Wylie | e-texts based on the ACIP/ALL ![]() ![]() |
།རྡོ་རྗེའི་ཚིག་གི་སྙིང་གོ་ཞེས་བྱ་དཀའ་འགྲེལ་བཞུགས། *། །རྒྱ་གར་སྐད་དུ། བཛྲ་པཱ་ད་གྲབྷ་སཾ་གྲ་ཧ་ནཱ་མ་པཉྫི་ཀ། །བོད་སྐད་དུ། རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བའི་དཀའ་འགྲལ་།བཅོམ་ལྡན་འདས་དཔལ་དགྱེས་མཛད་ལ་ཕྱག་འཚལ་ལོ། །རྡོ་རྗེའི་དེ་ཉིད་བརྟོཌ
པ། །སངས་རྒྱས་ཀུན་གྱི་སྤྲུལ་པ་མཆོག་།འབྱུང་བ་ལྔ་ཡི་བདག་ཉིད་མགོན། །དཔལ་ལྡན་བླ་མར་བདག་ཕྱག་འཚལ། །སྒྱུ་མ་ལྟ་སོགས་དཔེ་ཡེས་ནི། །རང་བཞིན་གང་ཞིག་རྟོགས་པར་བྱ། །དེ་ནི་མ་ལུས་བསྒོམས་པ་ཡིས། །ཕྱག་རྒྱ་ཆེན་པོར་བདག་ཕྱག་འཚལ། །སྨིན་མཆོམས
རྡོ་རྗེ་ཆེན་མཐར། །དགའ་བ་ལ་སོགས་རབ་ཏུ་གང། །གང་མཛའ་སྐྱེས་པ་གང་གྱུར་བ། །ལྷ་མོ་དེ་ལ་བདག་ཕྱག་འཚལ། །འདིར་རེ་ཤིག་དཔལ་ལྡན་དང་པོ་མཆོག་གི་སངས་རྒྱས་རྒྱུད་ཀྱི་རིམ་པ་དང། །རྡོ་རྗེ་སྙིང་པོ་ལ་སོགས་དཔལ་ཕྱག་ན་རྡོ་རྗེའི་གསུང་རབ་དང་རྒྱུད
པ་མཚུད་ཐེགས་པར་གསུངས་པ་མ་ལུས་པ་ཉེ་བར་བསྡུས་ཏེ། ཕྱག་རྒྱ་དང་དཀྱིལ་འཁོར་དང་སྡགས་དང་སྦྱིན་སྲེག་དང་ལས་ཀྱི་ཚོགས་ལ་སོགས་པ་རྒྱ་ཆེ་བ་ཟབ་ཅིད་རྟོགས་པར་དཀའ་བས་སྐྲག་བདག་ལུང་དུ་མ་ནས་གསུངས་པ་ཅུང་ཟང་ཅིག་ཡང་དག་ཕར་བསྡུས་ཏེ
དགྱེས་པའི་རྡོ་རྗེའི། །རྡོ་རྗེའི་ཚིག་དེས་པར་བྱ་བ་ནི། བླ་མ་དམ་པ་དག་ལས་ཐོབ་ཅིང། མན་དག་གི་རིམ་པ་སྙེད་བསན་རང་ཉིད་དྲན་པར་བྱ་བ་དད་སློབ་མ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱེར། ཡང་དག་པར་གཟུང་སྟེ་བྲི་བར་བྱའོ།། །།དེ་ནེ་སྦྱོར་བ
ཡན་ལག་དྲུག་བསྒོམ་བ་ཞེས་པ་ལ་སོགས་པ་འདིའི་དོན་རྒྱུད་ཕན་ཚུན་ནས་རྟོགས་བར་བྱ་བ་དེ་བཞིན་གཤེགས་པའི་དེས་པའོ། །དེ་བཞིན་དུ་རྒྱུད་གཞན་དག་ནས་ཀྱང་གསུངས་པ་དེས་སྦྱོར་བའི་ཡན་ལག་དྲུག་པོ་འདི་ཉིད་བསྒོམ་པར་བྱ་སྟེ། སོ་སོར་སྲུང་དང་བསམ
གཏན་དང། །སྲོག་རྩོལ་དང་ནི་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཏུ་འདོད། །འདིར་སོ་སོར་སྡུང་པ་ཞེས་བྱ་བ་ནི། །མིག་ལ་སོགས་པའི་དབང་པོ་དང། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཕྱི་རོལ་གྱི་གཟུགས
