Wylie | e-texts based on the ACIP/ALL ![]() ![]() |
འགྲེལ་བཤད་པདྨ་ཅན་ཞེས་བྱ་པ་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། (།།དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་བསྡུས་པ་ཞེས་བྱ་བ་བཞུགས་སོ།། །།)
རྒྱ་གར་སྐད་དུ། བ་རམཱརྠ་སཾ་གྲ་ཧ་ནཱ་མ་སེ་གོདྡེ་ཤ་ཊཱི་ཀ་།བོད་སྐད་དུ་།དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་པ་བསྡུས་བ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཐམས་ཅད་རབ་ཞི་དྲི་མེད་སངས་རྒྱས་ཆོས།།
ངེས་པར་འབྱེད་པའི་ཁང་བཟངས་མངོན་འཇོགས་སྐུ་གཉིས་ཀྱིས། ཕན་པ་སྣ་ཚོགས་སྒྲུབ་པ་ཟློས་གར་གར་རྣམས་ནི། །ཉེ་བར་མཁྱེན་པ་བཅོམ་ལྡན་གང་དེ་ལ་ཕྱག་འཚལ། །དྲི་མེད་འོད་སོགས་གསུང་གི་ཆུ་བླངས་སྐོམ་པ་ནི། །ཉེ་བར་ཞི་བ
སྒྲུབ་ཕྱིར་ཆུ་གཏེར་ཆུ་འཐོར་བཞིན། །མདོར་བསྟན་གསང་བའི་ཚིག་གི་ལམ་གྱི་མཚོ་ཕན་འདིར། །བདག་གིས་རྣམ་པར་གཏོར་རོ་མཁས་རྣམས་བསྟེན་པར་མཛོད། །ཟླ་བ་བཟང་པོས་གསོལ་བཞེས་པ་ཆུ་བོ་ཤཱི་ཏཱིའི་བྱང་ན་གྲོང་བྱེ་བ་ཕྲག་དགུ
བཅུ་རྩ་དྲུག་དང་ཤམྦྷ་ལའི་ཡུལ་གྱི་བདག་པོ། །ལྷ་དང་ལྷ་མ་ཡིན་དང་ཀླུའི་སྤྲུལ་པའི་སྐུ་རྒྱལ་པོ་ཆེན་པོའི་རིགས་ཀྱི་སྲས་དགུ་བཅུ་རྩ་དྲུག་རིན་པོ་ཆེ་ཆེན་པོའི་ཅོད་པན་བཅིངས་བ་གྲོང་བྱེ་བ་བྱེ་བའི་བདག་པ་རྣམས་ཀྱི་པདྨ་ལ་ཕྱག་བྱས་པ།
སེམས་ཅན་ཐམས་ཅད་ཀྱི་སྐད་གཞན་རྣམས་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ཀྱི་ཡང་དག་པར་འཛིན་པ་པོ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉན་པ་པོར་གྱུར་པ་ཉིད་ཀྱི་ཕྱིར་དང། ཆ་བཅུ་དྲུག་གི་སྒྲིབ
པ་སྤངས་རྡོ་རྗེ་ཟླ་བ་དྲི་མེད་འོད་ཉིད་ཀྱི་ཕྱིར་བཟང་པོ་ཡང་འདི་ཡིན་ལ། ཟླ་བ་ཡང་ཡིན་པས་ཟླ་བ་བཟང་པོ་སྟེ། གསང་བ་པའི་བདག་པོར་ལྡན་ན་གནས་པ་དཔལ་ཕྱག་ན་རྡོ་རྗེའོ། །དེ་ལ་གསང་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་གི་མཆོག་རྡོ་རྗེ
ཐེག་པ་སྟེ་དེའི་སྡུད་པར་བྱེད་པ་པོ་ཉིད་ཀྱིས་བདག་པོའོ། །དེ་བཞིན་དུ་འཇིག་རྟེན་ཀུན་རྫོབ་ཏུ་གསང་བའི་སྒྲས་གནོད་སྦྱིན་རྣམས་ཏེ་དེ་རྣམས་ཀྱི་བདག་པོ་ནི་གསང་བའི་བདག་པོའོ། །ཕྱི་རོལ་ཏུ་དེའི་སྒྲས་ཤི་པའི་ཚོགས་ཏེ་དེ་དང་ལྡན་པའི་ཕྱིར་རོ། །ལྡན
ནི་དུར?་ཁྲོད?་ཀྱི་སའོ། །དེ་ན་གནོད་སྦྱིན་ཆེན་པོ་སེམས་ཅན་རྣམས་ལ་རྣམ་པར་ཐོ་འཚམ་ཞིང་བགེགས་དུ་མ་བྱེད་པ་དག་ཡོད་ལ། དེ་རྣམས་གསོད་པར་བྱེད་པ་ནི་རོ་ལྡན?་ན་གནས་པ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་སྟེ། ནགས་ཀྱི་རི་དགས་ཀྱི
བདག་པོ་བཞི་ནོ། །མང་དུ་ནི་དབུགས་འབྱུང་བ་དང་འཇུག་བ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་བརྒྱ་ཕྲག་སུམ་ཅུ་རྩ་རུག་གིས་དམན་པ་འགོག་པ་རོ་ཡིན་ལ། དེ་འདི་ལ་ཡོད་པའི་ཕྱིར་རོ་ལྡན་ཏེ་ཆོས་ཀྱི་སྤྲིན་གྱི་སའོ། །དེ་ལ་གནས་པ་ནི་རོ་ལྡན་ན་གནས་པའོ། །
བདུད་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་སྙོམས་པར་འཇུག་པའི་སྒྲིབ་པའི་གནོད་སྦྱིན་རྣམས་གསོད་པར་བྱེད་པ་ནི་གནོད་སྦྱིན་གྱི་བདག་པོ་སྟེ། དེ་བཞིན་གཤེགས་པས་ཆོས་ཀྱི་སེང་གེའི་སྒྲ་དང་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་སྒྲ་དག
གིས་བསྟན་པའི་ཆོས་རྣམས་རབ་ཏུ་སྟོན་པར་བྱེད་པ་བོ་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡིན་ལ། དེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །དེ་རྩ་བའི་རྒྱུད་དུ་གསུངས་པ། མདུན་གྱི་ཉ་བ་ཟླ་བར་ཏེ། རྒྱབ་ཀྱི་ཉ་བ
ཉི་མ་ལའོ། །གཡོན་གྱི་མུན་ཅན་གདོང་པ་ལ། །གཡས་ཀྱི་མཇུག་མར་གནས་པ་ན། འཇིག་རྟེན་གསུམ་ལས་རྣམ་རྒྱལ་བ། །ཞེས་བྱ་བདུད་ནི་འཛམས་པའི་དུས། །དེར་ནི་སྟོན་པ་ཤར་གྱི་ཞལ། །རིན་ཆེན་སེང་གེའི་ཁྲི་ལ་བཞུགས། །འོད
ཟེར་ལྔ་ཡི་ཚོགས་རྣམས་ཀྱིས། །འགྲོ་བ་གསུམ་པོ་རབ་བཀང་སྟེ། །བྱང་ཆུབ་སེམས་དཔའ་ལྷ་མིན་དབང། །ལྷ་དབང་རྣམས་ཀྱིས་ལྷ་ཡི་གདུགས། །ལྷ་ཡི་མེ་ཏོག་སྣ་ཚོགས་དང། །ལྷ་ཡི་དྲི་བཟང་ཡིད་འཕྲོག་དང། ལྷ་ཡི་རིན
ཆེན་སྟོབ?་མ་དང་ལྷ?་ཡི་བདུག་བ་དྲི་བཟང་སྐྱེས། །ལྷ་ཡི་ཕྱེ་མ་སྣ་ཚོཌ་དང། །ཞལ་ཟས་བདུད་རྩིའི་འབྲས་བུ་དང། །ལྷ་ཡི་རྣམ་པར་བཀྲ་བའི་རྒྱན། །ལྷ?་ཡིས་གོས་དང་རྔ་ཡབ་དང། །དྲིལ་བུ་མེ་ལོང་པ་དན་དང། །བླ་རེ་རྣམས་ཀྱི་གཙོ་བོ་མཆོད། །ཅོད་པན་ལྡན་བའི་ཡན
ལག་ལྔས?། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །བྱང་ཆུབ་སེམས་དཔའ་ཨི་འཆི་མེད་སོགས། །རང་རང་སྟན་ལ་འཁོད་དེ་རྣམས། །འཇིག་རྟེན་གསུམ་འདྲེན་སངས་རྒྱས་ལ། །སྔགས་ཀྱི་ཐེག་པ་ཐོས་དོན་གཉེར། །བྱང་ཆུབ་སེམས་དཔའ་ལྷ་ལ་སོཌ?།
ཁ་ཅིག་མངོན་ཤེས་ལྔ་ཐོབ་པ། །དེ་རྣམས་ཐམས་ཅད་དགའ་མགུ་ཡི། །བསམ་པས་ཡིད་ཀྱིས་སེམས་པར་བྱེད། །མར་མེ་མཛད་ཀྱིས་སྔོན་དུ་གང། །སྔགས་ཀྱི་ཐེད?་པ་བསྟན་པ་ཡིས། །བདག་ཅག་བྱ་བ་མཛད་དོ་དེང། །གཽ་ཏ་མ་ལེགS
པ་ཡིས། །དེ་ནས་ཤམྦྷ་ལ་གྲགས་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །མི་བདག་ཟླ་བཟངས་རྫུ་འཕྲུལ་གྱིས། །རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། །དང་པོར་གཡས་སུ་བསྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས?་གཉིས?། རིན་ཆེན?
མེ་ཏོག་རྣམས་ཀྱི་མཆོག་ཡང་དང་ཡང་དུ?་ཕྱག་འཚལ?་ཏེ་ཐལ?་མོ་སྦྱར་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག་།ཟླ་བ་རྒྱུད་ཀྱིས་གསོལ་འདེབས་དང། །སྟོན་པ་སྡུད་པར་བྱེད་པ་པོ། །ཞེས་པའོ། །ཡང་དག་པར་སྟོན་པར་མཛད་པ་ཉིད་ཀྱིས་ཀྱ?
སྟོན་པ་ཞེས་པོད་པའོ། །གང་ཞིག་འཆད་པར་འགྱུར་བ་ཆུ་ལ་སོགས་པ་དབང་བསྐུར་བ་རྣམ་པ་བདུན་དང་བུམ་པ་ལ་པོགས་པ་རྣམ་པ་གསུམ་དང་བླ་ན་མེད་ཅེས་པ་མཆོག་ཏུ་མི་འགྱུར་བ་སྟེ་དེ་བཞིན་ཞེས་པ་དང་དབང་བསྐུར་བའོ། །འདིས
འཁྱུད་ཅིང་ལུས་ལ་སོགས་པ་དྲི་མ་མེད་པ་དང་སྒྲིབ་པ་མེད་པར་བྱེད་པའི་ཕྱིར་དབང་བསྐུར་པ་སྟེ་དེ་བདག་ལ་གསུངས་ཞེས་པའོ། །འཇིག་རྟེན་པའི་དངོས་གྲུབ་ཅེས་པ་འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་བདག་པོ་དང། འདས་པའི་དངོས་གྲུབ་ཅེས་པ
ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་རབ་ཏུ་སྤངས་པ་ལས་ས་བཅུ་གཉིས་སོ་སོར་ཐོབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དེ། དེའི་ཕྱིར་དུའོ། །མདོར་བསྡུས་པ་ཡིས་ཤེས
པ་གསོལ་བ་འདེབས་པ་པོ་ཉོན་མོངས་པ་དང། བསྐལ་པ་དང། སེམས་ཅན་དང། ལྟ་བ་དང། ཚེའི་མཚན་ཉིད་སྙིགས་མ་ལྟས་ཉེ་བར་བཅོམ་པའི་སྐྱེ་པོ་རྣམས་རྗེས་སུ་འཛིན་པ་ལ་རབ་ཏུ་ཞུགས་པའི་ཕྱིར་དང། དབང་བསྐུར་བའི་ལེའུ་དང་ཡེ་ཤེས་ཀྱི་ལེའུར་རྒྱ་ཆེར
བཤད་པར་འགྱུར་བའི་ཕྱིར་ཡང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་པ་ཁམས་དྲུག་རྣམ་པར་དག་པ་ལས་དབང་ཕྱུག་ལ་སོགས་པའི་ཡོན་ཏན་གྱི་མཚན་ཉིད་ཀྱི་བྷ?་ག་འདི་ལ་ཡོད་པའི་ཕྱིར་བྷ་ག་བཱན་ནོ། །དེ་རྩ་བའི་རྒྱུད་དུ་གསུངས་པ།
དབང་ཕྱུག་དང་ནི་གཟུགས་བཟངས་དང། །གྲགས་དང་དཔལ་དང་ཡེ་ཤེས་དང། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ཞ་ཞེས་བརྗོད་དོ། །རྣམ་དག་སུམ་ཅུ་རྩ་དྲུག་ཁམས། །ས་སོགས་རྡོ་རྗེ་བཙུན་མོ་སྟེ། །དེ་རྣམས་དབང་ཕྱུག
སོགས་ཡོན་ཏན། །དྲུག་པོ་དེ་རྣམས་བྷ་གར་གྲགས། །ཞེས་པའོ། །ཀྱེའི་རྡོ་རྗེར་ཡང། །འཇོམས?་བྱེད་བྷ་ག་བ་ཞེས་གྲགས་ཏེ། །ཉོན་མོངས་བདུད་སོགས་འཇོམས་པའི་ཕྱིར། །ཉོན་མོངས་གསོར་བ་ཤེས་རབ་སྟེ། །དེ་ཕྱིར་ཤས་རབ་བྷ་གར་བརྗེད།།
ཅེས་པའོ། །གནས་གང་དུ་ཅི་ཞིག་དཀྱིལ་འཁོར་གང་དུ། གང་ལ་གནས་ཏེ། འཁོར་སུ་ཡིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་དཔལ་ལྡན་འབྲས་སྤུངས་སུ་ངེས་པར་སྔགས་ཀྱི་ཚུལ་བསྟན་པ་སྟེ། གནས་པ་དེ་བ་ཆེན་
པོའི་གནས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་སེང་གེའི་ཁྲིལ་བཞུགས་བསངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ལྷ་དང་ཀླུ་དང་ལྷ་མོའི་ཚོགས་ཀྱི་ཡོངས་སུ་བསྐོར་བ། ཁམས་གསུམ་པས
ཞབས་ཀྱི་པདྨ་ལ་ཕྱག་བྱས་པ། མཆོག་གི་དང་པོའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་བཾ་ཡིག་གོ། ཡང་ན་བདེ་བ་ཆེན་པོའི་གནས་ངེར་ཆོས་ཀྱི་དབྱིངས་ནམཁའ་ཨི་མཚན་ཉིད་ལ་མཆོག
ཀུ?་མི་འགྱུར་བ་མི་འཕོ་བའི་སྐད་ཅིག་ནི་དུས་ཤེས་བརྗོད་དེ་དེ་ཉིད་རྡོ་རྗེ་ཡེ་ཤེས་སོ། །དུས་དེའི་སྒྲིབ་པ་མེད་པའི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་ནི་འཁོར་ལོ་སྟེ་སྲིད?་པ་གསུམ་གཅིག་པ་ཉིད་ཀྱི་ཕྱིར་སྒྲིབ་པ་མེད་པའི་ཤེས་བྱའོ། །དེ་ཉིད་རྡོ
རྗེ?་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དེ། རྣམ་པ་ཐམས་ཅད་པ་དང་དབང་བ་ཐམས་ཅད་པ་ཐིག་ལེའི་གཟུགས་སྣ་ཚོགས་སྒྱུ?་མ་འཛིན་པ་བཅོམ་ལྡན་འདས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པའོ། །མི་ཆོད་པ་དང་མི
བྱེད་པ་དང་ཟླ་བ་དང་ཉི་མ་དང་མེའི་དཀྱིལ་འཁོར་གྱི་མཚན་ཉིད་དང། ཨེ་ཡིག་གི་མཚན་ཉིད་ནི་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པའོ། །རྩ་བའི་རྒྱུད་དུ་གསུངས་པ་ཡང། །སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།།
ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །གང་ལ་གནས་ནས་སྟོན་པ་ནི། །སུ་ཡིས་རྒྱུད་ཀྱང་ཅི་ཞིག་བསྟན། །གནས་ནི་གང་དུ་འཇིག་རྟེན་པའི། །འཁོར་ནི་སུ་ཡིས་རྒྱུ་ཅི་ཡིས། །བྱ་རྒོད
ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ?་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་དཔའ་སོགས་རྣམས
ཀྱི། ཐབས་གཅིག་དེ་བཞིན་གཤེགས་པ་བཞུགས། །ནམ་མཁའ་བེམ?་མིན་ཤིན་ཏུ་དང། །གོ་སྐབས་མེད་པ་རབ་ཏུ་གསལ། །སྣ་ཚོགས་རྡོ་རྗེའི་ཁང་པ་གནས། །ཆོས་ཀྱི་དབྱིངས་དང་ཡིད་འོང་པར། །རྒྱུད་བསྟན་སྐྱེས?་བུ་རྣམས་ཀྱི་ནི། །བསོད
རྣམས་ཡེ་ཤེས་དགོས་པའོ། །ེ་ཡིག་ནམ་ཁའི་སྣང་བ་ཆེ། །ཆོས་ཀྱི་དབྱིངས་སུ་རབ་ཏུ་གྲགས། །བཾ་ཡིག་བདེ་བར་གཤེགས་པའི་ཚོགས། །ེ་ཡིག་རྣམ་པར་ཡང་དག་གནས་ཞེས་པའོ། །སླར་ཡང་དེ་ཉིད་དུ། ཨེ་དང་གསང་ཆེན་ནམཁའ་ཨི་ཁམS
བྷ་ག་ཆོད་འབྱུང་ཆུ་སྐྱེས་དང། །སེང་གེའི་ཁྲིར་གནས་རྡོ་རྗེ་ཅན། །རྒྱུད་གཞན་དག་དུ་བདག་གིས་བརྗོད། །རྡོ་རྗེ་ཅན་པཾ?་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་གང། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་སོགས་མིང་གིས། །སྣ
ཚོགས་སེམས་ཅན་བསམ་པ་ཡི། །སྣ་ཚོགས་ཡུལ་གྱི་མིང་རྣམས་ཀྱིས། །གནས་དང་རྟེན་གྱི་མཚན་ཉིད་དང། །རྟེན་པ་ཡང་ནི་བདག་གིས་བརྗོད། །ཀུན་མཁྱེན་སྟོན་པ་རྡོ་རྗེ་འཛིན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་པ། །དུས་ཀྱི
འཁོར་ལོའི་སྟོན་པ་པོ། །ཟླ་བཟང་ཁྱོད་ཀྱིས་གསོལ་བཏབ་པ། །ཞེས་པའོ། །ཉོན་ཅིག་ཟླ་བཟང་ཞེས་བྱ་བ་ལ་སོགས་པ་ནས་མདོར་བསྟན་པ་རྫོགས་སོ། །ཞེས་པའི་པར། བཅོམ་ལྡན་འདས་ཀྱིས་གསུང་ངོ། །དབང་བསྐུར་དོན་ཞེས་པ་དབང
བསྐུར་བ་དང། དེའི་དགོས་པ་ཡང་ངོ། །མཆོག་ཅེས་པ་མཆོག་ཏུ་མི་འགྱུར་པ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་པའི་ཐབས་ཉིད་ཀྱི་ཕྱིར་གསོལ་བ་མ་བཏབ་པར་ཡང་ངོ། །རྩའི་ཀུན་སྤྱོད་ལ་སོགས་པ་གསུངས་པ། རྩའི་ཀུན་སྤྱོད་ཅེས
པ་ལ་སོགས་པ་སྟེ། སྟེང་དང་འོག་ཏུ་ལ་ལ་ནཱ་ལ་སོགས་པ་རྩ་དྲུག་པ་རྣམས་སུ་སྲོག་དང་ཐུར་སེལ་གྱི་རླུང་ངག་འཆད་པར་འགྱུར་པའི་རིམ་པས་ཡང་དག་པར་རྒྱུ་པའོ། །རྩོལ་བ་ནི་ཞེས་པས་མུ་ཉ་བར་འགག་པ་ལའོ་ཞེས་པའི་ཁམས་འདེའི?་ཨ?
ས་མནྟཝ?་ཡ་མ་ན་མཱ་ཡཱ་མ:སྟེ། སྲོག་དང་ཐུར་སེལ་གྱི་རླུང་དག་གཉི་གའི་བགྲོད་པ་འགོག་པ་ལས་དབུ་མའི་རྩར་རབ་ཏུ་ཞུགས་པའོ། །མདོར་བསྟན་པ་ཡིས་ཤེས་པ་མདོར་བསྡུས་པས་སོ། །རྣལ་འབྱོར་པ་དང་རྣལ་འབྱོར་མ་ལ
སོགས་པའི་རྒྱུད་ཉིད་ཐམས་ཅད་དུ་མདོར་བསྟན་པ་རྣམ་པ་གསུམ་སྟེ་རྒྱས་པར་བཤད་པ་ཡང་ངོ། །དེ་ལ་མདོར་བསྟན་པ་ནི་རང་མིང་ཉིད་ཀྱིས་བརྗོད་པའོ། །རབ་ཏུ་མདོར་བསྟན་པ་ནི་གཉིས་པའོ། །མདོར་བསྟན་ཆེ་བ་ནི་གསུམ་པའོ། །དེ་བཞིན་དུ
རྒྱས་པར་བཤད་པ་ཡང་རང་མིང་ཉིད་ཀྱིས་བརྗོད་པའོ། །རབ་ཏུ་རྒྱས་པར་བཤད་པ་ནི་གཉིས་པའོ། །གཞན་ཞེས་པ་རྒྱས་པར་བཤད་པ་ཆེན་པོ་སྟེ་གསུམ་པའོ། །མདོར་བསྟན་པ་དང། རྒྱས་པར་བཤད་པ་གཉིས་ཉིད་དག་ནི་རྒྱུད་ཡང་དག
པར་བསྡུས་པ་སྟེ། དེ་ལ་མདོར་བསྟན་པས་ཡང་དག་པར་བསྡུས་པ་ནི་བསྡུས་པའི་རྒྱུད་མཛའ་དག་སྟེ་དཔེར་ན་བརྒྱ་ཕྲག་བཅོ་བརྒྱད་པའི་གཞུད་དཔལ་འདུས་པ་ལ་སོགས་པའོ། །རྒྱས་པར་བཤད་པས་ཡང་དག་པར་བསྡུས་པ་ནི་རྩ་བའི་རྒྱུད་ཀྱི་རྒྱལ
བོས་བསྟན་པ་མཛའ་དག་སྟེ་དཔེར་ན་སྟོང་ཕྲག་ཉི་ཤུ་རྩ་ལྔ་པའི་དཔལ་འདུས་པ་ལ་སོགས་པའོ། །དེ་བཞིན་དུ་རབ་ཏུ་མདོར་བསྟན་པ་ཡིས་བསྡུས་པའི་རྒྱུད་ལ་དཀའ་འགྲེལ་ལོ། །འདིར་རྒྱས་པར་བཤད་པ་ནི་རབ་ཏུ་རྒྱས
བཤད་དུ་མངོན་པར་འདོད་དེ་དེ་ཡིས་རྩ་བའི་རྒྱུད་ལ་དཀའ་འགྲེལ་ལོ། །དེ་བཞིན་དུ་མདོར་བསྟན་ཆེན་པོ་ཡིS་རྒྱུད་ལ་འགྲེལ་བཤད་དོ། །འདིར་རྒྱས་པར་བཤད་པ་ནི་རྒྱས་བཤད་ཆེན་པོར་མངོན་པར་འདོད་དེ་རྒྱས་བཤད་ཆེན་པོས་རྩ་བའི་རྒྱུར
འགྲེལ་བཤད་དོ། །དེ་རྣམས་ནི་སླར་ཡང་ཡང་དག་པར་བསྡུས་པ་དང་བཀའ་འགྲེལ་དང་འགྲེལ་བཤད་རྣམས་སོ། །དེ་ཡང་མངོན་ཤེས་ཐོབ་རྣམས་ཀྱིས་ཤེས་པ་ལྷའི་མིག་དང་ལྷའི་རྣ་པ་དང་གཞན་གྱི་སེམས་ཤེས་པ་དང་རང་དང
གཞན་གྱི་སྟོན་གྱི་གནས་རྗེས་སུ་དྲན་པ་དང་མཁའ་ལ་འགྲོ་བའི་རྫུ་འཕྲུལ་ཐོབ་པ་རྣམས་ཉིད་ཀྱིས་བྱའོ། །མཁས་རྣམས་ཀྱིས་མིན་ཉིད་ཅེས་པ་རྟོག་གེ་སྐམ་པོ་སྤྱངས་པས་ཉེ་བར་དུབ་པ་སེམས་གདུངས་པ་རྣམས་དང། སོ་སོ་རང་གི་རིག་པར་བྱ་བ་ནང་གི་བདག་ཉིད་བརྗོད་པ་?
ཕྱིར་ཕྱོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་ཞེས་པ་བརྗོད་པའི་རིམ་པས་མཛའ་དྲུག་རྣམས་ཀྱིས་མདོར་བསྟན་པ་ལ་སོགས་པ་རྣམ་པ་དྲུག་རྣམས་ཀྱིས་དག་པ་ནི་ཡོངས་སུ་དག་པ་སྟེ་འདི་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད། དུས་ཀྱི་འཁོར་ལོ་མངོན་བརྗོད
བྱེད། འགྱུར་རོ་ཞེས་འཆད་པར་འགྱུར་བ་དང་འབྲེལ་ལོ། །དེ་བཞིན་དུ་རྡོ་རྗེའི་རྣལ་འབྱོར་རྣམ་བཞི་ཡིས། །དག་པ་ཞེས་ཐམས་ཅད་དུ་སྦྲེལ་བར་བྱའོ། །རྣམ་པར་དག་པ་དང་ཆོས་དང་སྔགས་དང་དབྱིབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་རྣམས་ཀྱིས་ཏེ། སྟོང་པ
ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པ་འདུ་མ་བྱས་པ་སྟེ། རྣམ་པར་ཐར་པ་རྣམས་སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་བཏང་སྙོམས་ཏེ། ཚངས་པའི་གནས་རྣམས་ཀྱིས། ལྷན་ཅིག་རིམ་པས་རོ་མཉམ་པའི་དངོས་པོའི་གཟུགས་རྣམས
དང། བཟློག་པར་དཀའ་བའི་འདོད་ཆགས་ཀྱི་དྲི་མས་བསྒོས་པ་དབང་པོ་གཉིས་ཀྱི་བདག་ཉིད་བཞི་པ་དང་མུན་པས་ཟིལ་གྱིས་མནན་པ་ཤིན་ཏུ་གཉིད་ལོག་པ་དང་སྲོག་གིས་བསྐྱེད་པ་ཡོད་པ་དང་མེད་པའི་རྨི་ལམ་དང་རྣམ་པར་རྟོག་པ་དུ་མའི་དངོས་པོ
འདུ་ཤེས་ཀྱི་བདག་ཉིད་སད་པའི་གནས་སྐབས་བཅོམ་པ་རྣམས་ཀྱི་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་རྫོགས་པ་དང་སྤྲུལ་པའི་སྐུའི་གཟུགས་རྣམས་ཀྱིས་སོ། །དེ་ལ་རང་བཞིན་མེད་པ་ཉིད་ལས་སྟོང་པ་སྟེ། སྟོང་པ་དེའི་དངོས་པོ་ནི་སྟོང་པ་ཉིད་དོ།།
འདིར་འདས་པ་དང་མ་འོངས་པའི་ཤེས་བྱ་ནི་སྟོང་པའོ། །དེའི་དངོས་པོ་མཐོང་བ་ནི་སྟོང་པ་ཉིད་དེ་ཟབ་པ་དང། རྒྱ་ཆེ་བའོ། །འདས་པ་དང་མ་འོངས་པ་མེད་པའི་ཕྱིར་ཟབ་པའོ། །འདས་པ་དང་མ་འོངས་པ་མཐོང་པའི་ཕྱིར་རྒྱ་ཆེའོ། །དེས་ཉེ་བར་མཚོན་པ་འམ་དེ་འཛིན་པར
བྱེད་པའི་ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའོ། །དེ་ཡིས་རྣམ་པར་དག་པ་བཞིའོ?་གནས་སྐབས་ཟང?་པ་ལས་མི་འགྱུར་པའི་བདེ་བ་ཆེན་པོ། །ཀཾ་བདེ་བ་འགོག་པར་བྱེད་དོ་ཞེས་པ་སྙིང་རྗེའི་མཚན་ཉིད་ཡེ་ཤེས་རྡོ་རྗེ་སྟེ། དེ
ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །མཚན་མ་ནི་སངས་རྒྱས་དང་བྱང་ཆུབ་ཅེས་པ?་སོགས་པ་རྣམས་པར་རྟོག་པའི་སེམས་ཀྱི་རྒྱུ་སྟེ། རྒྱུ་སྟོང་པ་ཉིད་ཀྱི་ཕྱིར་རྒྱུ་མེད་ལ་དེའི་ཕྱིར
གང་ལ་མཚན་མ་མེད་པ་ནི་མཆན་མ་མེད་བའི་ཡེ་ཤེས་མཚན་མ་མེད་པའི་རྣམ་པར་ཐར་བའོ། །དེ་ཡི་རྣམ་པར་དག་པ་ཤིན་ཏུ་གཉིད་ལོག་སད་པར་ལས་རྟག་པ་ལ་སོགས་པ་གཉིས་དང་བྲལ་པ་བྱམས་པའི་བདག་ཉིད་སྐུ་གཉིས་སྤྲས་པ་རྣམས་ཀྱི་འགྲོ་བའི་དོན་བྱེད་པ
རྣམ་པར་རྟོག་པ་མེད་པའི་སེམས་ཐུགས་རྡོ་རྗེ་སྟེ། དེ་ཉིད་ཆོས་ཀྱི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །མཚན་མ་མེད་པེ་ཉིད་ཀྱི་ཕྱིར་རྟོག་པ་མེད་པ་ལ་རྟོག་པ་མེད་པ་ནི་སྨོན་པ་མེད་པ་སྟེ། སྨོན་པ་ནི་བདག་རྫོགས
པའི་སངས་རྒྱས་སུ་གྱུར་ཅིག་ཅེས་པ་ལ་སོགས་པ་ཡིན་ལ་གང་ལ་དེ་མེད་པ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའོ། །དེ་ཡིས་རྣམ་པར་དག་པ་རྨི་ལམ་ཟད་པ་ལས་མི་ཟད་ཅིང་གཞོམ་དུ་མེད་པའི་སྒྲ?་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་བདག
ཉིད་ཀྱི་སྔགས་དགའ་པའི་མཚན་ཉིད་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་ཀྱི་སེམས་ཅན་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་དང་ཡིད་སྐྱོབ་པར་བྱེད་པའི་ཕྱིར་ཡང་སྔགས་གསུང་རྡོ་རྗེ་སྟེ། དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་དང
ཐབས་ཀྱི་བདག་ཉིད་སྡོགས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །སྨོན་པ་མེད་པའི་ཕྱིར་གང་ལ་དཀར་པོ་དང་དམར་པོ་དང་སྲོག་གི་རྩོལ་པ་དང། རྣམ་པར་ཤེས་པའི་མཚན་ཉིད་མངོན་པར་འདུ་བྱེད་པ་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར?
བོ?། དེ་ཡིས་རྣམ་པར་དག་པ་སད་པའི་གནས་སྐབས་ཟད་པ་ལས་མཛའ་ཡས་པ་མཛའ་ཡས་པའི་སྤྲུལ་པའི་སྐུ་སྤྲོས་པ་རྣམས་ཀྱིས་ཉོན་མོངས་པའི་གཉེན་པོ་ལམ་འདྲེན་པར་བྱེད་པ་དྲག་པོ་དང་ཆགས་པ་དང་བཅས་པ་དང་ཞི་བ་ལ་སོགས་པའི་གཟུགས་རྣམས་ཀྱིས་དོག་པ
མེད་པ་བཏང་སྙོམས་ཀྱི་བདག་ཉིད་སྐུ་རྡོ་རྗེ་སྟེ། དེ་ཉིད་སྤྲུལ་བའི་སྐུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་དྲི་མ་མེད་པའི་འོད་དུ་ཚིགས་སུ་བཅད་པ་དང་པོའི་བཤད་པར་གསུངས་པ། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་སྟོང་པ་ཉིད
ཀྱི་རྣམ་པར་ཐར་པས་རྣམ་པར་དག་པ་ཡེ་ཤེས་རྡོ་རྗེ་ཐམས་ཅད་མཁྱེན་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྣམ་པར་དག་པའི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ཆོས་ཀྱི་སྐུ་མཚན་མ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པར་ཐུགས་རྡོ་རྗེ་ཡེ་ཤེས་སྐུ
ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཆོས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྨོན་པ་མེད་པའི་རྣམ་པར་ཐར་པས་རྣམ་པར་དག་པ་གསུང་རྡོ་རྗེ་ཉིན་མོར་བྱེད་པའི་སྐུ་ཤེས་རབ་དང་ཐབས་ཀྱིས་བདག་ཉིད་སྔགས་ཀྱི་རྣལ་འབྱོར་ཞེས
བརྗོད་དོ། །དེ་ཉིད་སྤྲུལ་པའི་སྐུ་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་པས་རྣམ་པར་དག་པ་སྐུ་རྡོ་རྗེ་པདྨའི་འདབ་མ་རྒྱས་པའི་སྤྱན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དབྱིབས་ཀྱི་རྣལ་འབྱོར་ཞེས་བརྗོད་དོ།། །།ཞེས་པའོ། རྫོགས
པའི་བྱང་ཆུབ་བཞི་རྣམས་གྱིས་ཤེས་པ་སྐད་ཅིག་གཅིག་དང་རྣམ་ལ་ལྔ་དང་རྣམ་པ་ཉི་ཤུ་དང་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་རྣམས་ཀྱིས་སོ། །དེ་ལ་མངལ་ནས་སྐྱེས་པ་བསྐྱེད་པའི་རིམ་པས་ཕ་མ་གཉིས་ཀའི་ཐིག
ལེ་རོ་མཉམ་པར་གྱུར་པ་དང་ཀུན་གཞི་རྣམ་པར་ཤེས་པ་མའི་གསང་བའི་འཁོར་ལོར་ཞུགས་པ་ནི། སྐད་ཅིག་གཅིག་བདེ་བ་འབའ་ཞིག་ཡང་དག་པར་རིག་པ་དང། ལུས་ཀྱང་ཉ་རོ་ཧི་ཏ་ལྟར་རྣམ་པ་གཅིག་པ་གང་ཡིན་པ་དེ་སྐད་ཅིག་གཅིག་གིས་མངོན་པར
རྫོགས་པར་བྱང་ཆུབ་པའོ། །གང་གི་ཚེ་མངལ་ན་གནས་པ་དེ་ཉིད་ཀྱི་གཟུགས་ལ་སོགས་པའི་བག་ཆགས་ཀྱི་བདག་ཉིད་ཅན་ཤེས་པ་ལྔ་ཡང་དག་པར་རིག་ཅིང་རུས་སྦལ་ལྟར་འབུར་པོ་རྣམ་པ་ལྔ་འཐོན་པ་དེའི་ཚེ་རྣམ་པ་ལྔས
རྫོགས་པར་བྱང་ཆུབ་པའོ?། །དེ་ནས་གང་གི་ཚེ་ཤེས་པ་ལྔ་པོ་རྣམས་ཀྱི་སོ་སོ་རང་གི་ས་ལ་སོགས་པ་ཁམས་བཞིའི་བག་ཆགས་ཀྱི་དབྱེ་བས་ལུས་ཀྱང་སོར་མོ་ཉི་ཤུ་ཡོངས་སུ་རྫོགས་པ་དེའི་ཚེ་རྣམ་པ་ཉི་ཤུ་མངོན་པར་རྫོགས་པར་བྱང་ཆུབ་པའོ།
དེ་ནས་མངལ་ནས་འཐོན་ཏེ་སྒྱུ་མའི་དྲ་པ་ལྟར་མཛའ་ཡས་པའི་དངོས་པོ་ཡང་དག་པར་རིག་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའོ། །དེའི་ཆོས་མི་མཐུན་པས་དག་པ་ཡེ་ཤེས་དང་རྣམ་པར་ཤེས་པའི་བདག་ཉིད་ཐིག་ལེ
འཕོ་པ་མེད་པ་རང་བཞིན་གྱི་སྐུ?་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་ངོན་ཐམས་ཅད་གཟིགས་པ་སྟེ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །སྐད་ཅིག་གཅིག་མངོན་པར་རྫོགས་པར་བྱང་ཆུབ
པ་ནི་འདིར་དབུགས་དྲུག་བརྒྱ་ལྷག?་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོངས་སུ་རྫོགས་པའི་མཚན་ཉིད་དེ་དབུགས་ཀྱི་འཁོར་ལོ་ཟད་པའི་ཕྱིར་རོ། །རྩ་བའི་རྒྱུང་དུ་ཡང་རྒྱལ་དབང་རྣམས་ཀྱི་སྐྱེ་བའི་གནས། དུག་གཅིག་འགྱུར་པ
མེད་པ་དང། སྲོག་ཆེན་པོ་དང་སེམས་གནས་དང། སྲོག་རླུང་ཟད་པར་སོན་པ་དང། ལྟ་ཡི་དབང་པོར་གྱུར་པ་དང། ཤ་ཡི་དབང་པོའི་ཚོགས་ཉམས་དང། ཐ་མལ་སྐྱེ་མཆེད་ཉམས་པ་དང། ལྷའི་སྐྱེ་མཆེད་ཀྱིས་མཐོང་ན།
ཐམས་ཅད་བལྟའོ་རྒྱལ་པོའི་དབང། བདག་ལ་རྟག་ཏུ་མི་མཐོང་མེད། ཅེས་སོ། །དེ་ཉིད་ཆོས་ཀྱི་སྐུ་ཐུགས་རྡོ་རྗེའི་རྣལ་འབྱོར་སེམས་དཔའ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ་རྣམ་པ་ལྔས་མངོན་པར་རྫོགས་པར་སངས་རྒྱས
པའི་ཕྱིར་རོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་མཚན་ཉིད་དེ་ས་ལ་སོགས་པ་ཁམས་དང་གཟུགས་ལ་སོགས་པ་ཕུང་པོ་ལྔ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དཀྱིལ་འཁོར་ལྔ་འགོག་པའི་རང
བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་གསུང་རྡོ་རྗེའི་རྣལ་འབྱོར་བྱང་ཆུབ་སེམས་དཔའ་བདེན་དོན་རྣམ་པ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་འཛིན་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་རྣམས་ཀྱིས་ཆོས་སྟོན་པ་པོ
སྟེ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་དབང་པོ་ལྔ་དང་ཡུལ་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་ལས་ཀྱི་དབང་པོའི་བྱ་བ་ལྔ་སྒྲིབ་པ་མེད་པའི་མཚན་ཉིད་དེ་འཕོ་བ་བཅུ
གཉིས་འགོག་པའི་མཐུ་ལས་རྣམ་པར་ཤེས་པར་བྱའོ། །དེ་ཉིད་སྤྲུལ་པའི་སྐུ་སྐུ་རྡོ་རྗེའི་རྣལ་འབྱོར་དམ་ཚིག་སེམས་དཔའ་དེ་ཉིད་རྣམ་པ་བཅུ་དྲུག་རིག་པ་ལྷ་ལ་སོགས་པ་རྣམས་རྗེས་སུ་འཛིན་པ་མཛའ་ཡས་པའི་སྒྱུ་འཕྲུལ་དྲ་པ་རྣམས་ཀྱི་སྤྲོས་པའི་སྐུ
སྟེ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །སྒྱུ་འཕྲུལ་དྲ་པས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་འདིར་གཅིག་ཅར་མཛའ་ཡས་ཤིང་མཐར་ཐུག་པ་མེད་པའི་སྣ་ཚོགས་པའི་སྒྱུ་མ་སྤྲུལ་པའི་མཚན་ཉིད་དེའི་སྐུའི
དགའ་བ་ལ་སོགས་པའི་ཐིག་ལེ་བཅུ་དྲུག་འགོག་པ་ལས་རྣམ་པར་ཤེས་པར་བྱའོ། །རྫོགས་པའི་རིམ་པས་ནི་དུ་བ་ལ་སོགས་པ་མཚན་མ་བཅུ་པོ་རྣམས་ཀྱི་ཆུང་དུ་དང་འབྲིང་དང་ཆེན་པོ་དང་ཤིན་ཏུ་ཆེན་པོའི་དབྱེ་བས་བཞི་པོ་རྟོག་པར་བྱའོ། །
ཕུང་པོ་རྣམས་ཀྱིས་ནི་གཟུགས་དང་ཚར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་རྣམས་ཀྱིས་སོ། །ཁམས་རྣམས་ཀྱི་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམཁའ་དང་ཡེ་ཤེས་རྣམས་ཀྱིས་སོ། །སྐྱེ་མཆེད་རྣམས་ཀྱིས
ནི་ལུས་དང་ལྕེ་དང་མིག་དང་སྣ་དང་རྣ་བ་དང་ཡིད་རྣམས་དང་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲ་དང་ཆོས་ཀྱི་དབྱིངས་རྣམས་ཀྱིས་སོ། །མང་པོའི་ཚིག་ལས་བཤད་ལམ་དང་རྐང་པ་དང་ལག་པ་དང་ངག་དང་གཅི་བའི
ལམ་དང་དུང་ཅན་མ་རྣམས་དང། བཤད་པ་འཇག་པ་དང་འགྲོ་བ་དང་ལེན་པ་དང་བརྗོད་པ་དང་དྲི་ཆུ་འཛག་པ་དང་ཁུ་པ་འཕོ་བ་རྣམས་ཀྱིས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་དག་པ་སོ་སོར་རིགས་དྲུག་པོ་འདི་རྣམས་ཀྱིས་སོ།
འཇིག་རྟེན་ཁམས་དང་ནང་དང་མངོན་པར་དབང་བསྐུར་པ་དང། སྒྲུབ་ཐབས་དང་ཡེ་ཤེས་ཞེས་བྱ་བའི་ལེའུ་ལྔ་པོ་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་དང་སེམས་ཅན་སྤྱོད་པར་བྱེད་པ་དང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང་མཆོག་ཏུ
མི་འགྱུར་བའི་ཡེ་ཤེས་ཀྱི་དོན་རབ་ཏུ་གསལ་བར་བྱེད་པ་རྣམས་ཀྱིས་སོ། །བདེན་གཉིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དག་གིས་སོ། །དང་པོའི་སྒྲ་ནི་ཐོག་མ་དང་ཐ་མ་མེད་པའི་དོན་ཏོ། །ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར
སངས་རྒྱས་པ་དང་ལྡན་པའི་ཕྱིར་སངས་རྒྱས་སོ། །དང་པོ་ཡང་འདི་ཡིན་ལ་སངས་རྒྱས་ཀྱང་ཡིན་པས་དང་པོའི་སངས་རྒྱས་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བ་ཐམས་ཅད་མཁྱེན་པ་ཞེས་པའི་དོན་ཏོ། །མཚན་ཡང་དག་པར་བརྗོད་པར
ཡང། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རིགས་མེད་པ། །ཞེས་སོ། །སྙིང་རྗེ་དང་ནི་སྟོང་ཉིད་སྐུ། །དུས་ནི་ཀུན་རྫོབ་གཟུགས་ཅན་མ། །སྟེང་ཉིད་འཁོར་ལོ་ཞེས་བརྗོད་དེ། །དུས་ཀྱི་འཁོར་ལོ་གཉིས་མེད་འདོད། །ཡང་ན་མིང་གི་ཡི་གེ་རེ་རེ་སྟེ།།
ཀླ་ཡིག་ལས་ནི་རྒྱུ་ཞི་བ། །ལ་ཡིག་ལས་འདིར་ཐིམ་པ་ཉིད། །ཙ་ཡིག་ལས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པ་བཅིངས་ལས་སོ། །འདིའི་དོན་འདི་ཡིན་ཏེ། རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཏེ་ལུས་ཞེས་བརྗོད་དོ། །ཞི་པ་ནི་སད་པའི་གནས་སྐབS
?་པས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དཔྲལ་བར་ལུས་ཀྱི་ཐིག་ལེ་འགོག་པ་ལས་སྤྲུལ་པའི་སྐུའོ། །དེ་ལྟར་གྱུར་པ་རྨི་ལམ་གྱི་གནས་སྐབས་ཟད་པའི་བདག་ཉིད་སྲོག་ཐིམ་པ་སྟེ་མགྲིན་པར་ངག་གི་ཐིག་ལེ་འགོག་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །སད་པ་དང་རྨི
ལ་ཨམ་གྱི་གནས་སྐབས་སུ་སྒྲ་ལ་སོགས་པའི་ཡུལ་རྣམས་འབའ་ཞིག་དོན་དུ་གཉེར་བ་འཕོ་བའི་ཆོས་ཅན་མུན་པས་ཟིལ་གྱིས་མནན་པའི་སེམས་ནི་ཁམས་བཅོ་བརྒྱད་གྱི་རྣམ་པར་འགྱུར་པ་རྣམས་རྫོགས་པ་དེའི་བཅིངས་པ་མུན་པ་དང་བྲལ་ཤིན་ཏུ་གཉིད་ལོག
པ་སད?་པ་སྟེ་སྙིང་གར་སེམས་ཀྱི་ཐིག་ལེ་འགོག་པ་ལས་ཆོས་ཀྱི་སྐུའོ། །འདི་གང་ལས་ཤེ་ན། གསུངས་པ་ཀྲ་ཡིག་ལས་ཞེས་སོ། །རིམ་པ་ན་ལུས་ལ་སོགས་པའི་ཐིག་ལེ་རྣམས་ཀྱི་འཕོ་བ་ཡིན་ལ། དེ་བཅིངས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བས
ཞི་པའི་གནས་སྐབས་ཟད་པ་སྟེ་ལྟེ་པར་གཡོ་བའི་བགྲོད་པ་ཡེ་ཤེས་ཀྱི་ཐིག་ལེ་འགོག་པ་ལས་ལྷན?་ཅིག་སྐྱས་པའི་སྐུའོ་ཞེས་པ་སྐུ་བཞིའི་བདག་ཉིད་དོ། །དེ་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཤེས་པ་དང་ཤེས
བྱའི་འབྲེལ་པས་ཇི་ལྟ་བ་བཞིན་དུ་བརྗོད་པའོ། །འགྱུར་མེད་བདེ་ཡེ་ཤེས་སྒྲིབ་པ་ཐམས་ཅད་ཟད་པའི་རྒྱུར་གྱུར་པ་ནི་དུས་ཞེས་བརྗོད་དེ། ཐབས་དང་སྙིང་རྗེའི་བདག་ཉིད་མངོན་པར་ཤེས་པ་དྲུག་གི་བདག་ཉིད་དོ། །འཁོར་ལོ་ཤེས་བྱའི་རྣམ
གྲོལ་ཤེས་བྱ་ཁམས་གསུམ་པ་མཛའ་ཡས་པའི་དངོས་པོའི་མཚན་དང་སྐྱེ་དང་ཉམས་པ་རྣམ་པ་གསུམ་ཞེས་པ་སྲིད་པ་དང་ནི་རྣམ་པ་ཐམས་ཅད་པའི་བདག་ཉིད་དོ། །འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོ་ཞེས་བརྗོད་དེ། དཔལ་དུས་ཀྱི་འཁོར
ལོར་ཡང། །མཛའ་ཡས་སངས་རྒྱས་ཞིང་རྣཾས་དང་ནི་དཔག་མེད་ཡོན་ཏན་རྣམས་དང་ནམཁའ་ལ་སོགས་ཁམས་རྣམས་དང། །གནས་དང་སྐྱེ་དང་ཉམས་པ་རྣམ་པ་གསུམ་ཞེས་པ་སྲིད་པ་དང་ནི་འགྲོ་པ་དྲུག་ཏུ་སེམས་ཅན་ཀུན། སངས་རྒྱས་ཁྲོ་བོ་ལ་
སོགས་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་རྣམས་ཏེ། །འདི་རྣམས་སྲིད་པ་གསུམ་པོ་རྣམས་ཀྱིས་ཕྱག་བྱས་རྒྱལ་པ་བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། །ཞེས་སོ།།
དང་པོར་ཞེས་པ་ལ་སོགས་པའི་ཚིགས་སུ་གཅད་པ་གཉིས་ནི་གསལ་པོ། །དི?་ན་ཆུ་དང་ཞེས་པ་ལ་སོགས་པས་དབང་བདུན་མདོར་བསྟན་ཏེ། འདིར་རྒྱུད་མ་ཐོས་པ་ཉིད་ཀྱི་ཕྱིར་ལས་དང་པོ་པ་རབ་ཏུ་མ་རྟོགས་པའི་བློ་ཅན་རྣམས་ཀྱིས་རབ་ཏུ་རྟོགས
པར་བྱ་བའི་ཕྱིར་དཔལ་ལྡན་རྒྱུད་དང་དྲི་མ་མེད་པའི་འོད་ལས་ཀྱང་དབང་བདུན་ལ་སོགས་པའི་ཆོ་ག་ཅུང་ཟད་བླང་བར་བྱའོ། །དེ་ལ་རེ་བཤིག་དང་པོར་སློབ་མ་བསྲུང་པའི་ཆོ་ག་གསུངས་པ། སློབ་མའི་མགོ་བོ་སྙིང་ག་དེ་བཞིན་གཙུག་ཏོར་ལྟེ་བ་མགྲིན
པ་དཔལ་ལྡན་གསང་བའི་པདྨར་ཡང། །རྒྱལ་བ་ལ་སོགས་གཉི་གའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ཕྱེ་བ་རྣམས་ཀྱི་བསྲུང་བྱས་ཤིང། །དེ་བཞིན་སྐུ་གཟུགས་སོགས་དང་གླེགས་བཾ་རྣམས་ནི་རབ་གསལ་ངེས་པའི་དཔལ་ལྡན
དབྱངས་རྣམས་དག་གིས་ཏེ། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ཆེ་གེ?་བདག་ཀྱང་གཙོ་བོའི་དཀྱིལ་འཁོར་དག་ནི་བཞེངས་པར་བགྱིད། །འདིར་དང་པོར་སློབ་མ་ལ་སོགས་པ་བསྲུང་བ་བྱས་ཏེ་ཕྱིན་ནས་སློབ་མ་ལ་སོགས་པ་བསྡུ་བར་བྱའོ།།
འདིར་རྒྱལ་བ་དང་སོགས་པ་ལྷ་མོ་གཉིས་ཀའི་རིགས་སུ་གྱུར་པ་རྣམས་ཀྱིས་བསྲུང་བ་ནི་མགོ་བོར་ཨའུ་ཡིག་དང་སྙིང་གར་ཨའི་ཡིག་དང་གཙུག་ཏོར་དུ་ཨཱ་ཡིག་དང། ལྟེ་བར་ལཱི་ཡིག་དང་མགྲིན་པར་རཱི་ཡིག་དང་གསང་བར་ཨཱ:ཡིག
སྟེ། གཉིས་ཀའི་རིགས་སུ་གྱུར་པ་སྐུ་གསུང་ཐུགས་ཀྱིས་ཕྱེ་བ་རྣམས་ཀྱིས་ཞེས་པའོ། །དེ་བཞིན་དུ་སྐུ་གཟུགས་སོགས་དང་གླེགས་བཾ་རྣམས་ནི་རབ་གསལ་ངེས་པའི་དཔལ་ལྡན་དབྱངས་རྣམས་དག་གིས་ཏེ། ཞེས་པ་ཨ་ཨཻ་རི་ཨཽ་ཨཻ?
ཞེས་པའི་དབྱངས་ལྔ་པོ་རྣམས་ཀྱིས་བསྲུང་པ་བྱས་ནས། དེ་ནས་སངས་རྒྱས་རྣམས་ལ་གསོལ་བ་བཏབ་པར་བྱས་ཏེ། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ཆེ་གེ་བདག་ཀྱང་གཙོ་བོ་བཅོམ་ལྡན་འདས་དུས་ཀྱིས་འཁོར་ལོའི་དཀྱིལ་འཁོར་བྲི་བར་བགྱིད་དོ། །དེའི་ཕྱིར
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་མ་ལ་སོགས་པ་རྣམས་བྱིན་གྱིས་བརླབ་པར་མཛད་དུ་གསོལ་པ་བཏབ་པའི་ངེས་པ་བསྲུང་བའི་ངེས་པའོ། །ད་ནི་བུམ་པ་གསུངས་པ། དེ་བཞིན་ཤེལ་གྱི་བུམ་པ་དངུལ་མཆོག་རང་བཞིན་དཔལ
ལྡན?་ཐོད་པ་དག་དང་ལྕགས་ཀྱི་དང། ཟངས་ཀྱི་ཞེས་བྱ་བ་གསེར་གྱི་བུམ་པར་གསལ་ངེས་པར་ཤིང་ལས་སྐྱེས་དང་ས་ཡི་རང་བཞིན་ནོ། །ཞི་བ་ལ་ཤེལ་གྱི་བུམ་པའོ། །རྒྱས་པ་ལ་དངུལ་གྱིའོ། །བསད་པ་ལ་མིའི་ཐོད་པའོ། །བསྐྲད་པ་དང་དབྱེ་བ་ལ
ལྕགས་ཀྱིའོ། ། །།དབང་ལ་གསེར་གྱིའོ། །དགུག་པ་ལ་ཟངས་ཀྱིའོ། །རེངས་པ་ལ་སའི་རང་བཞིན་ནོ། །རྨོངས་པ་ལ་ཤིང་ལས་སྐྱེས་པའི་བུམ་པ་བཅུའོ། །དེ་ནས་ཞི་བ་དང་རྒྱས་པའི་མཚན་ཉིད་གསུངས་པ། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ
གཉིས་ཀྱིས་བསྒྱུར་བའི་བཅུ་ཡི་སྤངས་དང་སོར་གཉིས་ངག་གི་མཆུ། །དྲུག་གིས་མགྲིན་པ་སོར་བརྒྱད་ཁ་སྟེ་ངི?་བོང་འཛིན་པ་ལྟར་དཀར་ཞི་རྒྱས་དག་ལའོ་གཞན་ལ་མིན། །འདིར་བུམ་པའི་ལྟོ་བ་ཟླུམ?་པོ་ནི་བརྒྱད་གཉིས་སོར་དུ་བརྗོད་དེ་སོར་བཅུ་དྲུག་ཏུ་བརྗོད་དོ། །
གཉིས་ཀྱིས་བསྒྱུར་བའི་བཅུ་ཡིས་དཔངས་ཞེས་པ་བུམ་པའི་ལྟོ་བའོ་གནས་ཁ་དང་མཆུའི་མཐར་སོར་ཉི་ཤུ་ནི་དཔངས་སོ། །སོར་གཉིས་ངག་གི་མཆུ་ཞེས་པ་གང་དག་གི་མཆུ་སོར་གཉིས་འཆང་པ་དེ་སོར་གཉིས་དག་གི་མཆུའོ། །ཁའི་མཚམས་ནས་སོར་དྲུག་གི
མགྲིན་པའོ། །སོར་བརྒྱད་ཁ་སྟེ་མཆུ་ནས་མཆུའི་མཐར་ཁ་སོར་བརྒྱད་དེ། སོར་བརྒྱད་ཆ་གསུམ་བྱས་ནས་ཆ་གཉིས་ཀྱིS་མགྲིན་པའི་བུག་པའོ། །ཆ་གཅིག་གིS་མཆུ་གཉིས་ཀྱི་ཞེང་ངོ། །དེ་རྣམས་ཀྱང་རི་བོང་འཛིན་པ་ལྟར་དཀར་ཞི་རྒྱས་དག་ལའོ་གཞན་?
མིན་བུམ་པར་མི་འགྱུར་རོ་ཞེས་པའོ། །ཤེལ་དང་དངུལ་གྱི་བུམ་པ་རྣམས་མེད་ན་སའི་རང་བཞིན་གྱི་བུམ་པ་ནག་པོ་དང་རྩ་བ་མེད་པ་རྣམས་ས་ལི་བཏགས་པ་འམ་ཙན་དན་གྱིས་བྱུགས་ཏེ་དཀར་པོར་བྱའོ། །དེ་བཞིན་དུ
རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གསད་པ་ལ་མིའི་ཐོད་པ་རྣམས་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མ་དང་མིའི་ཞག་གིས་བྱུགས་ཏེ་ནག་པོར་བྱའོ་ཞེས་སོ། །བསྐྲད་པ་དང་དབྱེ་བ་ལ་མགྲིན་པ་རིང་པོ་སོར་བརྒྱད་པ་འཁྱོག་པ།།
ལུས་ཕྲ་བ་ཟླུམ་པོ་སོར་བཅུ་གཉིས་པ་དཔངས་སུ་སོང་ཉི་ཤུ་རྩ་བཞི་པ། མཆུར་སོར་བཅུ་གཅིག་པ། ཁ་སོར་དྲུག་པ་རྣམས་སོ། །དབང་དང་དགུག་པ་ལ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཟོ་པོས?་ཇི་ལྟར་བྱས་པ་རྣམས་སོ། །རེངས་པ་ལ་སྦོམ་ཐུང་སྟེ་ཟླུམ་པོ་དང
དཔངས་མཚུངས་པར་སོར་བཅུ་དྲུག་པ། མགྲིན་པར་སོར་བཞི་པ། །བ་སོར་དྲུག་པ། མཆུ་སྦོམ་པོ་སོར་གཉིས་པ་རྣམས་སོ། །ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པ་དང་དབང་ལ་སོགས་པའི་ལས་ལ་གསུངས་པ་རྣམས་གཟུང་བར་བྱའོ
ཞེས་པ་བུམ་པའི་ངེས་པའོ། །དེ་ནས་རྡོ་རྗེ་བུམ་པ་ལྷག་པར་གནས་པ་བརྗོད་པར་བྱའོ། །དེ་ལ་སྔགས་ཀྱི་ཚིག་རྣམས་ནི། །ོཾ་ཧཾ་ཧཱཾ་ཧིཾ?་ཧཱིཾ་ཧྲིཾ་ཧྲཱིཾ་ཧུཾ་ཧཱུཾ་ཧཱིཾ་ཧལཱིཾ་བཛྲ་པདྨ་མྲི་ཏ་བྷ་ཊ་སུ་བི་ཤུདྡྷ་དྷརྨཱ་དྷཱ་ཏུ་སཱབྷཱ་ཝ?་སརྦདྷརྨ་ན་སུ་བི?་ཤུདྡྷ་དྷརྨཱ་དྷཱ་ཏུ་སྭ་བྷཱ་བཱ་ཀུ་རུ་ཀུ་རུ་སྭཱཧཱ། དཀྱིལ་འཁོར?་?
སུ་དྲི་ལ་སོགས་པ་ཕུལ་ནས་རྣམ་པར་རྒྱལ་བའི་བུཾ་པ་གཞག་པར་བྱའོ། །ཞེས་པ་བུམ་པ་ལྷག་པར་གནས་པའོ། །དེ་ནས་སློབ་མ་ལྷག་པར་གནས་པ་སྟེ། དང་པོའི་དཀྱིལ་འཁོར་ལ་གསོལ་བ་གདབ་པའི་དུས་དང་བར་དུ་ས་ལ་སོགས་པ
གཟུང་བ་དང་མཐར་དཀྱིལ་འཁོར་དུ་འཇུག་པའི་དུས་ཐམས་ཅད་དུ་མཎྜལ་བྱས་ནས་སོ་ཤིང་བྱིན་ཏེ་དེ་ནས་བསྲུང་བ་བྱའོ། །དེ་ལ་འདི་ནི་ཆོ་ག་སྟེ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ་ཞི་བ་ལ་སོགས་པའི་ལས་དང་རྗེས་མཐུན་པའི་ས་དེ་ཉིད་ལ
མཎྜལ་བྱས་ནས་ཤར་དུ་མངོན་པར་ཕྱོགས་པ་ལ་ཨཽ་དུམ་བ་ངའི་སོ་ཤིང་དམ་འོ་མ་ཅན་གྱི་ཤིང་གཞན་ལས་སྐྱེས་པ་སོང་བཅུ་གཉིས་པ་མགོ་བོར་མེ་ཏོག་གི་ཕྲེད་བ་བཅིངས་པ་དྲི་ལ་སོགས་པ་རྣམས་ཀྱིས་མཆོད་ནས་སྔགས་འདིས་སྦྱིན་པར་བྱའོ། །ོཾ་ཨཱ:ཏུཾ་ཧོ་ཧཾ་ཀཱ:བཛྲེ?
