དོན་དམ་ཡོངས་སུ་གྲུབ་པ་སྟེ། །
མེད་པ་བདེན་པ་དབྱེར་མེད་ལ། །འབྱུང་བ་སྐུ་གསུམ་འབྱུང་བའོ། །ཡང་ན་མཛའ་བཞི་བྲལ་བ་ཡི། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ནང་དུ་གཉིས་ནི་རོ་རྐྱང་གཉིས། །དེ་ནི་རྟག་ཆད་མཛའ་ཡིན་པས། །མེད་པ་ཀུན་འདར་མ་ཉིད་དོ། །མ་སྐྱེས་རང་བཞིན་རོ་གཅིག
དང། །འབྱུང་བ་བདེ་ཆེན་མཆོག་མི་འགྱུར། །དེ་ཉིད་མི་སྐྱེ་ཆོས་ཅན་ནོ། །འདི་གསུངས་པ་ནི་བསམ་བརྗོད་མེད། ། ཨཱ་ཨཻ་ཨའི་ཨཽ་ཨཱ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཕྱིར། །ཡི་གེ་བཅུ་གཉིས་བསྟན་པ་ནི། །ས་བཅུ་གཉིས་སུ་བསྟན་པ་ཡིན། །གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་དང་ནི། །ཚན་དོ་ཉེ་བའི་ཚན་དོ་དང། །འདུས་ཉེ་བའི་འདུ་ས་དང་འཐུང་གཅོད་ཉེ་བའི་འཐུང་གཅོད་དང། །དུར་ཁྲོད་ཉེ་བའི་དུར་ཁྲོད
དང། །ཐུང་དུ་དྲུག་ནི་དང་པོ་ལ། །རིང་བ་དྲུག་ན་ཉི་བའོ། །འཁོར་ཡོ་དྲུག་ལ་འཇུག་པ་དང། །གནས་ལ་ལོངས་སྤྱོད་ཐིམ་པ་དང། །བཞི་བཞིས་རླུང་འགགས་མཆོག་ཐོབ་བོ། །འོ་ན་ཐོབ་ལམ་ས་དེ་གང། །ཞི་ན་ཨ་སོགས་བཅུ་གཉིས་ན། །ཀུན་ཏུ་འོད་དང་བདུད
རྩི་འོད། ?་།ནམ་མཁའ་འོད་དང་རྡོ་རྗེ་འོད། །རིན་ཆེན་འོད་དང་པདྨའི་འོད། །མེ་རྟོག་འོད་དང་དཔེ་མེད་འོད། །བླ་མེད་འོད་དང། ཤེས་རབ་འོད། །ཀུན་མཁྱེན་དང་ནི་སོ་སོར་རིག་།དང་པོའི་ཐུང་གསུམ་སྒོ་གསུམ་དགའ་། །དང་པོ་རིང་གསུམ་མཆོག་ཏུ་དགའ་། །གཉིས
བ་ཐུང་གསུམ་དགའ་བྲལ་ལ། །རིང་གསུམ་ལྷན་ཅིག་སྐྱེས་དགའ་ཨོ། །དགའ་བཞིའི་རང་བཞིན་ཕ་རོལ་ཕྱིན། །མ་སྐྱེས་པའི་དོན་བཤད་པའོ། །དེ་ལ་སྐྱེ་བའི་རྣམ་འཕྲུལ་ནི། །སE་ཏོ་ཧྲི་དི་ཐིག་ལེ་ལ། ཛཱ་ན་ནཱུ་རྟྟི་བདེ་ཆེན་ཏེ། །ར་ཧཾ་བུད་དྷོ་སྤངས་རྟོགས་ལྡན
??་ནཱི་ནི་དྷཱ་??། །ཏྱ?་??་??་??་ནི་རླུང་གསུམ་སྒོམ། །ོཾ་བཛྲ་ཏཱུཀྵ?་ཞེས་པ་ནི། །ནོར་བུ་མི་བསྐྱོད་རླུང་གཅོད་པའོ། །དུ་ཁདང་གནས་པ་ཐིག་ལེའི་ཁམས་། བཱ་གཱི་ཤྭ་རཱ་རིན་ཆེན་འབྱུང། །མགྲིན་པར་ཆོས་ཀྱི་ཕུང་པོ་གནས། ། ར་པ་ཙ་ནཱ་རྡོར་སེམས། །གཙུག་ཏོར་གནས་པ་བཅོམ་ལྡན་འདས། །ཡ་ཏ་ན་མམི་འགྱུར་ཡེ་ཤེས་རྟོགས་པ་ཡིས། །འདོད་ཆགས་ལ་སོགས་སྨན་ཆེན་བསྟེན། །མི་འཆི་ལྔ་སྤྱད་དངོས་གྲུབ་ཐོབ། །གསང་སྤྱོད་རིགས་སྤྱོད་ཀུན་ཏུ་བཟང། །རྣལ་འབྱོར་རིག་པས་སྤྱད་པར་བྱ། །ཻནྡྲ་བཏཱུ་ཏིའི་གསུང་དག་ཡིན། །དེ་ལྟར་ཚིགས་བཅད་གསུམ་པ་དེས།?་།
ལུས་ངག་ཡིད་གསུམ་རྣམ་དག་པའོ། །སྔགས་ཀྱི་རྒྱ་ཆེར་འབྲལ་པ་སྟེ་ལེའུ་བཞི་པའོ། །།ལེའུ་ལྔ་པ་རྡོ་རྗེ་དབྱིངས། །དཀྱིལ་འཁོར་ཆེན་པོ་བཤད་པ་ནི། །ཕུང་ཁམས་དག་པ་ཆོས་ཀྱི་དབྱིངས། །འདི་ལྟར་ཕྱག་རྒྱ་ཆེན་པོ་ལ། །སངས་རྒྱས་བཅོམ
ལྡན་འདས་ཡིང་ག་། རྟག་ཏུ་རྒྱས་བདེ་ཀུན་ཏུ་བཟང། །རྫོགས་པའི་སངས་རྒྱས་ནོར་རྒྱས་པའོ། ། ལས་འབྱུང་ནི་ཤེས་རབ་ཕྱིན། །འོད་གསལ་ཕྱག་རྒྱ་ཆེན་མོ་ལ། །གཟུགས་བརྙན་སྣང་བ་མཱ་མ་ཀཱི། །ཻ་ནི་ཡིག་འབྲུ་གུན་གྱི་མཆོག། མ་ནིང་རྡོ་རྗེའི་བཟླས་པ་ཡིན
རླུང་འགོག་བཟླས་པ་མཆོག་སྒོལ་མ། །དོན་ཆེན་ཡི་གེ་ཡོན་ཏན་ལ། །དམ་པ་ཐམས་ཅད་སྟེང་བར་བྱེད། །ཁོང་ནས་འབྱུང་བ་གཏུམ་མེའི་མེ། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །ལྟེ་བར་གཏུམ་མ་སྤར་པ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤུན་སོགས་ཡང་ནི
བསྲེགས་བྱས་ནས། །ཧཾ་ལས་རི་བོང་ཅན་འཛག་གོ་།ཞེས་གསུངས་སོ། །སྲོག་ཆེན་རྫོགས་བྱེད་གོས་དཀར་མོ། །ཚིག་ཏུ་བརྗོད་པ་ཉམས་པའི་མཛའ་། །སྤངས་པ་བདེ་ཆེན་བརྟན་སྤྱན་མ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། བདེ་སྟོང་དབྱེར་མེད་ཡེ་ཤེས། །ཚིག་??་རྩ
རླུང་ཡི་གེའི་གཟུགས། །གཏུམ་མོས་ཀླགས་པས་བདེ་སྟོང་གསལ། །དེ་ཉིད་རྡོ་རྗེ་རྣལ་འབྱོར་མ། །ཉམས་སུ་མྱོང་བ་མཆོད་པ་སྟེ། །ཕྱི་རོལ་རྫས་རྣམས་རྒྱ་ཆེན་ཕུལ། །དམ་པ་གསུམ་གྱིས་བསྔོ་བྱས་ནས། །འདི་ཕྱིའི་ཡོན་ཏན་རྗེས་འབྲངས
པས། །ཐར་པའི་རྒྱུར་གྱུར་ཤིན་ཏུ་དཀའ་། །ཐར་བའི་རྩི་སྨོས་ཁམས་གོང་མའི། །རྒྱུར་གྱུར་པ་ཡང་ཏིང་འཛིན་ན། །དེ་བྱེད་རྣམ་པར་གཡེངས་ཕྱིར་རོ། །དེས་ན་མཆོད་ཆེན་མ་ཡིན་ནོ། །བདུད་རྩི་བསྟེན་སོགས་འདོད་ཡོན་སྤྱོད། །དེ་ཡང་བརྒྱད་པའི་རྒྱུ་མིན་པས། །མཆོག
??་མ་ཡིན་མཆོད་ཆེན་ནི། །དུག་ལྔའི་དེ་ཉིད་རྟོགས་པ་དེའི། །གསུམ་པའི་ཡེ་ཤེས་གཅིག་པུ་ཡིན། །ཆེན་པོའི་ཤེས་རབ་ཡེ་ཤེས་སོ། །འདོད་ཆགས་གསུཾ་དུས་ཡེ་ཤེས་ཆེ། །སེམས་ཅན་ལས་ཅན་སྐལ་བཟངས་ལ། །སྒོམ་གསུམ་དཔག་མེད་དགའ་བར
བྱེད། །མཆད་པ་ཆེན་པོ་གོང་བཞིན་ལ། །ཞེ་སྡང་ཆེ་ནི་རླུང་འགོག་པའོ། །དེས་ནི་བདེ་གཡོས་རྟོག་མེད་པས། །སྤང་བྱ་ཉོན་མོངས་ཀུན་གྱི་སྒྲ། །ཆེ་བ་འདི་ལས་མི་བསྐྱོད་པའོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །སྲོག་རྩོལ་དཉ་ཏཱིའི་ལམ་ཞུགས་པས། །གཏི
མུག་བློ་ནི་ཤེས་རབ་ལ། །གཏི་མུག་སེལ་བ་སྣང་མཛད་པའོ། །མཆོད་པ་ཆེན་པོ་གོང་དང་མཚུངས། །ཁྲོ་བ་ཆེན་པོ་ཉམས་པ་འཇོམས། །ཡང་ན་དགའ་བྲལ་ཡེ་ཤེས་ལ། །ཁྲོ་བ་ཆེན་པོ་ལྷན་ཅིག་སྐྱེས། །དྲག་པོ་ཆེན་པོ་དོན་གྲུབ་པོ། །མཆོད་པ་ཆེན་པོ་འདོད་པ་ཆེ
བདེ་བས་སེམས་བསྡུས་མི་རྟོག་རྒྱས། །དེ་ཡིས་འདོད་པ་ཐམས་ཅད་ཉིད། །སེལ་བར་བྱེད་ཕྱིར་རིན་པོ་ཆེ། །ཆགས་པ་ཉིད་ན་ཆགས་པ་མེད། །འདོད་སོགས་ལྔ་པོ་དབྱེར་མེད་པ། །དྲུག་པ་རྡོར་འཆང་དུས་འཁོར་ལོ། །འདོད་པ་ཆེན་པོ་ལུས་བདེ་བ། །བདེ་བ་ཆེན་པོ
ངག་བདེ་བ། །དགའ་བ་ཆེན་པོ་སེམས་བདེ་བ། །མགུ་བ་ཆེ་ནི་ཡེ་ཤེས་བདེ། །དེ་ཡང་མ་ལོག་གཉིད་སོང་དང། །རྨི་ལམ་རྨི་ལམ་ཆེན་པོ་དང། །དེ་ཉིད་སྤྲུལ་ལོངས་ཆོས་བདེ་ཆེན་ཆེན། །དགའ་བ་དགའ་བཞིར་ཉམས་སུ་མྱོང། །གཟུངས་ཆེ་ཐིག་ལེས་ལིང་ག་རྒྱས། །
ལུས?་??་འོད་གསལ་ཆེ་བསྟེ། །ལོངས་སྤྱོད་རྫོགས་སྐུ་ཡུལ་རྒྱས་པའོ། །དེ་ནི་ལུས་ཀྱི་དགའ་བ་མཆོག། ཁ་དོག་ཆེ་ཞིང་ཡོན་ཏན་རྒྱས། །ལུས་བོར་ཆེ་བདྷཱུ་ཏཱི་རྒྱས། །དེ་ནི་དག་གི་མཆོག་དཀའ་། །མིང་ཡང་ཆེ་ཞིང་མཆོག་གསང་ཐེག་།རྒྱ་ཆེ་ངེས་ཁྱབ་བདེ་སེམས་དཀའ་།
??་ནི་བདེ་བ་སྙིང་པོ་ལ། །འཁོར་ནི་རྩེ་ཐིག་རླུང་གིས་བསྐོར། །ཆེན་པའི་ཆོས་ཉིད་ཡངས་པ་ཡིན། །སྒྱུ་མ་ལྟ་བུར་ཤར་བའོ། །དེ་ནི་ཡེ་ཤེས་མཆོག་དགའ་ཨོ། །དེ་ནི་ལོངས་སྐུའི་དགའ་བཞིའོ། །ཤེས་རབ་མཚོན་ཆེན་སྟོང་པ་ཉིད། །འཆང་བ་དངོས་རྣམས་འཇོམས་པ་སྟེ། །
ཉོན་མོངས་ཆེན་པོ་ལས་རྒྱ་ཡི། །པདྨ་ལ་བརྟེན་སྐྱས་པ་ཡི། །བདེ་མྱོང་ལུས་ཀྱི་དགའ་བྲལ་དགའ་། །ལུགས?་ཀྱུའི་མཆོག་ནི་ཡེ་ཤེས་ཀྱི། །འདོད་པས་འཁྲིག་ཆགས་བཞི་བདེ་བ། །དེ་ནི་དག་གི་དགའ་བྲལ་དགའ་། །གྲགས་ཆེན་མེ་རླུང་སྒྲ་ཡིན་ལ། །སྙན་གྲགས་གསལ་སྣང་ཡེ
ཤེས་ཏེ། །སེམས་ཀྱི་དགའ་བྲལ་དགའ་བའོ། །སྣང་བ་ཆེན་པོ་རྡོ་རྗེ་ཐབས། །གསལ་བ་ཆེན་པོ་ཤེས་རབ་ཡུམ། །གཉིས་མེད་སྦྱོང་བས་བདེ་རྒྱས་པ། །ཡེ་ཤེས་དགའ་བྲལ་དགའ་བའོ། །མཁས་པ་བདེ་སྟོང་ཐབས་ལ་མཁས། །སྒྱུ་འཕྲུལ་སྣང་སྟོང་ཆེན་པོ་འཆང། །དེ
ནི་ལུས་ཀྱི་ལྷན་སྐྱེས་དགའ་། །སྒྱུ་འཕྲུལ་ཆེན་པོ་ཕྱག་རྒྱ་བཞི། །གྲུབ་པ་མེད་པས་དོན་གྲུབ་པའོ། །དག་གི་ལྷན་ཅིག་སྐྱེས་དགའ་བའོ། །སྒྱུ་འཕྲུལ་ཆེན་པོ་བྷ་ག་ལ། །དགའ་བས་དགའ་ནི་ཨགས་གང་ཞེ་ན་ཧན་སྐྱེས་དགའ་ཨོ། །སྒྱུ་འཕྲུལ་ཆེན་པོ
རྩ་འཁོར་ལོ། །མིག་འཕྲུལ་ཅན་ནི་ཞན་པའོ། །དེ་ནི་ཡེ་ཤེས་ལྷན་སྐྱེ་དགའ་། །གཙུག་ཏོར་རྡོ་རྗེ་ནོར་བུའི་བར། །དགའ་གསུམ་དགའ་བ་བཅུ་གཉིས་ལས། །མས་ཡར་དགའ་བ་དགའ་བཞི་སྟེ། །གཉིས་མཉམ་གཉིས་གནས་དབུས་དགན། །བདེ་དང་མི
རྟོག་མཚན་དང་བྲལ། །ལྷན་ཅིག་སྐྱེས་པའི་ཡུལ་ཙན་ལ། །དགའ་བྲལ་རྟོག་ཞེས་བརྗོད་དོགས་གསུང། །དགའ་བ་རྣམ་པ་བཅུ་དྲུག་གོ་།རྒྱས་པར་བཤད་པ་དྲི་མེད་ལྟོས། །སྦྱིན་བདག་ཆེན་པོ་ཕྱི་ནང་གཏོད། །གཙོ་བོ་སྒེག་མོས་ལྷན་སྐྱེས་སྟེར། །འཇིག་རྟེན་སྦྱིན་ལས
ཁྱད་པར་འཕགས། །ཚུལ་ཁྲིམས་ཆེན་པོ་བྱང་ཆུབ་སེམས། །འཆང་བ་མི་ཉམས་ནོར་བུ་ཡིས། །རྩེ་མོར་ཕྲེང་བ་མ་ཉམས་མཆོག་།བཟོད་ཆེན་བདེ་བས་སེམས་བསྡུས་བླུས། །འཆད་བ་མི་འཕྲོ་བརྟན་པའོ། །བརྩོན་འགྲུས་ཆེན
པོ་གཡས་གཡོན་རླུང། །དྷཱུ་ཏཱིང་བརྟུལ་བ་འཕར་གཡོ་གར། །བསམ་གཏན་ཆེན་པོ་བདེ་སྟོང་ལ། །ཏིང་འཛིན་མེ་ཏོག་རྩ་གཅིག་བལྟ། །ཤེས་རབ་ཆེན་པོ་སྟོང་པ་ཉིད། །ལུས་ནི་མ་རིག་མུན་པའི་དངོས། །འཆད་བ་གཉེན་པོའི་མར་མེ་འཛིན། །
སྟོབས་པོ་ཆེ་ནི་རླུང་གྲུབ་པ། །མཁའ་ལ་འགྲོ་བའི་བདུག་སྤོས་ཅན། །ཐབས་ཆེ་བ་ནི་བདེ་འཕེལ་བས། །ལུས་རྣམས་ཀུན་ལ་ཁྱབ་པར་བྱུག་།སྨོན་ལམ་ཁུ་བ་མཉམ་ཟ་བས། །ཆོས་རྣམས་དཔེ་བརྒྱད་ས་སྤྱོད་དམ། །ཡེ་ཤེས་མེ་རླུང་རྒྱ་མཚོ་ནི། །
འབིན་དུ་དུང་གནས་པ་སྟེ། །མཁའ་སྤྱོད་རྣམ་པར་དག་པའོ། །བྱམས་ཆེན་ཤེས་བྱ་བདེ་བར་ཤར། །རང་བཞིན་སྤྲོས་བྲལ་དཔག་མེད་རྟོགས། །སྙིང་རྗེ་ཆེན་པོ་ཆགས་བཅས་ལ། །བློ་ཡི་མཆོག་ནི་བདེ་སྟོང་མྱོང། །ཤེས་རབ་ཆེན་པོ་གང་དུ་ཡང། །
དམིགས་སུ་མེད་པ་ཕྱག་རྒྱ་ཆེ། །བློ་ཆེན་ལྡན་ནི་དགའ་བཞིའོ། །མཁས་པ་ཆེན་པོ་ཞེས་པ་ནི། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །སེམས་དཔའ་རེག་པ་ཆགས་པ་རྒྱས། །ཤིན་ཏུ་ཆགས་ཆེན་འདར་བ་དང། གཡོ་དང་འཁྲུག?་དང་ཡིད་འཁྲུག་དང། །མྱོས་དང་རྒྱལ
བ་བཅུ་རུ་འདོད། །དེ་ཉིད་ནང་དུ་སྦྱར་བ་ཡིས། །སོ་སོར་བསྡུ་བའི་མཚན་མ་བཅུ། །ཐབས་ཆེན་ཡུལ་ནི་ཉི་ཤུ་བཞིར། །བདེ་བས་ཁྱབ་པ་དཔའ་བོའོ། །རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཞེས་པ་རླུང་རྣམས་འཆུན་པའོ། །
ཤུགས་ཆེན་བྱང་སེམས་མི་ཉམས་པ། །མགྱོགས་པ་ཆེན་པོ་རྩ་ཀུན་ཁྱབ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བདེ་བས་བདག་གཞན་བསྐུལ་ནུས་པའོ། །སྟོབས་ཆེན་མཚམས་མེད་ལྔ་སོགས་ལས། །ཕ
རོལ་གནོན་པ་དེས་མི་གོས། །དེ་ཡང་རྡོ་རྗེ་ཐེག་པ་ལས། །གདོལ་བ་སྨིག་མ་མཁན་ལ་སོགས། །མཚམས་མེད་ལྔ་སོགས་བྱེད་པའི་མིས། །གསོད་པ་དོན་དུ་གཉེར་བས་ཀྱང། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར་ཞེས་པའོ། །སྲིད་པའི་རི་བོ་འཇིག་ཚོགས་ཀྱི། །
??་དྲུག་ཅུ་རྩ་གཉིས་སོ། །ཆེན་པོ་གཞིག་པར་དཀའ་བའོ། །འཛམས་ནི་བདེ་ཆེན་སྤྲོས་བྲལ་ལོ། །བདེ་ཆེན་ཐོབ་རྟགས་གང་ཞེ་ན། །མཁྲེགས་ཤིང་ནོར་བུའི་རྩ་གནས་ལ། །རྡོ་རྗེ་ཆེན་པོ་ལིང་ག་རྒྱས། །འཆད་བ་རྡོ་རྗེ་འཇིགས་བྱེད་དོ། །དེ་ཉིད་དྲག་པོ་ཆེན
པོ་སྟེ། །དྲག་ཤུལ་ཆེན་པོ་དྲུག་གསུམ་འཐོམས། །འཇིགས་ཆེན་རྟག་པ་འཇིགས་པར་བྱེད། །འཇིགས་པར་བྱེད་པ་ཆང་པ་འཇོམས། །མགོན་པོ་རིགས་མཆོག་ཕྱག་རྒྱ་ཆེ། །ཆེན་པོ་དེ་ལ་ལྷག་མེད་པའོ། །བླ་མ་བདེ་བ་ཆེན་པོ་ལ་གསང་སྔགས་བདེ་བའི
དམ་ཚིག་བསྲུང། །ཆེ་བའི་མཆོག་ནི་ཐབས་མཆོག་གོ། ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཅེས་པ་ཐབས་འདིས་འཇིག་རྟེན་འདི། །འདིར་འདེགས་པས་ན་ཚུལ་ལ་གནས། །དེས་ན་ཐེག་པ་ཆེན་པོ་ཡི། །ཚུལ་ནི་ཧེ་རུ་བདག་མེད་ན། །མཆོག
ནི་རྡོ་རྗེ་པདྨ་སྦྱོར། །གཙུག་ཏོར་དཔྲལ་བ་མགྲིན་པ་སྙིང། །ལྟེ་བ་གསང་བ་ནོར་བུ་རྩེ། །འགྲོ་དང་བྱོན་པ་བཅུ་བཞི་ཡིས། །ཚིགས་བཅད་བཅུ་བཞི་རྣམ་པར་དག་།རྡོ་རྗེའི་ལུས་ཉིད་རྡོ་རྗེ་དབྱིངས། །གནས་བདུན་བྱོན་གཤེགས་བདེ་མྱོང་བ་།ལྷའོ
དེས་ན་དཀྱིལ་འཁོར་ཏེ། །བརྒྱད་བརྒྱ་བཅུ་གཉིས་བཞུགས་པའོ། །རྡོ་རྗེ་དབྱིངས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་ལྔ་པའོ།། །།ལེའུ་དྲུག་པ་ཆོས་ཀྱི་དབྱིངས། །རྣམ་པར་སྣང་མཛད་དཀྱིལ་འཁོར་ནི། །སངས་རྒྱས་བདེ་ཆེན་གསོལ་བར
མཛད། །རྣམ་པར་སྣང་མཛད་འོད་གསལ་ཆེ། །ཐུབ་པ་ཆེན་པོ་མི་ཉམས་བདེ། །ཐུབ་ཆེན་ལྡན་པ་སྒོམ་གསུམ་རྒྱས། །གསང་སྔགས་ཆུལ་ཆེན་བདེ་སྟོང་ལ། །དེ་ལས་བྱུང་བ་འདོང་ཡོན་ལམ། །གསངས་སྔགས་ཚུལ་ཆེན་དབང་བཞི་ལ། །རིག་པ་བཞི་ཡི་བདག
ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཅེས་པ་བུམ་དབང་རྫས་བཅུ་སྟེ། །གསུམ་པ་རྫས་གསུམ་སྟེར་སྦྱིན་པ། །གཉིས་སྦྱོར་བྱང་སེམས་བརྟན་འཛིན་པ། །ཚུལ་ཁྲིམས་རྟོག་བྲལ་བཟོད་པའོ། །བརྩོན་འགྲུས་བ་ཐག་ཙམ་མི་འཇིག།