ལ་སོགས་པའི་ཡུལ་ལ་མི་འཇུག་ཅིང། མཆོག་ཏུ་གྱུར་པའི་མིག་ལ་སོགས་པའི་དབང་པོ་དང། མཆོག་ཏུ་གྱུར་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས། ནང་གི་བདག་ཉིད་ཀྱི་ཡུལ་ལ་རབ་ཏུ་འཇུག་པ་ཞེས་པ་སྟེ། ནང་གི་བདག་ཉིད་ནི་སྟོད་པ
ཉིད་ལ་དམིགས་པས་དངོས་པོ་ཐམས་ཅད་རྟོག་པ་མེད་པར་གཟིགས་པ་གཞོན་ནུམ་ལ་མེ་ལོང་བསྟན་པ་ལྟ་བུ། སྟོང་པ་ཉིད་སོ་སོར་སྣང་བ་འདི་ནི་ཁམས་གསུམ་རྣམས་སངས་རྒྱས་ཀྱི་གཟུགས་བརྙན་སོ་སོར་མཐོད་བས་ན་སོ་སོར་སྡུད
བའི་ཡན་ལག་ཅེས་བརྗོད་དོ། ། །།དེ་ནས་བསམ་གཏན་ཞེས་བྱ་བ་ནི། །ཆོས་ཐམས་ཅད་སྟོང་བ་ཉིད་དུ་མཐོང་བ་ཡིན་ལ། །ཤེས་རབ་ཅེས་པ་ནི། དེ་ལ་སེམས་རབ་ཏུ་ཞུགས་པའོ། །རྟོག་པ་ཞེས་པ་ནི། དངོས་པོ་འཛིན་པའི་སེམས་སོ། །རྣམ་པར་དཔྱོད་པ་ཞེས
བྱ་བ་ནི། དངོས་པོ་དེ་ཉིད་གྱི་དོན་རབ་ཏུ་དཔོད་པའོ། །དགའ་བ་ཞེས་པ་ནི་དངོས་པོ་ཐམས་ཅད་ལ་བདེ་བར་གྱུར་པའོ། །བདེ་བ་མི་གཡོ་བ་ཞེས་པ་ནི། དངོས་པོ་ཐམས་ཅད་ཡང་དག་པའི་བདེ་བར་རིག་པ་ཞེས་པ་སྟེ། རྣམ་པ་ལྔ་པོ་དེས་བསམ་གཏན་གྱི་ཡན་ལག་ཏུ་བརྗོད། །
དེ་ནས་སྲོག་དང་རྩོལ་བ་ཞེས་པ་ནི། རྐྱང་མ་དང་རོམ་གཡས་དང་གཡོན་པའི་ལམ་འགོག་པས། དབུས་མ་ཨ་བ་དབཱུ?་ཏིའི་ལམ་དུ་རྟག་དུ་རྩོལ་བ་རབ་ཏུ་འཇུག་པའོ། །དབྱུང་བ་དང་བུམ་པ་ཅན་དང། དག་ཇ་བའི་སྦྱོར་བས་བྱ་བ་འདི་ནི་སྲེག་རྩོལ་གྱི་ཡན་ལག་ཏུ
བརྗོད། ། །།དེ་ལ་འཛིན་པ་ཞེས་པ་ནི། སྲོག་གི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་དཀྱིལ་འཁོར་རྣམས་ལྟེ་བ་དང། སྙིང་དང། མགྲིན་པ་དང། དཔྲལ་བ་དང་གཙུག་ཏོར་དུ་རབ་ཏུ་ཞུགས་པས་ཕྱི་རོལ་ཏུ་མི་རྒྱུ་ཞིང། ཐིག་ལེ་ལ་རླུང་རབ་ཏུ་ཐིམ
པ་འདི་ནི་འཛིན་པའི་ཡན་ལག་ཏུ་བཤད་དོ། ། །།དེ་ལ་རྗེ་སུ་དྲན་པ་ཞེས་པ་ནི། རྟོག་དང་བྲལ་ཞིང་གཟུགས་བརྙན་གྱི་རྣམ་པ་ཅན་དུ་རང་གི་ཡི་དམ་གྱི་ལྷ་མཐོང་བ་དེ་ལས་འོད་ཟེར་དུ་མ་འཕྲོས་ཏེ་འོད་ཀྱི་དཀྱིལ་འཁོར་སྤྲོས་པ་དེར
ཁམས་གསུམ་གྱི་གཟུགས་ཀྱི་རྣམ་པ་དུ་མ་འཕྲོ་བ་འདི་ནི་རྗེས་སུ་དྲན་པའི་ཡན་ལག་ཏུ་བཤད་དོ། །དེ་ནས་ཏིང་ངེ་འཛིན་ཞེས་པ་ནི། ཡི་དམ་གྱི་ལྷ་རྣམས་དང་རྗེས་སུ་ཆགས་པ་གང་ཞིག་ལས་མི་གཡོ་བའི་བདེ་བ་ཐོབ་པ་དེས་སེམས་ཀྱི་གཟུང་བ་དང