དནདཱ་ཀཱཁཋ་ཙ་ཏུ་བི་མོཀྵ་མུ་ཁ་བི་ཤུདྡྷ:སྭ་བྷ?་ཀཱ་ཡ་པཱཀྩིཏྟཛྙཱ་ན་མུ་ཁ་དནྟ་དི་མ་ལཾ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་སྭཱཧཱ། ཞེས་པས་སོ་ཤིང་བྱིན་ནས་ལྷག་པར་གནས་པའི་མཐར་སྟེང་ནས་དོར་བ་མཎྜལ་དུ་ལྟུང་བའི་སོ་ཤིང་མཚོན་པར་བྱ་སྟེ་གང་དུ་མགོ་བོ་ལྟུང་བ་དེས་དེར་གནས
པའི་ལས་རབ་འབྱམས་ལ་སོགས་པ་དེའི་བསྒྲུབ་པར་བྱའོ་ཞེས་པ་སོ་ཤིང་གི་ཆོ་གའོ། །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ས་ལ་བཅུག་སྟེ་མགོ་བོ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གཙུག་ཏོར་དང་གསང་བ་ལ། ཨོཾ་ཨཱ:ཧཱུཾ་ཧོ་ཧཾ་ཀྵ:རིགས་དྲུག་པོ
རྣམས་དགོད་པར་བྱས་ནས་སྔགས་ཚིག་འདི་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱ་སྟེ། ཨོཾ་ཨ་ཨཱ་ཨཾ་ཨ:བཛྲ་སཏྭ་མཧཱ་སུ་ཁ་བཛྲ་ཀཱ་ལ་ཙཀྲ་ཤི་ཥྱ་སྭཱ?་བྷི་མུ་ཁོ་བྷ་བ་སནྟུཥྚོ་པཏ་པ་བ་ར་དོ་བྷ་པ་ཀཱ་ཡ་བཱཀྩིཏྟཱ་དྷིཥྛཱ་ནཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་སློབ
མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནི་ལྷ་རྣམས་མཆོད་པ་གསུངས་པ། རིན་ཆེན་གསེར་ཟླ་མེ་ཏོག་རྣམ་དང་རྣམ་པ་མང་པོའི་གོས་དང་དྲི་དང་སྤོས་དང་མར་མེ་དང། དྲིལ་བུ་མེ་ལོང་བླ་རེ་རྣམས་དང་རྣམ་མང་འབྲས་བུ་བ་དན་སོགས་དང་གང་དང་རོལ་མོ
ཡིས། རྣམ་བཀྲ་མཆོད་པ་བྱས་ཏེ་གཞན་པ་རྣམ་བཅུ་རྣམས་ཀྱང་བདག་ཉིད་ནུས་པས་ཇི་ལྟར་གསུངས་པ་བཞིན། །སློབ་དཔོན་དག་གི་ཞབས་ཀྱི་རྩ་བར་མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བར་བྱ། འདིར་སྔར་བརྗོད་པའི་ཆོགས་ལྷ་རྣམས་དམིགS
པར་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་འཁོར་ལོ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་སྔར་གྱི་སྔགས་ཀྱི་ཚིག་རྣམས་ཀྱིS་མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དེ་ནས་མཆོད་པའི་དོན་དུ་དང་པོར་ཚན་ངན་ལ་སོགས་པའི་དྲི་གཟུང་ནས་མཐེ
པོ་དང་མིང་མེད་དག་གིS་ཕྱི་རོལ་ཏུ་བྱས་པའི་མཎྜལ་དུ་གཙོ་བ་ལ་སོགས་པ་རྣམས་མཆོད་པར་བྱའོ། །ཐམས་ཅད་ཀྱི་མིང་གི་དང་པོར་ཨོཾ་ཡིག་སྦྱིན་པར་བྱ་སྟེ་ལས་ཐམས་ཅད་པས་མཆོད་ལ་མིང་གི་མཐར་ན་མའགྱུར་ཞིང། ། ལས་སོ་སོ་ལས་ནི་རྒྱས་པ་ལ་སོགས་པ་ལ་སྭཱཧཱ་མཐར་རིག་པར་བྱའོ། །འདིར་ལས་ཐཾད་པ་ལ་མཆོད་པའི་ཕྱིར་ལྷ་རྣམས་ཀྱི་སྔགས་ཀྱི་ཚིག་རྣམས་རྩ་བའི་རྒྱུད་དུ་འདི་ལྟ་སྟེ། ཨོཾ་བུདྡྷ་ཡ་ན་མན་ཨ་མཡ་ཨ་ན་མན་ཨ་མ་ཨོཾ་བ་ལ་པཱ་ར་མི་ཏཱ་ཡཻ་ན་མཀ་ཨལྤ་བྲི་ཀྵཱ་ཡ་ན་མ་ཨོཾ་ཏཱ་ར་ཡཻ་ན་མར་ཨཱ་ས་བཛྲཱ་ཡཻ་ན་མ་ཨོཾ་མཱ་རཱ་ཙཡཻ་ན་མལྟ་སྟེ། ཨོཾ་བཛྲ་ཙ་རྩི་ཀཱ་ཡཻ་ན་མཡ་ཨོ་གི་ནི་བྷཡོ་ན་མ་ཨོཾ་བཛྲ་ནྡྲཱ?་ཡ་ན་མབ་ཡེ་ན་མཀ་ཨུཊEེ?་ན་མ་ཨོཾ་བཛྲ་ཏཀྵ་ཀཱ་ཡ་ན་མ་ཨོཾ་ཤྲཱ་ནཱ་སྱཻ་ན་མཕྱི་རོལ་ཏུ་འཇིག་རྟེན་པའི་ལྟ?་རྣམས་ཀྱི། ཨོཾ་བཛྲ་ཙནྡྲཱ་ཡ་ན་མབ་ཨཛྲ་ཀE་ཏ་བེ་ན་མབ་ཨཛྲ་ནཱ་ན་དི་ཀེ་ཤྭ་ར་ཡ་ན་མབ་ྷ་དྲ་གྷ་ཊཱ་ཡ་ན་མམང་པོའི་གོས་ཁ་དོག་ལྔའི་གོས་དང་དྲི་དང་བདུག་པ་དང། མར་མེ་རྣམས་དང་དྲིལ་བུ་དང་མེ་ལོང་དང་བླ་རེ་རྣམས་དང་རྣཾ་མང་འབྲས་བུ་རྣམས་དང། ཁ་དོག་ལྔའི་བ་དན་སོགས་རྣམས་དང་གར་དང་རོལ་མོ་ཡིས་རྣམ་བཀྲ་མཆོད་པ་བྱས་ཏེ། རྣམ་པ་བཅུ་ཡང་རྒྱུད
དུ་གསུངས་པ་རྣམས་སོ། །དེ་ལྟར་སློབ་མ་བདག་ཉིད་ཀྱིས་ནུས་པས་ཇི་ལྟར་གསུངས་པའི་མཆོད་པ་བྱས་ཏེ། དེ་ནས་སློབ་དཔོན་དག་གི་ཞབས་ཅི་རྩ་བར་མཎྜ་བྱས་ནས་མཆོག་གི་བུ་ཡིས་ཡོན་ནི་དག་པའི་སླད་དུ་དབུལ་བར་བྱ། དག་པ་གསུམ་གྱིས་རྫས
དང་བདག་ཉིད་བུ་དང་བུ་མོ་དང་བཅས་རིགས་ལས་སྐྱེས་པའི་གཞོན་ནུ་མ། དི་རིང་ཉིད་ནས་མི་བཟད་འཁོར་བས་འཇིགས་པས་བདག་ནི་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་པར་མཆི། ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་དེས་པར་སྲིད་པའི་འཇིག་འཕྲོག་དག་པ་ལུས
དག་སེམས་ནི་དག་པས་སོ། །ཞེས་པ་གསེར་བཅས་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ནས་བླ་མ་ལ་ནི་གསོལ་བ་བཏབ་པར་འགྱུར་རོ།། །།དག་པ་གསུམ་གྱིས་ཤེས་པ་ལུས་དང་ངག་དང་སེམས་ངག་པས་རྫས་དང་བདག་ཉིད་བུ་དང་བུ་མོ་དང་བཅས་ཏེ་གལ་ཏེ
རང་ལ་མེད་ན་རིགས་ལས་སྐྱེས་པའི་བུ་མོ་གཞོན་ནུ་མ་དབུལ་བར་བྱའོ། །དེ་ལྟར་ཡོན་ཕུལ་ཏེ་དེ་ནས་གསོལ་བ་གདབ་པ་དང་སྨོན་ལམ་གདབ་པ་ཡང་བྱའོ། །དེ་རིང་ཉིད་ནས་བདག་ཉིད་རྒྱལ་པ་རྣམས་ལ་སྐྱབས་སུ་ལྷག་པར་འཆི་སྟེ། བྱང་ཆུབ་པར་དུའོ། །ཁྱེད
ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་སེམས་ནི་དག་པས་སོ། །ཞེས་པ་གསེར་བཅས་མེ་ཏོག་རྣམས་ཀྱིས་མཎྜལ་བྱས་ནས་བླ་མ་ལ་ནི་གསོལ་བ་གདབ་པར་འགྱུར། དེ་ནས་སྨོན་ལམ་གདབ་པར་བྱ་སྟེ། འདོད་བའི་རྡོ་རྗེ
ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོས་འདི་ལ་རྒྱལ་པ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པར་བགྱི་སྟེ། གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་དག་ནི་སྐྱང
བར་བགྱི། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་རྒྱལ་བ་སྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །འདོད་བའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །ཞེས་པ་རྡོ་རྗེའི་རིགས་ལ་གནས
པས་དམ་ཚིག་འདི་ཐམས་ཅད་བཟུང་བར་བགྱིའོ། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་རིན་པོ་ཆེའི་རིགས་ལ་གནས་པས་བསོད་ནམས་ཚོགས་ཀྱི་ཕྱིར་སྦྱིན་པ་རྣམ་པ་བཅུ་སྦྱིན་པར་བགྱིའོ། །རིན་ཆེན་ལྕགས་བཟང་བ་ལང་རྟ། །གླང་ཆེན་བུ་མོ་ནོར་འཛིན་དང།།
འདོད་པའི་ཆུང་མ་རང་གི་ཤ་། སྦྱིན་པ་རྣམ་པ་བཅུ་དུ་འདོད། །ཅེས་པ་སྟེ། ཡིད་བཞིན་གྱི་ནོར་བུ་བསྒྲུབ་ནས་སྦྱིན་པ་སྦྱིན་པར་བགྱིའོ། །ཞེས་པ་སྨོན་ལམ་མོ། །འཁོར་ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། འཁོར་ལོའི་རིགས་ལ
གནས་པས་བདུད་རྩི་ལྔ་ལ་སོགས་པ་དང་གོ་ཀུ་ད་ཧ་ན་དང་ཕུང་པོ་དང་དབང་པོའི་ཚོགས་པ་བསྲུང་བར་བགྱིའོ། །ཞེས་པ་སྨོན་ལམ་མོ། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ། རལ་གྲིའི་རིགས་ལ་གནས་པར་གྱུར་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ
སེམས་དཔའ་རྣམས་དང་གཞན་རྣམས་ལ་ཡང་ཡོ་བྱད་ཐམས་ཅད་ཀྱི་མཆོད་པར་བགྱིའོ། །ཞེས་པ་སྨོན་ལམ་མོ། །གསལ་བར་ཆུ་སྐྱེས་རིགས་ལ་སྟེ་པདྨའི་རིགས་ལ་གནས་པས་རིགས་དང་རིགས་མ་ཡིན་པ་ལ་མངོན་པར་འགྲོ་བས་གསལ
བར་པདྨ་ལ་རེག་པ་ན་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་ཕྱིར་ཚངས་པར་སྤྱོད་པའི་སྡོམ་པ་དག་ནི་བསྐྱང་བར་བགྱི་ཞེས་སྨོན་ལམ་བྱའོ། །སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་རྒྱལ་བསྐྱེད་མཛད་རིགས་ལ་རྡོ་རྗེ་རྩེ་གཅིག་པ་ལ་གནས་པར་གྱུར་པས
སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། ཞེས་སྨོན་ལམ་གདབ་པར་བྱའོ། །ཁྲུས་བྱས་དྲི་ཡིས་རྗེས་སུ་བྱུགས་པས་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱིས་ས་ལ་བཞག
བྱས་ཏེ། དངོས་གྲུབ་དོན་དུ་ས་ཤིང?་རྒྱལ་བ་མཆོག་གི་རྡོ་རྗེ་རྣམས་ཀྱི་མངོན་པར་སྔགས་པ་རབ་ཏུ་སྦྱིན། ལྕེ་ལའང་མཛད་རིགས་ལ་རྡོ་རྗེ་རྩེ་གཅིག་པ་ལ་གནས་པར་གྱུར་པས་ནི་དབབ་པའི་དོན་དུའོ། །སྔགས་ནི་ཧུཾ་གིས་ཡི་གེ་གཅིག་སྟེ། ཨར་ལ་དང།།
བཅས་པ་ཁྲོ་བའི་གཙོ་པོ་སྐུལ་བའོ། །དེ་ལྟར་སྨོན་ལམ་བྱས་པར་གྱུར་པ་ན་དཔང་བསྐུར་པའི་ཕྱིར་གསོལ་བ་གདབ་པའི་བླ་མ་དགྱེས་ཤིང་མཉེས་པར་གྱུར་པས་སློབ་མ་ཁྲུས་བྱས་དྲི་ཡིས་རྗེས་སུ་བྱུགས་པ་བརྟུལ་ཞུགས་ངེས་པ་དང་ལྡན་ཤར་གྱིས་ལ
དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཞག་པར་བྱས་ཏེ། དངོས་གྲུབ་དོན་དུ་སོང་ཤིང་སྔར་བརྗོད་པའི་ཆོ་གས་རྒྱལ་བ་མཆོག་གི་རྡོ་རྗེ་རྣམས་ཀྱིས་ཞེས་པ། ཨོཾ་ཨཱ:ཧུཾ་སྟེ་འདི་རྣམས་ཀྱི་ལན་བདུན་མངོན་པར་བསྔགས་པ་བྱས་ཏེ། དེ་ནས་གསོར་ནས
དཀྱིལ་འཁོར་དུ་དོར་བར་བྱའོ། །གང་ཞིག་ལྟུང་བའི་ཕྱོགས་ཀྱི་ཆ་ཡིས་དེར་དེའི་ལས་རབ་འབྱམས་འགྲུབ་པར་འགྱུར་སྟེ། ཕྱོགས་བརྒྱད་རྣམས་སུ་ཞི་བ་ལ་སོགས་པ་ལྔར་གསུངས་པའོ། །དེ་ནས་ཁར་ཆུ་ཁྱོར་བ་གསུམ་བླུད་དེ་དག་པར་བྱས་ནས
དཀྱིལ་འཁོར་ལ་ཡོལ་བ་བཀོད་ཅིང་ཤར་གྱི་སར་སློབ་མ་ཁྲིད་དེ་དེ་ནས་དེའི་ལྕེ་ལ་བདུད་རྩི་ལྔ་སྦྱིན་པར་བྱའོ། །རྒྱལ་བ་མཆོག་གི་དམ་ཚིག་རྣམས་ཀྱི་སྟེ། བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་རྣམས་ཀྱི་སྔར་སྤོས་སྒྲུབས་ནས་སྤོས་དེ་ཉིད་ལྷ་དབབ་པའི་དོན
དུའོ། དེ་ལ་སྔགས་ནི་ཧུཾ་གི་ཡི་གེ་གཅིག་སྟེ། ཨ་ར་ལ་དང་བཅས་པ་ཞེས་པ་ཨོཾ་ར་ར་ར་ར་ལ་ལ་ལ་ལ་བཛྲེ་བེ་ཤེ་ཡ་ཧཱུཾ་ཞེས་པ་སྟེ། སྔགས་འདི་ཁྲོ་བོའི་གཙོ་བོ་སྐུལ་བ་བྱས་ནས་ཁྲོ་བོ་དབབ་བོ་ཞེས་པའི་དོན་ཏོ། །འདི་ལ་འདས་པ་བྱ་བ་དང་སྦྱིན
སྲེག་འབུམ་ཕྲག་བཅུ་ཡིས་སྔོན་དུ་བསྙེན་པ་བྱའོ། །དེ་ནས་འགྲུབ་པར་འགྱུར་ཏེ་དྲན་པ་ཙམ་གྱི་ཁྲོ་བོ་འབེབས་པར་བྱེད་དོ། །དེའི་མཚན་ཉིད་ནི་འདི་ཡིན་ཏེ། ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་
སྔགས་བྱེད་ཅིང་ཞེས་པ་འདིས་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་ཕེབས་པར་གྱུར་ན་མཚོན་ཆས་མཛེས་པའི་ལག་པ་དག་གི་བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་དེ་ཕྱེ་མ་རྒྱར་བྱེད་དོ། །བདུད་ཀྱི་ཕྱོགས་ཆོས་ལ་རྣམ་པར་འཚེ་བ་བྱེད
པ་གང་ལ་སྡིགས་མཛུབ་ཀྱི་སྡིགས་པ་ངེས་ལ་ལྟུང་བ་དང་སེམས་མེད་པར་བྱེད་དོ། །དེ་བཞིན་དུ་གཡོན་བརྐྱང་ལ་སོགས་པ་སྟོབས་རྣཾས་དང་ནི་རྣམ་མང་བཅིང་བ་རྣམས་ཀྱི་རྡོ་རྗེའི་གར་གྱི་གར་བྱེད་དེ་ཞེས་པ་འདིར་སློབ་མ་གང་ཞིག་སྔར་གར་གྱི
མཚན་ཉིད་ཅུང་ཟད་ཀྱང་མི་ཤེས་པ་དེ་ཉིད་ཁྲོ་པོ་ཕེབས་པར་གྱུར་པ་ན་རྡོ་རྗེའི་གར་བྱེད་དོ། །བར་སྣང་ལ་ཡང་རྣམ་མང་བཅིང་བ་རྣམས་ཀྱི་གར་བྱེད་དོ། །ཅི་སྟེ་བཞད་པ་བྱེད་ན་དེའི་ཚེ། ཧཱུཾ་གི་ཡི་གེ་འདྲེས་པ་དགྲ་སྟེ་བདུད་ཀྱི་ཚོགས
ལ་འཇིགས་པ་སྟེར་བ་དང་ནི་དེ་བཞིན་དུ་སློབ་མ་གང་ཞིག་སྔར་མི་ཤེས་པ་དེ་ཁྲོ་བོ་ཕེབས་པ་ན་མི་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་སྒྲས་རྒྱུད་གཞན་དུ་མར་གང་གསུངས་པའི་གླུ་བྱེད་དོ། །དེའི་ཕྱིར་ཁྲོ་བོའི་རྒྱལ
པོ་ཕེབས་པ་ནི་ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ནི་ཁྲོ་བོའི་རང་བཞིན་གྱིས་སོ། །ལྷ་གཞན་དག་ཀྱང་ཞི་བའོ་ཞེས་པ་ཅི་སྟེ་སྤྱན་མ་ལ་སོགས་པའི་ལྟ་ཡིན་ན་ཞི་བའོ། །ཞེས་པ་སྟེ་ཁྲོ་བོ་དབབ་པའི་ངེས་པའོ།
འདིར་ཡང་རྒྱ་ཆེར་གཞན་ཁྲོ་བོ་བཅུ་པོ་རྣམས་ཀྱི་རང་བཞིན་བཅུ་པོ་རྣམས་ནི་ཕྱག་རྒྱ་བཅིང་པས་རིག་པར་བྱའོ། །མཚན་མ་གང་གིས་གང་བསྐྱེད་པ་དེ་ཡང་དེའི་ཕྱག་རྒྱར་འགྱུར་ཏེ་དེ་ནི་དེ་ཡིས་ཤེས་པར་བྱའོ། ཞེས་པ་ངེས་པའོ་དབབ
པའི་མཚན་ཉིད་གཞན་ནི་རྒྱས་པས་འཇིགས་ནས་མ་བརྗོད་དོ། །ད་ནི་ཕེབས་པ་ཉེ་པར་ཞི་བ་ལ་སོགས་པ་གསུངས་པ། ཕེབས་པ་བཏང་སྟེ་ཕྱི་ནས་མགོ་པོ་དང་ནི་སྙིང་ག་སྤྱི་གཙུག་ལྟེར་པ་དག་དང་མགྲིན་པ་དང། གསང་བར་རྒྱལ་བ
རྣམས་དང་རང་གི་རིགས་ཀྱི་སར་གནས་རང་གི་རྡོ་རྗེ་གསུམ་གྱིས་བསྲུང་བར་བྱ། ལུས་ལ་སེར་པོའི་གོས་དག་བྱིན་ཏེ་འདྲེན་བྱེད་སྒྲིབ་པར་གྱུར་པའི་སློབ་མ་འདིར་ནི་བཞུག་པར་བྱ། །ཀུན་རྫོབ་དོན་དུ་བརྟུལ་བཞུགས་རབ་མཆོག་བགྲོད་པ་དག་ལ་བགྲོད་པ་དེ་རྣམ་གཉིས་ནི་སྦྱིན
པར་བྱ། འདིར་གང་གི་ཚེ་སློབ་མ་ཁྲོ་པོའི་ལྟ་ལ་སོགས་པས་བྱིན་གྱིས་བརླབས་པ་དེའི་ཚེ་སློབ་དཔོན་གྱི་གང་ཅུང་ཟད་མངོན་པར་འདོད་པའི་བྱ་བ་དྲི་བར་བྱའོ། །དེ་ནས་ཨོཾ་ཨཱ:དུ་ཡི་གེ་གསུམ་གྱིས་མེ་ཏོག་མངོན་པར་སྔགས་ཏེ་མགོ་བོར་སྦྱིན་པར་བྱའོ། །དེས་ཕེབས་པ་གཏོང
ཞིང་རང་གི་གནས་སུ་འགྲོ་བར་འགྱུར་རོ། །དེ་ལྟར་ཕེབས་པ་གཏོང་པར་འགྱུར་ཏེ་དེ་ནས་ཕེབས་པ་བཏང་པའི་ཕྱི་ནས་མགོ་བོར་རྒྱལ་བ་རྣམས་ཀྱིས་སྲུང་བར་བྱ། ཞེས་པའི་གསུང་ལས་མགོ་བོར་ཨོཾ་ཡིག་གིས་སོ། །སྙིང་གང་ཧཱུཾ་ཡིག་གིས་སོ། །སྤྱི་གཙུག་སྟེ
གཙུག་ཏོར་དུ་ཧཾ?་ཡིག་གིས་སོ། །ཞེས་པ་ཐབས་ཀྱི་སྟེ་རང་གི་རྡོ་རྗེ་གསུམ་གྱི་ཞེས་པ་སྐུ་གསུང་ཐུགས་རྣམས་ཀྱིས་སོ། །དེ་བཞན?་དུ་ལྟེ་པར་ཏོ་ཡིག་གིས་སོ། །མགྲིན་པར་ཨཱ:ཡིག་གི་སོ། །གསང་པ་རཀྵ?་ཡིག་གིས་སོ། །ཞེས་པ་ཤེས་རབ་ཀྱི་སྟེ་རང་གི་རྡོ་རྗེ་གསུམ
གྱི་ཞེས་པ་སྐུ་དང་གསུང་དང་ཐུགས་རྣམས་ཀྱིས་སོ། །འདིར་གཉིས་ཀའི་ཡུལ་སྐུ་གསུང་རྡོ་རྗེའི་ཡུལ་ལ་ལ་ཧུཾ་ཡིག་རིང་པོ་གསུང་གི་རྡོ་རྗེ་དང་ཐུང་དུ་ཐུགས་རྡོ་རྗེ་སྟེ་གཞན་དུ་གང་ཡོད་པའོ། །དེ་ནས་སྲུང་པ་བྱས་ནས་ལུས་ལ་སེར་པོའི་?་དག་བྱིན་ཏེ་འདྲེན་བྱེད་བསྒྲིབས
པར་གྱུར་པའི་སློབ་མ་དཀྱིལ་འཁོར་འདིར་ནི་གཞུག་པ་བསྒྲུབ་པར་བྱའོ། །དང་པོར་ཀུན་རྫོབ་དོན་དུ་བརྟུལ་ཞུགས་བྱང་ཆུབ་ཀྱི་མཐར་ཐུག་པའི་པར་དུ་སྟེ་ཀུན་རྫོབ?་ནི་བསོད་ནམས་ཀྱི་ཚོགས་སོ། །དེའི་དོན་ནི་དེ་དོན་ནོ། །རབ་མཆོག་བགྲོད་པ་དག་ལ
བགྲོད་པ་དེ་རྣམས་ཤེས་པ་ལ་རབ་མཆོག་ནི་བསྐལ་པ་བཟང་པོ་ལ་རྣམ་པར་གཟིགས་པ་ལ་སོགས་པ་ཤཱཀྱ་ཐུབ་པའི་མཐར་ཐུག་པ་དེ་བཞིན་གཤེགས་པ་བདུན་པོ་རྣམསོ། །དེ་རྣམས་ཀྱི་བགྲོད་པ་ནི་བསོད་ནམས་དང་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི
ཚོགས་ཀྱི་བདག་ཉིད་དོ། །དེ་ལ་བགྲོད་པ་ནི་རབ་མཆོག་བགྲོད་པ་དག་ལ་བགྲོད་པ་སྟེ་དེ་རྣམས་ཉིད་སློབ་དཔོན་གྱིས་སློབ་མ་ལ་སྦྱིན་པར་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལ་བརྟུལ་ཞུགས་རྣམས་བྱང་ཆུབ་ཀྱི་མཐར་ཐུག
པའི་བར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད་འཁོར་བར་རྡོ་རྗེའི་ཞགS་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་རྣམས་སོ། །གང་ཞིག་གང་གི་དུས
སུ་བྱུང་བ་ལྷ་དང་མིའི་བླ་མ་དེ་ཡི་མཚན་གྱི་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིག་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་པ་དེ་བཞིན
ཉིད། ཅེས་པ་བརྟུལ་ཞུགས་ལྔ་ཡི་ངེས་པའོ། །ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པའི་ལས་ལྔ་པོ་འདི་རྣམས་སོ། །དེའི་ཕྱིར་མི་བྱའོ་ཞེས་པ་ངེས་པའོ། །སྣ
ཚོགས་གཙོ་བོ་སུ་ཞིག་གི་ཞེ་ན། གང་ཞིག་གང་གི་དུས་སུ་བྱུང་བའི་དེ་བཞིན་གཤེགས་པ་ལྷ་དང་མི་ཡི་བླ་མ་དེ་ཡིས་མཚན་གྱི་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིག་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱད་བར?
བྱ་ཞེས་པ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་ཕྱིར་བསྐྱངས་པ་ཇི་ལྟ་བ་བཞིན་དུའོ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་ངེས་པས་བསླབ་པའི་གནས་ལྔ་དང་ལྡན་པའོ། །ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས
དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣཾས་དང་ལྷ་མིའི་བླ་མ་བསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མིའི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་དང། །དབང་པོ
རྣན་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ཞུགས་རྣམས་ནི་ཉི་ཤུ་ལྔ། །དེ་ནས་གལ་ཏེ་འདོད་ན་དེའི་ཚེ་གཞན་རྣམས་སྦྱིན་པར་བྱའོ། །དེ་ལ་ཆོ་ལོ་དང་ཁ་ན་མ་ཐོ་བཅས་པའི་ཟས་སྔར་བརྗོད་པ་དང་ཆིག་ངན་ཀློག་པ་དང་འབྱུང་པོའི་ཆོས་པ་མེས
ཀྱི་བྱ་བ་དང་མཆོད་སྦྱིན་གྱི་བྱ་བ་རིག་བྱེད་ལས་བརྗོད་པ་དང་ལྷ་མིན་གྱི་ཆོས་ནི་ཀླ་ཀློའི་ཆོས་ཏེ་མི་བྱའོ། །ཞེས་པ་ཉེ་བའི་སྡིག་པ་ལྔ་དང། དེ་བཞིན་དུ་སྔ་མ་དང་ཕྱི་མ་བཅུ་པོ་རྣམས་ཀྱིས་དང་པོ་བསོད་པ་ལྔ་དུས་ཐམས་ཅད་དུ་མི་བྱ་སྟེ་པ་ལང་བསོད་པ་དང་བྱིས་པ་བསོད
པ་དང་བུད་མེད་བསོད་པ་དང་སྐྱེས་པ་གསོད་པ་དང་ལྷ་དང་མིའི་བླ་མ་ཞེས་པ་སྐུ་གཟུགས་དང་མཆོད་རྟེན་ལ་སོགས་པ་སྟེ་རྣམ་པར་བཤིག་པ་ནི་བསོད་པ་གཞན་ནོ། །དེ་བཞིན་དུ་གྲོགས་པོ་ལ་འཁུ་བ་དང་རྗེ་བོ་ལ་འཁུ་བ་དང་སངས་རྒྱས་ལ་འཁུ་བ་དང་དགེ་འདུན་ལ
འཁུ་བ་དང་ཡིད་བརྟན་པ་ལ་འཁུ་བ་ཞེས་པ་ལྔ་མི་བྱའོ། །དེ་བཞིན་དུ་དབང་པོ་རྣམས་ནི་ཆགས་པ་དག་དང་ཞེས་པ་གཟུགས་ལ་ཆགས་པ་དང་སྒྲ་ལ་ཆགས་པ་དང་དྲི་ལ་ཆགས་པ་དང་རོལ་ཆགས་པ་དང་རེག་བྱ་ལ་ཆགས་པའོ། །དེ་ལྟར་སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའ་ཨི
ངེས་པས་བརྟུལ་ཞུགས་རྣམས་ནི་ཉི་ཤུ་ལྔ་སྟེ། སློབ་མ་རྣམས་ཀྱི་བསྐྱེད་བར་བྱ་ཞིང་རྡོ་རྗེ་སློབ་དཔོན་གྱིས་དབང་གིས་དུས་སུ་སློབ་མ་ལ་སྦྱིན་པར་བྱའོ། །ཞེས་པ་བརྟུལ་ཞུགས་སྦྱིན་པའི་ངེས་པའོ། །ད་ནི་དཀྱིལ་འཁོར་དུ་འཇུག་པ་གསུངས་པ།
དཔལ་ལྡན་སྔགས་ཀྱི་མངོན་པར་སྔགས་སྟེ་ལག་པའི་པདྨ་སྦྱར་བར་མེ་ཏོག་གཅིག་ནི་སྦྱིན་པར་བྱ། དང་པོར་ལེན་གསུམ་བསྐོར་ཏེ་ལག་པའི་པདྨ་སྦྱར་པ་དག་ལས་དཀྱིལ་འཁོར་དུ་ནི་མེ་ཏོག་དོར། །གང་གིས་གནས་སུ་མེ་ཏོག་བཟང་པེ་ལྷུང་བ་དེ་ནི་མི་ཡི
བདག་པོ་དེ་ཡི་རིགས་སུ་ངེས། ཕྱི་ནས་དབང་ནི་བདུན་པོ་རྣམས་དང་རྣམ་གསུམ་འདིར་ནི་དེ་བཞིན་བླ་ན་མེད་པ་ཡང་དག་རབ་སྦྱིན་བྱ། འདིར་དང་པོར་བརྟུལ་ཞུགས་སྦྱིན་པའི་བར་མ་ཆད་པར་ལས་ཐམས་ཅད་ལ་གོས་སེར་པོ་འམ་གོས་དམར་པོས་གདོ་པ
བཅིང་བར་བྱ་ཞིང་ཞི་བ་ལ་སོགས་པ་རྣམས་ལ་གོས་སྲབ་མོ་ལྷའི་ཁ་དོག་གིས་ཏེ། །ོཾ་དྭཱ་ཤཾ་ག་ནི་རོ་དྷ་ཀཱ་རི་ནེ་ཧཱུཾ་ཕཊ་ཅེས་པའི་སྔགས་འདི་ཡིས་སོ། །དེ་ནས་མིག་ལ་སོགས་པ་བཀག་ནས་དགེ་བའི་གྲོགས་ཀྱིས་དང་པོར
དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ། དེ་ནས་ཤར་གྱི་སྒོར་སློབ་དཔོན་གཙོ་བོའི་གཟུགས་སུ་གནས་པ་སྟེ། གལ་ཏེ་དཀྱིལ་འཁོར་ལ་ལྷ་གཡོན་བརྐྱང་བ་ལ་སོགས་པའི་སྟབས་ཀྱིས་བཞེངས་པ་ཡིན་ན་དེའི་ཚེ་སློབ་དཔོན་བཞེངས་པས་སློབ་མ་ལ་དབང་སྦྱིན་པར་བྱ
ཞིང་ཅི་སྟེ་བཞུགས་པ་ཡིན་ན་དེའི་ཆེ་བཞུགས་པས་སྦྱིན་པར་བྱའོ། །དེ་ནས་དགེ་བའི་གྲོགས་ཀྱིས་བཏང་པའི་སློབ་མའི་མགོ་བོ་ལ་དུང་གིས་ཆུས་བསང་གཏོར་བྱས་ཏེ་ཨོཾ་ཨཱ:ཧཱུཾ་ཞེས་པའི་ཡི་གེ་གསུམ་གྱི་ལན་བདུན་མངོན་པར་བསྔགས་པའི་མེ་ཏོག
གཅིག་དེའི་ལག་པའི་པདྨ་སྦྱར་བར་ཀུན་ནས་སྦྱིན་པར་བྱ་སྟེ། མེ་ཏོག་གི་སྙིམ་པ་རྣམ་པར་དག་པས་སོ། །དེ་ནས་ལག་པའི་པདྨ་སྦྱར་པ་དག་ལས་དཀྱིལ་འཁོར་ཀྱི་ཕྱི་རོལ་དུ་རྒྱལ་བའི་བུམ་པའི་སྟེང་དུ་མེ་ཏོག་དོར་བར་བྱའོ། །གང་གི་ཕྱིར་རྡུལ
ཚོན་གྱི་དཀྱིལ་འཁོར་ལ་མེ་ཏོག་ལ་སོགས་པ་དབུལ་བར་མི་བྱ་སྟེ་ཕུལ་ན་རྡུལ་ཚོན་སུ་བས་པར་འགྱུར་རོ། །རབ་ཏུ་གནས་པ་བྱས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་སུབས་པ་ལས་མཆོད་རྟེན་འཇིག་པའོ། །དེ་ནས་རིགས་ཡོངས་སུ་བརྟག་པའི་དོན་དུ
དཀྱིལ་འཁོར་གྱི་ཕྱི་རོལ་ཤར་གྱི་སྒོར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་མེ་ཏོག་དོར་བར་བྱའོ། །རྣམ་པ་གཞན་དུ་ན་ཁྲུ་སྟོང་པའི་དཀྱིལ་འཁོར་ལ་སློབ་མས་དོར་པའི་མེ་ཏོག་ཤར་གྱི་རྡོ་རྗེ་འབར་བ་སྤངས་ནས་གང་དུ་ལྷུང་པར་འགྱུར། དེ་ལ་རྡོ
རྗེ་འབར་བ་ཡང་རྐང་པ་དང་བཅས་པའི་ཁྲུ་བརྒྱར་འགྱུར་ཏེ། ལྷས་བྱིན་གྱིས་བརླབས་པ་མ་གཏོགས་པ་སྟོབས་ཀྱི་དེ་རྒལ་ནས་རིགས་ཀྱི་ཕྱོགས་རྣམས་སུ་དེ་ལྟར་མེ་ཏོག་ལྷུང་བར་འགྱུར། དེ་ཕྱིར་རྣམ་པར་རྒྱལ་བའི་བུམ་པ་ལ་མཚན་མ་ལྔ
བྱས་ནས་དེར་མེ་ཏོག་དོར་བར་བྱའོ། །དེས་ན་དྲི་ལ་སོགས་པ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སྟེ་རྡུལ་ཚོན་གྱི་ས་ལ་མ་ཡིན་ནོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ནི་བཅོམ་ལྡན་འདས་ཀྱི་སྐུ་རིགས་པར་བྱའོ། །མེ་ཏོག་དོར་བ་དང་དུས་གཅིག་ཏུ་མིག་གི
དར་དགྲོལ?་བར་བྱའོ། །ཡང་ན་སྔར་མེ་ཏོག་དོར་བར་བྱས་ལ་ཕྱི་ནས་དགྲོལ་བར་བྱ་སྟེ། ཨོཾ་དེ་བྱེན་དྲི་ཡཱ་ཎི་ཨཽཏཔ?་ཊ་ཡ་སྭཧཱ་ཞེས་པའི་སྔགས་འདི་ཡིས་སོ། །མིག་དབྱེ་པ་བྱས་ནས་གང་གི་གནས་སུ་མེ་ཏོག་བཟང་པོ་ཡི་གེ་གསུམ་གྱི་མངོན་པར
སྔགས་པ་ལྷུང་བ་དེར་གནས་པའི་ལྷ་ནི་དེའི་རིགས་ཀྱི་ལྟར་འགྱུར་ཏེ་དེ་ཡིས་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་བ། །ཞེས་པ་ངེས་པའོ། །དེ་ནས་དེའི་རིགས་ཀྱི་ལྷ་བརྟན་ཏེ། ཕྱི་ནས་ཆུ་ལ་སོགས་པ་དབང་བདུན་པོ་རྣམས་དང། རྣམ་གསུམ་འདིར
ནི་ཇི་བཞིན་ཏེ། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་མཚོད་ནས་བུམ་པ་ལ་སོགས་པ་རྣམས་དང། བླ་མེད་འཆད་པར་འགྱུར་པ་ཡང་དག་རབ་སྦྱིན་བྱ། ཞེས་པ་རྡོ་རྗེ་སློབ་དཔོན་གྱིས་ཏེ། དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་དབང་བདུན
གྱི་ཆོ་ག་གསུངས་པ། ཀླུ་དང་བཞི་ཡི་ནོར་བུ་གསེར་གྱི་བུམ་པ་རྣམས་སམ་རྒྱལ་པོས་ཡི་རང་བཞིན་རིན་ཆེན་བཅས། །སྨན་དང་ལྟན་པའི་རྒྱལ་དང་རྣམ་རྒྱལ་བུམ་པ་རྣམས་ཀྱིས་ལྷ་མོ་རྣམས་ཀྱི་ཁྲུས་བྱའོ། །སངས་རྒྱས་རང་ཏུ་དབྱེ་པས་ཅོད་པན
སྦྱིན་ཏེ། མཆོག་གིས་བླ་མས་ནུས་མ་རྣམS་ཀྱིས་དར་དབྱངས་ཉིད་རྡོ་རྗེ་དྲིལ་བུ་ཉི་ཟླ་ལས་ཏེ། བརྟུལ་ཞུགས་དག་ཀྱང་དབང་པོར་བཅས་པའི་ཡུལ་གྱི་སྦྱར་བར་བྱ། ཁྲོ་བོ་རྣམས་ཀྱི་བྱམས་སོགས་མི། སྟེ་གསལ་པར་རྒྱལ་པའི་བདག་པོས་རྗེས་གནང
འདོག་བཅས་རབ་ཏུ་སྦྱིན། །རྡོ་རྗེ་དྲིལ་བུ་རབ་ཏུ་སྦྱིན་ནས་རབ་མཆོག་སྙིང་རྗེ་བདག་གིས་དག་པའི་ཆོས་ནི་སྟན་པར་བྱ། འདིར་ཀླུ་ཞེས་པ་བརྒྱད་དང་ཡང་ན་བཞིའི་རྒྱལ་དང་རྣམ་རྒྱལ་བུམ་པ་རྣམས་ཀྱི་ཞེས་པ་བུམ་པ་བརྐྱད་ཀྱི་ཕྱོགས་ལ་རྒྱལ་བའི་བུམ་པ་ལྔ་དང
རྣམ་པར་རྒྱལ་བའི་བུམ་པ་ལྔ་རྣམས་ཀྱིས་སོ། །བུམ་པ་བཞིའི་ཕྱོགས་ལ་རྒྱལ་བའི་བུམ་པ་གསུམ་རྣམ་པར་རྒྱལ་བའི་བུམ་པ་གསུམ་གྱི་སྟེ། ནོར་བུ་གསེར་གྱི་རང་བཞིན་ནམ་དེ་མེད་ན་སའི་རང་བཞིན་རིན་ཆེན་དང་བཅས
པ་སྨན་དང་དྲི་དང་ལྡན་པ་རྣམས་ཀྱི་ཤེས་པའོ། །དེ་ལ་སྨན་ནི་དྲིའི་ལེ་ཆེ་སྦྱར་བར་སྔར་གསུངས་པའི་མིག་ལ་སོགས་པའི་ཆ་ཤས་ཀྱི་བཟུང་བར་བྱ་སྟེ། སློབ་དཔོན་གྱི་རྩ་བའི་རྒྱུད་ལས་གསུངས་པའི་ཆོ་གས་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱི་ནང་ནས
ཇི་ལྟར་སྙེད་པ་ལྔ་བཟུང་བར་བྱའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་ཡི་ལེ་ཚེ་སྦྱར་བ་ལ། རྒྱལ་པོ་ཆངས་མ་ལ་སོགས་སྨན། །མིག་ཟླ་མེ་སོགས་ཆ་ཤས་དང། །ལྔ་ལྔ་ཡིས་ནི་རིམ་པས་དགོས། །ཚངས་མ
སྲེད་མེད་དྲག་མོ་དང། །དབང་ཕྱུག་མཆོག་གི་དབང་ཕྱུག་མ། །དབང་མོ་དཔལ་མོ་ཕག་མོ་དང། །གཞོན་ནུ་ཙར་ཙི་ཀཱ་དེ་བཞིན། །ས་མོ་ཆུ་མོ་མེ་མོ་དང། །རླུང་མོ་མཁའ་སྤྱོད་མ་དེ་བཞིན། །མ་དང་སྲིང་མོ་བུ་མོ་དང། །ཚ་མོ་རང་སྐྱེས་མ
དེ་བཞིན། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་མོ། །དམངས་མོ་གཡུང་མོ་དེ་བཞིན་བཤད། །ཅེས་པའི་སྨན་ནི་དངོས་གྲུབ་ཆེ། །ཟོས་པས་རྟག་ཏུ་རྫུ་འཕྲུལ་སྟེར། །ཞེས་པའོ། །དེ་ལ་ཚངས་མ་ནི་ཚངས་མའི་དབྱུག་པ་སྟེ། ཆ་གཉིས་སོ
སྲེད་མ་ནི་ཁྱབ་འཇུག་གནོན་པ་སྟེ། ཆ་གཅིག་གོ་།དྲག་མོ་ནི་དྲག་མོའི་རལ་པ་སྟེ། ཆ་གསུམ་མོ། །དབང་ཕྱུག་མ་ནི་རབ་ཏུ་གྲགས་པ་སྟེ་ཆ་བཞིའོ། །མཆོག་གི་དབང་ཕྱུག་མ་ནི་དེ་ནི་དེ་ག་དཱ་ལི་སྟེ་ཆ་ལྔའོ། །ཞེས་པ་དང་པོ་ལྔ་དགོད་པའོ། །དབང་མོ་ནི་དབང
མོ་ཆུ་ལྷ་མེ?་སྟེ་ཆ་གསུམ་མོ། །དཔལ་མོ་ནི་མཚན་ཉིད་དེ་ཆ་བཞིའོ། །ཕག་མོ་ནི་ཕག་རྣ་སྟེ་ཆ་ལྔའོ། །གཞོན་ནུ་མ་ནི་ཀར་ཎ་ཀཱ་སྟེ་ཆ་གཉིས་སོ། །ཙ་ཙིར་ཀཱ་ནི་ཐུང་བལྟས་མེ་ཏོག་ཅན་དེ་ཆ་གཅིག་གི་ཞེས་པ་གཉིས་པ་ལྔ་དགོད་པའོ། །ས་མོ་ནི་གཏུན་ཤིང་ཅན
མ?་སྟེ་ཆ་ལྔའོ། །ཆུ་མོ་ནི་བདུ་བྱེད་མ་སྟེ་ཆ་གཉིས་སོ། །མེ་མོ་ནི་མེ་ལྡན་མ་སྟེ་ཆ་གཅིག་གོ། རླུང་མོ་ནི་ངོ་ཚ་ཅན་མ་སྟེ་ཆ་གསུམ་མོ། །མཁའ་སྤྱོད་མ་ནི་ཨ་ཀར་སྟེ་ཆ་བཞིའོ། །ཞེས་པ་གསུམ་པ་ལྔ་དགོད་པའོ། །མ་ཞེས་པ་པུ་ཏྲཾ་ཛ་རཱི་སྟེ་ཆ་གཅིག་གོ་།སྲིད་མོ་ནི་ལྷ་དང་བཅས
པ་སྟེ་ཆ་གསུམ་མོ། །བུ་མོ་ནི་སྙིམ་པ་བྱས་པ་སྟེ་ཆ་བཞིའོ། །ཚ་མོ་ནི་ཨ་ཛ་ཀར་ཎ་སྟེ་ཆ་ལྔའོ། །རང་སྐྱེས་མ་ནི་རྨོངས་པ་འདབ་ཆེན་མ་སྟེ་ཆ་གཉིས་སོ། །ཞེས་པ་བཞི་པ་ལྔ་དགོད་པའོ། །བྲམ་ཟེ་མོ་ནི་བྲི་ཧ་སྟི་སྟེ་ཆ་བཞིའོ། །རྒྱལ་རིགས་མོ་ནི་བྷྲིཾ་གར་ཛ་སྟེ
ཆ་ལྔའོ། །རྗེ་རིགས་མོ་ནི་ཤིང་མངར་སྟེ་ཆ་གཉིས་སོ། །དམངས་རིགས་མོ་ནི་ཀཎྜ་ཀ་རི་སྟེ་ཆ་གཅིག་གོ་།གཡུང་མོ་རྨ་བྱའི་གཙུག་ཕུད་དེ་ཆ་གསུམ་མོ་ཞེས་པ་ལྔ་པ་ལྔ་དགོད་པའོ། །དེ་བཞིན་གྲངས་ཇི་ལྟ་པ་སོ?་བ་ལ་སོགས་པ་འབྲུའི་ཆེགས?་རྣམས་ཏེ་སོ་པ
ཆེན་པོ་དང་མོན་སྲན?་དང་ཙན་ཀཱ་དཀར་པོ་དང། ཏིལ་ནག་པོ་ཞེས་པ་དང་པོ་ལྔའོ། །ཀོ་ཏྲ་བཱ་དང་མུང་ག་དང་སྲན་མ་དང་ཏིལ་དཀར་པོ་དང་དྲོ་ཞེས་པ་གཉིས་པ་ལྔར་འགྱུར་རོ། །མཽཥྛཾ་དང་ཊི་པུ་ཊཱ་དང་ཡུངས་ནག་དང་ནས་དང་མོན་སྲན་ཞེས་པ་གསུམ་པ་ལྔའོ།།
སྲན་ཆུང་དང་ཡུངས་ཀར་དང་ཀཾ་གུ་དང་ཏུ་པ་རི་ཀ་དཀར་བར་བཊི་ཀ་ཞེས་པ་བཞི་པ་ལྔའོ། ། ཏཱ་ཤཱི་དང་བཱ་རཱ་ཊཱི་དང་པར་ཎ་དང་ཀུན་ལན་ཐ་དང་ཙ་ན་ཀ་ནག་པོ་ཞེས་པ་སྟེ། ལེ་ཚེ་སྦྱར་བའི་ཆས་འབྲུ་ལྔ་ཇི་ལྟར་སྙེད་པ་བཟུང་བར་བྱའོ། །འདིར་ཆ་རྣམས་ནི
རིལ་བུའི་གྲངས་སོ། །དེ་ནས་རིན་པོ་ཆེ་རྣམས་ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་ལས་སྐྱེས་པའི་རྡོ་རྗེ་རྣམས་དང་མཐར་སྐྱེས་ཀྱི་རིགས་རྣམས་སོ། །དེ་བཞིན་དུ་ཨཻནྡྲ་ནཱི་ལ་དང་པདྨ་དཱ་ག་དང་ཟླ་བ་ཆུ་ཤེལ་དང་ཀར་གེ་ཏ་ཀ་དང
མར་ཀ་ཏ་ཞེས་པ་རྣམས་གཙོ་བོའོ། །དེ་བཞིན་དུ་ལྕགས་རྣམས་ནི་གསེར་དང་དངུལ་དང་ཟངས་དང་ལྕགས་རྣོན་པོ་དད་ཁབ་ལེན་རྣམས་སོ། །དེ་བཞིན་དུ་རིན་པོ་ཆེ་འབྲིང་པོ་རྣམས་ནི་མུ་ཏིག་དང་བྱུ་རུ་དང་མུ་མིན་དང་ཤཱུ་ལ?་ནི་དང་ཐིག་ལེ་དྲུག་པ་རྣམས་སོ། །
དེ་བཞིན་དུ་ཐ་མ་རྣམས་ནི་ཤེལ་དང་ཇཱི་བ་ཛ་ཏི་དང་ཌོ་ཧ་རི་དང་མཆིད་བུ་དང་ནོར་བུ་ལྗང་ཁུ་རྣམས་སོ། །འདི་རྣམས་ཇི་ལྟར་འབྱོར་པ་བཟུང་བར་བྱའོ། །ཅི་སྟེ་བཀའ་ཨི་འཁོར་ལོས་སྒྱུར་པ་རིན་པོ་ཆེ་ཆེན་པོའི་དབང་བསྐུར་བ་ལ་ནི་ལྷ་དང
བུ?་རྣམས་ཀྱི་ནོར་བུ་ཁ་དོག་ལྔ་རྣམས་སུ་འགྱུར་རོ། །དེ་མེད་ན་དྲི་བཟང་པོའི་མེ་ཏོག་ཁ་དོག་ལྔ་རྣམས་སོ། །ཞེས་པ་དབུལ་པོ་རྣམས་ཀྱི་ངེས་པའོ། །འདིར་རིན་པོ་ཆེ་ལྗང་ཁུ་ནི་རྣམ་པར་རྒྱལ་བ་དུང་ལའོ། །རིན་པོ་ཆེ་སྔོན་པོ་ནི་ཤར་དང་ནུབ་ཀྱི་རྒྱལ་བ
དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ནག་པོ་ནི་ཤེར་དང་མེའི་བུམ་པ་ལའོ། །དམར་པོ་ནི་ལྷོ་དང་བདེན་བྲལ་གྱི་བུམ་པ་ལའོ། །དཀར་པོ་ནི་བྱང་དང་དབང་ལྡན་གྱི་བུམ་པ་ལའོ། །སེར་པོ་ནི་ནུབ་དང་རླུང་གི་བུམ་པ་ལའོ། །དེ་བཞིན་དུ་ཁབ་ལེན་དང
ལྕགས་རྣོན་པོ་དང་ཟངས་དང་དངུལ་དང་གསེར་རོ། །དེ་བཞིན་དུ་སྨན་རྣམས་ཏེ་ཆ་གཅིག་པ་ནི་རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ལའོ། །ཆ་གཉིས་པ་ནི་ཤར་དང་མེར་རོ། །ཆ་གསུམ་པ་ནི་གཤིན་རྗེ་དང་ལྷ་མིན་དུ་འོ། །ཆ་བཞི་པ་ནི་བྱང་དང
དབང་ལྡན་དུའོ། །ཆ་ལྔ་པ་ནི་ནུབ་དང་རླུང་དུའོ། །དེ་བཞིན་དུ་རིལ་བུའི་དབྱེ་བས་འབྲུ་རྣམས་དང། དེ་བཞིན་དུ་སྔར་གསུངས་པའི་ལེ་ཚེ་སྦྱར་བའི་དྲིའི་རྫས་ལྔ་རྣམས་ཏེ། དེ་ལྟར་ལྕགས་དང་རིན་པོ་ཆེ་དང་ནགས་ཀྱི་སྨན་དང་འབྲུ་དང་དྲིའི་རྫས་རྣམས
བུམ་པ་རྣམས་སུ་བླུགས་ནས། སླར་ཡང་ཉི་ཤུ་རྩ་ལྔ་པོ་དེ་རྣམས་ཐུམ་པོར་བཅིངས་ཏེ་རྣམ་པར་རྒྱལ་བའི་དུང་ཆུ་ཡི་གང་བར་བཞུགས་པར་བྱའོ། །དེ་ཡི་སྐྱེ་བའི་གནས་ལྔ་རྣམས་སུ་དབང་བསྐུར་བར་བྱ་སྟེ། གཙུག་ཏོར་དང་བྲག་པ་དང་དཔུང་བའི་ཚིགS
གཡོན་པ་དང་གཡས་པ་དང་དེ་བཞིན་དུ་དཔྱི་དང་བརླའི་ཚིགས་དག་ལའོ། །དེ་ནས་རིགས་ཀྱི་ལྷ་རྣམ་པར་སྦྱང་བའི་ཕྱིར་མེ་ཏོག་གཏོར་བའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀུ་ལ་བི་ཤོ་དྷ་ནི་སྭཱཧཱ། །སྔགས་འདི་ཡིས་སློབ་དཔོན་གྱི་སློབ་མ་མེ་ཏོག
འཐོར་དུ་བཞུག་པར་བྱའོ། །སྔགས་འདི་ཡིས་མིག་དབྱེ་བར་བྱ་སྟེ། ཨོཾ་དི་བྱ་ན་ཡ་ན་མུ་ཏ་གྷ་ཊ་ཡཱ་མི་སྭཱཧཱ། །ཞེས་པའོ། །དེ་ནས་རིགས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་པོར་བྱས་ཏེ། དཀྱིལ་འཁོར་མཛའ་དག་བསྟན་པར་བྱའོ། །དེ་ནས་ཤར་གྱི་སྒོར་རིགས
དག་པར་བྱས་ནས་སློབ་དཔོན་གྱི་སློབ་མ་ལག་པ་གཡོན་པ་ནས་བསྐྱོད་དེ་ལས་ཀྱི་རྡོ་རྗེ་ཅན་དང་ལྷན་ཅིག་བསྐོར་བ་བྱས་ཏེ། བྱང་གི་སྒོར་ཁྲིད་ལ་དེར་ལུས་རྣམ་པར་དག་པའི་དོན་དུ་སྒྲོལ་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་སྔགས་ཀྱི་བུམ་པ་ཐམས་ཅད་ནས་ཆུ་བླངས་ཏེ
རྣམ་པར་རྒྱལ་བའི་དུང་དུ་བླུགས་ནས་ཆུའི་དབང་ལ་སླར་ཡང་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདི་ཡིས་དབང་བསྐུར་པར་བྱའོ། །ོཾ་ཨཱ་ཨའི་རཱི་ཨའུ་ལཱི་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། །དེ་ནས་ཅོད་པན་གྱི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས
དབང་བསྐུར་བར་བྱའོ། །ོཾ་ཨ་ཨཻ་རི་ཨཽ་ལི་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱཧཱ། །དེ་ནས་རིན་པོ་ཆེ་དང་གསེར་གྱི་ཅོད་པན་ནམ་གོས་ཀྱི་ཅོད་པན་བཅིང་བར་བྱའོ། །དེ་ལྟར་དབང་བསྐུར་བ་གཉིས་ཀྱི་ཁམས་དང་ཕུང་པོ་རྣམ་པར་དག་པས་ལུས་རྣམ་པར
འགྱུར་རོ། །སྐུའི་ཞལ་གྱི་སར་ལུས་རྣམ་པར་དག་པར་བྱས་ཏེ་དེ་ནས་གཡས་བསྐོར་གྱི་སླར་ཡང་ལྷོའི་སྒོར་སློབ་མ་ཁྲིད་ནས་ངག་རྣམ་པར་དག་པའི་དོན་དུ་དར་དཔྱངས་ཀྱི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ོཾ་ཨ
ཱ་ཨཾ་ཨ:ཧ་ཧཱ་ཧཾ་ཧ:ཧོ་ཕྲེཾ་ད་ཤ་པ་རཱ་མི་ཏཱ་པ་རི་པཱུ་ར་ཎི་སྭཱཧཱ། །དེ་ནས་རིན་པོ་ཆེའི་དར་དབྱངས་དང་གསེར་གྱི་དར་དབྱངས་སམ་མ་སྙེད་ན་མེ་ཏོག་གི་ཕྲེང་བ་དང་དཔྲལ་བར་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་ལ་སྐྱེ་བའི་གནས་ལྔ་རྣམས
སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ོཾ་ཧུཾ་ཧོ་སཱུརྱ་ཙནྡྲ་བཾ་ཤོ་དྷ་ཀ་སྭཱཧཱ། །དེ་ནས་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་བཞག་ནས་དུད?་གི་ཆུས་དབང་བསྐུར་བར་བྱའོ། །དེ་ནས་བསྐུར་གཉིས་ཀྱི་གསུང་རྡོ་རྗེ་སྦྱངས་ཏེ། རྡོ་རྗེའི་མཐེ་བོ་བྱིན་ནས་གཡས་བསྐོར་གྱི་སླར་
ཡང་སྐོར་བ་བྱས་ཏེ་ཤར་གྱི་ཞལ་དུ་ཐུགས་རྡོ་རྗེ་སྦྱང་བའི་དོན་དུ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ོཾ་ཨ་ཨཱ་ཨ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་བིཥ་ཡེ་ན་དྲི་ཡ་བི་?་དྷ
ནི་སྭཱཧཱ། དེ་ནས་རྣ་བ་ལ་སོགས་པ་རྣམས་ལ་མེ་ཏོག་བསྐོར་ནས་སླར་ཡང་མིང་གི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ོཾ་?་ཧཱ་ཡ་ཡཱ་ར་རཱ་བ་བཱ་ལ་ལཱ་ཙ་ཏུ་?་བི་ཧཱ་ར་བི་ཤུདྡྷ་སྭཱཧཱ། །དེ་ནས་གདུབ་པུ་དང་རྐང་གདུབ་ལ་སོགས
པ་མི་?་ལག་པ་དང་རྐང་པ་ལ་མེ་ཏོག་གི་ཕྲེང་བ་བཅིངས་ཏེ་དེ་ནས་མིང་གི་དབང་བསྐུར་བས་ཁྱོད་ནི་ཆེ་གེ་མོ་རྡོ་རྗེ་ཞེས་བྱས་ནས་ལུང་བསྟན་པར་བྱའོ། །དེ་ནས་དབང་བསྐུར་གཉིས་ཀྱི་ཐུགས་རྡོ་རྗེ་སྦྱངས་ནས་ཡེ་ཤེས་རྣམ་པར་དག་པའི་དོན་དུ་སླར་?
ག?་ལས་བསྐོར་གྱི་སློབ་མ་ནུབ་ཀྱི་ཞལ་དུ་ཁྲིད་དེ་རྗེས་སུ་གནང་པའི་དབང་ལ་སྐྱེ་བའི་གནས་ལྔ་རྣམས་སུ་སྔགས་འདིས་དབང་བསྐུར་བར་བྱའོ། །ོཾ་ཧཾ་ཀྵ་དྷརྨཱ་ཙཀྲ་པྲ་བརྟ་ཀ་སྭཱཧཱ། །དབང་བསྐུར་བྱིན་ནས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་དབང
པ་ཨ་དུ?་གྱི་རྣམ་པར་སྦྱངས་ཏེ་དེ་ནས་སློབ་མ་ལ་ལག་པར་རྡོ་རྗེ་དང་རྡོ་དྲིལ་བུ་བྱིན་ནས་ཆེ་གེ་མོ་རྡོ་རྗེ་དེ་དག་གིས་རྡོ་རྗེ་སློབ་དཔོན་ཏེ་རྡོ་རྗེ་དྲིལ་བུ་རབ་ཏུ་བྱིན་ནས་རབ་མཆོག་སྙིང་རྗེ་དག་གི་ངག་པའི་ཆོས་ནི་བསྟན་པར་བྱ་ཞེས་པ་ཕྱེད་དང་བཅས་པའི་ཚིགས
སུ་བཅད་པ་གཉིས་པོ་འདི་ཡིས་སོ། །འདི་ལྟ་སྟེ་ངེས་པར་རྡོ་རྗེའི་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ། རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག་།རིན་ཆེན་ལ་ནི་གཞན་ནོར་དབྲོག?་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེར་དབྲོག།
ཆང་དང་སྒྲོལ་མ་སངས་རྒྱས་རྣམས་དང་བཟང་བོའི་ཡུལ་རྣམས་མཛའ་དག་འཁོར་ལོ་ལ་ནི་རྟེན་པར་བྱ། །གཡུང་མོ་ལ་སོགས་མཛའ་དག་བུད་མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཨི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས
འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱི་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཛའ་ཡས་བསྐལ་པས་མིན་པར་རྒྱལ་བས་གསུངས། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་ཅོད་པན་ཞེས་པ་རྒྱལ་བ་དཔའ་བོའི་རང་དབྱངས་ནུས་མ་རྣམས། །རྡོ་རྗེ་དྲིལ་བུ་ཉི་ཟླ
དག་དང་བརྟུལ?་ཞུགས་དག་ཀྱང་ཡུལ་རྣམས་མིང་ནི་བྱམས་སོགས་སྦྱོར་བའོ། །རྗེས་གནད་རྫོགས་པའི་བྱང་ཆུབ་དཔལ་མོ་སྲིད་བའི་འཇིགས་?་དུས་ཀྱི་འཁོར་ལོ་རྗེས་སུ་རིགས་པ་སྟེ། སྡིག་པའི་དྲི་མ་འཕྲོག་བའི་དབང་བསྐུར་བདུན་པོ་འདི་རྣམས་དཀྱིལ་འཁོར
དུ་ནི་ཡང་དག་རབ་སྦྱིན་བྱ་ཞེས་པའོ། །དེ་ལྟར་དཀྱིལ་འཁོར་དུ་དབང་བདུན་གྱི་ཆོ་ག་བྱས་ཏེ་དེ་ནས་སློབ་མ་ལ་སངས་རྒྱས་གྱི་སྦྱིན་གྱི་བརླབ་པར་བསམ་པར་བྱའོ། །སློབ་དཔོན་གྱི་རྒན་པ་དང་གཞོན་པའི་དོན་དུ་ལོ་ལ་སོགས་པ་རབ་ཏུ་སྒྲགས་པར་བྱ་སྟེ་།
འདིར་ལོ་ཆེ་གེ་མེ་དང། རིགས་ལྡན་གྱི་རྒྱལ་པོ་ཆེ་གེ་མོ་ཆོས་སྟོན་པ་དང། ཟླ་བ་ཆེ་གེ་མོ་དང། ཉ་ཆེ་གེ་མོ་དང། གཟའ་ཆེ་གེ་མོ་དང་ཚེས་ཆེ་གེ་མོ་དང་སྦྱོར་བ་ཆེ་གེ་མོ་དང།། བྱེད་པ་ཆེ་གེ་མོ་ལ་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་བདག
གིས་སློབ་མཆེ་གེ་མོ་མཆོག་གི་དང་པོའི་སངས་རྒྱས་སམ་དཀྱིལ་འཁོར་གཞན་དུ་དབང་བདུན་གྱི་དབང་བསྐུར་ཏེ། འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་ཉིད་ཀྱི་བསོད་ནམས
དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་བདག་གི་ལུང་སྟན་ཅིང་རྗེས་སུ་གནང་བའོ། །ཞེས་པ་དབང་བདུན་གྱི་ངེས་པའོ། །འདིར་རྒྱུད་དང་རྒྱུད་གཞན་དུ་བྱིས་པའི་སྐྱེ་བོ་བཞུག་པའི་ཕྱིར་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པས་དབང་ལྔ་སྟེ
རྣམ་པར་སྣང་མཛད་གྱི་ཆུའི་དབང་རིན་ཆེན?་འབྱུང་ལྡན་གྱི་ཅོད་པན་ནོ། །ཞེས་གང་གསུངས་པ་དེ་ལ་སྔ་མ་དང་ཕྱི་མ་འགལ་ཏེ་རྒྱུད་ཐམས་ཅད་དུ་དཀྱིལ་འཁོར་དུ་མེ་ཏོག་དོར་བ་ནས་སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེ་ཡིས་ཅོད་པན་དང་དེའི་རིགས་གྱི་ཕྱག
རྒྱས་དེའི་དངོས་གྲུབ་བོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ནས་མཚན་ཡང་དག་པར་བརྗོད་པར་སངས་རྒྱས་མངའ་བདག་ཅོད་པན་ཅན་ཞེས་པའི་གསུང་ལས་གང་དུ་མེ་ཏོག་ལྟུང་བའི་དེ་བཞིན་གཤེགས་པ་ཅོད་པན་དུ་འགྱུར
གྱི། ཐམས་ཅད་དུ་རིན་ཆེན་འབྱུང་ལྡན་ནི་མ་ཡིན་ནོ། །དེ་བཞིན་དུ་བསྡུས་པའི་རྒྱུད་དུ་ཆུ་ལ་སོགས་པ་རྣམ་པར་དག་པ་མེད་དེ་ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ང་ནི་ངེས་པར་རྡོ་རྗེའི་རིགས་དག་ལ་ནི་ཞེས་པ་ལ་སོགས་པའི་དོན་བརྗོད་པར་བྱའོ།།
འདིར་སྲོག་གཅོད་པ་ལ་སོགས་པའི་དམ་ཚིག་ནི་རྣམ་པ་གཉིས་ཏེ་དྲང་བའི་དོན་དང་ངེས་པའི་དོན་གྱི་ཕྱི་རོལ་དང་ནང་གི་བདག་ཉིད་དོ། །དེ་ལ་ཕྱི་རོལ་དུ་བཅོམ་ལྡན་འདས་ཀྱིས་སྲོ་གཅོད་པའི་བྱ་བ་གང་ཡིན་པ་དེ་ནི་མཚམས
མེད་པ་ལྔ་བྱེད་པ་རྣམས་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱེད་པ་རྣམས་དང་དམ་ཚིག་བྱེ་བ་རྣམས་སོ། །ཞེས་པ་ངེས་པ་སྟེ་མཚམས་མེད་པ་ལྔ་པོ་དེ་ཉིད་སྔོན་དང་ཕྱི་མར་ཤེས་ནས་སོ། །འདིར་འགའ་ཞིག་སྔར་མཚམས་མེད་པ་ལྔ་བྱེད་པ
པོ་ཕྱི་ནས་བསོད་ནམས་བྱེད་པ་པོར་འགྱུར་ཏེ། གཏུམ་པོ་མྱ་ངན་མེད་པ་དང་ཆོས་རྒྱལ་མྱ་ངན་མེད་པ་བཞིན་ནོ། །དེའི་ཕྱིར་དེ་ལ་གནོད་པ་བྱས་ན་དམྱལ་བར་འགྱུར་ཏེ་སྔགས་པས་དགེ་བ་དང་མི་དགེ་བའི་ལས་ཡོངས་སུ་ཤེས་པའི་ཕྱིར་རོ། །
དེ་ནས་ཇི་སྲིད་མངོན་པར་ཤེས་པ་ལྔར་གྱུར་པ་དེ་སྲིད་དུ་སྔགས་པས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་མ་གཏོགས་པ་དྲག་པོའི་ལས་མི་བྱའོ། །དེ་བཞིན་དུ་བརྫུན་དུ་སྨྲ་བ་དང་མ་བྱིན་པར་ལེན་པ་དང་གཞན་གྱི་བུད་མེད་འཕྲོག་པ
དང་དམ་ཚིག་བསྟེན་པ་དང་རིགས་མ་ཡིན་པ་ལ་མངོན་པར་འགྲོ་བ་དང་རང་གི་ལུས་ཀྱི་མཐར་ཐུག་པ་སྦྱིན་པ་ཡང་གཞན་ལ་ཕན་པའི་ཕྱིར་ཏེ་རང་གི་དོན་དུ་ནི་མ་ཡིན་ནོ། །ཞེས་པ་ངེས་པོའོ་གང་གི་ཚེ་འཆི་བའི་མཛའ་ཨི་བར་དུ་མཚམS་ན་དེ་པ་ལྔ་བྱེད་པ་དེའི
ཚེ་ཁྲོ་བོའི་རིགས་ལ་སྔར་བསྒྲུབས་པའི་སྔགས་དང་མི་བསྐྱོད་པའི་ཏིང་ངེ་འཛིན་འདི་ཡིས་གསང་བར་བྱའོ། །ཞེས་པ་བཅོམ་ལྡན་འདས་ཀྱི་དྲང་བའི་དོན་ཏོ། །དེ་བཞིན་དུ་ལམ་མ་ཡིན་པར་ལྷུང་བ་རྣམས་མངོན་པར་གདོན་པའི་ཕྱིར་རྫུན་གྱི་ཚིག་སྨྲ་བར་བྱ་སྟེ་རང་གི
དོན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་མཁྱེན་པར་ལེན་པ་ནི་ཡི་དགས་ཀྱི་འགྲོ་པར་འགྲོ་བ་ཟློག་པའི་ཕྱིར་ཏེ་རང་གི་དོན་དུ་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་བུད་མེད་འཕྲོག་པ་ནི་དུད་འགྲོའི་འགྲོ་བར་འགྲོ་བ་ཟློག་པའི་ཕྱིར་ཏེ་རང་གི་དོན་དུ་ནི་མ་ཡིན་ནོ། །རིགས་སུ་འཛིན
པ་རྣམ་པར་བཞིག་པའི་ཕྱིར་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་རྣམས་ཀྱང་བསྟེན་པར་བྱའོ། །དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གཡུང་མོ་ལ་སོགས་བ་བུད་མེད་རྣམས་ལ་སྨད་པར་མི་བྱའོ། །བསོད་ནམས་ཀྱི་ཚོགས་ཀྱི་ཕྱིར་སྦྱིན་པ་ཆེན
པོ་སྦྱིན་པར་བྱའོ། །དེ་ལྟར་རལ་གྲིའི་རིགས་དང་རིན་པོ་ཆེའི་རིགས་དང་པདྨའི་རིགས་དང་འཁོར་ལོའི་རིགས་དང་གྲི་གུག་གི་རིགས་ལ་སྔགས་རྣམས་སྒྲུབས་ནས་ནུས་པ་དང་ལྡན་པར་གྱུར་པ་ན་རྣལ་འབྱོར་བས་ཐམས་ཅད་བྱ་སྟེ། ཇི་ལྟར་འཇིག་རྟེན་དུ་གཞད
གང་དུ་མི་འགྱུར་བའོ་ཞེས་པ་དྲང་པའི་དོན་ཏོ། །ད་ནི་ངེས་པའི་དོན་བརྗོད་པར་བྱའོ། །འདིར་རང་གི་ལུས་ལ་སྲོག་བཀག་པ་ནི་སྲོག་གཅོད་པ་སྟེ་རྡོ་རྗེའི་རིགས་དག་ལ་ནི་སྟེ་གཙུག་ཏོར་དུ་དགག་པར་བྱའོ། །སྲོག་ཅོད་པ་དེ་ཡིས་རྣལ་འབྱོར་པའི་ཁུ་བ་སྟེང་དུ་འགྱུར
རོ། ཞེས་པ་ངེས་པའོ་རལ་གྲི་ལ་ཡང་བདེན་པ་མིན་པའི་ཚིག་།འདིར་བདེན་པ་མིན་པ་ཞེས་བྱ་བ་རབ་ཏུ་མི་གནས་པའི་ཚིག་དྲང་བའི་དོན་དང་ངེས་པའི་དོན་གྱི་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་ཚིག་ཏུ་ཅིག་ཅར་རྣམས་ལ་ཆོས་སྟོན་པ་པོ་སྟེ་དེ་ཉིད་སྙིང
ཁར་བཞོམ་དུ་མེད་པའི་སྒྲའོ། །ཞེས་པ་ངེས་པའོ། །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་ཞེས་པ་ལ། འདིར་གཞན་ནི་རྡོ་རྗེ་སེམས་དཔའ་ཨོ། །དེའི་ནོར་ནི་རིན་པོ་ཆེ་སྟེ་ཡིད་བཞིན་གྱི་ནོར་བུའོ། །དེ་དབྲོག་པ་ནི་རིན་ཆེན་རིགས་ལ་སྟེ་མགྲིན་པར་ས
བརྒྱད་པའི་གནས་སུའོ་ཞེས་པ་ངེས་པའོ། །མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག་ཞེས་པ་ལ་གཞན་གྱི་བུད་མེད་ནི་ཕྱག་རྒྱ་ཆེན་མོ་སྟེ་དེ་དབྲོག་པ་ནི་གཞན་གྱི་བུད་མེད་འཕྲོག་པའོ། །དབྲོག་པ་དེ་ནི་མཆོག་གི
པདྨའི་རིགས་ལ་སྟེ། དཔྲལ་བར་ས་བཅུ་པཱི་གནས་སུ་སྟེང་དུ་ཁུ་བའོ། །ཞེས་པ་ངེས་པའོ། །ཆད་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཛའ་དག་འཁོར་ལོ་ལ་ནི་བརྟེན་པར་བྱ། ཞེས་པ་ལ་འདིར་ཆང་ན་ལྷན་ཅིག་སྐྱེས་པའི
དགའ་བའོ། །སྒྲོན་མ་ནི་ཀོ་ཀུ་ལ་སོགས་པ་རྣམས་ཏེ་ནང་དུ་ནི་དབང་པོ་ལྔ་རྣམས་སོ། །སངས་རྒྱས་ནི་བདུད་རྩི་ལྔ་རྣམས་སོ། །འཁོར་ལོ་ལ་ནི་སྟེ་ལྟེ་བའི་པདྨར་སྟེན་པར་བྱིན་བཟའ་བར་བྱ་སྟེ། བཤད་པ་དང་གཅིབ?་དང་ཁུ་བ་ཕྱི་རོལ་དུ་མི་འཛག་པར
བྱའོ་ཞེས་པ་དེས་བའི་དོན་ཏོ། །གཡུང་མོ་ལ་སོགས་པ་བུད་མེད་རྣམས་ནི་གྲི་གུག་ལ་སྟེན་པ་གསང་པའི་པདྨར་སྨད་པར་མི་བྱའོ། །མཁའ་ཨི་པདྨར་ནི་སྐྱེ་གནས་སུ་སྲུང་བ་ན་ཚངས་པར་སྤྱོད་པས་ཏེ་ཁུ་བ་ཕྱི་རོལ་ཏུ་མི་འཕོ་བསོ། །ཞེས་པ་དེས་པའོ། །
སེམས་ཅན་དོན་གྱི་སླད་དུ་སྦྱིན་པར་བྱ་སྟེ། ནོར་དང་བཅས་ཏེ་བུ་དང་ཆུང་མ་ལ་སོགས་པ་དང་ལྷན་ཅིག་ཏུ་རང་གི་ལུས་བསོད་ནམས་ཀྱི་དོན་དུ་སྦྱིན་པར་བྱའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་དོན་དུ་བུད་མེད་རྣམས་ལ་མཁའ་ཨི་པདྨར
སྨད་པར་མི་བྱའོ། །དེའི་ཕྱིར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་དག་ལ་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལྟར་ཚོགས་གསུམ་གྱི་རིགས་ཀྱི་བུ་ཁྱོད་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་གྱི། གཞན་དུ་མཛའ་ཡས་བསྐལ
པས་མིན་པར་གང་རྒྱལ་བས་གསུངས་པའོ། །ཞེས་པ་རྒྱུད་ཐམས་ཅད་དུ་རྣམ་པར་དག་པའི་ཆོས་བསྟན་པའི་ངེས་པའོ། །དག་པ་གཞན་ཡང་ཡོད་པ་དེ་གཞན་པ་ཞེས་པ་ལ་སོགས་པས་གསུངས་སོ། །འདིར་ཆུའི་དབང་གང་ཡིན་པ་དེ་ནི་ས་ལ
སོགས་པ་ཁམས་ལྔ་པོ་རྣམས་ཀྱི་དག་པ་ནི་སྒྲིབ་པ་མེད་པ་ཉིད་དེ་སྒྲིབ་པ་དང་བཅས་པའི་ས་ལ་སོགས་པ་ཁམས་ལྔ་པོ་རྣམས་སྤྱན་མ་ལ་སོགས་པའི་རིག་མ་ལྔ་པོ་ཉིད་ཀྱི་རྫོགས་པ་ལས་ཆུའི་དབང་མཚོན་པར་བྱེད་དོ། །ཞེས་བའི་དོན་ཏོ། །དེ་བཞིན་དུ་ཅོད་པན
ཞེས་བཅོད་པན་གྱི་དབང་སྟེ། གཟུགས་ལ་སོགས་པ་ཕུང་པོ་ལྔ་རྣམས་སྦྱོང་བྱེད་ནི་སྒྲིབ་པ་མེད་པ་ཉིད་དེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་ཀྱི་རྫོགས་བཅོད་པན་གྱི་དབང་པོ?། །ཞེས་པ་ཇི་སྲིད་པར་རོ། །དུ་བ་མ་ལ
སོགས་པ་རྣམས་ཕ་རོལ་དུ་ཕྱིན་བཅུ་སྟེ་དེ་རྣམས་ཀྱི་དག་པ་ནི་ཡོངས་སུ་རྫོགས་པ་སོ་སོར་དམིགས་པ་སྟེ་དེའི་དོན་དུད་པའོ་འདིར་དབྱངས་ཀྱི་དབང་?་རྡོ་རྗེ་མི་འགྱུར་ཆེ་དྲིལ་བུ་སངས་རྒྱས་སྐད་དང་ཅེས་པར་སྦྱར་ཏེ། འཁོར་བའི་སྡུག་བསྔལ་མཛའ་དག་གི་མི
ཕྱེད་ཅིང་དེ་ཡི་དེ་འབྱེད་པ་ཉིད་ཀྱིས་ཀྱང་མི་འགྱུར་བའི་བདེ་བ་ཆེན་པོ་ཉིད་རྡོ་རྗེའོ། །མཛའ་ཡས་པའི་ལྷ་དང་མི་ལ་སོགས་པ་རྣམས་ལ་དེ་དང་དེའི་སྐད་ཀྱི་རྒྱུན་མི་འཆད་པ་ཆོས་ཀྱི་བདུད་རྩི་བསྟན་པའི་དོན་དུ་གཞོམ་དུ་མེད་པའི་སྒྲའི་རང་བཞིན་ནི་རྡོ་རྗེ་དྲིལ
བུའོ། །ཉི་ཟླ་གཅིག་ཏུ་ཞེས་པ་སྲོག་དང་ཐུར་སེལ་གཡས་དང་གཡོན་དུ་འབབ་པ་དག་ཅིག་པ་ཉིད་ཀྱི་ཨ་བ་དྷུ་ཏཱིར་རབ་ཏུ་ཞུགས་པ་སྟེ་དེའི་དོན་དུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ལག་པ་དག་གིས་འཁྱུད་པའི་ཚུལ་བྱེད་པ་ནི་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་དབང་སྟེ
བཞི་པའོ། །རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་ནི་གཟུགས་ལ་སོགས་པ་ཡུལ་དང་མིག་ལ་སོགས་པ་དབང་པོ་ལེགས་པར་དག་པ་སྟེ། ཐ་མལ་པའི་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་འགགས་ནས་ལྷའི་མིག་ལ་སོགས་པ་དབང་པོ་རྣམས་ཀྱི་ལྷའི
རྣམ་པར་ཤེས་པ་རྣམས་སྟོད་པ་ཉིད་ཀྱི་གཟུགས་ཀྱི་ཡུལ་བེམ་པོ་མ་ཡིན་པར་རབ་ཏུ་འཇུག་པར་ངེས་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱེད་པའི་ཕྱིར་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་སྟེ་ལྔ་བའོ། །བྲམ་ཟེ་ལ་སོགས་པ་རྣམས་ཅིག་པ་ཉིད་ཀྱི་དགོངས
བ་ཨས་ཆེ་གེ་མོ་རྡོ་རྗེ་ཞེས་པ་མིང་གི་བྱེད་པ་ལས་བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་ཡོངས་སུ་རྫོགས་པ་དུས་ཐམས་ཅད་དུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམ་པར་དག་པ་སྒྲིབ་པ་མེད་པ་ཉིད་དོ་ཞེས་པ་མིང་གི་དབང་སྟེ
དྲག་པའོ། །དཔག་ཏུ་མེད་པའི་སེམས་ཅན་གྱི་ཁམས་ལ་བསམ་པའི་དབང་ཇི་ལྟར་ཀུན་རྫོབ་དང་དོན་དམ་པའི་རྣམ་པར་དབྱེ་བས་མཆོག་ཏུ་གསང་བ་རྡོ་རྗེ་ཐེག་པ་བསྟན་པའི་དོན་དུ་རྗེས་སུ་གནང་བ་ནི་རྗེས་སུ་གནང་བའི་དབང་སངས་རྒྱས་ཉིད་རྫོགས་པར
བྱེད་པ་སྟེ་བདུན་པའོ། །དབང་བསྐུར་བདུན་པོ་འདི་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་རྣམ་པར་སྤངས་ནས་གཞན་རས?་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་བ་མ་ཡིན་ནོ། །བུམ་པ་ལ་སོགས་པའི་དབང་རྣམས་ནི་དཀྱིལ་འཁོར་བཞེངས་པ་ལས་གཞན་གྱི་ཀྱང
སྦྱིན་པར་བྱའོ། །སྡང་མདོར་བསྟན་པའི་དབང་བཅུ་གཅིག་པ་རྣམས་ཀྱི་ནང་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁང་བཟངས་ཀྱི་ཐེག་སྐས་སུ་གྱུར་པ་འོག་མ་ཀུན་རྫོབ་ཀྱི་གཟུགས་ཅན་དབང་བདུན་པོ་རྣམས་རྣམ་པར་བཤད་ནས་གང་ཞིག་རྣལ
འབྱོར་པ་ལ་ཀུན་རྫོབ་དུ་གྱུར་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་ཅིང་དོན་དམ་པའི་རྗེས་སུ་མཐུན་པའི་དབང་གསུམ་པོ་རྣམས་བུམ་པ་ཞེས་པ་ལ་སོགས་པས་མདོར་བསྟན་ཏོ། །ཇི་སྲིད་ཕྱོགས་ཀྱི་ལོ་ནི་གཅིག་པུ་རྣམ་པ་བཅུ་དུ་འགྱུར་ཏེ་ལྟ་བ་དང
ན་རིག་པར་བྱ། དེ་ནས་འཁྱུད་པར་བྱ་སྟེ་རོ་དང་བཅས་པའི་ཆུ་གཏེར་གཡོ་བ་ལ་སོགས་པ་རྣམས་སྟེན་པར་བྱ། །ལོ་ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏུ་འཇིག་བྱེད་པ་སྟེ་ཁྲོ་བོ་འབྱུང་པོ་ལྷ་མིན་ཆ་དབང་གི་དོན་དུ་དྲུག་དང་བཞི་ནི་དེ་བདེ་མཉམ་འབྲས་བུ་སྟེར
བ་གཞན་ནི་སྒོམ་པའི་དོན་དུའོ་། དཔལ་ལྡན་ཤེས་རབ་ནུམ་ལ་ཡང་དང་བོར་རེག་པ་གང་ཡིན་དེ་ཉིད་བུམ་པའི་དབང་ཡིན་ནོ། །གསང་བ་དག་ལས་རི་བོར་འཛིན་པ་མྱང་བ་དང་ནི་བལྟ་བ་དག་གིS་གསང་བའི་དབང་དུ་འགྱུར། ཤེས་རབ་ཡེ་ཤེས་དབང་ལ་མཛའ་
དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱི་སྦྱང་?་ནས་ནི་། རྒྱལ་བ་དག་ཀྱང་འདིར་ནི་བླ་མས་དབང་པོར་བྱས་ནས་སློབ་མ་ལ་ནི་ཕྱག་རྒྱ་བྱིན་བར་བྱ། །རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལེན་མཛེས་པའི་བུ་མོ་ནི། ཁྲག་དང
ལྡན་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གི་རང་གི་རྡོ་རྗེ་ནོར་བུ་འདོད་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་?། ཕྱི་ནས་རང་གི་ཕྱག་རྒྱ་སྦྱིན་བྱ་དེ་ནས་སླར་ཡང་གཞན་པ་དུ་བའི་ལམ་སོགས་ལྡན་པའོ། །སྐྲག་དང
རྣམ་པར་འཁྲུལ་པའི་སེམས་ལྡན་གཡོ་རྒྱུ་གཞན་དབང་འགྲོ་མ་?་དང་ལྡན་དང་བུ་སྐྱེས་མ། །ཁྲོ་ཁེངས་ནོར་ལ་སྲེད་དང་མི་བདེན་རྩོད་པ?་དགའ་རང་གི་ཡན་ལག་སྨན་དང་རྣམ་དག་མིན། ཤེས་རབ་འདི་རྣམས་དབང་ལ་ཤིན་ཏུ་མཁས་པའི་བླ་མ་དག་གི་སྤང
བར་བྱའོ་མི་ཡི་དབང། །སྔར་བརྗོད་སངས་རྒྱས་ལ་གུས་བླ་མའི་དམ་ཚིག་འཛིན་མ་རྣམས་ནི་ཕྱག་འཚལ་བ་དང་མཆོད་བར་བྱ། །ད་ནི་དབང་གོང་མ་ལས་བུམ་པ་ལ་སོགས་པ་གོང་མ་གསུམ་གྱི་ཆོག་གསུངས་སྟེ། འདིར་བུམ?་པ་ལ་སོ་བའི་དབང་གི་དོན་དུ་ཕྱག་རྒྱ་ལོ་བཅུའི་བར་གཞོན་ནུ་མ་སྤང་བར་བྱའོ། །གང་གི་ཕྱིར
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཅིག་པུ་རྣམ་པ་བཅུར་འགྱུར་ཏེ་ལོ་སོ་སོར་སྦྱིན་པ་ལ་སོགས་པ་རྣམ་པར་དག་པས་སོ། །དེ་ལ་ཡང་ཇི་སྲིད་སོ་ལྷུང་བར་མ་གྱུ་པ་དེ་སྲིད་དུ་ཡེ་ཤེས་ཀྱི་ཁམས་ཏེ་མི་ཟད་བ་ཉིད་ཀྱི་ཕྱིར་རོ། །དེ་ནས་སོ་ལྟུང་ནས་ནམ་མཁའ་ཨི
ཁམས་ཏེ་དེ་ལྟར་ཁམས་གཉིས་ཀྱི་གཞོན་ནུ་མ་སྐྱེས་གནས་མ་ཉམས་པའོ། །དེ་ནས་ང་ནི་ལྟ་བར་བྱ་བ་དང་རེག་པར་བྱ་བ་དང་མཆོད་པར་བྱའོ། །ལོ་བཅུ་པོ་དེ་ནས་ལོ་བཅུ་གཅིག་པ་དང་པོར་བྱས་ནས་ལོ་ཉི་ཤུ་མའི་བར་དུ་འཁྱུད་པར་བྱ་བ་སྟེ། དྲུག
དང་བཅས་པའི་བཞི་པོ་རླུང་གི་ཁམས་ལ་སོགས་པ་རྣམས་སྟེན་པར་བྱའོ། །དེའི་ཕྱིར་ལོ་བཅུ་གཅིག་མ་ལ་རླུང་གི་ཁམས་སོ་བཅུ་གཉིས་མ་ལ་མེའོ། །བཅུ་གསུམ་མ་ལ་ཆུའོ་བཅུ་བཞི་བ་ལ་སའོ་ཞེས་པ་བཞིའོ་བཅོ་ལྔ་མ་སྒྲའོ་བཅུ་དྲུག་མ་ལ
རེག་བྱའོ། །བཅུ་བདུན་མ་ལ་རོའོ། །བཅོ་བརྒྱད་མ་ལ་གཟུགས་སོ་བཅུ་དགུ་མ་ལ་དྲིའོ། །ཉི་ཤུ་མ་ལ་ཆོས་ཀྱི་ཁམས་སོ། །དེ་ནས་ལོ་ནི་ཉི་ཤུ་ཡན་ཆད་ཕྱག་རྒྱ་མཆོག་ཏི་འཇིག་བྱེད་མ་སྟེ། ཁྲོ་བོ་འབྱུང་པོ་ལྷ་མིན་ཆ་འདིར་ལོ་ཉི
ཤུའི་ཕྱི་ནས་ལོ་ཉི་ཤུ་རྩ་གཅིག་ནས་རྩམས་ཏེ་ལོ་སོ་སོ་རྣམ་གྲངས་ཇི་ལྟར་ཤིན་ཏུ་སྔོན་མོ་དང། ཤིན་ཏུ་སྟོབས་མ་དང་རླུགས་བྱེད་མ་དང་ཁེངས་བྱེད་མ་དང་རེངས་བྱེད་མ་དང། འོད་ཟེར་ཅན་མ་དང་ཙུནདཱ་དང་ཁྲོ་གཉེར་ཅན་དང་རྡོ་རྗེ་ལྕགས་སྒྲོག་མ་དང
དྲག་ཅན་མ་སྟེ་བཅུ་ནི་ཁྲོ་བོའི་ལྷ་མོ་རྣམས་སོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་ནས་བརྒྱད་ནི་འབྱུང་པོའི་ཆ་སྟེ། ཙར་ཙི་ཀཱ་དན་ཕག་མོ་དང་དྲག་མོ་དང་དབང་མོ་དང་ཚངས་མ་དང་དཔལ་ཆེན་མོ་དང་གཞོན་ནུམ་དང་ཁྱབ་འཇུག་མའོ། །དེ་ནས་ལོ
སུམ་ཅུ་རྩ་དགུ་ནས་བརྒྱད་ནི་ལྷ་མིན་གྱི་ཆ་སྟེ། ཁྱི་གདོང་མ་དང་ཕག་གདོང་མ་དང་སྟག་གདོང་མ་དང་མཁའ་ལྡིང་གདོང་མ་དང་?་གདོང་མ་དང་བྱ་རྒོད་གདོང་མ་དང་བྱ་རོག་གདོང་མ་སྟེ། ལོ་བཞི་བཅུ་རྩ་དྲུག་ཇི་སྲིད་པར
ཕྱག་རྒྱ་སྒོམ་པའི་དོན་དུའོ། །དབང་གི་དོན་དུ་སླར་ཡང་དྲུག་དང་བཞི་སྟེ་བ་དེ་མཉམ་འབྲས་བུ་སྟེར་བ་མེའི་ཁམས་ནས་རྩམས་ཏེ་ཆོས་ཀྱི་ཁམས་ཀྱི་ཇི་སྲིད་པར་རོ། །རླུང་གི་ཁམས་ནི་རྡུལ་མེད་པ་ཉིད་ཀྱི་ཕྱིར་བཟུང་བར་མི་བྱའོ། །ཞེས་པ་ངེས་པའོ།
འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ་གཅིག་ནི་སེམས་ཅན་བཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི་སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང། སྟོན་པ་པོ་བྱེད་པའི་སྐད་དུའོ། །དང་པོར
དབང་འདི་ལ་རེ་ཤིག་སྐྲག་པ་དང་རྣམ་པར་འཁྲུལ་པའི་སེམས་ལ་སོགས་པའི་སྐྱོན་དང་བྲལ་བའི་བུ་མོ་ལོ་བཅུ་གཉིས་མ་ལ་སོགས་པ་ཡོངས་སུ་སྨིན་པ་ནི་སློབ་མས་བླ་མ་ལ་དབུལ་བར་བྱའོ། །དེ་ནས་གསོལ་བ་བཏབ་པ་ལ་སོགས་པ་བྱས
ནས་སློབ་མས་བླ་མ་ལ་འཆད་པར་འགྱུར་བའི་སྟོང་པས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མ་མཉེས་པས་འཇིག་རྟེན་ཀུན་རྫོབ་ཀྱི་རང་གི་ཕྱག་རྒྱའི་ནུ་མ་ལ་རེག་པར་བྱེད་དུ་བཞུག་སྟེ། དེས་ན་དེ་ཉིད་བུམ་པའི་དབང་ཡིན་ནོ། །དེ་ནས་གསང་བའི་མཆོད་པ
བྱས་ནས་སློབ་མ་ལ་བདུད་རྩི་སྦྱིན་ཞིང་ཕྱག་རྒྱའི་པདྨ་ཡང་གསལ་བར་བྱེད་དུ་གཞུག་གོ་། དེ་ནས་རི་བོང་འཛིན་པ་མྱང་བ་དང་ལྟ་བ་དག་གི་གསང་བའི་དབང་དུ་འགྱུར་རོ། །དེ་ནས་ཤེས་རབ་དང་ཡེ་ཤེས་ཀྱི་དབང་ལ་ཨོཾ་ཡིག་ལ་སོགས་པའི་ས་བོན་རྣམས
ཀྱི་རིགས་ལྔའི་ཆ་དང་ལྡན་པར་བྱས་ཏེ། དེ་ནས་ཇི་ལྟར་སྐལ་བ་ངན་པའི་སེམས་ཅན་འདིའི་སྒོམ་པ་ལ་སོགས་པ་ལ་དབང་སྐུར་བའི་ངེས་པའི་སླད་དུ་སྟེ་སློབ་མ་རྣམས་ལ་རྒྱུད་སྟོན་པ་དང་དཀྱིལ་འཁོར་བྲི་བའི་སླད་དུ་ནི་མ་ཡིན་ནོ། །ཞེས་བླ་མས་རྒྱལ་བ་སྟེ།
རྡོ་རྗེས་སེམས་དཔའ་སྤང་པོར་བྱས་ནས་ལག་བཅངས་དང་གཉིས་གཉིས་འཁྱུད་པ་བྱེད་པའི་སླད་དུ་ཕྱག་རྒྱ་དེ་སློབ་མ་ལ་སྦྱིན་པར་བྱའོ། །དང་པོར་སློབ་མ་བཞུགས་པ་ལ་དབང་བསྐུར་བའི་ངེས་པའོ། །དེ་བཞིན་དུ་སློབ་དཔོན་ནི་དགོད་པ་ཡོན་ཏན་གཉིས་ཀྱི
བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་བས་སོ། །གསང་བ་ཞེས་པ་ལྟ་བ་ཡོན་ཏན་གསུམ་གྱི་བདག་ཉིད་རྣམ་པར་དག་པས་སོ། །ལག་བཅངས་ཞེས་པ་ཡོན་ཏན་བཞིའི་བདག་ཉིད་རྣམ་པར་དག་པས་སོ། །གཉིས་གཉིས་འཁྱུད་པ་ཞེས་པ་ཡོན
ཏན་ལྔའི་བདག་ཉིད་ཁུ་བའི་བདེ་བའི་ལྷ་རྣམ་པར་དག་པས་སོ། །འཇིག་རྟེན་པའི་ཀུན་རྫོབ་ཀྱི་སེམས་ཅན་བཞུག་པའི་སླད་དུ་དབང་རྣམ་པ་བཞིའི་ངེས་པའོ། །དེ་ནས་འགྲེལ་བཤད་དང་བཅས་པའི་རྒྱུད་ཐམས་ཅད་ཐོས་ཤིང་ཤེས་པ་ན་བདག
པོ་ཆེན་པོ་ཉིད་ཀྱི་སླད་དུ་གསུངས་པའི་རིག་མ་ཅུ་བོ་རྣམས་ཁྱིམ་ན་གནས་བའི་སློབ་མས་བླ་མ་ལ་རིམ་པ་ཇི་ལྟ་བས་དབུལ་བར་བྱའོ། །འདིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཚ་མོ་དང་ནི་བུ་མོ་དང། །སྲིད་མོ་དེ་བཞིན་སྐྱེད་བྱེད་མ།
དེ་བཞིན་ཆུང་མའི་མ་དང་ནི། །དེ་བཞིན་ཞང?་པོའི་བུད་མེད་དང། །ཕ་ཡི་སྤུན་ཟླའི་ཆུང་མ་དང། །དེ་བཞིན་པ?་ཡི་སྲིང་མོ་དང། །རང་གི་མ་ཡི་སྤུན་ཟླ་ཉིད། །རང་གི་ཆུང་མ་མཆོག་གཟུགས་ཅན། །སྒྲོལ་མ་ལ་སོགས་ཆོས
ཁམས་མཐར། །རང་རིགས་ལས་སྐྱེས་རིགས་མ་བཅུ། །ཐར་པ་འདོད་པའི་སློབ་མ་ཡིས། །དབར?་གི་དུས་སུ་རབ་སྦྱིན་བྱ། །རིག་མ་འདི་རྣམས་རིགས་བསྲུང་ཕྱིར། །གལ་ཏེ་བླ་མར་མི་འབུལ་ན། །དེ་ཚེ་ཁྱིམ་ན་གནས་རྣམས་ལ། །གཞན་གྱི
དབང་བསྐུར་སྦྱིན་མི་བྱ། །དཀྱིལ་འཁོར་དུ་ནི་དབང་བསྐུར་བའི། །དམངས་རིགས་སྐྱེས་སོགས་གཞན་རྣམས་ཀྱིས། །དགེ་སློང་དགེ་ཚུལ་རྣམས་ལ་ནི། །བླ་མས་སྦྱིན་བྱ་མི་ཡི་བདག་།རླུང་སོགས་རིམ་པས་དམངས་རིགས་མོ། །རྒྱལ་རིགས་དེ
བཞིན་བྲམ་ཟེ་མོ། །རྗེ་མོ་གཡུང་མོ་ཉ་པ་མོ། །གར་མ་དེ་བཞིན་ཚོས་མཁན་མོ། །ཀོ་ལྤགས་བྱེད་མ་གཏུམ་མོ་ནི། །ཆོས་ཁམས་མཐར་སྐྱེས་མ་སྟེ་བཅུ། །རིགས་མ་ཆེན་མོར་ཡང་དག་བརྗོད། །ལོངས་སྤྱོད་གྲོལ་འབྲས་རབ་ཏུ་སྟེར་ཞེས
པའོ། །དེ་ལྟར་གསུངས་པའི་རིམ་པས་ཕ་རོལ་ཏུ་ཕྱིན་པ་བཅུ་དང་དབང་བཅུ་དང་ས་བཅུ་དང་སྟོབས་བཅུ་རྣམས་ཀྱིས་རྣམ་པར་དག་པར་འགྱུར་རོ་ཞེས་པ་སྟེ་བདག་པོ་ཉིད་བྱེད་པའི་སླད་དུ་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་གནས་མངོན་པར་འདོད་པས་ཕྱག་རྒྱ
བཅུ་སྦྱིན་པར་བྱའོ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ལྟར་སློབ་མས་བླ་མ་ལ་ཕྱག་རྒྱ་བཅུ་ཕུལ་ཏེ། དེ་ནས་བཀའ་སྩལ་དོན་དུ་གཉེར་བར་བྱའོ། །ཀྱེ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་བདག་གིས་ད་ནི་ཅི་ཞིག
བགྱི། དེ་ནས་སློབ་དཔོན་གྱིས་གསུངས་པ། བཅུའི་ནང་ནས་རང་གི་ཆུང་མེ་འདི་བཟུང་ནས་དེ་དང་ལྷན་ཅིག་ཏུ་བདག་ལ་གསོལ་བ་གདབ་པ་བྱོས་ཤིག་།དགེ་སློང་དང་དགེ་ཚུལ་རྣམས་ལ་ནི་གཏུམ་མོ་རང་གི་ཆུང་མར་བྱའོ། །དེ་ནས་བླ་མའི་ངེས
པ་དེ་བཟུང་ནས་གཉིས་ཀྱིས་གསེར་ལ་སོགས་པའི་མེ་ཏོག་རྣམས་ཀྱི་མཎྜལ་བྱས་ཏེ་དེ་ནས་གསོལ་བ་གདབས་པར་བྱའོ། །སྒྲིབ་པ་ཐམས་ཅད་བཅོམ་པ་ཡིས། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེ་བ་རྫོགས། །ཡེ་ཤེས་སྐུ་ཁྱོད་ལ
འདུད་དོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ནི་འགྱུར་མེད་གང། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་མཛོད། །བུ་དང་ཆུང་མ་ལ་སོགས་བཅས། །བདག་ནི་དུས་ཀུན་ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི
མཐར། བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་པས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཆུང་མ་དང་བཅས་པ་གཟིགས་ནས་སློབ་དཔོན་གྱིས་སྒྲ་རྡོ་རྗེ་མལ་རྒྱན་ཐམས་ཅད་དཀྲོལ་ཞིང་གཅེར་བུར་བྱས་ནས་འཁྱུད་དུ་གཞུག་པར་བྱའོ། །ཁྱིམ་པ
རྣམས་ནི་ཆུང་མའི་མ་ལའོ། །དེ་ནས་ཤར་དུ་སྒྲོལ་མ་།ལྷོར་གོས་དཀར་མོ། །བྱང་དུ་མཱ་མ་ཀཱི། ནུབ་ཏུ་སྤྱན་མ། མེར་རེག་བྱ་རྡོ་རྗེ་མ། བདེན་བྲལ་དུ་?་རྡོ་རྗེ་མ། རླུང་དབང་ལྡན་དུ་གཟུགས་རྡོ་རྗེ་མ། རླུང་དུ་དྲི་རྡོ་རྗེ་མ་སྟེ་རྣལ་འབྱོར་མའི་འཁོར་ལོ་གཅེར
བུ་སྐྲ་གྲོལ་བ་གྲི་གུག་དང་ཐོད་པ་ཅན་རྣམས་དགོད་པར་བྱ་སྟེ་རིག་མ་དགུ་པོ་རྣམས་ཀྱིས་རིམ་པ་བཞིན་དུའོ། །དེ་ལྟར་སྔར་དབང་བསྐུར་བ་ནི་ཆུ་ལ་སོགས་པ་རྣམ་པ་བདུན་ནོ། །དེ་ནས་གོང་མའི་དབང་ནི་ཐུན་མོང་པའི་ལས་ཀྱི་ཕྱག་རྒྱ་ཡིས་སོ། །གོང་མའི
ཡང་གོད་མའི་དབང་ནི་ཕྱག་རྒྱ་འབུལ་བའི་དོན་དུ་དམངས་རིགས་ལས་སྐྱེས་པ་སྔར་གསུངས་པ་བཅུ་པོ་རྣམས་ཀྱིས་སོ། །བུམ་པ་བརྒྱད་རྣམས་དང་རྒྱལ་བ་དང་རྣམ་པར་རྒྱལ་པའི་བུམ་པ་དག་གིས་དགེ་སློང་ལ་ཁྲུས་བྱའོ། །དགེ་ཚུལ་ལ་དེ་རྣམས་ཀྱི
ནང་ནས་ཕྱག་རྒྱ་དྲུག་གིས་བུམ་པ་བཞི་དང་རྒྱལ་པའི་བུམ་པ་དག་གིས་ཁྲུས་བྱའོ། །ཁྱིམ་ན་གནས་པ་ལ་དགུ་པོ་དེ་རྣམས་ཀྱི་ནང་ནས་རང་གི་ཆུང་མ་གཅིག་པུ་ཡིས་རྣམ་པར་རྒྱལ་བའི་བུམ་པ་གཅིག་པུས་སྔར་གསུངས་པའི་ཆོགས་དབང་བསྐུར་བར
བྱའོ། །དེ་ནས་ཕྱག་རྒྱ་གཏད་པར་བྱ། །བུམ་དབང་སྦྱིན་པའི་དོན་དུའོ། །ཞེས་པ་སྟེ། འདིར་རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི་ལོ་ཉི་ཤུའི་མཐར་ཐུག
ཁྲག་དང་ལྡན་པ་ལ་ཤེས་རབ་ཐབས་ཀྱི་བདག་ཉིད་དག་གིས་ནི་ལྷའི་རྣལ་འབྱོར་གྱིས་རང་གི་རྡོ་རྗེ་ནོར་བུས་འདོད་པ་སྤྱད་ནས། །ས་བོན་དང་བཅས་རྡོ་རྗེ་དག་ཀྱང་གོང་མའི་དབང་ལ་སློབ་མ་དག་པར་ཤེས་ནས་ཁ་རུ་འཕང་བ་བྱས་ནས་ནི། ཕྱི་ནས་རང
གི་ཕྱག་རྒྱ་སྦྱིན་བྱ་ནི་སློབ་དཔོན་གྱིS་གང་ལ་འཁྱུད་པའོ། །ཡང་ན་བུའི་ཆུང་མ་ལ་སློབ་དཔོན་རང་གིས་མངོན་པར་བགྲོད་དེ། །དེ་ནས་དབང་གི་དུས་ལ་བབ་པ་ན་སློབ་མ་ལ་སླར་ཡང་རང་གི་ཆུང་མ་གཏད་པར་བྱའོ། །འདིར་བུམ་པའི་དབང་ལ
ཤེས་རབ་ཀྱི་ནུ་མ་ལ་ཐབས་ཀྱིས་རེག་པར་བྱེད་དེ། བླ་མ་ལས་སློབ་མ་ཆུང་མར་བྱེད་དོ། །གསང་བའི་དབང་ལ་སློབ་མས་ཆུང་མའི་མཁར་རྡོ་རྗེ་གཞུག་པར་བྱའོ། །སློབ་མའི་མིག་བཅིངས་ཏེ་བླ་མར་ཤེས་རབ་ཀྱི་ན་ར་ནཱ་སི་ག་གཞིབ་པར
བྱའོ། །དེ་ནས་སློབ་དཔོན་གྱིས་ཆུང་མ་ཤེས་པས་རང་གི་ཕྱག་རྒྱ་གཏད་པར་བྱའོ། །ཞེས་པ་ཐམས་ཅད་དུ་བདག་པོ་ཆེན་པོ་ལ་དབང་གི་ཆོ་གའོ། །གལ་ཏེ་ཕྱག་རྒྱ་བཅུ་ཡོད་ན་དེའི་ཚེ་གང་དང་གང་ལ་འདོད་པ་སྤྱོད་པར་ནུས་པའི་སློབ་མ
ལ་དེ་དང་དེ་བཏད་པར་བྱ་སྟེ་མཚན་མོ་ཕྱེད་ནས་ཆུ་ཚོད་གཉིས་ཀྱི་རྟིད་ལ་ཉི་མ་འཆར་བ་ཇི་སྲིད་པར་དོ། །དེ་ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་པར་བྱ་སྟེ། གཤེགས་སུ་གསོལ་ནས་སློབ་མ་ལ་སྡོམ་པ་སྦྱིན་པར་བྱའོ། །ཀུན་རྫོབ་ཏུ
ཀ་ཧཡད་པར་དགའ་བའི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་བདག་གིས་བརྗོད་པ་གང་ཡིན་པ་འདི་དང་ཐིག་ལེ་གསུམ་གྱི་མཐར་གང་ཡིན་པ་དེ་ནི་དོན་དམ་པར་མི་འགྱུར་ཏེ་དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ནི་འཕོ་བ་མེད་པའི་ཕྱིར
རོ། དེས་ན་བདེ་བ་ཆེན་པོ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ། །རྩ་བའི་རྒྱུད་དུ་གསུངས་པ། །ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་བ་དང། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང། །བདེ་བ་ཆེན་པོའི་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་བོར་བསྲུང་བར་བྱ།།
བྷ?་གར་ལིང་ག་རབ་གཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པ་ནི་མ་ལུས་ནས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས།།
བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག་།འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞིན་དོན་བསྒྲུབ་པའི་སླད། །སྟོང་ཉིད
སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་སྐྱོང་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་བརླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ
ཆགས་པས་ཟིལ?་མནན་བདག་། གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་དུ་འབོད་དུ་འགྲོ་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྟུང་གྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །
པདྨའི་ཕྱི་རོལ་རང་ལྕེས་བླང། །ཞེས་པ་སྟེ། སློབ་དཔོན་གྱིས་སློབ་མ་ལ་སྡོམ་པ་བྱིན་ནས་སློབ་མས་ཀྱང་བླ་མ་ལ་ཡོན་ཕུལ་ཏེ་སླར་ཡང་མཎྜལ་བྱས་ནས་གསོལ་བ་གདབ་པར་བྱའོ། །བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་པར་དུ་བྱེད་པ་བཀའ་དྲིན་མཛད
དུ་གསོལ། །དེ་ནས་བླ་མས་སློབ་མ་བོས་ཏེ་བུ་ཁྱོད་ཉོན་ཅིག། ཀུན་རྫོབ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མཐུན་མོངས་གི་བདེ་བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ནི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གཅིག་ལྷག་པའི་བརྒྱ་བ་ལ་སོགས་པ་རྣམས
ཀྱིས་མཆོག་གི་དང་པོའི་སངས་རྒྱས་ལས་འཇམ་པའི་རྡོ་རྗེས་འདོད་པ་བསྐྱོད་པར་ཞེས་པ་ལ་སོགས་པ་རྣམས་ཀྱིས་ཕྱང་བ། འདོད་པ་སྐྱོད་པར་བྱེད་པ་འགྲོ་བའི་རང་གི་ཡིད་ལ་འོ་གང་བ་དག་ནི་གང་བ་ཉིད་དུ་འགྱུར། །གང་ལ་ཡན
ལག་མཆོག་ལས་འབར་བའི་རི་པོང་འཛིན་པ་ཁུ་བར་བྱས་ནས་ཐིག་ལེ་བཟང་པོ་འཛག་། ཨོཾ་ཊཊཱས་བཀུག་པ་མཆོག་གི་བདེ་བ་རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། །བལྟ་དང་རེག་དང་འགྲོགས་ལ་འཛག་པའི་བདེ་བ་འདི
དག་དགའ་བའི་དབྱེ་བ་ལ་སོགས་དག་གིས་སོ། །འདོད་པ་དགའ་བར་བྱེད་པ་དེ་མི་རྣམས་ཀྱི་ནི་དང་པོ་དག་ཀྱང་མིག་གིས་བལྟ་བ་དག་ལའོ། །ཕྱི་ནས་གང་བ་རབ་ཏུ་འགྲོགS་པ་ལ་སྟེ་སླར་ཡང་མཆོག་གི་དགའ་བ་ཉིད་དོ་རང་ལུས་ལ། །འབར་བ་ཐིག
ལེ་འཛག་པ་དང་ནི་དགའ་བ་ཡང་སྟེ་ཁྱད་པར་དགའ་བ་རྡོ་རྗེས་པདྨ་ལ། །ོཾཊཊཱ་ཐིག་ལེ་གསུམ་གྱི་མཛའ་རུ་འགྱུར་པ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། །འདོད་དང་དགའ་བ་དག་ནི་འདར་དང?་འགྱུར་མེད་ཀྱང་སྟེ་བཞི་པོ་ཡིས་ནི
སྦྱིན་པ་དེ་གཅིག་སྟེ། །གང་བ་དང་ནི་ནུས་དང་སྐྱེ་བ་དག་དང་མཆོག་གི་དགའ་བ་དེ་ལྟར་གཉིས་པར་ངེས་པར་འགྱུར། འབར་བ་དང་ནི་ཐིག་ལེ་བརྒྱལ་བ་དག་དང་སླར་ཡང་ཁྱད་པར་དགའ་བ་དེ་ལྟར་གསུམ་པའོ། །ོཾཊཊཱ་དང་ནི་ནཱ་ད་དག་དང
གཉིད་དང་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ལྟར་བཞི་པར་འགྱུར། །འདིར་འགྲོ་བ་ཐམས་ཅད་ཀྱི་ཡིད་ལ་འདོད་པ་སྐྱོད་པར་བྱེད་པ་དེ་ནི་དང་པོ་དགའ་བའོ། །དེ་ནས་གང་བའི་གནས་སྐབས་ནི་ཤེས་རབ་ལ་འཁྱུད་པ་ལ་སོགས་པས་དཔྲལ
བྱང་ཆུབ་སེམས་རྫོགས་པ་ཉིད་ཀྱི་ཕྱིར་གང་བ་ཉིད་དུ་འགྱུར་བ་སྟེ་གཉིས་པ་མཆོག་དགའ་ཨོ། །དེ་ནས་གང་བ་ཡན་ལག་མཆོག་ལས་འགྲིག་པ་ལ་འབར་བའི་གནས་སྐབས་ནི་རི་བོང་འདོན་པ་ཁུ་བར་བྱས་ནས་ཐིག་ལེ་འཛག་པ་སྟེ་གསུམ་པ་ཁྱད
པར་དགའ་པར་བྱེད་དོ། །དེ་ནས་ཨོཊཊཱའི་གནས་སྐབས་ནི་ཐིག་ལེ་འཕོ་བའི་དུས་སུ་སྐུ?་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་ཀྱི་མཐར་ཐིག་ལེ་བཞི་པ་འབྱུང་བའི་དུས་ན་ལྷན་ཅིག་སྐྱེས་པའི་དགའ་བ་བྱེད་དོ། །དེ་ལྟར་ཚེས་གཅིག་ལ་སོགས་པ་ཆ་ལྔ་ལྔ་བོ
ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་རང་བཞིན་དགའ་བ་དང་བཟང་པོ་དང་རྒྱལ་པ་དང་སྟོང་པ་དང་རྫོགས་པའི་མིང་ཅན་ཨ་ཨཻ་རི་ཨཽ་ལི་ཀ། ཨ་ཨེ་ཨར་ཨོ་ཨལ་ཙ། ཧ་ཡ་ར་བ་ལ་ཊ་ཞེས་བའི་དབྱངས་འདི་རྣམས་ཀྱི་ཆོས་ཅན་རྣམས་ཀྱིས
སོ། དེ་ལྟར་ལྔ་པ་ནི་དགའ་བ་རྫོགས་པའོ། །བཅུ་པ་ནི་མཆོག་དགའ་རྫོགས་པའོ། །ཉིན་ཁྱད་པར་དགའ་བ་རྫོགས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་ནི་ཆ་བཅུ་དྲུག་པ་སྟེ། ཁམས་ཐམས་ཅད་སྡུད་པ་དང་འདུག་དང་འདུས་པ་དང་སྡོམ
པའོ། དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཆགས་པ་ནི་དཀར་པོའི་ཕྱོགས་ཏེ་ཆགས་བྲལ་ནི་ནག་པོའི་ཕྱོགས་སོ། །ཇི་ལྟར་མཚན་ཡང་དག་པར་བརྗོད་པ། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ
ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་པའི་ཆོས་འཛིན་པ། །ཞེས་པ་དང། དེ་བཞིན་དུ། རྣམ་པ་ཐམས་ཅད་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང། །ཆ་མེར་ཆ་ལས་འདས་པ་བོ། །བསམ་གཏན་བཞི་པའི་རྩེ་མོ་འཆང
ཞེས་བཅོམ་ལྡན་འདས་ཀྱི་ངེས་པའོ། །དོན་དམ་པས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་ལེའུ་ལྔ་པར་རྒྱ་ཆེར་ཤེས་པར་བྱ་སྟེ་འདིར་རྒྱས་པར་མ་བྱས་སོ། །ད་ནི་འདོད་པ་ཞེས་པ་ལ་སོགས་དགའ་བ་བཅུ་དྲུག་པོ་རྣམས་ཀྱི་སྦྱོར་པ་བཞི་གསུངས་ཏེ།
འདོར་སེམས་ཅན་ཐམས་ཅད་ཀྱི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་བའི་གནས་སྐབས་ཀྱི་དབྱེ་བས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་སྦྱོར་བ་སྟེ་དེ་རྣམས་ཀྱི་དགའ་བ་ལ་སོགས་པའི་དབྱེ་བས་བཅུ་དྲུག་བོ། །དེ་ལ་འདོད་པ
ཞེས་པ་སྐུའི་དགའ་བའོ། །དགའ་བ་ཞེས་པ་གསུང་གི་དགའ་བའོ།། འདར་བ་ཞེས་པ་ཐུགས་ཀྱི་དགའ་བའོ། །འགྱུར་མེད་ཅེས་པའི་མིང་གིS་ཡེ་ཤེས་ཀྱི་དགའ་བའོ། །དེ་ལྟར་བཞིན་ཡིས་དགའ་བ་སྟེ་གཅིག་པའི་སྦྱོར་བའོ། །དེ་བཞིན་དུ་གང
པ་ཞེས་པ་སྐུའི་མཆོག་དགའ་ཨོ། །འདིར་མཆོག་གི་དབང་བ་ལ་སོགས་པ་གསུམ་པོ་རྣམས་མཛའ་མ་ལ་སོགས་པས་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་ཏེ་སྡེབ་སྦྱོར་གྱི་དབང་གིས་སོ། །དེ་ཕྱིར་མཆོག་གི་དགའ་བ་ཞེས་པ་གསུང་གི་མཆོག་དགའ་ཨོ།།
སྐྱེ་བ་ཞེས་པ་ཐུགས་ཀྱི་མཆོག་དགའ་ཨོ། །ནཅུག?་པ། ཞེས་པ་ཡེ་ཤེས་ཀྱི་མཆོག་དགའ་ཨོ། །ཞེས་པ་གཉིས་པའི་སྦྱོར་བའོ། །འབར་བ་ཞེས་པ་སྐུའི་ཁྱད་པར་དགའ་བའོ། །ཁྱད་པར་དགའ་བ་ཞེས་པ་གསུང་གི་ཁྱད་པར་དགའ་བའོ། །བརྒྱལ་བ
ཞེས་པ་ཐུགས་ཀྱི་ཁྱད་པར་དགའ་བའོ། །ཐིག་ལེ་ཞེས་པ་ཡེ་ཤེས་ཀྱི་ཁྱད་པར་དགའ་པའོ་ཞེས་པ་གསུམ་པའི་སྦྱོར་བའོ། །དེ་བཞིན་ཨོཊཊཱ་ཞེས་པ་སྐུའི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པ་གསུང་གི་ལྷན་ཅིག་སྐྱེས
པའི་དགའ་བའོ། །གཉིས་ཅེས་པ་ཐུགས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ནཱད་ཞེས་པ་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་ལྟར་ན་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ངོ་བོ་ཉིད་ཀྱི་དབྱེ་བས་སྐུ་རྣམ་པ་བཞི་དང་གསུང་རྣམ་པ
བཞི་སྟེ། དེ་བཞིན་དུ་ཐུགས་རྣམ་པ་བཞི་དང་ཡེ་ཤེས་རྣམ་བཞིའོ། །དེ་ལྟར་དགའ་བ་བཅུ་དྲུག་གི་དབྱེ་བ་རྣམས་རྒྱ་ཆེར་དཔལ་ལྡན་གྱོད?་དུ་བལྟ་བར་བྱའོ། །དགའ་བ་བཅུ་དྲུག་གི་མཛའ་ལྷན་ཅིག་སྐྱེས་པའོ་ཞེས་པ་ངེས་པའོ། །འཇིག་རྟེན་པའི
དངོས་གྲུབ་པར་བྱེད་པའི་དབང་རྣམ་པ་གསུམ་མདོར་བསྟན་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཐུན་མོང་མ་ཡིན་པ་དབང་བཅུ་གཅིག་པ་གསུངས་པ་སླར་ཡང་ཞེས་པ་ལ་སོགས་པའོ། །ཤེས་རབ་ཆེན་པོ་ཞེས་པ་རྣམ་པར་རྟོག་པ་ཀུན་ཏུ་མ
བརྟགས་པ་འཆད་པར་འགྱུར་བའི་ཕྱག་རྒྱ་ཆེན་མོའོ། །དེའི་ཡེ་ཤེས་ནི་དེ་བསྒོམས་པ་ལས་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོ་སྟེ་དབང་བཅུ་གཅིག་པའོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་དབང་བཅུ་གཅིག་ཉིད་གསུངས་ཏེ། འདི་ལྟར་ཆུའི་དབང་གིS་དང་པོ་སྟེ
ཅོད་པན་དབང་བཀུར་གཉིས་པའོ། །གསུམ་པ་དར་དབྱངས་དབང་གིས་ཏེ། རྡོ་རྗེ་དྲིལ་བུས་བཞི་པའོ། །ལྔ་པ་རང་གི་བདག་པོ་ཉིད། །མིང་གི་དབང་ནི་དྲུག་པ་སྟེ། །སངས་རྒྱས་རྗེས་གནང་བདུན་པར་འདོད། །བུམ་པས་དབང་བསྐུར་བརྒྱད་པ་ཡིན། །དགུ་པ
གསང་པའི་དབང་གིས་ཏེ། །ཤེས་རབ་དབང་བསྐུར་བཅུ་པའོ། །དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས། །རྡོ་རྗེའི་བརྟུལ་ཞུགས་ཀུན་སྦྱིན་ཞིང། །རང་ཉིད་སྟོན་པས་ལུང་སྟོན་པ། །འདི་ནི་དབང་བསྐུར་ཆོ་ག་ཡིན། །སློབ་དཔོན་སྨད་པར་མི་བྱ་ཞིང། །བདེ་གཤེཌ
བཀའ་ལས་འདའ་མི་བྱ། །ཞེས་པ་སྟེ། དེ་ལྟར་དེ་ཉིད་རྡོ་རྗེའི་རབ་སྦྱོར་གྱིས་ཤེས་པས་གཙོ་བོར་དབང་བཅུ་གཅིག་པ་བཅོམ་ལྡན་འདས་ཀྱིས་གསལ་པོར་གསུངས་པའི་ཕྱིར་མཁས་པ་རྣམས་ཀྱིས་དབང་བཞི་པ་འམ་བཅུ་གཅིག་པ་ཐ་དད་པ་ཉིད་དུ
རྟོགས་པར་བྱའོ། །བུམ་པ་ལ་སོགས་པ་བཞི་པོ་འདི་རྣམས་ཀྱིS་རྗེས་སུ་འགྲོ་བ་དང་བཅས་པ་ནི་གྲངས་བཞིན་དུ་འགྱུར་བ་དང་མི་འགྱུར་བ་དང་འཛག་པ་དང་མི་འཛག་པ་ཞེས་བྱ་བའི་མིང་རྣམས་སོ། །ལུས་ཞེས་པ་ལ་སོགས་པ་གོ་སླའོ། །དེ་བཞིན
དུ་བྱིས་པ་དང་མ་དང་རྒན་པོ་དང་སྐྱེ་དགུའི་བདག་པོའི་མིང་རྣམས་སོ། །ཤེས་རབ་ཅེས་པ་ལོ་བཅུ་གཉིས་མ་ནས་བརྩམས་ནས་ལོ་ཉི་ཤུ་མའི་བར་དུ་སྟེ་།དབང་བསྐུར་བ་ན་རང་གི་སེམས་དགའ་བའི་སྐལ་པ་དང་ལྡན་མ་དེའི་ནུ་མར་ཡན་ལག་ནི། རེག
པ་ཨS་བྱང་ཆུབ་སེམས་འཕོ་ཞེས་པ་གཙུག་ཏོར་གྱི་པདྨ་འདབ་མ་བཞི་པ་ལས་ཁུ་བ་བདུད་རྩིའི་རྒྱུན་དཔྲལ་བའི་པདྨ་འདབ་བཅུ་དྲུག་པའི་བར་འོངས་པས་སྐུའི་དགའ་བ་དད་གསུང་གི་དགའ་བ་དང་ཤུགས་ཀྱི་དགའ་བ་དང་ཡེ་ཤེས་ཀྱི་དགའ་བའི་བདག་ཉིད
ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་བྱིས་པ་སྟེ། རྣལ་འབྱོར་པའི་འོ་མ་འཛིན་པས་དབང་བསྐུར་བ་ནི་དབང་དང་པོ་ཐོབ་པ་ཉིད་ཀྱི་ཕྱིར་བྱིས་པ་ཞེས་བརྗོད་དོ། །དེ་ནས་དེའི་གསང་བར་ཅུང་ཟད་རྡོ་རྗེ་གསོར་པས་བྱང
ཅ་ཧུབ་སེམས་ནི་འཕོ་བ་ཞེས་པ་མགྲིན་པའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ལས་སྙིང་ཁའི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སྐུའི་མཆོག་དགའ་དང་གསུང་གི་མཆོག་དགའ་དང་ཐུགས་ཀྱི་མཆོག་དགའ་དང་ཡེ་ཤེས་ཀྱི་མཆོག་དགའ་ཨི་བདག་ཉིད་ཀྱི
བདེ་བ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་སྔ་མ་ལས་ཁྱད་པར་དུ་གྱུར་པ་ཉིད་ཀྱི་ཕྱིར་དར་མ་སྟེ་གསང་བའི་དབང་བསྐུར་བའོ། །དེ་ནས་དྲག་པོར་བསྐྱོད་པས་གཡོ་བའི་བགྲོད་ཅེས་པ་ལྟེ་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་གསང
བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པར་བགྲོད་པ་དང། ཁུ་བ་ཐིག་ལེའི་ཆ་བཅོ་ལྔའི་རྩེ་མོ་ཤིན་ཏུ་དང་བའི་ཞུ་བ་གཡོ་པ་རྡོ་རྗེ་ནོར་བུའི་བུ་གའི་མཐར་ཐུག་པར་བགྲོད་པས་ཀྱང་ཆེན་པོ་སྟེ་སྐུའི་ཁྱད་པར་དགའ་བ་དང་གསུང་གི་ཁྱད་པར་དགའ་བ
དང་ཐུགས་ཀྱི་ཁྱད་པར་དགའ་བ་དང་ཡེ་ཤེས་ཀྱི་ཁྱད་པར་དགའ་བའི་བདག་ཉིད་བདེ་བ་ཉམས་སུ་མྱོང་བར་བྱེད་པ་གང་ཡིན་པ་དེ་ནི་རྒན་པོ་སྟེ་ཤེས་རབ་ཀྱི་དབང་བསྐུར་བའོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནམ་མཁའ་ལས་བྱུང་བའི་གཟུགས་ཏེ་དེའི
རྗེས་ཆགས་ཕྱི་རོལ་རང་གི་ཉམས་སུ་སྒོམས་པ་ཞེས་བྱ་བ་ལས་སྐྱེས་པ་གཡོ་མེད་ཅེས་པ་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་དུ་གཡོ་བ་ལས་འཛག་པ་འགོགས་པ། སྐུའི་ལྷན་ཅིག་སྐྱེས་བའི་དགའ་བ་དང་གསུང་གི་ལྷན་ཅིག་སྐྱེས་པའི་དགའ་བ་དང་ཐུགས་ཀྱི་ལྷན
ཅིག་སྐྱེས་པའི་དགའ་བ་དང་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བའི་བདག་ཉིད་། ཟླ་བ་བདུད་རྩི་མི་འཕོ་བའི་བདེ་པ་གང་ཡིན་པ་དེ་ནི་ཤེས་རབ་ཆེན་པོ་ཞེས་བྱ་བ་དབང་བསྐུར་བ་བཞི་པ་སྟེ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་གསུངས
གིས་བརྗོད་པའོ། །འདི་ནི་སྒྲིབ་པ་མེད་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལྷག་པར་རྟོགས་པ་སྟེ་གྲུབ་པའི་རོས་ཟངས་ལ་སོགས་པའི་ཁམས་རྣམས་གསེར་གྱི་ངོ་བོ་བཞིན་དུ་སྒྲིབ་པ་དང་བཅས་པའི་ཕུང་པོ་དང་ཁམས་ལྔ་ལ་སོགས་པ་རྣམས་དེ་བཞིན་གཤེགས་པ
ལྔ་དང་ལྷ་མོ་ལྔ་ལ་སོགS་པ་སྐྱེ་དགུའི་ངོ་བོས་རྫོགས་པར་བྱེད་པ་ཉིད་ཀྱི་ཕྱིར་སྐྱེ་དགུའི་བདག་པོའོ། །སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། དེ་ལ་སྦྱོར་བའི་ཕྱིར་སྐྱོབ་པ་སྟེ་སྐྱོབ་པ་ནི་སྐྱོབ་པ་དེ་བཞིན་གཤེགས་པ་ལ་སོགས་རྣམས་སོ། །གསུང་བ་ནི་མཆོག་ཏུ
མི་འགྱུར་བའི་ཡེ་ཤེས་ཀྱི་རྣལ་འབྱོར་དང་ལྡན་པའི་ལུས་ལ་སོགས་པའི་རྣམ་པར་བཞག་པ་སྟེ། དཔལ་དུས་ཀྱི་འཁོར་ལོར་གསུངས་པ་ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། སྣ
ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་?་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིག་མི་གཡོ་ཐམས་ཅད
དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་པའོ་འདི་ཉིད་ནི་གཉིས་མེད་མི་འགྱུར་པ་དེ་ཁུ་བ་སྟེང་དུ་གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པར་བགྲོད་པས་རིམ་པ་ཇི་ལྟ་བར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མིང་བཞི་ཐོབ་པའོ། །ད?་ཕྲལ
བར་སོན་པ་ནི་སྔར་བརྗོད་པའི་རྣམ་པར་དག་པ་ལ་སོགས་པའི་རྣལ་འབྱོར་རྣམ་པ་བཞི་ཞེས་བྱའོ། །གཙུག་ཏོར་དུ་སོན་པ་ནི་དུས་ཀྱི་འཁོར་ལོ་ཞེས་པའི་མིང་ངོ། །ཞེས་པ་སེམས་དཔའ་དྲུག་རྣམས་སོ། །ད་ནི་འདི་ཉིད་ཀྱིས་ནི་བསྒྲུབ་པ་བྱ་ཞེས་པ་ལ
སོགས་པས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྟན་པ་གསུངས་ཏེ། འདི་ལྟར་རབ་གསལ་བསམ་གྱིས་མི་ཁྱབ་པའི་ཞེས་པ་ནས་བརྩམས་ཏེ། སྣ་ཚོགས་གཟུགས་
བརྙན་འོད་གསལ་བ་ཞེས་པའི་མཐར་ཐུག་པས་ཡན་ལག་དྲུག་གི་རྣལ་འབྱོར་གྱི་ཡན་ལག་དང་པོ་སོ་སོ་སྡུད་པ་ཞེས་བྱ་བ་མདོར་བསྟན་ཏོ། །བཀབ་དང་མ་བསྐབ་ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་བསམ་གཏན་གྱི
ཡན་ལག་གོ་། གཟུགས་བརྙན་མཐོང་ན་དེ་ནས་ནི་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་སྲོག་རྩོལ་གྱི་ཡན་ལག་གོ་།སྲོག་ནི་ཐིག་ལར་གཞུག་པར་བྱ་ཞེས་པ་འདིས་འཛིན་པའི་ཡན་ལག་ཀྱི?་མདོར་བསྟན་ཏོ་རྗེས་སུ་དྲན་པ་ལ་སོགས་པ་ཡན
ལག་གཉིས་ཀྱིས་མདོར་བསྟན་པ་ཡང་དེའི་དོན་མདོར་བསྟན་པའི་ནུས་པ་ལས་ཇི་ལྟར་རིགས་པར་བརྟག་པར་བྱའོ། །ཡན་ལག་དྲུག་གི་རྣལ་འབྱོར་ཡང་བཅོམ་ལྡན་འདས་ཀྱིས་འདུས་པ་ཕྱི་མར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད
མཆོག་གི་དངོས་གྲུབ་སྒྲུབ་པ་ཉིད་ཀྱིས་མདོར་བསྟན་པ་དང་རྒྱས་པར་བཤད་པ་དང། རབ་ཏུ་རྒྱས་པར་བཤད་པ་རྣམས་ཀྱིས་ཇི་ལྟར་གསུངས་པ་བཞིན་ཏེ། མི་སྣང་བ་ལ་སོགས་དངོས་གྲུབ་རྣམས། །ཐུན་མོང་པ་ཞེས་གྲགས་པ་སྟེ།།
སངས་རྒྱས་ཉིད་སྒྲུབ་སངས་རྒྱས་ཀྱི། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཐབས་ནི་རྣམ་པ་བཞི་པོ་དག་།བྱང་ཆུབ་རྡོ་རྗེས་གསུངས་པ་སྟེ། །རྣལ་འབྱོར་རྒྱུད་རྣམས་ཐམས་ཅད་དུ། །རྣལ་འབྱོར་པ་ཡི་རྟག་ཏུ་བསྔགས།།
བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ངེས་པར་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པའང་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་ཡི་མཐུན
མོང་པ། །ཡན་ལག་དྲུག་པོ་རྣམས་ཀྱིས་མཆོག་།དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུ་པ་ཡིན། །གསུམ་པ་གཟུགས་བརྙན་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་བཞི་པོ་འདི་རྣམས་ཀྱིས། །ཐུན་མོང
སྒྲུབ་ལ་བསྙེན་པ་སྟེ། །ཡེ་ཤེས་བདུད་རྩེ་ཁོ་ན་ཡིས། །བསྙེན་པ་ཀུན་ནས་རྟག་ཏུ་བྱ། །ཡན་ལག་དྲུག་གི་རྣལ་འབྱོར་གྱིས། །བསྙེན་པ་བྱས་ནས་མཆོག་སྒྲུབ་སྟེ། །གཞན་དུ་སྒྲུབ་བྱ་དངོས་གྲུབ་མཆོག་།འབྱུང་བར་འགྱུར་བ་མེད་པ་ཉིད། །སོ་སོར་བསྡུད་དང
བསམ་གཏན་དང། །སྲོག་རྩོ་ལ་དེ་བཞིན་འཛིན་པ་དང། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་བརྗོད། །དབང་པོ་བཅུ་པོ་རྣམས་ཀྱིས་ནི། །རང་ལ་འཇུག་གནས་ཐམས་ཅད་ལས། །འདོད་པ་ཕྱི་ཕྱིར་སྡུད་པ་ནི། །སོ་སོར་བསྡུད་པ་ཞེས
བརྗོད་དོ། །འདོད་པ་ལྔ་རྣམས་སྡུད་པ་ཡིས། །སངས་རྒྱས་ལྔ་དང་རབ་སྦྱོར་བས། །རྟོག་པ་བསམ་གཏན་ཞེས་བརྗོད་དོ། །བསམ་གཏན་རྣམ་པ་ལྔ་རུ་འགྱུར། །རྟོག་པ་དང་ནི་དཔྱོད་པ་དང། །དགའ་དང་དེ་བཞིན་བདེ་བ་ཉིད། །སེམས་རྩེ་གཅིག་པ་ཉིད
དང་ལྔ། །དེ་རྣམས་བསམ་གཏན་བསྡུས་པའོ། །གསང་བའི་རྒྱུད་རྣམས་ཐམས་ཅད་དུ། །རྣམ་པ་སྣ་ཚོགས་ཡོངས་གྲགས་པའི། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ལ་རབ་སྦྱོར་དཔྱོད་པའོ། །དགའ་བ་རབ་གསལ་གསུམ་པ་སྟེ།།
བདེ་བ་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་འབྱུང་ཟད་པའི་།རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཐམས་ཅད་རང་བཞིན་ནི། །འདོད་པ་ཐམས་ཅད་རབ་ཏུ་གནས། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི
རང་བཞིན་ཅན། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་བརྟག་པར་བྱ། །རིན་ཆེན་ཆེན་པོ་ཁ་དོག་ལྔ། །སྲོག་གི་རྩོལ་བ་ཞེས་པར་དྲན། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་སོན་པ་དགོད། །འགགས་པ
རིན་ཆེན་དབང་པོར་བཅས། །གཟུང་བར་བྱའོ་འཛིན་པར་བརྗོད། །འགོག་པར་རྡོ་རྗེར་བགྲོད་སེམས་ལ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། །མཚན་མ་དེ་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་བཤད་པ་ཡིན། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །
གཉིས་པ་དུ་བའི་རྣམ་པ་ཡིན། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །བརྟན་དེ་རྡོ་རྗེའི་ལམ་ནས་ནི། །ནམ་མཁའ་ཨི་ཁམས་སུ་སྤྲོ་བར་བྱ། །གང
ཞིག་བསྒོམ་བྱ་རྗེས་དྲན་པས། །དེ་ཡི་རྣམ་པར་དག་པ་སྤྲོ། །རྗེས་སུ་དྲན་པ་ཞེས་ཤེས་བྱ། །རབ་གསལ་དེ་ལ་སྐྱེ་བར་འགྱུར། །ཤེས་རབ་ཐབས་ནི་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །བྱས་ཏེ་གོང་བུའི་སྦྱོར་བ
ཡིས། དབུས་སུ་གཟུགས་བརྙན་རྣམས་བསྒོམ་བྱ། །སྐད་ཅིག་ཡེ་ཤེས་རྫོགས་པ་ནི། །ཏིང་ངེ་འཛིན་ཞེས་པའི་མིང་ཅན་ནོ། །སོ་སོར་སྡུད་པ་སྙོམས་འཇུག་པས། །སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །བསམ་གཏན་ཡེ་ཤེས་སྙོམས་འཇུག་པས།།
མངོན་ཤེས་ལྔ་ནི་ཐོབ་པར་འགྱུར། །སྲོག་གི་རྩོལ་བས་ངེས་པར་ནི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་མཉམ་པར་བཞུགས། །རྗེས་དྲན་མཉམ་པར་སྦྱོར་པ་ཡིས། །
འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །ཏིང་འཛིན་དབང་གྱུར་ཙམ་གྱིས་ནི། །སྒྲིབ་པ་མེད་པ་ཉིད་དུ་འགྱུར། །ཞེས་པའོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱི་མདོར་བསྡུས་པའི་འགྲེལ་པ་བརྗོད་པར་བྱའོ། །ཡེ་ཤེས་བདུད་རྩི་ཁོ་ན་ཡིས། །
བསྙེན་པ་ཞེས་པ་ལ་སོགས་པ་ལ། བསྟེན་པར་བྱ་བ་དང་ཐར་པ་འདོད་པ་རྣམས་ཀྱིས་གོམ་པར་བྱ་བའི་ཕྱིར་བསྙེན་པའོ། །དེ་ཅི་ཞེ་ན། དུ་བ་ལ་སོགས་པ་གཟུགས་མཐོང་བའི་མཐར་ཐུག་པ་སོ་སོར་སྡུད་པའི་ཡན་ལག་དང་བསམ་གཏན་གྱི
ཡན་ལག་གོ་། དེ་དག་ནི་མཆོག་གི་བསྙེན་པ་སྟེ། ཡེ་ཤེས་བདུད་རྩི་ཁོ་ན་ཡིས་ཡན་ལག་དྲུག་གི་རྣལ་འབྱོར་ཁོ་ནས་རྫོགས་པར་བྱའོ། །ཀུན་ནས་ནི་ཐམས་ཅད་ཀྱི་བདག་ཉིད་དོ། །རྟག་ཏུ་ནི་དུས་ཐམས་ཅད་པའོ། །ཁོ་ནའི་ཡེ་གེ་ནི་ངེས
བར་བཟུང་བའོ། །དེ་རྣམས་ནི་ཡེ་ཤེས་ཀྱི་བདུད་རྩི་ཞེས་བྱ་སྟེ་ཡན་ལག་དྲུག་གི་རྣལ་འབྱོར་རོ། །སོ་སོར་སྡུད་དང་ཞེས་པ་ལ་སོགས་པ་མདོར་བསྟན་པའི་ཚིག་རྣམས་ཀྱི་རྒྱས་པར་བཤད་པ་དང། རབ་ཏུ་རྒྱས་པར་བཤད་པ་དབང་པོ་བཅུ་པོ་རྣམས་ཀྱིས་ནི
ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསུངས་སོ། །དེ་ལ་དབང་པོ་རྣམས་དང་དབང་པོའི་དོན་རྣམས་ཀྱང་དབང་པོ་རྣམས་ཏེ། དབང་པོ་བཅུ་པོ་རྣམས་ཀྱི་ནི་ཡུལ་དང་ཡུལ་ཅན་དེ་རྣམས་ཀྱིའོ། །རང་ལ་འཇུག་ཅེས་པ་ལ་རང་ལ་ནི་བདག་ཉིད་ཁོ་ན་ལའོ།།
འཇུག་ནི་འཇུག་པ་ཡོད་ཙམ་སྟེ་དེ་ནི་རང་ལ་འཇུག་པའོ། །ཡུལ་དང་ཡུལ་ཅན་རྣམས་ཀྱི་ཡུལ་གྱི་དངོས་པོ་རྟོག་པ་ཡུལ་འཛིན་པའི་མཚན་ཉིད་ཀྱི་བྱ་བ་ལ་ཉེ་བར་དགའ་བ་ནི་རང་ལ་འཇུག་པའོ་ཞེས་པའི་དོན་ཏོ། །དེ་ལ་གནས་པ
ཉིད་ནི་རང་ལ་འཇུག་གནས་ཏེ་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་རབ་ཏུ་འཇུག་པ་ནི་རང་ལ་འཇུག་པ་མ་ཡིན་ནོ། །དོན་འདི་ཉིད་འདོད་པ་ཕྱི་ཕྱིར་སྡུད་པ་ནི་ཞེས་རབ་ཏུ་རྒྱས་པར་བཤད་པS
གསུངས་ཏེ། འདོད་པ་བྱ་བ་དང་མངོན་པར་འདོད་པར་བྱ་བའི་ཕྱིར་འདོད་པ་ན་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་ལ་དབང་པོ་རྣམས་ཀྱིས་སྡུད་པ་གང་ཡིན་པ་དེ་འདོད་པ་སྡུད་པའོ། །འདོད་སྡུད་པ་དེའི་ཕྱིར་ཞེས་པ་མིག་ལ་སོགས་པའི་དབང་པོ
རྣམས་ཀྱིས་གཟུགས་ལ་སོགས་པའི་ཡུལ་འཛིན་པའི་མཚན་ཉིད་ཀྱི་བྱེད་པ་སྟེ་ཕྱིར་ནི་མི་འཇུག་པའི་སོ་སོར་སྡུད་པ་ཞེས་བརྗོད་དོ། །ཞེས་པ་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག
ག་ཨི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་མི་འཇུག་པར་ནང་གི་ཡུལ་རྣམས་ལ་ཤའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་ཤའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་འཇུག་པ་ནང་དུ་སྟོང་པ་ཉིད་ལ་དམིགས་པས
པྲ་ཕབ་པའི་གཞོན་ནུ་མས་མེ་ལོང་ལ་མཐོང་བ་ལྟར་སྟོངས་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དོ། །ཞེས་པའི་དོན་ཏོ། །ཡན་ལག་གཉིས་གསུངས་པ་འདོད་པ་ལྔ་རྣམས་ཞེས་པ་ལ
སོགས་པའོ། །ལྔ་ཞེས་པ་གཉི་གར་ཉེ་བར་མཚོན་པ་སྟེ། འདོད་པ་ལྔ་རྣམས་ཞེས་པ་བརྟན་པ་དང་གཡོ་བའི་བདག་ཉིད་དངོས་པོ་ཐམས་ཅད་དོ། །སངས་རྒྱས་ལྔ་དང་རབ་སྦྱོར་བས་ཞེས་པ་སངས་རྒྱས་ཐམས་ཅད་དང་རབ་ཏུ་སྦྱོར་བ་སྟེ་རང་བཞིན་གྱིS་དངོས
པོ་ཐམས་ཅད་སངས་རྒྱས་ཐམས་ཅད་དང་རབ་ཏུ་སྦྱོར་བ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ནོ། །སྡུས་པ་ཡིས་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དངོས་པོ་དེ་རྣམས་ཐམས་ཅད་རྣལ་འབྱོར་པའི་སོ་སོ་རང་གིས་རིག་པར་བྱ་བ་ཁམས་གསུམ
རབ་ཏུ་གསལ་བ་གཅིག་པུའི་གཟུགས་ཀྱི་རྟོག་པ་སྟེ་རྣམ་པར་རྟོག་པའི་འཁྲུལ་པ་སེལ་བའི་རྒྱུན་རབ་ཏུ་འཇུག་པའི་མཐོང་བ་གང་ཡིན་པ་དེ་བསམ་གཏན་དུ་བརྗོད་དོ། །དོན་འདི་ཉིད་སངས་རྒྱས་ཐམས་ཅད་རང་བཞིན་ཞི། འདོད་པ་ཐམས་ཅད་རབ་ཏུ
གནས་ཤེས་རབ་ཏུ་རྒྱས་པར་བཤད་པར་འཆད་པར་འགྱུར་རོ། །བསམ་གཏན་དེ་ཡང་རྟོག་པ་དང་ནི་ཞེས་པ་ལ་སོགས་པའི་དབྱེ་བས་རྣམ་པ་ལྔར་འགྱུར་རོ། །གསང་བ་གསུམ་ཞེས་པ་ལ་སོགས་པ་ལ་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་དུས་གསུམ
ཁམས་གསུམ་ནི་གསང་བ་གསུམ་མོ། །དེ་རགས་པའི་རྣམ་པས་ཁམས་གསུམ་པར་རབ་ཏུ་གསལ་བ་ཙམ་ཉིད་ཀྱིས་ལན་ཅིག་སེམས་དཔའ་ནི་འབྱུང་བ་ཡིན་ལ། དེ་རྟོགས་ཤིང་ཁོང་དུ་ཆུད་པ་ནི་གསང་བ་གསུམ་འབྱུང་སྟེ་དེ་ཉིད་རྟོག་པའོ། །དེ
ལ་རབ་སྦྱོར་དཔྱོད་པའོ་ཞེས་པ་རྟོག་པའི་ཡུལ་དེ་ལ་རབ་སྦྱོར་དཔྱོད་པ་སྟེ། བརྟན་པ་དང་གཡོ་བ་བུམ་པ་དང་སྣམ་བུ་ལ་སོགས་པའི་ཁྱད་པར་གྱི་དངོས་པོ་འཛིན་པ་ནི་དཔྱོད་པའོ། །དགའ་བ་རབ་གསལ་ནི་དཔྱོད་པའི་ཡུལ་དངོས་པོ་ཐམས་ཅད་ལ་སེམས
གནས་པའི་རྒྱུར་གྱུར་པའི་ཡིད་བདེ་བའོ། །བདེ་བ་བསྡུས་པ་ཞེས་པ་སེམས་གནས་པའི་དངོས་པོ་ཐམས་ཅད་ལས་བདེ་བ་ཡང་དག་པར་རྟོགས་པ་ལུས་ཤིན་ཏུ་སྦྱངས་པའི་རྒྱུ་ཅན་བདེ་བ་ནི་བདེ་བ་བསྡུས་པའོ། །ཤེས་དང་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པ་མིག
ལ་སོགས་པའི་རྣམ་པར་ཤེས་པ་དྲུག་ཤེས་བྱ་གཟུགས་ལ་སོགས་པ་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པ་ལ་རབ་ཏུ་འཇུག་པ་ནི་འབྱུང་བ་སྟེ། ཤེས་རབ་དང་ཤེས་བྱ་འབྱུང་བའོ། །དེའི་ཟད་པ་ནི་སེམས་ཀྱི་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱི་མཚན་ཉིད
སེམས་རྩེ་གཅིག་པ་ཉིད་ནི་རང་སེམས་ཤེས་བརྗོད་དོ། །རྣམ་པ་དེ་ལྟ་བུའི་རང་སེམས་དེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཏེ་བཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་ཞི་བའི་ཁམས་གསུམ་པར་རབ་ཏུ་གསལ་བ་ཙམ་ཉིད་ཀྱི་སྟོང་པ་ཉིད
གཅིག་པུའི་མཐར་ཐུག་པའོ། །འདོད་པ་ཐམས་ཅད་རབ་ཏུ་གནས་ཤེས་པ་ལ་འདོད་པ་ཐམས་ཅད་ནི་དངོས་པོ་ཐམས་ཅད་དེ་རང་ལ་དབྱེར་མེད་པ་རབ་ཏུ་གསལ་བ་གཅིག་བུའི་གཟུགས་ཀྱི་རབ་ཏུ་གནས་པ་ནི་འདིར་གནས་པའོ་ཞེས་པ་འདོད་པ་ཐམས
ཅད་རབ་ཏུ་གནས་པའོ། །ཡན་ལག་གསུམ་པ་གསུངས་པ། ཡེ་ཤེས་ལྔ་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་ལྔ་ནི་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམས་ཏེ། ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཚེས་ཅན་རྣམ་པར་ཤེས་པ་ལ
སོགས་པའི་ཕུང་པོ་ལྔ་རྣམས་སོ། །དེའི་རང་བཞིན་དབུགས་ནི་སྣ་བུག་གཡོན་པ་ལའོ། །འདིར་འབྱུང་བ་ལྔའི་སྒྲའི་རས་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པའི་ཁམས་ལྔ་རྣམས་ཏེ། དེའི་རང་བཞིན་དབུགས་འབྱུང་བ་ལྔའི་རང
བཞིན་ནི་སྣ་བུག་གཡས་པའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི་ཞེས་པ་ལ། འདིར་གོང་བུ་ནི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་བ་དྷཱུ་ཏཱིར་གཅིག་པ་ཉིད་དེ། སྲོག་རླུང་དེ་ཡང་གོང་བུའི་གཟུགས་ཀྱིས
ཕྱུང་ནས། སྣའི་རྩེ་མོར་ཞེས་པ་སྣའི་སྒྲས་ལྟེ་བ་དང། སྙིང་ག་དང། མགྲིན་པ་དང། དཔྲལ་བ་དང། གཙུག་ཏོར་གྱི་པདྨའི་ལྟེ་བར་བརྗོད་དེ། སྲོག་གི་རླུང་དེ་ཕྱུང་ནས་སྣའི་རྩེ་མོ་དེར་བརྟག་པར་བྱ་བ་ནི་བསྒོམ་བྱ་སྟེ། ལྟེ
གནས་ལྟེ་བའི་དབུས་སུ་ཡིན་གྱི་གཡས་དང་གཡོན་དུ་པདྨའི་འདབ་མ་ལ་མ་ཡིན་ནོ། །གཡོན་པ་དང་གཡས་པའི་རྒྱུ་བ་གཉིས་འགགས་པས། དབུ་མ་འབའ་ཞིག་འབབ་པའི་སྲོག་གི་རླུང་འདི་ཉིད་རིན་ཆེན་ཆེན་པོ་ཁ་དོག་ལྔ་ཞེས་པ་དང་སྲོག་གི་རྩིལ?
བཞེས་པ་དང། རྡོ་རྗེའི་བཟླས་པ་ཞེས་ཀྱང་བརྗོད་དེ། སྲོག་གཡོན་པ་དང་གཡས་པའི་རྩར་རབ་ཏུ་རྒྱུ་བ་མེད་པ་དབུ་མ་དབྱེར་མེད་པའི་ཡན་ལག་གི་བཟླས་པར་བྱའོ། །དེ་བཞིན་དུ་ཡིད་ནི་སྐྱོབ་པར་འགྱུར་བའི་ཕྱིར་རང་སྔགས་ཏེ། སྲོག་སྙིང་གར་ཏེ་ལྟ
བའི་དབུས་སུ་བསམས་ནས་ཐིག་ལེར་སོན་པ་ནི་ཐིག་ལེའི་གནས་དཔྲལ་བར་སྟེ་དེར་དགོང་ཅེས་པ་དགག་པར་བྱའོ། །འགགས་པ་རིན་ཆེན་དབང་པོར་བཅས། །གཟུང་བར་བྱའོ་ཞེས་པས་འགྲོ་འོང་དང་བྲལ་བར་བྱའོ། །འཛིན་པར་བརྗོད་ནི་འཛིན་པའི་ཡན་ལག་ཏུ
བརྗོད་དོ། །འགོག་པ་རྡོ་རྗེར་ཞེས་པ་ཕྱེད་དང་བཅས་པའི་ཚིགས་སུ་ཅད་པ་གཉིས་སོ་སོར་སྡུད་པའི་ཡན་ལག་གིས་བལྟ་བར་བྱའོ། །བླ་མའི་ཉེ་བར་བསྟན་པ་ལས་འཛིན་པའི་རིན་ཆེན་ཀློག་གི་འདིའི་གླེགས་བམ་ཀློག་པ་ནི་དོན་དང་བཅས
པ་མ་ཡིན་ནོ། །འདིར་དགག་པར་བྱ་བའི་ཕྱིར་འགོག་པ་སྟེ། འགོག་པ་ཡང་འདི་ཡིན་ལ་རྡོ་རྗེ་ཡང་ཡིན་པས་འགོག་པ་རྡོ་རྗེ་ཨ་བ་དྷཱ་ཏཱིའི་ལམ་སྟེ་དེར་བགྲོད་སེམས་ལ་ནི་རླུང་གི་རླུང་ལའོ། །མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ། ཞེས་པ་དུ
བལ་སོགས་པའི་མཚན་མ་རྣམས་ཀྱི་ཉེར་འཛིར་རབ་ཏུ་གསལ་བ་འབྱུང་འགྱུར་ཏེ་ནི་སྐྱེ་བར་འགྱུར་རོ། །དང་པོ་དང་གཉིས་པའི་མཚན་མ་བཟློག་སྟེ་བསྟན་པ་ནི་བླ་མ་གཞན་དབང་ཉིད་དུ་བསྟན་པའི་དོན་ཏེ། །བསྟན་པ་ནི་འཛིན་པའི་ཡན་ལག་གིས་མི
གཡོ་བར་གྱུར་པ་སྟེ། རིན་ཆེན་ཆེན་པོའི་བྱེད་པ་པོར་གྱུར་པའོ། །དེ་ཞེས་པ་གཏུམ་མོ་སྟེ་སྤྲོ་བར་བྱ་བ་ནི་ལྟེ་བའི་འཁོར་ལོ་ལས་བསླང་བར་བྱའོ། །རྡོ་རྗེའི་ལམ་ནས་ནི་དབུ་མའི་ལམ་ནས་ཏེ། ནམ་མཁའ་ཨི་ཁམས་སུ་ནི་གཙུག་ཏོར་འཁོར་ལོར་རོ། །དེ་ཡང་གཙུག་ཏོར་གྱི
པདྨའི་སྟེ་བར་ལངས་པ་ཉིད་དུ་གྱུར་པས་ཧཾ་ཡིག་ཞུ་བར་བྱས་ནས། སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་ཐིག་ལེ་བཞི་པོ་རྣམས་དགའ་བ་ལ་སོགས་པའི་དབྱེ་བས་རྡོ་རྗེ་ནོར་བུའི་པདྨའི་ལྟེ་བར་འདྲེན་པའོ། །འཛིན་པའི་དེ་མ་ཐག་ཏུ་རང་གི་ཉམས
ཀྱི་གཏུམ་མོ་འབར་བར་འགྱུར་རོ་ཞེས་པ་བླ་མའི་ཉེ་བར་བསྟན་པའོ། །ཡན་ལག་ལྔ་པ་གསུངས་པ། གང་ཞིག་བསྒོམ་བྱ་ཞེས་པ་ལ་སོགས་པ་སྟེ་གང་ཞིག་བསྒོམ་བྱ་ནི་སོ་སོར་སྟུད?་པ་དང། བསམ་གཏན་གྱི་ཡན་ལག་གི་བསྟན་པར་བྱས་པ། ཁམས་གསུམ
པ་རབ་ཏུ་གསལ་བའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ། རྗེས་སུ་དྲན་པས། དེ་ཡི་རྣམ་པར་ཡང་དག་སྤྲོ། །དེ་ཡི་རྣམ་པར་ནི་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་ཏེ། ཡང་དག་སྤྲོ་ནི་ནམ་མཁའ་ཨི་མཐིལ་དག་ཁྱབ་པར་བལྟ་བར་བྱའོ། །རྗེས་སུ་དྲན་ནོ
པ་ཞེས་ཤེས་བྱ། །དུས་གསུམ་པའི་སྲིད་པ་གསུམ་པོ་མཛའ་དག་མཐོང་བ་ནི་རྗེས་སུ་དྲན་པའི་ཡན་ལག་ཏུ་ཤེས་པར་བྱའོ། །ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། རབ་གསལ་དེ་ལ་སྐྱེ་བར་འགྱུར་ཞེས་པ་སྟེ། ཁམས་གསུམ་པར་རབ་ཏུ
གསལ་བ་ནི་དེ་ལ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ལ་སྐྱེ་བར་འགྱུར་རོ། །ཡན་ལག་དྲུག་གསུངས་པ་ཤེས་རབ་ཅེས་པ་ལ་སོགས་པ་སྟེ། ཤེས་རབ་ཐབས་ནི་སྙོམས་འཇུག་པས་ཤེས་པ་རྒྱུན་མཐུན་པ་ལ་སོགས་པའི་རིམ་པས་ནམ་མཁའ་པདྨར་འཕར
པ་ཨ་ནི་མི་འགྱུར་བའི་བདེ་བའི་དབང་གིས་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱིས་དྲི་མ་མེད་པའི་གནས་སྐབས་སུ་བརྟན་པ་གཡོ་བའི་དངོས་པོ་ཐམས་ཅད་རབ་ཏུ་གསལ་བའི་གཟུགས་སུ་མདོར་བསྡུས་པ་ནི་མདོར་བསྡུས་པ་སྟེ་བྱས་ཏེ་ཞེས་པ
ན་ཡེ་བར་བྱས་ཏེ་གོང་བུའི་སྦྱོར་བ་ཡིས་ནི་འཛག་པ་མེད་པ་མཆོག་གི་བདེ་བ་ཆེན་པོའི་བདག་ཉིད་འོད་གསལ་བ་གཅིག་པའི་གཟུགས་ཀྱིས་ཟོས་པ་སྟེ་ལྕགས་ལ་སོགས་པའི་ཁམས་ཐམས་ཅད་རོ་གཅིག་པའི་གཟུགས་གྲུབ་པའི
རོའི་གཟུགས་ཀྱི་བཞིན་ནོ། །འཛག་པ་མེད་པའི་མཆོག་གི་བདེ་བ་ཆེན་པོ་རོ་གཅིག་པ་འོད་གསལ་པ་དེའི་དབུས་སུ་གཟུགས་བརྙན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་རྣམ་བསྒོམ་བྱ་ནི་བལྟ་བར་བྱའོ། །འདིའི་རབ་ཏུ་རྒྱས་པར་བཤད་པ་སྐད་ཅིག་ཅེས
པ་ལ་སོགས་པ་སྟེ། དེ་ཤེས་བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་སྐད་ཅིག་རྫོགས་པ་ནི་རྟོགས་པ་སྟེ་ཏིང་ངེ་འཛིན་ཞེས་པའི་ཏིང་ངེ་འཛིན་ཀྱི་ཡན་ལག་གི་མིང་ཅན་ནོ་ཞེས་པའོ། །ཡན་ལག་དྲུག་གི་རྣལ་འབྱོར་ནི་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་འཇམ
དཔལ་ཞབས་ཀྱིས་གསལ་བར་གསུངས་པ་ཇི་ལྟ་བ་བཞིན་ཏེ། །སོ་སོར་སྡུད་སོགས་དྲུག་པོ་རྣམས་ཀྱིས་སྟོབས་བཅུའི་སྟོབས་དང་ལྡན་པས་སྟོང་པ་ཉིད་ནི་བསྒོམ་པ་གསུངས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་མཁའ་ལ
འབར་བ་ལ་སོགས་རྣམས་ཀྱང་ངོ། །སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ནམ་མཁའ་ཨི་མཐིལ་དུ་སོན་པ་དུས་གསུམ་གཟུགས་མཐོང་བར་འགྱུར། །དེ་ལ་བསམ་གཏན་གྱི་སེམས་བརྟན་པར་ཡང་ནི་བྱེད་དེ་ཕྱི་རོལ་དངོས་པོ་རྣམས་ནི་རྣམ་པར་སྤོངས། །སྲོག
གི་རྩོལ་བས་རི་བོང་ཅན་དང་ཉི་མ་དང་བྲལ་མུན་པར་སྲོག་གི་རླུང་ནི་འབབ་པར་བྱ། །འབྱུང་བ་དང་ནི་འཇུག་པས་དམན་པར་སླར་ཡང་བྱེད་དེ་འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་རོ། །རྗེས་སུ་དྲན་པས་མཁའ་ལ་རི་བོང་ཅན་བཞིན་རང་གི་གཟུགས
ལས་འོད་ཟེར་ཆེན་པོ་ངེས་པར་རྒྱུ། །ཏིང་ངེ་འཛིན་གྱི་ཁུ་བ་རྡོ་རྗེ་ལས་ནི་མགོ་བོར་བགྲོད་བྱེད་དྲི་མེད་བདེ་བ་རབ་ཏུ་རྫོགས་ཞེས་པའོ།། །།ད་ནི་སོ་སོར་སྡུད་པ་སྙོམས་འཇུག་པས། །ཞེས་པ་ལ་སོག་པ་ཚིགས་སུ
འཆད་པ་གསུམ་གྱིས་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་ཏེ། །སོ་སོར་སྡུད་པ་སྙོམས་འཇུག་པ་ཞེས་དུ་བ་ལ་སོགས་པའི་མཚན་མ་བཅུའི་རིམ་པས་ཁམས་གསུམ་པའི་གཟུགས་མཐོང་བའི་སོ་སོར་སྡུད་པའི་ཡན་ལག་གིས་བརྟན་པར་བྱས་པ་སྟེ།
གང་གི་ཚེ་རྣལ་འབྱོར་བ་ཡང་གཟུགས་མཐོང་བ་སོ་སོར་སྡུད་པའི་ཡན་ལག་གིས་བརྟན་པར་བྱས་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་སྟེ་ཚིག་གི་མཆོག་སྦྱིན་ལ་སོགས་པ་བྱིན་པར་འགྱུར། །བསམ་གཏན་ཡེ་ཤེས་ས་སྙོམས
འཇུག་པས། །ཤེས་པ་གང་གི་ཚེ་བསམ་གཏན་གྱི་ཡན་ལག་གིས་གཟུགས་ལ་སེམས་བརྟན་པ་མིག་མི་འཛུམས་པར་འགྱུར་རོ། །དེ་བཞིན་དུ་ལྷའི་རྣ་བ་ལ་སོགས་པར་འགྱུར་བའི་ཕྱིར་མངོན་ཤེས་ལྔ་ནི་ཐོབ་པར
འགྱུར་ཞེས་སོ། །སྲོག་གི་རྩེ་ལ་བས་ཤེས་པ་གང་གིས་ཚེ་རྣལ་འབྱོར་པ་སྲོག་གི་རྩོལ་བས་དག་པར་གྱུར་པ་རི་བོང་ཅན་ཉི་མའི་ལམ་དང་བྲལ་ཏེ་རྟག་ཏུ་དབུ་མ་འབབ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟིགས་ཏེ་བསྔགས་པར་ཡང་འགྱུར་རོ།།
འཛིན་པའི་སྟོབས་ཀྱིས་ཤེས་པ་ངེས་པར་སྟོང་པ་ཉིད་ཀྱི་གཟུགས་གཟུང་བ་དང་རྡོ་རྗེ་སེམས་དཔའ་འཛིན་པའི་སེམས་མཉམ་པར་ཞུགས་ཏེ། འཛིན་པའི་སྟོབས་ཀྱིས་སྲོག་གི་འགྲོ་བ་དང་འོང་བའི་སྐད་ཅིག་གཅིག་ཏུ་འདྲེས་པར་འགྱུར་རོ། །རྗེས་དྲན
མཉམ་པར་སྦྱོར་བ་ཡེ་ཤེས་པ། རྗེས་སུ་དྲན་པ་མཉམ་པར་སྦྱོར་བ་གཟུགས་བརྙན་ལ་འཁྱུང་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེའི་ཚེ་དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར་ཏེ་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་བ།།
དང་ངེས་པར་རྒྱུ་བར་འགྱུར་རོ། །ཏིང་ངེ་འཛིན་དབང་གྱུར་ཙམ་གྱིས་ནི་ཞེས་པ་ལ། འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་ཀྱིས་མི་འགྱུར་བའི་བདེ་བར་གྱུར་པ་གང་ཡིན་པ་བདེ་བའི་ཏིང་ངེ་འཛིན་ཞེས་བརྗོད་དོ། །དེའི་དབང་གྱུར་ཙམ་ནི་དེ་
ལས་མི་གཡོ་བ་སྟེ། དེ་ལས་སྒྲིབ་པ་མེད་པ་ཉིད་དུ་འགྱུར་བ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱིས་སྐད་ཅིག་འོད་གསལ་བའི་ཡེ་ཤེས་ཀྱིས་དབང་དུ་གྱུར་པ་ཙམ་ཉིད་ཀྱིས་སྒྲིབ་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལས
ཕྱི་མའི་དུས?་སུ་བདེན་པ་གཉིས་གཉིས་སུ་མེད་པར་གྱུར་པའི་མཚན་ཉིད་ཡང་དག་པའི་ཚུལ་གྱིས་བདག་ཉིད་ཀྱི་ཏིང་ངེ་འཛིན་རྟོགས་པ་ནི་འབྲས་བུ་ཡང་དག་པར་འགྱུར་རོ་ཞེས་པའི་རིམ་པའོ། །དཔལ་དུས་གྱི་འཁོར་ལོར་ཡང་གསུངས་ཤིང་དྲི་མ་མེད
པའི་འོད་དུ་ཡང་རྒྱ་ཆེར་རྣམ་པར་བཤད་པ་འདི་ལྟ་སྟེ་སོ་སོར་སྡུད་པ་རྒྱལ་བའི་དབང་པོར་འགྱུར་ཞིང་རྣམ་པ་བཅུ་ཏེ་བསམ་གཏན་མི་བསྐྱོད་པ་ཉིད་དོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་ནོ་སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ། །གདོལ
པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། རེ་རེ་དབྱེ་བ་ལྔ་རྣམས་ཀྱིས་ཏེ་སླར་ཡང་གང་ལས་ཨ་སོགས་ཀ་སོགས་རྣམས་ཀྱིས་ཕྱེ་བའོ་ཞེས་སོ། །འདིའི་དོན་འདི་ཡིན་ཏེ་དང་པོའི་ལས་ལ་སོ་སོར
སྤྱད་པ་ནི་རྒྱལ་བའི་དབང་བོ་ཞེས་པ་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ཡང་མཚན་མའི་དབྱེ་བས་རྣམ་པ་བཅུ་སྟེ། དུ་བ་དང་སྨིག་རྒྱུ་དང་མཁའ་སྣང་དང། སྒྲོན་མ་དང། འབར་བ་དང། ཟླ་བ་དང། ཉི་མ་དང། སྒྲ་གཅན་དང། ཆ་ཤས་དང
ཐོག་ལེ་མཐོང་པའི་དབྱེ་བས་མ་བརྟགས་པའི་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་མི་བསྐྱོད་བ་ཉིད་དེ་ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་སྟེ་རྣམ་པ་བཅུ་སྟེ་བཅུ་ནི་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན
པའོ། །སྲོག་རྩོལ་དག་ཀྱང་རལ་གྲི་ཅན་འདུ་བྱེད་ཀྱི་ཕུང་པོ་སྟེ་རྣམ་པ་བཅུ་ནི་གཡོན་དང་གཡས་ཀྱི་དཀྱིལ་འཁོར་བཅུ་གཅིག་ཏུ་འདྲེས་པར་གྱུར་པའི་ཕྱིར་རོ། །སླར་ཡང་རྣམ་པ་བཅུ་སྟེ་འཛིན་པ་ཕྱག་ན་རིན་ཆེན་ནོ་ཞེས་པ་ཚོར་བའི་ཕུང་པོ་སྟེ་སྲོག་གི་།
འཛིན་པ་ལྟེ་བ་དང་སྙིང་ཁ་དང། མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་པའི་དབྱེ་བས་རྣམ་པ་བཅུའོ། །གདོལ་པ་མོ་ལ་རྗེས་སུ་དྲན་པ་པདྨ་འཛིན་པར་འགྱུར་ཏེ་ཞེས་པ་འདུ་ཤེས་ཀྱིས་ཕུང་པོའོ། །གདོལ་པ་མོ་དབུ་མའི་རྩ་ལ་རྗེས་སུ་དྲན་པ་དེ
ཡང་རྣམ་པ་བཅུ་སྟེ་འདོད་པའི་གནས་སྐབས་བཅུའི་དབྱེ་བ་ལས་སོ། །བསམ་དང་འདོད་དང་ལུས་ལ་རིམས་དང་ཁ་མཆོག་པདྨ་སྐམ་དང་ཟས་ལ་རབ་ཏུ་མི་འཇུག་དང། །འདར་དང་སྦྱོ?་རང་རབ་ཏུ་རྨོངས་པར་འགྱུར་དང་ཡིད་ནི་རྣམ་པར་འཁྲུལ་དར་དྲག་ཏུ
བརྒྱལ་བ་རྣམས། །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་རབ་གསལ་རྣམ་པ་བཅུ་སྟེ། སྲོག་ཆགས་ལུས་ལ་འཇིག་རྟེན་དུ། །རབ་ཏུ་གསལ་ཞིང་ངེས་པའི་དེ་རྣམས་ཡིད་སྲུབས?་གནས་སྐབས་སུ་ཞིག་རྒྱལ་བ་འདོད་པ་དེ་ནི་སུ། །ཞེས་པ་བཅུའོ་།དཔལ་ལྡན
ཏིང་འཛིན་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དེ་ཏིང་ངེ་འཛིན་རྣམ་པ་བཅུ་ནི་རླུང་བཅུ་པོ་རྣམས་འགོག་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་རླུང་རྣམས་མི་འབབ་པ་གང་གི་ཕྱིར་ཞེས་པའི།
དོན་ཏོ། །ད་ནི་སོ་སོ། སྡུད་པ་ལ་སོགས་པའི་མཚན་ཉིད་གསུངས་པ། །སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ཀྱི་རབ་ཏུ་འཇུག་པ་མེད་པའོ། །བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་བ་དགའ་དང་གཡོན?་བརྩེ་གཅིག
སེམས་དཔའ་ཨོ། །སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར། །ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་པ་འཛིན་བའོ། །གཏུམ་མོའི
སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཤེས་རབ་ཐབས་ཀྱི་བདག་གིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས
ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་གསུམ་དུ་ཡང་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་ལུས་ལ་ཡུལ
དང་ཡུལ་ཅན་བཅུ་པོ་རྣམS?་ཀྱི་འབྲེལ་བས་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ་སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་གཞན་མིག་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱིས་རབ་ཏུ་འཇུག་པའོ། །དེ་བཞིན་དུ་གཟུགས་དེ་ཉིད་ལ་ཤེས་རབ་ཅེས་པ་སྟེ
བའོ། རྟོག་པ་ཞེས་པ་དངོས་པོ་འཛིན་པའོ། །དཔྱོད་པ་ཞེས་པ་དེའི་དོན་ངེས་པའོ། །དགའ་བ་ཞེས་པ་གཟུགས་ལ་ཆགས་པའོ། །གཡོ་མེད་བདེ་བ་ཞེས་པ་སེམས་གཟུགས་དང་ལྷན་ཅིག་གཅིག་ཏུ་བྱེད་པའོ། །དེ་ལྟར་གཟུང་བ་དང་འཛིན་པའི་དབྱེ་བས་བསམ
གཏན་རྣམ་པ་བཅུའོ། །འདིར་སྲོག་གི་རྩོལ་བདག་ཀྱང་ལམ་ནི་གཉིས་པོ་ཞེས་པ་གཡོན་པ་དང་གཡས་པའི་ལ་བསྒྱེལ་བ་སྟེ་འགོག་ཅིང་དབུ་མའི་ལམ་དུ་རབ་ཏུ་ཞུགས་པའོ། །དེ་ཡང་དཀྱིལ་འཁོར་བཅུ་འགོག་པ་ལས་རྣམ་པ་བཅུའོ། །འདིར
ཐིག་ལེར་ཞེས་པ་དཔྲལ་པར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉི་གའི་བགྲོད་པ་བཅོམ་པ་དང་འགྲོ་བ་དང་འོང་པ་དང་བྲལ་བ་སྟེ་རྩི་གཅིག་སེམས་དཔའ་ཞེས་བྱ་བ་དཔྲལ་བར་སྲོག་འཛིན་པའོ། །གཏུམ་མོའི་སྣང་པར་གང་ཞིག་སྲིད་པ་གསུམ་གྱི
ནམ་མཁའ་ལས་གྱུར་པ་ནི་རྗེས་སུ་དྲན་པ་སྟེ་རྣམ་པ་བཅུར་སྔར་གསུངས་སོ། །ཤེས་རབ་ཐབས་ཀྱིས་བདག་ཉིད་ཀྱིས་ཤེས་བྱ་དང་ཤེས་པ་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱིས་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན
ནོ། དེ་ཡང་སྲོག་ལ་སོགས་པ་རྣམས་མེད་པ་ལས་རྣམ་བ་བཅུའོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་སྒྲུབ་ཐབས་སོ། །འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམས་གསུམ་དུ
ཡང་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ཤེས་པ་འདིར་བྱང་ཆུབ་ཀྱི་སེམས་ཀྱི་འཛག་པའི་བགྲོད་པ་ནི་དམན་པའི་གནས་སྐབས་སོ། །གཡོ་པའི་བགྲོད་པ་ནི་འགྲིང་པོའི་གནས་སྐབས་སོ། །མི་གཡོ་བའི་བགྲོད
པ་ནི་མཆོག་གི་གནས་སྐབས་སོ། །འདི་རྣམས་ལ་ལས་ཀྱི་ཕྱག་རྒྱ་ནི་འཛག་པའི་བདེ་བ་སྦྱིན་པ་མོའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཕྱག་རྒྱ་ཆེན་པོ་ནི་མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །དེ་ལྟར་ཡན་ལག་དྲུག་གི་རྣལ
འབྱོར་གྱིས་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་པར་བྱའོ། །ད་ནི་སྟོང་པ་ཉིད་ཀྱི་གཟུགས་བསྒྲུབ་པའི་ཕྱིར་ལྟ་སྟངས་གསུངས་པ། བསྙེན་པ་ལ
ནི་དང་པོའི?་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བར་སྒྲུབ་ལ་ཡན་ལག་དྲུག། ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་འགྱུར་མེད་གསུམ་ཡང་སྒྲུབ
པ་ལ་འགྱུར་རོ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་ཞེས་པ་སྒྲུབ་པ་ཆེན་པོ་ལ། འདིར་བསྙེན་པ་ཞེས་པ་དང་པོ་འདུ་བ་ལ་སོགས་པའི་མཚན་མ་བསྒོམ་པ་ནི་བསྙེན་པ་སྟེ། བསྙེན་པ་དེ་ལ་དང་པོའི་རྣལ་འབྱོར་ནི་སེམས་ཀྱི་དུ་བ་ལ?
སོགས་པའི་མཚན་མ་འཛིན་པའོ། །དེ་ཡང་དུ་བ་ལ་སོགས་པ་དང་ལྷན་ཅིག་རྐྱོན་དུ་འགྱུར་བ་རྣམ་པ་བཅུ་སྟེ། ངེས་ན་དེ་ཡང་རྣམ་པ་བཅུའོ། །འཁོར་ལོ་ཅན་གྱི་ཞེས་པ་གཙུག་གཏོར་གྱི་ཁྲོ་བོའི་ལྟ་བས་ཤེས་པ་མིག་མི་མཛུམས
པར་སྟེང་དུ་ལྟ་བས་མཚན་མར་འགྱུར་ཏེ། མཚན་མོའི་རྣལ་འབྱོར་ལ་རྣམ་པ་བཞི་དང་ཉིན་མོའི་རྣལ་འབྱོར་ལ་རྣམ་པ་དྲུག་སྟེ་དེ་ནས་གཟུགས་སོ། །དེ་ལྟར་གཟུགས་ཀྱི་མཐར་ཐུག་པར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན?་པའི་ཡན
ལག་ཏུ་འགྱུར་རོ། །བགེགས་མཐར་བྱེད་པའི་ལྟ་བ་ཞེས་པ་ལ། །བགེགས་མཐར་བྱེད་ནི་བདུད་རྩི་འཁྱིལ་པའོ། །དེའི་ལྟ་བ་ནི་བདུད་རྩིའི་གནས་སུ་སོན་པ་སྟེ་དཔྲལ་བར་སན་པའོ། །དེ་ཡིས་ཀྱང་ཉེ་བར་སྒྲུབ་ལ་ཡན་ལག
དྲུག་། ཀྱང་ཡིག་གིས་སྲོག་རྩོལ་དང་འཛིན་པ་བྱ་སྟེ་སྲོག་གི་གཟུགས་མཐོང་བར་གྱུར་པ་ན་ཉེ་བར་སྒྲུབ་པའོ། །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་ཞེས་པ་འདིར་ཤེས་རབ་ལ་ཆགས་པས་སྤྲོས་པ་ཡང་འདི་ཡིན་ལ་ཟླ་བ་ཐིག་ལེ་ཡང་འདི་ཡིན་པས། །སྒྲོས?་ཟླ་བ་ཐིག
ལ་ཨེ་སྟེ་ཤེས་རབ་ལ་སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པ་དེའི་གསང་བ་ལྟེ་བ་དང་སྙིང་གར་འགྱུར་མེད་གསུམ་གྱི་རྣལ་འབྱོར་དུ་གྱུར་པ་གང་ཡིན་པ་དེ་ཡང་སྒྲུབ་པ་ལ་འགྱུར་རོ་ཞེས་པ་གསུམ་པ་སྒྲུབ་པའི་ཡན་ལག་ལ་འགྱུར་ཏེ
དེ་ལྟར་སྒྲུབ་པའི་ཡན་ལག་བྱའོ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ཞེས་པ་འདིར་བདེ་བ་མ་ཉམས་པས་བྱང་ཆུབ་ཀྱི་སེམས་ཀྱི་སྐད་ཅིག་གཅིག་པུ་གང་ཡིན་པ་དེ་ནི་ཞི་བ་ཞེས་གསུངས་ཏེ། ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་ཞེས་པ་སྒྲུབ་པ་ཆེན་པོ་ལ
ཞེས་པ་སེམས་ཀྱི་འགྱུར་བ་མེད་པའི་བདེ་བ་དང་ལྷན་ཅིག་གཅིག་པ་ཉིད་ངོ་ཞེས་པ་སྒྲུབ་པ་ཆེན་པོའི་ཡན་ལག་བཞི་པའོ། །དེ་ལྟར་ཡེ་ཤེས་ཀྱི་སྒྲུབ་ཐབས་ལ་ཡན་ལག་བཞིའོ། །ལྷའི་སྒྲུབ་ཐབས་ལ་བསྐྱེད་པའི་རིམ་པས་སྔར་གསུངས་པ་སྟེ་འཇིག
རྟེན་པའོ། །འཇིག་རྟེན་ལས་འདས་པ་ནི་དེ་ཁོ་ནའི་སྒྲུབ་ཐབས་རྫོགས་པའི་རིམ་པས་སོ། །ང་ནི་རང་གི་སེམས་འདིའི་སྣང་བ་ལ་རབ་ཏུ་གཞུག་པ་གསུངས་པ། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེ་ལམ་དུ་རབ་ཏུ་ཞུགས
པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་རང་རྣམ
པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །འདིར་སྔགས་ཀྱི་ཐེག་པ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡང་རྣལ་འབྱོར་གོམས་པ་རྣམ་པ་གཉིས་ཏེ་ནམ་མཁའ་དང་བླ་གབ་མེད་པ་ལ་རྣལ་འབྱོར་གོམས་པའོ། །གང་ཞིག་ནམ་མཁའ་རྣལ་འབྱོར་གོམས་པར་བྱེད་པ
དེས་མཚན་མོ་བུག་བ་མེད་པའི་ཁྱིམ་དུ་མུན་པ་ལ་ནམ་མཁའ་ཀུན་ནས་ཞེན་པའི་སེམས་བསམ་པ་ཐམས་ཅད་ཡོངས་སུ་སྤངས་པ་ཡིས་སྟོང་པར་རྩེ་གཅིག་པའི་ཡིད་དུ་བྱས་ནས་ཉི་མ་གཅིག་ཡོངས་སུ་བརྟག་པར་བྱའོ། །མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུང?་བ
ཏུ་ཞུགས་པ་ཞེས་པ་འདིར་དབུ་མར་སྲོག་རབ་ཏུ་ཞུགས་པ་སྟེ་སྟོང་པ་ཁོ་ན་ལས་དུ་བ་ལ་སོགས་པའི་མཚན་མ་མཐོང་ངོ། །ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག
རྒྱུར་པ་གསལ?་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང། །ཞེས་པ་མཚན་མོའི་རྣལ་འབྱོར་གྱིས་མཐོང་ངོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་ལ་བལྟ་སྟེ་ནམ་མཁའ་དེ་ལས་སླར་ཡང་ཉིན་མོའི་རྣལ་འབྱོར་གྱིས། །ནམ་མཁའ་ལས་བྱུང་རང་བྱུང་བ། །
ཤེས་རབ་ཡེ་ཤེས་མེ་པོ་ཆེ། །ཞེས་པ་འབར་བ་མཐོང་སྟེ་སྤྲིན་མེད་པའི་ནམ་མཁའ་ལའོ། །དེ་བཞིན་འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ་ནི་ཟླ་བ་སྣང་བའོ། །འགྲོ་བའི་མར་མེ་ནི་ཉི་མའོ། །ཡེ་ཤེས་སྒྲོན་ནི་རྡོ་རྗེ་སྟེ
སྒྲ་གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་གློག་སྟེ་མཆོག་གི་ཆའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ་ནི་ཐེག་ལེའོ། །དེ་ལྟར་མཚན་མ་རྣམ་པ་བཅུ་སྟེ་འདུས་པ་ལ་སོགས་པར་མཚན་མོའི་རྣལ་འབྱོར་དང་མཚན་ཡང་དག
པར་བརྗོད་པ་ལ་སོགས་པར་ཉིན་མོའི་རྣལ་འབྱོར་གྱིས་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་སོ། །དེ་ནས་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པ་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམ་པ་ཐམས་ཅད་པའི་གཟུགས
མཐོང་བའོ། །དེའི་དབུས་སུ་སྟེ་ཐིག་ལེའི་དབུས་སུ་སངས་རྒྱས་གཟུགས་ནི་རྫས་མེད་པའི་ཕྱིར་དང་བརྟགས་པ་མེད་པའི་ཕྱིར་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་ནས་གཟུགས་ཀྱི་རྣལ་འབྱོར་གྱིས
གཞོན་དུ་མེད་པའི་སྒྲ་གང་ཡིན་པ་དེ་ཉིད་ཐོས་ཏེ། །དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུ་དང་སྒྲ་སྣང་བ་ལས་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་པའི་དོན་ཏོ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར
བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩལ་མཐོང་བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཚུལ?་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གི་སེམS
ནི་གཞན་པ་མིན་པ་ཉིད། །འདིར་ཉིན་མོའི་རྣལ་འབྱོར་ནི་ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། སྔ་དྲི་དང་ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ནས་སོ། །རྣམ་པ་གཞན་དུ་ཉི་མའི་འོད་ཟེར་གྱིས་རབ
རིབ་ཏུ་འགྱུར་ཏེ་དེ་ཡི་ཞེས་པ་དེའི་གནོད་པ་ལས་སོ། །ཉི་མ་སོ་སོར་བལྟ་བར་བྱ་སྟེ་ཐིག་ལེའི་དབུས་སུ་རེ་ཁཱ་ནག་ཏེ་?་ཚིད?་ཙམ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ཨ་པ་དྷུ?་ཏཱ་ལ་མཐོང་བར་གྱུར་གྱི་བར་དུའོ། །ནང་དུ་འདུས་པ་ཀུན་མཁྱེན་གཟུགས
ནི་ཁམས་གསུམ་པ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུ་གོས་བ་མེད་པ་ཁ་དོག་སྣ་ཚོགས་ཏེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་སེམས་ནི་གཞན་མ་མིན་པ་ཉིད། །གཞན་གྱི་སེམས་ནི་མ་ཡིན་ཏེ་གཞན་གྱི་སེམས་ཤེས་པ
མེད་པའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པའི་ཤའི་སྤྱན་གྱིས་དང་པོར་རང་གི་སེམས་ཀྱི་སྣང་བ་མཐོང་ཞིང་ལྟ་ལ་སོགས་པའི་སྤྱན་གྱིས་གཞན་གྱི་སེམས་ཤེས་པ་མཐོང་སྟེ་དེས་ཆོས་ཡང་དག་པར་སྡུད་པར་བཅོམ་ལྡན་འདས་ཀྱིས་སྤྱན་ལྔ
གསུངས་སོ། །དེ་ལྟར་ཤེས་པའི་རིམ་པས་ཤའི་སྤྱན་དང་ལྷའི་སྤྱན་དང་སངས་རྒྱས་ཀྱི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་ཡེ་ཤེས་ཀྱི་སྤྱན་ནི་བསྒོམས་པའི་སྟོབས་ཀྱིས་འབྱུང་བར་འགྱུར་རོ། །དེའི་ཕྱིར་ཐམས་ཅད་མཁྱེན་པས་མ་གཟིགས་བ་ཅུང་ཟད་ཀྱང་མེད་དོ། །དེ་བཞིན་དུ
འཕགས་པ་ཕྱག་ན་རྡོ་རྗེའི་ཞབས་ཀྱིས་ཀྱང་ཡན་ལག་དྲུག་གི་རྣལ་འབྱོར་གསུངས་པ། འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམS
རབ་ཏུ་མི་འཇུག་པར་ནང་གི་ཡུལ་རྣམས་ལ་ལྷའི་མིག་གི་དབང་པོ་ལ་སོགས་པ་རྣམས་ཀྱིས་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་རབ་ཏུ་འཇུག་པ་སྟེ། ནང་དུ་སྟོང་པ་ཉིད་ལ་དམིགས་པས་པྲ་ཕབ་པའི་གཞོན་ནུ་མས་མེ་ལོང་ལ་མཐོང
བ་ལྟར་སྟོང་པ་ལ་མ་བརྟགས་པའི་དངོས་པོ་ཐམས་ཅད་མཐོང་བ་ནི་སོ་སོར་སྡུད་པའི་ཡན་ལག་སྟེ་ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བའི་ཕྱིར་རོ། །དེ་ནས་བསམ་གཏན་ཞེས་བྱ་བ་ནི་ཡོད་པའི་ཆོས་ཐམས་ཅད་སྟོང་པར་མཐོང་བ
རྣམས་ལ་ཤེས་རབ་ཅེས་བྱ་བ་དེ་རྣམས་ལ་སེམས་རབ་ཏུ་འཇུག་པ་དང། རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་འཛིན་པ་དང། དཔྱོད་པ་ཞེས་བྱ་བ་འཛིན་པའི་དངོས་པོ་རྟོགས་པ་དང། དགའ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་སེམས་གནས་པ
དང། གཡོ་མེད་བདེ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལས་བདེ་བ་ཕུན་སུམ་ཚོགས་པ་སྟེ་དེ་ལྟར་རྣམ་པ་ལྔ་ནི་བསམ་གཏན་གྱི་ཡན་ལག་གོ་།དེ་ནས་སྲོག་རྩོལ་ཞེས་བྱ་བ་ནི་ལ་ལ་ནཱ་དངར་ས་ནཱ་གཡོན་པ་དང་གཡས་པའི་ལམ་འགོག་པ་ལས་སྲོག་གི
རླུང་རྟག་ཏུ་དབུ་མ་ཨ་བ་དྷཱུ་ཏྭཱིའི་ལམ་དུ་རབ་ཏུ་འཇུག་པ་སྟེ། ཨ་བ་དྷཱུ་ཏཱིར་གང་བ་ནི་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་ཨོཾ་ཡིག་གིས་འཇུག་པ་དང་ཧཱུཾ་ཡིག་གིས་འགོག་པ་དང་ཨཱརྣལ་འབྱོར་པས་བྱེད་པ་ནི་སྲོག་རྩོལ་གྱི་ཡན་ལག་གོ་། དེ་ནས་འཛིན་པ་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བར་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་ལ་སྲོག་རབ་ཏུ་ཞུགས་པའི་ཕྱི་རོལ་ཏུ་འབྱུང་བ་མེད་པ
སྟེ། ཐིག་ལེ་ལ་སྲོག་རབ་ཏུ་ཞུགས་པ་ནི་འཛིན་པའི་ཡན་ལག་གོ་།དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ལས་འོད་ཟེར་དུ་མ་འཕྲོ་བའི་གཟུགས་འོད་ཀྱི་དཀྱིལ་འཁོར་དང
དེ་ལས་རྣམ་པ་དུ་མ་འཕྲོ་བའི་གཟུགས་ཁམས་གསུམ་ལ་སྤྲོ་བ་ནི་རྗེས་སུ་དྲན་པའི་ཡན་ལག་གོ་། དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་བ་ལས་གང་ཞིག་འགྱུར་བ་མེད་པའི་བདེ་བ་ཐོབ་པ་སྟེ། དེ་ལ་སེམས་རྩེ་གཅིག་ཏུ
བྱེད་པ་བཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །འདིར་ཡན་ལག་དྲུག་གི་དང་པོ་བསྒོམ་པའི་ཉེ་བར་བསྟན་པ་རྒྱུད་གཞན་རྣམས་སུ་ཡང་གསུངས་ཏེ་འདིར་འདུས་པ་ཕྱི་མར་བསྙེན་པ་དང
ཉོ?་བར་སྒྲུབ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཞེས་པའོ། །དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི། །གཟུགས་བརྙན་འབད་བས་རྣམ་བསྒོམ་བྱ། །ཉེ་བར་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པའི་གཟུགས་བརྙན་ནོ།།
སྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །རྣལ་འབྱོར་བརྩོན་པས་བསྒོམ་པར་བྱ། །སྒྲུབ་པ་ཆེན་པོའི་དུས་སུ་ནི། །གཙོ་བོ་སངས་རྒྱས་མདའ་བདག་གཟུགས། །ཞེས་པའོ། །འདིར་དགོངས་པའི་སྐད་གཞན་གྱིས་གཙུག་གཏོར་ཆེན་པོའི་གཟུགས་བརྙན་ནི་སངས
རྒྱས་ཀྱི་གཟུགས་བརྙན་ཏེ་ཁམས་གསུམ་པ་མ་ལུས་པར་ནམ་མཁའ་ཨི་ཆོས་འབྱུང་ལ་ཐུགས་?་རབ་ཏུ་གཞག་ནས་བསྙེན་པའི་དུས་སུ་སྟེ་དུས་དང་པོར་སོ་སོར་སྡུད་པ་ཡིས་བསྒོམ་པར་བྱ་ཞིང་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །འདིར་བཅོམ?
ལྡན་འདས་ཀྱིས་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག་།གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡིས་ཚིག་དེ་རྫུན། །ཞེས་པའོ། །འདིར་རྟགས་ནི་དུ་བ་ལ་སོགས་པའི་མཚན་མ་སྟེ་གཞན་སྔགས་ལ
སོགས་པ་ཉི་མ་གཅིག་གིས་བསྒྲུབ་པར་བྱ་བ་མ་ཡིན་ན་གང་གིས་སྔགས་པ་རྣམས་ལ་རྟགས་འབྱུང་བར་འགྱུར། དེའི་ཕྱིར་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་ཏེ་རྟེན་མེད་པར་བྱས་ནས་སྟོང་པ་ལ་ཟབ་མོ་དམིགས་པ་མེད་པའི་རྟགས་སུ་འགྱུར
ཏེ་དེ་དུ་བ་ལ་སོགས་པའི་རྟགས་ཀྱི་དོན་དུ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་དུ་བྱེད་པ་བཅིང་བའི་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཞེས་པ་བྱེད་པ་མིག་ལ་སོགས་པ་རྣམས་ཀྱིས་ས?་གསུཾ
སངས་རྒྱས་ཀྱི་གཟུགས་བརྙན་བསྒྲུབ་པར་བྱ་སྟེ། དེ་ཉིད་ཀྱི་ཉེ་བར་བསྟན་པ་ནི་བླ་མའི་ཞལ་ལས་རྟོགས་པར་བྱའོ། །དེ་ལ་བླ་མའི་ཉེ་བར་བསྟན་པས། །རྣལ་འབྱོར་པས་ནམ་མཁའ་ལ་དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ནོ་ཞེས་རང་གི་ཉམས
སུ་མྱོང་བས་ཤེས་པར་བྱའོ། །དེའི་ཕྱི་ནས་སྨིག་རྒྱུ་སྟེ་དུ་བ་ལ་སོགས་པ་དེ་ཉིད་རྣམ་པར་རྟོག་པ་བྲལ་བ་པྲ་ཕབ་པ་ལྟ་བུའོ། །དེ་ལྟར་དུ་བ་ནི་མཚན་མ་དང་པོའོ། །སྨིག་རྒྱུ་ནི་མཚན་མ་གཉིས་པའོ། །མཁའ་སྣང་ནི་མཚན་མ་གསུམ་པའོ། །སྒྲོན་མ་ནི་མཚན
མ་བཞི་པའོ། །སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་མཚན་མ་ལྔ་བ་སྟེ། བཅོམ་ལྡན་འདས་ཀྱིས་འདུས་པ་ཕྱི་མ་དང་མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་གསུངས་སོ། །མཁའ་འགྲོ་མ་རྡོ་རྗེ་གུར་དུ་དེའི་སྟེང་དུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། ཕྱི
ནས་སྒྱུ་མའི་རྣམ་པ་སྟེ། རྨི་ལམ་རྣམ་པ་སྐད་ཅིག་ལས། །དེའི་གཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པའོ། །ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་དུ་བ་ལ་སོགས་པའི་མཚན་མ་ནི་དང་པོར་སྒོམ་པའི
རྟགས་སུ་འགྱུ་རོ། །ཁ་ཅིག་གྲུབ་པའི་དུས་སུ་ཞེས་སྨྲ་བར་འགྱུར་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་དམ་བཅའ་འཇོམས་པར་བྱེད་པ་སྟེ། བསམ་པ་ཐམས་ཅད་ཡོངས་སུ་སྤངས་ནས། ཉི་མ་གཅིག་ནི་ཡོངས་སུ་བརྟག་།ཅེས
པའི་བཅོམ་ལྡན་འདས་ཀྱིས་བཀའ་ལ་རྣམ་པར་མཐོ་འཚམ་པའོ། །སྒྲུབ་པའི་དུས་སུ་འཇིག་རྟེན་པའི་དུ་བ་ལ་སོགས་པ་གང་ཞིག་སྒྱུ་མ་དང་རྨི་ལམ་ལྟ་བུ་དེ་ནི་མཚན་མར་མི་འགྱུར་ཏེ། འདིར་དུ་བ་དང་འབར་བ་ལ་སོགས་པས་དངོས་སུ་སྲེག་པའི
བྱ་?་པའི་ཕྱིར་རོ། །དེ་བཞིན་དུ་གུར་ཀུམ་དང་རིན་པོ་ཆེ་དང་མེ་ཏོག་དང། གསེར་ལ་སོགས་པའི་ཆར་ཡང་ངོ། །དེའི་ཕྱིར་ཡན་ལག་དྲུག་གི་རྣལ་འབྱོར་ལས་དུ་བ་ལ་སོགས་པའི་མཚན་མར་འགྱུ་རོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ
གུར་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡན་ལག་དྲུག་བསྒོམ་དེ་ནས་ནི། །སླར་ཡང་རང་བྱིན་བརླབ་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། །ཞེས་པའོ། །འདིར་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་སོ་སོར་སྡུད་པས
ཀུན་རྫོབ་གྱི་བདེན་པ་མཐོང་པའོ། །མཚན་མ་ཞེས་བྱ་བ་ནི་སྤྲེན?་དང་དུ་བ་ལ་སོགས་པ་ལྟར་རབ་ཏུ་སྣང་བ་སྟོ་དེ་ཡང་སྒྲོན་མའི་མཐར་ཐུག་པ་དང་པོ་མཐོང་པའོ། །དེ་ནས་སྤྲིན་མེད་པའི་ནམ་མཁའ་དྲི་མ་མེད་པའོ། །རྒྱུད་རྣམས་སུ་འབར་བ་ལ་སོགས་པ་ཐིག
ལེའི་མཐར་ཐུག་པ་མཚན་མ་གཞན་དྲུག་པོ་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་དྲ་བའི་ལེའུར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེའོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ
ཤེས་སྣང་བ་ལམ་མེ་བ་། འགྲོ་པའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པའི་ཚིགས་སུ་བཅད་པ་གཉིས་རྒྱུ་འཕྲུལ་དྲ་བར་མཚན་མ
གཞན་བཅོམ་ལྡན་འདས་ཀྱིས་དགོངས་པའི་སྐད་གཞན་གྱིས་གསུངས་ཏེ། སྔར་བརྗོད་པའི་སྤྲིན་མེད་པའི་ནམ་མཁའ་ལས་བྱུང་བའི་རབ་ཏུ་སྣང་བ་གང་ཡིན་པ་དེ་ནི་ནམ་མཁའ་ལས་བྱུང་རང་བྱུང་བ་སྟེ་སེམས་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་པའི་ཕྱིར་རོ། །འདི
ཤེས་རབ་ཡེ་ཤེས་མེ་པོ་ཆེ། །ཞེས་པ་འབར་བའི་རབ་ཏུ་སྣང་བའི། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པ་ཟླ་བའི་རབ་ཏུ་སྣང་བ་སྟེ། །དེ་ཉིད་ཡེ་ཤེས་སྣང་བ་ལམ་མེ་པ། །ཞེས་སོ། །འགྲོ་བའི་མར་མེ་ཞེས་པ་ཉི་མའི་རབ་ཏུ་སྣང་བའོ། །ཡེ་ཤེས་སྒྲོན
ཞེས་བསྒྲ་གཅན་གྱི་རབ་ཏུ་སྣང་བའོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་པ་གློག་གི་རབ་ཏུ་སྣང་བའོ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །ཞེས་པ་ཐིག་ལེའི་རབ་ཏུ་སྣང་བ་སྟེ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའོ། །གསང་སྔགས་རྒྱལ
པོ་དོན་ཆེན་བྱེད། །ཅེས་པ་ཁམས་གསུམ་པའི་དངོས་པོའི་རྣམ་པ་ཐམས་ཅད་རབ་ཏུ་སྣང་བ་སྒྱུ་མ་དང་རྨི་ལམ་དང་པྲ་ཕབ་པ་དང་མཚུངས་པར་རྣལ་འབྱོར་པས་སོ་སོར་སྡུད་པས་མཐོང་བའོ། །མིག་ལ་སོགས་པའི་དབང་པོའི་བྱེད་པ་དང། དེ་ནས་སྲོག་གི་རྩོལ
པ་བཅིང་པ་སྟེ་བྱེད་པ་བཅིང་བའི་སྦྱོར་བ་འདི་ཡིས་ས་གསུམ་པོ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་མཚན་ཉིད་བརྟན་པ་དང་གཡོ་བའི་རང་བཞིན་གྱི་བདག་ཉིད་ནི་བསྒྲུབ་པར་བྱ་ཞེས་པའོ། །དེ་བཞིན་དུ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་བཅོམ་ལྡན
འདས་ཀྱིས་གསུངས་པ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་སྲིད་རྡོ་རྗེའི་ལུས་དང་ལྡན། །ཁམས་གསུམ་རྒྱུ་བཅས་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། །ཅེས་པ་སྟེ། ཡན་ལག་དྲུག་བསྒོམས་པས་སོ། །ཞེས་པ་བཅོམ་ལྡན
?་ཀྱིས་དེས་པའོ། །དེ་བཞིན་དུ་དཔལ་འདུས་པར་བཅོམ་ལྡན་འདས་ཀྱིས་གསུངས་པ། དངོས་པོ་མེད་པ་བསྒོམ་པ་མེད། །སྒོམ་བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་འགྱུར། །སྒོམ་པ་ཉེ་བར་མི་དམིགས་སོ། །ཞེས་པའོ། །
འདིར་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་མཁའ་ལ་སྒོམ་པ་ནི་སོ་སོར་སྡུད་པ་སྟེ་དེ་ཉིད་དངོས་པོ་མེད་ལ་སྒོམ་པ་མེད་ཅེས་པའོ། །སྒོམ་པ་སྒོམ་པ་ཉིད་མ་ཡིན་ཞེས་པ་འདིར་དངོས་པོ་མེད་པ་སྤྲིན་མེད་པའི་ནམ་ཁའ་ལ་སོ
སོར་སྡུད་པ་བསྒོམ་པ་གང་ཡིན་པ་དེ་ནི་སྒོམ་པ་སྒོམ་པ་ཉིད་མ་ཡིན་པར་འགྱུར་ཏེ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་དངོས་པོ་གང་ཞིག་སོ་སོར་སྡུད?་པས་མཐོང་བ་དེ་ནི་དངོས་པོ་དངོས་མེད་འགྱུར་ཏེ་རྣམ་པར་མ་བརྟགས་པ
?་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དངོས་པོ་མེད་པ་མཐོང་པའི་ཕྱིར་རོ། །དེའི་ཕྱིར་སོ་སོར་སྡུད་པའི་སྒོམ་པ་ལ་རྣམ་པར་རྟོག་པའི་སྒོམ་པ་ཉེ་བར་མི་དམིགས་སོ་ཞེས་པ་བཅོམ་ལྡན་འདས་ཀྱི་གསུང་ངོ། །བསྒོམ་པ་འདི་ཤེས་རབ་ཀྱི་ཕ་རོལ
?་ཕྱིན་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དེ་ནས་ལྟ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འདིར་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ
འབྱོར་དུ་བྱེད་པ་ཡིན། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །ཀཽ་ཤི་ཀ་གང་བླ་གབ་མེད་བ་ལ་རྣལ་འབྱོར་དུ་བྱེད་པར་འདོད་པ་དེ་ཤེས་རབ
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པའོ། །ཞེས་སྤྲིན་མེད་པའི་ནམ་མཁའ་ལ་ཕྱག་རྒྱ་ཆེན་པོ་སྒོམ་པ་པྲ་ཕབ་པ་དང་སྒྱུ་མ་དང་མཚུངས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་སོ་སོར་སྡུད་པ་དང་བསམ་གཏན་གྱིས་བསྙེན་པའི
ཡན་ལག་བརྗོད་དོ། །དེ་ནས་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱི་མིང་ཅན་དགོངས་པའི་སྐད་གཞན་གྱིས་རླུང་གསུངས་སོ། །དེ་ཡང་རྣམ་པ་ལྔ་སྟེ་དེ་བཞིན་དུ་ཡང་འདུས་པའི་ཕྱི་མར་བཅོམ་ལྡན་འདས་ཀྱིས་གསུངས་པ། རིན
ཆེན་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ལྔ་ཡིས་བྱིན་རླབས་པ། །གོང་བུའི་གཟུགས་ཀྱིས་ཕྱུར་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ་ཞེས་པའོ། །འདིར་རིན་ཆེན་ལྔའི་སྒྲས་ར་ས་ནཱི་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པའི་ཁམས་ལྔ་པོ་རྣམས་སོ། །དེའི་རང
བཞིན་གྱི་དབུགས་ནི་རིན་ཆེན་ལྔའི་རང་བཞིན་དབུགས་ཤེས་པ་སྟེ་སྣ་བུག་གཡས་པ་ལའོ། །དེ་བཞིན་དུ་སངས་རྒྱས་ལྔ་ནི་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་པོ་རྣམས་སོ། །དེ་ཡིས་བྱིན་གྱིས་བརླབས་པའི
དཔུགས་ནི་སྣ་བུག་གཡོན་པ་ལའོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི་ཞེས་པ་ལ་འདིར་གོང་བུ་ནི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་རྣམས་ཀྱི་སྲོག་གི་རླུང་དབུ་མ་ཨ་བ་དྷཱུ་ཏཱིར་གཅིག་པ་ཉིད་དོ། །སྲོག་གི་རླུང་དེ་ཡང་གོང་བུའི་གཟུགས་ཀྱིས་ཕྱུང
ནས་ནི། །སྣའི་རྩེ་མོར་རྣམ་བསྒོམ་བྱ། །འདིར་སྣའི་སྒྲས་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་པདྨའི་ལྟེ་བ་བརྗོད་དེ་དེའི་རྩེ་མོ་ནི་སྣའི་རྩེ་མོར་རོ། རྣམ་བསྒོམ་བྱ་ནི་ལྟེ་བ་ནས་ལྟེ་བའི་དབུས་སུ་ཡིན་གྱི་གཡས་དང་གཡོན་དུ་པདྨའི་འདབ་མ
ལ་ནི་མ་ཡིན་ནོ། །དེ་ལྟར་ཐིག་ལེའི་གནས་སུ་གོང་བུའི་གཟུགས་ཀིས་སྲོག་འགགས་པ་སྟེ་དེ་ཉིད་ཀྱིས་ན་དེ་འཛིན་པར་བརྗོད་དོ། །དེ་ལྟར་ཡན་ལག་གཉིས་ཀྱིས་ཉེ་བར་སྒྲུབ་པ་སྟེ་བདུད་རྩི་འཁྱིལ་པའི་གཟུགས་བརྙན་གྱིས་ཤེས་པའོ། །ཉེ་བར་སྒྲུབ་པ་དེ
ཉིད་རྡོ་རྗེའི་བཟླས་པ་ཞེས་བརྗོད་དེ་དབུ་མ་དབྱེར་མེད་པའི་ཡན་ལག་གིས་བཟླས་པར་བྱའོ། །དབུ་མ་དབྱེར་མེད་པའི་ཡན་ལག་གིས་ཤེས་པ་གཡོན་པ་དང་གཡས་པའི་རྩལ་སྲོག་གི་རྒྱུ་བ་མེད་པའོ། །གཙུག་གཏོར་གྱི་གཟུགས་བརྙན་མཐོང་བར་གྱུར་པ་ནི་ཕྱི་ནས
སྔགས་པས་སྲོག་རྩོལ་བྱའོ་ཞེས་པ་བླ་མ་དམ་པའི་ཉེ་བར་བསྟན་པ་དགོངས་པའི་སྐད་གཞན་གྱིས་རྟོགས་པར་བྱའོ་ཞེས་པ་སྲོག་རྩོལ་དང་འཛིན་པ་སྟེ་ཉེ་བར་བསྒྲུབ་པར་བརྗོད་དོ། །དེ་ནས་སྒྲུབ་པ་ལ་ནི་ལྷའི་གཟུགས་ཤེས་པ་འདིར་འཛིན་པའི་སྟོབས་ཀྱིས།
ལ་ཏེ་བར་གནས་པའི་གཏུམ་མོ་འབར་བ་སྒྲིབ་པ་ཐམས་ཅད་དང་ཕྲ་ཕབ་པ་ལྟ་བུ་ཕྱག་རྒྱ་ཆེན་པོ་སངས་རྒྱས་ཀྱི་འོད་ཟེར་གྱི་སྤྲིན་མཛའ་ཡས་པ་སྤྲོ་བར་བྱེད་པའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་སྤྲོས་པ་རྣལ་འབྱོར་པས་མཐོང་བ་དེ་ནི་རྗེས
སུ་དྲན་པ་སྒྲུབ་པར་གསུངས་ཏེ་འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པ་ངེས་པའོ། །དེ་ནས་དེའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་བསྲེགས་ཏེ་གཡོན་པ་དང་གཡས་པའི་རྩར་བགྲོད་པ
རྣམ་པར་ཤེས་པ་ལ་སོགས་པ་དང་ས་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྣམས་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པ་གཅིག་ཏུ་འདྲེས་པར་འགྱུར་རོ། །དེ་ནས་གཏུམ་མོའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཟླ་བཞུ་བར་གྱུར་བ་ན
བྱང་ཆུབ་ཀྱི་སེམས་དེ་ཐིག་ལེའི་གཟུགས་ཀྱིས་འོག་ཏུ་བགྲོད་པ་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང། གསང་བའི་པདྨར་དགའ་བ་དང། མཆོག་དང་ཁྱད་པར་གྱི་རང་བཞིན་དང། དེ་ནས་རྡོ་རྗེ་ནོར་བུ་ཇི་སྲིད་པ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་སམ།
ཡང་ན་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བའི་རང་བཞིན་གྱིས་སོ། །དེ་ལྟར་ཆ་བཅུ་དྲུག་པ་རྫོགས་པ་ནོར་བུའི་ནང་དུ་སོན་པ་གང་གི་ཚེ་བསྒོམ་པའི་སྟོབས་ཀྱིས་བདེ་བ་སྟེར་བ་ནི་འཛག་པའི་བདེ
བ་ལྟ་བུའོ་ཞེས་པ་དཔེ་ཙམ་མོ། །རང་གི་ངོ་བོས་ནི་དབང་པོ་གཉིས་ལས་སྐྱེས་པ་འགྱུར་བའི་བདེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བའི་བྱེ་བ་ཕྲག་སྟོང་གི་ཆར་ཡང་མི་ཕོད་དོ། །འདིར་འགྱུར་བ་མེད་པའི་བདེ་བའི་གནས་?
ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་ཅན་མ་གང་ཡིན་པ་དེ་ནི་བྱིས་པའི་རྣལ་འབྱོར་བ་རྣམས་ཀྱི་གནས་སྐབས་ཀྱི་འབྲས་བུར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བརྗོད་དེ་འོན་ཀྱང་འཇིག
རྟེན་ལ་གྲགས་པ་མེད་པའི་དོན་གྱིས་རྗེས་སུ་ལྷུང་བ་ནི་མ་ཡིན་ནོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ་ཞེས་པའོ། །བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སྔགས་ཀྱི་བཟླས་པ་སོགས
ཀྱིས་བསྟོན་པ་སྟེ། སོ་སོར་སྡུད་པ་སོགས་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བར་སྒྲུབ་པར་འགྱུར། །དགའ་བ་ལ་སོགས་རྣམས་ཀྱིས་རྡོ་རྗེ་གསུམ་དང་ཆུ་སྐྱེས་རོ་མཉམ་གྱུར་པ་བསྒོམ་པ་སྒྲུབ་པར་འགྱུར། །ཤེས་རབ་འགྲོགས་ལ་འཕོ་མེད་འགྱུར
བ་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོའོ། །འདིར་ལས་དང་པོ་བས་དང་པོ་སྒྲུབ་ཐབས་ཀྱི་ཚོག་བསྙེན་པ་བྱ་སྟེ། བདུད་རྩི་ལྔ་ལ་སོགས་པས་བསྙེན་པ་ཞེས་པ་ལ་ཕྱི་རོལ་ཏུ་བདུད་རྩི་ལྔ་ནི་བཤད་པ་ལ་སོགས་པ་དང་སོགས་པའི་སྒྲས
གོ་?་ལ་སོགས་པ་སྟེ་ལྷ་མཉེས་པའི་དོན་དུ་རྣམས་ཐོས་པས་བསྙེན་པ་བྱའོ། །ནང་དུ་བདུད་རྩི་ལྔ་ནི་ཕུང་པོ་ལྔ་རྣམས་སོ། །སོགས་པའི་སྒྲས་དབང་པོ་རྣམས་སྒྲོན་མ་ལྔའོ། །དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ་ལུས་དང་རྫས་ལ་སྲེད་པ
ཡོངས་སུ་སྤངས་པའོ། །བསྟེན་པ་དེའི་ལྷ་རྣམས་མཆོག་སྟེར་བར་འགྱུར་ཏེ་བཤད་བ་ལ་སོགས་པ་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་རྡོ་རྗེ་རྣམས་ཀྱིས་ཤེས་པ་ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་ངག་གི་ལོངས་སྤྱོད་ལ་ལྟོས་པ་མེད་པ
དང་སེམས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང་འཕོ་བའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙན་པ་སྟེ། ལུས་དང་ངག་དང་སེམས་དང་ཚངས་པར་སྤྱོད་པའི་སྡོམ་པའོ་ཞེས་བའི་དོན་ཏོ། །འདི་ཡི་ལྷ་མཆོག་སྟེར་བར་འགྱུར་ཏེ་སྲོང་པའི་ལོངས་སྤྱོད་ལ
ཞེན་པས་ནི་མ་ཡིན་ནོ། །སྔགས་ཀྱི་བཟླས་པ་ལ་སོགས་ཀྱིས་ཤེས་པ་ལས། འདིར་སྔགས་ཀྱི་བཟླས་བ་ཞེས་བྱ་བ་སྲོག་སྡོམ་པ་སྟེ་སོགས་པའི་སྒྲས་འབྱུང་བ་དང་གང་བ་དང་བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་བསྙེན་པའོ། །དེ་ཡི་ལྟ་མཆོག་སྟེར་བར
འགྱུར་ཏེ་སྲོག་མ་བསྡམས་པར་ངག་ཏུ་བརྗོད་པས་ནི་མ་ཡིན་ནོ་ཞེས་པ་ངེས་པའི་དོན་ཏོ། །དྲང་བའི་དོན་གྱིས་ནི་སླར་ཡང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུ་བགྲང་ཕྲེང་ལ་སོགས་པ་བཟླས་པ་ལ་སོགས་པ་བྱའོ། །ད་ནི་ཉེ་བར
སྒྲུབ་པ་གསུངས་པ། སོ་སོར་སྡུད་པ་ཞེས་པ་ལ་སོགས་བའོ། །འདིར་འཁོར་བ་པ་རྣམས་ཀྱི་སྡུད་པ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱིས་གཟུཌ་ལ་སོཌ་པའི་ཡུལ་འཛིན་པའོ། །དེ་ཡོངས་སུ་སྤོང་བ་ནི་སོ་སོར་སྡུད་པ་ཞེས་བརྗོད་དེ། །སྟོང
པ་ཉིད་ཀྱི་གཟུཌ་ལས་གཞན་ཤ་ལ་སོཌ་པའི་མིག་འཁོར་བའི་དབང་པོ་རྣམས་ཀྱིས་གཞན་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ནི་ཉེ་བར་སྒྲུབ་པའོ། །དེ་བཞིན་དུ་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ཡང་སྟེ་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་འཕོ
བ་མེད་པ་ཡིས་ནི་ཉེ་བར་སྒྲུབ་པ་ནི་ངེས་པའི་དོན་གྱིས་སོ། །དྲང་བའི་དོན་གྱིས་ནི་ཕྱི་རོལ་ཏུ་ལྷ་སྤྲོས་པས་སོ་ཞེས་པ་ཉེ་བར་སྒྲུབ་པའོ། །ད་ནི་སྒྲུབ་པ་གསུངས་པ། དགའ་བ་ཞེས་པ་ལ་སོགས་པའོ། །འདིར་དགའ་བ་ལ་རྡོ་རྗེ་གསུམ
ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་ཐིག་ལེ་རྣམས་དང། ཆུ་སྐྱེས་རོ་མཉམ་གྱུར་བསྒོམ་པ་སྒྲུབ་པར་འགྱུར་ཏེ་སྙིང་ཁ་དང་ལྟེ་བ་དང་གསང་བར་ཐིག་ལེ་རྣམས་གནས་བའོ་ཞེས་པའི་དོན་ཏོ། །དེ་ལྟར་སྒྲུབ་པའོ། །དེ་ནས་སྒྲུབ་པ་ཆེན་པོ་ནི
ས་ཧེས་རབ་འགྲོགས་ལ་གང་གི་ཚེ་འཕོ་མེད་བདེ་བར་འགྱུར་བ་དེའི་ཚེ་ཕྲ་མོའི་རྣལ་འབྱོར་དག་ལས་ངེས་པར་སྒྲུབ་པ་ཆེན་པོའོ་ཞེས་ངེས་པའི་དོན་གྱིས་ཤིན་ཏུ་ཡིད་བཟང་མའི་རྩའི་སྟེང་དུ་ཁུ་བ་ཡང་དག་པར་སྦྱོར་བ་ལས་སྒྲུབ་པ་ཆེན
པོར་གསུངས་ཏེ། དྲང་བའི་དོན་གྱིས་ནི་སླར་ཡང་ཤེས་རབ་ཀྱི་ཆོས་འབྱུང་གི་སྣ་རྩེར་ཉུངས་ཀར་ལ་སོག་པ་པའོ་ཞེས་པ་ངེས་པའོ། །དེ་ལྟར་སྒྲུབ་པ་ཆེན་པོར་འགྱུར་རོ། །ད་ནི་སྨན་པ་ལ་སོགས་པའི་དབྱེ་བས་བསྙེན་པ་ལ་སོགས་པ།
གསུངས་པ། དང་པོར་སྟོང་ཉིད་བྱང་ཆུབ་ངེས་པར་སླར་ཡང་དེ་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན། །དེ་ནས་གཟུགས་དག་བསྐྱེད་ཅིང་རབ་མཆོག་རོ་ཡི་རིགས་རྣམས་དག་གིS་ཡི་གེ་དགོད་པ་ཉིད་ཡིན་ཏེ། འདི་ནི་སྤྱི་ཡི་བསྙེན་བ?་ཆུ་ཡི་གཏེར་གྱི་རྡོ་རྗེ་རྣམས
ཀྱིས་སྒྲུབ་པ་དག་ནི་འབྲིང་པོ་ཡང། འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་དམན་དང་བརྟན་པ་སྒྲུབ་པའི་ཡན་ལག་དག་ལ་དེ་བཞིན་ཉིད། །འདིར་བསྐྱེད་བའི་རིམ་པ་ལ་དང་པོར་སྟོང་པ་ཉིད་བྱང་ཆུབ་ཅེས་པ་སྲོག་ཆགས་རྣམས་ཤི་བའི་མཐར་ཕུང་པོ་ཡོངས་སུ་དོར
ནས་སྐྱེ་བའི་ཆ་ཤས་ཅན་གྱི་ཕུང་པོ་འཛིན་པ་ལས་བར་གང་ཡིན་པ་སྟོང་པ་ཉིད་ཀྱི་སྐད་ཅིག་གཅིག་སྲིད་པ་གསུམ་མཐོང་བ་དེ་ནི་སྟོང་པ་ཞེས་བརྗོད་དེ་ངེས་པར་ནི་གདོན་མི་ཟ་བར་རོ། །སྐད་ཅིག་དེའི་ཕྱི་ནས་ཟླ་བ་ཐིག་ལེ་དག་ནི་ཡང་དག་འཛིན་ཞེས་པ་འདིར་ཀུན
གཞི་རྣམ་པར་ཤེས་པས་མའི་མངལ་དུ་ཁུ་བའི་ཐིག་ལེ་རྣམས་འཛིན་པ་ཞེས་བྱ་བ་ནི་ཡང་དག་འཛིན་པའོ། །དེ་ནས་ཁུ་བ་ལ་སོགས་པ་གཟུང་བ་དེ་ནས་གཟུགས་དག་བསྐྱེད་པ་ཞེས་བྱ་བ་ཟླ་བ་བདུན་གྱིས་མངལ་རྫོགས་པ་སྟེ་ལུས་རྫོགས་པའི་དོན་ཏོ། །དེ་ནས་རབ
མཆོག་རོ་ཡི་རིགས་རྣམས་དག་གིས་ཤེས་པ་ཕུང་པོ་དྲུག་པོ་རྣམས་ཀྱིས་མིག་ལ་སོགས་པ་རྣམས་ཀྱིས་ཡི་གེ་དགོད་བ་སྟེ་གཟུགས་ལ་སོགས་པའི་ཡུལ་ལ་རབ་ཏུ་འཇུག་པའོ། །དེ་བཞིན་དུ་ལྷའི་སྒྲུབ་ཐབས་ལ་ཡང་ལས་དང་པོ་པས་བརྟགས་པའི་བདག
ཉིད་བསྒོམ་པར་བྱའོ། །འདི་ནི་སྤྱིའི་བསྙེན་པའོ། །ཆུའི་གཏེར་གྱི་རྡོ་རྗེ་རྣམས་ཀྱིས་ཤེས་བ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྫོགས་པ་རྣམས་ཀྱིས་སྒྲུབ་པ་དག་ནི་འབྲིང་པོ་ཡང་སྟེ་སྲོག་རྫོགས་པའོ། །འདི་ལ་ཐབས་ནི་རྣམ་བཞིར་འགྱུར་ཏེ་ཞེས་པ་བསྙེན
པའི་ཡན་ལག་དང་ཉེ་བར་སྒྲུབ་པའི་ཡན་ལག་ལ་དམན་པ་དང་རྟན་པའོ། །སྒྲུབ་པའི་ཡན་ལག་ལ་དེ་བཞིན་ཉིད་དེ་ལོ་བཅུ་དྲུག་གི་མཚམས་སུ་ཞེས་པ་ངེས་པའོ། །འདིར་དམན་པ་ནི་སྐྱེས་བའི་བྱིས་པའོ། །སོ་སྐྱེས་ནས་འབྲིང་པོ་བྱིས་པའོ། །སོ
ལྷུང་ནས་གཞོན་ནུའོ། །སླར་ཡང་སོ་སྐྱེས་ནས་ལོ་བཅུ་དྲུག་གི་སྟེང་དུ་དར་མ་སྟེ་བུ་དང་བུ་མོ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ལྟ་ཐམས་ཅད་ཡན་ལག་རྣམ་པ་བཞིར་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པ་འཇིག
རྟེན་པའི་བདེན་པའི་ངེས་པའོ། །ད་ནི་དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་གཟུགས་རྫོགས་པ་བརྗོད་པར་བྱ་སྟེ། འདིར་དང་པོར་སྟོང་ཉིད་བྱང་ཆུབ་ཅེས་པ་མུན་པ་ལ་ཅུང་ཟད་ཀྱང་བསམ་པར་མི་བྱའོ། །དེ་ནས་ཟླ་བའི་ཐིག་ལེ་དག་ནི་ཡང་དག་འཛིན་ཅེས་པ་དུ་བ
ལ་སོགས་པའི་མཚན་མ་ཐིག་ལེའི་མཐར་ཐུག་པ་འཛིན་པའོ། །དེ་ནས་གཟུགས་དག་བསྐྱེད་ཅིང་ཞེས་པ་ཐིག་ལེ་དེ་ནས་སྣ་ཚོགས་པ་མཐོང་བ་ནི་གཟུགས་བསྐྱེད་པའོ། །རབ་མཆོག་རོའི་རིགས་རྣམས་དག་གིས་ཤེས་པ་སྒྲིབ་པ་མེད་པའི་ཕུང་པོ
དྲུག་རྣམས་ཀྱིས་ཡི་གེ་?་བཞེས་པ་ཉི་ཚེ་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགོག་པའོ། །དེའི་ཕྱིར་ས་ཐོབ་པས་དམན་པ་ལ་སོགས་པའི་དབྱེ་བར་འགྱུར་ཏེ། ཇི་སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་མ་གྱུར་གྱི་བར་དུའོ། །
དེའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག་།རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག་།ཅེས་པ་ངེས་པའོ། །ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་གསུངས་པ། །སོ་སོར་སྡུད་པས
རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །སྲོག་གི་རྩོལ་བས་དག་པ་རི་བོ་ཅན་དང་ཉི་མ་དང་བྲལ་བྱང
ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །རྗེསུ་དྲན་པས་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས
ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར། །སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། ནཱ་ད་གོམས་པས་བཅན་ཐབས་ཆུ་སྐྱེས་སུ
གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། །འདིར་གང་གི་ཚེ་སོ་སོར་སྡུད་པ་གཟུགས་བརྟན་པར་གྱུར་པས་རྣལ་འབྱོར་པ་རྣམ་པར་དག་པར་གྱུར་པ་དེའི་ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་པར་འགྱུར་ཏེ་ཚིག་གིས་མཆོག་སྦྱིན་ལ་སོཌ
པ་སྦྱིན་པར་འགྱུར་རོ། །མངོན་པར་ཤེས་པ་ལྔ་ནི་ཐོབ་པར་འགྱུར་ཏེ་མིའི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་པ་འདིར་གང་གི་ཚེ་མིག་མི་འཛུམ་པར་གྱུར་པ་དེའི་ཚེ་ལྷའི་མིག་ཏུ་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གྱིས་རྣམ་པར
དག་པ་ལ་ལྷའི་རྣ་བ་ལ་སོགས་པར་འགྱུར་རོ། །སྲོག་གི་རྩོལ་བས་དག་པ་ཞེས་པ་འདིར་གང་ཞིག་གི་ཚེ་རྣལ་འབྱོར་པ་ཉི་མ་རི་བོད་ཅན་གྱི་ལམ་དང་བྲལ་ཏེ་རྟག་ཏུ་དབུ་མ་འབབ་པར་གྱུར་པ་དེའི་ཚེ་སྲོག་གི་རྩོལ་བས་དག་པར་གྱུར་པ་ན་བྱང་ཆུབ་སེམས
དཔའ་རྣམས་ཀྱིས་མཆོད་དེ་བསྔགས་པར་བྱེད་དོ་ཞེས་པའི་དོན་ཏོ། །བདུད་དང་ཉོན་མོངས་པ་ལ་སོགས་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་ཞེས་པ་སྟོང་པ་ཉིད་ཀྱི་གཟུགས་གཟུང་བ་དང་འཛིན་པའི་སེམས་ལ་འཇུག་པར་འགྱུར་ཏེ་འཛིན
པའི་སྟོབས་ཀྱིས་སོ། །ཞེས་པ་སྲོག་གི་འགྲོ་བ་དང་འོད་?་ཟད་པ་གཅིག་ཏུ་འདྲེས་པར་གྱུར་པས་སོ། །རྗེས་སུ་དྲན་པས་ལེགས་པར་དག་པ་ཞེས་པ་ལ། འདིར་རྗེས་སུ་དྲན་པ་ནི་གཟུགས་ལ་འཁྱུད་པའི་སེམས་རྣམ་པར་རྟོག་པ་ཐམས་ཅད
དང་བྲལ་བའོ། །དེ་ཡིས་གང་གི་ཚེ་དག་པར་གྱུར་པ་དེའི་ཚེ་དྲི་ལམེད་འོད་ཀྱི་དཀྱིལ་འཁོར་དུ་འགྱུར་རོ། །ཀྱང་གི་སྒྲས་བ་སྤུའི་ཁུང་བུ་ནས་འོད་ཟེར་ལྔ་འཕྲོ་ཞིང་དེས་པར་རྒྱུའོ། །ཡེ་ཤེས་གཟུགས་ལས་སོ་ཞེས་པ་སྟོང་པའི་གཟུགས་ལས་སོ།
དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཞེས་པ་འདིར་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་ཀྱིས་ནང་ཞིག་འགྱུར་བ་མེད་བའི?་བདེ་བར་གྱུར་པའི་བདེ་བ་དེ་ནི་ཏིང་འཛིན་ཞེས་བརྗོད་དོ། དེ་ཡིས་དག་པ་ནི་ཏིང་ངེ་འཛིན་གྱིས་དག་པ་སྟེ་དྲི་མ་མེད་པར
ག་ཡུར་པ་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར་ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་པ་སོ་སོར་སྡུད་པ་ལ་སོགས་པའི
ངེས་པའོ། །ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ་འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་རྣམས་ཀྱི་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་སྐྱེས་ན་དེའི་ཚེ་ནཱ་ད་གོམས་པ་ལས་བཙན་ཐབས
ཀྱི་སྲོག་དབུ་མར་འབབ་པར་བྱས་ནས་ཤེས་རབ་ཀྱི་ཆུ་སྐྱེས་པུ་གནས་པའི་རྡོ་རྗེ་ནོར་བུ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་བསྒྲུབ་པར་བྱའོ། །ཞེས་པ་བཙན་ཐབས་ཀྱི་རྣལ་འབྱོར་རོ། །འདིར་ནཱ་ད་གོམས་པ་ཉིད
གསུངས་པ། ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཛའ་དང་ཆ་ཡི་མཐར་འགྲོ་བ། །དེ་ནི་ལྟེ་བར་འགག་པར་གྱུར་པ་དྲི་མེད་གློག་དང་མཚུངས་ཤིང་དབྱུག་པའི་གཟུགས་ཅན་ལངས་པ་ཡང། །འཁོར་ལོ་ལས
ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མར་རྩལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ཁབ་བཞིན་རེག་།དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས
ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སང་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །
མངོན་ཤེས་ལྔ་ཡི་རང་བཞིན་དུ་འགྱུར་སླར་ཡང་འདི་ནི་རྣལ་འབྱོར་པ་རྣམས་དག་གི་སྣ་ཚོགས་ཡུམ། །ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བདག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས
པ་གང་ཡིན་པ། །དེས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་ཉིད་ནི་བཞི་པ་སྟེ། སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །འདིར་ཤེས་རབ་དང་ཡེ་ཤེས་ནི་གྲངས་ཇི་ལྟ་པར་འཛིན་པར་བྱེད་པའི
སེམས་དང་འཛིན་པར་བྱེད་པའི་སེམས་དེའི་གཟུང་བར་བྱ་བ་དུ་བ་ལ་སོགས་པ་རྣམས་བཅུ་པོ་པྲ་ཕབ་པའི་མེ་ལོང་གི་སྣང་བ་ལྟ་བུ་ཡིན་པ་དེ་ཉིད་ཡེ་ཤེས་ཏེ་གཟུང་བར་བྱ་བའི་སེམས་སོ། །ཞེས་པའི་དོན་ཏོ། །དེ་ལྟར་མེ་ལོང་ལ་མིག་གི་གཟུགས
བརྙན་རང་གི་མིག་གི་བཟུང་བར་བྱ་བ་ཡིན་པ་བཞིན་དུ་ཤེས་རབ་དང་ཡེ་ཤེས་ཀྱང་ངོ། །དབང་ནི་འདི་ལ་ཞུགས་པ་གང་ཡིན་པ་ཞེས་པ་འདིར་འཛིན་པར་བྱེད་པའི་སེམས་ཀྱིས་བཟུང་བར་བྱ་བའི་སེམས་དེ་ལ་རབ་ཏུ་ཞུགས་པ་ཕྱི་རོལ་གྱི་ཡུལ་རྣམས་ལ་རབ་ཏུ
མི་འཇུག་པ་གང་ཡིན་པའོ། །ཡན་ལག་དྲུག་ལས་སོ་སོར་སྡུད་པ་དང་བསམ་གཏན་དང་སྲོག་རྩོལ་དང་འཛིན་པ་ནི་ཞུགས་པ་ཞེས་བརྗོད་དེ། ཞུགས་པ་དེ་ལ་མྱ་ངན་ལས་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པར་གྱུར་མེད་ཉིད་ནི་བཞི་པ་སྟེ་བདེ་བ
བྱིས་པ་དང་དར་ལ་བབ་པ་དང་གཡོ་བ་རྣམས་ཀྱི་མཆོག་འཇིག་རྟེན་པའི་དཔེ་ལས་འདས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བ་ཞེས་པའི་དོན་ཏེ། །རྒོད་པ་དང་བལྟ་བ་དང་རེག་པ་དང་འཁྱུད་པ་དང་ལག་བཅངས་དང་འཁྲིག་པ་དང་བྲལ་བ་ལས་ཀྱི
ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ་སྟོང་པ་ཉིད་རྣམ་པ་ཐམས་ཅད་པ་རབ་ཏུ་གསལ་བའི་མཚན་ཉིད་དོ། །སངས་རྒྱས་ཞལ་ཏེ་ཡེ་ཤེས་ཞལ་འདི་སློབ་དཔོན་གང་གི་སྙིང་ལ་གནས་པ་ནི་བསྒོམས་པ་སྟེ་རང་གིས་ཉམས་སུ་མྱོང་བ་དང། སློབ་མ་རྣམས་ལ
བསྟན་པའི་ཕྱིར་དུས་ཐམས་ཅད་དུ་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མ་སྟེ་རྡོ་རྗེ་འཛིན་པའོ། །ཞེས་པའི་དོན་ཏོ། །ང་ནི་རྣལ་འབྱོར་ཉེ་བར་བསྡུ་བ་གསུངས་པ། དབུ་མར་སྲོག་ནི་རབ་ཞུགས་ཉི་མ་དང་བཅས་རི་བོང་ཅན་གྱི
བགྲོད?་པ་གཡས་དང་གཡོན་ལ་བཅིང། ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་པ་ཡང། །པདྨར་རྡོ་རྗེའི་སྒྲའམ་རང་གི་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། ས་བོན་གཏོང་བ་མིན་པའི
བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། །འདིར་དང་པོར་རྣལ་འབྱོར་པས་དབུ་མར་སྲོག་ནི་རབ་ཏུ་གཞུག་པར་བྱ་སྟེ་གང་གིས་མཚན་མ་མཐོང་བར་འགྱུར་པ་ཨ་བ་དྷཱུ་ཧཱིར་རོ། །འདི་ནི་དཔལ་ལྡན་བླ་མ་ཞེས་པ་སངས་རྒྱས་ཀྱི་སྐུ་རྡོ
རྗེ་སྟེ་ཞལ་གཅིག་ཏུ་བརྗོད་དོ། །དེ་ནས་ཉི་མ་དང་བཅས་ཏེ་གཡས་པའི་དགྲོད་པ་དང་ལྷན་ཅིག་ཏུ་རི་བོང་ཅན་གྱི་བགྲོད་པ་ཞེས་པ་གཡོན་པའི་རྩལ་བགྲོད་པའི་བགྲོད་བཅིང་བའོ། །ཞེས་པ་ངེས་པ་སྟེ་སྲོག་རྩོལ་ནི་གཉིས་པ་གསུང་རྡོ་རྗེའོ། །ཕྱག་རྒྱ་རབ་ཏུ
འགྲོགས་ལ་སེམས་ཤེས་པ་གཟུགས་ལ་རྗེས་སུ་ཆགས་པ་བྱང་ཆུབ་ཀྱི་སེམས་ཞུ་པ་དང། །མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང་གསུམ་པ་ཐུགས་རྡོ་རྗེའོ། །ཅི་སྟེ་གཟུགས་ཀྱི་སྒོ་ནས་དགའ་བར་མ་གྱུར་ན་དེའི་ཚེ་པདྨར་རྡོ་རྗེའི
སྒྲ་འམ་ཞེས་པ་དལ་བུ་རྣམས་ཀྱིས་བྱའོ། །ཅི་སྟེ་བུད་མེད་མ་རྙེད་ན་དེའི་ཚེ་རང་གི་ལག་པའི་པདྨས་གསོར་བར་བྱའོ། །བདེ་པ་འཕེལ་བའི་སླད་དུ་སྟེ་ལྷུང་པའི་སླད་དུ་ནི་མ་ཡིན་ནོ། །དེ་ལྟར་ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས
འཕྲོག་ཏུ་འགྱུར་ཏེ་འདི་ནི་དཔལ་ལྡན་བླ་མའི་ཞལ་བཞི་པ་སྟེ་ཡེ་ཤེས་ཀྱི་ཞལ་ལོ་ཞེས་པ་རྣལ་འབྱོར་གོམས་པའི་ངེས་པའོ། །ད་ནི་དཀྱིལ་འཁོར་ལྔ་ཟད་པ་གསུངས་པ། །ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ
རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་དུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས
བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །འདིར་གང་གི་ཚེ་ཁྲོ་བོའི་ལྟ་བས་སྟོང་པ་ལ་སེམས་བཀོད་པའི་རྣལ་འབྱོར་པ་མིག་མི་འཛུམས་པར་གྱུར་པ་དེའི་ཚེ་གཡོན་ནམ་གཡས་སུ་ས་ཞེས་པ་ཉེ་བར་མཚོན་པ་སྟེ། །གང་གི་ཚེ་གཡས་སུ་ས་རབ་ཏུ་འབབ་པའི་དུས་སུ
རྣལ་འབྱོར་བསྒོམ་པར་བྱེད་ན་དེའི་ཚེ་ཆོ་ག་འདིའོ། །སླར་ཡང་གཡོན་པའི་རྩ་ལ་རབ་ཏུ་འབབ་པའི་དུས་སུ་ནི་མ་ཡིན་ཏེ་ནམ་མཁའ་ཨི་དཀྱིལ་འཁོར་ལ་སོགས་པའི་རིམ་པ་ལས་སོ། །དེས་ན་གཡོན་དང་གཡས་སུ་སྲོག་གི་དཀྱིལ་འཁོར་གང་འབབ་པ་དེའི་ཆོས
ཅན་ཉིད་ཀྱི་ཕྱིར་དཀྱིལ་འཁོར་དེ་ཉིད་གསུངས་སོ། །དེས་ན་གཡས་ཀྱི་རྩ་ལ?་སའི་དཀྱིལ་འཁོར་ལས་སྲོག་ཆུའི་དཀྱིལ་འཁོར་ལ་འཇུག་སྟེ་དེ་བཞིན་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་བར་དུའོ། །གཡོན་གྱི་རྩལ་ནམ་མཁའ་ལ་སོགས་པས་འཇུག་གོ་།དེ
བཞིན་དུ་སྟོང་པ་ངེས་པར་དུ་བ་ལ་སོགས་པའི་མཚན་མ་རྣམས་པ་བཅུར་འགྱུར་ཞིང་མཚན་མ་ནི་རྣམ་པ་ཐམས་ཅད་པའི་གཟུགས་སུ་འགྱུར་རོ། །གཟུགས་ཀྱང་འགྱུར་བ་མེད་པའི་བདེ་པར་འགྱུར་ཏེ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་སོ། །
ཡེ་ཤེས་ལས་ནི་རྫུ་འཕྲུལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་དང། དངོས་གྲུབ་ཁམས་གསུམ་གྱི་དབང་ཕྱུག་ཉིད་དུ་འགྱུར་ཏེ་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། །ཞེས་པ་ལམ་ལ་ཞུགས་པའི་ངེས་པའོ། །དབང་ཕྱི་མ་ཕྱི་མ་ནི་དབང་སྔ་མ་སྔ་མ
ལ་ལྟོས་པ་དང་བཅས་པ་ཡིན་ལ་དེ་ནི་དཔལ་དུས་ཀྱི་འཁོར་ལོ་དང་དྲི་མ་མེད་པའི་འོད་ལ་སོགས་པའི་གསུང་རྣམས་ཀྱིས་སྤྲོས་ནས་མངོན་པར་བརྗོད་དེ། འཇིག་རྟེན་ལས་འདས་པའི་དབང་གིས་དབསྐུར་ནས་དེ་ཁོ་ན་རབ་ཏུ་གསལ་བར་བྱའོ་ཞེས
པས་ཡན་ལག་དྲུག་གི་རྣལ་འབྱོར་ནི་སྔོན་དུ་འགྲོ་བ་འཇིག་རྟེན་པའི་དབང་གི་ཡང་རྒྱུ་ཅན་ཉིད་དོ། །ཡན་ལག་དྲུག་གི་རྣལ་འབྱོར་ཡང་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་གསུང་རྣམས་ཉིད་ཀྱིས་རྒྱ་ཆེར་རྟོགས་པར་བྱའོ། །ད་ནི་འདི
ཉིད་ཀྱི་བསྒྲུབ་པ་ཞེས་པ་ལ་སོགས་པའི་རང་བཞིན་རྣམ་པར་བཤད་པར་བརྩམས་པར་བྱའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པ་སྲེག་པར་བྱེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་འདི་ཉིད་ཀྱི་སྒྲུབ་པ་སྟེ་གསལ་བའི
དངོས་པོ་རྣལ་འབྱོར་པས་དུ་བ་ལ་སོགས་པ་རྣམས་ཀྱིས་བྱའོ། །ཅི་ལྟར་གྱུར་པ་རྣམས་ཀྱིས་ཤེ་ན་།དེ་རྣམས་ཀྱིས་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་དང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ངེས་པའི་དོན་གྱི་མདོ་སྡེ་ཐམས་ཅད་དུ་རབ
ཏུ་གྲགས་པ་རྣམས་ཀྱིས་ཏེ། སྟོང་པ་ལ་གློ་བུར་དུ་རབ་ཏུ་གསལ་བའི་ཕྱིར་རབ་གསལ་ལོ། །རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །དེ་ཁོ་ནའི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མའོ། །གཟུང
བ་དང་འཛིན་པ་དང་བྲལ་བ་རང་བཞིན་སྟོང་པ་ཉིད་ཀྱི་བློ་ནི་ཤེས་རབ་སྟེ་དེའི་གཟུགས་བརྙན་ནི་རྣལ་འབྱོར་པ་ལ་མངོན་སུམ་དུ་སྣང་བའོ། །ཕྱི་ནང་གི་དྲི་མ་རྗེས་སུ་ཆགས་པ་མེད་པའི་ཕྱིར་ནམ་མཁའ་མཉམ་པ་རྣམས་ཀྱིས་སོ། །ཡོད་པ་དང་མེད
པ་ལ་སོགས་པའི་རྣམ་པར་རྟོག་པའི་མཚན་མས་མཚོན་དུ་མེད་པའི་ཕྱིར་ཡོད་དང་མེད་པ་ལས་རྣམ་པར་འདས་སོ། །རྣལ་འབྱོར་པས་རང་རིག་པ་ཉིད་ཀྱི་ཕྱིར་རང་གི་སེམས་ཀྱི་རྐྱེན་གྱི་དོན་ནོ། །རྣམ་པ་ཐམས་ཅད་དུ་མ་བྱས་པ་རྨད་དུ་བྱུང་བ་རང
བཞིན་མེད་པའི་དངོས་པོའི་གཟུག?་གྱི་ཕྱིར། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་རྣམས། །ཀུན་ནས་ཡོངས་སུ་དོང་བ་ཡིས་ཤེས་པའོ། །ཕྱི་ནང་མཛའ་དག་ཁྱབ་པ་དཀར་པོ་དུ་བའི་རྣམ་པ་སྟོང་པའི་སྣང་བ་སྟེ་འདི་ཡང་སྤྲིན་ལྟར་སྣང་བའི་དེ་མ་ཐག
འབྱུང་བར་འགྱུར་རོ། །ཇི་སྐད་དུ་གསུངས་པ། དང་པོ་སྤྲིན་དང་འདྲ་བར་སྣང། །གཉིས་པ་དུ་བལྟ་བུའོ་ཞེས་པའོ། །དེ་བཞིན་དུ་ཆུ་གཡོ་བའི་རྣམ་པ་ནི་སྨིག་རྒྱུའོ། །མཁའ་སྣང་དང་སྒྲོན་མའི་རྣམ་པ་དག་ནི་རབ་ཏུ་གྲགས་སོ། །མཚན་མ་བཞིན་པོ་འདི་རྣམས་ནི
བུག་པ་མེད་པའི་ཁང་པར་མུན་པ་ལ་འབྱུང་བའི་ཕྱིར་མཚན་མེའི་རྣལ་འབྱོར་དང་ནམ་མཁའ་ཨི་རྣལ་འབྱོར་རོ། །ཇི་སྐད་དུ། དཔལ་འདུས་པ་ལ་སོགས་པར་དང་པོ་དང་གཉིས་པ་བཟློག་པས་གསུངས་པ། འགོག་པ་རྡོ་རྗེར་བགྲོད་སེམས་ལ། །མཚན་མ་ཉེར
འཛིན་འབྱུང་འགྱུར་ཏེ། །དང་པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་མཁའ་སྣང་རྣམ་པ་སྟེ། །བཞི་པ་སྒྲོན་མ་འབར་བའོ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་མེད་ནམ་མཁའ་ལྟ་བུའོ། །ཞེས་པའོ། །དེ་ནས་སྤྲིན་མེད་པའི་ནམཁའ་
དང་མཚུངས་པར་སྣང་བ་སྔོན་དུ་འགྲོ་བ་མེའི་རྣམ་པ་སྟོང་པའི་སྣང་བ་ནི་འབར་བའོ། །ཟླ་བ་དང་ཉི་མའི་སྣང་པ་དག་ནི་རབ་ཏུ་གྲགས་སོ། །མུན་ཅན་ནི་སྒྲ་གཅན་ཏེ་རི་མོ་ནག་པོ་ལྟར་སྣང་བའོ། །ཆ་དང་ཞེས་པ་གློག་གི་སྣང་བའོ། །ཐིག་ལེ་ཆེ་ཞེས་པ་རྒྱུ་བ
དང་བཅས་པའམ་མི་རྒྱུ་བའི་སྣང་བ་ཁ་དོག་སྔོན་པོ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་པའོ། །མཚན་མ་དྲུག་པོ་འདི་རྣམས་ནི་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བ་ལས་འབྱུང་བའི་ཕྱིར་ཉིན་མོའི་རྣལ་འབྱོར་དང་བླ་ཁབ་མེད་པའི་རྣལ་འབྱོར་རོ། །དེ
ན་ཨས་དེའི་དབུས་སུ་སོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་སངས་རྒྱས་ཀྱི་གཟུགས་མཐོང་བ་དང་ལྷན་ཅིག་སྐད་ཅིག་གཅིག་ལ་ལག་པར་གནས་པའི་ཆུ་ལྟར་ཤིན་ཏུ་དང་བ་རྣམ་པ་ཐམས་ཅད་པའི་བུམ་པ་དང་སྣམ་བུ་ལ་སོགས་པ་མཐོང་བ་ནི་སྣ་ཚོགས
གཟུགས་བརྙན་འོད་གསལ་པའོ། །བཀབ་དང་མ་བཀབ་མིག་དག་གིས། །ཤེས་པ་བར་སྣང་ལ་དམིགས་པ་ཉིད་ཀྱིས་མིག་ཕྱེད་བཙུམས་པ་དག་གིས་སྟོང་པར་ཏེ་ནམ་མཁའ་ལ་གཟུང་བ་དང་འཛིན་པ་དང་བྲལ་བ་འདི་ནི་རྗེས་བརྟགས་མིན་པར་རྨི་ལམ
བཞིན་དུ་གཟུགས་རྣལ་འབྱོར་པས་མངོན་སུམ་དུ་མཐོང་བར་འགྱུར་རོ། །གཟུགས་དེ་ནི་སྣ་ཚོགས་གཟུགས་དེ་བསྒོམ་པར་བྱ་བ་ནི་བསམ་གཏན་གྱི་ཡན་ལག་གིས་བརྟན་པར་བྱའོ། །རྒྱལ་བའི་ཡུམ་པར་མར་གསུངས་པ། རིན་ཆེན
སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཉི་མ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང། རྣམ་པ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང། ཞེས་པ་ལ
སོགས་པའོ། །མཚན་ཡང་དག་པར་བརྗོད་པར་ཡང་སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང། །གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ
པར་འདས། །ཟབ་མོ་དམིགས་མེད་དེ་རྣམས་ཀྱིས། །མཚན་མའི་དོན་རྣམས་རྣམ་པར་སྒོམ་ཞེས་པའོ། །ལ་བའི་གོས་ཅན་གྱི་ཞབས་ཀྱིས་ཀྱང། །སྣང་པ་ཐོབ་པའི་རྣལ་འབྱོར་པ། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །སྒྲུབ་པའི་འཁྲུལ་པ་མེད་པ་རྣམས། །ལམ་ནག
གི་ནི་དུ་བ་བཞིན། །མིག་དག་རེངས་པར་བྱེད་པ་དང། །མགོ་བོ་བདུད་པ་ཉིད་དང་ནི། །སེམས་དང་སེམས་འབྱུང་ནུབ་པ་དང། །སྟོང་ཉིད་མཐོང་བའི་སྟོང་པ་ཉིད། །ཅེས་པ་ལ་སོགས་པའོ། །གཞན་གྱིས་ཀྱང། གང་དུ་དྲི་མ་མེད་པའི་མཁའ་ལ་མིག་ཕྱེད
སྤྲུལ་པ་ན། །འཕྲོ་བ་ཆེན་པོའི་ཐུགས་རྗེས་རླན་པའི་བསམ་པའི་རྟེན་ཟབ་ལས། །ཡོད་དང་མེད་དང་གཉི་ག་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མཛའ་དག་གློ་བུར་འཆར། །དེ་བཞིན་དུ། དང་པོར་ཐོག་མཛའ་
ལས་གྲོལ་པའི། །དབུ་མ་ཙམ་ལ་ཡང་དག་གནས། གང་ཞིག་དེར་གནས་འདོར་བ་དེ། འདི་ཡི་སྣང་བ་བཅུ་བདག་ཉིད་ཅེས་པའོ། །འདིར་བསོད་ནམས་དང་ལྡན་པ་རྣམས་ཀྱི་བླ་མ་ཆེན་པོའི་བཀའ་དྲིན་ལས་པར་སྣང་ལ། ཁོང་དུ་ཆུད་པ
དཔེར་བརྗོད་པའོ། །འདི་ཉིད་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་རྡོ་རྗེའི་གླུ་ཀུན་རྫོབ་དང་དོན་དམ་པའི་ཚིག་གིས་རབ་ཏུ་གསུངས་ཏེ། དཔལ་ལྡན་དཔའ་པོ་ས་ར་ཧ་ཡིས་གསུངས་པ། རྨོངས་པ་ནམ་མཁའ་ཨི་ཚད་མ་ནི། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །
དང་པོར་རྣམ་དག་ནམ་མཁའ་ལ། །བལྟ་ཞིང་བལྟ་བས་མཐོང་བ་འགག་།དེ་བཞིན་དུ། མང་པོ་སྨྲ་བས་ཅི་ཞིག་བྱ། །ཆོས་ཀྱི་ཚད་ནི་འདི་ཡིས་ཆོག་།མིག་ཕྱེད་གྱེན་དུ་བལྟ་བ་ན། །མཐོང་བ་བརྟན་པ་ཉིད་ཀྱིས་ཤེས། །རྨད་བྱུང་ནམ་མཁའ་ཨི་དཀྱིལ
འཁོར་ཤར་བྷུ?་སུ་ཀཱུ། སྟོང་ཉིད་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀཱུ། དཔེ་མེད་མེ་ཏོག་ཤར་རོ་བྷུ་སུ་ཀཱུ། རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་སྐྱེས། །དེ་བཞིན་དུ།
ལཱ་མཱ་ནམ་མཁའ་ཨི་མེ་ཏོག་ཤར། །རབ་ཏུ་མི་གནས་ལྕི་བའོ། །བལྟ་ཞིང་བལྟ་པས་ནམ་ལངས་ཀྱང། །ཤཱན་ཏཱི་སྒྲོན་མས་ལམ་ཚལ་ལོ། །དེ་བཞིན་དུ་སྐྱ་རེངས་ཤར་རོ་བྷུ་སུ་ཀཱུ། །ཤཱན་ཏིས་སྨྲས་པ་ནམ་ལངས་ཐུན། །གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ།།
དེ་ཚེ་སེམས་ཀྱི་རྒྱལ་པོ་རབ་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌ་མ་རུ་ཡི་སྒྲ། །འཕགས་པ་ལྟའི་དམིགས་པ་མེད་པ་གསལ། །གཡོན་དང་གཡས་སུ་ཁྲལ་པ་ལ། །ཀ་ཧྣས་སྨྲས་པ་པར་ལམ་མོ། །སེམས་རྟོགས་རིན་ཆེན་རབ་དགས་གྲོལ། །
གྲོང་ཁྱེར་མིས་སྨྲ་རྨོངས་པ་རྣམས། །མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ཉིད་ནམ་མཁའ་ཕྱིན། །དེ་བཞིན་དུ་རྨད་དུ་བྱུང་བ་གང་ཞིག་འཐུན་ལས་བྱུང། །གང་ཞིག་ཉི་ཟླ་བཅིངས་ཤིང་སྒྲོན་མེ་སྤར། །ཤཱན་ཏེ་རང་ཉིད་དབང་གཞག་རང་ཉིད་?
ནམ་མཁའ་ཨི་སྦྲུམ་མ་ལ་ནི་སྐྱེ་བ་མཐོང། །སླར་ཡང་ཟབ་མོའི་ཆོས་ཐོས་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། །གལ་ཏེ་ནམ་མཁའ་རྩེ་མོར་མེ་ཏོག་བྱུང། །ཤཱན་ཏིས་སྨྲས་པ་དེ་ཚེ་འཁྲུལ་པ་ཞིག། གཞན་རྣམས་ཀྱིས་ཀྱང་གསུངས
བ། བར་སྣང་ལ་ནི་ཡིད་དང་རླུང་དང་མིག་།དུས་གཅིག་ཏུ་ནི་གལ་ཏེ་ལེགས་སྦྱར་ན། །རྒྱལ་པའི་ཡོན་ཏན་རིན་ཆེན་ངེས་པར་སྐྱེས། །འདི་རྣམས་མཛའ་དག་དེ་བཞིན་གཤེགས་པའི་གསུངས། །སྣ་ཚོགS་རྣམ་རྟོག་བྲལ་ཞིང་མི་སེམས
པར། གལ་ཏེ་བར་སྣང་ལ་ནི་མིག་གཏད་ན། །ཕྱོགས་བཅུའི་འཇིག་རྟེན་དག་ནི་ཡིན་ནམ་སྙམ། །རྣལ་འབྱོར་དབང་ཕྱུག་མཛའ་དག་འདི་ལས་ཐོབ། །དེ་བཞིན་དུ། རང་ཡིད་མཚན་ཉིད་མཛའ་དག་བྲལ་བ་ཡིས། །མིག་ཕྱེད་གྱེན་དུ་ལྟ་བ་དང་བཅས་པས།།
གང་ཆེ་དབུ་མར་རླུང་?་བུས་གྱུར་པ། །དེ་ཚེ་རྡོ་རྗེའི་མེ་དང་དུ་པ་བྱུང། །ཞེས་པའོ། །དེའི་ཕྱིར་སངས་རྒྱས་ཉིད་དོན་དུ་གཉེར་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་བསྒོམ་པར་བྱའོ། །ཕྱག་རྒྱ་ཆེན་པོ་སྒོམ་པ་ཡང་རྟོག་པས་སྒྲོ་བརྟགས་པའི་མཚན
མཛའ་དག་གིས་མཚོན་དུ་མེད་པ་མ་ཡིན་ནམ། དེ་བསྒོམ་པར་བྱ་ཞེས་ཅི་ལྟར་བརྗོད་ཅེ་ན། གསུངས་པ། དངོས་མེད་ཅེས་པ་ལ་སོགས་པའོ། །འདིར་དམིགས་པ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །དེ་དཔལ་དུས་ཀྱི
འཁོར་ལོའི་རྒྱུ་དང་འགྲེལ་པར་ཡང་གསུངས་པ། ལྷའི་དམིགས་པ་གང་ཡིན་འདི་ནི་མངོན་སུམ་དང་ནི་རྗེ་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དག་ནི་དེ་ཉིད་སྦྱོར་པས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་?།
མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། །འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས
རྣལ་འབྱོར་པ་རྣམས་ཀྱི་ལྷའི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་གཉིས་སུ་འགྱུར་པ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས་མངོན་སུམ་རྟོག་པའི་མཚན་མ་མཛའ་དག་བྲལ་པ་བླ་མ་དག་པས་ལམ་ཉེ་བར
བསྟན་པ་ལས་སྐྱེས་པ་གང་ཡིན་པ་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་འགྱུར་ཏེ་སྐར་མའི་ཚོགས་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ་ཤ་ལ་སོགས་པའི་མིག་གིས་གཟུང་བར་བྱ་བ་སྲིད་པ་གསུམ་དང་དུས་གསུམ་སྒྱུ་མ་དང་རྨི་ལམ་དང་མཚུངས་པའོ། །འདིར
དང་པོར་ལས་དང་པོ་པའི་རྣལ་འབྱོར་པ་མངོན་པར་ཤེས་པ་མེད་པས་ཤའི་མིག་གིས་སྣ་ཚོགས་མཐོང་ངོ། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་སོ། །དེ་ནས་འདོད་ཆགས་དང་བྲལ་བའི་མཆེམས་ཀྱི་དབང་གིས་སངས་རྒྱས་ཀྱི
སྤྱན་གྱིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཨི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་ཏེ། ལྷག་མ་ཀུན་ལས་རྣམ་གྲོལ་བ་ཞེས་པའོ། །དེ་ལྟར
དེ་བཞིན་གཤེགས་པའི་ཤ་ལ་སོགས་པའི་སྤྱན་ལྔ་པོ་རྣམས་སྟོད་པ་ཉིད་གཟིགས་པ་གསུངས་ཏེ། སེམས་ཅན་གཞན་རྣམས་ནི་སྟོང་པ་ཉིད་ལྟ་བའི་ཡུལ་ལ་དམུས་ལོང་ངོ། །ཞེས་པ་དེ་ཁོ་ན་སྒྲོམ
པའི་ངེས་པའོ། །དེ་ཁོ་ན་མ་ཡིན་པའི་སྒྲུབ་པ་ལ་སླར་ཡང། མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཞེས་པ་དེ་ཁོ་ན་མཐོང་བ་མེད་པའི་དབང་གིས་ཐམས་ཅད་དུ་ཤི་བའི་དུས
བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རི་མོ?་དང་སྐུ་གཟུགས་བྱས་པ་དང་ལུགས་མའམ་དཀྱིལ་འཁོར་གྱི་འཁོར་ལོ་བྲིས་ནས་ངེས་པའི་རྣམ་པར་བལྟ་པར་བྱ་སྟེ། བྱིས་པའི་རྣལ་འབྱོར་པ་དམན་པ་རྣམས་ཀྱི་བསྒོམ་པའི་དོན་དུའོ། །ཞེས་པ
རྣམ་པར་རྟོག་པའི་སྒོམ་པའི་ངེས་པའོ། །ཞེས་པའོ། །དེའི་ཕྱིར་དངོས་མེད་སྤྲིན་མེད་པའི་ནམ་མཁའ་གཟུགས་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་སོ་སོར་སྡུད་པས་མཐོང་བ་ལ་སྒོམ་པ་བསམ་གཏན་གྱི་ཡན་ལག་སོ་སོར་བཅིངས་པས་དུས་གསུམ་དང་
ཀ་ཧན་ས་གསུམ་པ་རབ་ཏུ་གསལ་བའི་བདག་ཉིད་རྣལ་འབྱོར་པའི་རང་གི་སེམས་སོ་སོར་རང་གིས་རིག་པར་བྱ་བ་རབ་ཏུ་འཇུག་པ་གང་ཡིན་པ་དེ་ནི་རྣལ་འབྱོར་པའི་རྟོག་པའི་སྒོམ་མ་ཡིན་ཏེ་ཡུལ་དང་རྣམ་པར་ཤེས་པ་ལ་སོགས་པ་ཡོད་པ
དང་མེད་པ་དང་དངོས་པོ་མེད་པ་ལ་སོགས་པ་རྣམ་པར་རྟོག་པའི་དྲ་བ་མཛའ་དག་དང་སྲོག་གི་རླུང་རྣམས་ཀྱི་རྩོལ་བ་ཉེ་བར་ཞི་བ་ཉིད་ལས་དུས་གསུམ་དང་ཁམས་གསུམ་པ་གསལ་བར་རབ་ཏུ་སྣང་བ་འབྱུང་བའི་ཕྱིར་རོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང
?་པ། བཅོམ་ལྡན་སྲོག་གི་ལྷག་པའི་བདག་པོ་རྗེ་བོ་བདག་ཉིད་ལ་ནི་ཐིམ་འགྱུར་ཞིང། །འཚོ་བའི་རླུང་གི་རྒྱུ་བ་འབྱུང་དང་འཇུག་པའི་ཚོགས་རབ་ཞི་བར་གྱུར་པ་ན། གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་འོད་གསལ་སྐར?་མའི་སྣང་བ་རབ་འབྱམ
འདི?། རང་ལུས་ཉིད་ལས་ངེས་མཐོན་མུན་པ་བཅོམ་ནས་འཇིག་རྟེན་གསུམ་པོ་གནོན་པར་བྱེད། །ཅེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང། །རྟོག་པ་ཉམས་པས་བློ་ཉམས་ཏེ་བློ་དན་རྗེས་སུ་རྟོགས་བྱེད་ལོ། །འདི་ཉིད་ལས་ནི་བློ་བཟང་ལ། །ནམཁའ་
ཡས་ལྷག་ཅི་ཡང་འབྱུང། །སྔོན་མེད་དཔྱིད་བྱུང་ནམཁའ་ཨི་མེ་ཏོག་འབྲས། །ལག་པས་འཐོག་རེག་བྱར་མེད་ས་པ་རི། །མིག་མི་འཛུམ་པར་བལྟ་བ་དང་མི་བསམ་དང། །རླུང་འགོག་པ་ནི་བླ་མ་དམ་པའི་གསུང། །ཞེས་པའོ། །སེམས་ཀྱི
དུས་གསུམ་པའི་སྣ་ཚོགས་གཟུགས་ཀྱང་དངོས་པོ་མ་ཡིན་ཏེ། དེ་རྣམས་འདས་པ་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་དུ་མེད་པའི་ཕྱིར་དང་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱི་འདས་པ་ལ་སོགས་པའི་དངོས་པོ
མེད་པ་ཡང་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དངོས་མེད་ཁོ་ན་མིན་ཏེ་ཅིའི་ཕྱིར་ཞེ་ན་གསུངས་པ། སྟོང་པར་མ་བརྟགས་མཐོང་ཕྱིར་རོ་ཞེས་པས་ཏེ། གང་གི་ཕྱིར་སྟོང་པར་ཏེ། སྣ་ཚོགས་གཟུག་ཀྱི་རྣམ་པའི་སེམས་ལ་མ
བརྟགས་ཏེ། རྟོག་པ་མཛའ་དག་དང་བྲལ་བར་མཐོང་བ?་སྟེ་མངོན་སུམ་དུ་ཡང་དག་པར་རིག་པ་བསྙོན?་མི་ནུས་པར་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །རྩ་བའི་རྒྱུད་དུ་ཡང་གསུངས་པ། ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་པོ་དངོས་མེད་ཟད། །ཕྲ་རབ་རྡུལ
གྱིས་ཆོས་ཉིད་འདས། །སྟོང་པ་ཉིད་ཆོས་རྣམ་པར་སྤངས། །རྟག་དང་ཆད་ལས་ངེས་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིགས་མེད་པ། ཞེས་པའོ། །ས་ར་ཧའི་ཞབས་ཀྱིས་ཀྱང། །ཐམས་ཅད་དངོས་པོར་རྟོགས་པ་དང་ལྡན་གཡོ་བའི་ཡིད་ནི་འཁོར་བ་འདིར། །གཡང
སར་རབ་ཏུ་ལྷུང?་འགྱུར་བློ་ཡང་རྨོངས་པར་རབ་ཏུ་ལྷུང་བར་འགྱུར། །གལ་ཏེ་འདིར་ནི་གང་ལས་དམིགས་པའི་དོན་མེད་ཆོས་རྣམས་རྟག་རེངས?་པར། །གྱུར་པ་དེ་ཚེ་ལྷ་མོ་ཕྱག་འཚལ་བདེ་པ་དམ་པ་དཔལ་གྱི་མཐུ། །ཞེས་པའོ། །རྣམ་པར་མ་བརྟགས་པར
མཐོང་བ་གྲུབ་པའི་དོན་དང་རྗེསུ་མཐུན་པའི་དཔེ་གསུངས་པ་ཇི་ལྟར་པྲ་ཕབ་པ་ཞེས་པ་ལ་སོགས་པའོ། །པྲ་ཕབ་པའི་སྒྲས་སྒྲུབ་པ་པོས་མ་བསམས་པ་མེ་ལོང་ལ་སོགས་པ་རྣམས་ལ་རབ་ཏུ་གསལ་བར་གྱུར་པའི་དོན་བརྗོད་དེ་དེ་ནི་མེ་ལོང་ལ་ཞེས་པ་མེ་ལོང
ལ་དངོས་མེད?་སྐྱེས་ཆོམ་རྐུན་ལ་སོགས་པ་བེམ་པོའི་ཆོས་ཉིད་མ་ཡིན་པ་མཐོང་བའོ། །པྲ་དབབ་པ་ལ་འཇུག་པའི་རྒྱུད་དུ་ཕུར་བུའི་མེ་ལོང་དང། རལ་གྲི་འམ་མཐེ་བོ་དང། མར་མེ་དང། ཟླ་བ་དང། ཉི་མ་དང། ཆུ་དང། ཐབ་དང། མིག་སྟེ་བརྒྱད་རྣམས་ལ་པྲ་དབབ
པ་འཇུག་པར་གསུངས་སོ། །དེ་བཞིན་འདས་དང་མ་འོངས་ཆོས། །མཁའ་ལ་སྟོང་པ་རྣམ་པ་ཐམས་ཅད་པའི། །གཟུགས་ལ་དེ་ཉིད་རྣལ་འབྱོར་པ། །རྣམ་པར་རྟོག་པ་མེད་པའི་ལམ་ཐོབ་པས་མཐོང་བར་འགྱུར་རོ། །འདི་ལས་པྲ་ཕབ་པ་ལས་དངོས་པོ་རབ
ཏུ་གསལ་བའི་མཚན་ཉིད་གང་ཡིན་པ་དེ་དངོས་མེད་འགྱུར་ཏེ་དངོས་པོ་མ་ཡིན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན་གསུངས་པ་དངོས་པོ་སྟོང་པའི་དོན་མཐོང་ཕྱིར་ཞེས་པའོ། །དངོས་པོ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱིས་སྟོང་པ་རྣམ་པར་བྲལ་བ་སྟེ།
དེ་ཡང་དོན་དེའི་རབ་ཏུ་གསལ་པའི་མཚན་ཉིད་འདི་མཐོང་བ་རྣམ་པར་རྟོག་པ་མེད་པར་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །དངོས་པོ་རྡུལ་ཕྲན་ཚོགས་པའི་བདག་ཉིད་འདས་པ་ལ་སོགས་པའི་དངོས་མེད་དོན་རབ་ཏུ་གསལ་བའི་མཚན
ཉིད་ཡོད་པ་དཔེར་ན་འཇིག་རྟེན་པ་ཉིད་ཀྱིས་དངོས་པོ་མེད་ཀྱང་དོན་མཐོང་བ་སྒྱུ་མ་རྨི་ལམ་མིག་འཁྲུལ་བཞིན་ནོ། །དོན་འདི་ཉིད་གསུངས་པ་མེད་པའི་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་དང་བྲལ་ཞིང་འཁྲུལ་པ་མེད་པའི་ཡེ་ཤེས་སྐྱེ་བ་དེ་ཡང་རྣམ
པ་ཐམས་ཅད་པ་སྟེ་འགྲོ་བའི་དོན་ཕུན་སུམ་ཚོགས་པ་བྱེད་པ་ཉིད་ཀྱི་ཕྱིར་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །གང་དམིགས་པ་དེ་འགྲོ་བའི་དོན་བྱེད་པ་མ་ཡིན་ནམ་ཡུལ་མེད་ན་ཅི་ལྟར་བསྐྱེད་ཅེ་ན། །དཔེ་དག་པ་གསུངས་པ་པྲ་ཕབ་པའི་ཞེས་པ་ལ་སོགས་པའོ། །
གནས་འདིར་སྔོན་མ་མཐོང་བའི་རྐུན་པོ་ལ་སོགས་པ་པྲ་ཕབ་པའི་གཞོན་ནུ་མས་སྔགས་ཀྱི་བྱིན་གྱིས་བརླབས་པའི་མིག་གིས་མཐོང་སྟེ། སྒྲུབ་པ་པོའི་སྐྱེས་བུ་ནི་གནས་དེར་སོང་ནས་གཞོན་ནུ་མས་སྨྲས་པ་ཐུན་མོང་པའི་མིག་དག་གིས་མཐོང་བར་འགྱུར་རོ། །བསམ
པ་ཨ་ནི་འདི་ཡིན་ཏེ་རྣལ་འབྱོར་པའི་དངོས་གྲུབ་འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཟླ་བ་ཉེ་བར་བསྟན་པ་སོ་སོའི་སྐྱེ་བོས་རྟོག་པར་བྱ་བ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉེ་བར་བསྟན་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་བློ་དང་མིག་གིས
གཞོན་ནུ་མའི་བཞིན་དུ་ནམཁའ་ལ་མཐོང་བར་འགྱུརོ། །དེ་ཡང་ཡོད་པ་དང་མེད་པ་ལ་སོགས་པ་སྤྲོས་པ་ཐམས་ཅད་ཀྱིས་སྤྲོས་པ་དང་བྲལ་བའོ། །ཞེས་གསུངས་པ་གལ་ཏེ་ཞེས་པ་ལ་སོགས་པའོ། །གཞན་གྱི་མིག་དཔྲལ་པ་ལ་སོགས་པར
བ་སྒོམས་པ་རང་རང་གི་མིག་དག་གིས་གཞན་མཐོང་བ་མེད་པའི་ཕྱིར་པྲ་ཕབ་པའི་དཔེ་འདི་ཡིས་རྣལ་འབྱོར་པའི་མངོན་སུམ་པ་རྣམས་ཐམས་ཅད་དུ་རང་གི་དངོས་པོ་དངོས་པོ་མེད་པ་ལས་མ་སྐྱེས་པ་རྨི་ལམ་དུ་གཞོན་ནུ་མའི་བུ་དམིགས་པ་བཞིན་དུ
ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་བོ། །ཏིང་ངེ་འཛིན་རྒྱལ་པོའི་མདོར་ཡང་གསུངས་པ། ཇི་ལྟར་རྨི་ལམ་ནང་འདིར་གཞོན་ནུ་མ། དེ་ཡིས་བུ་དང་སྐྱེ་དང་འཆི་བ་འང་མཐོང། །སྐྱེས་ཤེས་དགའ་དང་ཤི་ན་མྱ་ངན་གནས། །དེ་བཞིན་ཆོས་རྣམས་ཐམས་ཅད་ཉེ་བར་འཇལ།།
ཤེས་ཤེས་སོ། །གཞོན་ནུ་མས་སྐྱེ་བ་མེད་པ་སྐྱེས་པར་མཐོང་བ་གང་ཡིན་པ་དང་ལྡན་པ་གང་ཡིན་པ་དེ་ཇི་ལྟར་སྐྱེས་པ་བཞིན་དུ་དེའི་སྐྱེད་པར་བྱེད་པའོ་ཞེས་པའི་དོན་ཏོ། །སྲོག་རྩོལ་གསུངས་པ། གཟུགས་བརྙན་མཐོང་ན་ཞེས་པ་ལ་སོགས་པའོ། །
ར་མི་ལམ་དང་སྒྱུ?་མ་ཅི་འདྲ་བ་དེ་འདྲའི་གཟུགས་བརྙན་རྣམ་པ་ཐམས་ཅད་པའི་གཟུགས་མཐོང་བར་གྱུར་ན་དེ་ནས་དེའི་པད?་མ་ཆད་པར་སྲོག་རྩོལ་སྲོག་དང་ཐུར་སེལ་གྱི་རླུང་དག་དགང་བ་དང་བུམ་པ་ཅན་དང་དབྱུང་བའི་སྦྱོར་བས་འགོག་པ་བར་མ་ཆད་པར་ཏེ་རྒྱུན
མི་འཆད་པར་བྱའོ། །གང་དུ་ཞེ་ན་གསུངས་པ་སྟེ། སྟེང་འོག་ཅེས་པ་ལ་སོགས་པའོ། །ལྟེ་བའི་སྟེང་དང་འོག་ཏུ་ཡང་རྩ་གསུམ་གསུམ་པོ་རྣམས་ལ་རིམ་པ་ཇི་ལྟ་བར་སྲོག་དང་ཐུར་སེལ་གྱི་རླུང་དག་འགོག་པ་སྟེ། སྲོག་དང་ཐུར་སེལ་གྱི་ལུས་ལ
སོགས་པའི་ཁམས་གསུམ་འགོག་པར་བྱེད་པ་ལས་སོ། །ཅི་ལྟར་གྱུར་པ་རྣམས་ལ་ཞེ་ན། གསུངས་པ་ཟླ་ཞེས་པ་ལ་སོགས་པ་སྟེ། སྟེང་དུ་གཡོན་པ་དང་གཡས་པ་དབུ་མ་རྣམས་དང་འོག་ཏུ་དབུ་མ་དང་གཡོན་པ་དང་གཡས་པ་རྣམས་སུ་ཟླ་བ་དང་ཉི་མ་དང
སྒྲ་གཅན་འབབ་པ་གསུམ་རྣམས་དང་བཤང་བ་དང་གཅི་བ་དང་ཁུ་བ་འབབ་པ་གསུམ་རྣམས་ལའོ། །དེ་བཞིན་དུ་ཆུ་དང་མེ་དང་སྟོང་པ་འབབ་པ་རྣམས་དང་ས་དང་རླུང་དང་ཡེ་ཤེས་འབབ་པ་རྣམས་ལ་སྟེ། །གཞན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི
སྐྱེ་གནས་ལས་སྐྱེས་པ་རྣམས་ལའོ། །གང་ཞིག་ཅེས་པ་ལ་སོགས་པ་ལ་སྟེང་དུ་ཟླ་བ་ལ་སོགས་པའི་རྩ་གསུམ་ལུས་དང་ངག་དང་སེམས་ཏེ་འོག་ཏུ་བཤང་པ་ལ་སོགས་པའི་རྩ་གསུམ་ལུས་དང་ངག་དང་སེམས་རྣམས་སོ། །རིགས་དྲུག་པོ་འདི་རྣམས
ཀྱི་རྟོགས་པ་གསུངས་པ་ཟླ་བ་ཞེས་པ་ལ་སོགས་པའོ། །ཟླ་བ་ནི་ཆུའི་ཁམས་ཏེ་ཐབས་ཀྱི་སྟེ་ཁུ་བའི་ཁམས་ཀྱི་སྐུར་འགྱུར་རོ། །ཉིན་མོར་བྱེད་པ་ནི་མེའི་ཁམས་ཏེ་ཤེས་རབ་རྡུལ་གྱི་ཁམས་ཀྱིས་གསུང་དུ་འགྱུར་རོ། །རྡུལ་གྱི་ཁམས་ཉིད
ཀྱི་སྐུ་ནི་བཤད་པའི་རྩའོ། །གཅི་པ་འབབ?་མ?་གཙོ་བོ་ཁུ་བའི་ཁམས་ཀྱི་གསུང་ངོ། །སྟེང་འོག་ཅེས་པ་ལ། སྒྲ་གཅན་འབབ་མ་རྟུལ་གྱི་ཁམས་ཀྱི་ཐུགས་སོ། །སྟེང་འོག་རིགས་དྲུག་ཅེས་པ་ལ་ཆུ་དང་རླུང་དང
ནམཁའ་འབབ་པ་རྣམས་ཐབས་ཀྱི་ཡན་ལག་ལས་སོ། །ས་དང་མེ་དང་ཡེ་ཤེས་འབབ་པ་རྣམས་ཤེས་རབ་ཀྱི་ཡན་ལག་ལས་སོ། །ཕྱེད་དང་བཅས་པའི་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་ནང་དུ་འཆི་བ་དེ་འཆད་པར་འགྱུར་བའི་ངེས་པ་ལས
འཆི་ལྟས་སུ་འགྱུར་ཏེ། སྟེང་དང་འོག་ཏུ་ཡང་ལྷག་པའི་རླུང་འབབ་པ་རྣམས་ཀྱིས་སོ། །གང་དག་ལ་ཞེ་ན། གསུངས་པ། །ལུས་བ་འབབ་མ་དག་གི་རླུང་ལ་སྐྱེ་བ་མངལ་ནས་འབྱུང་བ་དང་དང་བཤང་བ་དང་གཅི་བའི་རྩ་ལ་ཡང་ངོ། །གང་གི་ཚེ་འོག་ཏུ་བཤང་བའི་རྩ
འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡོན་པའི་རྩ་ལ་འཆི་ལྟས་སུ་འགྱུར་རོ། །གང་གི་ཚེ་འོག་ཏུ་གཅི་པའི་རྩ་འགགས་པར་གྱུར་པ་དེའི་ཚེ་སྟེང་དུ་གཡས་པའི་རྩལ་འཆི་ལྟས་སུ་འགྱུར་རོ། །འདི་ཡང་སྤྲོས་པས་འཆད་པར་འགྱུར་རོ། །མུན་ཅན་ཞེས་པ་ལ
སོགས་པ་མདོར་བསྟན་པ་བསྟན་པ་སྟེ་དེའི་རྒྱས་པར་བཤད་པ་སྐྱེ་དང་ཞེས་པ་ལ་སོགས་པའོ། །མུན་ཅན་མ་དང་ཁུ་བ་འབབ་མ་དག་ལ་ཡང་འཆི་ལྟས་སུ་མི་འགྱུར་རམ་ཞེ་ན། མུན་ཅན་ཁུ་བ་འབབ་མ་དག་གི་རླུང་ལ་སྐྱེ་བ་མངལ་ནས་འབྱུང་བ་དང
ནི་འཆི་བ་གནས་རང་གནས་པའོ། །ཁུ་བ་འབབ་པ་འབའ་ཞིག་མ་ཡིན་གྱི་ཨ་བ་དྷཱུ་ཏཱི་ཡང་སྐྱེ་བ་ལ་སོགས་པའི་དུས་གསུམ་དུ་འབབ་པོ། །དུས་སྦྱོར་བཅུ་གཉིས་འཁོར་བ་མཚུངས་པའི་ཕྱིར་ཉི་མ་སྟེ། སྲོག་གི་རླུང་གི་ལུག་ལ་སོགས་པའི
དུས་སྦྱོར་གྱི་བདག་ཉིད་སྣ་བུག་གཡོན་པ་ལས་གླང་ལ་སོགས་པའི་དུས་སྦྱོར་གྱི་བདག་ཉིད་སྣ་བུག་གཡས་པར་འཕོ་བའི་མཚམས་སུ་མཉམ་པར་སྦྱོར་པ་ལ་ཡང་དབུ་མ་ཅུང་ཟད་འབབ་པོ། །དེ་རྒྱས་པར་བཤད་པ་དུས་སྦྱོར་འཆར་པའི་ཞེས་པ་ལ་སོགས་པ་སྟེ།
ཟླ་བ་དང་ཉི་མ་དག་མཉམ་པར་འབབ་པའི་ཕྱིར་མཉམ་པའོ། །མཉམ་པའི་གྲངས་གསུངས་པ་རྐང་པ་དང་བཅས་ཤེས་པ་ལ་སོགས་པ་སྟེ། དུས་སྦྱོར་གཅིག་འཆར་བའི་མངོན་མཚམས་སུ་འཇུག་པ་དང་འབྱུང་བ་དག་གཅིག་ཏུ་བྱས་པ་ལ་རྐང་པ་དང
བཅས་པའི་ལྔ་བཅུ་རྩ་དྲུག་འབབ་བོ། །དེ་བཞིན་དུ་ཉིན་མཚན་གྱིས་དུས་སྦྱོར་བཅུ་གཉིས་ཀྱི་མཚམས་སུ་འབྱུང་བ་དང་འཇུག་པ་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་འབབ་བོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ལ་དབུགས་དྲུག་བརྒྱ་ལྷག་པའི་སྟོང
ཕྲག་ཉི་ཤུ་རྩ་གཅིག་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་པོ་འདི་ཡིས་དམན་པ་གང་ཡིན་པ་དེ་རྣམས་ལ་ལ་ནཱ་དང་ར་ས་ནཱ་ར་འབབ་པོ། །ཉིན་ཞག་སོ་སོར་དབུ་མའི་དབུགས་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱ་པོ་རྣམས་ལོ་བརྒྱའི་ཉིན་ཞག
སྟོང་ཕྲག་སུམ་ཅུ་རྩ་དྲུག་རྣམས་ཀྱིས་བསྒྱུར་ཏེ་དེ་ལས་ཉིན་ཞག་གི་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ཀྱིས་བགོས་པས་ཐོབ་པ་ཉིད་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་རྣམས་སོ། །དེ་རྣམས་ཀྱང
ལོའི་ཉིན་ཞག་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས་ཀྱིས་རྣམ་པར་ཕྱེ་བས་ཕྱོགས་གསུམ་ལྷག་པའི་ལོ་གསུམ་རྣམས་སུ་འགྱུར་རོ། །སྟེང་དུ་གཡོན་པ་གང་ཡོན་པ་དེ་ཉིད་ཟླ་བ་དང་བརྐྱང་མ་དང་ལུག་དང་ཆུ་འབབ་པ་སྟེ་དེ་བཞིན་གཤེགས
པའི་འོད་དཔག་མེད་ཀྱི་རང་བཞིན་ནོ། །གཡས་པ་ནི་ཉི་མ་དང་སེར་སྐྱ་དང་གཞན་ཞེས་པར་རོ་མ་དང་མེ་འབབ་པ་སྟེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །འོག་ཏུ་དབུ་མ་བཤད་བའི་རྩ་དང་ས་འབབ་པ་སྟེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །གཡོན
པ་ནི་གཅི་བའི་རྩ་དང་རླུང་འབབ་པ་སྟེ་དོན་ཡོད་གྲུབ་པའི་རང་བཞིན་ནོ། །སྟེང་དུ་དབུ་མ་སྒྲ་གཅན་གྱི་རྩ་དང་སྟོང་པ་འབབ་པ་སྟེ་མི་བསྐྱོད་པའི་རང་བཞིན་ནོ། །དེ་ཉིད་འོག་ཏུ་གཡས་པ་ཁུ་བའི་རྩ་དང་ཡེ་ཤེས་འབབ་པ་སྟེ་རྡོ་རྗེ་སེམས
དཔའ་ཨི་རང་བཞིན་ནོ། །བཤད་པའི་རྩ་སྟེང་དུ་ཟླ་བའི་ལམ་དང་ལྷན་ཅིག་གཅིག་ཏུ་འགྱུར་ཏེ་བུག་པ་གཅིག་པའི་ཕྱིར་རོ། །དེ་བཞིན་དུ་གཅི་བའི་རྩ་ཉི་མ་དང་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་སྐྱེ་བ་ལ་སོགས་པའི་དུས་བཞིར་ཁུ་བ་འབབ་མ་སྒྲ
གཅན་དང་གཅིག་ཏུ་འགྱུར་རོ། །ལྟེ་བའི་སྟེང་དུ་ཀུན་འདར་མ་གང་ཡིན་པ་དེ་ཡི་མིང་གཉིས་ཏེ་ཡིད་བཟང་མ་དང་མུན་པ་འབབ་པའོ། །འོག་ཏུ་ཁུ་བ་འབབ་མ་གང་ཡིན་པ་དེའི་ཡང་མིང་གཉིས་ཏེ་མཁའ་འགྲོ་གདོང་མ་དང་དུང་ཅན་མ་ཞེས་པའོ། །
ལྟེ་བ་ལ་སོགས་པ་འདབ་མ་ལྔའི་ལྟེ་བ་རྣམས་སུ་ཨ་བ་དྷཱུ་ཏཱིར་སོན་པའི་སྲོག་གི་ནུས་པ་ས་ལ་སོར?་བའི་ཁམS?་ལྔ་རྣཾས་འབབ་པའི་རིམ་པས་འབྱུང་བར་འགྱུར་རོ། །དེ་ལ་ལྟེ་བའི་ཆུ་སྐྱེས་ལ་སའི་ཡོན་ཏན་ལྔ་སྟེ་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད
རྣམས་སོ། །སྙིང་ཁའི་ཆུ་སྐྱེས་ལ་ཆུའི་ཡོན་ཏན་བཞི་སྟེ་གཟུགས་དང་རོ་དང་རེག་བྱ་དང། སྒྲའི་མཚན་ཉིད་རྣམས་སོ། །མགྲིན་པའི་ཆུ་སྐྱེས་ལ་མེའི་ཡོནྟན?་གསུམ་སྟེ་རོ་དང་རེག་བྱ་དང་སྒྲའི་མཚན་ཉིད་རྣམས་སོ། །དཔྲལ་བའི་ཆུ་སྐྱེས
ལ་རླུང་གི་ཡོན་ཏན་གཉིས་ཏེ་རེག་བྱ་དང་སྒྲའི་མཚན་ཉིད་དག་གོ་། གཙུག་གཏོར་གྱི་ཆུ་སྐྱེས་ལ་སྟོང་པའི་ཡོན་ཏན་གཅིག་སྟེ་སྒྲ་ཙམ་མོ། །འདི་རྣམས་གཟུང་ནས་ཨ་བ་དྷཱུ་ཏཱི་འབྱུང་བར་འགྱུརོ། །སྡུད་པ་ཡིས་ཤེས་པ་ལ་སོགས་པའི་རིམ་པས
སོ། དེ་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ། ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མ?་ནི?་ཕྲ་མོའི་ཁམས་ལའོ། །རླུང་ཡང་སེམས་ལ་ཐིམ་པར་འགྱུར། །སེམས་ནི་སེམས་བྱུང་ལ་ཐིམ་འགྱུར། །སེམས
བྱུང་མ་རིག་པ་ལ་སྟེ། །དེ་ཡང་འོད་གསལ་བ་རུ་འགྲོ་།འདི་ནི་སྲིད་པ་གསུམ་དུ་འགག་།ཅེས་པ་སྟེ་།རླུང་ཕྱི་རོལ་ཏུ་འབབ་པས་ཁམས་ཟད་པའི་ཡང་ངོ། །དེ་ནི་འཇུག་པ་དག་སླར་ཡང་གཙུག་ཏོར་གྱི་པདྨ་ལ་སོགས་པའི་རིམ་པས་ས་ལ་སྟེ་ལྟེ་བའི་པདྨ་ལ་འཇུག་སྟེ་ནི
འཇུག་པར་འགྱུར་རོ། །སྐྱེད་པས་ནི་ནམཁའ་ལ་སོགས་པའི་རིམ་པས་སོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱན་གསུངས་པ། འོད་གསལ་ལས་ནི་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་འབྱུང་ངོ། །དེ་ལས་ཤེས་རབ་སྐྱེ་བར་འགྱུར། །དེ་ལས་རླུང་ནི་ཡང
དག་འབྱུང། །རླུང་ལས་མེ་ནི་འབྱུང་བར་འགྱུར། །མེ་ལས་ཆུ་ནི་ཡང་དག་འབྱུང། །ཆུམས་ཀྱང་ནི་ས་སྐྱེས་འགྱུར། །འདི་ནི་སེམས་ཅན་རྣམས་འབྱུང་བའོ། །ཞེས་པ་སྟེ། ནང་དུ་འབབ་པས་ལས་ཀྱི་ཁམས་འཕེལ་བའི་ཕྱིར་ཡང་ངོ། །དེ་ལྟར་ཨ་བ་དྷཱུ་ཏཱིར
འགྲོ་བ་དང་འོང་བ་ན་ལྟེ་བ་ནས་ལྟེ་བའི་དབུས་སུ་ཡིན་གྱི་ཡོངས་སུ་ལྷག་པར་འགྱུར་བའི་ཕྱིར་ལ་ལ་ནཱ་དག་གི་པདྨའི་འདབ་མ་རྣམས་ལ་འགྲོ་བ་དང་འོང་བ་ནི་མ་ཡིན་ནོ། །འོག་ཏུ་ལྟེ་གསང་བ་ནོར་བུའི་ཆུ་སྐྱེས་ལ། །དུང་ཅན་མའི་ལུས་ངག་སེམས་རྣམས
འབབ་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ཡོན་ཏན་གསུམ་དང་གཉེས་དང་གཅིག་གི་བདག་ཉིད་སྡུད་པའི་རིམ་པས་འབྱུང་བ་དང་སྐྱེད་པས་འཇུག་པའོ། །དུང་ཅན་མ་འདི་ཉིད་བུད་མེད་བདེ་བ་ལས་ཏ?་ཤིན་ཏུ་དགའ་བ་ཆགས་པའི་བདེ
བ་ལས་ཁུ་བ་འབབ་པོ། །དུས་རྟག་ཏུ་སྟེ་རྡུལ་འབྱུང་བའི་དུས་སུ་དེ་ཉིད་ཁྲག་འབབ་པོ། །ནུབ་དང་ཤར་དུ་ཞེས་པ་ལ་སོགས་པས་འཆད་པར་འགྱུར་བ་ཤེས་རབ་དང་ཐབས་འཁྱུད་པའི་མདོར་བསྟན་པ་ཤེས་རབ་ཅེས་པ་ལ་སོགས་པའོ། །སྟེང་དུ་སྲོག་ལ་གཡས
དང་གཡོན་དག་སྟེ་གཡས་པ་དང་གཡོན་པ་དག་ཤེས་རབ་ཐབས་དང་དངོས་ཡན་ལག་གོ་། འོག་ཏུ་ཐུར་སེལ་ལ་གཡས་པ་དང་གཡོན་པ་དག་གོ་།འོག་དང་སྟེང་དུ་རྡུལ་དང་ཁུ་བ་འབབ་པ་དག་གོ་།བུད་མེད་རྣམས་ཀྱི་དུང་ཅན་མ་ཉིད་རྡུལ་གྱི་ངུས་སུ་རྡུལ་
འབབ་པའི་ཕྱིར་གཏུམ་མོ་ཞེས་བརྗོད་དེ་ཉིད་ཁུ་བ་འབབ་པའི་ཕྱིར་མཁའ་འགྲོ་གདོང་མའོ། །སྟེང་དུ་བུད་མེད་རྣམས་ཀྱི་ཨ་བདྷཱུ་ཏཱི་དུས་སུ་སྟེ་རྡུལ་གྱི་དུས་སུ་རྡུལ་འབབ་པའི་ཕྱིར་གཡུང་མོ་ཞེས་བརྗོད་དོ། །སྐྱེས་བུའི་ནི་དུས་སུ་སྟེ་ཁུ་བ
བགྲོད་པའི་དུས་སུ་ཀུན་འདར་མ་ཞེས་བརྗོད་དོ། །གཡོན་པ་དང་གཡས་པའི་སྣ་བུག་དག་ལ་དཀྱིལ་འཁོར་འཆར་བར་གསུངས་པ། །རྣམ་ཤེས་ལ་སོགས་ཤེས་པ་ལ་སོགས་པའོ། །རྣམ་པར་ཤེས་པ་ལ་སོགས་བསྐྱེད་པའི་རིམ་པ་དང། །ས་ལ་སོགས
པ་བསྡུད་པའི་རིམ་པས་ཏེ། སྣ་བུག་གཡོན་པ་ལ་འཆད་པར་འགྱུར་བའི་རིམ་པས་རྣམ་པར་ཤེས་པ་དང་འདུ་བྱེད་དང། ཚོར་བ་དང་འདུ་ཤེས་དང། གཟུགས་ཞེས་བྱ་བའི་ཕུང་པོ་ལྔ་འབབ་པོ། །དེ་བཞིན་དུ་གཡས་པ་ལས་དང་ཆུ་དང་མེ་དང
རླུང་དང་ནམཁའ་ཞེས་བྱ་བའི་ཁམས་ལྔ་འབབ་པོ། །དབུས་སུ་སྟེ་དབུ་མའི་ལམ་དུ་དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སོགས་པའི་དཀྱིལ་འཁོར་ལྔ་ལས་དཀྱིལ་འཁོར་སོ་སོའི་དབུགས་རྐང་པ་དང་བཅས་པའི་བཅུ་གཅིག་གཟུང་ནས་དབུཌ
རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་བདག་ཉིད་འབབ་པོ། །གཡོན་པ་དང་གཡས་པ་དབུ་མའི་རྩ་འདི་རྣམས་ལ་ཉིན་མཚན་གྱིས་དཀྱིལ་འཁོར་དྲུག་ཅུ་འབབ་བོ། །དེ་ལ་ལྟེ་བའི་པདྨའི་འདབ་མའི་གཡོན་གྱི་འདབ་མ་དྲུག་ལུག་དང་འཁྲིག་པ
དང་སེངྒེ་དང་སྲད་དང་གཞུ་དང། བུམ་པའི་བདག་ཉིད་རྣམས་ལ་སོ་སོར་རྣམ་པར་ཤེས་པ་ལ་སོགས་པ་དཀྱིལ་འཁོར་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །དེ་བཞིན་དུ་གཡས་ཀྱི་འདབ་མ་དྲུག་གླང་དང་ཀརྐ་ཊ་དང་བུ
མོ་དང་སྡིག་པ་དང་ཅུ་སྲིན་དང་ཉའི་བདག་ཉིད་རྣམས་ལ་སོ་སོར་ས་ལ་སོགས་པ་དཀྱིལ་འཁོར་ལྔའི་བདག་ཉིད་ལས་དཀྱིལ་འཁོར་སུམ་ཅུ་རྣམས་སོ། །དེ་ལ་གང་གི་ཚེ་གཡས་སུ་གླང་ལ་སོགས་པའི་དུས་སྦྱོར་ལ་རླུང་འབབ་པ་དེའི་ཚེ?་རྩ?
བ་སྟེ་སྣ་བུག་གི་འོག་གི་ཆ་ལ་སའི་དཀྱིལ་འཁོར་དབྱུག་གུ་གཅིག་འབབ་པོ། །དེ་བཞིན་དུ་དེ་ཉིད་ཀྱི་ཆ་སྣ་རྒྱུད་ཀྱི་ཕྱོགས་སུ་ཆུའི་དཀྱིལ་འཁོར་རོ། །གཡས་ཏེ་གཡས་ཀྱི་ཆལ་མེའི་དཀྱིལ་འཁོར་རོ། །སྟེང་གི་ཆ་ལ་རླུང་གི་དཀྱིལ་འཁོར་རོ། །དབུས་སུ་སྟོང་པའི་དཀྱིལ
འཁོར་རོ། །དེ་ལྟར་སྣ་བུག་གཉིས་ཀ་ལ་དཀྱིལ་འཁོར་རེ་རེ་ཞིང་དུ་བྱུ་གུ་ནས་དབྱུ་གུའི་བར་དུ་འབབ་སྟེ་དབྱུ་གུ་ལྔ་རྣམས་ཀྱི་དཀྱིལ་འཁོར་ལྔ་འབབ་པོ་ཞེས་པའི་དོན་ཏོ། །གཡོན་པའི་སྣ་བུག་ཨགི་ནི་འདབ་མའི་དབུས་དང་ཞེས་པ་ལ་སོགས་པས་འཆད་པར
འགྱུར་ཏེ་དེ་ལ་ལྟོས་ནས་སྣ་བུག་དག་ལའོ་ཞེས་གསུངས་སོ། །ཆུ་ཚོད་གཅིག་ལ་དབུགས་དུ་འབབ་ཅེ་ན་གསུངས་པ། རིམ་པས་ཞེས་པ་ལ་སོགས་པ་སྟེ། རིམ་པས་ནི་ས་ལ་སོགས་པ་དང་ནམཁའ་ལ་སོགས་པས་སོ། །དེ་ལ་ཆུ་ཚོད་གཅིག་ལ་འཇུག་པ་དང
འབྱུང་བ་དག་གཅིག་ཏུབྱས་པའི་དབུགས་དྲུག་ཅུ་དང་བཅས་པའི་སུམ་བརྒྱ་འབབ་པོ། །དེ་ལྟར་དཀྱིལ་འཁོར་ལྔ་དུས་སྦྱོར་ཞེས་བྱ་བས་བསྒྱུར་ན་དབུགས་བརྒྱ་ཕྲག་བཅོ་བརྒྱད་དུ་འགྱུར་ཏེ་དེ་རྣམས་ཀྱང་ས་ལ་སོགས་པའི་དཀྱིལ་འཁོར་ལྔའི་རང་བཞིན
ཆུ་ཆོད་ལྔར་འགྱུར་རོ། །དེ་ལྟར་དབུགས་བརྒྱ་ཕྲག་བཅོ་བརྒྱད་པོ་རྣམས་ཀྱང་འཕོབ?་བཅུ?་གཉིས་ཀྱིས་བསྒྱུར་བས་ཉིན་མཚན་གྱིས་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཏུ་འགྱུར་ཏེ། དེ་རྣམས་ཀྱང་ལུས་ལ་ཆུ་ཚོད་དྲུག་ཅུར་འགྱུར་རོ། །དེ་གསུངས
པ་ཆུ་ཚོད་ཅེས་པ་ལ་སོགས་པའོ། །རྩ་གཡོན་པར་དུས་སྦྱོར་འཆར་བ་གསུངས་པ། འདབ་མའི་དབུས་དབུས་དང་ཞེས་པ་ལ་སོགས་པའོ། །གང་གི་གཡོན་པའི་རྩ་ལ་ལུག་ལ་སོགས་པས་སྣ་བུག་གི་དབུས་སུ་སྟོང་པའི་དཀྱིལ་འཁོར་འབབ་པ་དེའི་ཚེ་
ནང་དུ་ལྟེ་པའི་དཀྱིལ་འཁོར་འབབ་དེའི་ཚེ་ནང་དུ་ལྟེ་བའི་དཀྱིལ་འཁོར་ལ་འདབ་མའི་དབུས་སུ་འབབ་པོ་ཞེས་བཤད་པར་འགྱུར་རོ། །དེ་ནས་ཤར་ཞེས་པ་སྟེང་དུ་རླུང་གི་དཀྱིལ་འཁོར་རོ། །གཡས་སུ་མེའི་དཀྱིལ་འཁོར་རོ། །གཡོན་དུ་ཆུའི་དཀྱིལ་
འཁོར་རོ། །གཞན་དུ་ཞེས་པ་འོག་གི་ཆ?་ལ?་སའི་དཀྱིལ་འཁོར་རོ། །རིམ་པ་ཡིས་ཞེས་པ་ནམཁའ་ལ་སོགས་པའི་རིམ་པས་སོ། །གཡོན་པར་ཞེས་པ་ལ་སོགས་པས་སྔར་བརྗོད་པ་ཉིད་གསལ་བར་བྱེད་དེ། ཕུང་བོའི་རྟེན་ནི་འབྱུང་བ
ཞེས་པའི་གསུང་ལས་བརྟེན་པའི་བདག་ཉིད་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་རྣམས་དང་ལྷན་ཅིག་རྟེན་ནམཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་དབྱེར་མེད་པར་གསུངས་པ་གཡོན་པར་ཞེས་པ་ལ་སོགས་པའོ། །གཞན་ལས་སོ་ཞེས
པ་སྔ་མ་བཞིན་རྩ་བ་ནས་བརྩམས་ཏེ་ཞེས་པའི་དོན་ཏེ་སྣ་བུག་གཡོན་པ་ལས་གཞན་ལས་སོ། །གཡོན་པ་རྣམ་པར་ཤེས་པ་ལ་སོགས་པས་འབྱུང་བ་ཞེས་པ་བསྐྱེད་པའི་རྣམ་པར་གནས་ཏེ་ཟླ་བ་ཉིད་ཡིན་པའི་ཕྱིར་རོ། །གཡས་པར་ས་ལ་སོགས་པའི
སྡུད་བ་སྟེ་ཉི་མ་ཉིད་ཡིན་པའི་ཕྱིར་རོ། །གཡོན་པར་ཟླ་བ་གནས་པ་གང་ཡིན་པ་དེ་ཤེས་རབ་དང་བཅས་པའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་རྣམ་པར་ཤེས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་གཡས་བར་ཡང་ཐབས་དང་བཅས
པའི་སྤྱན་མ་ལ་སོགས་པའི་རང་བཞིན་ས་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་སྔགས་དང་ལྟའི་བདག་ཉིད་སྤྲོ་བ་དང་སྡུད་པའི་གཟུགས་ཅན་ལྷན་ཅིག་སྐྱེས་པ་སེམས་ཅན་ལ་གནས་པའོ། །ཤེས་རབ་ཅེས་པ་ལ་སོགས་པས་ཤེས་རབ
དང་ཐབས་ཉིད་མདོར་བསྟན་པ་དེའི་རྒྱས་པར་བཤད་པ་ནུབ་དང་ཞེས་པ་ལ་སོགས་པའོ། །སྣ་བུག་སོ་སོར་ནུབ་ཏུ་སའི་རང་བཞིན་སྤྱན་མ་དང་རྣམ་པར་སྣང་མཛད་དག་གོ་།ཤར་དུ་རླུང་གི་རང་བཞིན་སྒོལ་མ་དང་དོན་ཡོད་གྲུབ་པ་དག་གོ་།དེ་ལ་རྣམ
པར་སྣང་མཛད་ཀྱི་ཤེས་རབ་སྒྲོན་མ་དང་དོན་ཡོད་གྲུབ་པའི་སྤྱན་མའོ་ཞེས་པ་ཕན་ཚུན་ཞལ་ཕྱོགས་པས་འཁྱུད་པའི་ངེས་པའོ། །དེ་ཕྱིར་བྱང་ཆུབ་སེམས་དཔས་མཛད་པའི་ཐབས་བྲལ་ཞིང་སྡུད་པའི་རྒྱུད་ཉན་པ་མ་རྙེད་པ་རྣམས་ལ་ཡང་དག་པའི
རྐྱེན་གྱི་དོན་གསལ་པོར་ཤེས་པར་བྱེད་པ་གསུངས་པ་མཐེ་བོ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ལག་པ་གཡོན་པའི་མཐེ་ཆུང་ལ་སོགས་པའི་སོར་མོ་ལྡན་མཁའ་ལ་སོགས་པའི་རང་བཞིན་རྣམས་ཀྱི་དབུས་སུ་མཐེ་བོ་དང་མིང་མེད་ས
དང་རླུང་གི་རང་བཞིན་དག་འཁྱུད་པ་ལྷ?་མཉེས་པའི་ཕྱག་རྒྱ་གསང་བའི་དབང་བསྐུར་བའི་དོན་དུ་སློབ་མའི་ཁ་དང་ལྷ་མཉེས་བ་ལ་སྟོན་པ་དེའི་ཕྱིར་ས་དང་རླུང་དག་ཕན་ཚུན་བཟུང་བ་དང་འཛིན་པའི་དངོས་པོར་ཤེས་རབ་དང་ཐབས་ཉིད་གྲུབ་བོ། །འདི་ལྟར་གཞན་གྱི་རིགས
ལ་འཁྱུད་པས་བྱ་བ་འགྲུབ་ཀྱི་རང་གི་རིགས་ལ་འཁྱུད་པས་མ་ཡིན་ཏེ་རང་གི་བདག་ཉིད་ལ་བྱ་བ་འགལ་བའི་ཕྱིར་རོ། །སའི་ཁམས་ལས་བྱུང་བའི་ལུས་ཀྱི་དབང་པོ་རླུང་གི་ཁམས་ལས་བྱུང་བའི་ཡུལ་རེག་བྱ་འཛིན་པར་བྱེད་དེ། དེ་ནས་བཤད་བ་དང་གཅི་བའི་རྩ་དག
ཤེས་རབ་དང་ཐབས་སུ་བརྗོད་དོ། །གཡས་སུ་མེའི་རང་བཞིན་གོས་དཀར་མོ་དང་རིན་ཆེན་འབྱུང་ལྡན་དག་གོ་།གཡོན་དུ་ཆུའི་རང་བཞིན་མཱ་མ་ཀཱི་དང་འོད་དཔག་མེད་དག་གོ་།དེའི་ཕྱིར་འོད་དཔག་མེད་ཀྱི་ཤེས་རབ་གོས་དཀར་མོ་དང་རིན་ཆེན་འབྱུང་ལྡན་གྱི་མཱ
མ་ཀཱིའོ། །གང་གི་ཕྱིར་ལག་པ་གཡས་པའི་གུང་མོ་མཛུབ་མོ་མི་དང་ཆུའི་རང་བཞིན་དག་འཁྱུད་པ་རལ་གྲིའི་ཕྱག་རྒྱ་སྟོན་ཅིང་མེའི་ཁམས་ལས་སྐྱེས་པའི་ཡུལ་རོ་ཆུའི་ཁམས་ལས་བྱུང་བའི་རོ་འཛིན་དབང་བོ་འཛིན་པར་བྱེད་པ་དེའི་ཕྱིར་མེ་དང་ཆུ་དག་ཤེས
དབ་དང་ཐབས་ཉིད་དུ་གྲུབ་བོ། །དེས་ན་ལ་ལ་ནཱ་དང་ར་ས་ནཱ་དག་ཤེས་རབ་དང་ཐབས་ཉིད་དོ། །དབུ་མར་སྟེང་གི་ཕྱོགས་སུ་རྣམ་པར་གནས་པ་སྟོང་པའི་རང་བཞིན་མི་བསྐྱོད་པ་འོག་གི་ཕྱོགས་སུ་རྣམ་པར་གནས་པ་མི་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བ་དང་ལྷན་ཅིག་འཁྱུད་པའོ། །ཕན་ཚུན་ཞེས་པ་འཆད་པར་འགྱུར་བའི་སྟེང་འོག་ཏུ་གནས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རྡོ་རྗེ་སེམས་དཔའ་དག་འཁྱུད་པ་ཡང་སྔ་མ་ལ་ལྟོས་ནས་ཤེས་པར་བྱའོ། །གང་གི་ཕྱིར་ལག
པ་ཨ་གཡས་པའི་ཁུ་ཚུར་ལ་མཐེ་ཆུད་ཟླ་བ་ཕྱེད་པའི་རྣམ་པར་བྱས་པའི་མི་བསྐྱེད་པའི་མཆེ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་གྲི་གུག་གི་ཕྱག་རྒྱ་ཡིན་པ་དེའི་ཕྱིར་སྟོང་པ་དང་ཡེ་ཤེས་དང་ཤེས་རབ་དང
ཐབས་ཉིད་དོ། །དེ་ནས་ཨ་བ་དྷཱུ་ཏི་དང་དུང་ཅན་མ་དག་ཤེས་རབ་དང་ཐབས་ཉིད་དོ། །དེ་མ་ཐག་འཆད་པར་འགྱུར་བའི་ཚིགས་སུ་བཅད་པར་རིགས་དྲུག་པ་འཁྱུད་པའི་ཤེས་རབ་བྱེད་པ་གསུངས་ཏེ། གང་གི་ཕྱིར་གཡོན་པ་དང་གཡས་པའི་ལག་མཐིལ་ཡང་དག
པར་སྦྱོར་བ་སྤྱི་བོར་བྱས་པ་ན་སྟོང་པ་ལ་སོགས་པའི་རང་བཞིན་སོར་མོ་རྣམས་ཕན་ཚུན་སྦྱོར་བ་དཀྱིལ་འཁོར་བཅུ་སྦྱོར་བ་བྱས་པ་གང་གི་ཚེ་རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་ཡིན་ལ། དེ་ཉིད་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་གྲིའི་རྣམ
པ་གྲི་གུག་གི་ཕྱག་རྒྱ་ཡིན་ཏེ། དེའི་ཕྱིར་འདི་དག་ཤེས་རབ་དང་ཐབས་ཉིད་དོ། །འདི་ཡིས་འདི་ཡང་ཉེ་བར་མཚོན་པར་བྱེད་དེ་དགུམ?་འབབ་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཞུ་བ་འཕོ་བ་མེད་པའི་བདེ་བས་རྡོ་རྗེའི་རྩེ་མོ་ལས་སྟེང་དུ་བྱའོ། །དེ་ཉིད་གྲི
གུག་སྟེ་མི་ཤེས་པ་གཅོད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཕྱི་རོལ་དུ་རིགས་དྲུག་པ་གྲི་གུག་དང་བཅས་པའི་རྡོ་རྗེ་རྩེ་གཅིག་པའི་བདག་ཉིད་གང་ཡིན་པ་དེ་ཡང་ནང་དུ་མཉམ་པ་སྟེ་ཉི་མ་དང་ཟླ་བ་མཉམ་པར་འབབ་པའི་ཕྱིར་རོ། །དབུ་མའི་རྩ་ཨ་བ་དྷཱུ
ཏཱི་ལ་འབབ་པའི་མཉམ་པ་ཡང་སྐྱེ་བའི་དུ་སུ་འབབ་པ་ལས་སྐྱེས་པའི་རྒྱུའོ། །འཆི་བའི་དུས་སུ་འབབ་པ་ལས་སྡུད་པའི་རྒྱུའོ། །ཡང་དེ་ཁོ་ན་སྒོམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་དུ་འབབ་པ་འགགས་པ་འཇིག་རྟེན་ལས་འདས་པའི
ཕུང་པོ་ལ་སོགས་པའི་རྒྱུ་ཉིད་ལས་སྐྱེད་པའི་རྒྱུའོ། །འཁོར་བ་པ་རྣམས་ཀྱི་མ་འགགས་པ་ཕུང་པོ་ལ་སོགས་པ་ཉམས་པར་བྱེད་པ་ཉིད་ཀྱིས་བསྡུས་པའི་རྒྱུའོ། །དེ་ཡང་མཉམ་པ་སྔར་བརྗོད་པའི་སྣ་བུག་གཡོན་པར་འབབ་པའི་ཕུང་པོ་ལྔ
རྣམས་དང་སྣ་བུག་གཡས་པར་འབབ་པའི་ཁམས་ལྔ་རྣམས་དང་ལྟེ་བ་དང་གསང་བ་དང་ནོར་བུའི་པདྨར་གནས་པ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ཀྱི་ཡང་གཅིག་ཉིད་ཁོ་ན་དབུ་མའི་རྩར་སོན་པ་ན་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་པ་རླུང་འབབ་པའི་རྣམ་པར
བཞག་པའི་དྲོལ?་གྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཐམས་ཅད་དང་ཡེ་ཤེས་ཀྱི་རྣམ་པར་བཞག་པ་བརྗོད་པའོ། །ཟླ་བ་ཉི་མའི་ཞེས་པ་ལ་སོགས་པ་ལ་གང་གི་ཚེ་སྟེང་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་རྩ་རྣམས་འགགས་པ་དེའི་ཚེ་འོག་ཏུ་བཤད་པ་དང་གཅི
པ་དང་ཁུ་བའི་རྩ་རྣམས་འགག་བོ། །དེ་བཞིན་དུ་སྟེང་དུ་གསུམ་པོ་རྣམས་གྲོལ་ན་འོག་ཏུ་གསུམ་པོ་རྣམས་གྲོལ་ལོ། །རྩ་དྲུག་པོ་དེ་རྣམས་ཀྱང་སྔ་མ་བཞིན་བསྐྱེད་པ་དང་སྡུད་པའི་བྱེད་པ་ཅན་ནོ། །འཆི་ལྟས་ཀྱི་མཚན་ཉིད་གསུངས་པ། །གཡོན་པ་ལ་སོགS
པའོ། ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་ཚེ་ཐུང་བ་རྣམས་ཀྱི་ལུས་ལ་རླུང་དང་མཁྲིས་པ་དང་བད་ཀན་མི་མཉམ་སྟེ་།མི་མཉམ་པས་སྲོག་ཅེས་བྱ་བའི་རླུང་དབྱུ་གུ་ལྔ་འབབ་པའི་རིམ་པ་ལས་འདས་ནས་གཡོན་པའི་རྩར་ལྷག་པ
འབབ་པོ། །ཅི་ལྟར་ལྷག་ཅེ་ན་གསུངས་པ། མཚན་མོ་གཅིག་ཅེས་པ་སྟེ། གང་གི་ཚེ་མཚན་མོ་གཅིག་ཉིན་མཚན་དུ་འབབ་པ་དེའི་འཆི་ལྟས་རྩོམ་པ་སྟེ་འཆི་ལྟས་དེ་ལས་ལོ་གསུམ་གྱིས་འཆི་བར་ཤེས་པར་བྱའོ། །དེ་བཞིན་དུ་གླང་ལ་སོགས
པ་མཉམ་པའི་དུས་སྦྱོར་ལས་སྐྱེས་པ་རྣམས་ཀྱི་གཡས་པའི་རྩར་ཉིན་མཚན་ལྔར་འབབ་པ་ལས་ལོ་གསུམ་གྱིས་འཆི་བར་ཤེས་པར་བྱའོ་ཞེས་པ་མདོར་བསྟན་པའོ། །རེ་ཤིག་ཉི་མའི་འཆི་ལྟས་རྒྱས་པར་བཤད་པ་གཡས་པ་ཞེས་བྱ་བ་ལ་སོགས་པའོ
ལྟེ་བའི་པདྨའི་སྙིང་པོར་ཡོངས་སུ་བསྐོར་བ་ལ་ཁྱིམ་གྱི་བདག་ཉིད་འདབ་མ་བཅུ་གཉིས་ཀྱི་སྔོན་གྱི་འདབ་མ་ལ་ཉིན་མཚན་ལྔར་སྲོག་འབབ་པོ། །དེ་ནས་གཡས་བསྐོར་གྱི་འདབ་མ་གཉིས་པ་ལ་ཕྱོགས་ཞེས་པ་བཅུའོ། །གསུམ་པ་ལ་ཚེས་ཞེས་པ
བཅོ་ལྔའོ། །བཞི་པ་ལ་ཉི་ཤུའོ། །ལྔ་པ་ལ་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔའོ། །དྲུག་པ་ལ་གཅིག་ལྷག་རིམ་པས་ཏེ་ཉི་ཤུ་རྩ་དྲུག་བོ། །བདུན་པ་ལ་སླར་ཡང་གཅིག་ལྷག་རིམ་པས་ཉིན་ཞག་ཉི་ཤུ་རྩ་བདུན་དུ་སྲོག་འབབ་པོ། །གང་གི
ཕྱིར་འདིར་ཉི་མས་ཟླ་བའི་ཡོན་ཏན་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་རྣམས་བཟུང་ནས་འཆི་ལྟས་ཀྱི་ཉིན་ཞག་རྣམས་བསྟན་ཏེ། དེས་ན་ཁྱིམ་ལྔའི་བར་དུ་ལྔ་པ་ལྔས་འཕེལ་ལོ། །དེ་ནས་ཁྱིམ་དྲུག་པ་དང་བདུན་པ་ལ་གཅིག་ལྷག་བས་རིམ་པS
འཕེལོ། ཁྱིམ་བདུན་པ་ལ་རྫོགས་པའི་དུས་ཏེ་ཁུ་བའི་ཁམས་ལ་འཆི་ལྟས་ཀྱི་རླུང་རབ་ཏུ་ཞུགས་པའི་ཕྱིར་གང་དུ་འགའ་ཞིག་གིས་ཀྱང་སྲོག་ལྡོག་པར་?་མི་ནུས་སོ། །རྫོགས་པའི་དུས་དེ་ནས་ཁུ་བའི་ཁམས་ཟད་པའི་དོན་དུ་བརྒྱད་པ་ལ་སོགས་པའི་འདབ་མ
རྣམས་ལ་རིམ་པས་ཉིན་ཞག་སུམ་ཅུ་རྩ་གསུམ་རྒྱུའོ། །དེ་ལ་བརྒྱད་པ་ལ་བཅོ་ལྔའོ། །དགུ་པ་ལ་བཅུའོ། །བཅུ་པ་ལ་ལྔའོ། །བཅུ་གཅིག་པ་ལ་གསུམ་མོ། །ཞེས་པ་ཉིན་ཞག་སུམ་ཅུ་རྩ་གསུམ་རྣམས་སོ། །བཅུ་གཉིས་པ་ལ་ནི་སྟོང་པ་སྟེ་སླར་ཡང
གཡས་པའི་རྩ་ལ་འབབ་པ་མེད་པའི་ཕྱིར་རོ། །དེ་ནས་གཡས་པའི་རྩ་ངོར་ནས་གཡོན་པར་ཉིན་ཞག་གཉིས་སྲོག་གི་རླུང་འགྲོའོ། །དེ་ནས་ཉིན་ཞག་གཅིག་དབུ་མར་འགྲོའོ། །ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པར་ཡང་གསུངS་པ། གང་ཚེ་གཡས་པའི་རྩ་དག་ལ
རླུང་ནི་ཉིན་ཞག་བཅུར་འབབ་ན། །ཁྱིམ་གྱི་འདབ་མ་གཉིས་པ་ལ། །དེ་ནས་ལོ་གཉིས་ཀྱིས་འཆི་འགྱུར། །ཁྱིམ་གྱི་འདབ་མ་གསུམ་པ་ལ། །ཚེས་ཤེས་བརྗོད་བས་ལོ་གཅིག་ལ། །ཉིན་ཞག་ཉི་ཤུ་འབབ་གྱུར་ན། །བཞི་པ་ལ་སྟེ་ཟླ་དྲུག་ན། །འདབ
མ་ལྔ་པར་ཉི་ཤུ་ལྔ། །འབབ་ན་ཆེ་ནི་ཟླ་བ་གསུམ། །ཉིན་ཞག་ཉི་ཤུ་དྲུག་འབབ་ན། །དྲུག་པ་ལ་སྟེ་ཟླ་གཉིས་ཚེ། །ཉིན་ཞག་ཉི་ཤུ་བདུན་འབབ་ན། །ཟླ་བ་ཉིད་ཚེ་བདུན་པ་ལ། །ཉིན་ཞག་སུམ་ཅུ་རྩ་གསུམ་རྣམས། །འདི་ལས་བར་མ་ཆད
འབབ་ན། །འདབ་མ་བརྒྱད་པ་དགུ་པ་དང། །བཅུ་དང་བཅུ་གཅིག་རིམ་པ་ཡིས། །ཞིན་ཞག་ཚེས་ཕྱོགས་ལྔ་ཡོན་ཏན། །རྣམས་ཀྱིས་འདབ་མ་དེ་རྣམས་འདོར། །དེ་ནས་གཡས་པའི་རྩ་སྤངས་ནས། །རླུང་ནི་གཡོན་པར་ཉིན་ཞག་གཉིས། །འགྲོའོ་དེ་ནས་དབུ་མ་ཡི། །གནས་སུ
ཉིན་ཞག་གཅིག་འགྲོའོ། །དེ་ནས་དབུགས་ནི་ཟད་བྱས་ནས། །འཆི་བའི་ཕྱིར་ན་རིམ་པ་འདིས། །འོག་ཏུ་ཁུ་བ་ཟད་པར་འགྲོ་།སྟེང་དུ་མི་རྡུལ་འགྲོ་འགྱུར། །རང་ལས་བག་ཆགས་ཀྱིས་བཅིངས་པའི། །རྣམ་ཤེས་སྲོག་དང་ཡང་དག་ལྡན། །ཤི་ནས་སླར་ཡང་སྲིད་
པར་འགྲོ་། དེ་ནས་ཕ་རོལ་མེད་མི་འགྱུར། །དཔེར་ན་མཁན་པོ་ལས་རིག་པ། །མར་མེ་ལས་ནི་མར་མེ་དང། །བཞིན་ལས་མེ་ལོང་ལ་བཞིན་དང། །རྒྱ་ལས་རྒྱ་གཞན་ཇི་ལྟ་བར། །ཞེས་པ་སྟེ་འཆི་ལྟས་ཀྱི་ཉིན་ཞག་རྒྱུ་བའི་རིམ་པའོ། །ད་ནི་འཆི་ལྟས་ཀྱི
བདག་ཉིད་འཚོ་བའི་དུས་ཀྱི་རིམ་པ་གསུམ་གསུངས་པ། དེ་རྟོགས་པའི་དོན་དུ་ཟླུམ་པོ་རིམ་པ་གཉིས་པ་བྲིས་ལ་གསུམ་གཉིས་གཅིག་ལོ་ཞེས་པ་ལོ་རྣམས་ནི་སྔོན་གྱི་འདབ་མ་ལ་གསུམ་མོ། །འདབ་མ་གཉིས་པ་ལ་གཉིས་སོ། །གསུམ་པ་ལ་གཅིག་གོ།
ཟླ་བ་རྣམས་ཀྱང་འདབ་མ་བཞི་པ་ལ་དྲུག་གོ་། ལྔ་པ་ལ་གསུམ་མོ། །དྲུག་པ་ལ་གཉིས་སོ། །བདུན་པ་ལ་གཅིག་གོ་།ཉིན་ཞག་རྣམས་ནི་འདབ་མ་བརྒྱད་པ་ལ་བཅོ་ལྔའོ། །དགུ་པ་ལ་བཅུའོ། །བཅུ་པ་ལ་ལྔའོ། །བཅུ་གཅིག་པ་ལ་གསུམ་མོ། །བཅུ་གཉིས
པ་ལ་གཉིས་སོ། །པདྨའི་ལྟེ་བ་ལ་གཅིག་གོ་།འདིས་འདི་གསུངས་ཏེ། དང་པོ་སྔོན་གྱི་འདབ་མ་ལ་ཉིན་ཞག་ལྔ་འབབ་པོ། །དེ་ནས་ཚེ་ལོ་བརྒྱ་པ་རྣམས་ཀྱི་བཞིན་དུ་འཕོ་བ་བཅུ་གཉིས་ཀྱིས་འཚོ་བར་བྱ་བའི་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་བརྒྱད་དུ་ལྷག
པའི་སྟོང་གི་བདག་ཉིད་ལས་སུམ་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱ་འབབ་པོ། །དེ་སླར་ཡང་གཞན་ལ་རབ་ཏུ་ཞུགས་པའི་ཕྱིར་འདབ་མ་དེ་སྐམ་པར་འགྱུར་རོ། །དེ་ནས་འདབ་མ་དེ་སྟོང་པར་བྱས་ཏེ་ལྷག་མའི་ཉིན་ཞག་གི་ཚོགས་ལྷག་མ་བཟུང་ནས་སྲོག་གི
ནུས་པ་འདབ་མ་གཉིས་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉིན་ཞག་བཅུ་འབབ་པོ། །དེ་ལ་ཡང་རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་བཅུ་གཅིག་གིས་ཉིན་ཞག་བཞི་བཅུ་རྩ་ལྔ་ལྷག་པའི་སུམ་བརྒྱ་འབབ་པོ། །དེ་ནས་གཉིས་པ་སྟོང་པར
བྱས་ཏེ་ཉིན་ཞག་ལྷག་མ་བཟུང་ནས་གསུམ་པ་ལ་རབ་ཏུ་འཇུག་སྟེ། དེ་ལ་ཉིན་ཞག་བཅོ་ལྔ་འབབ་པོ། །དེ་ལ་ཡང་རྒྱུའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་བཅུས་ཉིན་ཞག་བདུན་ཅུ་ལྷག་པའི་བརྒྱ་འབབ་སྟེ་འདབ་མ་དེ་སྐམ་པར་འགྱུརོ། །གསུམ
པ་སྟོང་པར་བྱས་ཏེ་ཉིན་ཞག་ལྷག་མ་བཟུང་ནས་བཞི་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉིན་ཞག་ཉི་ཤུ་འབབ་པོ། །དེ་ལ་ཡང་རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་དགུས་ཉིན་ཞག་བརྒྱད་ཅུ་རྩ་གཉིས་འབབ་སྟེ་བཞི་པ་སྐམ་པར་འགྱུར་རོ། །འདབ
མ་དེ་སྟོང་པར་བྱས་ཏེ་ཉིན་ཞག་ལྷག་མ་བཟུང་ནས་ལྔ་པ་ལ་རབ་ཏུ་འཇུག་སྟེ་དེ་ཉིན་ཞག་ཉི་ཤུ་རྩ་ལྔ་འབབ་པོ། །དེ་ལ་ཡང་རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་བརྒྱད་ཀྱིས་ཉིན་ཞག་ལྔ་བཅུ་རྩ་བདུན་འབབ་སྟེ་འདབ་མ་དེ་སྐམ་པར་འགྱུར
རོ། དེ་ནས་ཉིན་ཞག་ལྷག་མ་བཟུང་ནས་དྲུག་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉིན་ཞག་ཉི་ཤུ་རྩ་དྲུག་འབབ་པོ། །རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག། འཕོ་བ་བདུན་གྱིས་ཉིན་ཞག་ཉི་ཤུ་རྩ་བརྒྱད་འབབ་སྟེ་དྲུག་པ་ཡང་འདོར་རོ། །དེ་ནས་དྲུག་པ
སྟོང་པར་བྱས་ནས་བདུན་པ་ལ་རབ་ཏུ་འཇུག་སྟེ་དེ་ལ་ཉི་ཤུ་རྩ་བདུན་འབབ་པོ། །རྒྱུ་བའི་ཉིན་ཞག་རྣམས་དང་ལྷན་ཅིག་འཕོ་བ་དྲུག་གིས་ཉིན་ཞག་ཉི་ཤུ་རྟ་བདུན་འབབ་སྟེ་བདུན་པ་འདོར་རོ། །བདུན་པ་སྟོང་པར་བྱས་ཏེ་ལྷག་མ་ཉིན་ཞག་གི
ཚོགས་སུམ་ཅུ་རྩ་དྲུག་བཟུང་ནས་བརྒྱད་པ་ལ་འཇུག་གོ་། འཕོ་བ་ལྔས་?་ཉིན་ཞག་བཅོ་ལྔ་འབབ་སྟེ་བརྒྱད་པ་འདོར་རོ། །བརྒྱད་པ་སྟོང་པར་བྱས་ནས་ལྷག་མ་ཉིན་ཞག་གི་ཚོགས་ཉི་ཤུ་རྩ་གཅིག་བཟུང་སྟེ་དགུ་པ་ལ་རབ་ཏུ་འཇུག་གོ་།འཕོ་བ་བཞིས
ཉིན་ཞག་བཅུ་འབབ་སྟེ་དགུ་པ་འདོར་རོ?། །དེ་ལྟར་ལྷག་མ་ཉིན་ཞག་བཅུ་གཅིག་བཟུང་ནས་བཅུ་པ་ལ་རབ་ཏུ་འཇུག་གོ་།འཕོ་བ་གསུམ་གྱིས་ཉིན་ཞག་ལྔ་འབབ་སྟེ་བཅུ་པ་འདོར་རོ། །འཕོ་བ་གཉིས་ཀྱིས་ཉིན་ཞག་གསུམ་འབབ་པས་བཅུ་གཅིག་པ་འདོར་ཏེ། དེ་ལྟར
མཁྲིས་པའི་བདག་ཉིད་རྡུལ་གྱི་ཁམས་སྐམས་པ་ལས་འདབ་མ་བཅུ་གཅིག་སྐམ་མོ། །སླར་ཡང་གཡས་པའི་རྩ་དོར་ནས་འདབ་མ་བཅུ་གཉིས་པ་ལ་གཡོན་པའི་རྩར་འཕོ་བ་མེད་པས་ཉིན་ཞག་གཉིས་འབབ་སྟེ་བད་ཀན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས
སྐམས་པ་ལས་འདབ་དེ་སྐམས་པར་འགྱུར་རོ། །དེ་ནས་པདྨའི་ལྟེ་བ་ལ་དབུ་མའི་རྩར་འཕོ་བ་མེད་པས་ཉིན་ཞག་གཅིག་འབབ་སྟེ། རླུང་གི་རང་བཞིན་མུན་པའི་ཁམས་ཟད་པ་ལས་དེ་སྐམས་ནས་རྣམ་པར་ཤེས་པ་རྗེས་སུ་ཆགས་པའི་སྲོག་གི་ནུས་པ་སྣ་བུག
གཡས་པ་ནས་འཐོན་ཏེ་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་ཀྱིས་འཕངས་ནས་སྲིད་པ་གཞན་དུ་འཕོ་བར་བྱེད་དོ། །ཟླ་བའི་འཆི་ལྟས་གསུངས་པ་རྩ་བ་ནས་ཤེས་པ་ལ་སོགས་པའོ། །རྩ་བ་ནས་ཤེས་པ་ལྟེ་བའི་འཁོར་ལོའི་ལུག་ལ་སོགས་པ་མི་མཉམ་པའི་སྐྱེ
བའི་དུས་སྦྱོར་གྱི་བདག་ཉིད་སྔོན་གྱི་འདབ་མ་ནས་བརྩམས་ཏེ་གཅིག་ལྷག་པ་ཡིས་ཤེས་པ་གཅིག་དང་གཉིས་དང་གསུམ་ལ་སོགས་པའི་རིམ་པས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་འདབ་མ་བཅུ་གཅིག་ལ་གཡོན་པའི་རྩར་ཟླ་བའི་རྒྱུ་བ་འབབ་བོ། །ཇི
ལྟར་གཅིག་ལྷག་པས་ཤེས་ན་གསུངས་པ་སྙིང་པོའི་སྔོན་གྱི་འདབ་མ་ལ་ཉིན་ཞག་གཅིག་གཡོན་པར་འབབ་བོ། །ཉིན་ཞག་དེས་དམན་པའི་ཟླ་བ་གཉིས་ཇི་ལྟ་བ་བཞིན་འབབ་བོ། །དེ་ནས་ཟླ་བ་གསུམ་པའི་དང་པོར་འདབ་མ་དེ་ཉིད་ལ་ཉིན་ཞག་གསུམ་གཡོན
པར་འབབ་བོ། །ཉིན་ཞག་དེས་དམན་པའི་ཟླ་བ་གསུམ་པ་དང་བཞི་བ་ལ་ཇི་ལྟ་བ་བཞིན་དུ་འབབ་པོ། །ཟླ་བ་ལྔ་པའི་དང་པོར་འདབ་མ་དེ་ལ་ཉིན་ཞག་གསུམ་གཡོན་པར་འབབ་བོ། །ཉིན་ཞག་དེས་དམན་པའི་ཟླ་བ་ལྔ་པ་དང་དྲུག་པ་དག་ལ་ཇི་ལྟ་བ་བཞིན
འབབ་པོ། །དེ་ལྟར་སྔ་མ་སྔ་མ་དང་ལྷན་ཅིག་ཚོགས་པའི་ཟླ་བ་དང་པོ་དང་གསུམ་པ་དང་ལྔ་པ་ལས་གསུམ་པོ་འདི་རྣམས་ཉིད་འཆི་ལྟས་ཀྱི་ཉིན་ཞག་ཏུ་རྣམ་པར་བཞག་གོ་།ཡང་ན་ཉིན་མཚན་རྣམ་པར་མ་ཆད་པར་འབབ་པ་རྣམ
བར་བཞག་སྟེ་འཆི་ལྟས་ཀྱི་ཉིན་ཞག་གསུམ་པོ་འདིས་ལོ་གསུམ་གྱི་ཉིན་ཞག་གསུམ་དང་ཟླ་བ་དྲུག་སོང་སྟེ་འདབ་མ་དེ་ལ་སྲོག་གི་རླུང་ཡང་དག་པར་རྒྱུ་བ་མེད་དོ། །དེ་ལྟར་ན་འཕོ་བ་བཅུ་གཅིག་རྣམས་དང་ཉི་ཁྲི་བརྒྱད་གཉིས་བརྒྱའི་དབུགས་རྣམས་ཀྱིས་ཉིན
མཚན་བྱེད་དེ་འདབ་མ་ཡོངས་སུ་དོར་ཡང་དབུགས་ཀྱི་འཁོར་ལོ་དམན་པ་མེད་དོ། །དེ་བཞིན་དུ་འདབ་མ་གཉིས་བ་ལ་ཟླ་བ་བདུན་པའི་དང་པོར་འཆི་ལྷས་ཀྱི་ཉིན་ཞག་བཞིའོ། །བརྒྱད་པའི་དང་པོར་ལྔའོ། །དགུ་པའི་དང་པོར་དྲུག་སྟེ་སྔར་ཉིན་ཞག་གསུམ་དུ
རྣམ་པར་བཞག་པ་སྔོན་གྱི་འདབ་མའི་ཉིན་ཞག་རྣམས་དང་ལྷན་ཅིག་འཆི་ལྟས་ཀྱི་ཉིན་ཞག་དྲུག་གོ་། གཉིས་པ་དང་གསུམ་པ་ལ་སོགས་པའི་ཉིན་ཞག་རྣམས་ལ་ཇི་ལྟ་བ་བཞིན་འབབ་བོ། །འདིས་ཀྱང་ཟླ་བ་གསུམ་སོང་སྟེ་དེ་ལྟར་ཟླ་བ་གསུམ་གསུམ་གྱིས
ཉིན་ཞག་གསུམ་རྣམ་པར་འཕེལ་བ་ལས་འདབ་མ་བཅུ་གཅིག་པོ་འདི་རྣམས་ལོ་གསུམ་ལ་རིམ་པས་འདོར་རོ། དེ་ལྟར་འདབ་མ་བཅུ་གཅིག་པ་ལ་འབབ་པ་ལས་བད་ཀན་གྱི་བདག་ཉིད་སྙིང་སྟོབས་ཀྱི་ཁམས་རྣམས་སྐམས་པར་འགྱུརོ། །འདབ་མ་བཅུ་གཉིས
པ་ཨ་ལ་ནི་གཡས་པའི་རྩར་རབ་ཏུ་འབབ་པ་ལས་འདབ་མ་གཞན་ལ་གནས་པ་ཟླ་བ་གཉིས་པ་དང་བཞི་པ་དྲུག་པའི་མཚམས་ཀྱི་ཉིན་ཞག་གསུམ་གྱི་ཉིན་ཞག་གཉིས་ཟད་དེ་མཁྲིས་པའི་བདག་ཉིད་རྡུལ་གྱི་ཁམས་ཟད་པ་ལས་འདབ་མ་བཅུ་གཉིས་པ
སྐམ་པར་འགྱུར་རོ། །ལྟེ་བ་ལ་སྔ་མ་བཞིན་དུ་ཉིན་ཞག་གཅིག་དབུ་མ་འབབ་པ་ལས་རླུང་གི་བདག་ཉིད་མུན་བའི་ཁམས་སྐམས་ནས་སྲིད་པ་གཞན་དུ་འགྲོའོ་ཞེས་པ་གཡོན་པའི་འཆི་ལྟས་ཀྱིས་རྣལ་འབྱོར་པ་མ་ཡིན་པ་རྣམས་འཆི་བའོ། །འདི
ར་ཏོགས་པའི་དོན་དུ་པྲི་བའི་རིམ་པ་ནི་ཁྱིམ་བཅུ་གཉིས་ཀྱི་འཁོར་ལོ་རིམ་པ་གཉིས་བའི་ཤར་ལ་སོགས་བའི་འདབ་མ་བཅུ་གཅིག་ལ་གསུམ་དང་དྲུག་དང་དགུ་དང་བཅུ་གཉིས་དང་བཅོ་ལྔ་དང་བཅོ་བརྒྱད་དང་ཉི་ཤུ་རྩ་གཅིག་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་བདུན་དང
སུམ་ཅུ་དང་སུམ་ཅུ་རྩ་གསུམ་རྣམS་ཏེ་བཅུ་གཉིས་པ་ལ་ནི་གཡོན་པ་འབབ་པ་མེད་པའི་ཕྱིར་སྟོང་པའོ། །ཕྱིའི་འདབ་མ་བཅུ་གཉིས་ལ་རིམ་པས་ཟླ་བ་སུམ་ཅུ་དང་ཉི་ཤུ་རྩ་བདུན་དང་ཉི་ཤུ་རྩ་བཞི་དང་ཉི་ཤུ་རྩ་གཅིག་དང་བཅོ་བརྒྱད་དང་བཅོ་ལྔ་དང་བཅུ་གཉིས་དང
དགུ་དང་དྲུག་དང་གསུམ་རྣམས་ཏེ་བཅུ་གཅིག་པ་ལ་ཟླ་བ་གསུམ་ཟད་པ་མཚོན་པར་བྱེད་པ་སྟོང་པའོ། །བཅུ་གཉིས་པ་ལ་ཉིན་ཞག་གཉིས་སོ་ལྟེ་བ་ལ་ཉིན་ཞག་གཅིག་གོ་།དེ་ལྟར་ན་གསུམ་པ་ལ་སོགསྤ་ཉིན་ཞག་རྣམས་ལ་འཆི་ལྟས་འཆི་ལྟས་འཕེལ
ལོ། སུམ་ཅུ་ལ་སོགས་པའི་ཟླ་པ་རྣམས་ལ་དགེ་བ་འགྲིབ་པ་ནི་འཚོ་བཟད་པའོ། །ཕྱེད་དང་བཅས་པའི་ཟླ་བ་བཅུ་དང་ལྡན་པའི་ལོ་དགུ་བཅུ་རྩ་དྲུག་གི་མཚམས་སུ་ཉི་མ་དང་ཟླ་བ་འབབ་པའི་དུས་སོ། །ལོ་བརྒྱ་རྫོགས་པའི་ཉིན་ཞག་གསུམ་གྱིས་དམན་
བའི་ལོ་གསུམ་དང་ཕྱོགས་གསུམ་ལ་དབུ་མའི་འཆི་བ་རྒྱུའོ། །འདི་རྒྱས་པར་བཤད་པ་མཉམ་དང་མི་མཉམ་ཞེས་པ་ལ་སོགས་པའོ། །གཉིས་ལ་སོགས་པ་སུམ་ཅུ་རྩ་གཉིས་ཀྱི་མཐར་ཐུག་པ་མཉམ་པའི་ཉིན་ཞག་རྣམས་ཀྱིས་གཡས་དང་གཅིག་ལ་སོགས
པ་སུམ་ཅུ་རྩ་གསུམ་གྱི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་རྣམས་ཀྱི་གཡོན་ལ་དེ་སྟེ་འཆི་བ་རྒྱུའོ། །ཅི་ཞེ་ན་སྐྱེ་པའི་དུས་སུ་སྐྱེས་བ་གླང་ལ་སོགས་པའི་དུས་སྤྱོར་གྱི་ས་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་དང། དེ་བཞིན་དུ་ལུག་ལ
སོགས་པའི་དུས་སྤྱོར་གྱི་སྟོང་པ་ལ་སོགས་པ་གང་ཡང་རུང་པའི་དཀྱིལ་འཁོར་རྣམ་ཀྱིS་ཏེ་དེའི་དཀྱིལ་འཁོར་ནས་བརྩམས་ཏེ་ཞེས་པའི་དོན་ཏོ། །འདི་ཡང་གཡས་པ་དང། ཅིག་ཤོས་ཀྱི་རྩ་ཁམས་དང་ཕུང་པོ་ལ་སོགས་པའི་འབབ་པ་རྣམ་པར་ཉམས་པའི་དབང
དུ་བྱས་ཏེ་ལག་པ་བྱིས་པར་སྟེ་སྤྱིར་བཏང་བའི་ཨབ་ཕྱིས་པ་ལ་ཟད་ལྔ་པའོ། ། །།འཐད་པ་གསུངས་པ་གཞན་དུ་འཆི་བར་མི་འགྱུར་ཏེ་ཞེས་པའོ། །འདིས་འདི་གསུངས་ཏེ་མཉམ་པའི་དུས་སྦྱོར་ལ་སྐྱེས་པའི་དང་པོ་ཉིན་ཞག
གཉིས་གཡས་པ་ལ་འབབ་པོ། །སླར་ཡང་ཉིན་ཞག་གཉིས་ཇི་ལྟ་བ་བཞིན་དུའོ། །དེ་ནས་ཉིན་ཞག་གཅིག་གཡོན་པ་ལ་འབབ་པོ། །ཉིན་ཞག་གཅིག་ཇི་ལྟ་བ་བཞིན་དུའོ། །ཉིན་ཞག་བཞི་གཡས་པ་ལའོ། །བཞི་ཇི་ལྟ་བ་བཞིན་དུའོ། །གསུམ་གཡོན
པ་ལའོ། །གསུམ་ཇི་ལྟ་བ་བཞིན་དུའོ། །དྲུག་གཡས་པ་ལའོ། །དྲུག་ཇི་ལྟ་བ་བཞིན་དུའོ། །ལྔ་གཡོན་པ་ལའོ། །ལྔ་ཇི་ལྟ་བ་བཞིན་དུའོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་གཡས་ལའོ། །སུམ་ཅུ་རྩ་གཉིས་ཇི་ལྟ་བ་བཞིན་དུའོ། །སུམ་ཅུ་རྩ
གསུམ་གཡོན་པ་ལའོ། །སུམ་ཅུ་རྩ་གསུམ་ཇི་ལྟ་བ་བཞིན་དུའོ། །ཞེས་པའི་བར་དུའོ། །འདིར་གཡས་པ་ལ་གཉིས་ལ་སོགས་པ་སུམ་ཅུའི་མཐར་ཐུག་པ་མཉམ་པའི་ཉིན་ཞག་གསུམ་གསུམ་གྱིས་རིམ་པས་ས་ལ་སོགས་པའི་ཁམས་ཟད་དོ། །
གཡོན་པ་ལ་གཅིག་ལ་སོགས་པ་ཉི་ཤུ་རྩ་དགུའི་མཐར་ཐུག་པ་མི་མཉམ་པའི་ཉིན་ཞག་གསུམ་གསུམ་གྱིས་རིམ་པས་ན་མཁའ་ལ་སོགས་པའི་ཁམས་ཟད་དོ། །དེ་ལ་ཉིན་ཞག་སུམ་ཅུ་རྩ་གཅིག་གིས་སྙིང་སྟོབས་ཀྱི་ཁམས་ཟད་དོ། །ཉིན་ཞག
སུམ་ཅུ་རྩ་གཉིས་ཀྱི་རྡུལ་གྱི་ཁམས་ཟད་དོ། །ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་མུན་པའི་ཁམས་ཟད་དོ། །མི་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ཀྱི་ནི་གཅིག་ལ་སོགས་པའི་རིམ་པས་འདི་འབབ་པོ་ཞེས་པ་ཁྱད་པར་རོ། །དེ་ལྟར་ཉིན་ཞག
གསུམ་གྱིས་དམན་པའི་ལོ་བརྒྱ་སྟེ་དེའི་སྟེང་དུ་ཉིན་ཞག་སུམ་ཅུ་རྩ་བཞི་རྒྱུའོ། །དེ་ལ་ཉིན་ཞག་གཅིག་གཡས་པ་ལའོ། །ཉིན་ཞག་གཅིག་གཡོན་པ་ལའོ། །དེ་ལྟ་བཞིན་དུ་རིམ་པས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་འབབ་སྟེ་དེ་ལས
རིམ་པ་ཁམས་དང་ཕུང་པོ་དང་ཡུལ་དང་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་དང་ལས་ཀྱི་དབང་པོ་ལྔ་རྣམས་ཟད་དོ། །དེ་ནས་དབུ་མ་ལ་ཉིན་ཞག་གཅིག་སྟེ་དེ་ལས་ཁམས་དང་ཕུང་པོ་ལ་སོགས་པ་དྲུག་པ་རྣམས་སྐམས་ནས་སྲིད་པ་གཞན་དུ་འགྲོའོ། །དེ་ལྟར་རྣལ་འབྱོར
པས་འཆི་ལྟས་ཀྱི་མཚན་ཉིད་ཤེས་ནས་དེ་སླུ་བའི་ཐབས་གསུངས་པ་འཆི་ལྟས་ཤེས་པ་ལ་སོགས་པའོ། །དེ་ལ་ཉི་མའི་འཆི་ལྟས་སུ་གྱུར་ན་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ནས་སྲོག་རྩོལ་སྔོན་དུ་འགྲོ་བས་དཔུང་པ་གཡས་པ་ནུ་མ་གཡས་པ་བཅིང་བ་ལས་དཀྱིལ་འཁོར་ལྔ་འབབ་པའི
བདག་ཉིད་གཡས་པ་ལས་བཀུག་སྟེ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བར་བྱའོ། །དེས་ཉི་མའི་འཆི་ལྟས་ལྡོག་གོ་།དེ་བཞིན་དུ་གཡོན་པ་ལས་གཡས་པ་ལ་ཟླ་བའི་འཆི་ལྟས་ལྡོག་གོ་།དེ་བཞིན་དུ་སྐྱིལ་ཀྲུང་བྱས་ནས་ཐིག་ལེར་ཏེ་དཔྲལ་བར་གནས་པའི་པདྨ
འདབ་མ་བཅུ་དྲུག་པ་དཀར་པོའི་དབུས་སུ་སྲོག་རྩོལ་སྔོན་དུ་འགྲོ་བས་སེམས་གཞུག་པར་བྱའོ། །སྲོག་ནི་ཐིག་ལེར་གཞུག་པར་བྱ་ཞེས་པ་གཙོ་བོར་འཛིན་པའི་མཚན་ཉིད་དོ། །འདི་ནི་བསྙེན་པའི་ཡང་གཙོ་བོ་སྟེ་འཆི་ལྟས་བསླུ་བའི་ཐབས་སོ། ། བ་དྷཱུ་ཏཱི་ཞེས
པ་ལ་སོགས་པའི་གཞུང་ཡང་དེའི་དགོངས་པ་ཉིད་ཀྱིས་སྦྱར་བར་བྱའོ། །དེ་བཞིན་དུ་སྐྱིལ་ཀྲུང་བཅིངས་ནས་ཨ་བ་དྷཱུ་ཏིའི་ཞབས་ནི་ལྟེ་བའི་པདྨ་དྲུག་ཅུ་རྩ་བཞི་པ་སེར་པོ་སྟེ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨཾ་ཡིག་དཀར་པོའི་སྟེང་དུ་རེ་ཁཱའི་རྣམ་པ་དེ་དང
རབ་ཏུ་སྦྱོར་བསྒོམ་པར་བྱའོ། །དེ་བཞིན་དུ་རྟག་ཏུ་རྡོ་རྗེ་བསླང་བར་བྱ་རང་གི་ལག་པའི་མཚོ་སྐྱེས་ལ་སོགས་པ་སཾ་ཇི་ལྟར་ཐིག་ལེ་ཕྱི་རོལ་དུ་མི་འབྱུང་བར་ཏེ་འཆི་ལྟས་ཀྱི་རྒྱུ་ཟླ་ཉིའི་བགྲོད་པ་འཇོམས་པ་ལས་སོ། །ཐབས་འདི་གཙོ་བོར་གསུངས་པ་གཞན་དུ་ཞེས
པ་ལ་སོགས་པའོ། །སྟེང་གི་འཆི་ལྟས་སླུ་བ་བརྗོད་ནས་འོག་གི་འཆི་ལྟས་གསུངས་པ། འོག་ཏུ་འང་དུང་ཅན་མར་ཐུར་སེལ་ཞེས་པ་སྟེ་འོག་ཏུ་ཡང་དུད་ཅན་མའི་རྩ་འབའ་ཞིག་ལ་མ་ཡིན་པར་བཤད་པ་དང་གཅི་བ་འབབ་པ་དག་ལ་ཐུར་སེལ་ཞེས་བྱ་བའི་རླུང་འབབ
ན་ཞེས་པ་ལྷག་མའོ། །རྒྱུན་ཏུ་བཤད་བ་དང་གཅི་བ་འབབ་པ་ཉིད་ཀྱིས་དེ་མ་ཞུགས་པ་ལས་ཀྱང་འཆི་བའོ། །དེ་ལ་འཆི་ལྟས་བསླུ་བའི་ཐབས་ཀྱི་ཟོལ་གྱིས་དགའ་བ་རྣམས་འཆི་ལྟས་ཤེས་པ་ལ་སོགས་པས་མདོར་བསྟན་ཏེ། མགོ
པོའི་ཞེས་པ་ལ་སོགས་པ་རྒྱས་པར་བཤད་པའོ། །གཙུག་ཏོར་གྱི་པདྨ་འདབ་མ་བཞི་པའི་དབུས་ལས་དཔྲལ་བའི་ཆུ་སྐྱེས་འདབ་མ་བཅུ་དྲུག་པའི་དབུས་སུ་ཁུ་བ་དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་པ་དང་རྫོགས་པ་ཞེས་བྱ་བ་ཆ་ལྔ་ཡིས་འོངས་པ
གཉིས་ཀ་ལ་ཁྱབ་པ་ནི་དང་པོ་དགའ་བའོ། །དེ་ནས་མགྲིན་པ་སྙིང་ཁར་མཆོག་དགའ་ཞེས་པ་མགྲིན་པའི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པ་ལས་སྙིང་ཁའི་པདྨ་འདབ་མ་བརྒྱད་པར་སྔ་མ་བཟིན་ཁྱབ་པ་མཆོག་དགའ་ཨོ། །དགའ་བྲལ་དགའ་བ་དེ
ནས་འགྱུར། ཞེས་པ་ལྟེ་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་གསང་བའི་ཆུ་སྐྱེས་འདབ་མ་སུམ་ཅུ་རྩ་གཉིས་པར་ཁྱབ་པ་དགའ་བྲལ་དགའ་བའོ། །དེ་ཡང་སྣ་ཚོགས་དགའ་བ་དམ་པོར་འཁྱུད་པ་དང་ཤཱཏི་ཡིག་དང་མགྲིན་པའི་ཀཱུ་ཛ་ན་ལ་སོགས་པ་ལྟེ་བ་དང
གསང་བར་ཡང་ཕྱི་རོལ་རྟོགས་པ་ཁ་ཕྱིར་ཕྱོགས་པའི་བདེ་བ་ཟློས་པ་སྟེ་བདག་གིས་ཤེས་རྟོགས་པའི་མཚན་ཉིད་རང་རིག་པ་ཙམ་དགའ་བའི་མཐར་ཐུག་པ་སྐྱེ་བ་ཡིན་གྱི་དགའ་བ་དང་བྲལ་བའི་བདེ་བ་ནི་མ་ཡིན་ནོ། །དེ་ནས་གསང་བའི་པདྨ་ནས་རྡོ་རྗེ་ནོར་བུའི
ནང་དུ་གནས་པཱི་ཆུ་སྐྱེས་འདབ་མ་བརྒྱད་པའི་བར་དུ་མི་གཡོ་བའི་ཆ་བཅུ་དྲུག་པ་འོངས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འཛིན་པའི་སྟོབས་ཀྱིས་ཕྱི་རོལ་ཏུ་བགྲོད་པ་མེད་པའི་ཕྱིར་མི་འཕོ་བའོ། །འདོད་ཆགས་བྲལ་ལས་ཏེ་ཆགས་པའི་དགའ་བ
དང་བྲལ་ལས་གཙུག་ཏོར་དུ་གནས་པའི་བདེ་བ་སྟེ་ཁུ་བ་གང་ཡིན་པ་དེ་རབ་ཏུ་གནས་པའོ། །རྡོ་རྗེ་ནོར་བུ་ལས་འཕོ་བ་མེད་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །བདེ་བའི་རྒྱལ་པོ་འདི་ནི་གཙུག་ཏོར་དང་རྡོ་རྗེ་ནོར་བུའི་བར་དུ་ཁྱབ་པའི་ཕྱིར་རབ
གནས་མྱ་ངན་འདས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཆགས་ཆེན་དང་མི་འགྱུར་བ་ཡང་སྟེ་གཙོ་བོ་ཡིན་པའི་ཕྱིར་ཁྱབ་བདག་འཇིག་རྟེན་གསུམ་གྱི་དབང་ཕྱུག་སྟེ་ཐམས་ཅད་དེའི་གནས་འདོད་པ་དང་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་རོ། །བདུད་རྩི་ཡིན་པ་ཉིད་ཀྱི་ཕྱིར་ཁུ་བ་ཉིད་ཟླ
བ་སྟེ་ཁུ་བ?་ཟླ་བ་དེའི་གཙུག་ཏོར་དུ་འཆར་བ་ནི་དཀར་པོའི་ཚེས་གཅིག་སྟེ་གསང་བར་རྫོགས་པ་གསུམ་པ་ཇི་སྲིད་པར་རོ། །འདིར་བྱང་ཆུབ་ཀྱི་སེམས་ལ་དགའ་བ་ལ་སོགས་པའི་དབྱེ་བས་རྫོགས་པ་གསུམ་དུ་འགྱུར་ཏེ་གསང་བར་དགའ་བྲལ་དགའ་བ་ལས་ནི། བཅུ
དྲུག་ཆ་གང་དེ་ནོར་བུའི་པདྨ་རྡོ་རྗེའི་རྩེ་མོར་གནས། །རྡོ་རྗེའི་རྩེ་མོའི་མཐར་གནས་པར་འགྱུར་རོ། །དེ་ལས་སྟེང་དུ་ནག་པོའི་ཚེས་གཅིག་འོངས་པ་ན་སྟེ་ཆགས་བྲལ་རབ་ཏུ་ཞུགས་པའི་དུས་སུ་འགྱུར་ཏེ་འཕོ་བའི་དུས་ཉིད་ནག་པོའི་ཚེས་གཅིག་གོ་ཞེས་པའི་དོན་ཏོ། །
དེ་ནི་འདོད་ཆགས་ཉམས་པའི་ཕྱིར་ནག་པོའི་ཕྱོགས་ཏེ་རྡུལ་གྱི་གཟུགས་ཀྱིས་ཉི་མའི་ཆ་དང་པོ་ནོར་བུའི་རྩེ་མོ་ལའོ། །དེ་ནས་འདོད་ཆགས་བྲལ་བས་ཉི་མི་མཛུལ་པུའི་གནས་དཔྲལ་བར་འགྲོ་སྟེ་གནམ་སྟོང་ངོ་ཞེས་པའི་དོན་ཏོ། །དེ་ནས་ཉི་མའི་ཆ་ཤས་བཅུ
དྲུག་མ་གཙུག་ཏོར་པདྨད་སོན་པའོ། །དེ་ཉིད་ཟླ་བ་ཉམས་པ་ཞེས་བརྗོད་དེ་ཉི་མས་རྡུལ་གྱི་གཟུགས་ཀྱིས་བཀབ་པ་ཉིད་ཀྱི་ཕྱིར་རོ། །ཆགས་པའི་བདེ་ལ་ཆགས་བྲལ་ཕྱིར་ཡང་དེ་ཉིད་དོ། །ལུས་ཅན་ཐམས་ཅད་དེ་ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པ་རྣམས
འཆི་བ་ན་སྟེ་འཆི་བའི་དུས་སུ་ཟླ་བ་བདུད་རྩི་འོག་ཏུ་འགྲོ་ཞེས་པ་ཟླ་པ་བདུད་རྩི་བྱང་ཆུབ་ཀྱི་སེམས་འཕོ་བའི་ཆགས་པ་གོམས་པ་ལས་བརྗོད་པའི་རིམ་པས་འོག་ཏུ་ཁུ་བའི་ལམ་ནས་འགྲོའོ། །དེ་བཞིན་དུ་ཉི་མ་རྡུལ་སྟེང་དུ་འགྲོའོ། །སྒྲ་གཅན་མི
ཤེS་པ་མ་རིག་པའི་བག་ཆགས་དང་ལྷན་ཅིག་སྟོབས་དང་ལྡན་པའི་སྲོག་དང་བཅས་པའི་རྣམ་ཤེས་འདི་དངོས་པོའི་མཚན་ཉིད་ལ་སྟེ་དགེ་བ་དང་མི་དགེ་བའི་ལས་ཀྱི་སྤྲུལ་པའི་སྐྱེ་བ་གཞན་དུ་འགྲོའོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེའི་ཕྱིར་ཟླ་བ
བདུད་རྩི་ཁུ་བའི་ཁམས་ནི་བརྗོད་པའི་ལམ་བསྒོམས་པས་སྟེང་དུ་སྟེ་གྱེན་དུ་བགྲོད་པ་དང། འོག་ཏུ་སང་ཉི་མ་རྡུལ་བགྲོད་པ་དང། སྒྲ་གཅན་གྱི་མཚན་ཉིད་རྣམ་ཤེས་འགྱུར་མེད་བདེ་བ་ལ་བགྲོད་པར་བྱའོ། །བཅོམ་ལྡན་འདས
ཀྱིས་ཀྱང་སྔོན་འདི་མཛད་དོ་ཞེས་པ་ལ་སོགས་པ་སྟོན་པ་སངས་རྒྱས་ཤེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ཀྱི་ནི་ཟླ་བ་བདུད་རྩི་ཉ་སྟེ་ཆ་བཅོ་ལྔ་ཡོངས་སུ་རྫོགས་པ་ཉིད་མངོན་བུའི་པདྨར་ཏེ་དཔྲལ་བར་འགྱུར་རོ། །ཉི་རྡུལ་གནམ་སྟོང་གསང་བར
འགྱུར་རོ། །སངས་རྒྱས་རྣམས་ཀྱི་དེ་དག་སྟེ། ཟླ་བ་དང་ཉི་མ་ཆ་བཅུ་དྲུག་པ་དག་རིམ་པ་ཇི་ལྟ་བས་གཙུག་ཏོར་དང་རྡོ་རྗེ་ནོར་བུར་རོ། །དེ་མཚན་ཡང་དག་པར་བརྗོད་པར་གསུངས་པ། རྐང་པ་གཅིག་གི་མཐིལ་གནོན་པ། །ས་ཡི་སྙིང་པོ་མཐིལ
ལ་གནས། །ཚངས་པའི་སྒོ་ངའི་རྩེ་མོ་གནོན། །རྐང་འཐེབ་སེན་མོ་ལ་གནས་པ། །ཞེས་པ་སྟེ་བརྗོད་པ་ནི་རྡོ་རྗེའི་ཚིག་སྟེ་བགྲོད་པར་བྱ་བ་དང་རྟོགས་པར་བྱའོ། །གང་གིས་ཚིག་མི་འགྱུར་བའི་ཡེ་ཤེས་དེའི་ཞབས་ལ་ཚིག་གི་སྒྲུབ་བྱེད་སྤྱི་བས་རྟག་ཏུ
ཕྱག་འཚལ་བའོ་ཞེས་པ་ནི། ཕྱེད་པའི་ཡེ་ཤེས་ནི་སྟོན་པའོ། །ལུས་ཅན་ཀུན་གྱི་ཞེས་པ་འཁོར་བ་ཐམས་ཅད་ཀུན་གྱི་ཞེས་པ་འཁོར་བ་པ་ཐམས་ཅད་ཀྱི་ཕྱིན་ཅི་ལོག་ལ་རབ་ཏུ་གནས་པ་མ་ཡིན་པའོ། །དེའི་ཕྱིར་རབ་གནས་མྱ་ངན་འདས་པ་མིན་ཞེས་བྱ
པ་བདེ་བ་ཆེན་པོའི་མིང་ཅན་ལུས་དག་པ་ལས་ས་ལ་སོགས་པའི་ཁམས་རྣམས་ཕྱིན་ཅི་ལོག་སྒྲིབ་པ་མེད་པ་ཉིད་དུ་འགྱུར་རོ། །ཁམས་གཞན་དེ་རྣམས་དབྱེར་མེད་པ་འཛིན་པའི་སྟོབས་ཀྱིས་རང་ཉམས་སུ་རབ་ཏུ་འཇུག་པའི་གཏུམ་མོ་འབར་བ
ལ་ཨས་དགའ་བ་ལ་སོགས་པའི་དབྱེ་བས་སྤྱི་བོ་ལས་བབས་པའི་ལུས་དང་ངག་དང་སེམས་ཡེ་ཤེས་ཀི་ཐིག་ལེ་རྣམས་བརྗོད་པའི་རིམ་པས་ཕྱི་རོལ་ཏུ་འབྱུང་བ་མེད་པའི་ཕྱིར་མི་འགྱུར་བའི་བདེ་བ་རྫོགས་པ་རྣམས་ཀྱི་སྐུ་བཞིའི་རྣམ་པར་དག་པ
གསུངས་ནོར་བུར་ཞེས་པ་ལ་སོགས་པའོ། །བདེ་ཆེན་ལས་ཤེས་པ་བདེ་བ་ཆེན་པོའི་མིང་ཅན་དག་པའི་སྐུ་ལས་ཏེ་ཕྱིན་ཅི་ལོག་གིས་སྐུའི་ཐིག་ལེ་གང་ཡིན་པ་དེ་བཞི་པའི་གནས་སྐབས་ཟད་པའི་སྐུ་སྟེ། དེ་ཡང་རྡོ་རྗེ་རྩེ་མོར་གནས་སོ། །དེ་ལས་ནོར་བུར་ཐུགས་ཤིན་ཏུ་གཉིད
ལོག་པ་རྦད?་པ་ལས་སོ། །གསང་བར་རྨི་ལམ་ཟད་པ་ལས་སོ། །ལྟེ་བར་སྐུ་སད་པའི་གནས་སྐབས་ཟད་པ་ལའོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འདི་རྣམས་ཀྱང་དག་པའི་སྐུ་ལས་སྤྲོ་པའོ། །ཐབས་ཀྱི་འོག་ཏུ་ཞེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ལས་ཆོས་ཀྱི་སྐུ་ལ
སོགས་པ་འདི་རྣམས་ཀྱི་སྤྲོ་བ་གང་ཡིན་པ་དེ་ཐབས་ཀྱི་ཆའི་རྣམ་པར་བཞག་པའོ། །ཤེས་རབ་ཀྱི་ནི་སླར་ཡང་སྡེད་དུ་འགྱུར་ཏེ། དེ་སྟོན་པ་འདིའི་ཞེས་པའོ། །ཤེས་རབ་འདིའི་སྤྲུལ་པ་ཞེས་བྱ་བ་སྐུ་རྡོ་རྗེ་དཔྲལ་བར་ཏེ་སྔ་མ་བཞིན་ཏུ་ཕྱིན་ཅི་ལོག་གིས་སོ། །དེ་བཞིན
དུ་མགྲིན་སྙིང་ལྟེ་བའི་འདབ་སྐྱེས་ལ། །རིམ་པ་ཇི་ལྟ་བས་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྣམས་ནི་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའི་སྐུ་རྣམས་ཏེ་ཤེས་རབ་ཀྱི་ཆའི་རྣམ་པར་བཞག་པའོ། །དེ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དེ་རྡོ་རྗེ
སེམས་དཔའ་ཨི་སྐུ་ལས་ཕུང་པོ་ལ་སོགས་པ་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་ཉིད་ཀྱི་སེམས་ཅན་གྱི་ཆེད་དུ་སྤྲོ་བའོ། །འདིས་ནི་དོན་གྱིས་གོ་བས་རྗེས་སུ་དྲན་པའི་ཡན་ལག་མདོར་བསྟན་པའོ། །འབྲས་བུ་མདོར་བསྟན་ནས་དེ་སྒྲུབ་ཐབས
གསུངས་པ། ལས་ཀྱི་ཕྱག་རྒྱ་ཞེས་པ་ལ་སོགས་པའོ། །ལས་ཀྱི་ཕྱག་རྒྱ་ནི་ནུ་མ་དང་སྒྲར་ལྡན་པ་འདོད་པའི་ཁམས་ཀྱི་བདེ་བའི་རྒྱུའོ། །ལས་ནི་ཙུམ་པ་ན་དང་འཁྱུད་པ་དང་གསང་བར་རེག་པ་དང་རྡོ་རྗེ་སྐྱེད་པ་ལ་སོགས་པ་བྱ་བའི་བདག་ཉིད་ཅན་ཏེ་དེ་ཡིས་ཉེ་བར
མཚན་པའི་ཕྱག་རྒྱ་ནི་ཡིད་ཆེས་པར་བྱེད་པ་མོ་ཡིན་ལ་ཡིད་ཆེས་པ་ནི་འདིར་འགྱུར་བའི་བདེ་བ་མཚོན་པར་བྱེད་པ་སྟེ། མུད?་མ་པ་དེ་བའི་ཁྱད་པར་?་སྟི་སྟེར་བའོ། །ཞེས་པ་ཕྱག་རྒྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རང་གི་སེམས་ཀྱི་ཡོངས་སུ་བརྟགས་པ་སྣ་ཚོགས།
ཡུམ་ལ་སོགས་པ་ལྷ་མོའི་རང་བཞིན་རྗེས་སུ་ལོངས་སྤྱོད་པ་ཇི་སྲིད་པར་ཏེ་གཟུགས་ཀྱི་ཁམས་ཀྱི་བདེ་བའི་རྒྱུའོ། །ཡེ་ཤེས་ནི་སྔོན་རྒོད་པ་དང་བལྟ་བ་ལ་སོགས་པ་བསྒོམ་པའི་མཚན་ཉིད་དེ། ཡིད་ཆེས་པ་ནི་འདིར་གཡོ་བའི་བདེ་བ་མཚོན
པར་བྱེད་པའོ། །ཆེན་པོ་ཡང་འདི་ཡིན་ལ་ཕྱག་རྒྱ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོའོ། །སླར་ཡང་འདིའི་ཆེན་པོ་ཉིད་ནི་རྣམས་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉི་ཚེ་བ་མ་ཡིན་པ་ཉིད་ཡིན་ལ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འདིས་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་སྟེ། ཡིད་ཆེས
བ་ནི་འདིར་རང་གི་སེམས་ཀྱིས་ཡོངས་སུ་བརྟག་པའི་ཆོས་དང་བྲལ་བ་དུ་བ་ལ་སོགས་བའི་ཚན་མ་སྔོན་དུ་འགྲོ་བའི་རང་གི་སེམས་རབ་ཏུ་གསལ་པ་རྣལ་འབྱོར་པས་རྟོགས་པར་བྱ་བ་ཕྲ་ཕབ་པ་ལྟ་བུའོ། །འབྲས་བུའི་ངོ་བོ་ཕྱག་རྒྱ་ཆེན་པོ་ནི་མུ་དམ་མཆོག་ཏུ་མི
འགྱུར་བའི་བདེ་བའི་ཡེ་ཤེས་ཀྱི་མཚན་ཉིད་དེ་རཱ་ཏི་གང་བའི་གནས་སྐབས་མ་གཡོ་བའི་སྦྱོར་བས་དུས་ཐམས་ཅད་ཀུན་ནས་སྟེར་བའོ། །ཞེས་པ་ཕྱག་རྒྱའོ། །འདིའི་ཆེན་པོ་ཉིད་ཀྱང་སྤངས་པ་ཆེན་པོ་ཉིད་དང་རྟོགS་པ་ཆེན་པོ་ཉིད་ཀྱིས་སོ། །དེ་ལ་སྤངས་པ་ཆེན
པོ་ཉིད་ནི་བག་ཆགས་དད་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་མཚན་ཉིད་རང་བཞིན་ཞེས་བྱ་བའི་འོད་གསལ་བ་མངོན་དུ་བྱེད་པའི་མཚན་ཉིད་དོ། །རྟོགས་པ་ཆེན་པོ་ཉིད་ནི་ཡོངས་སུ་དག་པ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཟུང་དུ་འཇུག་པ་ཞེས་བྱ་བ
ཆོས་སྐུ་མངོན་དུ་བྱེད་པའི་རང་བཞིན་ནོ། །གང་ཞིག་ཡིད་མུན་པ་ཉམས་པ་ལ་སོགས་པ་དྲི་མ་མ་ལུས་པ་དང་བྲལ་བ་ནམ་མཁའ་ལྟ་བུ་སྟོང་པ་ཉིད་དང་རོ་གཅིག་པ་འོད་གསལ་བ་མངོན་སུམ་དུ་བྱེད་པ་ཁོ་ན་སངས་རྒྱས་ཀྱི་ཆོས་མཛའ་དག་རྟོགས་?་ཏེ།
མ་ལུས་བའི་རྒྱུན་སྣ་ཚོགས་པའི་དོན་ཕུན་སུམ་ཚོགས་པའི་ནུས་པའི་ངོ་བོས་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་རྣམས་ཀྱི་རྟེན་གྱི་སྐུ་ནི་ཆོས་ཀྱི་སྐུའོ། །ཞེས་བརྗོད་དོ། །དེ་ལ་ཡང་རབ་ཏུ་སྣང་བ་མ་ཡིན་ནོ
ཡང་རྟོགས་པར་རྣམ་པར་བཞག་པ་ཡིན་ན་བུམ་པ་རབ་ཏུ་སྣང་བ་ན་སྣམ་བུ་ལ་སོགས་པ་རྟོགས་པར་ཐལ་བ་བཟློག་པར་དཀའ་སྟེ། གང་ཡང་གྲངས་ཅན་པའི་ལྟ་བ་སུན་མ་བྱུང་བ་ཁོ་ནར་འགྱུར་རོ། །གཞན་ཡང་སྒྱུ་མ་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་པྲ
ཕབ་པ་ལ་སོགས་པ་བཞིན་དུ་མ་བརྟགས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་མ་ལུས་པ་མཐོང་བ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྟེ་རང་བྱིན་གྱིས་བརླབས་པ་ཡང་བརྗོད་དོ། །ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱང་དོན་དམ་པའི་དབེན་པའི་བདག་ཉིད་འོད་གསལ
པ་ཨ་?་སུ་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད་ལ་སོགས་པ་བརྟེན་པའི་ཚོགས་དང་ཁང་པ་བརྩེགས་པ་ལ་སོགས་པ་རྟེན་གྱི་དཀྱིལ་འཁོར་ཡང་སྟེ་དེ་ཉིད་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཉིད་དང་སངས
རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཉིད་ཀྱིས་ཀྱང་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་སོ། །བདེན་པ་གཉིས་གཉིས་སུ་མེད་པའི་རང་བཞིན་འདི་ཉིད་ཟུང་དུ་འཇུག་པ་ཞེས་བརྗོད་དོ། །དེའི་ཕྱིར་ཟུང་དུ་འཇུག་པའི་སྐུ་ཉིད་ཆོས་ཀྱི་པུ་སྟེ། ལོངས་སྤྱོད་རྫོགས་པ་དང
རང་བཞིན་དག་ལས་ཐ་དད་པར་གྱུར་པ་རྣལ་འབྱོར་?་སོ་སོ་དང་གི་རིག་པར་བྱ་བའོ། །འཕགས་པ་འཇམ་དཔལ་ཞབས་ཀྱིས་ཀྱང་རྒྱུད་ཕྱི་མར་གསུངས་པ། གང་དུ་ཡང་དག་མིན་ཞིག་བདེན་པར་དཀར་པོ་དགེ་བའི་ཚོགས་རྣམས་རྒྱལ་པོ་རྣམས་ཀྱི་ཆོས
གྱི་སྐུ། །ཆོས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཛའ་དག་སྐད་ཀྱི་ཚོགས་སོ་མཚན་དང་དཔེ་བྱད་རྣམས་ཀྱི་ནི། །ཕུང་པོ་སྤྲུལ་པའི་སྐུ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆོས་སྐུམ་ཡིན་དེ་ཡི་ཕྱིར། །སྐུ་རྣམས་ཀྱི་ནི་མཚན་ཉིད་?་འདིར་ནི་བདེ
པར་གཤེགས་དང་འཕགས་པ་ཀླུས་བོད་ཀྱིས་ཀྱང་སྟེ། །གང་ཞིག་གཅིག་མིན་དུ་མ་ཡང་མིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། །དངོས་མེད་ཉིད་དངོས་པོ་མ་ཡིན་ནམ་མཁའ་བཞིན?་དུ་རོ་མཉམ་རྟོགས་པར་དཀའ་སྲིད
རང་བཞིན་ཅན། །གོས་པ་མེད་ལ་རྣམ་འགྱུར་མེད་ཅིང་ཞི་ཞིང་མི་མཉམ་མཉམ་ལ་ཁྱབ་པ་རབ་ཏུ་སྤྲོས་མེད་པ། །སོ་སོ་རང་གིས་རིག་བྱ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་འཇིག་རྟེན་ལས་འདས
བསམ་གྱིས་མི་ཁྱབ་ལེགས་བྱས་བརྒྱ་ཡི་འབྲས་བུ་བདག་ཉིད་འབྱོར་པ་ནི། །བློ་ལྡན་རྣམས་ཀྱི་དགའ་བའི་རྒྱུར་ནི་འཁོར་གྱི་ནང་དུ་རྣམ་པ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང། །སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་སྒྲ་རྒྱ་ཆེན་འཇིག་རྟེན་ཐམས་ཅད་དུ་ནི་རབ
ཏུ་སྒྲོ་མཛད་པ། །འདིར་ནི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གནས་པ་ལོངས་སྤྱོད་རྫོགས་སྐུ་དེ་ལ་བདག་ནི་ཕྱག་འཚལ་ལོ། །གང་ཞིག་སེམས་ཅན་རྣམས་ནི་སྨིན་པའི་སྐད་དུ་འགའ་ཞིག་དག་ཏུ་མེ་བཞིན་འབར་བར་སྣང་བྱེད་ཅིང། །གང་ཞིག་རྫོགས་པའི་བྱང་ཆུབ
ཆོས་ཀྱི་འཁོར་ལོར་ལ་ལར་ཡང་ནི་སླར་ཡང་རབ་ཏུ་ཞི་བ་སྟོན། །སྲིད་པ་གསུམ་གྱི་འཇིགས་པ་འཕྲོག་པ་སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་རབ་འཇུག་པ། །ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་ཕྱོགས་བཅུ་རྣམས་སུ་རྗེ་སུ་སོན་པ་དེ་ལ་ཕྱག
འཚལ་ལོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ནམ་མཁའ་མཉམ་པར་གནས་པ་དངོས་པོ་ཐམས་ཅད་ཀྱི་རང་བཞིན། །དག་པ་ཞི་ཞིད་རྣམ་པར་དབེན་ལ་མཆོག་ཏུ་ཞི་པའི་རང་བཞིན་རྣལ་འབྱོར་རྣམས་ཀྱིས་རྟོགས་བྱ་ཉིད། །རྟོགས་པར་དཀའ་ཞིང་རྣལ
པར་སྤྱད་དཀའ་རང་དང་གཞན་ལ་ཕན་པ་ཁྱབ་པ་མཚན་མེད་རྣམ་རྟོག་དང། །བྲལ་པ་གཅིག་པུའི་སྐུ་ནི་རྒྱལ་བ་རྣམས་ཀྱི་མི་མཉམ་མཉམ་པ་བདེ་བའི་སྐུ་ལ་ཕྱག་འཚལ་ལོ། །བདག་ནི་སྡིག་པའི་ཆོས་རྣམས་ཕུལ། །དེས་ན་ཉིད་འགྲོ་བ་རྒྱལ་པོ། །ཞེས་པའི
གསུངས་ལས་བདུད་བཞི་ལས་རྣམ་པར་རྒྱལ་བ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་རྣམས་ཀྱི་བདེ་བའི་སྐུ་ལ་ཕྱག་འཚལ་ལོ་ཞེས་པ་བདེ་བ་ཆེན་པོའི་མིང་ཅན་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ནམ་མཁའ་ལྟར་འོད་གསལ་བ
མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་སྐུ་བཞི་པ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །མི་མཉམ་པ་མཉམ་པ་ཞེས་པ་རྒྱུ་མཐུན་པ་ལ་སོགས་པའི་རིམ་པས་ཕུལ་དུ་བྱུང་བ་མཐར་ཐུག་པ་ཐོབ་པ་དྲི་མ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་མི་མཉམ་པ་ཉན་ཐོས་དང་རང
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བདེ་བ་རྣམས་དང་ཐུན་མོང་མ་ཡིན་པ་སྟེ། ཆོས་ཐམས་ཅད་དོ་གཅིག་པ་ཉིད་ཀྱི་ཕྱིར་མཉམ་པའོ། །འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་ཞེས་པ་འཇིག་རྟེན་གསུམ་གྱི་སྤྱོད་པ་ནི་རྒོད་པ་དང་བལྟ་བ་ལ་སོགས་པའི་མཚན་ཉིད་ཀྱི་བདེ
བ་སྟེ་?་དེ་ལས་གྲོལ་བ་ནི་ཡོངས་སུ་སྤངས་པའོ། །གཞན་དུ་ན་ལྷའི་བདེ་བ་ཡང་དེ་ཁོ་ནད་འགྱུར་རོ། །རྩ་བའི་རྒྱུད་དུ་གསུངས་པ་དབང་པོ་གཉིས་སྐྱེས་པ་དེ་དེ་ཉིད། །ལྷ་དང་ཆགས་ཅན་རྣམས་ཀྱིར་བརྗོད། །འཇིག་རྟེན་གསུམ་སྤྱོད་ངེས་པར་གྲོལ། །སངས་རྒྱས
རྣམས་ཀྱི་མི་འགྱུར་བདེ། །རྒོད་དད་བལྟ་བ་སོགས་ལས་གྲོལ། །ཀུན་ཏུ་འཁྱུད་?་རྣམ་པར་སྤངས། །རྒྱུ་དང་འབྲས་བུ་ངེས་པར་གྲོལ། །གཉིས་མེད་འཇིག་རྟེན་གསུམ་དུ་སྣང། །ཞེས་པ་སྟེ། རྒོད་པ་དང་བལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་འཁྱུད
པ་ལས་ཡང་དག་པར་བྱུང་བ་འཇིག་རྟེན་པའི་སྤྱོད་པའི་བདེ་བ་འགྱུར་བ་དང་གཡོ་བ་སྤངས་པ་མཆོག་ཏུ་མི་འགྱུར་བ་ཞེས་པའོ། །ནམ་མཁའ་མཉམ་པར་གནས་པ་ཞེས་པ་ནམ་མཁའ་ཨི་ཡིས་མཉམ་པ་འདྲ་བར་གྱུར་པ་རྟོག་པ་གང་ཞིག་ཡིན་པ་དེ་བཞིན་དུ་དེའོ། །ཇི་ལྟར་ནམ་མཁའ་
ཀ་ཧཡབ་པ་ཉིད་ཀྱིས་ཐམས་ཅད་དུ་གནས་ཀྱང་དངོས་པོ་འགའ་ཞིག་ལ་ཆགས་པ་མེད་ལ་མཚན་ཉིད་སྤངས་པ་ཡང་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ཤེས་བྱའི་ཡུལ་མ་ལུས་པ་མཁྱེན་ཡང་ཆོས་འགའ་ཞིག་ལ་རབ་ཏུ་གནས?་བ་མེད་ལ་མཚན་ཉིད
སྤངས་པ་ཡང་ཡིན་ནོ་ཞེས་པའི་དོན་ཏོ། །ཇི་སྐད་དུ་ལུང་དུ་གསུངས་པ། ཡེ་ཤེས་ངེས་པ་མེད་པ་ཡིས། །ཞིང་རྣམས་ཐམས་ཅད་གཟིགས་པར་གྱུར། །སེམས་ཅན་ཀུན་གྱི་སྤྱོད་པ་ཡང། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའོ། །ཻནྡྲ
བྷཱ?་ཏིའི་ཞབས་ཀྱིས་ཀྱང་ཡེ་ཤེས་གྲུབ་པར་ཇི་ལྟར་རབ་ཏུ་མི་གནས་པའོ། །ནམ་མཁའ་ཁྱབ་བར་མཚན་ཉིད་སྤངས། །དེ་ནི་མཆོག་གི་དེ་ཉིད་བརྗོད། །རྡོ་རྗེ་ཡེ་ཤེས་བླ་ན་མེད་ཅེས་པའོ། །གཞན་དུ་ཡང། ཇི་ལྟར་རབ་ཏུ་མི་གནས
པའི། ནམ་མཁའ་ཁྱབ་པར་མཚན་ཉིད་སྤངས། །བསྟན་དུ་མེད་ཅིང་གཟུགས་མེད་ཀྱང། །འདི་ནི་དེ་ཉིད་མཚན་ཉིད་དོ། །ཞེས་པའོ། །ཡང་ནམ་མཁའ་ལ་མཉམ་པར་གནས་པ་ནི་འདིའི་གནས་སྐབས་སོ་ཞེས་པ་ནམ་མཁའ་མཉམ་པར་གནས་པ་བདེ་བ
ཆེན་པོའི་སྐུ་སྟེ། ཁ་དོག་དང་དབྱིབས་དང་བྲལ་བའི་ཕྱིར་ནམ་མཁའ་ལྟར་སྣང་བ་ཐམས་ཅད་དང་བྲལ་བའོ་ཞེས་པའི་དོན་ནོ། །གསུངས་པ་ཡང། སངས་རྒྱས་རྣམས་ལ་སྐུ་གང་ཞིག་།སྣང་བ་མེད་ཅིང་རྟེན་མེད་པ། །མ་སྐྱེས་མ་བྱས་དག་པ་སྟེ།།
དངོས་པོ་དངོས་མེད་ལ་སོགས་སྤངས། །ཤེས་པའོ། །དཔལ་ལྡན་རྒྱུད་དུ་ཡང། །ནོར་བུ་ཤེས་བཞིན་རྒྱལ་བའི་ཡེ་ཤེས་རྡོ་རྗེ་ཞེས་པའོ། །ཙནྡྲ་གོ་མིའི་ཞབས་ཀྱིས་ཀྱང། །གང་ཞིག་རྣམ་དག་ནམ་མཁའ་བཞིན། །མི་ཤེས་མུན་པ་འཁྲིགས
པ་ཡིས། །བསྒྲིབས་པ་ཟླ་བའི་འོད་ཀྱིས་བཞིན། །དངོས་པོ་རྒྱལ་བ་རྣམས་ཀྱིས་རིག་།ཅེས་པའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཞེས་པ་རྒྱུ་དང་རྐྱེན་དག་འདྲ་བ་ལས་བྱུང་བའི་ཕྱིར་དངོས་པོ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི
ངོ་བོ་བརྟན་པ་དང་གཡོ་པ་གནས་པའི་དོན་རྣམས་ཏེ་དེ་རྣམས་ཐམས་ཅད་དང་ཁམས་གསུམ་པ་མ་ལུས་པ་ཡང་དག་པར་བསྡུས་པའི་དངོས་པོ་རྣམས་ཀྱང་ངོ། །དེ་རྣམས་ཀྱི་རང་བཞིན་དེ་སྐྱེས་པ་དང་དེ་ཉམས་པ་དག་ལས་ཡོད་པ་དང་མེད་པ་ལ་སོགས
པའི་སྤྲོས་པ་ཐམས་ཅད་སྤངས་པ་བདེ་བ་ཆེན་པོའི་རང་བཞིན་ཉིད་གཅིག་པུའི་ངོ་བོ་ཉིད་དོ། །འཕགས་པ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས་ཀྱང་གསུངས་པ། རྣམ་པར་རྟོག་པ་མེད་ཡིན་ལ། །སྒོམ་པ་པོ་མེད་བསྒོམ་བྱ་མེད། །སྔགས་མེད་ལྷ་ནི་ཡོད
མ་ཡིན། །གནས་པ་ཆད་པ་ཡོད་པ་སྟེ། །སྤྲོས་པ་མེད་པའི་རང་བཞིན་ལས། ཤེས་པ། ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་སོ་སོར་ནུབ་པ་དེ་ཉིད་ཀྱི་གཟུགས་ཀྱིས་སོ། །ཞེས་པའོ། །ཙནྡྲ་གོ་མིའི་ཞབས་ཀྱིས
?་ཆོས་ཀྱི་སྐུ་འདིའི་དེ་བཞིན་ཉིད། །རྣམ་རྟོག་རྣམས་ཀྱི་སྤྱོད་ཡུལ་མིན། །སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དོན་ཀུན་གྱི་ནི་རྗེས་སུ་འགྲོ་།ཡོད་དང་མེད་དང་མི་རྟག་ཉིད། །བརྟན་དང་སྣ་ཚོགས་ཉིད་གཅིག་ཉིད། །དག་དང་མ་དག་བྱང་ཆུབ་ཀྱང། །ཐམས་ཅད་འདིར
ནི་བརྟགས་པ་སྟེ། །ཆུ་གཏེར་ལ་ནི་རླབས་བཞིན་དང། །མེ་ལོང་ལ་ནི་གཟུགས་བརྙན་བཞིན། །དོན་ལ་རྨི་ལམ་རོ་མཉམ་བཞིན། །གང་དུ་དངོས་རྣམས་ཡང་དག་འབྱུང། །གང་ཞིག་རྣམ་དག་ནམ་མཁའ་བཞིན། །མི་ཤེས་མུན་པ་འཁྲིགས་པ་ཡིས།།
བསྒྲིབས་པ་ཟླ་བའི་འོད་ཀྱིས་བཞིན། །དངོས་པོ་རྒྱལ་བ་རྣམས་ཀྱི་རིག་།སྣ་ཚོགས་གཟུགས་ཅན་སྐུ་རྣམས་ཀྱིས། །དེ་ཉིད་འགྲོ་བའི་ངོ་བོ་ཉིད། །གང་དུ་རོ་གཅིག་ཉིད་གྱུར་བ། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན། །རྣམ་བ་དེ་ལྟའི་སྐུ་འདི་དེ། །ཆོས་སྐུ་འདི་ནི
སློབ?་པ་ཡི། །རྣམ་པ་ཐམས་ཅད་རྣམ་དག་པའི། །རྫོགས་པའི་བྱང་ཆུབ་སྤྱོད་ཡུལ་ཉིད། །ཅེས་པ་སྟེ། ཡོངས་སུ་དག་པའི་སངས་རྒྱས་རྣམས་ཀྱི་ཆོས་རྣམས་མཛའ་དག་གི་རྟེན་དང། རྒྱུའི་སྐུ་ནི་ཆོས་སྐུའོ། །དག་པ་ཞེས་པ་ཞེས་པ་ཉོན་མོངས་པའི
དྲི་མ་རྣམས་དང་མ་འདྲེས་པའོ། །ཞི་ཞིང་ཞེས་པ་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བ་སྟེ། འཕགས་པ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས་ཀྱང་གསུངས་པ། ངོ་བོ་གཟུགས་མེད་ཅེས་པ་ལ་སོགས་པ་ལ་རང་གི་ངོ་བོ་ནི་རང་རིག་པར་བྱེད་པ་དེ་བཞིན
ཉིད་ཀྱི་ཡེ་ཤེས་ཏེ། རང་གི་ངོ་བོ་བཟུང་བ་དང་འཛིན་པའི་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བ་ངེས་རྣལ་འབྱོར་པ་རྣམས་ཀྱི་ཕྱི་རོལ་གྱི་གཟུགས་མེད་མཐོང་བ་མེད། མིག་གི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་སྒྲ་མེད་ཉན་པ་མེད
རྣ་བའི་རྣམ་བར་ཤེས་པ་མེད་དོ། །དེ་བཞིན་དུ་དྲི་མེད་སྣོམ་པ་མེད་སྣའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་རོ་མེད་མྱོང་བའང་མེད་ལྕེའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རེག་བྱ་མེད་རེག་པར་བྱ་བའང་མེད
ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་ཁམས་མེད་འཛིན་པ་མེད་ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་ལྟར་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང?་བྲལ་བའི་དེ་ལོ་ན་རིན་པོ་ཆེ་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་པའོ། །རྣམ
པར་དབན་ལ་ཞེས་པ་ཤེས་བྱ་དང་སྙོམས་པར་འཇུག་པ་ལ་སོགས་པའི་སྒྲིབ་པ་ལས་ཐ་དད་པར་གྱུར་བའོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་འཚེ་པ་ཐམས་ཅད་དང་བྲལ་བ་ལས་ཤིན་ཏུ་བརྟགས་པའི་བདག་ཉིད་དང་རྒྱུ་ཡིས་ཀྱང་མཆོག་ཏུ་ཞི་བའི་རང་བཞིན་ནོ། །རྣལ
འབྱོར་རྣམས་ཀྱི་རྟོགས་བྱ་ཉིད་ཅེས་བ་རྣལ་འབྱོར་ནི་ཡན་ལག་དྲུག་གི་རྣལ་འབྱོར་ཡིན་ལ། གང་ལ་རྣལ་འབྱོར་དེ་ཕུལ་དུ་བྱད་བ་མཐར་ཐུག་པ་ཐོབ་པ་དེ་རྣམས་འདི་རྣལ་འབྱོར་པ་སྟེ་རྡོ་རྗེ་འཛིན་པ་ཆེན་པོའི་གནས་ཐོབ་པ་དེ་རྣམས་ཀྱི་རྟོགས
བྱ་ཉིད་གོ་། དེའི་ཕྱིར་རྐྱེན་གཞན་གྱིས་མི་རྟོགས་པ་འདིས་འདིའི་སོ་སོ་རང་གིས་རིག་པར་བྱ་བ་རབ་ཏུ་གསལ་བར་མཛད་དེང་ནི་གུས་པ་དང་རྒྱུན་མི་འཆད་པར་རབ་ཏུ་འཇུག་པ་དུ་བ་སོགས་པའི་ལམ་བསྒོམ་པ་ཕུལ་དུ་བྱུང་བ་མཐར་ཐུག་བས
རྟགས་པར་བྱ་བ་ཉིད་ཀྱི་ཕྱིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་དཀའ་བའོ། །ཐོས་པ་དང་བསམ་པའི་རང་བཞིན་གྱིས་ཤེས་པས་ཕུལ་དུ་བྱུང་བའི་འབད་པ་དང་ལྡན་པ་རྣམས་ཀྱིས་ཀྱང་ཡོངས་གཅོད་པར་མི་ནུས་པ་ཉིད་ཀྱི
ཕྱིར་རྣམ་པར་དཔྱད་དཀའ་བའོ། །རང་དང་གཞན་ལ་ཕན་པ་ཞེས་པ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྦངས་པའི་མཚན་ཉིད་རང་གི་དོན་ཕུན་སུམ་ཚོགས་པའི་སྦྱར་བ་ལས་མཛའ་གཅིག་ཏུ་རང་ལ་ཕན་པ་དང་བསམ
པའི་ལྟ་པ་དང་རིགས་ཇི་ལྟ་བར་ཡང་དེའི་བྱིན་རླབས་ལས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་གི་གཞན་གྱི་དོན་མ་ལུས་པ་རྫོགས་པ་གཞན་ལ་ཕན་པ་ཡང་ཞེས་པའི་དོན་ཏོ། །ཡུལ་དང་དུས་སོ་སོར་ངེས་པ་མེད་པའི་ཕྱིར་ཁྱབ་པར་བྱ་བ་གཞན་གྱི་སེམས་ལ་སོགས
དངོས་པོ་ཐམས་ཅད་ཁྱབ་པར་བྱེད་པའོ། །ཞེས་བ་ཁྱབ་པའོ། །ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པའི་རྒྱུ་དང་བྲལ་བ་ཉིད་ཀྱི་ཕྱིར་མཚན་མེད་དོ། །གཟུང་བ་དང་འཛིན་པའི་དབྱིབས་དང་རྣམ་པར་རྟོག་པ་གཉིས་གཉིས་འཁྱུད་པ་སྤངས་པའི་ཕྱིར་རྣམ་རྟོག
དང་བྲལ་བའོ། །དོན་དམ་པའི་བདེན་པ་གཅིག་བུའི་གཟུགས་ལ་གཅིག་པུ་གཉིས་མེད་བསྟེ་འདིར་གཉིས་པ་ཀུན་རྫོབ་ཀྱི་བདེན་པ་མེད་བའི་ཕྱིར་རོ་ཞེས་པ་རྣམ་རྟོག་དང་བྲལ་པ་གཅིག་བུའི་སྐུའོ། །འཕགས་པ་པདྨ་དཀར་པོའི་ཞབས་ཀྱིས་ཀྱང་གསུངས་པ། རྣམ
པ་ཐམས་ཅད་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པས་སེམས་ཅན་གྱི། །མཐོང་བ་སྤྲུལ་པའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ?་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས
འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་བའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མི་མི་དངོས་མེད་པ?་?། །རྟེན་ཕྲལ་ཆོས་སྐུའོ། །སྟོང་ཉིད་སྙིང་རྗེ་དབྱེར་མིང་ཅིང། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །ཤེས་རབ་མ་ཡིན་ཐབས
ཀྱང་མིན། །འདི་ནི་ངོ་བོ་ཉིད་སྐུ་གཞན། ཞེས་པའོ། །རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ཡང། །གཟུགས་ཀྱི་ཕུང་པོ་མཛའ་ཡས་པ། །བདག་གི་སྤྲུལ་སྐུ་མཆོག་ཡིན་ཏེ། སྒྲའི་ཕུང་པོ་མཛའ་ཡས་པ། །བདག་གི་ལོངས་སྤྱོད་རྫོགས་སྐུ་མཆོག་།ཆོས་ཀྱི
ཕུང་པོ་མཛའ་ཡས་པ། །བདག་གི་ཆོས་སྐུར་རབ་ཏུ་གྲགས། །བདེ་བའི་ཕུང་པོ་མཛའ་ཡས་པ། །བདག་གི་བདེ་སྐུ་འགྱུར་མེད་མཆོག་།བསྡུས་པ་ཕུང་པོ་དེ་བཞིན་སྐུ། །ཡང་དག་བསགས་པར་ཡོངས་སུ་གྲགས། །ཤེས་པའོ། །མངོན་པར་རྟོགས་པའི
རྒྱུན་ལ་སོགས་པ་རྣམས་སུ་ཡང་རང་བཞིན་དང་ལོངས་སྤྱོད་རྫོགས་པ་དག་ལས?་དད་པ་ཉིད་ཀྱིས་ཆོས་ཀྱི་སྐུ་རྣམ་པར་བཞག་གོ་། རང་བཞིན་བརྗོད་པར་བྱ་སྟེ་།དང་པོ་ཉེ་བར་བསྟན་པ་ཐོབ་པའི་རྗེས་སུ་མཐུན་བར་ལས་ཀྱི་ཕྱག
རྒྱའི་སྙོམས་འཇུག་གིས་རྣམ་པར་རྟོག་པ་ཆེན་པོ་ཟད་པ་ལས་འགྱུར་པའི་བདེ་བ་ཆུང་ངུའི་ཆུང་དུ་འཕེལ་ལོ། །དེ་བཞིན་དུ་སྣ་ཚོགས་ཡུམ་ལ་སོགས་པའི་ལྷ་མོ་ཡེ་ཤེས་ཕྱག་རྒྱའི་དམིགས་པ་ཡིས་རྣམ་པར་རྟོག་པ་ཆེན་པོ་ཟད་པ་ལས་འགྱུར་བའི
བ་དང་ཆུང་དུ་འབུལ?་ལོ། །དཔལ་ལྡན་རྒྱུད་དུ་ཡང་གསུངས་པ། །རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ། དེ་ནས་ཉི་མའི་གཟུགས་ནི་གདོང་དང་ལག་པ་རྐང་པ་གཙུག་ཏོར་ཡན་ལག་ཐམས
ཅད་རྫོགས་པ་སྟེ། ཞེས་པ་ལ་སོགས་པའོ། །དང་པོའི་སྒྲ་ལས་ཕྱག་རྒྱ་ཆེན་པོའི་གཟུགས་སྔ་མ་དུ་བ་ལ་སོགས་པའི་གཟུགས་ཆོས་ཀྱི་ཕྱག་རྒྱའི?་དམིགས་པ་ཡིས་ཉོན་མོངས་པ་ཆུང་དུ་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོ་འཕེལ་ལོ།།
གཟུགས་ཕྱི་མ་སྣ་ཚོགས་གཟུགས་ཤེས་བྱ་བ་ཕྱག་རྒྱ་ཆེན་མོ་གོམས་པ་ཡིས་བག་ཆགས་དང་བཅས་པའི་སྒྲིབ་པ་ཆུང་དུའི་ཆུང་དུ་ཟད་པ་ལས་མི་འགྱུར་བའི་བདེ་བ་ཆེན་པོའི་ཆེན་པོའི་འཕེལ་ལོ། །འཕེལ་བཟད་པ་སྤངས་པ་མ་ཡིན་ནམ་འགྱུར
བའི་བདེ་བ་ཇི་ལྟར་འཕེལ་བར་འགྱུར། ཞེས་གསུངས་པ། འཕེལ་བའི་འཕེལ་བར་འགྱུར་བ་མེད་ཅེས་པའོ། །རིམ་གྱིས་འབྱུང་བའི་དོན་རྣམས་གསེར་དང་ནམ་མཁའ་དག་པ་བཞིན་དུ་སྒྲིབ་པ་སྤངས་པ་པ་ནི་འཕེལ་བ་སྟེ། བརྗོད་པའི་འཕེལ་བའི་བག
ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པ་དྲི་མ་མེད་བ་ཞེས་བྱ་བ་རྫོགས་པའི་གནས་སྐབས་ཀྱི་བདག་ཉིད་འཕེལ་བར་འགྱུར་པ་དེ་ཡང་མེད་དོ། །དེ་བཞིན་དུ་རིམ་གྱིས་འབྱུང་བའི་སྒྲིབ་པ་ཉེ་བར་བསགས་པས་སླར་ཡང་ཉམས་པར
འགྱུར་རོ། །དེའི་ཕྱིར་ཉམས་པ་དེའི་ཉམས་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་ཡང་མེད་དེ་རྟག་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མོད་ཀྱི་འོན་ཀྱང་འཕེལ་བ་དང་ཟད་པ་དག་མེད་པའི་ཕྱིར་ཇི་ལྟར་ལམ་ལ་སོགས་པ་འབྲས་བུ་མེད་པར་མི་འགྱུར་ཞེ་ན།
གསུངས་པ། རང་བཞིན་མེད་པའི་ཆོས་རྣམས་ཀྱི་ཞེས་པའོ། །ཆོས་གང་ཞིག་འཕེལ་བ་ལ་སོགས་པ་རྣམས་ཀྱི་རང་བཞིན་མེད་པ་དེ་རྣམས་ནི་རང་བཞིན་མེད་པའི་ཆོས་རྣམས་ཏེ། དེ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་གང་ཡིན་པ་དེ་ཁོ་ན་མ་ཡིན་པ་སྒྱུ་མ
ལྟ་བུའོ། །ད་བཞིན་ནོའི་སྒྲ་ལས་ནུབ་པ་དང་འཆར་བ་ལ་སོགས་པའི་མཚན་ཉིད་ཀྱང་འཇིག་རྟེན་ཀུན་རྫོབ་སྒྱུ་མ་ལྟ་བུ་སྟེ་དེ་གསུངས་པ། འབྱུང་རྣམས་འཇིག་བར་མི་འགྱུར་ཏེ། རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་སྣ
ཚོགས་འདི་ནི་རང་བཞིན་མེད། །དངོས་བོ་དངོས་མེད་མཚན་ཉིད་གཅིག་།ཅེས་པ་ཀུན་རྫོབ་ཏུ་དོན་བྱ་བ་བྱེད་པའི་ཕྱིར་དངོས་པོའི་ངོ་བོ་སྟེ། དེ་ཁོ་ན་རང་བཞིན་སྟོང་པ་ཉིད་ཀྱི?་དངོས་པོ་མེད་པའི་མཚན་ཉིད་དོ། །འགྱུར་བ་དང་གཡོ་བ་ལ་སོགས
པ་བསྒོམ་པ་གསུངས་པ་རང་གི་ཤེས་རབ་ཅེས་པ་ལ་སོགས་པའོ། །གང་གི་ཚེ་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རང་གི་ཤེས་རབ་ལ་འཁྱུད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་པདྨར་སོན་པ་དེའི་ཚེ་རྡོ་རྗེ་ནོར་བུ་དེར་སོན་པའི་ཟླ་བ་ལས་ཀྱི་ཕྱག་རྒྱའི
བདེ་བ་ནི་འགྱུར་བའི་གནས་སྐབས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ནི་གཡོ་བའི་གནས་སྐབས་ཏེ་གཡོ་བ་ཞེས་པ་དངོས་པ་སྟེ་དེའི་ཆོས་ལས་འགྱུར་བ་ཡང་ཡང་དག་པར་བཟུང་བའོ། །?་བའི་གནས་སྐབས་འདི་དག་མངོན་སུམ་དུ་བྱས་པ་ནི་འདོད
པ་དང་གཟུགས་ཀྱི་ཁམས་ཀྱི་དབང་ཕྱུག་གི་མཚན་ཉིད་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །ཕྱག་རྒྱ་ཆེན་པོ་མི་གཡོ་བ་དང་མི་འགྱུར་པ་བསྒོམ་པ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའོ།།
ལུས་ངག་སེམས་ཀྱི་རྩ་རྣམས་སུ་ཞེས་བ་ལ་སོགས་པ་ལ་དབུ་མ་ཉིད་དགའ་བ་བཞི་ལ་སྲོག་རྩོལ་གྱི་སྟོབས་ཀྱི་ཁུ་བ་ཐིག་ལེས་ཁྱབ་པའི་ཆ་བཞི་ལུས་ལ་སོགས་པའི་རྩ་བཞིར་རྣམ་པར་བཞག་གོ་། དེ་ལས་དཔྲལ་བར
སྐ་བསྒོམ་པའོ། །སྙིང་ཁར་གསུང་བསྒོམ་པའོ། །གསང་བར་ཐུགས་བསྒོམ་པའོ། །སྐུ་ལ་སོགས་པའི་ཐིག་ལེ་རྣམས་ལེགས་པར་བསྡུས་པ་གཅིག་པ་ཉིད་ཀྱང་རྡོ་རྗེ་ནོར་བུར་ཡེ་ཤེས་པ་བསྒོམ་པ་སྟེ་ཚིགས་སུ་བཅད་པ་གཉིས་ཀྱིས་ཏིང་ངེ
འཛིན་གྱི་ཡན་ལག་མདོར་བསྟན་པའོ། །ཐིག་ལེ་བཞི་པོ་རྣམས་ཀྱི་བཅིང་བ་གསུངས་པ་ཤེས་རབ་ཆེས་བག་སོགས་པའོ། །ཤེས་རབ་ཆགས་པས་ཞུ་བའི་ནི་གཏུམ་མོ་འབར་བས་ཞུ་བའི་ཐིག་ལེ་རྣམས་བརྗོད་པའི་རིམ་པས
མགོ་བོ?་དཔྲལ་པའི་པདྨ་ལས་རྫོགས་པའི་གནས་ནོར་བུའི་པདྨ་སྟེ་དེར་ཞུགས་པ་ནོར་བུའི་པདྨར་སོན་པ་རྣམས་འཆིང་བ་དམ་པའི་དོན་གྱིས་སོ། །ཞེས་པ་སྲོག་བཅིངས་པ་མི་འགྱུར་བའི་བདེ་བས་དེ་ཁོ་ན་བསྒོམ་པར་བྱའོ་ཞེས་པ་ཇི་སྲིད་པར་རོ། །བརྗོད
པའི་རིམ་པས་མི་འགྱུར་བའི་བདེ་བ་འཕེལ་བ་དང་ཟད་པ་ལ་སོགས་པ་དེ་ཁོ་ན་མ་ཡིན་བར་རྟོགས་པ་དེ་ཉིད་འཇིག་རྟེན་པའི་དབེས་སྟོན་པ། ཇི་ལྟར་ཟླ་ཤར་ཞེས་པ་ལ་སོགས་པའོ། །ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར།
འཇིག་རྟེན་པའི་ཟླ་བ་རྫོགས་པ་ནི་གྲིབ་མ་ཉམས་པ་ཉིད་འབའ་ཞིག་རྫོགས་པ་སྟེ། དེ་ཆད་པ་འམ་རྫོགས་པ་ནི་མ་ཡིན་ནོ། །དེ་ནི་རྟག་ཏུ་རྫོགས་པའི་ཡིན་ཡང་མུན་པས་བཀབ་པ་དང་མ་བཀབ་པ་དག་ལས་ཉམས་པ་དང་རྫོགས་པའི་ཐ་སྙད
བྱེད་དོ། །དེ་བཞིན་དུ་མི་འགྱུར་བའི་ཡེ་ཤེས་ཀྱང་རྡོ་རྗེ་ནོར་བུར་ཤར་བ་རིམ་པས་རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་འཆད་པར་འགྱུར་པའི་ས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ཀྱི་སྟེང་དུ་གཙུག་ཏོར་གྱི་འཁོར་ལོ་རྫོགས་པར་འགྱུར་རོ། །ཉོན
མོངས་པ་ལ་སོགས་ཤེས་པ་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་པར་འཇུག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཉམས་པ་སྤངས་པ་ཉིད་རྫོགས་པའི་སྒྲ་ཡིས་བསྟན་པ་ཡིན་གྱི་ཡེ་ཤེས་ཆད་པ་ལ་མ་ཡིན་ལ། དེ་རྫོགས་པ་ཡང་མ་ཡིན་ནོ། །དེ་ལུང་དུ་གསུངས
པ། སངས་རྒྱས་རྣམས་ཀྱི་རྟག་ཏུ་ཤར། །མ་རིག་གདུག་སེམས་ཅན་གྱི་མིན། །ཞེས་པའོ། །སར་ཧའི་ཞབས་ཀྱིས་ཀྱང། བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །གང་ཞིག་དུས་སུ་ངེས་པར་གསུངས་པ་ན། ཐམས་ཅད་མཁྱེན་པའང་ཚིག་གིས་དབུལ
འགྱུར་བ། །བདེ་བའི་རྒྱལ་པོ་གཅིག་པུ་རྒྱལ་གྱུར་ཅིག་།ཅེས་པའོ། །རྫོགས་པའི་དཔེ་གསུངས་ནས་ཆད་པའི་དཔེ་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །ཇི་ལྟར་ས་བོན་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱིས་དབུས་སུ་སོན་པ་མཚན་མར་གྱུར
པའི་རི་བོང་རིམ་པར་འཕེལ་བས་རྫོགས་བར་རི་བོང་ཅན་མི་གནས་རྫོགས་པ་མི་རྟག་གོ་། ཞེས་པའི་དོན་ཏོ། །དེ་བཞིན་དུ་འཁོར་བའི་བག་ཆགས་འགྱུར་བའི་བདེ་བའི་མཚན་ཉིད་རིམ་པར་འཕེལ་བས་སེམས་ཀྱང་འགྱུར་མེད་བདེ་བར་མི་གནས
ཏེ་ཆགས་པ་དང་བྲལ་སྐྱེ་པ་དང་འགག་པ་ལ་སོགས་པ་མེད་པའི་ཕྱིར་གཉིས་མེད་པ་ནི་འགྱུར་མེད་བདེ་བའོ། །ཕྱི་ནང་སྦྱར་བའི་ཟོལ་གྱིས་དཔེ་བསྟན་པ་གསུངས་པ། སྐྱེད་དང་ཞེས་པ་ལ་སོགས་པའོ། །ཇི་ལྟར་ཟླ་བའི་ཆོས་གཅིག་ལ་སོགས་པའི་ཆ་རྣམས
རིམ་པས་སྐྱེད་པ་དཀར་པོའི་ཕྱོགས་དང་ཆ་རྣམས་རིམ་པས་ཉམས་པ་ནག་པོའི་ཕྱོགས་ཏེ་དེ་དག་རབ་ཏུ་གནས་པ་ནི་འཇིག་རྟེན་པས་རྟོགས་པར་བྱ་བའོ། །དེ་དག་གི་དབུས་སུ་སོན་པ་ཆ་བཅུ་དྲུག་པ་ནི་སྐད་ཅིག་གཅིག་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ
ཁུ་བའི་ཐིག་ལེ་ཡེའོ། །གང་གི་ཚེ་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་ནོར་བུར་རྫོགས་པ་ལ་ནི་སྐད་ཅིག་གཅིག་མི་འགྱུར་བར་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ། དེ་གཡོ་བར་མི་འགྱུར་བ་དེའི་ཚེ་སེམས་ཀྱི་རྡོ་རྗེ་རྡོ་རྗེ་ནོར་བུར་མི
གཡོ་བས་དེ་ནི་སྐད་ཅིག་ཐམས་ཅད་རྫོགས་ཤེས་པ་འབྱུང་བ་དང་འཇུག་པ་ཉི་ཁྲི་བརྒྱད་གཉིས་བརྒྱའི་སྐད་ཅིག་རྣམས་ཀྱིས་རྫོགས་པ་རྣམ་པར་མཆད་པར་འབབ་པའོ། །དོན་དམ་པའི་བསྟན་པར་ཡང་གསུངས་པ། ཉིན་མཚན་བསམ
གཏན་དབང་གིས་རིམ་པ་ཡིས། །གང་ཚེ་སེམས་ནི་དབུ་མའི་རྩང་གནས་པ། །ཤིན་ཏུ་རྣམ་དག་གཉིས་མེད་མཛའ་ཡས་སྐུ། །རྡོ་རྗེ་རྩེ་གཅིག་པ་དེ་ལ་ཕྱག་འཚལ། ཞེས་པའོ། །དེ་བཞིན་དུ་སེམས་ཀྱི་རྡོ་རྗེ་འདི་དཀར་པོའི་ཕྱོགས་ཆགས་པ་ལ་མི
གནས་ཤིང་དཀར་མིན་ཕྱོགས་ཆགས་བྲལ་ལ་ཡང་མི་འགྲོ་སྟེ་ཆགས་པ་དང་ཆགས་པ་དང་བྲལ་བའི་མཛའ་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕྱོགས་གཉིས་པོའི་དབུས་གནས་པ། །རྫོགས་པ་ལ་གནས་གཉིས་སུ་མེད་ནི་རབ་ཏུ་གནས་པ་མ
ཡིན་པའོ། །དེ་མཚན་ཡང་དག་པར་བརྗོད་པར་གསུངས་པ་སྐད་ཅིག་གཅིག་མངོན་རྫོགས་སངས་རྒྱས། །སྐད་ཅིག་ཐམས་ཅད་རྣམ་སྒོམ་པ། །ཆ་མེད་ཆ་ལས་འདབ་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང། །ཞེས་པའོ། །ཀྱེའི་རྡོ་རྗེར
ཡང། དེ་ལ་ཐོག་མ་དབུས་མཛའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པའོ། །ཞེས་པའོ། །འཁོར་བ་པའི་རིམ་པ་གསུངས་པ། དེའི་ཞེས་པ་ས་བོན་དུ་གྱུར་པའི་ཐིག་ལེའི་ཆ་བཅུ་དྲུག་པོ་རྣམས
རྫོགས་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ནོར་བུར་རྫོགས་པ་སྟེ། འོན་ཀྱང་ཐབས་མེད་པས་དེ་ཆགས་བྲལ་ལས་ཏེ་ཆགས་པ་ཉམས་པའི་སྦྱོར་བ་ལས་ཆ་ཉམས་པ་ཆ་བཅོ་ལྔ་པོ་རྣམས་ཉམས་པའོ། །རྡོ་རྗེ་ནས་བརྩམས་ཏེ་ཉམས་པ་ལ་ཉི་མ་རྡུལ་གྱི་གཟུགས་ཀྱིས་གཙུག
ཏོར་དུ་རབ་ཏུ་རྫོགས་པ་ཉིད་དོ། །སླར་ཡང་སྟེ་ཡང་དང་ཡང་དུ་ལས་ཀྱི་ཕྱག་རྒྱལ་སོགས་པའི་རྣལ་འབྱོར་གྱིས་གཙུག་ཏོར་དུ་ཤར་བ། སླར་ཡང་རྡོ་རྗེ་ནོར་བུ་རྫོགས། །དེ་ཆགས་བྲལ་ལས་ཆགས་ཉམས་པ། །ལུས་ཅན་ཡེ་ཤེས་ཉམས་པ
མིན། ཡེ་ཤེས་ནི་ཆ་བཅུ་དྲུག་པ་སྟེ་དེ་ཉམས་པ་མ་ཡིན་ནོ། །དེ་གསུངས་པ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་པ་སྟེ། ཅི་སྟེ་ཡང་ཡེ་ཤེས་ཉམས་པས་འཆི་བ་ཉིད་དུ་འགྱུར་རོ། །རྫོགས་པའི་སྒྲའི་དོན་གསུངས་པ། འདིའི
བདེ་བ་ཆེ་བ་ཞེས་པ་ལ་སོགས་པའོ། །འདིའི་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ཆེ་རང་བཞིན་གང་ཡིན་པ་དེ་ཉིད་རྫོགས་པ་ཞེས་བརྗོད་དེ། འདི་ཉིད་རྣལ་འབྱོར་པ་རྣམས་ཀྱིས་བྱ་བའོ། །བདེ་བ་ཆེན་པོ་མ་རྟན་པའི་རྒྱུ་རྣམ་པར་སྤངས་པ་དངོས་པོ་བར་མ
གཞན་ནི་ལུས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་དེའི་སྐྱེ་བ་དང་འཇིག་པའི་མཚན་ཉིད་འབྱུང་དང་བསྡུད་པའི་རྒྱུ་ཡིན་ནོ། །རྫོགས་པ་ལ་བརྟེན་པར་བྱས་པ་མ་ཡིན་པའི་བདེ་བ་ཐིག་ལེ་འདི་ནི་ཡང་དང་ཡང་དུ་སྐྱེ་ལ་དང་འཇིག་པར་འགྱུར་རོ། །འདིར་དཔེ་གསུངས
པ་རང་ཕྱོགས་དག་ལས་ཤེས་པ་ལ་སོགས་པའོ། །ཇི་ལྟར་དཀར་པོ་དང་ནག་པོའི་ཕྱོགས་དག་ལས་ཟླ་བ་བྱང་དང་ལྷོར་བགྲོད་པ་དག་ལས་ཉི་མ་བཞིན་ཏེ་ཉིན་མོ་འཕེལ་བ་དང་ཟད་པ་མཐོང་བའི་ཕྱིར་རོ། །བསྒོམས་པའི་སྟོབས་ཀྱིས་རྫོགས་པར་བརྟན
པའི་བདེ་བ་ཆེན་པོ་འདི་ནི་རིམ་པར་གཙུག་ཏོར་དུས་བཅུ་གཉིས་པོ་རྣམས་ཀྱིས་ཡོངས་སུ་རྫོགས་པ་ཉིད་དོ། །གསང་བ་ལ་སོགས་པ་གཙུག་ཏོར་གྱི་མཐར་ཐུག་པ་འཁོར་ལོ་སོ་སོར་དབུགས་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་འགོག་པ་མི་འགྱུར་པའི་སྐད་ཅིག
རྣམས་ཀྱིས་ས་གཉིས་ཐོབ་བོ། །གང་གི་ཚེ་མི་འགྱུར་པ་དེ་འཆར་བ་དང་ཟད་པ་ཆགས་པ་དང་ཆགས་བྲལ་གྱི་ཕྱོགས་གཉིས་གནོན་པའི་ཕྱིར་ཕྱོགས་གཉིས་སྤངས་པ་དེའི་ཚེ་ས་རྣམས་ཀྱིས་ནི་ཡོངས་སུ་རྫོགས། །བདེན་དོན་རྣམ་པ་བཅུ་གཉིས་པ།
རྣམ་པ་བཅུ་དྲུག་ཅེས་པའོ། །དེ་རྒྱས་པར་བཤད་པ་རྣམ་པ་བཅུ་གཉིས་ས་རྣམས་ཀྱིས་ཤེས་པ་ལ་སོགས་པའོ། །རྣམ་པ་བཅུ་གཉིས་ས་རྣམས་ཀྱིས་ནི་ས་ཀུན་ཏུ་འོད་དང། བདུད་རྩིའི་འོད་དང་།ནམ་མཁའ་འོད་དང། རྡོ་རྗེ་འོད་དང། རིན་ཆེན་འོད་དང།
པདྨ་འོད་དང། སངས་རྒྱས་ཕྲིན་ལས་བྱེད་པ་དང། དཔེ་མེད་པ་དང། དཔེ་ལྡན་དང། ཤེས་རབ་འོད་དང། ཐམས་ཅད་མཁྱེན་པ་ཉིད་དང། སོ་སོའི་བདག་ཉིད་རིག་པ་ཞེས་བྱ་བ་རྣམས་ཀྱིས་ཏེ་ལུག་དང་གླང་ལ་སོགས་པའི
འཕོ་བ་བཅུ་གཉིས་འགགས་པ་ལས་ས་བཅུ་གཉིས་ཐོབ་པའི་ཕྱིར་རོ། །གཉིས་སུ་མེད་པ་མཆོག་ནི་ཤེས་རབ་དང་ཐབས་ཀྱི་མཚན་ཉིད་མེད་བའི་ཕྱིར་ཏེ། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཞེས་དཔལ་ལྡན་རྒྱུད་དུ
མངོན་པར་བརྗོད་པའི་ཕྱིར་རོ། །རྣམ་པ་བཅུ་དྲུག་མི་འགྱུར་བ་ནི་འཁོར་བ་བའི་ཆ་བཅུ་དྲུག་ཟད་པའི་ཕྱིར་རོ། །ཆ་ཤེས་རྣམས་ཀྱིས་ཀུན་ནས་རྫོགས་པའི་སེམས་འདི་ནི་དོན་གཅིག་ལ་སོགས་པ་ཇི་ལྟར་མཐོང་བའི་བདག་ཉིད་དེ་གཉིས་སུ་མེད་པ
ཆོས་གང་ཡིན་པ་དེ་དོན་གཅིག་སྟེ་ཕྱོགས་གཉི་ག་མེད་བའི་ཕྱིར་རོ། །ཆགས་བྲལ་དང་པོ་ཆགས་པ་ཆེ་ཞེས་པ་དབང་གི་སྐད་ཅིག་བཞི་པ་སྟེ། དེ་མཚན་ཡང་དག་པར་རྗོད་པར་ཡང་གསུངས་པ། ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག
སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་གྲུང་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་བའི་ཆོས་འཛིན་པ། ཞེས་བའོ། །དེ་ཡང་ཆགས་པ་དང་ཆགས་པ་དང་བྲལ་བའི་ཕྱོགས་གཉིས་ཀྱི། བག་ཆགས་རྣམས་ཀྱིས་མ་འཁྱུད་པ། མི་འགྱུར
དིར་རབ་ཏུ་ཞུགས་པའི་དངོས་པོའི་ཚོགས་མི་འགྱུར་བ་ཉིད་དོ་ཞེས་པ་སྟེ། མི་འགྱུར་བའི་རིག་པ་འཛིན་པའི་སྟོན་པ་བདེ་བའི་རང་བཞིན་རྣམ་པ་ཐམས་ཅད་ལ་དངོས་པོ་ཐམས་ཅད་རབ་ཏུ་གསལ་པ་ཞེས་པའི་དོན་ཏོ། །ཇི་ལྟར་ཞེས་པ་དཔེ་ནི
གསལ་ལོ། །དཔེ་གཞན་པའི་དོན་ཡང་ཇི་ལྟར་ལྟར་ཚེར་ལ་སོགས་པའི་ཁམས་ཀྱི་ཆོགས་རོས?་ཟོས་པ་ལམ་རེ་ཉིད་དུ་འགྱུར་རོ། །གསེར་ལ་སོགས་པའི་ས་བོན་ཞུ་བ་རྣམས་ཀྱིས་ཀྱང་ས་བོན་ཉིད་དེ། །ལྕགས་བརྒྱད་འབུགས་པའི་མཚན
ཉིད་འབྲས་བུའི་དུས་སུ་བཞུ་བས་བྱི་བ་ལ་སོགས་པ་ལྷག་པར་འབུགས་པ་ཉིད་ཀྱིས་ང་རྒྱལ་སླངས་པའོ། །དེ་ལྟར་ཞེས་པ་དཔེ་ཅན་ཏེ་དེ་ལྟར་བརྟན་པ་དང་གཡོ་བའི་བདག་ཉིད་དངོས་པོའི་ཚོགས་པ་ཡང། །མཆོག་ཏུ་མི་འགྱུར་ཟོས་པ་ཡིས། །མཆོག་ཏུ་མི
འགྱུར་བ་ཉིད་རང་བཞིན་གྱི་འོད་བསལ?་བན་?་འདྲི་མ་?་བདེ་བ་ཆེན་པོ་དང་རོ་གཅིག་པར་འགྱུར་རོ། །དེ་ལས་ཀྱང་རྣམ་པ་ཐམས་ཅད་རང་བཞིན་འཛིན་པར་འགྱུར་ཏེ་དངོས་པོ་ཐམས་ཅད་རབ་ཏུ་གསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དུག་གི་དཔེས་རྣམ་པར་མི་རྟོག་པའི
བདེ་བ་ཆེན་པོ་ཁྱབ་བ་ཉིད་དུ་གསུངས་བ་མཆི་བའི་ཞེས་པ་ལ་སོགས་པའོ། །རྫོགས་པའི་གནས་སྐབས་སུ་མཆེ་བའི་དུག་ཁྱབ་པ་ཉིད་དུ་གྱུར་པ་ན་ཚོར་བསྡུག་བསྔལ་རྨའི་གནས་སུ་རིག་པ་མིན་ཞིང་ལུས་ཀྱི་གནས་འགའ་ཞིག་ཏུ་ཡང་མིན་ལ་གཟུགས་ལ་སོགས
བའི་ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས་རིག་པ་མང?་མ་ཡིན་ནོ། །དེ་བཞིན་དུ་སེམས་རྫོགས་ཆར་གྱུར་ན་སྟེ་ཁྱབ་པ་ཉིད་དུ་གྱུར་བ་ན་རྣལ་འབྱོར་བའི་དམ་པའི་བདེ་བ་རྡོ་རྗེ་ནོར་བུར་རིག་པ་མིན་ཞིང་གཞན་དུ་ཡང་མིན་ལ་ཡུལ་རྣམས་དབང་པོའི་སྒོ་རྣམས་ཀྱིས་རིག
པ་ཡང་མ་ཡིན་ནོ་ཞེས་པ་སྟེ་ཕྱོགས་གཅིག་ན་གནས་པ་ཡང་བ་སྤུའི་ཁུང་བུ་དང་ཚིགས་ཀྱིས་མཐར་ཐུག་པ་རིམ་པས་འགྲོའོ་ཞེས་པའོ། །གྲུབ་བའི་རེ?་དང་ལྕགས་ཀྱི་དཔེས་གསུངས་པ་ཕྱོགས་གཅིག་རྡོ་རྗེ་ནོར་བུར་བརྟན་པར་བྱ་བའི་བདེ་བ་བྱེད་པ་པོ་ལས་ཀྱི་ཕྱག
རྒྱ་ལ་སོགས་པའི་རྣལ་འབྱོར་གྱིས་སྦར་བའི་གཏུམ་མོ་འབར་པས་སེམས་ལ་?་ན་ལུས་ཀུན་ན་འབུགས་པར་བྱེད་དེ་དེའི་རང་བཞིན་ཉིད་ཀྱིས་རྫོགས་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་གསལ་ལོ། །འདོད
ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་བག་ཆགས་ནི་ཇི་ལྟར་ཞེས་པ་སྟེ། གང་ནོར་བུ་རིན་པོ་ཆེ་འགའ་ཞིག་ཡོད་ན་རེག་པ་ལས་རྡོ་རྗེ་ནི་རབ་ཏུ་འབར་བ་ཉིད་འོད་གསལ་བའི་རིན་པོ་ཆེ་ཉིད་དུ་འགྱུར་རོ། །དཔེ་ཅན་ནི་གསལ་ཏེ་ནི་ཞེས་པ་ངེས་པའོ།།
ཇི་ལྟར་ཁུ་བའི་ཁམས་བྱིས་པའི་སྐྱེ་བོ་དང་མཐུན་མོང་བ་ཡང་སངས་རྒྱས་ཉིད་དུ་སྒྲུབ་པར་བྱེད་ཅེས་པའི་དོགས་པ་བསལ་བའི་དོན་དུ་གསུངས་པ་འདིར་ནི་ཞེས་པ་ལ་སོགས་པའོ། །ཅི་ཞིག་སླར་ཡང་དོན་དམ་པས་ཏེ་དོན་དམ
པའི་བདེན་པས། །བློ་བུར་དྲི་མས་གཡོགས་པ་ཡིས། །སེམས་ནི་རབ་ཏུ་འབུགས་བྱེད་པ། །ཡེ་ཤེས་མཐུ་ནི་མཐུ་སྟེ་བརྟག་བྱ་མིན་ཞེས་པ་རྣམ་པར་དཔྱད་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཉོན་མོངས་པ་ལ་སོགས་པ་རྣམས་ཀྱི་དེ་ཁོ་ན་ཉིད
སེམས་ལ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་འགོག་པར་བྱེད་དོ། །རེ་ཤིག་སེམས་ལ་རྣམ་པར་ཐོ་འཚམས་པའི་ཉོན་མོངས་པ་ལ་སོགས་པ་དེ་རྣམས་བློ་བུར་བ་མ་ཡིན་ཏེ་འདོད་ཆགས་དང་བྲལ་བ་ཡང
འདོད་ཆགས་དང་དུ་ཐལ་བའི་ཕྱིར་རོ། །སེམས་ལས་སྔར་བྱུང་བ་ཅན་ཡང་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ། །རྒྱུ་མེད་པ་ཅན་ཡང་མ་ཡིན་ཏེ། ནམ་མཁའ་ཨི་མེ་ཏོག་བཞིན་བྱེད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཉོན་མོངས་པ་རྣམས་རང་གཞིན་དུ
གྱུར་པ་ཡང་མ་ཡིན་ཏེ། རྣམ་པར་ཉམས་བར་ཐལ་བའི་ཕྱིར་རམ། སྤངས་པ་ན་མར་མེ་བཞིན་མྱ་ངན་འདས་པར་ཐལ་བའི་ཕྱིར་རོ། །དེ་ལ་ཟངས་ཀྱི་དཔེས་རྟོགས་པར་བྱེད་པ་གལ་ཏེ་ཟངས་ལ་དྲི་མ་འདི་གློ་བུར་དུ་བྱུང་བ་ཡིན་པ་དེའི་ཚེ་སྔོན་དུ་ཟངས་དྲི
མ་བྲལ་བར་འགྱུར་རོ། །གང་གི་ཚེ་དྲི་མ་དུས་རིང་པོ་ཅན་དང་ཕྱི་ནས་ཟངས་བྱུང་བ་དེའི་ཚེ་དྲི་མ་དེ་ཅི་ལས་?་གང་ལས་སྐྱེས་པར་འགྱུར་རོ། །ཅི་སྟེ་ཟངས་མེད་པར་སྐྱེ་བ་དེའི་ཚེ་ནམ་མཁའ་ཨི་མེ་ཏོག་ཀྱང་སྐྱེ་བར་འགྱུར་རོ། །འོད་དེ་ཟངས་ལ་ནི་མི་ཟད་པ
ཉིད་ཀྱིས་ཡང་དག་པར་གནས་པ་དེའི་ཚེ་གྲུབ་པའི་རོ་ཡིས་ཀྱང་གསལ་པར་མི་ནུས་པར་འགྱུར་རོ། །དེའི་ཕྱིར་འདི་ཐམས་ཅད་རིགས་པས་ཡང་དག་པར་གནས་པ་མ་ཡིན་ནོ། །དེའི་ཕྱིར་འདིར་དཔོན་པའི་དོན་ཡིན་ཏེ་དྲི་མ་ཟངས་དང་ལྷན་ཅིག
སྐྱེས་པ་འདི་ཡང་རོའི་སྦྱོར་བ་ལས་ཉམས་པར་འགྱུར་གྱི། སྔར་མ་ཡིན་ཞིང་ཕྱིས་མ་ཡིན་ལ་དེ་དང་བྲལ་བ་མ་ཡིན་ནོ་ཞེས་པ་སྟེ་ཡོད་ཉིད་དྲི་མེད་ཉིད་ཀྱིས་ཏེ་གསེར་ཉིད་ཀྱི་གནས་སོ། །དེ་བཞིན་དུ་སེམས་ཀྱི་ཡང་སྟོན་པར་བྱེད་པ་དེ་བཞིན་ཞེས་པ་ལ་སོགས་པའོ།
སྟོང་ཉིད་ནི་དུ་བ་ལ་སོགས་པའི་ལམ་སྟེ་ཡེ་ཤེས་ཉིད་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་ཆོས་དབྱིངས་ལ་བསྟོད་པར་གསུངས་པ། དྲི་མེད་ཟླ་བ་ཉི་མ་དག་།སྤྲིན་དང་ཁུག་རྣ་དུ་བ་དང། །སྒྲ་གཅན་གདོང
དང་རྡུལ་རྣམས་ཀྱི། །དྲི་མ་ལྔ་ཡིས་ཀུན་ནས་བསྒྲིབས། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང། །རྒོད་པ་དང་ནི་ཐེ་ཙོམ་གྱིས། །དྲི་མ་ལྔ་ཡིས་ཀུན་ནས་བསྒྲིབས། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི
མས་དྲི་མ་ཅན། །མེ་ནང་བཅུག་ན་དྲི་མ་འཚིག། གོས་ཉིད་མིན་པ་ཇི་ལྟ་བ། །དེ་བཞིན་འོད་གསལ་བ་ཡི་སེམས། །ཆགས་སྐྱེས་དྲི་མས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག་།དེ་ཡི་འོད་གསལ་བསྲེག་མ་ཡིན། །སྟོང་ཉིད་སྟོན་པར་བྱེད་པའི་མདོ
རྒྱལ་བས་གསུངས་པ་གང་ཅི་འང?་རུང། །དེ་རྣམས་ཀུན་གྱིས་ཉོན་མོངས་ལྡོག། ཁམས་ཉིད་ཉམས་པར་བྱེད་པ་མིན། །ས་ཡ་ནང་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང། །དེ་བཞིན་དྲི་མ་མེད་པར་གནས། །
ཤེས་པའོ། །འཕགས་པ་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། །མུན་པ་བྲལ་བའི་སྐད་ཅིག་ལས། །འོད་གསལ་བློ་གྲོས་ཤིན་ཏུ་དང། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །
ཡེ་ཤེས་མིག་གིས་མཐོང་བར་འགྱུར། །ཞེས་པའོ། །ཇི་ལྟར་བཅུད་ཀྱིས་ཤེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གྲོལ་བའི་སླར་ཡང་འགྲོ་བ་མེད་པར་གསུངས་སོ། །ཆགས་བྲལ་ལས་གཞན་སྡིག་པ་མེད་ཅེས་པ་ལ་སོགས་པ་ལ། །འདོད་ཆགས
ཉམས་ལས་སྡིག་སྟེ་གང་ཕྱིར་ཤིན་ཏུ་སྡུག་མ་ལ་ནི་ཞེ་སྡང་སྐྱེ། །སྡང་བས་གཏི་མུག་འདི་ལས་རང་གི་རྡོ་རྗེ་ལྟུང་ལས་སེམས་ནི་རྟག་རྨོངས་ཏེ། །མཆོག་མིན་མ་ལུས་བཟའ་དང་བཏུང་བ་ལ་སོགས་ཡུལ་གཞན་དག?