བདེ་སྟོང་མི་གཡོ་བསམ་གཏན་ནོ། །ཤེས་རབ་ལྷ་མོའི་ཕྱག་རྒྱ་ལས། །བླ་མའི་ཞལ་ལས་རྙང?་པའོ། །ཐབས་ནི་གོང་གི་མ་རྟོགས་ན། །ཀ་ར་ན་བཅུ་ལ་བརྟེན་ནས། །འགོག་དང་བཟློག་དང་ཁྱབ་སོགས་ཐབས། །དེ་ཡང་སྡོམ་པ་རྒྱ་མཚོ་ལས། །ཀུན་ཏུ་ཙུམ
བཅུ་ཏུ་ལི། །ན་ཁས་རྩེ་དང་རྡན་དས་རྩེ། །ཡང་དག་སྦྱོར་དང་སིད་ཅེས་སྨྲ། །ཉེད་ཅིང་སྐྱེས་པ་ལྟར་བྱེད་པ། །བརྒྱད་ལ་བརྒྱད་བརྒྱད་དབྱེ་བ་ཡིས། །བྱེད་པ་དྲུག་ཅུ་རྩ་བཞིར་འགྱུར། །ཞེས་གསུངས་སོ། །སྨོན་ལམ་བདེ་ཆེན་མི་འབྲལ་བ། །སྟོབས་ནི་ཟློག
དགལ་ཟློ་ག་པའོ། །ཡེ་ཤེས་ལྷན་ཅིག་སྐྱེས་པའོ། །ཕྱིན་བཅུ་ཐོབ་པས་དབང་རྫོགས་པའོ། །དེ་ཡང་ཀམཔའི་ཞལ་སྔ་ནས། །དུར་ཁྲོད་ཆེན་པོའི་དགོན་པར་རྣལ་འབྱོར་དབང་ཕྱུག་གིས། །གསེར་སྣོད་དག་ཏུ་སེང་གེའི་ཞོ་ལྡུགས་ཚེ་ན་ཕན་ཚུན་དུ། །དངུལ་བ
སེལ་དང་བསིལ་བ་ཐོབ་པས་དང་པོ་དང་པོ་གཉིས། །རྗེས་ཆགས་ཁྲོ་མེད་ལེ་ལོ་མེད་པས་གཉིས་པས་གསུམ་དང་བཞི། །རྩེ་གཅིག་རྟོག་བྲལ་གསུམ་པས་ལྔ་པ་དྲུག་པ་དེ་བཞིན་གཞན། །འགོག་ལེན་ཁྱབ་བྱེད་གནས་པ་འཁྲུལ་འཁོར་རླུང་ཐབས་སྟོབས། །
གནས་དང་ཉེ་གནས་ལ་སོགས་བཅུ་གཉིས་སྨོན་འདེབས་དེ་བཞིན་ཉིད། །བདེ་དང་ཅིག་ཤོས་དབྱེར་མེད་གནས་པ་བཞི་ནི་བཞི་པ་སྟེ། །བླ་མ་དམ་པའི་དྲིན་གྱིས་བདག་ལ་འདི་འདྲ་གསལ་བར་སྣང་ཞེས་གསུངས་སོ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཞེས་པ
ཁམས་བཅུ་འཇོམས་པ་སྟེ། །རླུང་དང་སེམས་དང་བྱང་ཆུབ་སེམས། །ཁྲག་དང་རྐང་དང་རྒྱུས་པ་དང། །རུས་པ་ཤ་དང་དབང་པོ་དང། །པགས་པ་ལ་སོགས་བཅུ་པོ་དེ། །བདེ་བས་ཁྱབ་བརྟན་གནས་པའོ། །དེ་ཉིད་གནས་དང་དག་པར་འདོད། །པ
རོལ་ཕྱིན་བཅུ་དག་པ་སྟེ། །ཞེས་པ་ཡུལ་དང་ཡུལ་ཅན་དག་།ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཅེས་པ་ཀ་ར་ན་བཅུ་ཡིས། །བདེ་སྟོང་སྐྱེས་པ་ཚུལ་ཆེན་ནོ། །མགོན་པོ་བདེ་ཆེན་ཧེ་རུ་ཀ། ས་བཅུ་གནས་དང་ཉེ་གནས་སོགས། །དབང་ཕྱུག་མི་འཛག་དགའ་ཡེ་ཤེས
ས་བཅུ་ལ་ནི་གནས་པའོ། །ཞེས་པ་ཀ་རན་བཅུ་ལ། །སྦྱིན་སོགས་རེ་རེས་བརྒྱན་པའོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཞེས་པ་ལྟ་སྟངས་ཤེས་པ་ལས། །རྣམ་དག་ཐོབ་རྟགས་རྣམ་པ་བཅུ། །དུ་བ་སྨིག་རྒྱ་སྲིན་བུ་མ། །འབར་བ་ཟླ་སྔོན་མཁའ་
དག་དང། ཐིག་ལེ་རེ་ཁཱ་ནག་པོའོ། །བདག་ཉིད་ཅན་ནི་སྣ་ཚོགས་པའོ། །ལོངས་སྐུ་མཐོང་བ་ཡིན་པར་འདོད། །ཤེས་བཅུ་རྣམ་དག་འཆང་བའོ། །ཞེས་པ་བུད་མེད་ནམ་མཁའ་དག་།བལྟས་ཏེ་དབང་པོ་ཡུལ་ཡུལ་ཅན། །གཅིག་ཏུ་གྱུར་པ་མཐོང་བ་ནི། །
སྦྱོར་བ་ལན་ལག་དྲུག་ཡིན་ཏེ། །རྟགས་རྟོགས་ལྡན་པ་འཆང་བ་ཡིན། །དཔལ་ལྡན་དང་པོ་སངས་རྒྱས་ལས། །ནམ་མཁར་སེམས་གཏད་མིག་མི་འཛུམ། །རྡོ་རྗེ་ལམ་ཞུགས་རྟགས་བཅུ་མཐོང། །ཞེས་སོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པ་རྣམ
བཅུ་གོང་རྟགས་ལ། །ཤ་ལ་སོགས་པ་སྤྱན་ལྔ་ཡིས། །ཡུལ་དང་ཡུལ་ཅན་མཐོང་བའོ། །ཐུབ་དབང་སྟོབས་བཅུ་ཞེས་པ་ནི། །གྱེན་ཐུར་མེད་ཁྱབ་སྲོག་དང་ནི། །གླུ་དང་རུས་རྩངས་ནོར་ལྷ་སྦྱིན། །ཁྱབ་པའི་བདག་ཉིད་བདེ་སྟོང་ངོ། །ཀུན་གྱི་ཉི་ཁྲི་ཆིག
སྟོང་ལ། །དོན་ནི་འགོག་ཅིང་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །མེ་དང་ཟླ་བ་ཉི་མ་དང། །ཐིག་ལེ་ནག་པོ་ཐིག་ལེ་ཆེ། །སངས་རྒྱས་ལོངས་སྐུ་མཐོང་བའོ། །དེ་ཡིད་དང་པོས་སྣགས་རྒྱས་ལས། །ཚེ་ལས་ཡོ་བྱད་སྐྱེ་དང་ཆོས། །རྫ་འཕྲུལ་མོས་སྨོན
སེམས་ཡེ་ཤེས་སོ། །རྟགས་བཅུའི་གྲུབ་པ་དབང་བཅུའོ། །ཞེས་གསུངས་སོ། །ཐོག་མ་མེད་པས་དགའ་བ་ལ། །སྤྲོས་མེད་བདག་ནི་མཆོག་དགའ་ཨོ། །དེ་བཞིན་ཉིད་ནི་ལྷག་ཅིག་སྐྱེས། །དག་པའི་བདག་ནི་དགའ་བྲལ་ལོ། །བདེན་བར་རང་བཞིན་མྱོང་བཞིན་པ། །སྨྲ
ཞིང་རིགས་ལྡན་བུ་ལ་ནི། ཚིག་མི་འགྱུར་ནི་དོན་དང་རྟགས། །བདེ་བ་ཆེ་ལ་སྦྱོར་བའོ། །ཤེས་རབ་བུ་ནི་བླ་མ་ཡིས། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་པ་འཛག་པ་སྤོང་བའོ། །གཉིས་མེད་གཉིས་སུ་མེད་པར་སྟོན། །ཅེས་པ་འདི
ཡི་དོན་བཤད་ན། །དང་པོ་རྟོག་པ་སྒོམ་པ་སྟེ། །དེ་ནས་རྟོག་མེད་སྐྱེ་བ་ཡིན། །ཟེར་བ་མི་འཐད་རྒྱུ་འདྲ་ལས། །འབྲས་བུ་འདྲ་བ་བྱུང་ཕྱི་རོ། །སཱ་ལུ་ལས་ནི་ཁྲེ་མིན་ནོ། །དེ་ན་རྟོག་མེད་རྒྱུ་ལས་ནི། །འབྲས་བུ་རྟོག་མེད་ཡེ་ཤེས་སྐྱེ། །ཡང་དག་ཡེ་ཤེས་མཛའ་
ནོར་བུ། །དེ་ལ་རྣམ་པར་གནས་པ་ནི། །མི་འཛག་ཡེ་ཤེས་དགའ་བའི་སེམས། །བདག་མེད་ཆོས་རྣམས་བརྗོད་དུ་མེད། །སེང་གེ་རིམས་གནོད་སྒྲ་ལྡན་པས། །མུ་སྟེགས་དེ་ཉིད་མི་ཤེས་པ། །སྟོང་སྒྲ་རི་དགག་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བ་བདེ་ཆེན་པོ། །
དོན་ཡོང་སྟོབས་ནི་སྦྱོར་བས་བརྩོན། །ཇི་ལྟར་བབ་པ་དེ་བཞིན་དུ། །དུང་ཁང་གནས་སུ་སླར་གཤེགས་པའི། །བདེ་ཆེན་ཁྱབ་པ་ཡིད་ལྟར་མགྱོགས། །རྒྱལ་བ་འདོད་ཆགས་ལས་རྒྱལ་དགའ་། །རྣམ་རྒྱལ་རླུང་རྒྱལ་དགའ་ཡེ་ཤེས། །དགྲ་ལས་རྒྱལ་བ་མ
རིག་སོགས། །རྟེན་འབྲེལ་ལས་རྒྱལ་ལྷན་སྐྱེས་སོ། །འཁོར་ལོ་དྲུག་ལ་སྒྱུར་བ་ནི། །རྩ་ལ་ཐིག་ལེ་བརྒྱན་པའོ། །སྟོབས་པོ་ཆེ་ནི་དབུང་བཞི་སྟེ། །སྣང་བ་ཐོབ་དང་སྣང་བ་མཆེད། །བརྟན་དང་དེ་ཁོ་ན་ཞུས་བཞིའོ། །ཆགས་ཀྱི་སྟེང་ཕྲག་བདུན་ཅུ་གཉིས། །
སློབ་དཔོན་ཤུ་ཀྲ་ཡེ་ཤེས། །ཚེགས་ཀྱི་དགའ་གསུམ་མཆོག་ལྡན་སྐྱེས། །ཚོགས་ནི་སྐད་ཅིག་གསུམ་ཡིན་ཏེ། །རྗེ་ནི་མཚན་མེད་སྐད་ཅིག་མ། །ཚོགས་ནི་ཕྱག་རྒྱ་གསུམ་ཡིན་ཏེ། །བདག་པོ་ཕྱག་རྒྱ་ཆེན་པོའོ། །ཆོས་ཅན་བཅོ་བརྒྱད་དེ་དག་ལ། །དབང
དང་ལྡན་པས་དབང་ལྡན་ནོ། །མཐུ་ཆེན་བདེ་ཆེན་གཅེས་པ་ལ། །རྟག་ཏུ་ཉམས་མེད་འཛིན་པ་སྟེ། །དེ་ཉིད་ཚུལ་ཆེན་རྟགས་བཅུ་ཐོབ། །གཞན་དྲིང་མི་འཇོག་བཅོས་མ་ཡིད། །ཚིག་རྗེ་དག་གིས་མཆོག་སྤྱིན་ནུས། །ཚིག་ནི་སོ་སོར་ཡང་དག་རིག་།ཚིས
བདག་སྨྲ་མཁས་ཅེས་པ་ནི། །གྲུབ་ཆེན་བརྒྱད་སེམས་ཕྲིན་ལས་རྣམས། །ཚིག་གིས་ནུས་པས་ངེས་ཆིག་རིན་།ཚིག་ལ་དབང་བ་དོན་རིག་པའོ། །ཚིག་མཛའ་ཡས་པ་ཤེས་རབ་རྒྱས། །སྤོབས་པ་སོ་སོར་རིག་པའོ། །ཚིག་བདེན་ཀུན་རྗོད་ལྷ་དཀྱིལ་འཁོར། །བདེན་པར་སྨྲ
ང་དོན་དམ་སྟེ། །རྫོགས་རིམ་རྣམ་པ་བཞི་ཡིན་ནོ། །དེ་ཡང་མཁའ་འགྲོ་ཀུན་སྤྱོད་ལས། །ཐམས་ཅད་བདེན་པ་གཉིས་ལ་ནི། །བརྟན་པར་ངས་ནི་རྟག་བཤད་པ། །རྣལ་འབྱོར་པ་ཡི་དངོས་གྲུབ་ཕྱིར། །སྒོམ་པར་མངོན་དུ་གྱུར་པ་ཡིན། ར།གྱུད་རྣམས་ཀྱི་ནི་རྣལ་འབྱོར་བ། །
བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་སོ། །བདེན་པ་བཞིན་ནོ་སྡུག་བསྔལ་ལ་སོགས། །སྟོན་པའོ་ནི་དགའ་བཞིར་སྟོན། །ཕྱིར་མི་ལྡོག་པ་རླུང་གྲུབ་པས། །ཕྱིར་མི་འོང་བ་ཐིག་ལེ་བརྟན། །འདྲེན་བ་རང་གིས་རིག་གི་རླུང། །ཧཱུཾ་ཧས་བདེ་རླུང་འདྲེན་པའོ། །རང་རྒྱར
དེ་ཡིས་ཁམས་རྒྱས་པ། །བསེ་རུ་ཨ་བ་དྷཱུ་ཏཱི་ཡིན། །ཚུལ་ནི་མྱ་ངན་འདས་པའོ། །ངེས་འབྱུང་རྫོགས་པའི་སངས་རྒྱས་སོ། །སྣ་ཚོགས་ཐེག་བ་སྣ་ཚོགས་ལམ། །ལས་བྱུང་ཇི་ལྟར་དེ་ལྟར་སྣང། །འབྱུང་བ་ཆེན་པོ་རྒྱ་གཅིག་པ། །ཞེས་པ་འབྱུང་བ་ལྔ་ཡིན་ལ། །ཆེན
པོ་དེ་ལས་ཆོས་ཀུན་སྐྱེས་རྒྱུ་ནི་རྒྱུ་དང་རྐྱེན་ཉིད་དོ། །གཅིག་ཕོ་ཆོས་དང་ཆོས་ཅན་གྱི། །རྒྱུ་རྐྱེན་གྱུར་པ་འདི་ཉིད་ཡིན། །ཆོས་ནི་འབྱུང་ལ་ཆོས་ཅན་ནི། །རྣམ་པར་ཤེས་པ་དེ་ལ་དྲུག་།ཤེས་པ་སྐྱེ་བའང་ཆོས་ཡིན་ཏེ། །ཤེས་པ་ཉིད་ན་ཅི་ཞིག་ཤེས། །ཤེས་མེད
སེམས་ནི་འོད་གསལ་བ། །དོན་དམ་དེས་ན་མྱ་ངན་འདས། །འདུ་ཤེས་མེད་འགོག་སྙོམས་འཇུག་ཡིན། །ཐེག་པ་ཆེན་པོའི་བསྒྲུབ་བྱ་ནི། སྲིད་པ་གསུམ་ལ་དམིགས་ནས་ནི། །མིག་འཕྲུལ་ལྟ་བུའི་རྣམ་པ་ཡིས། །ལི་ལ་ཐུབ་པའི་ཡོན་ལེན། །ཀུན་རྫོབ་འཁོར་དང་མྱང
འདས་ཉིས། །འབྱུང་དང་འབྱུང་ལས་གྱུར་པའོ། །དེ་ཉིད་དོ་དུ་བདེན་འདོད་པ། །ཉམས་ཐོས་ཕྱིར་པ་ཡི་ལུགས། །ཤེས་པ་རྣང་བ་ཡིན་ནོ་ཞེས། །གསལ་བ་དམ་པའི་དོན་འདོད་པ། །ཅིག་ཤོས་རྣལ་འབྱོར་དབང་ཕྱུག་རྣམས། །འཁོར་བ་དང་ནི་མྱ་ངན་འདས། །ཁྱད་པར
ཅུང་ཟད་ཡོད་མིན་པས། །ཀུན་རྫོབ་མིག་འཕྲུལ་ལྟ་བུར་སྣང། །དོན་དམ་དང་བཞིན་མེད་པ་ཉིད། །གཉིས་མེད་ཕྱག་རྒྱ་ཆེན་པོར་འདོད། །རྡོ་རྗེ་གསུམ་གྱི་བྱེད་པ་ལ། །འབྱུང་དང་འབྱུང་འགྱུར་ཆོས་རྣམས་གནས། །སྐུ་རྡོ་རྗེ་སྲབ་བས། །
གཤེར་བ་ཆུ་སྟེ་དྲོ་བ་མེ། །བསྐྱོད་བརླུང་སྟེ་གོ་འབྱེད་མཁའ་། །གསུང་རྡོ་རྗེ་ཡི་རྣམ་པ་ནི། །ཱ་ལི་ཤེས་རབ་ཡེ་ཤེས་ཁམས། །ཀཱ་ལི་ཐབས་ལས་ཁམས་ལྔ་འབྱུང། །ཀ་ཙ་ཊ་ཏ་པ་ལྔ་ས། །ཁ་ཚ་ཐ་ཐ་ཕ་ལྔ་ཆུ། །ག་ཛ་ཌ་དྷ་རྦ་ལྔ་མེ། །གྷ་ཛཧེ་ཌཧ་དྷ་བྷ་ལྔ་རླུང། །
ད་ཉ་ཎ་ན་མ་ལྡ་མཁའ་། །ཀཙ་ཊ་ཏ་པ་ལྔ་ཡེ་ཤེས། །མགྲིན་རྐན་སྤྱི་བོ་མཆུ་སོ་ལས། །འབྱུང་ཕྱིར་མཁའ་རླུང་མེ་ཆུས། ། ཀུ་ཨེ་ཏ་ཋྐ་ལྔ་ནི། །མགྲིན་སྒྲ་ནམ་མཁའ་ཨི་ཁམས་ཡིན་ནོ། །ཙི་ཙུ་ཀྵ་ཡ་ཤ་ལྔ་ནི། །རྐན་སྒྲ་རླུང་གི་ཁམས་ཡིན། །རི་ཊ་ར་ཥ་ཨར་ལྔ་ནི། །
སྤྱི་བོའི་སྒྲ་སྟེ་མེ་ཡི་ཁམས། །ཽ་པུ་པི་ཝ་ཨོ་ལྔ་ནི། །མཆུ་སྒྲ་ཆུ་ཡི་ཁམས་ཡིན་ནོ། །ལི་ཏུ་ལས་ཨ་ལྔ་ནི། །སོ་སྒྲ་ས་ཡི་ཁམས་ཡིན། །འབྱུང་གནས་ལྔ་ལས་བྱུང་བ་ཡི། །འབྱུང་བའི་ནུས་པའི་མེ་ཏོག་ནི། ཁ་དོག་ཡི་གེ་དུག་ལྔར་སྨིན། །ཡི་གེ་དང་བོའི་སྒྲ
རྟག་པ། །དབྱངས་སྒྲ་དབྱངས་ལ་གསལ་བྱེད་དགྲ། །གསལ་བྱེད་རང་ཉིད་ཡིན་པར་འདོད། །གསལ་དབངས་ཐབས་ཤེས་གནོད་པ་མེད། །དབྱངས་ཡིག་དགྲ་གྱུར་འཆི་བ་སྟེ། །གསལ་བྱེད་དགྲར་གྱུར་ནད་གྱི་ཐེབས། །ཡན་ལག་དགར་གྱུར་དཔལ་འཕྲོག་བྱེད། །དབང་ཐད་མི་མཐུན་རྙེད་པ་མེད། །
དེ་རྣཾས་མཐུན་པར་གྱུར་པས་ན། །ཚེ་རིང་ནད་མེད་དཔལ་འབྱོར་ལྡན། །ཕལ་པས་བཏང་སྙོམས་འབྲས་གསལ་མིན། །ཆ་དགྲ་རླུང་ལ་རླུང་དགྲ་ས། །ས་དགྲ་མེ་ལ་མེ་དགྲ་ཆུ། །ནམ་མཁའ་ཀུན་གྲོགས་མཐུན་པའོ། །ས་བ་ཤེས་ཆུ་ལ་ཆུ་བཤེས་ས། །མེ་བཤེས་རླུང་ལ་རླུང་བཤེས
མེ། །རླུང་ཐུན་ཆུ་ལ་མེ་བྲ་ནས། །ཆུ་བྲན་མེ་ལ་ས་བྲན་རླུང། །དགྲས་གནོད་པ་ཤེས་ཀྱི་ཕན་བར་བྱེས། །བྲན་ནི་ཚུལ་ཕན་ཕར་གནད་པའོ། །ཕལ་བས་གསུམ་ཆར་མེད་པར་འདོད། །འབྱུང་ཆེན་སྲོག་ལ་འབྱུང་ཆུང་ལུས། །ཡན་ལག་དཔལ་ལ་རྐྱེན་དབང་ཐང། །
གཅིག་པུར་གྱུར་ན་དེ་ཉིད་ཀྱི། །བྱེ་བྲག་ལས་ནི་བཞིར་ཤེས་བྱ། །སྲོག་མཐུན་ཆེ་རིང་ལས་མཐུན་པས། །ནད་མེད་དཔལ་མཐུན་དཔལ་དང་ལྡན། །དབང་ཐང་མཐུན་པས་ལོངས་སྤྱོད་འཕེལ། །མི་མཐུན་ཚེ་ཐུང་ནང་མང་ཞིང། །སེམས་མེད་དཔལ་མེད་ལོངས་སྤྱོད་འབྲིས
བལ་པས་ཕན་དང་གནོད་པ་མེད། །བྲན་གྱིས་གཅིག་གནོད་གཅིག་ལ་ཕན། །མཁས་གཉིས་དབྱིངས་དང་ཡེ་ཤེས་བཟང། །གསུམ་ནི་དབྱར་མེད་མཆོག་ཡིན་ཏེ། །བཞི་པས་བཤིག་པར་བྱེད་པ་ཡིན། །རླུང་གཉིས་སྲོག་རྩོལ་ངན་པ་སྟེ། །སུམ་གྱི་ཡེ་ཤེས
བཟད་པོར་འགྱུར། །མེ་གཉིས་ཕལ་བ་ཡུན་ཐུང་འཐབ། །གསུམ་ནི་སྡུག་བསྔལ་སྣ་ཚོགས་འཁྲུག་།ཆུ་གཉིས་བཟང་པོ་གསུམ་ཡང་བཏུབ། །བཞི་པ་ཐམས་ཅད་གོང་དང་མཚུངས། །ས་གཉིས་བཟང་པོ་གསུམ་པ་བཏུབ། །བཞི་པ་བཟང་པོ་ལྔ་པ་སྤངས། །
ཕན་ཚུན་ཕར་གནོད་སྟོབས་ལས་ཤེས། །སྟོབས་མཉམ་དཔལ་དང་དབང་ཐང་སྲོག་།གསུམ་གྱིས་སྟོབས་ལས་ཕན་ཚུན་ཤེས། །དེ་མཉམ་ཀུན་དུ་འགྲན་པར་བྱོས། །ཕན་འདོགས་དེ་ཡི་གྲོགས་གྱིས་བྱ། །གནོད་བྱེད་ཡང་ཟེར་དེ་ཡི་དགྲ་ཡིས་བྱ། །ཚེ་དང་ནན་དང
དཔལ་དང་གྲོག་། སྲོག་ལུས་དཔལ་དད་དབང་ཐང་ལ། །དེ་དང་དེ་ཡི་གཉེན་པོས་བྱེད། །ས་ནི་སེར་པོས་གྲུབ་བཞི། །ཆུ་ནི་དཀར་པོ་ཆུ་ཟླུམ་པ། །མེ་ནི་དམར་པོ་མེ་གྲུ་གསུམ། །རླུང་མི་སྔོན་རླུང་ཟླ་གམ། །ནམ་མཁའ་ཀུན་གྲོགས་མདོག་དབྱིབས་བྲལ། །དེ་ཉིད
གཅིག་ཏུ་ཕན་གནོད་དཀའ་། །འབྱུང་བ་རེ་ལ་ལས་དྲུག་སྟེ། བསྣན་དང་དབབ་དང་བསྲེག་པ་དང། ཚིམ་དང་གསོ་དང་དགྱེས་པའོ། །རེ་རེ་འང་ཐིག་ལེས་བརྒྱན་པར་བྱ། །སྒྲོན་མའི་མིང་ལ་མཚོན་བྱས་ན། །ོཾ་ཧཧྲ་ཏཱམདོག་ལས་ཀྱང་ཉི་ཤུ་ལྔ། །དུས་ཕྱོགས་ཉོན་མོངས་ཉི་ཤུ་ལྔ། །སྤོང་ཐོབ་འདོད་པས་ཤེས་པར་བྱ། །ཤམྦྷ་ལ་དང་སིང་ག་གླིང། །འཛམ་བུ་གླིང་སོགས་དཔག་མེད་ན། །ཡི་གེ་གྲངས་དང་གོག་ས་དང། །མིང་མི་འདྲ་བ་གང་ཡོད་ཀྱང། །
འབྱུང་གནས་ལྔ་ལས་བྱུང་ཤེས་པས། །དེ་ཡིས་སྒྲ་རྣམས་ཐམས་ཅད་ཤེས། །དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །སྔགས་ཀྱི་དེ་ཉིད་མི་ཤེས་པར། །གང་ཞིག་ལྷ་སྒྲུབ་ལས་བྱེད་པ། །ནམ་མཁའ་བཟའ་བར་འདོད་དང་མཚུངས། །དེ་ཕྱིར་སྔགས་པ་རྣམས་ལ་ནི།
ཕན་འདོད་དྲི་མེད་འོད་ཀྱི་དོན། །ཅུང་ཟད་བདག་གིས་འདིར་ནི་བླངས། །དེ་ཡང་དགྱེས་པ་རྡོ་རྗེ་ལས། །པོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པ་སྲ་བས་ཡི་ཁམས། །གཤེར་བ་ཆུ་སྟེ་དྲོ་བ་མེད། །བསྐྱོད་པ་རླུང་ཁམས་བདེ་ནམ་མཁའ་། །ལྔ་ཡིས་ཡོངས་སུ་བསྐོར་བ་ཡིན། །
དགེ་སློང་ཉོན་མོངས་མེད་པའོ། །དགྲ་བཅོམ་འདོད་ཆགས་བདེ་འགྱུར་བ། །ཟག་པ་དྲི་ཆུ་ཁུ་ཟད་པའོ། །འདོད་ཆགས་འདོད་པའི་ཡོན་ཏན་ལྔ། །བྲལ་བས་དབང་གསུམ་ཡེ་ཤེས་ལ། །དབང་པོ་ཐུབ་པ་བཞི་བའི་དུས། །བདེ་བ་རྙེད་པས་མི་འཛག་པའོ། །
འཇིགས་མེད་ཐོབ་ནི་འཁོར་བ་མེད། །བསིལ་བར་གྱུར་པ་ཆགས་པ་ཟད། །རྙོག་པ་མེད་ནི་དངས་མའོ། །དེ་ཡང་འཁོར་ལོ་སྡོམ་པ་ལས། །འདོད་པའི་འདོད་ཆགས་རྣམ་པར་སྤངས། །གདུལ་བྱ་དེ་རྣམས་ཤེས་ནས་ཀྱང། །ཡི་གེ་ལས་བྱུང་རྣམ་པར་སྤངས། །
ཚངས་པ་ཉིད་དུ་གྱུར་ནས་ཕྱིར། །ནམ་མཁའ་ལྟ་བུ་འགྱུར་བ་ཡིན། །ཞེས་གསུངས་སོ། །རིགས་པ་དང་ནི་གསུམ་སྐྱེས་སྲིད། །རྐང་བར་ཤེས་རབ་ཡེ་ཤེས་ལ། །ལྡན་པ་བཞི་པའི་ཡེ་ཤེས་སོ། །བདེ་གཤེགས་ཐིག་ལེ་འཇིག་རྟེན་རིག་།ཉོན་མོངས་བྱང
ལམ་རྟོགས་པའི་མཆོག་། བདག་གིར་མི་འཛིན་དགའ་བ་སྟེ། །ལས་རྒྱ་ཡིན་ནོ་ངར་མི་འཛིན། །མཆོག་དགའ་ཡི་ནི་ཆོས་རྒྱའོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་པ་ལྷན་སྐྱེས་དམ་རྒྱལ། །འཁོར་བའི
ཕ་རོལ་མཐར་སོར་པ། །དགའ་བྲལ་དགའ་བ་ཕྱག་རྒྱ་ཆེ། །བྱ་བ་བྱས་པ་སྐམ་སར་གནས། །རིམ་གྱིས་བཞི་པར་གནས་པའོ། །ཤེས་པ་འབའ་ཞིག་ཆོས་རྣམས་ཏེ། །དེས་གསལ་ལྷན་སྐྱེས་ཡེ་ཤེས་རྟོགས། །ཤེས་རབ་མཚོན་ཆ་སྟོང་ཉིད་ཀྱིས། །ཉོན་མོངས་ཉེ
ཉེན་རྣམ་མཐོམས་པའོ། །དམ་པ་བླ་མ་རྡོ་རྗེ་འཆང། །ཆོས་ཀྱི་བརྒྱད་ཁྲི་བཞི་སྟོང་ལ། །ཆོས་རྒྱལ་ཨེ་བཾ་ཆོས་ཀུན་དང། །སངས་རྒྱས་ཀུན་གྱི་ཕ་མའོ། །གསལ་བར་ཀ་ལི་ལྡན་པ་ཨ། །དེ་ལས་ཆོས་རྣམས་ཐམས་ཅད་སྐྱེས། །དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས། །
ཱ་ལི་ཀཱ་ལི་མ་རྟོགས་པར། །གལ་ཏེ་རྡོ་རྗེའི་ཆོས་འདོད་པ། །འདིས་ནི་འབྲས་བུ་མ་ཡིན་ཏེ། །ཕུབ་མ་རྡུང་བར་བྱེད་དང་མཚུངས། །ཞེས་གསུངས་སོ། །འཇིག་རྟེན་མ་རྟོགས་ལོག་རྟོགས་སོ། །སྣང་བར་ཞེད་པའི་དེ་ཉིད་མཐོང། །མཆོག་ནི་ལྷན་སྐྱེས་ཡེ་ཤེས་སོ། །ཆོས་ཀྱི
དབང་ཕྱུག་ཧཾ་ལས་ནི། །རང་བྱིན་རློབ་པ་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་ཆགས་བཅས་པ། །སྤྱོད་ལམ་མི་སྤྱོད་སྟོན་པའོ། །དོན་གྲུབ་མཆོག་ཏུ་མི་འགྱུར་རོ། །བསམ་པ་གྲུབ་པ་སྟེ་ཞེས་པ། །ལས་རྒྱ་སྡུག་བསྔལ་སྣོད་ཡིན་པས། །སྤངས་ཏེ་ཡེ་ཤེས་ཕྱག
རྒྱས་ལས། །རྡོ་རྗེ་སེམས་དཔའ་མངོན་བྱེད་པའོ། །ཀུན་ཏུ་རྟོག་པ་མི་མོ་ལ། །བརྟེན་པའི་བདེན་བ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་ཡན་ལག་དྲུག་།ཕམ་མོ་བདག་མེད་མ་བརྟེན་ཏེ། །དབྱིངས་མི་བཟད་པའི་ཡེ་ཤེས་ཐོབ། །འདི་ནི་རྡོ་རྗེ་འཆང་ཆེན་པོ། །དེ་ཡང
གསུངས་པ། །རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་ལ་གང་རྟོག་པ། །དེ་ཉིད་ཀུན་དུ་བརྟགས་པ་ཡི། །ངོ་བོ་ཉིད་མེད་དེ་མེད་དོ། །ཞེས་གསུངས་སོ། །འོ་སྤང་བྱ་ཁོ་ནའམ། །ཞེ་ན་ཆོས་དབྱིངས་དམ་པ་ལ། །ཟད་མི་ཤེས་པའི་ཐབས་ཡོད་པས། །བློ་ངན
རྣམས་ལ་བསྟན་པ་ཡིན། །དེ་ཡང་ཀླུ་ལས་ཁྲོས་པ་ལས། །ཞི་བས་ཕན་པར་མ་གྱུར་ན། །དེ་བཞིན་གཤེགས་ཉིང་ཁྲོ་བོར་སྤྲུལ། །ཇི་ལྟར་ཇི་ལྟར་བཏུལ་གྱུར་པ། །འདི་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་གསུངས་སོ། །བསོད་ནམས་སྙིང་རྗེ་ཆེན་པོ་ལ། །ལན་པ་ཆཊ
བའི་གླན་པའོ། །བསོད་ནམས་མི་འཛག་བདེ་བའི་སེམས། །ཚོགས་ནི་ཕྱག་རྒྱ་ཆེན་པོའི་ཐམས། །དེ་ཡང། ལུས་ལ་ཡེ་ཤེས་ཆེན་པོ་གནས། །འདི་རྟོགས་གྲོལ་བར་ཀུན་འདོད་ལ། །དེ་རྟོགས་ཐབས་ནི་བསོད་ཡེ་ཤེས། །ཡིན་པར
ཀུན་མཐུན་ཐབས་མི་མཁས། །བསོད་ནམས་ཕྱིར་སོགས་ཡེ་ཤེས་ནི། །བླེ་ཡིས་བྱས་པས་ཐར་པ་རིང། །འདིར་ནི་བསོད་ནམས་དཀྱིལ་འཁོར་ཆེ། །བཅུད་རྣམས་ཀྱིས་མཆོད་གཉིས་འཕེལ་པས། །བདེ་སྟོང་རྒྱས་པ་རྫོགས་སངས་རྒྱས། །འདི་འདྲ་བསོད
ནམས་གང་ལ་སྲིད། །ཡེ་ཤེས་ཚོགས་ཀྱང་དེ་ཉིད་དོ། །དེས་ན་རྒྱུད་རྣམས་ཀུན་ལས་ཀྱང། །དཀའ་ཐུབ་དཀའ་སྦྱང་འདིར་མི་དགོས། །འདོད་པའི་ཡོན་ཏན་ལྔ་རྣམས་ལ། །ཅི་བདེ་བར་ནི་སྤྱད་པར་འགྲུབ། །ཅེས་གསུངས་སོ། །ཡེ་ཤེས་ནོར་བྱ་དམིགས
མེད་བདེ། །ཡེ་ཤེས་ཧཾ་སྐྱེས་ཐིག་ལེའི་ཁམས། །འབྱུང་གནས་ཆ་ན་དེ་ཉིད་དོ། །དེ་ཡང་རྒྱུད་ལས་འདི་སྐད་གསུངས། །རླུང་བཅིངས་པ་ཡི་སྦྱོར་བ་ཡིས། །རྣམ་པར་རྟོག་པ་ཐམས་ཅད་བསྲེགས། །རྟོག་མེད་ཡེ་ཤེས་ལ་སྦྱོར་བ། །ལུས་ཀྱི་ཐབས་ལ
བརྟན་པ་མཆོག་། ཅེས་གསུངས་སོ། །རང་ལ་ཡེ་ཤེས་ལྡན་བ་ཡིས། །ཡོད་མི་ཤེས་པ་འདི་ཡིན་ཏེ། །ཕ་རོལ་ཡེ་ཤེས་ཡོད་མེད་ཤེས། །ཡང་ན་མཛའ་བྲལ་རྟོགས་པའོ། །ཚོགས་གཉིས་ཚོགས་ནི་བསགས་པའོ། །ཞེས་པ་བ་སྤུའི་བུ་ག་ནས། །
སྤྲུལ་པ་སྤྲུལ་ཏེ་འགྲོ་དོན་ནུས། །འདི་འདྲའི་བདེ་སྟོང་སྙིང་རྗེའི་སེམས། །མེད་པར་དཀའ་ཐུབ་ཟས་སྤོང་སོགས། །རྒྱ་མཚོ་དུས་སྦལ་ཁོག་གཤོ་འདྲ། །རྟག་པ་མི་ཉམས་ཀུན་རྒྱལ་བ། །རྩ་སྟོང་ཕྲག་ནི་བདུན་ཅུ་གཉིས། །བདེ་ཆེན་རང་བཞིན་རྒྱས་པ
སྟེ། །རྣལ་འབྱོར་ཅན་ནི་སྒོ་གསུམ་དག་།དེ་ཡང་ལུས་ལས་གསུངས་པ་ནི། །ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་དེ་བཤད་དོ། །ཞེས་སོ། །བསམ་གཏན་དགའ་བཞི་བསམ་བྱ་ནི། །རླུང་དང་རྩ་རྣམས་དྲན་པའོ། །ཡང་ན་སྙིང་གར
པདྨའི་གནས། །ཆ་མེད་དྲན་པ་བློ་ལྡན་མཆོག་།སོ་སོར་རང་རིག་མི་གཡོ་བ། །ཞེས་པ་གཞོན་ནུ་ས་ཏ་ཛཱ། །རིག་ལ་སྨྲ་བར་མ་ནུས་པའོ། །མཆོག་གི་དང་པོ་ལྷ་ཅིག་སྐྱེས། །སྐུ་གསུམ་འཆད་པ་རྡོ་རྗེ་སེམས། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་པ་མ་ལོག་ལོག་པ་དང། །རྨི
ལཾ་རྨི་ལམ་ཆེན་པོ་དང་བསད?་ཕ་གནས་སྐབས་ལྔ་པོ་ནི། །སངས་རྒྱས་སྐུ་ལྔའི་བདག་ཉིད་དོ། །ཁྱབ་བདག་ལྷན་ཅིག་སྐྱེས་པའི། །ཡེ་ཤེས་ལྔ་ནི་གནས་སྐབས་ལྔ། །ཡེ་ཤེས་དག་དང་ལྡན་པའོ། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །བོ་ལ་ཀཀྐོ་ལ་སྦྱོར་ན། །ཤེས་པ་འདི་དུ་སྦྱོང་བ་ཡིན། །
སངས་རྒྱས་ལྔ་བདག་རིགས་ལྔ་ལ། །ཅོད་པན་ལྔ་ཕུང་དག་རྟགས་སུ། །སྣ་ཚོགས་རྡོ་རྗེ་འཆང་བའོ། །སྤྱན་ལྔ་མཚན་མའི་རྟགས་ལྔ། །བལྟས་པས་ཆགས་པ་མེད་པ་འཆང། །དེ་ཡང་དྲ་བ་སྡོམ་པ་ལས། །དང་པོ་རི་དགས་སྲེད་དུ་སྣང་བ་སྟེ། །མཚན་མ་གཉིས་པ་དུད་ཁའི་རྣམ
པ་ཅན། །གསུམ་བ་མེ་ཁྱེད་དང་འདྲ་བཞི་པ་ནི། །སྤྲིན་མེད་ནམ་མཁའ་མཚན་མ་ལྔ་པ་ནི། །ཤིན་ཏུ་འོད་གལ་རང་གི་སྣང་བ་འཆང། །ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་སྐྱེས་པའོ། །ཞེས་པ་སྤྲུལ་ལོངས་སོགས་མཐོང་ལ། །ཉོན་མོའི་རྟགས་མཐོང་མངོན་ཤེས་དྲུག
སངས་རྒྱས་སྲས་པོ་བྱང་ཆུབ་སེམས། །དམ་པའི་མཆོག་ནི་དེ་བསྐྱེད་པའོ། །ཤེས་པ་སྲིད་འབྱུང་དཀྱིལ་འཁོར་ལ། །སྐྱེ་གནས་མེད་ནི་རྫོགས་པའི་རིམ། །དེ་ཡང་གསུངས་པ། །སྐྱེད་པའི་རིམ་ལ་རབ་གནས་ཤིང། །རྫོགས་པའི་རིམ་པ་སྒོམ་བྱེད་པ། །སངས
རྒྱས་ཐབས་དང་ལྡན་པ་ཡིས། །སྐབས?་ཀྱི་སེན་མོ་བཞིན་དུ་བཤད། །ཅེས་གསུངས་སོ། །ཆོས་ལ་འབྱུང་བ་བྷ་ག་ལ། །བ་གཞན་པ་ཡི་སྲིད་པ་སྲེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག་།ཅེས་པས་ལྷན་སྐྱེས་ཡེ་ཤེས་སོ། །དངོས་དེ་སྐྱེས་མ་ཐག
ཏུ་ནི། །ཀུན་གྱི་དོན་གྲུབ་འགྲོ་བའི་བདག་།སྨིན་ཅིང་འཁྲུལ་འཁོར་ལྡན་པ་ཡིས། །ནམ་མཁའ་ལས་བྱུང་རང་འབྱུང་བ། །རྟགས་བརྒྱད་མཐོང་བ་འདི་ལྟ་སྟེ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །རང་སེམས་འབར་བའི་རྣམ་པ་ཅན། །མི་བསྐྱོད་རྡོ་རྗེ་ཡེ་ཤེས
ཆེན། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཟླ་བའི་ཡེ་ཤེས་རྣམ་སྣང་མཛད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཉི་མའི་ཡེ་ཤེས་རིན་ཆེན་འབྱུང། །འགྲོ་བའི་ཡེ་ཤེས་མར་མེ་སྒྲོན། །རཱ་ཧུ་ཡེ་ཤེས་དོན་ཡོད་གྲུབ། །གཟི་བརྗིད་ཆེན་པོ
འོད་གསལ་བ། །བློག་གི་ཡེ་ཤེས་མཛའ་ཡས་ཉིད། །སྔགས་དྲག་མངའ་བདག་རིག་སྔགས་རྒྱལ། །ཐིག་ལེ་གནས་པའི་ཡེ་ཤེས་ཏེ། །རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་དོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཟླ་སྔོན་སྣང་བའི་ཡེ་ཤེས་ནི། །
ཧེ་རུ་ཀ་དཔལ་ཉིད་དུ་འདོད། །གཙུག་ཏོར་ཆེན་པོའི་ལྟ་སྟངས་ཀྱིས། །རེ་ཁཱ་ནག་པོ་ཡེ་ཤེས་མཐོང། །དུས་ཀྱི་འཁོར་ལོ་ཐོད་བ་ཅན། །རྨད་བྱུང་གཙུག་ནི་རྡོ་རྗེ་འཆང། །ཐམས་ཅད་མཐོང་བ་མཆོག་ཐོབ་བའོ། །ནམ་ཁའི་བདག་པོ་ཧ་ར་ན། །སྣ
ཚོགས་སྟོན་པ་ཡོན་ཏན་ནོ། །དེ་ཡང་དང་པོའི་སངས་རྒྱས་ལས། །ཏ་ར་ན་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་མ་གཡོས་པས། །ནམ་མཁའ་ཨི་བདག་པོར་དེ་གྱུར་ཏེ། །རྟགས་བཅུ་ལ་སོགས་སྣ་ཚོགས་སྟོན། །ཞེས་གསུངས་སོ། །སངས
རྒྱབ་ཀུན་གྱི་བདག་པོ་ནི། །རྟགས་རྣམས་སྣང་བས་དངོས་པོ་མཆོག་།དེ་འདྲ་མཐོང་བའི་རྣལ་འབྱོར་ཏེ། །ཀུན་དགའ་ཆེན་པོའི་མིག་དང་ལྡན། །ལྡན་ཆོས་ལྟ་སྟངས་བཞི་ཡིན་ཏེ། །སྣ་ཚོགས་གཟུགས་ཅན་རྟགས་མཚན་རྣམས། །སྐྱེས་པ་པོ་ནི་ཡན
ལག་དྲུག་། མཆོད་ཅིང་བརྗོད་པ་བསྙེན་བསྒྲུབ་བཞི། །དྲང་སྲོང་ཆེན་པོ་བཅོམ་ལྡན་འདས། །རིགས་གསུམ་གནས་དང་ཞིང་ཡེ་ཤེས། །འཆད་བ?་དེ་ལ་བདེ་བ་ཡོད། །གསང་སྔགས་འཆད་ནི་རྣལ་འབྱོར་པ། །ཐིག་ལེ་མི་ཉམས་གསང་སྔགས
འཛིན། །དམ་ཚིག་ཆེན་པོ་རྟག་ཏུ་བདེ། །གཙོ་བོ་རྩ་གསུམ་དཀོན་མཆོག་གསུམ། །འཛིན་པ་དེ་ནང་ཐིག་ལེ་འཛིན། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་ལྷན་སྐྱེས་ཡེ་ཤེས་རྟེན། །ཀལ་པ་དང་ནི་ཁྱོགས་གདུགས་སོ། །དོན་ཡོད་ཐིག
ལེ?་ཐབས?་པ་ནི། །རླུང་གི་འབིགས་པས་རྣམ་པར་རྒྱལ། །འཛིན་པ་འཁོར་ལོ་དྲུག་ཏུ་ནི། །རླུང་འགག་ཆན་པོ་རྡོ་རྗེ་ཞགས། །རླུང་གིས་དེ་བླངས་རྡོ་རྗེ་ཡི། །ལྕགས་ཀྱུ་ཞགས་བ་ཆེ་ཞེས་བྱ། །ཡང་ན་ཞགས་པ་ཆེ་ཞེས་པ། །ལྟེ་བའི་འོག་རྩ་འཁྱིལ་བ་ནི། །ནོང་རྒྱས
??་ཅན་རླུང་དེ་ཡིས། །དྷཱ?་ཏཱི་ནས་འཕགས་བྱང་སེམས་འགུགས། །དེ་ལ་ཞགས་པ་ཞེས་བསྡོད་དོ། །ལུས་ནི་ཡུལ་ཆེན་ཉི་ཤུ་བཞི། །དཔྲལ་བ་ལ་སོགས་སྦྱར་བ་དང། །སྙིང་དབུས་པདྨའི་འདབ་མར་ལྡན། །གནས་གཙོ་ཡིན་ཏེ་རྩ་ལྔ་ཡིས། །ཚིགས་བཅད་ཉི་ཤུ་རྩ
??་དག་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་བའི་ལེའུ་སྟེ་དྲུག་པའོ། ། །།ལེའུ་བདུན་པ་རྡོའི་རིག?་ཚིགས་སུ་བཅད་པ་བཅུ་དང་གཅིག་།དང་པོ་རྡོ་རྗེ་འཇིགས་བྱེད་ནི། །རྡོ་རྗེ་ཨ་བ་དྷཱ་ཏཱི་ལ། །དེ་ནང་རླུང་ནི་འཇིགས་བྱེད་དོ། །འཇིག་པར་བྱེད་ནི་དེ
རྟགས་བཤིག་། སྔོ་བོའི་རྒྱལ་པོ་དགའ་བྲལ་མཛའ་། །སོ་སོར་སྡུད་སོགས་གདོང་དྲུག་ལ། །འཇིགས་པ་དེས་ནི་རྟོག་པ་གཅོད། །མིག་དྲུག་མངོན་ཤེ་ལག་དྲུག་རྟགས། །སྟོབས་དང་ལྡན་ནི་འདོད་ཆགས་ཀྱིས། །ཆགས་པ་ཐམས་ཅད་འཇོམས་པའོ། །ཀེད་དུས་སྤྱི་བོའི་ཧཾ
དཀར་པོ། །མཆེ?་བ་ཨ་ཤད་གཙིགས་པའོ། །བླ་མའི་གདམས་པས་གཏུམ་མོ་སྦོར། །ཧ་ལ་ཧ་ལ་མཁའ་ཡེ་ཤེས། །གདོང་བརྒྱ་རྩ་རླུང་སྤོང་བ་ཡི། །ཡེ་ཤེས་མི་འདྲ་གདོང་བརྒྱའོ། །གཤིན་རྗེ་གཉིས་མེད་ཡེ་ཤེས་ཏེ། །གཤེད་པོ་དེ་ཡིས་གཉིས་སྣང་འཇོམས། །
བགེགས་??་རྒྱལ་ནི་བདུང་བཞི་རྒྱལ། །རྡོ་རྗེ་ཡང་དག་ཡེ་ཤེས་ལ། །ཤུགས་ཅན་ཞེས་པས་འཇིགས་པར་བྱེད། །རྡོ་རྗེ་དྲག་པོ་ལུས་ངག་ཡིད། །གསང་བ་འདུས་སོགས་ལས་གསུངས་སོ། །རྡོ་རྗེ་སྙིང་པོ་ཆོས་ཀྱི་ཚུལ། །སྒྱུ་འཕྲུལ་མཱ་ཡཱ་ཨེ་དང་བཾ། །རྡོ་རྗེ་ལིང་ག
གསུས་པོ་ཆེ། །རྒྱས་ཤིང་ཤིན་ཏུ་རྒྱས་པའོ། །རྡོ་རྗེ་ལས་སྐྱེས་རྡོར་བུམ་ནང། །ཛཱ་ལན་དྷ་ར་དབུ་རྒྱན་པར། །བདེ་བས་གང་ལ་རྡོ་རྗེའི་བདག། རྡོ་རྗེ་སྙིང་པོས་སྐུ་གསུང་ཐུགས། །མཁའ་དྲ་གསང་གནས་ལས་སྐྱེས་བདེ། །མི་གཡོ་སྲོག་རྩོལ་གནས་པ་ལ།