འཛིན་པ་སྤང་ཞིང། གཅིག་ཏུ་བྱེད་པའི་སེམས་དེ་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་དེ་བཞིན་གཤེགས་པས་བརྗོད་དེ། འདིར་ནི་སྦྱོར་བའི་ཡན་ལག་དྲུག་བསྡུས་ནས་བཤད་ལ། རྒྱ་ཆེར་འབུམ་ཕྲག་གཅིག་པ་འམ། དང་པའི་སངས་རྒྱས་མཆོག་དང། བླ་མའི་མན་དག་ལས་ཁོང་དུ་ཆུང་པར
བྱོའོ། །རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་འགྲུབ་ཅེས་པ་ནི་དཔལ་དང་པོའི་སངས་རྒྱས་ནས་གསུངས་པ། སོ་སོར་སྡུད་པས་རྣལ་འབྱོར་ཡུལ་རྣམས་བྲལ་ཞིང་མ་ལུས་སྡགས་ཀྱིས་ལྟག་པར་གནས། མངོན་ཤེས་ལྔ་ནི་ཐོབ་པར་འགྱུར་བ་མིང་བདག་བསམ་གཏན་སྦྱོར་བས་རྣམ་པར་དག།
?་རྩོལ་རྣམ་པར་དག་པས་རི་བོང་ཅན་ཉི་སྦོང་ལ་བྱང་ཆུབ་སེམས་དཔས་མཆོད། །ཉོན་མོངས་བདུད་སོགས་པ་སང་ནས་སྟོབས་བཅུ་དག་ལ་བསམ་གཏན་སྟོབས་ཀྱིས་འཇུག་པ་ཡིན། །ཡང་དག་འོད་ཀྱི་དཀྱིལ་འཁོར་ཡེ་ཤེས་གཟུགས་བརྙན་དྲི་མེད་དུ་འདེ་རྗེས་སུ་དྲན་པས་འགྱུར། །
དེ་ཕྱིན་བསམ་གཏན་དག་པས་ཉིན་མཚན་འགའ་ཞིག་གིས་ནི་ཡེ་ཤེས་ལུས་ཉིད་འགྲུབ་པར་བྱེད། ཅེས་སོ་།སྙན་དང་གས་ཚིག་གི་བཀོད་པ་མེད། །མུ་སྟེགས་ཀྱིས་བཤད་མ་ཡིན་ཆེད། །ཀུན་མཁྱེན་གསུང་གིས་བཤད་པས་ན། །དེ་ཕྱེར་མཁས་པས་བཟོད་པར་རིགས། །ཁ་ཆེའི་?་ཏི
ཆེན་པོས་མཛད་པའོ། ། །།རྫོགས་སོ། །པཎྜི་ཏ་དེ་ཉིད་ཀྱི་དྲུང་དུ། དཔྱལ་ལཙཱ་བས་བསྒྱུར་བའོ།། །སོ་སོར་སྡུད་པའི་མཚན་མའི་དབྱེ་བ་རྣམ་པ་བཅུ་སྟེ། དུ་བ་དང། སྨིག་རྒྱུ་དང། མཁའ་གསལ་དང། མད་མེ་དང། འབར་དང། ཟླ་བ་དང་ཉི་མ
དང། སྒྲ་གཅན་དང། དུས་མེ་དང། ཐིག་ལེ་མཐོང་བའི་དབྱེ་བསམ་བཏགས་པའི་ཡེ་ཤེས་ཀྱི་ཕུང་པོའོ།། །།རྡོ་རྗེ་སྙིང་པོའི་འགྲེལ་པ་ནས། རྒྱལ་བསམ་ལུས་རྒྱུད་ཀྱེ་ངེས་དོན་སྟོན་གྱི་དྲང་བའི་དོན་ནི་མ་ཡིན་ནོ། རྟོགས་ཕྱིར་གལ་ཏེ་འགྲེལ་པས་དྲང་དོན་གསལ
བྱེད་ངེས་དོན་བརྫུན་དུ་གྱུར་པའོ། །ཡང། ནད་གཞན་ཡིན་ཞིང་སྨན་འདི་གཞན་ཏ་ནད་ནི་རབ་ཏུ་འཇོམས་པའི་བྱིར་དུ་འགྱུར་རམ་ཅི། །ཐུབ་པས་དོན་ལ་སོགས་རྟོན་རྣམ་བཞིར་ཡིན་གྱི་གསལ་བྱེད་ལ་སོགས་རྟོན་པ་མིན། ཞེས་སོ། །མེ་ལོང་དང་ནི་པྲ་ཏི་སེ་ན་དང་འདྲ་དུས་གསུམ་ཡང
དག་རིག་བྱེད་འདི། །དངོས་དང་དངོས་མིན་རྟོག་པའི་དྲ་པ་དང་པྲལ་ཡེ་ཤེས་གང་ཞིག་གཉིས་མེད་པའོ། །ཞེས་སོ། །ཞལ་དང་ཕྱག་ཏུ་བརྟགས་པའི་སངས་རྒྱས་འདི་རྣམས་དེས་པར་སངས་རྒྱས་མིན། །ཞེས་སོ། །།
དཔལ་དུ་ཀྱིལ་འཁོར་ལོའི་རབ་གནས་ཀྱི་ཆོ་ག་བཞུག་སོ།
CLOSE WINDOW