རབ་ཏུ་འཇུག་། དེ་ཡིS་སེམས་ལ་ཅོ་དྲིས་བདེ་བ་ཉམས་ཤིང་སྐྱེ་བ་དྲུག་ཏུ་འཁོར་བར་འགྱུར། །འདོད་ཆགས་ཉམས་ལས་སྡིག་སྟེ་ནི། །སྙིང་རྗེ་ཟད་པའི་བདག་ཉིད་ལས་སོ། །འདི་ཉིད་ཅིའི་ཕྱིར་ཞེ་ན་གང་ཕྱིར་ཏེ་གང་གི་ཕྱིར་ཤིན་ཏུ་སྡུག་མ་ལ་ནི་འདོད
མ་ལ་ཞེ་སྡང་མཛའ་བ་ཉམས་པ་བྱམས་པ་ཟད་པའི་བདག་ཉིད་སྐྱེའོ་ཞེས་སོ་སོར་མངོན་པར་སྦྲེལ་བར་བྱའོ། །སྡང་ལས་གཏི་མུག་ནི་ཡང་དག་པར་དགའ་བ་ཉམས་པ་དགའ་བ་ཟད་པའི་བདག་ཉིད་དོ། །རྨོངས་པ་ནི་བདེ་བ་ཉམས་པའི་མཚན་ཉིད་བཏང
སྙོམས་ཟད་པའི་བདག་ཉིད་དོ། །ཞེས་པ་སྟེ་ཚངས་པའི་གནས་བཞི་མེད་པའི་ཕྱིར་རོ། །སྡིག་པ་ཉིད་གང་ལས་བསོད་ནམས་ཡིན། །འདོད་ཆགས་འཕེལ་བའི་མཚན་ཉིད་སྙིང་རྗེ། ཞེ་སྡང་ཉམས་པའི་བདག་ཉིད་བྱམས་པ། གཏི་མུག་ཟད་པའི་བདག
ཉིད་དགའ་བ། །མི་འགྱུར་བའི་བདེ་བའི་བདག་ཉིད་བཏང་སྙོམས་ཤེས་པ་མ་ཡིན་ནམ། ཅི་འདི་ཡང་ཡོད་ཅེ་ན། ཡོད་དེ་ཅི་ལྟར་སངས་རྒྱས་ཐོད་པར་བལྟ་བ་ལྡན་པ་སྙིང་རྗེར་འགྱུར། །ཀུན་ནས་འཁྱུད་པ་བྱམས་པ་སྟེ། །དྲུག་པའི་སྦྱོར་བའི
བདག་ཉིད་ནི། །དགའ་བའོ་བུད་མེད་མཆོག་དེ་བཞིན། །གཉིས་འདུས་པ་ན་འགྱུར་བ་གང། །དེ་ན་བདག་གིས་བཏང་སྙོམས་བརྗོད། །དེ་ལྟར་དངོས་པོའི་སྦྱོར་ལྡན་པ། །ཅི་ལྟར་འདོད་ཆགས་ཀྱིས་འཆིང་འགྱུར། །ཞེས་པའོ། །གནས་པར
བྱ་ཞེས་པ་ལམ་བསྒོམས་པས་སོ། །མི་འགྱུར་བའི་བདེ་བ་ཚིག་གི་ལམ་ལས་འདས་པ་ཉིད་གསུངས་པ་གཞོན་ནུ་མའི་ཞེས་པ་ལ་སོགས་པའོ། །ལང་ཚོའི་དགའ་བ་ཐོབ་པ་ན་རང་ཉིད་ཁོ་ནས་རིག་གོ་།ཏིང་ངེ་འཛིན་དང་བྲལ་པ་ནི་སྟོང་པ་ཉིད་ཀྱི་ཏིང
དེ་?་དང་བྲལ?་བའོ། །ཡིད་བདེ་མིན། །ཆགས་བྲལ་ཞེས་པ་བདེ་བ་མ་ཡིན་པ་ལས་ཁམས་ཆགས་པ་དང་བྲལ་བར་མི་བྱའོ། །འཕོ་བ་ཉིད་གཞན་དང་གཞན་དུ་འཁོར་བའི་རྒྱུའོ་ཞེས་སྟོན་པས་འཕོས་པ་ལ་སོགས་པའོ། །དེ་ལྟར་ཞེས་པ་བརྗོད་པའི་རིམ་པས་སེམས
ཅན་གྱི་སྲིད་པ། ཆགS་བྲལ་ལས་འགྱུར་གཞན་དུ་མིན་ཞེས་པ་གལ་ཏེ་དེ་རྣམས་ཀྱི་འཕོ་བའི་རྒྱུ་ཅན་འདོད་ཆགས་དང་བྲལ་བར་འབྱུང་བར་མི་འགྱུར་བ་དེའི་ཚེ་རྣམ་པ་གཞན་གྱིས་དེ་རྣམས་ཀྱི་འཁོར་བ་འབྱུང་བ་མ་ཡིན་ནོ། །དེའི་ཕྱིར་འཕོ་བ་ཉིད་རྒྱུའོ་ཞེས་པའི་དོན
ཏོ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་འཕོ་བའི་ཆགས་པ་རྣམ་པར་སྤང་ཞེས་པའོ། །ཇི་ལྟར་འབུམ་ཕྲག་ལྔ་བའི་མངོན་པར་བརྗོད་པར་གསུངས་པ། །འགྱུར་བའི་མ་རིག་འགགས་པ་ཡིས། །འདུ་བྱེད་ངེས་པར་འགག་པར་བྱེད། །འདུ་བྱེད་ངེས་པར
འགགས་པ་ཡིས། །རྣམ་པར་ཤེས་པ་འགག་པར་བྱེད། རྣམ་པར་ཤེས་པ་འགགས་པ་ཡིས། །མིང་དང་གཟུགས་རྣམས་འགག་པར་བྱེད། །མིང་དང་གཟུགས་རྣམས་འགགས་པ་ཡིས། །སྐྱེ་མཆེད་དྲུག་རྣམས་འགག་པར་བྱེད། སྐྱེ་མཆེད་དྲུག
རྣམས་འགགས་པ་ཡིས། །རེག་པ་ཡང་ནི་འགག་པར་བྱེད། །རེག་པ་འགགས་པ་ཡིས་ཀྱང་ནི། །ཚོར་བ་ངེས་པར་འགག་པར་བྱེད། ཚོར་བ་ངེས་པར་འགགས་པ་ཡིས། །སྲེད་པ་ཡང་ནི་འགག་པར་བྱེད། །སྲེད་པ་ཡང་ནི་འགགས་པ་ཡིས། །
ཉི་བར་ལེན་པ་འགག་པར་བྱེད། །ཉེ་བར་ལེན་པ་འགགས་པ་ཡིས། །སྲིད་པ་ཡང་ནི་འགག་པར་བྱེད། །སྲིད་པ་འགགས་བ་ཡིས་ཀྱང་ནི། སྐྱེ་བའང?་ངེས་པར་འགག་པར་བྱེད། །སྐྱེ་བ་འགགས་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་འགག
པར་བྱེད། །ཕུང་པོའི་ཁམས་རྣམས་ངེས་འགགས་པ། །དེ་ཉིད་ཉེ་བར་ཞི་བར་བརྗོད། །དེ་ལྟར་ལུས་ནི་འགགས་པ་ཡིས། །སྲོག་ཀྱང་ངེས་པར་འགག་པར་བྱེད། །སྲོག་ནི་འགགས་པ་ཡིས་ཀྱང་ནི། །བྱང་ཆུབ་སེམས་ནི་འགག་པར་བྱེད།
བྱང་ཆུབ་སེམས་ནི་འགགས་པ་ཡིས། །འཕོ་བ་ངེས་པར་འགག་པར་བྱེད། །འཕོ་བ་སྐད་ཅིག་འགགས་པ་ཡིས། །ལུས་ཅན་ཐམས་ཅད་སངས་རྒྱས་ཉིད། །དེ་བཞིན་ཉོན་མོངས་འགགས་པ་ཡིས། །ལས་ཀྱང་ངེས་པར་འགགས་པར་བྱེད།།
ལས་ནི་ངེས་པར་འགགས་པ་ཡིས། །སྡུག་བསྔལ་ཡང་ནི་འགག་པར་བྱེད། །སྡུག་བསྔལ་འགགས་པ་ཡིས་ཀྱང་ནི། །ཉོན་མོངས་སྐྱེ་བ་དེ་མི་འགྱུར། །ཉོན་མོངས་སྐྱེ་བ་དེ་མི་འགྱུར། །ཉོན་མོངས་སྐྱེ་བ་དེ་མེད་ན། །ལས་ནི་སྐྱེ་བ་དེ་མི་འགྱུར། །དེ་ཡིས་སྐྱེ་བ་སྐྱེ་མེད་ན། །སྡུག་བསྔལ
ཡང་ནི་སྐྱེ་མི་འགྱུར། །སྡུག་བསྔལ་མེད་ན་བདེ་ལྡན་པའི། །རྣལ་འབྱོར་སེམས་ཅན་དོན་རྟོག་བྱེད་ཅེས་པའོ། །གང་གིས་ཤེས་པ་ལ་སོགས་པ་འཕོ་བའི་བདེ་བ་རྣམ་པར་སྤངས་པས་སོ། །འདོད་ལྡན་ཞེས་པ་ལ་སོགས་པས་མི་འགྱུར་བའི
བདེ་བ་ལ་འབད་པར་གསུངས་ཏེ། །སྡུག་བསྔལ་ནི་ཆགས་བྲལ་གྱི་མཚན་ཉིད་དོ། །ཁུ་བ་ཞེས་པ་ལ་སོགས་པ་ལ། །གང་གི་ཕྱིར་རྟེན་ཁུ་བ་འཕོ་བ་ནི་བརྟེན་པ་བདེ་བའི་འདོད་ཆགས་བྲལ་བ་ཉིད་ནི་ཉམས་པ་སྟེ་དེའི་ཕྱིར་བུཾ?་མི་འགྱུར་བ་ཉིད
ཁོ་ནས་བདེ་བ་ཆེན་པོ་བསྒྲུབ་པར་བྱའོ། །ཇི་སྲིད་དུ་རྟེན་དང་བརྟེན་པའི་དབྱེ་བ་འདི་ཡང་ཡོད་པ་དེ་སྲིད་དུ་གཙུག་ཏོར་དུ་རྫོགས་པ་ཉིད་མ་ཡིན་ནོ། །གང་གི་ཚེ་རྫོགས་པ་ལ་སེམས་ཀྱི་འགྱུར་མེད་ཉིད་ཐོབ་ན་དེའི་ཚེ་རྟེན་དང་བརྟེན་པའི་མཚན་ཉིད
མེད་དོ། །དྲི་མ་དང་བྲལ་བའི་གནས་སྐབས་གསུངས་པ་འགྱུར་མེད་ཅེས་པ་ལ་སོགས་པའོ། །འདིར་འགྱུར་མེད་ནི་མཆོག་ཏུ་མི་འགྱུར་བདེ་བའི་ཡེ་ཤེས་ཏེ་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་འགྱུར་མེད་ལས་བྱུང་ངོ། །སྐུ་ནི་ཕུང་པོ་དང་ཁམས
ད་ཨང་དབང་པོ་ལ་སོགས་པའི་ལུས་ཏེ་མཆོག་ཏུ་མི་འགྱུར་བ་ལས་བྱུང་བའི་སྐུ་གང་ཡིན་པ་དེའི་མཛོད་སྤུའི་འཁོར་ལོ་ནི་དཔྲལ་བའི་འཁོར་ལོ་སྟེ་དེར་བགྲོད་པ་ཉིད་ཀྱིས་གཙུག་ཏོར་དུ་སོན་པ་ཆ་བཅུ་དྲུག་པའི་ནུས་པ་ལས་འདིའི་རྟེན་པར་བརྗོད
དོ། ?་ཡིག་ལ་སོགས་པའི་དབྱངས་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཀ་ཡིག་ལ་སོགས་པ་གསལ་བྱེད་ཡོངས་སུ་གྱུར་པ་ལས་ཉི་མ་སྟེ་ཡང་དག་པར་སྦྱོར་བ་ནི་བརྟེན་པ་ཡིན་ཏེ་ཨཱ་ལི་ཀཱ་ལི་དག་གམ་གཡོན་པ་དང་གཡས་པ་དག་པ་མཉམ་པར་སྦྱོར་བ་འདུས་བསྟེ
དགུ་མོར?་རབ་ཏུ་འབབ་པ་ཉིད་དོ། །ཧཱུཾ་ཡིག་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་བརྟེན་པ་ཡང་མ་ཡིན་གྱི་འོན་ཀྱང་གཙུག་ཏོར་དང་ནོར་བུའི་པདྨའི་ལྟེ་བར་གནས་པ་ཟླ་བ་དང་ཉི་མ་དག་རྟེན་དང་ཐམས་ཅད་དུ་ཁྱབ་པ་བདེ་བ
ཆེན་པོའི་གཟུགས་བརྟེན་པའོ། །དེ་དྲི་མ་མེད་པའི་འོད་དུ་གསུངས་པ། ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་དང། །གཉིས་པ་གཙུག་ཏོར་ཁུ་བ་རི་བོང་ཅན་ལ་ནི། །རྟག་ཏུ་མི་ཚེད་དབྱེར་མེད་འདོད་པ་བཀོད་གྱུར་པ། །འཇིག་རྟེན་གསུམ་གྱི་མཆོད་པའི་གཙོ་ལ་སྤྱི
པོས་འདུས?། །ཅེས་པའོ། །གཙོ་བོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དུས་ཀྱི་འཁོར་ལོའི་གང་གིས་བཀྲོད་པར་བྱ་བ་དང་རྟོགས་པར་བྱ་བ་དེ་ཞབས་ཏེ་མི་འགྱུར་བའི་ཡེ་ཤེས་སོ། །བཀོད་གྱུར་པ་ནི་གཞག་པ་སྟེ་མ་རིག་པ་དགག་པའི་ཕྱིར་རྡོ་རྗེ་ནོར་བུར་ཞེས་པར་བ་གནས་མྱ
ངན་ལས་འདས་པ་མིན་པའི་སར་རྡུལ་དང་ཉི་མ་ལ་ནི་ས་ཡི་སྙིང་པོའི་མཐིལ་ཡེ་ཤེས་ཀྱི་ཁམས་ལ་གཅིག་ནི་གཡས་པ་གང་ཡིན་པའོ་ཞེས་པ་རྐང་པ་གཅིག་གི་མཐིལ་གནོན་པའོ། །གཙུག་ཏོར་སྲིད་པའི་བདེ་བ་ལས་ཤིན་ཏུ་འདས་པར་ཁུ་བ་རི་བོང་ཅན་ལ་ནི
རྐད་?་སེན་མོ་སྔར་འདོད་པའི་ཆ་འཆར་བའི་བདག་ཉིད་རྣམ་པར་ཤེས་པའི་ཁམས་ལ་གཉིས་པ་ནི་གཡོན་པ་གང་ཡིན་པའོ་ཞེས་པ་ཚངས་པའི་སྒོ་ངའི་རྩེ་མོ་གནོན་ནོ། རྟག་ཏུ་སྟེ་དུས་གསུམ་དུ་ཉོན་མོངས་པའི་སྒྲིབ་པ་ལས་ཤིན་ཏུ་འདས་པའི་ཕྱིར
མ་རིག་པ་མི་ཤེས་པའི་གྲི་གུག་གིས་མི་ཆོད་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་གཟུང་བ་དང་འཛིན་པ་ལ་སོགས་པས་དབྱེར་མེད་པའོ། །བདེ་བ་ཆེན་པོའི་གཟུགས་ཉིད་ཀྱི་ཕྱིར་འདོད་པ་སྟེ་བྱ་བ་བྱས་པས་སྐམ་སར་ནི་ནོར་བུར
གནས་པའོ། །འཇིག་རྟེན་གྱི་སྤྱོད་པ་སྤངས་པ་ཉིད་ཀྱི་ཕྱིར་འཇིག་རྟེན་གསུམ་གྱི་མཆོད་པ་སྟེ་འཁོར་བའི་ཕ་རོལ་མཐར་ནི་གཙུག་ཏོར་དུ་གནས་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ་གང་ཞིག་དང་འོག་ཏུ་རྩ་དྲུག་འགགས
པ་ཨའི་རང་བཞིན་ཁམས་དྲུག་པ་ཡེ་ཤེས་ཀྱི་སྐུ་བཅོམ་ལྡན་འདས་ཁམས་པས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་དཀར་པོ་དང་ནག་པོའི་ཕྱོགས་གཉིས་སུ་གྱུར་པ་སྲིད་པའི་བདག་ཉིད་སྒྲིབ་པ་མེད་པ་ཉིད་ལས་ཉ་དང་གནམ་སྟོང་ལ་མངོན་པར་ཁྱབ
པ་རང་ལྡན་པ་འགྲོ་བའི་གཙོ་བོ་གཅིག་པུ་དེའི་ཞབས་སྟོང་བ་ཉིད་དང་སྙིང་རྗེ་བཅོ་ལྔའི་བདག་ཉིད་ཟླ་བ་དང་ཉི་མའི་རང་བཞིན་འཁོར་བ་པ་དང་མྱ་ངན་ལས་འདས་པའི་ལམ་འགོག་པར་བྱེད་པའི་ཞབས་གཉིས་དག་ལ་ཕྱག་འཚལ་ལོ་ཞེས་པའོ། །མཆོག
ཏུ་མི་འགྱུར་བའི་ཡེ་ཤེས་སྒྲུབ་པར་ནི། །མི་འགྱུར་བའི་སྒྲ་ཡིས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་དུ་ཡིད་སྐྱོབ་པར་གྱུར་པ་ཉིད་ཀྱི་ཕྱིར་སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ། །རྩ་བའི
རྒྱུད་དུ་ཡང། །ལུས་ངག་སེམས་ཀྱི་ཁམས་རྣམས་ནི། །གང་ཕྱིར་སྐྱོབ་པར་གྱུར་དེའི་ཕྱིར། །སྔགས་དོན་སྔགས་ཀྱི་སྒྲ་ཡིས་ནི། །སྟོང་ཉིད་ཡེ་ཤེས་འགྱུར་མེད་དེ། །བསོད་ནམས་ཡེ་ཤེས་ལས་བྱུང་སྔགས། །སྟོང་ཉིད་སྙིང་རྗེའི་བདག
ཉིད་ཅན། །ཞེས་པའོ། །དེ་བཞིན་དུ་གཞན་ནང་གི་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་བའི་དགའ་བའི་གཟུགས་ཅན་མ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྫོགས་པའི་གནས
སྐབས་སོ། །རྡོ་རྗེ་སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འགྲེལ་བ་འབྱུང་བའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་རྡུལ་པྲ་རབ་ཀྱི་ཆོས་ཉིད་ལས
འདས་པ་མེ་ལོང་གི་པྲ་ཐབ་པ་དང་རྨི་ལམ་དང་མཚུངས་པ་དེ་དག་ནི་རྒྱལ་བ་རྣམས་ཀྱིས་ལྷན་ཅིག་སྐྱེས་བའི་སྐུ་ཞེས་གསུངས་ཏེ་མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱི་ཕྱིར་རོ། །འདིར་འགྱུར་མེད་རྣམས་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ
སྒྲིལ་པ་མེད་པ་རྣམས་འགྱུར་མེད་ལྔ་སྟེ་སྟོང་པ་ཆེན་པོར་གསུངས་སོ། །དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཨི་ཁམས་སྒྲིབ་པ་མེད་པ་རྣམས་འགྱུར་མེད་སྔར་གསུངས་སོ། །འགྱུར་མེད་དྲུག་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་སྒྲིབ་པ་མེད
པ་རྣམས་ཏེ་སོ་སོར་རང་གི་ཡུལ་འཛིན་པ་རྣམ་པར་སྤངས་པ་རྣམས་སོ། །དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་ཁམས་སྒྲིབ་པ་མེད་པ་རྣམས་ཀྱང་འགྱུར་མེད་དྲུག་ཏུ་གསུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་རྣམས་གཅིག་ཏུ
རོ་མཉམ་པར་གྱུར་པ་ནི་ཐིག་ལེ་སྟོང་པར་འགྱུར་རོ། །ཐིག་ལེ་དེ་ཡང་མི་འཕོ་བར་གྱུར་ན་མཆོག་ཏུ་མི་འགྱུར་བདེ་བར་བརྗོད་དོ། །མཆོག་ཏུ་མི་འགྱུར་བ་ཡང་ཨ་ཡིག་སྟེ། ཨ་ཡིག་ལས་བྱུང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་དང་ཐབས
ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་མ་ནིང་གི་གོ་འཕང་ལྷན་ཅིག་སྐྱེས་བའི་སྐུ་ཞེས་བརྗོད་དེ་ཤེས་པ་དང་ཤེས་བྱའི་བདག་ཉིད་རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །དེ་ཡན་བཅོ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་གོ་འཕང
ངོ?། མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་།ཅེས་པའོ། །རྩ་བའི་རྒྱང་དུ་ཡང། ཨ་ཡིག་མིང་གིས་རབ་བརྗོད་པ། །ཆོས་ཀྱི
དབྱིངས་དི?་འགྱུར་མེད་ཆེ། །རྒྱལ་དབང་རྣམས་ཀྱི་རྡོ་རྗེ་ཡིས། །སྐྱེ་གནས་སྐུ་གསུང་ཐུགས་ཀྱི་རྒྱུ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ཡིག་བྱུང། ། ཡིག་ཡིག་འབྲུ་ཀུན་གྱི་མཆོག་།དོན་ཆེན་མཆོག་ཏུ་
མི་འགྱུར་བ། །སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་།ཚིག་ཀུན་རབ་ཏུ་གསལ་བར་བྱེད། །དབྱེར་མེད་ཆོས་ཅན་སྐུ་གསུང་ཐུགས། །རྡོ་རྗེ་གསུང་རྣམས་སྐྱེད་བྱེད་པ། །རྒྱལ་བའི
སྐུ?་རྣམས་ཀྱི་གང་དེ། །རྡོ་རྗེའི་སྐྱེ་གནས་རབ་ཏུ་བརྗོད། །གང་ཕྱིར་སངས་རྒྱས་ཆོས་རྣམས་ཀྱི། །དབང་ཕྱུག་ལ་སོགས་ཀུན་འབྱུང་བ། །ཆོས་ཀུན་འབྱུང་བར་བརྗོད་པའི་ཕྱིར། །བསོད་ནམས་ཡེ་ཤེས་རང་བཞིན་མཆོག་།ཅེས་པའོ། །འདི་ནི་ཏིང་ངེ་འཛིན
གྱི་ཡན་ལག་མདོར་བསྟན་པའོ། །ད་ནི་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གསུངས་པོ། །སྟོང་བ་ཞེས་པ་ལ་སོགས་པའོ། །སྟོང་པ་ནམ་མཁའ་ལས་བྱུང་བའི་གཟུགས་བརྙན་རྣམ་པ་ཐམས་ཅད་པའི་མཚན་ཉིད་རྒྱུ་སྟེ་བྱེད་པ་དང་ཁུ་བ་མི་འགྱུར་ལས་སྐྱེས
བདེ་བ་འབྲས་བུའོ། །རྒྱུ་ཡང་འབྲས་བུ་ཟག་པ་མེད་པའི་བདེ་བས་རྒྱས་བཏབ་པ་བདེ་བའི་གཟུགས་སུ་བྱས་པ་སྟེ་བདེ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་བདེ་བ་ཡང་དེ་ལྟ་བུར་གྱུར་པའི་རྒྱུ་ཡིས་རྒྱས་བཏབ་པ་སྟེ་དམིགས་པ་མེད་པ་སྟོང
བའི་བདག་ཉིད་ཀྱི་ཕྱིར་རོ། །སྟོད་པ་ཉིད་དང་སྙིང་རྗེ་འདི་གཉིས་ཀྱི་མཚན་ཉིད་གསུངས་པ་སྟོང་པ་ཉིད་ཅེས་པ་ལ་སོགས་པའོ། །དམིགས་པ་དང་བཅས་པའི་སྟོང་པ་ཉིད་གཟུགས་བརྙན་འཛིན་པའི་སེམས་ནི་རྒྱུ་སྟེ་དམིགས་པ་མེད་པའི་སྙིང་རྗེ་འགྱུར
མེད་འཛིན་པ་འབྲས་བུའོ། །སྟོང་ཉིད་སྙིང་རྗེ་འདི་དག་དབྱེར་མེད་པ་ཉིད་གཅིག་པའི་མཚན་ཉིད་བྱང་ཆུབ་སེམས་གང་ཡིན་པ་དེ་མི་འཕོ་བ་ཞེས་བརྗོད་དེ་། གཞན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་སྐྱེས་པ་འགྱུར་བ་དང་གཡོ་བའི་མཚན
ཉིད་ནི་མ་ཡིན་ནོ། །དེ་ཡང་ཆད་པ་དང་འཁོར་བ་དང་བྲལ་བར་གསུངས་པ་མྱ་ངན་ལས་འདས་པ་ཞེས་པ་ལ་སོགས་པའོ། །མྱ་ངན་ལས་འདས་པ་སྟོང་པའི་ངོ་བོ་དང་བྲལ་བའི་གཟུགས་དང། འཁོར་བར་འགྱུར་པའི་བདེ་བའི་མཚན་ཉིད
ལས་འདས་པའི་མི་འགྱུར་བ་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ་གཟུགས་དང་མི་འགྱུར་བ་དེ་དག་སྦྱོར་བ་གཉིས་མེད་མཆོག་ཕུལ་དུ་བྱུང་བའོ། །དེ་ཉིད་ཀྱི་ཕྱིར་གཟུངས་པ་རྟག་དང་ཆད་ལས་ངེས་པར་གྲོལ་ཞེས་པའོ། །འདིར་འཐད་པ་གསུངས་པ། །དངོས་མེད་ཅེས་པ
ལ་སོགས་པའོ། །གཟུགས་རྣམ་པ་ཐམས་ཅད་པའི་རང་གི་སེམས་ཀྱི་སྣང་བ་ནི་དངོས་པོ་མེད་པ་ཆད་མིན་ཏེ། ཅིའི་ཕྱིར་ཞེ་ན་དངོས་མེད་ལས་བྱུང་མཚན་ཉིད་ཕྱིར་ཏེ་དངོས་མེད་སྟོང་པ་ཉིད་ནམ་མཁའ་དྲི་མ་མེད་བའི་མཐིལ་ཉིད་འབའ་ཞིག་ལས་དུས་གསུམ་དང་ཁམས
གསུམ་པ་རབ་ཏུ་གསལ་བ་སོ་སོ་རང་གིས་རིག་པ་འབྱུང་ངོ། །རྩ་བ་འདིར་འཆད་པར་འགྱུར་བ་ཡང། །ནམ་མཁའ་ལས་བྱུང་གཟུགས་བརྙན་ནི། །བསྟེན་བས་བདག་ལ་དེ་བཞིན་ནོ། །ཞེས་པའོ། །འགྱུར་བ་མེད་པ་ཟག་པ་མེད་པའི་བདེ་བ་ནི་དངོས་པོ་མེད་མིན་ཏེ།
ཅིའི་ཕྱིར་ཞེ་ན་དངོས་པོ་ལས་བྱུང་མཚན་ཉིད་ཕྱིར་ཏེ། རབ་ཏུ་གསལ་བར་གྱུར་པ་གཟུགས་ཀྱི་མཚན་ཉིད་ཀྱི་དངོས་པོ་ལས་ཡང་དག་པར་ཕྱུང་བའི་ཕྱིར་རོ། །འདི་ཡང་ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཞེས་པ་ལ་སོགས་པས་གསལ་བར་འགྱུར་རོ། །གང
ཞིག་གཡོན་པ་སྟེང་དུ་བགྲོད་པ་ཁུ་བའི་གཟུགས་དངོས་པོ་ལས་འཇིག་རྟེན་དང་མཚན་ཉིད་མི་མཐུན་པ་ཟག་པ་མེད་པའི་བདེ་བ་ཡང་དག་པར་འབྱུང་བའོ། །སྟོང་པ་ཉིད་དང་སྙིང་རྗེའི་མཚན་ཉིད་ལ་དངོས་པོ་དང་དངོས་པོ་མེད་པ་ཞེས་བརྗོད་དེ་ཀུན་རྫོབ
དང་དོན་དམ་པའི་བདེན་པའི་རང་བཞིན་འདི་དག་ཡང་དག་པར་སྦྱོར་ཏེ་འདུས་པ་ནི་རྡོ་རྗེའི་རྣལ་འབྱོར་རོ། །དེ་ཡང་གཉིས་མེད་ཟུང་དུ་འཇུག་པ་དང་མི་འགྱུར་བ་ཞེས་བརྗོད་པ་སྟེ། འདི་ཉིད་དེ་ཁོ་ནའོ། །དེ་འཕགས་པ་ལྷའི་ཞབས་ཀྱིས་ཀྱང
གསུངས་པ། གང་ཡང་དག་པ་དེ་དེ་ཁོ་ནའོ། །བཅོམ་ལྡན་འདས་ཡང་དག་པ་ཞེས་བྱ་བ་འདི་ཅི་ཞིག་།གང་མི་སླུ་བ་དེ་ཡང་དག་བའོ། །མི་སླུ་བ་ཞེས་བྱ་བ་འདི་ཅི་ཞིག་ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་དེ་ལ་མི་སླུ་བའོ། །གང
ཡང་དག་པའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་འདི་ཅི་ཞིག་གང་བདེན་པ་གཉིས་གཉིས་སུ་མེད་པའི་མཚན་ཉིད་དེ་ཡང་དག་བའི་ཚུལ་གྱི་བདག་ཉིད་ཅན་གྱི་ཏིང་ངེ་འཛིན་ནོ། །བཅོམ་ལྡན་འདས་བདེན་པ་གཉིས
ཞེས་བྱ་བ་འདི་ཅི་ཞིག་། དང་པོ་ཀུན་རྫོབ་ཀྱི་བདེན་པ་དང་གཉིས་པ་དོན་དམ་པའི་བདེན་པའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་གཟུགས་དང་གཟུགས་མིན་རྣམ་པར་གྲོལ་ཞེས་བརྗོད་དེ། པྲ་ཕབ་པ་ན་མེ་ལོང་ལ་སོགས་པ་ལ་དམིགས་པར་འགྱུར་བའི་ལུས་ལ
གཟུགས་ཀྱི་མཚན་ཉིད་མེད་དེ་དེ་རྡུལ་ཕྲ་རབ་ཀྱི་ཚོགས་འདུས་པ་མེད་པའི་ཕྱིར་རོ། །གཟུགས་མིན་པའི་མཚན་ཉིད་མ་ཡིན་དེ་དམིགས་པར་འགྱུར་བ་སྙོན་པར་དཀའ་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་ནི་སྲིད་པ་འཁོར་བར་མི་འོད་སྟེ་འགྱུར་མེད་མྱ
ངན་འདས་ཆད་པར་མི་འགྲོའོ་ཕན་ཚུན་འཁྱུད་པ་ཞི་བ་རྣམ་འགྱུར་མེད་པ་སྟེ་དབང་པོའི་རྣམ་འགྱུར་དང་བྲལ་བའི་ཕྱིར་རོ། །གཉི་གའི་བདག་ཉིད་འདི་ཉིད་མ་ནིད་གོ་འཕང་སྟེ་ཤེས་རབ་དང་ཐབས་འབའ་ཞིག་པ་མ་ཡིན་པའི་ཕྱིར་རོ། །མཆོག
ནི་ཕུལ་དུ་བྱུང་བ་སྟེ་འགྲོ་བ་མཛའ་དག་དང་མཐུན་མོང་མ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་པོ་ལས་ཡང་དག་པར་སྐྱེས་པའི་ཕྱིར་ལྷན་ཅིག་སྐྱེས་བའི་རྒྱུ་ཉིད་དང་ཕྱག་རྒྱ་ཆེན་པོའི་ཡང་འབྲས་བུ་ཉིད་མ་ཡིན་ནམ། དེ་ལྟར་ན་ནི་གཉིས་པོ་ཡང་རྒྱུ་དང
འབྲས་བུ་ལས་མ་འདས་སོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱའམ་ཡེ་ཤེས་ཀྱི་ཕྱག་རྒྱ་རྒྱུར་གྱུར་པ་དང་ཕྱག་རྒྱ་ཆེན་པོ་ལ་ཡང་ཁྱད་པར་ཅི་ཡོད་ཅེ་ན། གསུངས་པ་ཤེས་རབ་ཅེས་པ་ལ་སོགས་བའོ། །ཤེས་རབ་གཟུགས་ཀྱི་མཚན་ཉིད་རྣམ་པ
ཐམས་ཅད་པ་རྟོགས་པ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་གཟུགས་ཅན་མ་སྟེ་དེ་ཡང་རྒྱུ་ལས་མ་སྐྱེས་བྱུང་བ་མ་སྐྱེས་པ་སྟེ་དོན་དམ་པར་རང་བཞིན་གྱིས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་ཤེས་རབ་རྒྱུ་ལས་བྱུང་བ་འབྲས། ཤེས་རབ་ལས་སྐྱེས་པ
ཞེས་བརྗོད་པར་བྱ་བདེ་ཡང་རྒྱུ་སྐྱེས་མིན་ཞེས་པ་ཤེས་རབ་ཀྱི་རྒྱུ་ལས་སྐྱེས་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར་ཏེ་ཤེས་རབ་རྒྱུ་ལས་སྐྱེས་བ་མ་ཡིན་པའི་ཕྱིར་འབྲས་བུ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ཡང་འདིར་ཅི་ལྟར་རྒྱུ་ལས་སྐྱེས་པར་འགྱུར
པར་འོས་འདི?་རྒྱུ་ཡིན་པ་སྔར་ཉིད་བསལ་ཟིན་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་མི་འགྱུར་བའི་ཡེ་ཤེས་གང་ཡིན་པ་དེ་ཤེས་རབ་ཡེ་ཤེས་ཏེ་རྒྱུ་ལས་སྐྱེས་པ་མིན་ནོ། །དེའི་ཕྱིར་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་འབྲས་བུ་ཉིད་ཀྱིS་རྒྱུ་ལ་རྒྱས་བཏབ
བ་འམ་རྒྱུ་ཉིད་ཀྱིས་འབྲས་བུ་ལ་རྒྱས་བཏབ་པ་ཞེས་པ་གཞན་དང་གཞན་དུ་ཡང་མི་འགྱུར་ལ། །འབྲས་བུས་ཀྱང་རྒྱུ་ལ་རྒྱས་བཏབ་པ་རྒྱུ་ཡིས་ཀྱང་འབྲས་བུ་ལ་རྒྱས་བཏབ་པ་ཞེས་པ་ཕན་ཚུན་དུ་ཡང་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་ཞེས་པ་ལ
སོགས་པའོ། །གང་གི་ཕྱིར་རྒྱུ་དང་འབྲས་བུ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་ཀུན་རྫོབ་པ་དང་དེའི་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་ཕྱིར་འཇིག་རྟེན་ལས་འདས་པ་སྟེ། དེའི་ཕྱིར་ཕན་ཚུན་རྒྱ་ཡིས་བཏབ་པ་གཉིས་ཀ་དབྱེར་མེད་པ་ཟུང་དུ་འཇུག
པ་ཞེས་བྱ་བའི་གཟུགས་སྐྱེ་མིན་མྱ་ངན་འདས་པའང་མིན་ཞེས་པ་སྐྱེ་བ་དང་འཇིག་པ་བྲལ་བའོ། །གསུངས་པ་ཡང། དེ་བ་ཉིན་གཤེགས་པ་རྣམས་ཁྱུད་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ། །ཞེས་པའོ། །གང་གི་ཕྱིར་གཉིས་ཀ
དབྱེར་མེད་བའི་གཟུགས་ཀྱི་ཤེས་རབ་ཀྱི་ཆ་དང་པོར་ཞི་བ་ཉིད་ཀྱི་ཕྱིར་རྟག་ཏུ་སྐྱེ་བ་མེད་པ་དང་ཐབས་ཀྱི་ཆ་ནི་སོ་སོ་རང་གིས་རིག་པ་ཉིད་ཀྱི་ཕྱིར་རྟག་ཏུ་སྐྱེ་བ་ཉིད་དེ་དེའིཕྱིར་ཡང་རྒྱུ་དང་འབྲས་བུ་མེད་ལ་ཕན་ཚུན་རྒྱས་བཏབ་པ་ཡང་མ་ཡིན་ནོ། །གཞན
དང་གཞན་རྒྱས་བཏབ་པ་མེད་པར་རིགས་པ་གཞན་གསུངས་པ་མ་སྐྱེས་པ་ཞེས་པ་ལ་སོགས་པའོ། །ཤེས་པའི་རྣམ་པ་ལས་ལྡོག་པའི་ཕྱི་རོལ་མི་སྲིད་པའི་ཕྱིར་རང་གི་སེམས་ཉིད་ཁམས་གསུམ་པའི་རྣམ་པ་ཅན་དེ་ཡིས་ཕྱི་རོལ་གྱི་རྣམ
པར་དབྱེ་པ་དམིགས་པར་འགྱུར་རོ། །རང་གི་སེམས་ལས་གཞན་ནི་མ་ཡིན་ཏེ་དེའི་ཚེ་རྣལ་འབྱོར་པ་ལ་རང་དང་གཞན་གྱི་ཆའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །ཀྱེའི་རྡོ་རྗེར་ཡང་གསུངས་པ། མཐོ་རིས་ས་འོག་ས་སྟེང
རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །རང་གཞན་ཆ་ཡི་རྣམ་རྟོག་གིས། །གནོད་པ་ཉིད་ནི་ནུས་མ་ཡིན། ཞེས་པའོ། །ཕྱིའི་ཤེས་བྱ་རྣམས་འབྱེད་ཕྱིར་ཞེས་པ་ཕྱི་རོལ་གྱི་ཤེས་བྱ་ཐ་དད་དུ་བྱེད་པའོ། །དེ་ཕྱིར་ཞེས་པ་ལ་སོགས
པ་ཉེ་བར་བསྡུ་བ་སྟེ་རལ་གྲི་ཞེས་པ་ལ་སོགས་པ་དཔེའོ། །ཕྱག་རྒྱ་ཆེན་པོ་སྐྱེ་བ་མེད་པ་ཉིད་ཀྱི་ཕྱིར་འབྲས་བུ་ཡང་མ་བྱུང་བ་མ་ཡིན་ནམ་།སྐྱེ་བ་མེད་པའི་ཆོས་འགའ་ཞིག་གི་འབྲས་བུ་འགའ་ཞིག་ཁོ་ན་འགའ་ཞིག་གིས་ཀྱང་ཉམས་སུ་མྱོང་པར་མི
འགྱུར་རོ་ཞེ་ན། གསུངས་པ་མོ་གཤམ་ཞེས་པ་ལ་སོགས་པའོ། །མ་སྐྱེས་ཀྱང་མོ་གཤམ་བུ་མོ་དང་ཡང་དག་པར་སྦྱོར་བས་རྨི་ལམ་གྱི་དུས་སུ་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་བཞིན་དུ་ནམ་མཁའ་ལས་ནི་བྱུང་བའི་གཟུགས
བ་སྟེན་པས་འབྲས་བུ་ལྷན་ཅིག་སྐྱེས་པའི་བདེ་བའི་གཟུགས་ཤེས་རབ་དང་ཐབS་ཀྱི་དབང་པོ་ལས་མ་སྐྱེས་པ་ཕྱག་རྒྱ་ཆེན་པོ་ལས་ཡང་དག་པར་སྐྱེས་པ་ནམ་མཁའ་བཞིན་དུ་སྒྲིབ་པ་སྤངས་པ་འབྱུང་བ་ཐམས་ཅད་ལ་གནས་པ་རྣལ་འབྱོར་པ
རྣམས་ཀྱིས་རང་རིག་པར་བྱ་བ་ཁོ་ན་ཡིན་གྱི། དེ་ཁོ་ན་མ་རིག་པ་རྣམས་ཀྱིས་རིག་པར་བྱ་བ་ནི་མ་ཡིན་ནོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་ན་དབང་པོ་གཉིས་ཡང་དག་པར་སྦྱོར་བ་དང་བྲལ་བ་ནི་ཤེས་རབ་ཡེ་ཤེས་རང་རིག་པར
མི་འགྱུར་ཏེ། འཕོ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནམ། ཇི་ལྟར་རྣལ་འབྱོར་པ་རང་གི་སེམས་ཀྱི་སྣང་བ་ལ་རང་གི་སེམས་ཀྱི་རྗེས་སུ་ཆགས་པར་བྱས་ནས་རང་གི་སེམས་སྒྲིབ་པ་མེད་པར་བྱེད་ཅིང
མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱང་ལོངས་སྤྱོད་པར་བྱེད་དེ་རྡུལ་ཕྲ་རབ་ཚོགས་པའི་ལུས་མེད་པའི་ཕྱིར་རོ། །འདི་ཉིད་ནི་ཕྱིན་ཅི་ལོག་པ་སྟེ། ལྷ་སྦྱིན་རང་ཉིད་ཀྱི་ཕྲག་པར་ཞོན་ནས་གྲོད་དུ་འགྲོའོ་ཞེས་པའི་ཚིག་བཞིན་ནོ། །ཞེས་འདིར་འགའ་
ཞིག་གི་བསམ་པ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱའོ། །འདིར་གང་རྨོངས་པ་རྣམས་ཀྱིས་བརྗོད་པར་བྱ་བ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མ་གཏོགས་པ་སེམས་ཙམ་གྱི་ཤེས་རབ་ཡེ་ཤེས་རང་རིག
པར་མི་འགྱུར་བ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་གློ་བུར་བའི་སེམས་ཀྱི་བག་ཆགས་ཀྱི་དབང་གིས་སོ། །འདིར་ཕུང་པོ་ཁམས་དང་སྐྱེ་མཆེད་ཅེས་བྱ་བ་ནི་གློ་བུར་བའི་སེམས་ཀྱི་བག་ཆགས་སོ། །དེའི་དྲིན་གྱིས་སེམས་ལ་བདེ་བ་དང་སྡུག་བསྔལ་སེམས་ཀྱི
བག་ཆགས་རབ་ཏུ་འཇུག་སྟེ་དོན་དམ་པར་རྣམ་པར་དཔྱད་ན་ལུས་འདིའི་ཉེ་བར་འཚེ་བ་ཕྲན་ཚེགས་ཀྱིས་ནི་མ་ཡིན་ནོ། །འདིར་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ལུས་ནི་རྨི་ལམ་གྱི་གནས་སྐབས་ན་རབ་ཏུ་ལྷུང་སྟེ་གནས་ཤིང་འདིའི་ཉེ་བར་འཚེ
པ་ཨ་ཕྲན་ཚོགས་འགའ་ཡང་ཡོད་པ་མ་ཡིན་ན་གང་གིས་སེམས་ལ་སྡུག་བསྔལ་རབ་ཏུ་འཇུག་འདིར་འཇིག་རྟེན་ཐམས་ཅད་དུ་རབ་ཏུ་གྲགས་པ་གནས་སྐབས་དེ་ཉིད་ན་སེམས་ཀྱི་བག་ཆགས་ཀྱི་བདག་ཉིད་ཀྱི་ལུས་གཞན་རྡུལ་ཕྲ་རབ་ཚོགས་པ་དང་བྲལ
བ་ཨ་ཡུལ་གཞན་དུ་འགྲོ་བར་རབ་ཏུ་སྣང་སྟེ་ཡུལ་གཞན་དུ་སོང་བ་དེའི་ལུས་ལ་ཆོམ་རྐུན་ལ་སོགས་པ་རྣམས་ཀྱིས་ཉེ་བར་འཚེ་བ་བྱས་པར་གྱུར་པ་ན་ཉེ་བར་འཚེ་བ་དེས་སེམས་ལ་སྡུག་བསྔལ་རབ་ཏུ་འདུག་ཅིང་སྡུག་བསྔལ་དེས་དུ་བར་བྱེད་དེ་ལུས
མེད་ཅིང་ཆོམ་རྐུན་ལ་སོགས་པ་མེད་པར་སེམས་ཀྱི་སྡུག་བསྔལ་གྱི་ཤེས་པ་རང་རིག་པར་བྱ་བ་རབ་ཏུ་འཇུག་པ་འདི་དེ་རྨད་དུ་བྱུང་བ་ཆེན་པོའོ། །དེ་བཞིན་དུ་རྨི་ལམ་དུ་འདོད་པ་ཆེན་པོ་ཉེ་བར་ཡོངས་སྤྱོད་པ་རྣམས་ཀྱིས་སེམས་ལ་བདེ་བ་རབ་ཏུ་འཇུག
སྟེ་ལུས་མེད་ཅིང་འདོད་པ་ཉེ་བར་ལོངས་སྤྱོད་པ་རྣམས་ངེས་པར་སེམས་ཅན་རྣམས་ཀྱི་སེམས་ཀྱི་བདེ་བའི་ཤེས་པ་རང་རིག་པར་བྱ་བ་རབ་ཏུ་འཇུག་པ་དེ་ནི་ངོ་མཚར་ཆེའོ། །ཉི་ཚེ་བའི་ཤེས་པ་འདི་ཉིད་ཀྱང་མཁས་པ་རྣམས་ཀྱིས
ར་ནམ་པར་དཔྱད་པར་མི་ནུས་ན་འཁོར་བའི་བག་ཆགས་ལས་འདས་ཤིང་མྱ་ངན་ལས་འདས་པའི་བག་ཆགས་ལས་བྱུང་བ་རྣལ་འབྱོར་བའི་ཀུན་ཏུ་བཟང་པོ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རང་རིག་པར་བྱ་བ་རྨོངས་པ་རྣམས་ཀྱིས་རྣམ་པར་བརྟག་པར
མི་ནུས་པ་ལྟ་ཅི་སྨོས་ཞེས་པའོ། །གལ་ཏེ་ཤེས་རབ་དང་ཐབས་དབྱེར་མེད་པ་ཞེས་བརྗོད་པ་དེ་ཡང་དོན་དམ་པ་མ་ཡིན་ནོ་ཞེ་ན། གསུངས་པ་ཤེས་རབ་མ་ཡིན་ཞེས་པ་ལ་སོགས་པའོ། །ཤེས་རབ་མ་ཡིན་ཐབས་ཀྱང་མིན་ནི་ཐ་དད་དུ་གྱུར་པའི་ཕུང
པོ་ཡོད་ན་གང་གིས་དེ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སུ་འགྱུར་ཏེ་གནས་སྐབས་དེ་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་ཞེས་པ་ཡང་ཤེས་རབ་བློ་དང་ལྷན་ཅིག་སྐྱེས་པ་ཉིད
ཀྱི་ཕྱིར་བརྗོད་དོ། །ཀུན་ནས་བདེ་བ་རྫོགས་པའི་གནས་སྐབས་ཐོབ་པ་ལས་སྒྲིབ་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །གོས་པ་མེད་ནི་ལག་པ་ལ་སོགས་པས
རེག་ཏུ་མེད་པའི་ཕྱིར་རོ། །གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་ཡུལ་དང་དབང་པོ་སྤངས་པའོ། །ཐམས་ཅད་ལ་ཡོངས་སུ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཀུན་ནས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར་འབྱུང་པོ་ཀུན་ལ་གནས
པ་སྟེ་དུས་གསུམ་ལ་ཡང་ངོ། །རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཉིད་ཀྱི་ཕྱིར་མ་རིག་པ་མི་ཤེས་པའི་གྲི་གུག་གིས་གཅད་དུ་མེད་པའོ། །རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་གཟུང་བ་དང་འཛིན་པ་བསྐྱེར?་མེད་པ
ཉིད་ལས་དབྱེ་བ་སྤངས་པའོ། །རང་འབྱུང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་འཇིག་རྟེན་ལས་འདས་པའི་སེམས་དཔའ་དྲུག་མདོར་བསྟན་པའོ། །མ་སྐྱེས་མ་འགགས་པའི་ཕྱིར་རང་འབྱུང་ངོ། །འགྲོ་བའི་དོན་བྱེད་པ་ཉིད་ཀྱི་ཕྱིར་དོན་ཆེན་ནོ། །གསང
བ་ལ་སོགས་པའི་གཙུག་ཏོར་གྱི་མཐར་ཐུག་པ་འཁོར་ལོ་དྲུག་ཏུ་རིམ་པས་རྡོ་རྗེ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་བྱང་ཆུབ་སེམས་དཔའ་དང་དམ་ཚིག་སེམས་དཔའ་དང་རྡོ་རྗེ་རྣལ་འབྱོར་དང་དུས་ཀྱི་འཁོར་ལོ་ཞེས་བྱ་བ་དྲུག་གོ་། འདིའི་རྒྱས་པར
པའི་རྡོ་རྗེ་ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྟོང་པའི་གཟུགས་ཏེ་གང་གི་ཕྱིར་དེ་མི་ཕྱེད་པ་དེའི་ཕྱིར་རོ། །དོན་ཆེན་ནི་ཆེན་པོ་མདོར་བསྟན་པའོ། །སེམས་དཔའ་ནི་གང་འདོད་པའི་ཁམས་ལ་སོགས་པའི་ངོ་བོ་ལུས་དང་ངག་དང་སེམས་རྣམས་གཅིག་པ
ཉིད་ཅེས་བྱས་སྟེ་དེ་ནི་མཆོག་ཏུ་མི་འགྱུར་བའི་མདོར་བསྟན་པའོ་ཞེས་པ་རྡོ་རྗེ་སེམས་པའོ། །ཡང་ན་རྡོ་རྗེ་ནི་གང་མི་ཕྱེད་པ་སྐུ་དང་གསུང་དང་ཐུགས་རོ་གཅིག་པ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །སེམས་དཔའ་སྲིད་གསུམ་གཅིག་པ་ཉིད་ཅེས་བྱའོ།།
འདི་དག་གཅིག་པ་ནི་མཆོག་ཏུ་མི་འགྱུར་བ་སྟེ་ཆེན་པོ་ནི་བདེ་བ་ཆེན་པོ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཆེན་པོ་ནི་མདོར་བསྟན་པ་སྟེ་དེ་ཡང་སེམས་དཔའ་ས་ཡོངས་སུ་རྫོགས་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་དགའ་བར་བྱེད་པ
མདོར་བསྟན་པའོ། །ཞེས་པ་སེམས་དཔའ་ཆེན་པོའོ། །ཡང་ན་གང་ཞིག་ཆེན་པོའི་སྒྲ་ཡིས་འདིར་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ་དེ་དང་སེམས་དཔའ་ས་རྣམས་ཀྱི་རྫོགས་པ་གང་ཡིན་པ་དེ་སེམས་དཔའ་ཆེན་པོའོ། །གང་གི་ཕྱིར་འདི་ནི་བྱང་ཆུབ
སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཆོས་ཀྱི་འཁོར་ལོ་ལ་གནས་པ་ནི་མི་གཡོ་བར་གནས་པ་སྟེ་ཉོན་མོངས་པ་ལ་སོགས་པའི་ངོ་བོ་ཞེ་སྡང་གི་ཚོགས་རྣམས་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །ཞེ་སྡང་ཆེན་པོ་དགྲ་ཆེ་བ་ཡང་མདོར་བསྟན་པ་སྟེ
དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཨོ། །དམ་ཚིག་ནི་འདུས་པ་སྟེ་ཟླ་བ་བདུད་རྩིའི་ཁུ་བའི་བདེ་བ་འཕོ་བ་མེད་པའི་ངོ་བོ་ཟབ?་སྟེ་གཏི་མུག་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །གཏི་མུག་ཆེན་པོ་གཏི་མུག་བློ་ཅན་རྣམས་ཀྱི་གཏི་མུག་གསོད
པར་བྱེད་པ་ཡང་མདོར་བསྟན་པ་དེའི་ཕྱིར་དམ་ཚིག་སེམས་དཔའ་ཨོ། །གང་གི་ཕྱིར་དེ་ཉིད་སྐུ་ལ་སོགས་པའི་རྡོ་རྗེ་རྣམས་ཀྱི་ཤེས་རབ་གཟུགས་དང་མི་འགྱུར་བའི་ཐིག་ལེ་རྣམས་དང་བཅས་པ་གཅིག་ཏུ་སྦྱོར་བ་ལས་གཅིག་པ་ཉིད་ནི་ཁྲོ་བ
ལས་ངེས་པར་རྒྱལ་བ་ཁྲོ་བོ་ཆེན་པོ་སྟེ་བདུད་ལས་རྣམ་པར་རྒྱལ་བའི་ཕྱིར་རོ། །ཁྲོ་བོའི་བདུད་རྣམས་ཀྱི་དགྲ་ཡང་མདོར་བསྟན་པའོ་ཞེས་པ་རྡོ་རྗེའི་རྣལ་འབྱོར་རོ། །གང་གི་ཕྱིར་རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེན་པོ་དེ་ནི་དུས་ཏེ་ཐབས་དེ་ལས་མཛའ་
ཡས་པའི་སེམས་ཅན་གྱི་དོན་ཡོངས་སུ་མི་འདོར་བ་ནི་འཁོར་ལོ་ཞེས་བྱ་སྟེ་བཅོམ་ལྡན་འདས་སོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་གྲོལ་ནས་ཆགས་ཆེན་པོ། །འགྱུར་བའི་ཆགས་པ་སེལ་བར་བྱེད་ཀྱང་མདོར་བསྟན་པའོ་ཞེས་པ་དུས་ཀྱི་འཁོར་ལོའོ། །
རྩ་དྲུག་གི་རང་བཞིན་རྩིབས་དྲུག་པའི་འཁོར་ལོ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདི་རྣམས་སོ་སོར་རྣམ་པ་དྲུག་གོ་། དེ་ལ་དུང་ཅན་མའི་རང་བཞིན་འོག་གི་རྩིབས་ལ་མི་འགྱུར་བའི་ཡེ་ཤེས་སོ། །ར་ས་ནཱའི་རང་བཞིན་ལྷའི་རྩིབས་ལ་མི་འགྱུར
བའི་ཚོར་བའོ། ། བ་དྷཱུ་ཏཱིའི་རང་བཞིན་སྟེང་གི་རྩིབས་ལ་མི་འགྱུར་བའི་རྣམ་པར་ཤེས་པའོ། །བཤད་བའི་རྩའི་རང་བཞིན་ནུབ་ཀྱི་རྩིབས་ལ་མི་འགྱུར་བའི་གཟུགས་སོ། །གཅི་བའི་རྩའི་རང་བཞིན་ཤར་གྱི་རྩིབས་ལ་མི་འགྱུར་བའི་འདུ
བྱེད་དོ། །ལ་ལ་ནཱའི་རང་བཞིན་བྱང་གི་རྩིབས་ལ་མི་འགྱུར་བའི་འདུ་ཤེས་སོ། །ཞེས་པ་ཕུང་པོ་དྲུག་རྣམས་སོ། །རིགS་དྲུག་པོ་དེ་རྣམས་ཉིད་རིམ་པ་ཇི་ལྟ་བར་མི་འགྱུར་བའི་ཡེ་ཤེས་ལ་སོགས་པ་ཁམས་དྲུག་རྣམས་ཀྱིའོ། །དེ
བཞིན་དུ་མི་འགྱུར་བའི་ཡིད་ལ་སོགས་པའི་དབང་པོ་དྲུག་པོ་རྣམས་དང། །དེ་བཞིན་དུ་མི་འགྱུར་བའི་སྒྲ་ལ་སོགས་པའི་ཡུལ་དྲུག་པོ་རྣམས་དང། །དབང་པོས་ཉེ་བར་མཚོན་ནས་མི་འགྱུར་པའི་མཆོག་གི་དབང་པོ་དང་ལག་པ་དང་གཅི་བའི་ལམ་དང། བཤད
ལམ་དང་ངག་དང་རྐང་པ་ཞེས་བྱ་བ་ལས་ཀྱི་དབང་པོ་རྣམས་དང། དེ་བཞིན་དུ་ཡུལ་གྱིས་ཉེ་བར་མཚོན་ནས་མི་འགྱུར་པའི་ཁུ་བ་འཕོ་བ་དང་ལེན་པ་དང་གཅི་བ་འཛག་པ་དང། བཤད་བ་འཛག་པ་དང་རྗོད་པ་དང་འགྲོ་བ་ཞེས་བྱ་བ་ལས་ཀྱི་དབང་པོའི་བྱ་བ
རྣམས་ཀྱིའོ། །སུམ་ཅུ་རྩ་དྲུག་པོ་འདི་རྣམས་ཀྱང་རིམ་པས་དཀྱིལ་འཁོར་ལ་སྟེ་འདོད་པ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་སེམས་དཔའ་དང་འདོད་ཆགས་ཆེན་པོ་ཞེས་བྱ་བ་རིན་ཆེན་དབང་པོ་དང་ཁྲོ་བ་ཆེན་པོ་ཞེས་བྱ་བ་མི་བསྐྱོད་པ་དང། གཏི་མུག་ཆེན་པོ་ཞེས་བྱ་བ
རྣམ་པར་སྣང་མཛད་དང། ཞེ་སྡང་ཆེན་པོ་ཞེས་བྱ་བ་དོན་ཡོད་གྲུབ་པ་དང། ཆགས་པ་ཆེན་པོ་ཞེས་བྱ་བ་འོད་དཔག་མེད་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། གོས་དཀར་མོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །སྤྱན་མ། སྒྲོལ་མ། མ་མཱ་ཀཱི་རྣམས་དང། ཀུན་ཏུ
བཟང་པོ་སའི་སྙིང་པོ་ཕྱག་ན་རྡོ་རྗེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ། ནམ་མཁའ་ཨི་སྙིང་པོ། འཇིག་རྟེན་དབང་ཕྱུག་རྣམས་དང། སྒྲ་རྡོ་རྗེ་མ། རོ་རྡོ་རྗེ་མ། ཆོས་དབྱིངས་རྡོ་རྗེ་མ། དྲི་རྡོ་རྗེ་མ། རེག་བྱ་རྡོ་རྗེ་མ། གཟུགས་རྡོ་རྗེ་མ་རྣམས་དང། གནོད་མཛེས། ཤེས་རབ་མཐར
བྱེད། གཙུག་ཏོར་འཁོར་ལོ་བསྒྱུར་བ་གཤིན་རྗེ་མཐར་བྱེད། བགེགས་ཆེན་མོ། །ཧེངས་བྱེད་མ་རྣམས་སོ། །ལྷ་སུམ་ཅུ་རྩ་དྲུག་ལ་།རྨུགས་བྱེད་མ། དྲག་སྤྱན་མ། རེངས་བྱེད་མ། བརྩོན་འགྲུས་ཆེན་མོ། །ཁེངས་བྱེད་མ་རྣམས་སོ། །ལྷ་སུམ་ཅུ་རྩ་དྲུག
ལ་ཁྱབ་པར་བྱད་པ་བསམ་དུ་མེད་པའི་ཐུགས་རྗེ་འདི་ཡང་སྒྲིབ་པ་དང་བཅས་པའི་འདོད་ཆགས་ལ་སོགས་པ་འགོག་པའི་ཕྱིར་ཁྲོ་བོའི་རྒྱལ་པོ་སྟེ། འདོད་པ་ཆེན་པོ་ལ་སོགས་པ་གདོང་དྲུག་པོ་འཆི་བདག་གི་བདུད་ལ་སོགས་པ་རྣམས་འཇིགས་པར་
བྱེད་པ་ཉིད་ཀྱི་ཕྱིར་འཇིགས་བྱེད་ཅེས་པ་སྟེ། བརྗོད་པའི་ཡེ་ཤེས་ལ་སོགས་པ་རིགས་དྲུག་རྣམས་ཀྱིས་ཡོངས་སུ་དག་པའོ། །ལུས་ཞེས་པ་སྐུའི་དཀྱིལ་འཁོར་དང་གསང་བ་དབང་པོ་གསུང་གི་དཀྱིལ་འཁོར་དང། སེམས
ཏ་ཧུགས་ཀྱི་དཀྱིལ་འཁོར་ཏེ་གསུམ་པོ་འདི་རྣམས་ཀྱི་བདག་ཉིད་འདི་ནི་རིགས་དྲུག་གི་དཀྱིལ་འཁོར་ལམ་བསྒོམས་པས་གྲུབ་པ་དག་པ་དེ་ཡང་སྔར་བརྗོད་པའི་ཤེས་རབ་ཐབས་ཀྱི་རྡོ་རྗེ་གསུམ་རྣམ་པར་དག་པ་དྲུག་པོ་རྣམས་ཀྱི་རྡོ་རྗེ་སེམས་པ་ཉིད་བསམ
དུ་མེད་པའི་ཐུགས་རྡོ་རྗེ་ཉིད་དུ་འགྲུབ་པར་འགྱུར་རོ། །དབང་མདོར་བསྟན་པ་ཞེས་བྱ་བ་དབང་བཅུ་གཅིག་གི་བསྒྲུབ་ཐབས་དང་མཆོག་ཏུ་མི་འགྱུར་བའི་དབང་གི་སྒྲུབ་པའི་ཐབས་ཀྱང་རབ་ཏུ་བརྗོད་པ་དང་རྩ་དང་རིགས་ཀྱང་རབ་ཏུ་གསལ་བར་བརྗོད་པ་འདི་ནི།
ཀྱེ་ཟླ་བ་བཟང་པོ་ཕྱག་ན་རྡོ་རྗེ། མདོར་བསྟན་པ་ཡིས་ནི་མདོར་བསྡུས་པ་ཡིས་ཏེ་གསལ་བར་བཤད་དོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དག་པ་དོན་དམ་གསལ་བྱེད་པ། སྒྲིབ་དང་མུན་པ་ཐམས་ཅད་འཇོམས། །འགྲོ་བའི་གདུང་འཕྲོག་འདི་ནི
དཔང། མདོར་བསྟན་ཟླ་བའི་ཟླ་འོད་དོ། །ཞེས་དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་པ་བསྡུས་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ནཱ་རོའི་ཞབས་ཀྱིས་མཛད་པ་རྫོགས་སྟོ།། །།ཁ་ཆེའི་པཎྜི་ཏ
ད་ྷརྨཱ་དྷ་ར་དང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བལ་པོའི་མཐིལ་དུ་བསྒྱུར་བ་ལས་སླར་ཡང་ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་ཚུལ་རིག་པ་རིན་ཆེན་རྒྱལ་མཚན་གྱིས་དཔལ་ལྡན་ས་སྐྱའི་ཆོས་གྲཝ་ཆེན་པོར་ལེགས་པར་བསྐྱུར་ཅིང་ཞུས
ཏེ་དག་པར་བྱས་པའོ། ། །།འདིས་འགྲོ་བ་དུམ་ལ་ཕན་པར་གྱུར་ཅིག། །།ལེགས་པའི་བུ་དཔལ་འཛིན་དགའ་བས་མཛད་པའི་དབང་མདོར་བསྟན་པའི་བཤད་པ་བཞུགས་སོ།། །།རྒྱ་གར་སྐད་དུ། སེ་ཀོད་དེ་ཤ་ཊི་བྱ་ཎི།
བོད་སྐད་དུ།
CLOSE WINDOW