རལ་པ་གཅིག་པ་དོ་གཅིག་གྲོལ། །བསྒྱིངས་པ་དེ་འདྲ་གང་ཡོད་པའོ། །གླང་ཆེན་བདེ་བ་ཀོ་རློན་ནི། །ལུས་ཀུན་ཁྱབ་ཅིང་མ་ཉེས་པར་བྱས། །དེ་ལྡན་པས་ན་གོས་སུ་གྱོན། །གྲགས་ཆེན་བདེ་བས་གང་བ་ལ། །ཧ་ཧ་ཞེས་སྒྲོགས་དཔའ་བོའི་གང། །ཧི
ཧེ་ཞེས་སྒྲོགས་དཔའ་མོའི་གང། །འཇིགས་པར་བྱེད་པ་སྔོན་བདེ་མྱོང། །གད་མོ་ཆེན་པོ་བདེ་ཆེན་ཐིག་།གང་རྒྱངས་ཅན་ནི་ལྷུང་བའི་སྐུ། །ཧ་བརྒྱད་བརྗོད་པ་རྡོ་རྗེའི་གང། །ཆེར་སྒྲོགས་པ་ནི་རྒྱུན་ཆད་མེད། །རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས། །སེམས་དཔའ་ཆེན་པོ
དབྱེར་མེད་བདེ། །རྡོ་རྗེ་བྷོ་ལ་རྒྱལ་པོ་ནི། །དེ་ཡི་ནང་གནས་བདེ་བ་ཆེ། །རྡོ་རྗེ་དྲག་པོ་སྟོང་པ་ཉིད། །རྟག་ཏུ་དེ་ལྡན་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །ཞེས་པ་ཧཱུཾ་བཞིས་གནས་བཞིར་ནི། །དགའ་བཞི་ཉམས་སུ་མྱོང་བའོ། །རྡོ་རྗེ་ཨ་བ་དྷཱུ་ཏཱི་ལ། །མདའ་ཐོཊ
པ་ནི་མཚོན་ཆ་ཅན། །གཡས་གཡོན་གཉིས་ཀྱི་རླུང་འགགས་པ། །མཚོན་ཆེན་དེ་ཡིས་རྣམ་རྟོག་གཅོད། །རྡོ་རྗེ་གཉིས་མེད་ཡེ་ཤེས་ཀྱིས། །རལ་གྲི་ཉོན་མོངས་མ་ལུས་གཅོད། །རྡོ་རྗེ་རླུང་རྣམས་ཀུན་འཆད་བ། །སྣ་ཡི་རྩེ་མོར་ཡུངས་འབྲུ་བསྒོམ། །དེ་ཉིད
ནོར་བུ་རྡོ་རྗེ་ཅན། །དེ་ཡང་དུས་ཀྱི་འཁོར་ལོ་ལས། །སྣ་རྩེར་ཡུངས་ཀར་ཞེས་བརྗོད་པ། །དེ་ཡང་སྲོག་དང་རྩོལ་བར་བརྗོད། །ཁམས་གསུམ་པ་ནི་མ་ལུས་ལ། །སྲིད་གསུམ་གཟུགས་བརྙན་མཐོང་བར་འགྱུར། །ཞེས་གསུངས་སོ། །རྡོ་རྗེ་གཅིག་པུ
ལམ་རྒྱལ། །དེ་བརྟེན་བདེ་བས་གཡུལ་སེལ་བའོ། །རྡོ་རྗེ་འབར་བ་ཙཎ་ཌ་ལི། །མིག་མི་བཟང་ནི་རི་དགས་མི། །སྤྱི་བོར་རྡོ་ཇེ་འབར་བ་སྟེ། །ཞེས་པ་ཡར་རྩེ་མད་རྩེ་འབར། །རྡོ་རྗེ་འབེབས་པ་བཅུ་དྲུག་ལ། །དེ་ཡང་ཕྱེད་ཕྱེད་འབེབས་པ་ཆེ། །ཁམས
གསུམ་ཕྱག་རྒྱ་ཆེན་པོར་དབང། །མིག་བརྒྱ་བས་ཏེ་མང་ལ་བྱ། །རྡོ་རྗེ་མིག་ནི་ཤ་ཡི་སྤྱན། །དེ་ཡིས་གཟུགས་བརྙན་མཐོང་བའོ། །ལུས་ནི་རྡོ་རྗེ་བ་སྤུ་ཅན། །ཅེས་པ་བ་སྤུ་བྱེ་ཕྱེད་བཞི། །ནང་དུ་ཐིག་ལེའི་ཁ་འབུའོ། །དེ་ཉིད་རྡོ་རྗེའི་སྤུ་ཡིན་ཏེ། །གཅིག
པུ་ལུས་ནི་རྒྱུན་ཆད་མེད། །སེན་མོ་དཀར་དམར་འདྲེས་པ་ལས། །སྐྱེས་པ་བདེ་སྟོང་རྡོ་རྗེའི་རྩེ། །མི་འཛག་རྟག་ཏུ་དགའ་བའི་ཡིད། །རྡོ་རྗེ་སྙིང་པོ་རྣམ་རྟོག་མེད། །པགས་པ་མཁྲེགས་ནི་སྐྱོན་མི་ཚུགས། །རྡོ་རྗེ་ཕྲེང་འཛིན་ཡུལ་རྩ་བཞིར། །ཐིམ་དང་ལོངས་སྤྱོད
འཇུག་པ་གསུམ། །ཉིན་མཚན་དུས་འདས་དཔལ་དང་ལྡན། །དེ་འདྲའི་བྱེད་གསུམ་རྡོ་རྗེ་རྒྱན། །རྣལ་འབྱོར་ལུས་ལ་བརྒྱན་པ་སྟེ། །ཀུན་ལ་བདེ་བའི་གད་རྒྱངས་ནི། །དགའ་ཆེན་ཧ་ཧ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་འཁོར་ལོ་དྲུག་།རྡོ་རྗེའི་སྒྲ་ནི་ཨ་ཀྵ་ར། །འགྱུར
བ་མེད་ཡི་གེའོ། །འཇམ་དབྱངས་ཐིག་ལེ་ཆེན་པོ་ལ། །དེ་ནི་མི་འཕྲོ་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ཅེས་པ་ཟག་པ་དགྲ་གཅིག་བུ། །དེ་འདུལ་ཐབས་ཆེན་སྟོང་གསུམ་གྱི། །ནམ་མཁའ་ཨི་མཛའ་ཀླུས་སྒ་སྒྲོགས་པའོ། །སྒྲ་དང་ལྡན་པ་ཐེག་ཆེན་ཆོས། །སྣ
ཚོགས་ཐས་ལམ་བསྟན་པ་ལས། །རྣམས་ཀྱི་མཆོག་གྱུར་འདི་ཉིད་དོ། །སྙིང་གའི་ཕྱི་ཡི་རྩ་བདུན་དང། །འོག་གི་རྩ་བཞི་དྲི་ཆེན་དང། །དྲི་ཆུ་ཁྲག་དང་ཁུ་བ་འབབ། །བཅུ་གཅིག་དག་པ་ཤལོ་ཀ། བཅུ་དང་ཆག་རྐང་གཅིག་ལྷག་པའོ། །རྡོ་རྗེ་རིགས་ཀྱི་རྒྱ་ཆེར
འགྲེལ་པ་སྟེ་ལེའུ་བདུན་པའོ། ། །།ལེའུ་བརྒྱད་པ་འོད་དཔག་མེད། །པདྨའི་རིགས་ཀྱི་ལེའུ་ལ། །ཚིགས་བཅད་བཞི་བཅུ་རྩ་གཉིས་ཀྱིས། །སོ་སོར་རྟོག་པའི་ཡེ་ཤེས་བསྟན། །དེ་བཞིན་ཉིད་ནི་དྷཱུ་ཏཱིའོ། །ཡང་དག་བདག་མེད་གཡས་གཡོན
རླུང། །ཡང་དག་མཛའ་སྟེ་རླུང་གྲུབ་པ། །ཡི་གེ་མེད་ནི་རྣམ་རྟོག་མེད། །སྟོང་ཉིད་མི་འཛག་གང་བའི་སེམས། །སྨྲ་བ་ཨཱ་ལི་ཀཱ་ལི་ལ། །ཁྱུ་མཆོག་བདུད་རྣམས་འཇོམས་བ་སྟེ། །ཟབ་ཅིང་སྟོང་ཉིད་རྒྱ་ཆེན་སྣང། །དབྱེར་མེད་དབྱེར་མེད་སྒྲ་སྒྲོགས་པ། །ཆོས་ཀྱི
དུང་སྟེ་ཆོས་འབྱུང་ན། །རྩ་ནི་བདེ་སྐྱེད་དུང་ཅན་མ། །བདེ་བ་དཔག་མེད་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་མགྲིན་པར་གནས། །བརྒྱད་ཁྲི་བཞི་སྟོང་ཆོས་སྟོང་པོ། །སྒྲ་བོ་ཆེ་ནི་གསུངས་རྡོ་རྗེ། །མི་གནས་ཕྱག་རྒྱ་ཆེན་པོ་ལ། །མྱ་ངན་འདས་པ་ཆོས་སྐུའོ། །ཕྱོགས
བཅུ་ཡུལ་དང་ཡུལ་ཅན་ཏེ། །ཆོས་ཀྱི་རྔ་ཆེན་རྩ་རླུང་ཕུབ། །གཟུགས་མེད་ཆོས་སྐུ་སྟོང་པ་ཉིད། །གཟུགས་བཟང་ལོངས་སྐུ་བདེ་བ་ཆེ། །དམ་པ་སྟེ་ནི་རྡོ་རྗེའི་སྐུ། །སྣ་ཚོགས་གཟུགས་ཅན་སྦྲུལ་སྐུའོ། །ཡིད་ནི་བདེ་ཆེན་སྤྲོས་བྲལ་ལས། །
སྐྱེས་པ་སྐུ་ལྔའི་བདག་ཉིད་དོ། །གཟུགས་རྣམས་རྒྱུད་ལྔའི་འཁོར་བ་ལ། །ཐམས་ཅད་རྟེན་དང་བརྟེན་བཅས་ལས། །བརྟེན་ནས་སྐུ་བཞིའི་སྣང་བའི་དཔལ། །གཟུགས་བརྙན་ཉིན་མཆན་བརྟགས་བཅུ་བཞི། །མ་ལུས་འཆང་བ་འཐོབ་པའོ། །མཚུངས་བ་མེད
ན་འདོད་ཡིན་ལྔས། །མི་གནོད་འཕེལ་ཞིང་ཆེར་གྲགས་པ། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །བསོད་ནམས་ཡེ་ཤེས་ཚོགས་མཐར་ཕྱིན། །ལམ་དང་འབྲས་བུ་གཉིས་ཡིན་ནོ། །འཕགས་པ་ཉམས་པ་མེད་པའོ། །ལམ་ནི་འཁོར་ལོ་དྲུག་ཡིན་ནོ། །
ཤིན་ཏུ་མཐོབ་གཙུག་ཏོར་ལ། །ཐིག་ལེ་མི་ཉམས་གནས་པའོ། །ཆོས་ཀྱི་རྟོག་ནི་རྡོ་རྗེ་རྩེར། །རྒྱས་པ་པོ་ནི་བདེ་བས་གང། །འཇིག་རྟེན་གསུམ་ནི་ལུས་ངག་ཡིད། །གཞོན་ལུས་གཅིག་ནི་གསུམ་པའི་དུས། །གནས་བརྟན་སྤྲུལ་བའི་འཁོར་ལོ་ལ། །རྒན
པོ་ལྟན་སྐྱེས་ཡེ་ཤེས་སོ། །སྐྱེ་དགུའི་བདག་ནི་བུག་དགུ་བསྔམས། །དེ་ཡང་སྒྱུ་མ་ཆེན་པོ་ལས། །མིག་གཉིས་དང་ནི་རྣ་བ་གཉིས། །དེ་བཞིན་སྣ་དང་ཁ་དག་དང། །ཡིད་ཀྱིས་སྙིང་པོ་དགག་པ་ནི། །སེང་གེ་རྣམ་གྲོལ་ཕྱག་རྒྱ་ཆེ། །རྣལ་འབྱོར་པ་ཡིས
གཅིང་བར་བྱ། །ཞེས་གསུངས་སོ། །དེ་ལས་སྐྱེས་པའི་བདེ་བའོ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཅེས་པ་འཕེལ་འགྲིབ་བཅུ་དྲུག་གོ་།སྡུ་གུ་གཏུམ་མོའི་ན་ཆུང་ལ། །འཁོར་གསུམ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་མིག་ལ་སོགས་པ་ལ། །
ཤེས་ལེགས་སྐྱོན་གྱིས་མ་གོས་པར། །སྟོན་པ་སློབ་དཔོན་ཞེས་བརྗོད་དོ། །འཇིག་རྟེན་འབྱུང་བ་ལྔ་ལྡན་ཀྵ། །སློབ་དཔོན་བཞི་པ་སྟེར་བ་སྟེ། །དེ་ལ་འཇིགས་པ་མེད་པ་མཆོག་།གཉིས་མེད་སྦྱོར་བ་མགོན་སྐྱོབ་པོ། །འཇིག་རྟེན་ཡིད་བཅུགས་དོན
དམ་དང། ཀུན་རྫོབ་ཕན་ཚུན་མི་འགལ་བའོ། །སྐྱབ་དང་འབབ་པ་སྐྱོབ་པ་ནི། །བཟློག་པས་ཡེ་ཤེས་བླ་ན་མེད། །ནམ་མཁའ་མཛའ་ནི་ཤེས་རབ་ལ། །ལོངས་སྤྱོད་པ་ནི་གཉིས་མེད་སྦྱོར། །ཐམས་ཅད་མཁྱེན་པ་སྦྱོར་དྲུག་གིས། །རྟགས་མ་ལུས་པ་ཐོབ་པ་ལས། །
ཡེ་ཤེས་མཚོ་ནི་ཟད་མི་ཤེས། །ཡོན་ཏན་ཆེན་པོས་གང་བའོ། །མ་རིག་རྟེན་འབྲེལ་བཅུ་གཉིས་ལ། །སྒོ་ངའི་སྦུབས་ནི་མི་ཤེས་བསྟུམས། །འབྱེད་པ་གསུམ་པའི་ཡེ་ཤེས་སོ། །ཡང་ན་ལུས་ལ་སངས་རྒྱས་ནི། །ཡོད་པ་མ་རྟོགས་སྒོ་ངའི་སྦུབས། །འབྱེད་པ་བླ་མས
ཡེ་ཤེས་སྦོར?། །འདི་དེ་ལམ་མཆོག་ཡིན་པར་གསུངས། །སྲིད་པའི་དྲ་བ་མི་ཤེས་བསྒྲིབས། །འཇོམས་པ་པོ་ནི་རྟོགས་པའོ། །ཉོན་མོངས་རྩ་བ་ཉེ་ཉོན་མོངས་མ་ལུས་ཞི་བྱེད་དགའ་བ་བཞི། །དབང་བཞི་ལས་རྙེད་ཡེ་ཤེས་བཞིའོ། །འཁོར་བའི་རྒྱ་མཚོ
ལས་རྒྱ་སྟེ། །ཕ་རོལ་ཕྱིན་པ་ཡེ་ཤེས་རྒྱ། །རྒྱ་གྲམ་གཉིས་མེད་བདེ་ཆེན་པོ། །མཆོག་ཏུ་མི་འགྱུར་གང་རྙེད་པ། །དེ་ནི་ཡེ་ཤེས་དབང་བསྐུར་སྟེ། །ཅོད་པན་ཅན་ནི་གཙུག་ཏོར་སྨིན། །རྫོགས་པ་རྡོ་རྗེ་ནོར་བུ་རྩེ། །སངས་རྒྱས་བདེ་ཆེན་ཉམས་པ་མེད། །རྒྱན་དུ་ཐོགས
ནི་བདེ་ཚན་དུ། །ཡེ་ཤེས་ལྔ་ལྡན་དབུ་རྒྱན་ནོ། །གསུམ་ནི་ལུས་དག་ཡིད་གསུམ་ལ་སྡུག་བསྔལ་སྲོག་རྩོལ་འཚེད་སེགས་མྱགས། །སྡུག་བསྔལ་ཞི་ནི་རྟོགས་རླུང་འགགས། །གསུམ་སེལ་དུག་གསུམ་སེལ་བའོ། །མཛའ་ཡས་ལྷན་ཅིག་སྐྱེས
དགའ་བ། །གྲོལ་གསུམ་ཐོབ་ནི་སྐུ་གསུམ་མོ། །སྒྲིབ་པ་ས་ཆུ་མེ་རླུང་མཁའ་། །རགས་ཕྲ་རབ་ཕྲ་དོན་སྤྱི་དང། །སེམས་དཔའ་དང་ནི་བཅུ་པོའོ། །ཀུན་ལས་ངེས་པར་གྲོལ་བ་ནི། །དུ་བ་ལ་སོགས་བཅུ་ཐོབ་པའོ། །དེ་དུས་ཙམ་ནམ་མཁའ་ལྟར། །ལྷན
སྐྱེས་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་གོང་གི་བཅུ། །ཀུན་ལས་འདས་པ་མཛའ་ཕྱིན་པའོ། །དེ་ཡི་དུས་ན་ལྷན་སྐྱེས་དོར། །དུས་གསུམ་དུས་མེད་རྟོགས་པའོ། །དེ་ཉིད་ཕྱག་རྒྱ་ཆེན་པོར་འདོད། །སེམས་ན་ཀུན་ནི་སྤང་བྱ་ལ
??་ཀླུ་ཆེན་པོ་ནི་གཉེན་པོ་སྟེ། །དགའ་བཞི་རེག་དུག་ལ་སོགས་པ། །འདོད་སོགས་ཕམ་བྱས་ཀླུ་ཆེན་པོའོ། །ཡོན་ཏན་ཐེག་པ་ཆེན་པོ་ལ། །ཐད་ཅན་རྣམས་ནི་གསངས་སྔགས་ཏེ། །ཐོད་ཅེས་དོ་ཐོད་འདི་ཡིན་ནོ། །ཉོན་མོངས
ཀུན་ལས་ཅེས་པ་ནི། །སྤོང་དང་ཐར་པ་འདོད་པའོ། །རྣམ་པར་རི?་གྲོལ་ནི་བདེ་ཆེན་རྟོགས། །རྩོལ་བ་མེད་པར་དང་གིས་གྲོལ། །ཤིང་ཐག་བསྲེགས་པའི་ཐལ་ཕུང་བཞིན། །མཁའ་ལྟར་མཛའ་མེད་བདེར་གནས་པ། །དེ་ཉིད་ཡིད་བཞིན་ནོར་བུ་ཆེ
མི་འབྲལ་ལྡན་པ་འཆད་བའོ། །རིན་ཆེན་ཟག་མེད་བདེ་བ་སྟེ། །ཀུན་མཆོག་ཕྱག་རྒྱ་ཆེན་པོ་ལ། །ཁྱབ་པའི་བདག་ནི་བརྟན་གཡོ་ལའོ། །དཔག་བསམ་ཤིང་ཆེན་དྷཱུ་ཏཱི་ལ། །རྒྱས་པ་རྩ་རྣམས་ཀུན་དུ་ནི། །རླུང་དང་ཐིག་ལེས་ཁྱབ་པའོ། །དུམ་པ
བཟང?་བོ?་ནོར་བུ་ལ། །ཆེ་བའི་མཆོག་ནི་མི་འཛག་བདེ། །དེ་ཡི་བྱེད་པ་ཅི་ཞེ་ན། །སེམས་ཅན་གདུལ་བྱ་ལ་དགོངས་ནས། །ཀུན་དོན་བྱེད་པ་བདེ་འཕེལ་བའོ། །ཕན་འདོགས་ཡོན་ཏན་བརྒྱད་ཐོབ་པས། །སེམས་ཅན་ཕན་པས་མཉེན་བཤིན་པ། །
བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཞེས་པ་ཕྱི་རོལ་དེ་བཞིན་ནད། །ཕྱི་རོལ་རྟེན་འབྲེལ་བཅུ་གཉིས་ཀྱིས། །སྐྱེ་དང་ལས་དང་ཕྱོགས་ནང་དང། །གཡོ་དང་རྐུན་པོ་དོན་རྣམས་དང། །ལྟས་དང་ཚ་ཚད་ནད་རྣམས་དང། །ཀུན་གྱི་བྱ་བ་ཤེས་པར
འགྱུར། །ནང་དུ་གཡས་གཡོན་དཀྱིལ་འཁོར་ལྔ། །ཕྱི་ནང་དོན་རྣམས་སྒྲུབ་པའོ། །གཞན་ཡང་ཆུ་སྲིན?་ཀུམ་པ་ཉ?། །ལུག་དང་ཁྱུ་མཆོག་མེ་ཐུན། །ཀར་ཀ་སེང་གེ་བུ་མོ་སྲད། །སྡིག་པ་གཞུ་འཇི་བཅུ་གཉིས་ཀྱིས། །ཉི་མ་ཟླ་བ
ཤེས་པའོ། །དེ་ཡིས་རང་འབྱུང་ལ་སོགས་ཤེས། །དྲམ་ཤེས་ལུས་ངག་ཡེ་ཤེས་གིས?། །དམ་ལྡན་ཤེས་རབ་མ་ལ་ནི། །བརྩེ་དང་ཤུགས་དང་དྲུང་པ་དང། །མི་འཛག་བདེ་བ་དམ་ཚིག་བཞི། །ལུས་སེམས་ཀུན་དུ་ཁྱབ་པའི་བདག
བདུད་རྩི་འབྱུང་བ་ལས་གསུངས་བ། །མགལ་མེའི་འཁོར་ལོ་ལྟར་རྒྱུག་པའི། །རབ་ཏུ་རྒྱུག་ཅིང་འཕྲོ་བའི་སེམས། །རྣམ་རྟོག་ཡུལ་ལ་འཛག་པའི་སེམས། །བདེ་བར་གཟུང་བར་ཐེ་ཙོམ་མེད། །ཅེས་གསུངས་སོ། །སེམས་ཅན་དབང་ཤེས་རབ་འབྲིང་བཞི། །དུས
ཤེས་དེ་ལ་དབང་བཞི་སྟེར། །བླ་མའི་དུས་ཐབས་བསྟེན་པས་ཤེས། །རྣམ་གྲོལ་གསུམ་དམ་ལས་ཡེ་ཤེས། །མཁས་པ་པོ་ནིས་འོག་སོགས། །དབང་ཐོབ་ནས་ནི་ཡོན་ཏན་གྱིས། །སྙིང་སྟོབས་རྡུལ་དང་མུན་པ་རྣམས། །ལྡན་ཞིང་དེ་ལ་ཡེ་ཤེས་ལྡན། །ཡོན་ཏན་ཤེས་ཤེས
དེ་ལ་བརྗོད། །ཆོས་ཤེས་བཀྲ་ཤིས་འཇིག་རྟེན་བདེ། །རབ་བཀྲ་ཤིས་ནི་འཇིག་རྟོག་འདས། །བཀྲ་ཤིས་ཀུན་ག་ཡི་ཤིས་པ། །དགའ་རྣམ་པ་བཅུ་དྲུག་པོ། །ཉམས་སུ་མྱོང་བས་གྲགས་པ་ཡི། །བཀྲ་ཤིས་སྙན་གྲགས་དགེ་བ་ཐོབ། །ཆགས་སོགས་མ་སྤངས
དབུགས་འབྱིན་ཆེ། །ཚིམ་པར་བྱེད་པ་དགའ་སྟོན་ཆེ། །དགའ་ཆེན་ལྷན་སྐྱེས་རོལ་པ་ནི། །མིག་འཕྲུལ་ལྟ་བུའི་སྣང་བ་ལ། །ཆེན་པོ་དོན་དམ་ཕྱག་རྒྱ་ཆེ། །བཀུར་སྟི་ལུས་ལས་རྩོལ་བ་བྱེད། །རིམ་གྲོ་རླུང་ལས་ལེགས་སྦྱོར་བ། །ཕུན་སུམ་ཚོགས་པ་ཡོན
ཏན་ཐོབ། །མཆོག་ཏུ་དགའ་བ་འཇིག་རྟེན་ལ། །གྲགས་བདག་དཔལ་ནི་ལྷན་ཅིག་སྐྱེས། །མཆོག་ལྡན་ལྷན་སྐྱེས་ཡོད་པ་ལས། །མཆོག་སྦྱིན་བཞི་པའི་གཙོ་བོ་སྟེ། །དེ་ཉིད་སྐྱབས་ཀྱི་དམ་པ་དང། །གཉེན་པོར་ཆེ་བས་སྐྱབས་སུ་འོས། །འཇིག་རྟེན་དགྲ་ནི་དུག
གསུམ་སྟེ། །རབ་ཀྱི་མཆོག་ནི་བདེ་སྟོང་ངོ། །དེ་ཡིས་འཇིགས་པ་མ་ལུས་པ། །ཤིན་དུ་མེད་པས་སེལ་བའོ། །གཙུག་ཕུད་འཁོར་བའི་བདེ་བ་ལ། །ཕུད་བུ་དབང་གིས་རབ་ཏུ་བཅིངས། །ལྕང་ལོ་ཅན་ནི་གཞན་དོན་དུ། མཛེས་ཤིང་རྒྱས་པར་འགེངས་པའོ། །རལ་པ
གཉིས་སུ་མེད་པར་སྡོམ། །ལན་ཚར་ཅོད་པན་ཐོགས་ལྡན་པའོ། །གདོང་ལྔ་ཡེ་ཤེས་ལྔ་ཡིན་ཏེ། །གཙུག་པུད་ལྔ་དང་ལྡན་པ་ནི། །རིགས་ལྔ་དག་དང་ལྡན་པའོ། །གནས་སྐབས་ལྔ་པོ་མེ་ཏོག་ཐོགས། །ཤེས་པ་གནས་སྐབས་ལྔ་པོ་ནི། །མ་ལོག་ལོག་དང་རྨི
