CLOSE WINDOW

N4676: འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་མན་ངག་ཟབ་མོ
Wyliee-texts based on the ACIP/ALL Input

། །།འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་བའི་མན་ངག་ཟབ་མོ་བཞུགས། །སྲིད་བ་གསུམ་གྱི་བླ་མ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་ཞལ་སྔ་ནས། །བཀོད་བར་གྱུར་བ་རྩ་བའི་མཛོད། །སེམས་ཅན་ཀུན་ལ་རྗེས་བརྩེ བས། བདག་གིས་རབ་ཏུ་བརྗོད་པར་བྱ། །ཀ་ན་ཀ་པཉྩ་དགི་བླངས་ནས་ཨ་ལམ་བུ་ཥ་དང། ཆང་གི་ས་བོན་དང་སྒེའུ་གཤེར་དང། པི་པི་ལིང་གི་ས་བོན་དང། འདི་རྣམས་ཀཉྫི་ཀ་དང་བཏགས་ནས་པྲི་ཥ་ཎ་ལ་བྱུགས་ན། ཀུ་རཎྜ་སེལ་བར་བྱེད་དོ། །མ་ཧེའི་མར་སེར་དང་ནས་ཀྱི ཕྱེ་དང། ནཱ་ག་བ་ལ་དང། ཤུ་དག་དང། ཨ་ཏི་བ་ལཱ་དང། བ་ལཱ་དང། འདི་དག་ཐམས་ཅད་གཅིག་ཏུ་བྱས་ནས་ཉེད་པར་བྱས་ན། སྦོམ་པོར་བྱེད་བའི་མཆོག་གོ། གཏུན་ཤིང་ལྟ་བུར་འགྱུར་རོ། །མར་སར་དང། ཤུ་དག་དང། རུ་རྟ་དང། བ་ལཱ་དང། ནཱ་ག་བ་ལ་རྣམས ཀྱིས་ནུ་མ་མཆོག་ཏུ་མཉེས་ནད་ཡིས་བུམ་པ་ལྟ་བུར་འགྱུར་རོ། །ན་མལྡེང?་རྣམས་མཚན་མོ་བདུན་གྱི་ཉེ་བར་སྦྱོར་བས་དག་མི་གསལ་བ་དག་པར་འགྱུར་རོ། །བྱི་ཏང་གིའི་སྙིང་པོ་སྲང་གཅིག། ཨ་རུ་ར་སྲང་གཅིག། བ་རུ་ར་སྲད་གཅིག་དང། བུ་རམ་སྲང་དྲུག་སྟེ་འདི་དག་མཉམ་པ་ཆུ་དང་བཅས་པ་ཟོས་ན། རླུང་ནད་མ་ལུས་པ་སེལ་བར་ཐེ་ཚོམ ?་ཚངས་བའི་དབྱུག་པ་དང། ཤུ་དག་དང། རུ་རྟ་དང། པྲི་ཡང་གུ་དང། ནཱ་ག་གེ་སར་རྣམས། སོ་རྩི་དང་བཅས་པ་བུད་མེད་ལ་བྱིན་ན་གཞན་གྱིས་དབང་དུ་བྱེད་བར་འགྱུར། །སྐར་མ་རྒྱལ་ལ་མྱོས་བྱེད་ཀྱི་འབྲས་བུ་བླངས་ཏེ། སྐར་མ་སྐག་ལ་ཤུན་པ་དང། སྐར་?་བཞི་ལ་འདབ་མ་དང། སྐར་མ་ནག་པ་ལ་མེ་ཏོག་དང། སྐར་མ་སྣུབས་ལ་རྩ་བ་རྣམས་བླངས་ཏེ། འདི་རྣམས་ཕྱེ་མར་བྱས་ནས་སྦྲང་དང་ལན་ཅིག་རིལ་བུ་བྱས་ཏེ། །རས་ཀྱིས་བསན?་ཅོ་བཅིངས་ནས་དྲིལ་ཏེ་གