Wylie | e-texts based on the ACIP/ALL ![]() ![]() |
།དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷཱ་དྲས་མཛད་པ་རྫོགས་སོ།། །།དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཉི་ཟླ་འཛིན་པའི་ངེས་པ་ནི།།
ཟླ་བ་དག་པར་ཀླུ་ཟླ་སྦྱིན། །དེ་ལ་མིག་གིས་བསྒྱུར་བར་བྱ། །ཟླ་བའི་དོན་དུ་གཅིག་སྦྱིན་ཏེ། །ཉི་མ་ལ་ནི་གཉིས་སྦྱིན་ནོ། །དེ་ལ་མཁའ་དུས་ཆུས་ཐོབ་དོར། །དོར་རྒྱུ་མེད་ན་དེ་ཉིད་དམ། །ལྷག་མ་སྐར་མས
བསྒྱུར་བ་ལ། །མཁའ་དུས་ཆུ་བོས་བགོས་ཐོབ་པ། །སྐར་མའི་གནས་སུ་གཞག་པར་བྱས། །ལྷག་མ་དྲུག་ཅུས་བསྒྱུར་བ་ལ། །གོང་གི་བགོར་བྱེད་ཀྱིས་ཐོབ་པ། །ཆུ་ཚོད་དག་ཏུ་ཤེས་པར་བྱ། །ཆུ་སྲང་དབུགས་དག་རིམ་པས་ཤེས། །
དེ་ལྟར་ཐོབ་པ་དེ་རྣམས་ཀྱིས། །རྒྱུ་སྐར་རྣམས་ལ་སྒྱངས་པའི་ལྷག་།སྒྲ་གཅན་གདོང་གི་སྐར་མ་ཡིན། །དེ་དང་ཉི་ཟླའི་སྐར་མ་གཉིས། །མཉམ་ན་སྒྲ་གཅན་གདོང་གིས་འཛིན། །མི་མཉམ་ན་ནི་རྒྱུ་སྐར་ཕྱེད། །བསྲེས་པས་སྒྲ
གཅན་མཇུག་སྐར་ཡིན། །དེ་དང་ཉི་ཟླའི་སྐར་མ་གཉིས། །མཉམ་ན་སྒྲ་གཅན་མཇུག་མས་འཛིན། །དེ་ཡང་ཟླ་བ་འཛིན་པ་ནི། །སྒྲ་གཅན་ཕྱེད་ནི་དག་པ་དང། །ཉི་མ་དག་པ་གཉིས་བསྲེས་པས། །རྒྱུ་སྐར་རྫོགས་སམ་ཕྱེད་ལྷག་དོར
ཐིག་ལེ་ཤར་ན་ཟླ་བ་ནི། །འཛིན་པར་ཐེ་ཚོམ་མེད་པ་ཡིན། །མཉམ་པོ་གསུམ་དང་ཐིག་ལེ་ཤར། །ཉི་མ་ངེས་པར་འཛིན་པ་ཡིན། །དུས་ཚོད་ཇི་ཙམ་དག་ན་འཛིན། །ཉིན་མཚན་རིང་ཐུང་ཤེས་བྱ་སྟེ། །གཟའ་ཡི་ཆུ་ཚོད་དག
དང་སྦྱར། །ཕྱོགས་ནི་སྐར་མའི་ཕྱོགས་དང་སྦྱོར། །ཆེ་ཆུང་ཇི་ཙམ་འཛིན་པ་ནི། །གཟའ་ཡི་ཆུ་ཚོད་མན་ཆད་དང། །སྒར་མའི་ཆུ་ཚོད་མན་ཆད་རྣམས། །བསྲེས་ཏེ་སྐར་མར་བཅས་པ་དང། །སྒྲ་གཅན་སྐར་མར་བཅས་པ་རྣམས།།
མཉམ་ན་ཟླ་བ་རིལ་པོ་འཛིན། །བཅོ་ལྔས་གང་རུང་མངས་གྱུར་ན། །བཞི་གསུམ་དག་ནི་འཛིན་པར་འགྱུར། །སུམ་ཅུས་གང་མང་ཕྱེད་འཛིན་ནོ། །དེ་བཞིན་སུམ་ཆ་ལ་སོགས་པ། །ཞིབ་ཏུ་བརྩིས་ལ་ལེགས་པར་སྨྲ། །བཞི་ལྔས
གང་རུང་མངས་གྱུར་ན། །མཉམ་པོར་འགྲོགས་ཏེ་འཛིན་མི་འགྱུར། །ཆུ་ཚོད་ཇི་ཙམ་འཛིན་པ་ནི། །ཟླ་བའི་རིལ་པོ་འཛིན་འགྱུར་རམ། །སུམ་གཉིས་ཕྱང་སོགས་འཛིན་པ་ནི། །ཆུ་ཚོད་བཅུའི་བར་དུ་འཛིན། །བཞི་ཆ་ལ་སོགས་ཆུང་འཛིན་ན། །ཆུ་ཚོད་ལྔ་དང
དྲུག་ལ་སོགས། །མཁས་པས་བརྩིས་ལ་ལེགས་པར་སྨྲ། །སྤྱིར་ནི་ཟླ་བ་དྲུག་དྲུག་ན། །ཟླ་བ་ཕལ་ཆེར་འཛིན་པར་འགྱུར། །དེས་ནི་ལྔ་ནའང་འཛིན་པ་སྲིད། །གལ་ཏེ་བཅུ་གཉིས་བར་དག་ཏུ། །མི་འཛིན་པའང་སྲིད་པ་ཡིན། །ཟླ་བ་ཉ་ལ་བཟུང་བ་ཡི། །
སྟོང་པ་ཉི་མ་འཛིན་ཡིན་པས། །ཐམས་ཅད་དུ་ནི་བརྩི་བར་བྱ། །ཉི་མ་ཆེ་ཆུང་འཛིན་པ་རྣམས། །ཐིག་ལེ་ཤར་བའི་སྐབས་སུ་ཤེས། །དེ་ལ་ཟླ་བ་ཉ་དང་ནི། །བཅུ་དྲུག་མཚམས་སུ་འཛིན་པ་དང། །ཉི་མ་སྟོད་དང་ཚེས་གཅིག་གི་།མཚམས་སུ་འཛིན
པར་ཐུབ་པས་གསུངས། །དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། །རྒྱ་གར་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།*། །རྒྱ་གར་སྐད་དུ། པཉྩ་གྲ་ཧཱ་པྲ་ཏི་ག་ཎོ་པ
དེ་ཤ་ན་མ།
CLOSE WINDOW