ལམ་དང། །རྨི་ལམ་ཆེ་དང་སད་པའོ། །མེ་ཏོག་ཐོགས་པ་རྫས་འཛིན་པའོ། །མགོ་ཟླུམ་ཁ་ཁ་མུ་ཁ་ལ། །བརྟུལ་ཞུགས་རྙེད་དང་མ་རྙེད་པ། །བདེ་བ་ཆེན་པོ་འཛིན་པ་ནི། །ཚངས་པར་སྤྱོད་པ་མི་ཉམས་པ། །བརྟུལ་ཞུགས་མཆོག་ཀྱང
དེ་ཉིད་དོ། །དགའ་ཐུབ་ཉན་ཐོས་མཐར་ཐུག་པ། །ཕ་རོལ་ཕྱིན་བ་དཀའ་ཐུབ་ཆེ། །རྡོ་རྗེའི་ཐེག་པ་ཉིད་ཡིན་ཏེ། །དེ་ཉིད་གསང་བའི་རྒྱུད་ལ་སུ། །ཁ་ཆུ་ཙམ་ཞིག་ཟགས་པ་ན། །མཁའ་འགྲོ་མ་མེས་རྣལ་འབྱོར་པ། །བསྒྲལ་ཏེ་ཁྲག་ནི་འཐུང་བར་བྱེད། །དམྱལ་བ་ཞེས
པའང་དེ་ལས་འབྱུང་ཞེས་སོ། །གཙང་གནས་དམ་པ་སྐྱོན་མེད་པ་།གོའུ་ཏ་མ་རིགས་མཉམས། །བྲམ་ཟེ་ཚངས་པ་རིག་བྱེད་ཡིན། །སྙན་ང་དགས་སྲིད་བསྲུངས་དེས་བརྗོད་དང། །མཆོད་སྦྱིན་བཞི་བོ་ཚངས་པས་ཤེས། །མྱ་ངན་འདས་ནི་དོན་དམ་པ། །ཚངས་པ་བྲལ་པ
ཐོབ?་པའོ། །གྲོལ་བ་སྟོང་པ་ཐར་པ་ནི། །བདེ་ཆེན་སྤྲོས་བྲལ་རྣམ་གྲོལ་ལུས། །རྣམ་གྲོལ་ཕྱག་རྒྱ་ཆེན་པོ་ལ། །ཞི་བ་ཞི་བ་དགའ་བཞི་ཉིད། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །ཇི་ལྟར་མེ་ཡིས་ཚིག་པ་ལ། །མེ་དེ་ཉིད་ཀྱིས་འཇུགས་ཏེ་འཆོ། །འདོད་ཆགས་མེ་ཡིས་ཆིག
པ་ལ། །འདོད་ཆགས་ཉིད་གྱིས་རྣམ་གྲོལ་བྱེད། །ཞེས་སོ། །མྱ་ངན་འདས་པ་ཆོས་ཀྱི་སྐུ། །མྱ་ངན་འགྲེལ་ནི་གཟུགས་ཀྱི་སྐུ། །རྣམ་པར་བཤད་པས་དེ་ལེགས་པར། །མྱ་ངན་འདས་པ་ཐོབ་པར་ཉེ། །དེ་ནི་མཛའ་བྲལ་ཡེ་ཤེས་སོ། །དེ་ཡིན་པ་ཡི་རྒྱུ་མཚན
ཡང། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཞེས་པ་བདེ་བ་དགའ་མཆོག་དགའ་། །སྡུག་པ་དགའ་བྲལ་དགོས་པ་སྟེ། །མཐར་གྱུར་ལྟན་སྐྱེས་ཡེ་ཤེས་སོ། །མི་འཛག་དགའ་བ་ཆགས་བྲལ་ལ། །ཡུལ་ཡུལ་ཀུན་ལས་འདས་པའོ། །ཐུབ་པ་མེད་པ་སྤང་བྱ་ལ། །རྒྱལ
བར་བྱས་པ་དཔེ་མེད་པ། །མི་མངོན་དགའ་བ་འགྲོ་བར་མིན། །ཡི་སྣང་མཆོག་དགའ་ཆགས་པར་མིན། །གསལ་བྱེད་མིན་ནི་དགའ་བལ་ལ། མེ་འགྱུར་ལྷན་ཅིག་སྐྱེས་བ་སྟེ། །ཀུན་འགྲོང་བ་པ་པོ་དེ་ཉིད། །པྲ་ཤིང་དྷུ་ཏཱི་བྲག་མེད་ཉམས། །ས་བོན་རྟོག་པའི་དྲི་མ
??་རྡུལ་མེད་ཆགས་ངའི་རྡུལ་མེད་ཅིང། །རྡུལ་བྲལ་དངོས་པོའི་ཞེན་པ་སྤངས། །དྲི་མ་མེད་པ་བཞི་པའི་དུས། །ཏེས་པ་སྤངས་པར་པ་བཞིན་རིག། སྐྱོན་མེད་པ་ནི་མ་བསྒྲིབས་པའོ། །ཤིན་དུ་སད་པ་དབང་དུས་སུ། །གོ་རྟོགས་སྐྱེས་པ་དེ་ཡིན་ལ། །ལེགས་པར
??་ནི་དེ་ཉིད་དང། །མ་བྲལ་རྟག་ཏུ་ལྡན་པའོ། །ཀུན་ཤེས་གཟུགས་སོགས་ཐམས་ཅད་ལ། །ལྷན་སྒྱེས་ཤོས་པ་ཀུན་རེག་པ། །དམ་པ་ནི་མཆོག་མི་འགྱུར། །རྣམ་པར་ཤེས་པ་ཀུན་བཞིར་གནས། །དེ་ཡང་མདོ་ལས་འདི་སྐད་དུ། །ཐོག་མ་མེད་པ་དུས་ཀྱི
དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང། །མྱ་ངན་འདས་པ་འབྱུང་པ་ཡིན། །ཞེས་གསུངས་སོ། །བདུན་པོ་འགགས་པ་འོད་གསལ་ཏེ། །འོད་གསལ་རྟོག་མེད་ཆོས་ཉིད་འདས། །འདས་པ་གཉིས་མེད་ཡེ་ཤེས་དེ། །ཆིག་གི
ཡུལ་མིན་??་བརྗོད?་བྲལ། །དེ་ཡང་ཧེ་ཡི་རྡོ་རྗེ་ལས། །དག་གི་ལམ་འདས་སྤྱོད་ཡུལ་བྲལ། བླ་མའི་དུས་མཛའ་བསྟེན་པས་ཤེས། །ཚུལ་འཆད་བ་ནི་བླ་མ་ཡིན། །དུས་མཛའ་བསྟེན་པས་ལྷུན་གྲུབ་ཏུ། །རྣམ་པར་རྟོགས་མེད་ཡེ་ཤེས་ནི། །གསུམ་པའི་དུས་སུ་ཉམས་སུ
མྱོང། །འཇིག་རྟེན་ཀུན་ལས་འདས་པའོ། །དུས་གསུམ་སངས་རྒྱས་རྟོགས་པའང་དེ། །ལས་བྱེད་པ་ནི་དཻ་འདྲ་བས། །རང་བཞན་གཉིས་ཀ་སྨིན་པའོ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ་དེ་ནི་རྟོགས་པའི་དོན། །སངས་རྒྱས་རང་གི་དོ་གད་ལ། །ཐོག་མ་མཁའ་
བ་སྐྱེ་བ་མེད། །མཁའ་དད་འདྲ་བས་བར་དུ་ཡང། །གནས་དུས་ཉིད་ནས་མཁའ་དང་འདྲ། །དཔར་ན་གཟུགས་བརྙན་སཅད་པ་བཞེན། རྒྱུ་ལམ་འབྲས་བུ་རྣམ་དག་པས། །རེ་དོགས་ཀུན་དང་བྲལ་བའོ། །དེ་ལྟར་ཡིན་པའི་འཐད་པ་ཡང། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཞེས
བདུས་གསུམ་དག་པའོ། །དེ་ཐབས་གང་ལས་སྐྱེས་ཤེ་ན། །ཡེ་ཤེས་ལྷན་ཅིག་སྐྱེས་པ་ལ། །མིག་གཅིག་དྷཱུ་ཏཱི་ནེང་ཡིན་ཏེ། །དྲི་མེད་དེ་རུ་རླུང་སེམས་ཞུགས། །ཡེ་ཤེས་ལུས་ཅན་བདེ་སྟོང་གང། །དེ་བཞིན་གཤེགས་པ་དེ་བཞིན་ཉིད། །མ་བསྟེན་རང་ལམ
བྱོན་གཤེགས་བྱེད། །ཚིག་གི་དབང་ཕྱུག་རླུང་གནས་པ། །སྨྲ་བ་ཆེ་ནི་གསུང་རྡོ་སྨྲ་བའི་རླུང་ལ་དབང་ཕྱུག་ཐིག། སྨྲ་བའི་རྒྱལ་བོ་རྩད?་སོན་པ། །སྨྲ་བའི་རཾ་པ་གསུང་རྡོ་རྗེ། །མཆོག་གི་གསུང་ནི་གསུང་དག་པའོ། །རླུང་གྲུབ་སྨྲ་བའི་སེང་གེ་ཉིད། །ཉོན་མོངས
རྣམ་དག་མཚུངས་པ་མེད། །ཀུན་དུ་ལྟ་བ་སྤང་བླང་མེད། །མཆོག་ཏུ་དགའ་བ་ཡེ་ཤེས་སྣང། །གཟི་བརྗིད་གསུམ་མོ་ཡེ་ཤེས་ལ། །ཕྲེང་བ་རྒྱུད་འབྲེལ་གོམས་པ་ལས། །བལྟན་སྡུག་ནི་ཡོན་ཏན་ཐོབ། །འོད་བཟང་འབར་ས་བོན་ཏེ། །དཔལ་གྱི་བེའུ་བཀྲ་ཤིས
མཚན། །དགའ་བ་འཁྱིལ་པ་འཛིན་པ་ནི། །ལག་པས་ཉམས་སུ་བླངས་པ་ལས། །འོད་འབར་སྣང་བ་བདེ་བ་པོ། །དུག་ཆེན་པོ་ནི་དངོས་པོའི་གནོད། །འདོད་ཆགས་ལ་སོགས་གཅོང་ཆེན་པོ། །གཅོ་མཆོག་གི་ནི་སྟོང་པ་ཉིད། །ཟུག་རྡུ་རྟོག་བཅས་རླུང་གཉིས་གཉིས་བོ།
འབྱིན?་པ་དྲུང་བསྒོམ་བླ་ན་མེད། །སྨན་རྣམས་མ་ལུས་གཉེན་པོའི་ཚོགས། །ལྗོན་པའི་ཤིར་ནི་དྷུ་ཏཱི་རྒྱས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །ནད་ནི་ཐོག་མེད་དེས་མནར་བའོ། །དེས་ན་དེ་ཉིད་དགྲར་ཆེ་བའོ། །འཇིག་རྟེན་གསུམ་ནི་སྒོ་གསུམ་སྟེ། །ཐིག་ལེ་དཀར་དམར་འདྲེ
བ་ནི། །ཡུངས་ཀར་སྔོམ་བོའི་ཚད་ཙམ་པ། །མཛེས་ནི་འབར་བ་བསྒོམ་པའོ། །དཔལ་ལྡན་བདེ་ཆེན་ཁམས་ཡིན་ཏོ། །རྒྱུ་སྐར་དཀྱིལ་འཁོར་ཅན་ཞེས་པ། །རྒྱུ་བ་ཆུལ?་སྐར་མ་ཐིག་།ལུས་ཀྱི་ཁམས་རྣམས་བསྐོར་བའོ། །དེ་ཡང་རྩ་ཐིག་དུ་ཞན། །གཙུག་ཏོར་བ་ནི
དཔྲལ་བཅུ་དྲུག། ཉི་ཤུ་བ་དཀན་མགྲིན་སོ་གཉིས། །སྙིང་གར་བརྒྱད་དེ་བཞིན་བཅུའོ། །མཁྲིས་པ་ལྟེ་བ་དྲུག་ཅུ་བཞི། །གསང་བ་བཅུ་དྲུག་བརྒྱད་ཅུ་པོ། །རུང་ཁམས་ཆ་མཉམ་ནོར་བུའི་བར། །བཅུ་དྲུག་རིག་དྲུག་ཉི་ཤུ་གཉིས། །རླུང་མཁྲིས་པད་ཀར་འདུས་པའོ། །
རིའི་ནང་ན་རླུང་བཅུ་སྟེ། །རླུང་ལ་བརྟེན་པས་ཐིག་ལེ་དེ། །དེ་ལྟར་རྩ་རླུང་ཐིག་ལེ་??། །རྐང་གྲགས་སུམ་སྟོང་སུམ་བརྒྱ་དང། །དྲུག་ཅུ་ཐམས་པ་ཡིན་པར་འདོད། །དེ་ཉིད་??་??་དཔའ་མོ་ནི། །སུམ་ཅུ་རྩ་བདུན་རྣམ་པར་དག། །ཕྱོགས་བཅུ་ལུས་ཀྱི་ཉིད་ལག་ལ། །ནམ
མཁའ་ཨི་མཐར་ཐུག་རླུང་ལྔའི་བར། །ཆོས་ཀྱི་རྒྱལ་མཚན་ཡེ་ཤེས་ཁམས། །མི་འཇིག་བདེ་བ་ལེགས་པར་འཛུགས། །དྷཱུ་ཏཱི་རྒྱས་པ་མཆོག་ཡིན་ནོ། །འགྲོལ་རྩ་རླུང་བྱང་ཆུབ་སེམས། །གདུགས་བཞིན་བདེ་ཆེན་འཁོར་ལོ་ལ། །ཡངས་པ་མི་བཟང་མཛོད་ཡིན་ཏེ། །བདེ
??་ཕྱིར་གདུག་པ་ཤེས་བརྗོད། །དེ་ཡང་སྒྱུ་འཕྲུལ་དྲ་བ་ལས། །ེ་བཾ་ལས་ནི་འབྱུང་བ་དང། །ཐབས་མང་མྱུར་དང་བདེ་བ་སྐྱོ་བོ་དང། །འདོད་ཆགས་ཆེན་པོས་རྗེས་ཆགས་པ། །རྡོ་རྗེ་སེམས་དཔའ་རྒྱད་དུ་འདོད། །ཅེས་གསུངས་སོ། །བྱམས་པ་དང་ནི་སྙིང་རྗེ་ནི། །བདེ་ཆེན་དཀྱིལ
འཁོར་ཅན་བདག་ཉིད། །དཔལ་ལྡན་རྡོ་རྗེ་པདྨ་ནི། །ཀཀྐོ་ལ་ཞེས་རབ་ཏུ་གྲགས། །གར་གྱི་བདག་ནི་སྦྱོར་ཐབས་ཀྱིས། །ཡན་ལག་དྲུག་ཅུ་རྩ་གཉིས་ཏེ། །དེ་ཡང་གཞན་གྱི་གཞུང་ལུགས་ཡིན། །ཁྱབ་བདག་ཆེན་པོ་ཐིག་ལེ་ལ། །རིན་ཆེན་གདུགས་ནི་ནོར་བུའི་རྩེར། །
ཉོན་མོངས་ཐམས་ཅད་བསིལ་བའོ། །གཏུམ་མོ་ཆེ་ལས་སྐྱེས་པ་ཡི། །ཡེ་ཤེས་དེ་ལ་རབ་ཏུ་འཇུག། དེ་ཉིད་སངས་རྒྱས་ཀུན་གྱི་ལམ། །མཆོག་ཏུ་གྱུར་པས་རྒྱལ་པོ་ཆེ། །ལམ་དེས་སངས་རྒྱས་ཀུན་གྱི་སྐུ། །འབྲས་བུར་འཆར་བ་ཉིད་དོ། །སངས་རྒྱས་ཀུན
གྱི་ལམ་འབྲས་ལ། །སྦྱོར་བར་བྱེད་པས་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱིས་བསྟན་པ་ནི། །བསླར་གསུམ་ཡིན་ལ་དེ་འདིལ། །ལྡན་པས་ལྷན་སྐྱེས་བསྟན་པ་གཅིག་འདི་ནི་དང་པོའི་དབང་བསྐུར་ཏེ། །རྡོ་རྗེ་མཛའ་ཡས་འདུ་ཤེས་དག་།རིན་ཆེན་ཉི་མཚོར་བ་དག།
དབང་བསྐུར་དཔལ་ནི་དོན་ཡོད་གྲུབ། །འདུ་བྱེད་རྣམ་དག་ཀུན་བདག་ནི། །རྣམ་པར་སྣང་མཛད་གཟུགས་ཕུང་དག་།དབང་ཕྱུག་སྟེ་ནི་མི་བསྐྱོད་པ། །རྣམ་ཤེས་ཕུང་པོ་རྣམ་དག་པའོ། །འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཆང། །རྡོ་རྗེ་བརྟུལ་ཞུགས་ཀུན་གྱི་བདག་།དེ་ལྟར་བསྒྲུབ
པའི་དབང་བཅུ་ཐོབ། །རྡོ་རྗེ་འཆང་བརྒྱུད་གསུམ་གྱི། །མཆོག་གམ་ཀུན་གྱི་རྗེ་བོའོ། །དེ་ཡང་གནས་རྫས་དག་དབང་དང། །ཡོན་ཏན་སྒྲུབ་པ་རྣམས་སྦྱོར། །སངས་རྒྱས་ཀུན་གྱི་མཐུ་ཆེ་བ། །ཞེས་པ་སྣོད་དུ་གྱུར་པའོ། །རྡོ་རྗེའི་མིང་ནི་དབང་བསྐུར་བས། །སྐྱེ་བ
འདིར་ནི་སངས་རྒྱས་ཉིད། །ཅེས་བ་འདི་ཡི་དོན་བཤད་ན། །བུམ་པས་བསྐྱེད་རིམས་ལེགས་གནས་ཁྱོད། །ཁྱོད་ནི་འགྲོ་དྲུག་གར་མ་ཡིན། །འདི་ཡང་ཀུན་བརྟགས་དེས་ན་ལྷ། །བླ་མའི་དྲིན་ལས་རྙེད་པ་ཡི། །ཅི་ཕྱིར
རིན་ཆེན་གཅེས་སྤྲས་མིན། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །རྗེས་སུ་འཛིན་ཅིང་སྐྱོད་བའོ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །དབང་དང་རབ་གནས་སྦྱིན་སྲེག་སོགས། །ལུས་ཀྱི་འཕྲི་ལས་སློབ་དཔོན་ཆེ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པས་གསང
བའི་དབང་ཡིན་ཏེ། །བླ་མ་ཡབ་ཡུམ་གཉིས་མེད་ལས། །ཡེ་ཤེས་དཀྱིལ་འཁོར་མངོན་སྤྲུལ་ལ། །རྡོ་རྗེ་ཉི་མ་མཛའ་ཡས་ལ། །དེ་ཡི་བདེ་བ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་མི་བསྐྱོད་བ། །ཡེ་ཤེས་འཕྲོ་འདུ་དྲི་མེད་འོད། །བུ་ཡི་ལྕེ་ལ་སྦྱིན་པར་བྱ། །ཆགས་བྲལ་ལ་སོགས་ཆགས་པ
ཆེཊ། །ཞེས་པ་གསུམ་པའི་དབང་ཡིན་ཏེ། །དགེ་སློང་རྡོ་རྗེ་རྣམས་ལ། །ཆགས་བྲལ་བླ་མས་མཚོན་བར་བྱ། །དེ་ལྟར་མིན་ན་བླ་མཉམས། །སློབ་མ་ཤིན་ཏུ་འདོད་ན་ཡང། །སོ་སོར་ཐར་པ་སྤངས་བར་བྱ། །ལམ་འདི་ལམ་མཆོག་ཐུབ་ཆེན་གསུངས། །གང་ཟག་རྣམས་ལ་དགེ
སློང་མཆོ། །ལོངས་སྦྱོར་གནས་བསྔམས་ནམ་མཁའ་མཐོང། །ཁ་དོག་གཉིས་མེད་ལྷན་ཅིག་སྐྱེས། །ཆགས་པ་ཆེན་ནི་བུ་དེ་ལ། །དེ་ཡང་རྩ་བའི་རྒྱུད་ཆེན་ལས། །ཡིགས་ལྡན་ལོ་ནི་བཅུ་དྲུག་མ། །ལང་ཚོ་སོགས་ཀྱིས་ང་རྒྱན་པ་ལ། །དང་པོ་ལེགས་པར་བསླབ་བྱ་སྟེ། །འབྲལ་བ
ལ་སོགས་གནས་ལ་དགོད། །སངས་རྒྱས་སྐུར་ནི་བསྒོམ་པར་བྱ། །ཞེས་གསུངས་པའོ། །དེ་ཡི་ཆོ་ག་ཡང་གསུངས་པ། །དང་པོ་གསོ་སྦྱོར་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །དེ་ནས་བྱེ་བྲག་མདོ་སྡེ་བསྟན། །དེ་ནས་དབུ་མའི་ཚུལ་ལུགས་སྦྱིན། །དེ་རྗེས་དུས
ཀྱི་འཁོར་ལོ་སྦྱིན། །ཞེས་གསུངས་པས། །ཀ་ར་ན་ཡི་བསྟན་བཅོས་ཀྱིས། །རྣལ་འབྱོར་མ་ཡང་རྣམ་པ་ལྔ། །བཟད་མོ་ཅོད་པན་དུང་ཅན་དང། །རི་མོ་ཅན་དང་གླད་པོ་ཅན། །གླ་རྩི་བར་རྩ་ཆུ་དྲི་དང། །ཉ་དང་རྣག་གི་དྲི་ཡི་མཚོན། །ཕག་མོ་སྒྲོལ་མགོས་དཀར་མོ། །
མ་ཀཱི་དང་སྤྱན་མའི་རིགས། །ལུས་རན་རྐེད་ཕྲ་རྐད་ལག་འཇམ། །ལྷུང་ཕྱེད་རྩེ་ལྡན་ཕག་མོ་ཡི། །ཅུང་ཟད་ལུས་ཕྲ་རིང་ཞིང་མིག། མི་གཡོ་སྐྲ་འཁྲིལ་པད་ཅན་སྒྲོན། །འདོད་ཆེན་དོ་ཚ་མེད་རྩོད་དགའ་། །ཐུད་བ་དུད་ཅན་གོས་དཀར་མོ། །རིང་ཞིང་ལུས་རྒྱས
སྐྲ?་སྲབ?་དར། །སོམ?་??་ཐིག་ལེ་ལྟ་བུར་སྣང། །རེ་མོ་ཅན་ཏེ་མཱ་མ་ཀཱི། །སྦོམ་ཐུང་ལུས་མཁྲད་ཤིན་དུ་སྲ། །སྨྲ་བརྩོན་སྤྱན་མ་གླང་པོ་མ། །དེ་བཞིན་རྣལ་འབྱོར་ཕ་ཡང་ལྔ། །སེང་གེ་རི་དགས་རྟ་གླང་པོ། །མི་བསྐྱོད་དོན་གྲུབ་རིན་འབྱུང་དང། །འོད་དཔག་མེད་དང
སྣང་མཛད་དོ། །དྲི་ནི་སྔོན་དང་འདྲ་བ་ལ། །དབེན་གནས་འཇིག་མེད་ཡུལ་དང་བྲལ། །སྟོང་དང་སྡོམ་བརྩོན་མི་བསྐྱོད་རིགས། །མྱུར་དུ་འགྲོ་ཞིང་མྱུར་དུ་འཛག། སྐྲག་ཅིང་འཇིགས་པ་དོན་གྲུབ་བོ། །འདོད་ཆེན་གཏོང་ཕོད་གཞན་དོན་རྩོན། །གཞན་དབང
འགྱུར་དང་ཉི་མའི་རིགས། །དལ་བུ་འགྲོ་ཞིང་མིག་མི་འགྱུར། །རང་བཞིན་བེམས་པོ་ཡི་ཡོན་ཏན། །ཉ་དྲི་འོད་དཔག་པད་པའི་རིགས། །ཤིན་ཏུ་རྨོངས་བཟང་སྨྲ་བ་ཉུང། །རྣག་དྲི་རྣམ་པར་སྣང་མཛད་རིགས། །དྲི་མེད་འོང་ལས་དེ་སྐད་གསུངས། །ཁ་དོག་སྣ
ཚོགས་འབར་བའི་འོད། །ཤེས་རབ་དེ་ལས་བྱུང་བ་དང། །རྡོ་རྗེ་སྐྱིལ་ཀྲུར་བཅས་ནས་ནི། །རྫོགས་སངས་རྒྱས་ཀྱི་སྐུ་བསྐྱེད་ལ། །སངས་རྒྱས་ཡང་དག་བརྗོད་ཆོས་ནི། །བུམ་པའི་སྦྱོར་བ་ཡན་ལག་ལྔ། །འདུས་བྱས་བསོད་ནམས་ཚོགས་ཀུན་གྱིས། །རྡོ་རྗེ་འཆད
གིས་འགྲན་མེད་གསུངས། །འཛིན་པ་དབུ་མ་མི་རྟོག་ལྡན། །དཔལ་ལྡན་ཡེ་ཤེས་ཆེན་པོ་སྟེ། །སངས་རྒྱས་པདྨ་ལས་སྐྱེས་པའོ། །བཞི་པའི་དབང་བསྐུར་བྱས་པ་ཡིས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཕྱག་རྒྱ་ཆེན་པོ་དེ་རྙེད་པས། །རྗེས་ལ་??་རྟོག
པའི་སྣང་བ་ནི། །རྒྱལ་པོ་སྒྱུ་ཕྲུལ་སྣ་ཚོགས་འཆད། །ཞེས་བ་རྡོ་རྗེ་གཅོད་པ་ལས། །སྐར་མ་རབ་རིམ་མར་མེ་དང། །སྐྱ་མ་ཟིལ་པ་ཆུ་བུད་དང། །རྨི་ལམ་གློག་དང་སྤྲིན་དང་ནི། །སྒྲ་བརྙན་མགལ་མེ་གཟུགས་??་ལྟར། །འདུས་བྱས་ལྟར་རྟོགས་པར
བྱ། །རྟོགས་པ་འཕགས་པའི་གང་ཟག་གོ་ཞེས་གསུངས་སོ། །ཆེ་བ་བཞི་པའི་ཡེ་ཤེས་ལ། །གསུམ་འཕགས་སངས་རྒྱས་རིག་སྔགས་རྒྱལ། །རྡོ་རྗེ་རྣོན་པོ་བཞི་པ་དེ། །ངལ་གྲི་ཆེ་དེ་རྟོག་ཀུན་གཅོད། །ཡི་གེ་མཆོག་སྟེ་ཨེ་ཡིན་ལ། །རྣམ་པར
དག་པ་འགྱུར་བ་མེད། །དབང་བཞི་དེ་ཡི་ཡོན་ཏན་ནི། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །དེ་ཡང་མོ་སྤོང་བརྟེན་པས་གཅོད། །མཚོན་ཆ་ཆེན་པོ་དེ་ཉིད་ལ། །རྡོ་རྗེ་ཆོས་ཤེས་གྲགས་པ་ཡིན། །རྡོ་རྗེ་ཟབ་མོ་སྐྱེ་མེད་ལ། །རྒྱལ་བ་དེ་རྟོགས་འཇིག་རྟེན་འདས། །ལས
རྒྱལ་དགྲ་བཅོམ་ཟིལ་མནན་པའོ། །དོན་ནི་དབང་བཞིའི་དོན་རྣམས་ལ། །རིག་ནི་དེ་ཉིད་ལམ་མཆོག་རྟོགས། །དེ་ཉིད་རྡོ་རྗེ་བློ་གྲོས་ལ། །ཡོན་ཏན་འདི་རྣམས་བཤད་བཞིན་ཐོབ། །ཕ་རོལ་ཕྱིན་བ་ཀུན་ནི་བཅུ། །རྫོགས་པ་དབང་བཞི་ལ་ལྡན་པ། །ས་རྣམས
ཀུན་ནིས་བཅུ་ལ། །རྒྱན་དང་ལྡན་ནི་དབང་རེ་ཞིང། །དང་པོས་དང་པོ་གཉིས་པས་བཞི། །གསུམ་པས་བཞི་དང་བཞི་པས་གཅིག། དེ་ཡང་གསང་བ་མཛོད་ལས་གསུངས། །རབ་ཏུ་དགའ་བ་ཆུ་ཡི་དབང། །གསང་བ་དྲི་མེད་འོད་འཕྲོ་བྱེད། །ཤེས་རབ་ཡེ་ཤེས
སྦྱང་དཀའ་སྟེ། །མངོན་གྱུར་མི་གཡོ་རིང་སོང་བ། །ཕྱག་རྒྱ་ཆེན་པོའི་དབང་བསྐུར་བས། །ལེགས་པའི་བློ་བྲོས་ཆོས་ཀྱི་སྦྲིན། །ཞེས་གསུངས་སོ། །རྣམ་པར་དག་པའི་ལམ་དེ་ཡིས། །བདག་མེད་ཆོས་ཉིད་རྡོ་རྗེ་འཆད། །ཡང་དག་ཡེ་ཤེས་བདེ་ཆེན་པོ། །ཟླ
འོད་བཟང་བོ་ཧཾ་ལས་ཐོབ། །བརྩོན་ཆེན་བུམ་པའི་སྦྱོར་བ་ཡིས། །སྒྱུ་འཕྲུལ་དྲ་བརྩ་རླུང་ཁྱབ་བྱུང?་ཀུན་གྱི་ནི་རྩ་རླུང་ཉིད། །བདག་པོ་ཐིག་ལེ་མཆོག་བདེ་སྟོང། །རྡོ་རྗེ་གདན་ནི་ལྟེ་བ་ལ། །མ་ལུས་ལྡན་ནི་རིགས་དྲུག་དང། །འཕོ་བ་ཆུ་ཚོད་དབྱུ་གུ་དང། །དཀྱིལ
འཁོར་ལྔ་ལྟར་ལྡན་བའོ། །ལྟ་སྟངས་ཡོན་ཏན་རླུང་གྲུབ་དུས། །ཡེ་ཤེས་སྐུ་ནི་མཚན་མ་ལ། །རྣམས་ནི་དུ་སོགས་བཅོ་ལྔ་ལ། །མ་ལུས་འཆད་ནི་ར་ཁཱ་མཐོང། །བློ་གྲོས་བཟང་པོ་རྟོག་དཔྱོད་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཅན། །ཀུན་དུ་བཟང་པོ་མཉམ
བ་ཉིད་ཕྱག་རྒྱ་ཆེན་པོ་ལྷུན་གྱིས་གྲུབ། །ས་ནི་ས་སོགས་འབྱུང་ལྔ་ཡི། །སྙིང་བོ་ཡེ་ཤེས་རླུང་གྲུབ་བའོ། །འགྲོ་བ་འཛིན་ནི་འགྱུར་བ་འགགས། །སངས་རྒྱས་ཀུན་ནི་གཤེགས་པའི་ལམ། །སྙིང་བོ་ཆེན་པོ་དྷཱུ་ཏཱིར་ཞུགས། །དུས་སྦྱོར་ལ་སོགས་བཅུ་གཉིས
ནི། །རིམ་གྱི་རིམ་གྱིས་རྣམ་དག་པས། །སྤྲུལ་པའི་འཁོར་ལོ་བརྒྱ་ལ་སོགས། །ཡོན་ཏན་སྣ་ཚོགས་འཆད་བ་པོ། །རྒྱས་པར་དྲི་མ་མེད་པར་བལྟ། །དངོས་པོ་ཀུན་གྱི་རང་བཞིན་མཆོག། མི་འགྱུར་འོད་གསལ་ཆོས་ཀྱི་དབྱིངས། །དངོས་པོ་ཀུན་གྱིས་རང་བཞིན
ནི། །།སྐྱེ་མེད་རྟོགས་པའི་ལྟ་བ་འཛིན། །སྐྱེ་མོད་ཆོས་ཏེ་དོན་དམ་པ། །སྣ་ཚོགས་དོན་ནི་ཀུན་རྫོབ་ལ། །ཆོས་ཀུན་ཐེག་པ་སྣ་ཚོགས་ལ། །ངོ་བོ་ཉིད་ནི་མཐར་ཐུགས་པ། །འཆད་ནི་བདེ་སྟོང་དྲན་པས་སྐྱོད། །ཤེས་རབ་ཆེན
པོ་སྟོང་པ་ཉིད། །སྐད་ཅིག་ཚེ་གཅིག་འཇམ་དཔལ་མཐོང། །ཆོས་དང་འཁོར་དབུ་མྱ་ངན་འདས། །ཁོང་དུ་ཆུད་པ་རོ་གཅིག་འཆད། །ཆོས་ཀུན་ཁམས་གསུམ་རྟོགས་པ་གསུམ། །རྡུལ་མུན་སྙིང་སྟོབས་བདེ་ཆེན་དུ། །མངོན་པར་རྟོགས་པ་མཆོག་ཡིན་ཏེ། །
ཐུབ་པ་མི་འཛག་བློ་མཆོག་ནི། །རྣམ་གྲོལ་བདེ་སྟོང་འབྱུང་པོ་སེལ། །མི་གཡོ་རླུང་ལང་ཡིས་ནི། །རབ་ཏུ་དང་བའི་བདག་ཉིད་ཅན། །ཐིག་ལེ་བདེ་བས་བརྒྱན་པ་ལ། །སྤྲོ་དགའ་གནས་པ་རྫོགས་སངས་རྒྱས། །དེ་ལྟའི་རང་བཞིན་བྱང་ཆུབ་འཆང། །སངས་རྒྱས
ཀུན་གྱི་ཡེ་ཤེས་དེ། །རྣལ་འབྱོར་བ་ཡི་མངོན་སུམ་པ། །གཉེན་པོ་ཡེ་ཤེས་མེ་ལྕེ་ཅན། །དྷཱུ་ཏཱིར་འོད་འབར་གསལ་བས་ཐོབ། །གནས་པ་ལུས་ལ་འཁོར་ལོ་དྲུག་།འབྱུང་བ་ཕུང་པོ་རྣམ་པ་ལྔ། །ཡོན་ཏན་དྲུག་དང་མཛའ་དྲུག་དང། །ལས་ཀྱི་དབང་དྲུག་བྱད
དབང་དྲུག། ཞི་གནས་ལྷག་མཐོང་རྣམ་པ་གཉིས། །བཞི་བཅུ་རྩ་གཉིས་དག་པ་ཡིས། །ཆགས་བཅད་བཞི་བཅུ་རྩ་གཉིས་དག། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བརྒྱད་པའོ།། །།དགུ་པ་རིན་ཆེན་འབྱུང་ལྡན་ནི། །མཉམ་ཉིད
ཡེ་ཤེས་ལེའུ་སྟོན། །འདོད་པ་མཆོག་གི་ཡེ་ཤེས་ལ། །དོན་གྲུབ་དེ་ནི་བདེ་བས་ཐོབ། །དམ་པ་སྟེ་ནི་རྩོལ་བ་མེད། །ངན་སོང་དགུ་ནི་དུག་གསུམ་ལ། །ཐམས་ཅད་ཉོན་མོངས་བརྒྱད་ཁྲི་སྟོང། །རྣམ་པར་སྦྱོད་བ་མ་རིག་པ། །ལྷན་སྐྱེས་ཡེ་ཤེས་ཆེན
པོ་རྟོགས། །མགོན་པོ་རྡོ་རྗེ་ཐེག་པ་འདི། །སེམས་ཅན་ཀུན་གྱི་ལམ་མཆོག་གོ་།སེམས་ཅན་ཐམས་ཅད་མ་ལུས་པ། །ཕྱག་རྒྱ་ཆེན་པོར་རབ་སྒྲོལ་བྱེད། །འཁྲུལ་པའི་སྣང་བ་ཉོན་མོངས་གཡུལ། །སྟོང་ཉིད་གཅིག་པུས་འཇོམས་པས་དཔའ་། །མི་ཤེས་བདེན་འཛིན
འདུ་བྱེད་རྣམས། །དེ་ཉིད་དགྲ་སྟེ་དྲེགས་པ་འཇོམས། །འཇོམས་པས་དཔལ་ལྡན་ཉིད་ཡིན་ལ། །བློ་ལྡན་ཆོས་ལྡན་ཆོས་དེ་ཡིས། །སྒེག་པ་འཆང་བ་ཡེ་ཤེས་ལྡན། །བརྟན་པོ་གཙུག་ཏོར་ཐིག་ལེ་བསྟན། །མི་སྡུག་སྟོང་པ་ཤེས་རབ་ལ། །གཟུགས
འཆང་བ་ནི་བདེ་སྟོང་ལྡན། །ལག་པ་གཡས་གཡོན་རླུང་གཉིས་སོ། །བརྒྱ་ཕྲག་ཀུན་ནི་ཉི་ཁྲི་དང། །ཚིག་སྟོང་དྲུག་བརྒྱའི་གྲངས་ཡིན་ལ། །བསྐྱོད་ཅིང་ཞེས་པ་རྣམ་ཤེས་རྟ། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས
ཀུན་བྱེད། །ལྔ་ཡི་བདག་ཉིད་བཅུ་མིང་ཅན། །འདི་ནི་ཤེས་རབ་བཞོན་པའོ། །རྩ་ལམ་དྷཱུ་ཏཱིར་འཇུག་པ་སྟེ། །གོམས་པའི་སྟོབས་ཀྱིས་གར་བྱེད་ཅིང། །ཞེས་པ་པ་མ་ཧི་འདུ་སོགས། །སྐར་མ་དྲུག་ཅུ་རྩ་བཞིའོ། །དཔའ་ལྡན་དྷཱུ་ཏཱི་ལག་པ་གཉིས། །བརྒྱས་གང་ལ
ནི་རླུང་རྩ་གང། །ནམ་མཁའ་སྟོང་བའི་རང་བཞིན་ལ། །ཁྱབ་པར་སྟོང་པ་རླུང་དང་ནི། །ཐིག་ལས་བརྒྱན་པ་གར་བྱེད་པའོ། །ཡ་བོ་གཅིག་གི་ཁྱོན་གྱིས་ནི། ཞེས་པ་ཡ་བོ་སྟེང་རླུང་སྟེ། །ཁྱོན་ནི་ཐམས་ཅད་རྫོགས་པར་བླང། །ས་ཡི་དཀྱིལ་འཁོར་ཆོས་འཁོར་ལོ། །
མཐིལ་དུ་གནོན་ནི་སྙིང་དབུས་ན། །ཆུ་ཤིང་མེ་ཏོག་ལྟ་བུ་ཡི། །དབྱིད་ཀྱི་ཐིག་ལེར་ཐིམ་པའོ། །མིང་གཟུགས་གླང་པོ་ཅན་ཞེས་གྲགས། །ཚངས་པ་ཡི་ནི་སྒོ་ངའི་རྩེ། །ཅེས་པ་ཚངས་སྒོ་རྩ་འབྲས་གཉིས། །རྩེ་མོ་འོག་རླུང་འཐེན་པ་སྟེ། །ཁྱོན་ནི་ལུས་ལ་རྐང་མཐེབ
ཀྱི། །སེན་མོ་མནན་པས་གཏུམ་མོ་འབར། །དཔྱིད་ཀྱི་ཐིག་ལེ་འབྱུང་བ་བཞིན། །ཁ་བབ་མོ་ལྟ་བུར་འཛག་།དེ་ཡི་འཕེལ་འགྲིབ་དཀར་ནག་ཕྱོགས་རིམ་གྱིས་འབིན་དུ་འཕེལ་བ་ཡིན། །ཚངས་པའི་སྒོ་ང་གཙུག་ཏོར་རྒྱལ། །རྩེ་ནས་རིམ་གྱིས་འགྲིབ་པ་ལས། །ནག
པོ་གཡོན་པའི་མ་རོལ་འབབ། །དོན་གཅིག་མི་འགྱུར་བྱང་ཆུབ་སེམས། །གཉིས་མེད་གཟུང་འཛིན་སྐྱེ་མཆེད་དྲུག་།ཆོས་ཀྱི་དོན་ཞེས་གསུངས་པ་ནི། །ཆོས་ཀྱི་ཡུལ་དང་ཡུལ་ཅན་ལ། །མིག་ལས་སྙིང་གཟུགས་རྡོ་རྗེ། །རྣ་བ་ཕྱག་རྡོར་སྒྲ་རྡོ་རྗེ། །སྣ་ལ་འཇམ
དབྱངས་དྲི་རྡོ་རྗེ། །ལྕེ་ལ་སྤྱན་གཟིགས་རོ་རྡོ་རྗེ། །ལུས་ལ་སྒྲིབ་སེལ་རེག་རྡོ་རྗེ། །ཡིད་ལ་རྡོར་སེམས་ཆོས་རྡོ་རྗེ། །དབང་ཡུལ་བདེན་པར་གྲུབ་པ་མེད། །དཔེར་ན་ལྷ་སྦྱིན་གཅིག་ཉིད་ལ། །ཆགས་སྡང་གཏི་མུག་གསུམ་སྐྱེ་བ། །ཆུང་མ་དགྲ་དང་ཕལ་པས་ཕྱེ། །དེས
ན་ཡུལ་གྱིས་གནོད་པ་མེད། །དོན་ནི་བདེ་ཆེན་སྤྲོས་བྲལ་ལོ། །དེ་ཉིད་དམ་པའི་དོན་ཡིན་ཏེ། །འཇིགས་པ་མེད་པ་ཕྱག་རྒྱ་ཆེ། །རྣམ་རིག་ཀུན་བརྟགས་ལོགས་ཤེས་པ། །སྣ་ཚོགས་གཟུགས་ནི་གཞན་གྱི་དབང། །རྒྱུ་རྐྱེན་དངོས་པོའི་སྣང་བའོ། །དོན་ཅན་དམིགས
མེད་ཡོངས་སུ་གྲུབ། །སེམས་ནི་གསུམ་ཕོ་རང་སེམས་ཏེ། །རང་གི་ངོ་བོ་རྣམ་ཤེས་ནི། །འོད་གསལ་རྒྱུད་དང་ལྡན་པའོ། །དངོས་ནི་ཡུལ་ཏེ་དགའ་བ་ལས། །དོན་ནི་ཡུལ་ཅན་མཆོག་དགའ་ཉིད། །མ་ལུས་ཡུལ་དང་ཡུལ་ཅན་རྣམས། །དགའ་བ་གསུམ་འདུས་བཅད
ཐོབ་པ། །རེག་པ་ལྷན་སྐྱེས་ཡེ་ཤེས་སོ། །སྟོང་པ་ཉིད་དགའ་དགའ་བྲལ་བ། །མཆོག་གི་ཡེ་ཤེས་དབུ་མའི་ལམ། །ཡིད་ལ་མི་བྱེད་འདོད་ཆགས་བློ། །འོ་ན་དངོས་པོ་འགྱུར་ཞེ་ན། །སྲིད་པའི་འདོད་ཆགས་སོགས་པ་ཡི། །དངོས་འཛིན་བྱེད་པ་སྤངས་པའོ། །སྲིད་གསུཾ་ལུས
དག་ཡིད་གསུམ་ལ། །དགའ་བ་ཆེན་པོ་ཡེ་ཤེས་ཁྱབ། །སྤྲིན་དཀར་དག་པ་རྡོ་རྗེ་སེམས། །དཀར་པོ་ཚེར་བདེ་གཉིས་སུ་མེད། །འོད་བཟངས་བག་ཆགས་སྤོང་གཉེན་པོ། །སྟོན་ཀའི་ཟླ་བའི་འོད་འདྲ་བའི། །ཐིག་ལེ་བདེ་ཆེན་མཁའ་ལ་གནས། །ཉི་མ་འཆར་ཀའི་དཀྱིལ
ལྟོར་མཛེས། །གཏུམ་མོ་ཡེ་ཤེས་མེ་འབར་བ། །དེ་བཞིན་གཤེགས་དང་ཡུམ་རྣམས་བསྲེགས། །སེ་ན་མོའི་འོད་ལྟར་འདྲེས་པ་ཡི། །བྱང་སེམས་མེར་འདྲེས་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །གཙུག་ཏོར་གནས་པ
བསྟོད་པར་བྱེད། །སྐྲ་མཆོག་འཐོན་ཀ་ཧཾ་ལས་ན། །ཆེན་བོ་ཅན་ནི་བིན་དུ་གནས། །ནོ་བུ་ཆེན་པོ་བུམ་པར་ཞུགས། །འོད་ཆགས་དཔལ་ནི་བདེ་མི་རྟོག་།སངས་རྒྱས་སྤྲུལ་བའི་རྒྱན་དང་ལྡན། །ཅེས་པའི་དོན་ནི་འདི་ཡིན་ཏེ། །འདི་ནི་རང་འབྱུང་བཅོམ་ལྡན་འདས། །དེ་ཡང
རྒྱུད་པས་གསུངས་པ་ནི། །མངལ་གྱི་ཁྲུ་མཆོས་གོས་ཏེ། །སྤྱི་བོར་ཐལ་མོ་སྦྱར་བ་ཕྱག། གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །ཟླ་བ་བཅུ་གཉིས་ཁྲིམས་ཀྱི་གནས། །ཕ་དང་མ་ནི་མཁན་སློབ་ཉིད། །རང་འབྱུང་སྐྱེས་པས་དགེ་སློང
ཉིད། །རྡོ་རྗེ་སེམས་དཔའ་འདུས་མ་བྱས། །སྲེད་པའི་ཆགས་པ་རྣམ་པ་རང་གཅེས་པའོ། །འཇིག་རྟེན་ལུས་ངག་ཡིད་གསུམ་ལ། །ཁམས་བརྒྱ་ཀུན་བསྐྱོད་ཁྱབ་པའོ། །རྫུ་འཕྲུལ་རྐང་པ་ཕྱི་ནང་རླུང། །ཡོངས་སུ་རྫོགས་པ་ལེན་པར་བྱེད། །སྟོབས་ཆེན་ལྡན
ནི་བདེ་ཆེན་རྒྱས། །དེ་ཉིད་མི་འབྲལ་ལྡན་པ་ནི། །དྲན་པ་ཆེན་བའོ། །དྲན་པ་བཞི་ནི་ཙུམ་པ་ན། །ཡུལ་བཞི་རྗེས་སུ་དྲན་པ་སྟེ། །གཉིས་གཉིས་འཁྱུད་དང་ལག་གཅངས་དང། །བལྟས་དང་བགད་པས་ཚིམ་པ་ནི། །རིམ་གྱིས་དྲན་བཞིང་དབང
བཞི་སྦྱར། །མཆོག་ནི་བལྟས་པས་ཚིམ་པའོ། །བྱང་ཆུབ་ཡན་ལག་ཅེ་པ་ནི། །བྱང་ཆུབ་ཐིག་ལེ་འབྱུང་བའི་རྒྱུ། །ཟས་བད་མཁྲིས་དང་ཤ་ཁྲག་དང། །རུས་པ་གླད་པ་བདུན་ཡན་ལག་།མེ་ཏོག་ཀུན་ད་སྤོས་བཏུམ་མོས། །དེ་ཡང་ལན་བདུན་བཟའ་བར
བྱ། །ཞེས་པས་མི་ཉམས་ཟ་བའོ། །དེ་བཞིན་ཆོས་ཀུན་གཤེགས་པའམ། །ཡོན་ཏན་མཚོ་ནི་སྲིད་པ་སེལ། །ལམ་ནི་ཨ་བ་དྷཱུ་ཏཱི་ལ། །ཡན་ལག་མེ་རླུང་ཐིག་ལེའོ། །བརྒྱད་ནི་ཡས་འབབ་མས་བརྟན་པའོ། །ཚུལ་རིག་བླ་མའི་ངག་ལས་སོ། །ཡང
དག་རང་འབྱུང་ཡེ་ཤེས་ལ། །སངས་རྒྱས་ལམ་ནི་ཟུང་འཇུག་པ། །མཐར་ཐུག་ལམ་དུ་རིག་པའོ། །དེས་ན་སེམས་ཅན་ཀུན་ལ་ནི། །སྒྱུ་མ་ལྟ་བུར་ཤས་ཆེར་ཆགས། །ཆགས་པ་འཁོར་བ་ཡིན་ཞེ་ན། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཆགས་པ་མེད་བཞིན
འགྲོ་དོན་དུ། །སེམས་ཅན་ཀུན་གྱི་ཡིད་ལ་ནི། །གང་འདུལ་སྐྱེ་བ་ལེན་ཅིང་འཇུག་།སེམས་ཅན་ཀུན་གྱི་ཡིད་ལྟ་བུར། །བརྩོན་འགྲུས་ཚན་པས་དོན་བྱེད་འགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ནི། །རབ་འབྲིང་ཆེན་པོ་མཆོག་རྣམས་ཤེས། །སེམས་ཅན་ཀུན
གྱི་དོན་བྱེད་ཚུལ། །ཡིད་འཕྲོག་བ་ཡིས་འགྲོ་དོན་ནུས། །ཕུང་པོ་ལྔ་པོ་དོན་དམ་པ། །མྱ་ངན་འདས་ཤིང་མ་དམིགས་པས། །དེ་ཉིད་ཤེས་ནི་ཡེ་ཤེས་ལྔའོ། །རྣམ་དག་ཕུང་པོ་ལྔ་པོ་ནི། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང། །རྣམ་གྲོལ་རྣམ་གྲོལ་ཡེ་ཤེས
མཐོང། །འཛིན?་པ་མི་འཛག་དག་པའི་སེམས། །གང་ཡོད་དེ་ལ་ཕུང་ལྔ་ལྡན། །དེས་འབྱུང་ཀུན་གྱི་བྱང་ཆུབ་གསུམ། །མཛའ་ལ་གནས་ནི་རྡོ་རྗེ་འཆང། །ངེས་འབྱུང་ཀུན་མཛའ་གོང་མ་ཉིད། །དེ་ལ་མཁས་བ་རྡོ་རྗེ་ཐེག་།ངེས་འབྱུང་ཀུན་གྱི་ལམ་ལ་ནི། །ངོ་བོར་??
ཆེན་ཡེ་ཤེས་གནས། །དེས་བར་འབྱུང་བ་རྣམ་པ་ཀུན། །ཤང་ཅིང་སྤྱོད་པ་སྟོན་པའོ། །ཡན་ལག་བཅུ་གཉིས་མ་རིག་སོགས། །མ་བཀག་སྲིད་རྩ་འཁོར་བའི་རྒྱུ། །དེ་ལྟར་ཡིན་པར་བྱམས་པས་གསུངས། །སྒྲིབ་པའི་ཕྱིར་དང་འདབས་ཕྱིར་དང། །འཁྲིད་དང་འཛིན
པའི་ཕྱིར་དང་ནི། །རྫོགས་བྱེད་གསུམ་འདུས་གཅོད་ཕྱིར་དང། །ཉེ་བར་སྤྱོད་དང་སྡུད་པའི་ཕྱིར། །སྦྱོར་བར་བྱེད་དང་མངོན་དུ་བྱེད། །སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས། །ཤེས་གསུངས་སོ། །མཆོག་ཏུ་མི་འགྱུར་ཡེ་ཤེས་ཉིད། །རྟོགས་དང་མྱོང་པས་??་རྩ་བཏོན། །
དེ་ཉིད་དག་པ་ཉིད་ཡིན་ལ། །རྣམ་པ་བཅུ་གཉིས་འཆང་ཞེས་པ། །རྟེན་འབྲེལ་དག་པས་གནས་ལ་སོགས། །བཅུ་གཉིས་ཀུན་དུ་སྦྱོང་བའོ། །བདེན་བཞི་ལྟེ་སྙིང་མགྲིན་དཔྲལ་བ། །ཚུལ་གྱི་རྣམ་པ་ཅན་ཞེས་པ། །སྡུག་བསྔལ་ཀུན་འབྱུང་ལམ་འགོག་པ། །གནས
བརྟན་ཕལ་ཆེན་མང་བཀུར་སྨྲ། །བདེན་པ་རེ་རེས་ལམ་འབྲས་བྱེད། །ཤེས་པ་བརྒྱད་པོ་ཅེས་པ་ནི། །སྣ་ཚོགས་རྣམ་སྨིན་རྣམ་མེ་དང། །ལྷ་སྔགས་ཡེ་ཤེས་དགའ་བཞི་བརྒྱད། །རྟོགས་པ་འཆང་ནི་དེ་དག་པའོ། །བདེན་དོན་རྣམ
བ་བཅུ་གཉིས་ནི། །བྱེད་དབང་མྱོང་བ་རྣམ་པར་སྨིན། །འབྲས་བཞི་རེ་རེ་ཆེ་འབྲིང་གསུམ། །ལྡན་པ་རྡོ་རྗེའི་སྐུ་ཡིན་ནོ། །དེ་ཉིད་ཐིག་ལེ་ཆེན་པོ་ལ། །དགའ་བ་རྣམ་པ་བཅུ་དྲུག་རིག་།རྣམ་པ་ཉི་ཤུ་ཕུང་ལྔ་དང། །འབྱུང་ལྔ་ཡབ་ལྔ་ཡུམ་ལྔ་ལ། །བྱང་ཆུབ
པ་ནི་བདེས་ཁྱབ་པའོ། །རྣམ་པར་མི་འདྲ་བ་ཡིན་ལ། །སངས་རྒྱས་ཀུན་གྱི་རང་བྱུང་གི་།ཡེ་ཤེས་ལྷན་ཅིག་སྐྱེས་རིག་མཆོག་།སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །སྐྱེ་དང་ལས་དང་བཟོ་དང་མཆོག་།དེ་ཉིད་དབབ་ཟློག་བསྐྱིལ་དགྲམ་པའོ། །བྱེ་བ་དཔག
མེད་རླུང་གིས་ནི། །ཐིག་ལེ་རྩ་མིག་འགྱེད་པའོ། །སྐད་ཅིག་དུས་མཛའ་ཨི་སྐད་ཅིག་ལ། །ཐམས་ཅད་ལྷན་སྐྱེས་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་ལྷན་སྐྱེས་བདེ། །དོན་ཀུན་རིག་ནི་བཞི་པའོ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱི། །ཞེས་པ་ཐེག་གསུཾ
གནས་པ་ནི། །སྦྱོར་བ་དགུ་ཡི་ཚུལ་གྱིས་ནི། །འབྲོ་བའི་སེམས་ཅན་སྣ་ཚོགས་པ། །དོན་བྱེད་ཇི་ལྟར་གདུལ་དོན་དུ། །སྟོན་པ་པོ་ནི་ཆོས་དོན་ངེས། །ཐེག་པ་གསུམ་ནི་དབང་གསུམ་གྱི། །བཞི་པ་ཁོ་ནའི་ངེས་འབྱུང་ལ། །བདེ་ཆེན་ཐེག་པ་གཅིག་གི་འབྲས། །
བླ་མའི་དུས་ཐབས་ལྟ་བུར་གནས། །ཉོན་མོངས་ཁམས་རྣམས་དྲུག་གྱུར་པ། །དག་པའི་བདག་ཉིད་དུདྡྷ་སྟེ། །གཞན་དག་ཉོན་མོངས་སྤང་བའོ། །རྡོ་རྗེ་ཐེག་པས་རྟོག་པ་འཇོམས། །ཉོན་ཟད་རྟོག་མེད་མ་ཡིན་ཏེ། །རྟོག་བྲལ་ཅི་ཡང་གནས་པ་མེད། །དེ་ཡི་དེ
ཉིད་རྙེད་པ་ཡིས། །དགེ་སྡིག་རྟོག་པ་ལས་ཀྱི་ཁམས། །བདེ་བ་ཆེན་པོ་ཟད་བྱེད་པའོ། །ཆུ་བོ་རྣམས་བ་ལྔ་ཡིན་ཏེ། །བདག་ལྟའི་ཆུ་བོ་རྗས་ཆུའོ། །ཞེ་སྡང་གཏི་མུག་ཆུ་བོ་དང། །འདོད་ཆགས་ཆུ་ཡི་རྒྱུན་ཕྱོགས་ཁྱེར། །དགའ་བཞིས་གཟིངས་ཀྱིས་སྒྲོལ་བྱེད
པས། །རྒྱ་མཚོ་མ་ལུས་རྒལ་བའོ། །དེ་རྣམས་ཡོངས་སུ་དག་པ་ཡིས། །ཀུན་ལས་རྒལ་ཞེས་བརྗོད་པ་ཡིན། །སྦྱོང་བ་ཐབས་དང་ཤེས་རབ་ལ། །ཆགས་བྲལ་ཆགས་པ་མྱ་ངན་འདས། །བདེ་བ་ཚོར་བ་སྲེད་པ་འཛིན། །དོན་ཚ་ཚེ་དང་ལྟ་རོལ་པ། །ཤེས་རབ་མ་ཡི་ཆོས་བརྒྱར་དོ། །
ཆགས་དང་ཚིམ་དང་དགའ་བ་དང། །གྱ་ནོམ་པ་དང་རྩ་བ་དང། །ཙུམ་པ་ཉིད་དང་སྒྲ་བརྗོད་དང། །བརྟན་དང་བརྩོན་དང་ཡིད་བྱེད་པ། །བཅུ་གཅིག་ཐབས་ཀྱི་བྱེད་བའོ། །དེ་ལྟའི་ཆོས་སྤངས་སེམས་ཅན་ནི། །ཡེ་ཤེས་རྙེད་དགའ་དགོན་པར་འདོད། །དེ་ལས་བྱུང་བ་ཡེ་ཤེས་རྟེན།
དེ་འདྲའི་རྣམ་གྲོལ་ལམ་གྱིས་ནི། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །འཁྲུལ་བའི་ཁམས་རྣམས་རྟོག་པ་ཀུན། །བག་ཆགས་བཅས་པ་གཏན་སྤངས་པ། །དེ་ནི་ཐབས་ཆེན་དུག་ལ་སྔགས། །གཏུལ་བ་ལྟ་བུ་ཡོད་ཏན་ཐོག་།སྔགས་མེད་དུག་གིས་འཆི་བར་བྱེད། །སྔ་གསན
སྙིང་རྗེ་ཆེན་པོ་དང། །ཤེས་རབ་སྟོང་པར་རྟོགས་པ་ཡིས། །སྦྱོར་སྒྲོལ་བྱེད་པ་ཐབས་ཀྱི་མཆོག། དེ་ལྟར་ལས་རྣམས་དོན་ཡོད་པས། །བདེ་བས་འགྲོ་བའི་དོན་བྱེད་པས། །སྲིད་དང་ཞི་བར་མི་གནས་པའོ། །འདུ་ཤེས་མིང་དང་རྫས་དང་བརྡ། །ཀུན་གྱིས་ངོས་སྤངས་མཉམ་གཞག
ཅིང། །རྣམ་ཤེས་དོན་ནི་འོད་གསལ་བས། །བལྟས་པས་རྟོག་ཀུན་འགག་པར་བྱེད། །སེམས་ཅན་འགྲོ་བ་རིགས་དྲུག་ལ། །རྣམས་ཀྱི་ཡིད་ཡུལ་དུག་གསུམ་སོགས། །ལྡན་པ་ཆགས་སྡང་སེམས་སྐྱེས་པའོ། །དེ་འདྲ་སེམས་ཅན་ཀུན་གྱི་ཡིད། །རིག་པས་འཁྲུལ་སྤོངས
གཉེན་ཡེ་ཤེས། །སེམས་ཅན་ཀུན་གྱི་ཡིད་ལ་ནི། །འོད་གསལ་ཆོས་དབྱིངས་རབ་ཏུ་གནས། །དེ་དག་དོན་བྱེད་ཡེ་ཤེས་ལ། །སེམས་དང་མཐུན་པར་འཇུག་ཅིང་བསྒྱུར། །སེམས་ཅན་ཀུན་ཡིད་གང་ཡོད་པ། །ཚིམ་པར་བྱེད་དེ་མ་སྤངས་གྲོལ། །སེམས་ཅན་ཀུན་གྱི་འཁོར་བའི
གནས། །ཡིད་དགའ་བ་ནི་ལམ་ཐོབ་པའོ། །གྲུབ་མཛའ་རང་རང་འདོད་པ་ལ། །འདོད་པ་མེད་པ་མཐར་ཕྱིན་པའོ། །འཁྲུལ་པ་མེད་དོན་དམ་པའི་དོན། །དེ་ཡང་དང་པོ་སངས་རྒྱས་ལས། །ཇི་བཞིན་པ་ནི་རྟོགས་དང་བྲལ། །བྱིས་པ་རྣམ་གཉིས་རྣམ་པར་རྟོག་།རྟོག་བྲལ་རྒྱལ་མཆོས
ཀྱི་སྐུ། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་ཡིན། །ཞེས་གསུངས་སོ། །ནོར་པ་རྟག་ཆད་ལ་སོགས་པ། །ཐམས་ཅད་དེ་ལ་རྣམ་པར་སྤངས། །དོན་གསུམ་ཀུན་བརྟག་གཞན་དབང་དང། །ཡོངས་གྲུབ་དེ་ཉིད་ཤེས་པ་ཡིས། །ཐེ་ཚོམ་མེད
མེད་པའི་བློ་ཐོབ་པོ། །ཀུན་དོན་འགྲོ་བའི་བྱ་བ་ལ། །ཡོན་ཏན་གསུམ་གྱི་བདག་ཉིད་ཅན། །ཕུང་པོ་ལྔ་དོན་བདེ་ཆེན་དུ། །དུས་གསུམ་མཉམ་ཉིད་རྟོགས་པའོ། །སྐད་ཅིག་གཅིག་ལ་དབུ་མ་ཅན། །རླུང་རྣམས་ཐམས་ཅད་བྱེད་བྲག་ཕྱེད། །སྐད་ཅིག་གཅིག
གིས་དབུ་མར་ཚུད། །དེ་ལ་བདེ་སྟོང་རྫོགས་སངས་རྒྱས། །དེ་ཉིད་སངས་རྒྱས་ཀུན་གྱིས་ནི། །རང་བཞིན་འཆང་ནི་ཡེ་ཤེས་འཛིན། །ཡན་ལག་མེད་པ་ཆོས་ཀྱི་སྐུ། །སྐུ་ནི་ལོངས་སྐུ་བདེ་བ་ཆེ། །ལུས་ཀྱི་མཆོག་ནི་སྤྲུལ་པའི་སྐུ། །མཚན་དཔེས་བརྒྱན
པ་དེ་ཡིན་ནོ། །ལུས་ཀྱི་མཛའ་ནི་སྐུ་གསུམ་དུ། །རྟོགས་པ་པོ་ནི་རྣལ་འབྱོར་པའོ། །དེ་ཡི་མཆོག་ཐོབ་དུས་དག་ཏུ། །སྣ་ཚོགས་གཟུགས་ནི་ཡོངས་སུ་སྟོན། །ཅེས་པ་མི་འདྲ་སྣ་ཚོགས་གཟུགས། །གང་ལ་གང་འདུལ་ཡོངས་སུ་སྟོན། །བསྒྲུབ་བྱ་ཡིན་པས
ནོར་བུ་ལ། །འདོད་དགུ་འབྱུང་བས་རིན་པོ་ཆེ། །ནུབ་པ་མེད་པས་རྟོག་ཅེས་བྱ། །དགག་ཕྱོགས་མ་རིག་ལ་སོགས་པ། །བཅུ་གཉིས་སྤངས་ཏེ་མཐུན་པའི་ཕྱོགས། །ས་བཅུ་གཉིས་ནི་ཐོབ་པ་ལས། །ཚིགས་བཅད་ཉི་ཤུ་རྩ་བཞི་དག་།མཉམ་པ་ཉིད་ཀྱི་ཡེ
ཤེས་ཀྱི་རྒྱ་ཆེར་འགྲེལ་བསྟེ་ལེའུ་དགུ་པའོ། ། །།ལེའུ་བཅུ་པ་དོན་ཡོད་གྲུབ། །བྱ་བ་ནན་ཏན་ཡེ་ཤེས་ལ། །ལས་ཀྱི་བྱ་བ་ཆོས་བཅོ་ལྔ། །དག་པ་ཤུ་ལོ་བཅོ་ལྔ་བསྟན། །སངས་རྒྱས་ཀུན་ནི་དུས་གསུམ་བཞུགས། །རྟོགས་བྱ་བ
ནི་ཡེ་ཤེས་སྐུ། །དེ་ཡང་དེ་ཉིད་འདུས་པ་ལས། །ཁྱོད་ནི་ཐམས་ཅད་མཁྱེན་པའི་ཡབ། །འབྱུང་དང་འབྱུང་བར་གྱུར་པ་ཡི། །སངས་རྒྱས་བྱང་ཆུབ་ཁྱོད་ལ་བརྟེན། །དེ་བཞིན་གཤེགས་རྣམས་ཁྱོད་ལ་བརྟེན། །ཞེས་གསུངས་སོ། །སངས་རྒྱས་བྱང་ཆུབ་ལྷན་ཅིག
སྐྱེས། །བླ་ན་མེད་གློང་ན་མེད། །ཡི་གེ་མེད་ལས་གསང་སྔགས་འབྱུང། །ཞེས་པ་བྱང་ཆུབ་ཡི་གེ་མེད། །དེ་ལས་གསང་སྔགས་བྱུང་བ་ནི། །སངས་རྒྱས་ཀུན་གྱི་མཐུ་ཡིན་ནོ། །བསང་སྔགས་ཆེན་པོ་རླུང་ཡིན་ཏེ། །རིགས་གསུམ་པ་ནི་འབྱུང་འཇུག་གནས། །དེ་ནི་རླུང་གི
བྱེད་པའོ། །གསང་སྔགས་དོན་ཀུན་བདེ་བ་སྟེ། །བདེ་མེད་རླུང་ནི་ཉན་ཐོས་ཡོད། །དེས་ན་བདེ་བ་བསྐྱེད་པའོ། །ཕྲིན་ལས་ཞི་རྒྱས་དབང་དྲག་བཞི། །འདི་ཡིས་ངེས་པར་སྒྲུབ་པའོ། །ཐིག་ལེ་ཚན་ནི་དོན་དམ་པ། །བདེ་ཆེན་རྡོ་རྗེ་སེམས་དཔའ་ལ། །ཡི་གེ
མེད་པ་ཉིད་ཡིན་ནོ། །སྟོང་པ་ཡི་གེ་མེད་པ་ཉིད། །ཆེན་པོ་འབྱུང་ལྔ་ཕུང་པོ་ལྔ། །ཡི་གེ་ལྔ་ནི་འདི་ཡིན་ཏེ། །ོཾ་ཧཱུཾ་ཏྲཱཾ་ཧྲཱི་ཁཾ་ལྔ་དང། །ལཾ་མཾ་པཾ་ཏཾ་བཾ་རྣམས་སོ། །ཐིག་ལེས་རྩ་རྣམས་ཡི་གེར་འགྱུར། །གྱུར་པར་བདེ་བ་སྣ་ཚོགས་འབྱུང། །རླུང་གིས་ཁམས་གསུམ
རྟོག་པ་རྒྱས། །སྟོང་པ་རང་གི་ངོ་བོས་སྟོང། །བདེ་བསྡུས་ཡི་གེ་དྲུག་པོ་ནི། །ཱབཀུན་ལྡན་ལ། དོན་དམ་པར་ནི་རྣམ་པ་མེད། །དགའ་བ་དེ་ཉིད་དགའ་བཅུ་དྲུག་།མགྲིན་པ་ལ་སོགས་ཕྱེད་ཕྱེད་འབྲི། །ཐིག་ལེ་གནས་ནས་ནོར་བུའི་རྩེར། །གཉིས་གནས་པ་ནི་དབུས་ནའོ། །དེ་ཉིད་ཤེས་རབ་ཡེ་ཤེས་སོ། །རྣམ་རྟོག་ཡན་ལག་མེད་པ་ཡི། །གྲངས
བགྲང་བྱིས་པའི་རྩིས་ལས་འདས། །བསམ་གཏན་བཞི་པ་རྟོག་དཔྱོད་དང། །དགའ་བདེ་བཞི་སྟེ་དགའ་བཞི་སྦྱར། །རྩེ་མོ་འཆང་ནི་གཙུག་ནོར་གཉིས། །མི་འཇིག་བདེ་བ་འཆང་བའོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང། །ཐབས་དང་རྟོག་པ་ལས་རྒྱའི་ལས། །
ཏིང་འཛིན་རིག་པར་བྱེད་པའི་དུས། །ཆོས་ཀྱི་ཕྱག་རྒྱར་རྒྱུད་རིག་པ། །གཞན་དབང་བསྐྱེད་པའི་རིམ་པ་སྟེ། །ཏིང་ངེ་འཛིན་ལུས་ཅན་ཡིན་པར་འདོད། །ལུས་ཀྱི་མཆོག་ནི་དགའ་པའི་དུས། །ཕྱག་རྒྱ་ཆེན་པོ་ལྷུན་གྲུབ་པའོ། །བདེ་བའི་དུས་ལོངས་སྤྱོད་རྫོགས། །དམ་ཚིག་ཕྱག་རྒྱ
ཀུན་གྱི་རྒྱལ། །ཕྲིན་ལས་བདེ་བ་ཆེན་པོ་བྱེད། །དེ་ཉིད་གནས་སྐབས་སྤྲུལ་སྐུ་སྟེ། །སྐུ་ཡི་མཆོག་ཏུ་ཐུབ་པས་གསུངས། །སངས་རྒྱས་སྤྲུལ་པའི་རྒྱུད་རིག་ལྔ། །རིགས་གསུམ་ལྡན་པས་འཆང་བའོ། །ཕྱོགས་བཅུར་འཇིག་རྟེན་ཁམས
བ?་མྱུ་དུ། །སྡུལ?་པ་སྣ་ཚོགས་འབྱེད་པའོ། །ཇི་བཞིན་མཆོག་གིས་སྤྲུལ་པ་ཡིས། །འགྲོ་བའི་དོན་བྱེད་འདི་ལྟ་སྟེ། །ལྷ་ནི་ཨཽ་མ་འདོད་ཆགས་དག་།ལྷ་མཆོག་ཤེས་རབ་འོད་དཔག་མེད། །ལྷ་ནི་ཚངས་པ་ཁྱབ་འཇུག་ནི། །གཏི་མུག་རྣམ་དག་རྣམ་སྣང་མཛད
ལྷ་ཅན་ཁྱབ་འཇུག་དབང་ཕྱུག་ནི། །ཞེ་སྡང་རྣམ་དག་མི་བསྐྱོད་པ། །སྦྱིན་པ་ཛམ་ལ་བདག་པོ་ནི། །སེར་སྣ་རྣམ་དག་རིན་འབྱུང་ངོ། །འཆི་མེད་དབང་ཕྱུག་དབང་ཕྱུག་ནི། །ཕྲག་དོག་རྣམ་དག་དོན་ཡོད་གྲུབ། །ལྷ་ནི་བགེགས་བདག་བླ་མ་ནི། །ང་རྒྱལ་རྣམ་དག་རྡོ་རྗེ
སེམས། །འཇོམས་བྱེད་ཟླ་བ་ལྟ་བ་ལྔ། །རྣམ་པར་དག་བྱེད་ཕག་མོ་ཉིད། །འཇོམས་བྱེད་ཉི་མ་དབང་ཕྱག་ནི། །ཐེ་ཚོམ་ཀུན་སེལ་ཧེ་རུ་ཀ། རྩ་བའི་ཉོན་མོངས་ལྷ་ཆེན་བརྒྱད། །སྲིད་བསུམ་དབང་སྒྱུར་འཇོམས་མཛད་པའི། །བདེ་ཆེན་ཁྱོད་ལ་བདག་ཕྱག
འཚལ། །སྲིད་པ་ཁམས་གསུམ་མགོན་པ་ནི། །བདེ་སྟོང་དཀོན་པས། །དགོན་པའོ། །ལས་རྒལ་བ་ནི་རྡོ་རྗེ་སེམས། །སྟོན་པ་གཅིག་པུ་དྷཱུ་ཏཱིའོ། །འགྲན་ཟླ་མེད་པས་གཅིག་པུའོ། །འགྲོ་བའི་བླ་མ་ཐི་ག་ལའི་ཁམས། །འཇིག་རྟེན་ལུས་དག་ཡིད་གསུམ་ལ། །ཕྱོཊ
བཅུར་རབ་གྲགས་བདེ་རླུང་ཁྱབ། །ཆོས་ཀྱི་སྦྱིན་བདག་གཏུམ་མོ་ཆེ། །ཆེ་བ་པོ་ནི་འབར་བའོ། །བྱམས་པའི་དམ་ཚིག་བཞི་བསྟེན་པའོ། །དེ་ཡང་སྤང་བླང་བསྲུང་སྤེལ་ལོ། །གོ་ཆས་བཅས་པ་དགའ་བའི་སེམས། །སྙིང་རྗེ་ཡིས་ནི། །ཡ་ལང
བཀོས་ནི་ཐབས་བསྟེན་པའོ། །ཤེས་རབ་ཕྱག་རྒྱ་ཆེན་མོ་ལ། །རལ་གྲི་དེ་ཡིས་རྟོག་ཀུན་བཅད། །མདའ་གཞུ་གཏུམ་མོ་ཐོགས་པ་ནི་།ཧཾ་གི་འབེན་ལ་རྡེག་པའོ། །ཉོན་མོངས་མི་ཤེས་འཛག་པ་རྣམས། །རབ་ཏུ་སྤང་བ་གཡུལ་ངོ་སེལ། །དགྲ་བོ་འདོད་ཡོན་མངོན
ཞེན་མཛའ་། །འདུད་དགྲ་ཡེ་ཤེས་ཆེན་པོ་ཡིས། །བདུད་འདུལ་བ་ནི་གོས་པ་མེད། །བདུད་བཞི་འཇིགས་པ་དགའ་བཞི་ཡི། །འགལ་ཕྱོགས་སྤང་བ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་སྣ་ཚོགས་རྟོག་།པམ་བྱེད་པ་ཡང་དེ་ཉིད་དོ། །རྫོགས་པ་ཐིག་ལེ་སངས་རྒྱས་བདེ། །འཇིག
རྟེན་འདྲེན?་པ་རྣམས་ཀྱི་མཆོག་། མཆོད་འོས་བཟའ་བའི་དམ་ཚིག་ཆེ། །བསྟོད་འོས་རིག་མའི་མཁའ་དབྱིངས་ཀྱི། །ཕྱག་གི་འོས་ནི་ཐལ་མོ་སྦྱོར། །རྟག་ཏུ་ཞེན་པ་སྤངས་པ་དང། །བླང་དོན་མེད་པའི་སེམས་ཀྱིས་ནི། །རིམ་འགྲོར་བྱ་འོས་བྱང་སེམས་སྤེལ། །མི་འཇིག
ལྡན་པའི་རྣལ་འབྱོར་པ། །ཉན་ཐོས་སོགས་པས་བཀུར་འོད་པའོ། །ཕ་རོལ་ཕྱིན་པའི་ཐེག་པ་པས། །ཡོན་ཏན་བརྗོད་པར་བྱ་བའི་མཆོག་།རྣལ་འབྱོར་རྒྱུད་སོགས་ཕྱག་བྱར་འོས། །ཐབས་དང་ཤེས་རབ་ཐུན་མོང་གིས། །སྒྱུར་འཕྲུལ་དྲ་བ་བླ་མའི་རབ། །འཇིག་རྟེན་གསུམ
པོ་རྩ་གསུམ་ལ། །གོམ་གཅིག་བགྲོང་པ་རླུང་འཕོབ། །ལྔ་བཅུ་རྩ་དྲུག་བཞི་ཆའོ། །རླུང་དེ་རྒྱུ་དུས་ནམ་མཁའ་ལྟར། །རྟོག་པ་མཛའ་མེད་རྣམ་པར་གནོན། །གསུམ་རིག་རྒྱུ་བ་གསུམ་པོ་ལས། །དབུ་མ་གཙང་མ་དག་པ་སྟེ། །དེ་ཡི་ཡོན་ཏན་མངོན་ཤེས་དྲུག། ལྡན
ཞིང་རྗེས་དྲན་དྲུག་སོགས་ཐོབ་། ཕ་རོལ་ཕྱིན་པའི་ཐེག་པར་ནི། །བྱང་ཆུབ་སེམས་དཔའ་མཚན་ཉིད་པ། །སེམས་དཔའ་ཆེ་ཞེས་མཚན་གསོལ་པ། །དང་པོ་བདེ་འདིར་དབུས་མར། །ཞུགས་པས་རྫུ་འཕྲུལ་ཆེན་པོ་དང། །འཇིག་རྟེན་འདས་པའི་དངོས་གྲུབ་པོ། །དེ
ཉིད་ཤེས་རབ་ཕ་རོལ་ཕྱིན། །རྟོགས་པའི་མཛའ་ཡང་དེ་ཉིད་དོ། །ཤེས་རབ་གསུམ་པའི་ཡེ་ཤེས་ཀྱི། །དེ་ཉིད་ཐོབ་ནི་སྐྲག་པ་མེད། །བདག་རིག་རང་ལུས་གཞན་རིག་བ། །ཤེས་རབ་ཐབས་ལས་ཐམས་ཅད་རིག་།ཀུན་ལས་འཕགས་པས་ལྷན་ཅིག་སྐྱེས། །
གང་ཟག་མཆོག་ནི་འདི་དེའི་ལམ། །དཔེར་བྱས་ཀུན་ལས་འདས་པ་སྟེ། །ཞེས་པ་ཉམས་མྱོང་ལྷན་སྐྱེས་ཏེ། །བླ་མའི་ངག་ལས་བྱུང་བའོ། །ཤེས་དང་ཤེས་བྱ་ཡུལ་ཡུལ་ཅན། །བདག་པོ་མཆོག་ནི་གཉིས་མེད་རྟོགས། །གཙོ་བོ་དྷཱུ་ཏཱི་བྱང་ཆུབ་ལམ། །ཆོས་ཀྱི་སྦྱིན
བདག་འབར་འཛག་སྟེ། །ཕྱག་རྒྱ་བཞི་ཡི་ལས་ཆོས་དང། །ཕྱག་རྒྱ་ཆེ་དང་དམ་རྒྱ་སྟེ། །ཆོས་ཀུན་ཕྱག་རྒྱ་བཞི་ཡིས་བསྡུས། །དོན་སྟོན་པ་ནི་ལམ་དང་རྟགས། །གཉེན་པོ་འབྲས་བུ་རྣམས་ལ་སྦྱོར། །འགྲོ་བའི་བསྙེན་བཀུར་བདེ
བའི་རྒྱུ། །གནས་ཀྱི་མཆོག་ནི་ཀར་ན། །བྱེད་པ་དྲུག་ཅུ་རྩ་གཉིས་སོ། །ངེས་འབྱུང་གསུམ་པོ་སྐུ་གསུམ་ལ། །མཚན་ནི་ཡང་དག་བརྗོད་ཆོས་འདི། །བགྲོད་དོ་ཞེས་ནི་ལམ་པའི་དུས། །དོན་གྱི་དམ་པ་ཕྱག་རྒྱ་ཆེ། །རྣི་དག་དང་ལ་ནི་བཞི་པའོ། །འཇིག་རྟེན་གསུཾ་ནི་ལུས་ཕྱི་ནང།
པར་གསུམ་ཡིན་ལ་སྐལ་བཟང་ཆེ། །དཔྲལ་བའི་ཐིག་ལེ་བཅུ་དྲུག་གོ་།དཔལ་ལྡན་འབྱོར་བ་དགའ་བཞི་སོགས། །ཀུན་བྱེད་པ་ནི་གཏུམ་མོའོ། །འཇམ་དཔལ་ཐིག་ལེ་ལྡན་པ་ནི། །ཡེ་ཤེས་ཆེན་པོའི་མཆོག་ཡིན་ནོ། །དེ་ལྟར་ཤོ་ལློ?་བཅོ་ལྔ་པོ། །བསྙེན་པ་ཉེ
བསྙེན་སྤྲུལ་བ་དང། །སྒྲུབ་ཆེན་ལས་སྦྱོར་ཁྱད་ལས་སྦྱོར། །ཕ་རོལ་ཕྱིན་རྒྱུ་རྣམ་དག་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བཅུ་པའོ།། །།ལེའུ་བཅུ་གཅིག་པ་འདུད་ཀྱི། །བརྗོད་བྱ་ཡེ་ཤེས་ལྔ་ལྡན་པའོ། །སངས་རྒྱས་སྐུ
སྔ་ལ་བསྟོད་པའོ། །དང་པོ་སྤང་བྱ་ཁམས་གསུམ་རྟག་།ཉོན་མོངས་གཏི་མུག་གཉེན་པོ་ནི། །ཆོས་དབྱིངས་ཡེ་ཤེས་སྒོ་ལྔ་དག་།གཟུགས་ཕུང་སྣང་མཛད་མིག་ལ་ནི། །གཏི་མུག་རྡོ་རྗེ་ས་སྙིང་པོ། །ལས་རྒྱ་སྣ་ཚོགས་བདག་དེ་ཉིད། །དགའ་བ་དང་པོ་བུམ
པའི་དབང། །བཞི་པ་བསྙེན་པས་ཡི་ཁམས། །སྤྲུལ་པའི་སྐུ་དང་བཅོ་བརྒྱད་ལྡན། །དེ་ལྟའི་ཡེ་ཤེས་གཙུག་ཏོར་ལ། །དང་པོ་དགའ་བ་བཞིས་བསྟོད་པ། །མཆོག་སྦྱིན་རྡོ་རྗེ་ལུས་དག་ཡིང། །མཆོག་ཁྱོད་བདུད་པ་དགའ་བའི་དགའ་། །བལྟས་པས་ཆེམ
པའི་བདེ་བ་ནི། །འཁོར་ལོ་དྲུག་རྩ་གསལ་བའོ། །ཡང་དག་མཐར་འགྱུར་དགའ་བའི་མཆོག་།བགད་པས་ཚིམ་པ་རླུང་འཐེན་པ། །ཁྱོད་ལ་འདུད་པ་གོམས་བྱེད་པའོ། །སྟོང་ཉིད་ལས་བྱུང་དགའ་བ་ཡི། །ལྷན་སྐྱེས་ལག་བཅངས་རེག་བདེ་མྱོང། །མེ་རླུང་ལུས
ལ་བྱབ་བའོ། །ཁྱོད་ལ་འདུད་པ་གོང་དང་འདྲ། །སངས་རྒྱས་བྱང་ཆུབ་དགའ་བ་ཡི། །དགའ་བྲལ་འཁྱུད་པས་ཧཾ་ལས་ནི། །ཐིག་ལེ་བ་ཐག་འབབ་པས་བདེ། །ཁྱོད་ལ་འདུད་པ་མི་འཛག་བདེ། །རྐྱེན་མ་ལྟོས་པ་སྐྱོང་བའོ། །གཉིས་པའི་སྤང་བྱ་བདག་ཏུ་ཞེན། །ཉོན་མོངས
འདོད་ཆགས་གཉེན་པོ་ནི། །སོ་སོར་རྟོག་པ་ཉོན་ཡིད་འགྱུར། །འདུས་ཤེས་མཛའ་ཡས་ལྕེ་ལ་ནི། །འདོད་ཆགས་རྡོ་རྗེ་འཇིག་རྟེན་མགོན། །ཆོས་རྒྱ་མཚན་མེད་ལྷ་དེ་ཉིད། །དགའ་བ་གཉིས་བ་གསང་བའི་དབང། །རྒྱས་པར་བསྒྲུབ་པ་མེ་ཡི་ཁམས། །ལོངས་སྤྱོད་རྫོགས
པ་བཅོ་བརྒྱད་ལྡན། །དེ་ལྟའི་སྡུག་བསྔལ་གཅོད་པ་ལ། །མཆོག་དགའ་ཨི་དགའ་བ་བཞིས་བསྟོད་པ། །སངས་རྒྱས་ཆགས་པ་མཆོག་དགའ་ཨི་དགའ་། །རྡོ་རྗེ་པདྨ་ལས་སྦྱོར་བ། །སྣང་སྟོང་ཤེས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་པ་མཆོག་དགའ་ཨི་མཆོག་བརྩོན་འགྲུས
བདེ་བ་ཆེན་ཉེལ་བ། །ཁ་སྦྱོར་རླུང་ནི་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་མཆོག་ལྷན་སྐྱེས། །ཕྱིར་རོལ་ཡུལ་ལས་ལོག་པའི་སེམས། །བསྟན་པར་གནས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་པ་མཆོག་དགའ་བྲལ། །ཆགས་པ་རྣམས་ལས་ཆགས་མེད་བྱས།
ཚིགས་འབྱིན་བྱེད་ལ་ཕྱག་འཚལ་འདུང། །གསུམ་པའི་སྤང་བྱ་མཐར་ཞེན་པ། །ཉོན་མོངས་ཞེ་སྡང་གཉེན་པོ་ནི། །མེ་ལོང་ཡེ་ཤེས་ཀུན་གཞི་དག་།རྣམ་ཤེས་མི་བབསྐྱོད་རྣ་བ་ལ། །ཞེ་སྡང་རྡོ་རྗེར་ཕྱག་རྡོར་ཉིད། །ཕྱག་རྒྱ་ཆེན་པོ་རྣམ་མེད་སྔགས། །དགའ་བ་གསུམ་པ
གསུམ་པའི་དབང། །དབང་དང་སྒྲུབ་ཆེན་ཆུ་ཡི་ཁམས། །ཆོས་ཀྱི་སྐུ་སྟེ་བཅོ་བརྒྱད་ལྡན། །དེ་ལྟའི་རྡོ་རྗེ་རྣོན་པོ་ལ། །ལྷན་སྐྱེས་དགཱ་བ་བཞིས་བསྟོད་པ། །སངས་རྒྱས་འཛུམ་པ་ལྷན་སྐྱེས་དགའ་། །བདེ་ཆེན་རྒྱས་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་བ་ལྷན
སྐྱེས་མཆོག་། བདེ་སྟོང་བྲལ་བ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ལྷན་སྐྱེས་སྐྱེས། །སྨྲ་བརྗོད་འདས་པ་ཁྱོད་ལ་འདུས། །སངས་རྒྱས་ཐུགས་ལ་ལྷན་སྐྱེས་བྲལ། །ཕྱག་རྒྱ་ཆེན་པོ་ཕྱག་འཚལ་འདུད། །བཞི་པའི་སྤང་བྱ་དགག་སྒྲུབ་པོ། །ཉོན་མོངས
ང་རྒྱལ་གཉེན་པོ་ནི། །མཉམ་ཉིད་ཡེ་ཤེས་ཡིད་རྣམ་ཤེས། །ཆོར་བ་རིན་འབྱུང་སྣ་ལ་ནི། །སེར་སྣ་རྡོ་རྗེ་འཇམ་པའི་དབྱངས། །དམ་རྒྱ་རྣམ་སྨིན་ཡེ་ཤེས་དང། །དགའ་བ་བཞི་པ་དབང་བཞི་པ། །དྲག་པོ་ཉེ་སྒྲུབ་ནམ་མཁའ་ཨི་ཁམས། །
རྡོ་རྗེ་སྟ?་སྟེ་བཅོ་བརྒྱད་ལྡན། །དེ་ལྟའི་ངག་ནི་དབང་ཕྱུག་ལ། །དགའ་བྲལ་དགའ་བ་བཞིས་བསྟོད་པ། །མེད་པ་ལས་བྱུང་དགའ་བྲལ་དགའ་། །དཔེ་བརྒྱད་རྟོགས་པ་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་དགའ་བྲལ་མཆོག་།དགའ་ལ་ཞེན་མེད་ཁྱོད་ལ་འདུད། །
ནམ་མཁའ་ལས་བྱུང་དགའ་བྲལ་ལྡན། །སྤྲོས་བྲལ་བདེ་ཆེན་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་དགའ་བྲལ་བྲལ། །གཉེན་པོ་ཟད་པ་ཁྱོད་ལ་འདུད། །ལྔ་པའི་སྤང་བྱ་སྤང་བྱ་མེད། །ཉོན་མོངས་ཕྲག་དོན་གཉེན་པོ་ནི། །བྱ་སྒྲུབ་ཡེ་ཤེས་རྣམ་ཤེས་བརྒྱད། །འདུ
བྱེད་དོན་གྲུབ?་ལུས་ལ་ནི། །དབང་ཕྱུག་རྡོ་རྗེ་སྒྲིབ་རྣམ་སེལ། །སྣ་ཚོགས་བྱ་དགའ་དུས་མཛའ་བསྐྱིལ། །ཡེ་ཤེས་དགའ་བ་དབང་རྫོགས་པ། །མངོན་སྤྱོད་སྒྲུབ་བྱེད་རླུང་གི་ཁམས། །བདེ་ཆེན་སྐུ་སྟེ་བཅོ་བརྒྱད་ལྡན། །དེ་འདྲའི་ཡེ་ཤེས་སྐུ་ཅན་ལ། །ཡེ་ཤེས་དགའ་
བ་བཞིས་བསྟོད་པ། །སྒྱུ་འཕྲུལ་དྲ་བ་ཡེ་ཤེས་དགའ་། །བདེན་འཛིན་མེད་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཡེ་ཤེས་མཆོག་།མ་འགགས་གསལ་བ་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཡེ་ཤེས་ལྡན། །ཕྱག་རྒྱ་ཆེ་ལྡན་ཁྱོད་ལ་འདུད། །ཡེ་ཤེས
སྐུ་ཉིད་ཡེ་ཤེས་བྲལ། །སྒྲ་བློ་འདས་པ་ཁྱོད་ལ་འདུད། །དེ་ལྟར་སྐུ་ལྔ་བདག་ཉིད་ཅན། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། །རྟག་ཏུ་འདུད་པ་རྡོ་རྗེའི་ལུས། །ཁམས་ལྔ་བདག་པས་བློ་ཀ། །ལྔ་ཡི་རྣམ་པར་དག་པའོ། །འདུད་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ
བཅུ་གཅིག་པའོ། ། །།ལེའུ་བཅུ་གཉིས་པ་སྔགས་ཀྱི། །སྐབས་ལ་དོན་དང་ཚིག་དང་ནི། །རྟགས་ཀྱི་སྔགས་དང་གསུམ་དུ་འདོད། །དང་པོ་སངས་རྒྱས་ཐུགས་ཡིན་ལ། །གཉིས་པ་ཨཱ་ལི་ཀཱ་ལིའོ། །གསུམ་པ་ལྷ་དང་ཡེ་ཤེས་དང། །
ཕྲིན་ལས་བཞི་ལ་སྦྱོར་བ་ནི། །རྟགས་ཀྱི་སྔགས་སུ་འདོད་པ་ཡིན། །དེ་ཡང་བཤད་ན་འདི་ལྟ་སྟེ། །ོཾ་ནི་ཡེ་ཤེས་ལྔ་ཡིན་ལ། །སརྦབ་དྷ་རྨམ་འཁོར་འདས་གཉིས། །ངོ་བོས་སྟོང་པ་ཨ་བྷཱ་བ། །དེ་ཉིད་བླ་མའི་གདམས་པ་ཡིས། །སྟོང་པར་མྱོང་བ་སྭ་བྷཱ་བ། །དབྱེར་མེད་རྣམ་དག་བི
ཤའ་ཀྱ??་བཛྲ་གཉིས་མེད་ཡེ་ཤེས་ལ། ། ཨཱ་ཨཾ་ཨཉིར?་དབང་ཆེན་རྫྙཱ་ཇ?་གཱ་ཡ་ལ། མཉྫུ་ཤཱི་ནི་ཐིག་ལེའི་ཁམས། །པ་རི་ཤུདྡི་མི་འཛག་པ། །ཏཱ་ཞེས་རེ་ལས་མཆོག་མེད་པའོ། །མུ་པཱ་དཱ་ནི་ཟག་པའོ། །ཡེ་ཏི་ཨ་ནི་དེ་ལྟར་ན། །མི་འཇེག་དགའ་བ་ལམ་མཆོག་གོ། །ལམ་མཆོག་དེ་ཉིད་གང་ཞེ་ན། །ཤིན་དུ་བསྡུས
པའི་ཆུང་བའི་ཡིན། །རྒྱས་བསྡུས་གཉིས་སུ་ཇི་ལྟར་བར། །བཤད་ཆོད་འདི་ལོ་ཡོད་པའོ། ། ཨཱ་མི་སྐྱེ་....་ལས་སྐྱེ། །སརྦ་ཏ་ཐཱ་ག་ཏ་ཧྲིང་ཡ། །ཧ་ར་ཧ་ར་ཞེས་པ་ནི། །སོ་སོར་སྡུང་བའི་བརྟགས་མཐར་ཕྱིན། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཧ་ར་སོ
སོར་ཡི་བ་སྟེ། །ཧ་རས་བསྡུས་པ་མཉམ་པ་ཉིད། །ོཾ་ཧཱུཾ་ཧྲིཔཱ་ཙཱ་འབྱུང་བའོ། །སརྦབ་དྷ་རྨམཱག་ག་ན། །ཏིང་ངེ་འཛིན་གྱི་ཡན་ལག་གོ་། མ་ལ་སུ་པ་རི་ཤུད་དྷཱ། །ཞེས་པ་འཛིན་པའི་ཡན་ལག་གོ་།དྷ་རྨཱ་དྷཱ་ར་ཏུ་ཛྙཱ་ན་གརྦྷ་ཨཱ:། །ཅེས་པ་རྗེས་སུ་དྲན་པའོ། །སྔགས་ལ་ཤལོ་ཀ་གསུམ་གྱིས། །ཁམས་གསུམ་པོ་ནི་དག
པའོ། །སྔགས་ཀྱི་རྒྱ་ཆེར་འགྲེལ་པ་སྟེ་ལེའུ་བཅུ་གཉིས་པའོ།། །།བཅུ་གསུམ་རྗེས་སུ་ཡི་རང་བ། །ས་མཆོག་བཅུ་གཉིས་དག་པ་ཡི། །ལེའུ་བཅུ་གཉིས་བཤད་པའི་རྗེས། །དེ་ནས་སྡུད་པ་པོ་ཆེན་པོས། །དཔལ་ལྡན་རྡོ་རྗེ་འཆང་ཆེན་པོ། །
ཆོས་སྐུ་སྤྲོས་བྲལ་མི་འགྱུར་ཆེན། །རབ་ཏུ་དགའ་ཞིང་སེམས་མགུ་ནས། །ལུས་ཀྱི་ཐལ་མོ་སྦྱར་བྱས་ཏེ། །མགོན་པོ་སངས་རྒྱས་བཅོམ་ལྡན་འདས། །རྟགས་སུ་ཤཱཀྱ་ཐུབ་པ་སྟེ། །དོན་དུ་ཧཾ་ལས་འབར་འཛག་ནི། །དེ་བཞིན་གཤེཌ
ཞེས་བཤད་པའོ། །སྟོན་པ་རྫོགས་སངས་རྒྱས་དེ་ལ། །ཡན་ལག་སྨད་ལྔ་ལྟ་བུ་ཡི། །སྒྲིབ་ལྔ་བསལ་ནས་དེ་ཉིད་རྟོཌ། རྟོཌ་དོན་དེ་ལ་ཕྱག་འཚལ་ནས། །དེ་ནི་མགོན་པོ་སངས་རྒྱས་ལམ། །གསང་བའི་བདག་ཉིད་ལ་བཞུགས་པས། །བླ་མས་ལག་ན་རྡོ་རྗེ་ཡི། །བདེ
ཆེན་ཡེ་ཤེས་གཏད་པ་ཡིས། །ཁྲོ་བོ་སྤང་བྱ་ཉོན་མོངས་ལས། །རྒྱལ་པོ་ཆེན་པོར་དེ་གྱུར་ཏོ། །རང་འདྲའི་སྣ་ཚོགས་སྣོད་ལྡན་རྟེན། །གཞན་ནི་འཁོར་བཞི་ལ་སོགས་པ། །སྨིན་ཅིང་ཆོ་ག་མ་ཉམས་པ། །ལྷན་ཅིག་འདུག་ལ་གསང་བའི་དོན། །ཡོན་ཏན་ཀུན
གྱིས་བསྟོད་ནས་ནི། །རབ་ཏུ་དགའ་མགུའི་ཚིག་འདི་སྐད། །ངག་ཏུ་བརྗོད་ཅིང་བསྟན་པར་བྱེད། །མགོན་པོ་བདེ་ཆེན་རྒྱལ་བ་ལ། །བདག་ཅག་རྣམས་ནི་ཡི་རང་ངོ། །ལེགས་སོ་གསང་སྔགས་དོན་སྤྱོད་པ། །ལེགས་སོ་ཁྲོ་རྒྱུ་སྤངས་པ་ལེགས། །ལེགས་པར
གསུངས་ནི་རང་སྤྱོད་ལྟར། །གཞན་ལ་སྟོན་པ་འཐད་པ་ཡིན། །རྣམ་གྲོལ་འབྲས་བུ་སྐུ་གསུམ་མོ། །འཚལ་པ་ཆེ་འདི་ཉིད་ལ་འདོད། །དགོས་བ་འགྲོ་བ་མགོན་མེད་པར། །ཉོན་མོངས་འངམ་དུ་བྱིད་རྣམས་དང། །བདག་ཅག་སྐལ་ལྡན་འདུས་པའི་འཁོར
ཡང་དག་རྫོགས་པའི་བྱང་ཆུབ་ནི། །རྡོ་རྗེ་འཆང་ཆེན་ཐོབ་པ་ཡི། །ཐབས་སུ་འགྲོ་བའི་དོན་ཆེན་མཛད། །སྟོང་པ་བདེ་བའི་སྙིང་པོ་ཅན། །ཀུན་རྫོབ་སྒྱུ་འཕྲུལ་དྲ་བ་ཡི། །རྣམ་པར་རྟགས་ཙམ་ཚུལ་བསྟན་པ། །མཚན་བརྗོད་པ་ཡི་གསུང་རབ་འདི། །རྣམ་དག
ལེགས་པའི་ལམ་ཡིན་ནོ། །ཟབ་ཅིང་དོན་ལ་ཡངས་པ་ཐབས། །རྒྱ་ཆེན་དབྱེ་མེད་ཆོས་འདིའོ། །དོན་ཆེན་འགྲོ་བ་རིགས་ལྔ་ཡི། །དོན་བགྱིད་པ་ནི་གང་འདུལ་སྟོན། །སངས་རྒྱས་རྣམས་ཀྱི་དུས་གསུམ་གྱི། །ཡུལ་ལམ་གནས་སམ་ལམ་འདི་ནི། །མར
མེ་མཛད་སོགས་རྫོགས་པ་ཡི། །སངས་རྒྱས་དུས་གསུམ་བཞུགས་རྣམས་ཀྱིས། །བཤད་འཆང་འཆད་བར་འགྱུར་བ་ཡིན། །ད་ལྟ་འཆེད་པ་ཤཱཀྱ་ཐུབ། །དེ་ཉིད་རྡོ་རྗེ་འཆང་ཆེན་པོ། །དུས་ཀྱི་འཁོར་ལོ་ཞེས་བྱ་ཡིན། །ཡང་ན་ཁར་ས་བ་ནི་ཡིན། །སྐུ་གསུམ
འཕྲིན་ལས་གཉིས་དག་པས། །ཤོ་ལོ་ཀ་ལྔ་རྣམ་པར་དག། །ཐབ་པའི་དོན་ལ་མོས་རྣམས་ལ། །གསང་དོན་མཐར་ཐུག་འདིར་བརྗོད་བྱས། །ཁངས་པ་ནི་གཟོད་པར་གསོལ། །དགེ་བ་འགྲོ་ལ་ཡོངས་སུ་བསྔོ།། །།འཕགས་པ་མཚན་ཡང
དག་པར་བརྗོད་པའི་འགྲེལ་པ་བདུད་རྩིའི་ཐིགས་པ་སྒྲོན་མ་གསལ་བ་ཞིབ་མོ་རྣམ་པར་འཐག་པ་ཞེས་བྱ་བ། །རྡོ་རྗེ་འཆང་གི་ཞབས་ཀྱི་རྡུལ་ལ་རེག་པའི་པཎྜི་ཏ་ཆེན་པོ་ཨ་ནུ་པ་མ་རཀྵི་ཏས་མཛད་པ་རྫོགས་སོ།། །།དཔལ་བྱང་རི་བཀྲིས
ཀྱི་གཙུག་ལག་ཁང་དུ་ཁ་ཆེའི་མཁས་པ་སུ་ག་ཏ་ཤྲཱི་དང། །བོད་ཀྱི་ལོ་ཙཱ་བ་དྷརྨཱ་ཀཱི་རྟི་དང། །དགེ་སློང་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །།རྒྱལ་བ་རྣམས་ཀྱིས་བགྲོད་པ་མཐར་ཐུབ་པ། །བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པཱི
ལམ། །བྱ་སྤྱོད་རྣོར་རྣྱོར་ཆེན་པོའི་རྒྱུད། །གསུང་རབ་རྒྱ་མཚོའི་བཅུང་བསྡུས་རྡོ་རྗེའི་ཚིག་།ཟབ་ཅིང་རྟོགས་དཀའ་རྒྱལ་བའི་དགོངས་བ་མཆོག་།མཚན་བརྗོད་གླུར་བླངས་ཡིད་བཞིན་ནོར་བུའི་གཞུང། །ཇི་ལྟར་འདོད་བ་དེ་ལྟར་སྣང་གྱུར་ཀྱང། །ཟབ་མོའི་དོན་མཆོག
ཀུན་གྱིས་མི་སྙིང་པས། །སྤྱན་རས་གཟིགས་དབང་དྲི་མ་མེད་པའི་འོད། །རྒྱ་ཆེར་འགྲེལ་པས་ཟབ་པའི་དོན་བཤད་པ། །དང་པོ་སངས་རྒྱས་རྒྱུད་དོན་ལེགས་བཀྲིལ་ཡིན། །དེ་ལས་རབ་དགའ་མཚོ་ལས་འོ་ལེན་བཞིན། །ཟབ་དིན་བསྡུས་པའི་མན་ངག་བསྟན
བཅོས་འདི། །དཔེ་མེད་བསྲུང་བས་སྣོད་ལྡན་སེམས་ཅན་དོན། །བདུད་རྩི་ཐིགས་པ་འཆི་མེད་གྲུབ་པ་བྲིས། །སྨོན་ལམ་མཐུ་ཡིས་ཁ་བ་ཅན་ལྗོངས་འདིར། །སུ་ག་ཏ་ཤྲཱི་ལྔ་བརྒྱའི་ཀུན་མཁྱེན་གྱིས། །སྐལ་པར་ལྡན་པའི་དགེ་སློང་རྡོར་རྒྱལ་ལ། །ལེགས་སྦྱར
སྐད་ཀྱིས་རྒྱས་པར་བཤད་པ་ལས། །ཚིག་དོན་ལོངས་པར་གྱུར་ཏེ་གསུང་སྒྲོས་དང། །མཐུན་པར་འགྲེལ་འདི་འབད་པ་ཆེན་པོས་བསྒྱུར། །སྒྲ་ཡི་དབྱིངས་ལ་བྱང་བར་མ་གྱུར་པས། །ལེགས་བསྒྱུར་མཁས་རྣམས་རབ་ནོངས
བཟོད་པར་བཞེས། །གསང་བ་བསྒྲགས་པ་མཁའ་འགྲོ་བཟོད་པར་གསོལ། །ལེགས་བཤད་ལེགས་བསྒྱུར་དགེ་བ་འགྲོ་ལ་བསྔོ།། །།འཕགས་པའི་ཇམ་དཔལ་གྱི་མཚན་ཡང་དག་བར་བརྗོད་པའི་རྣམ་བཤད་བཞུགས།། །།
རྒྱ་གར་སྐད་དུ།
CLOSE WINDOW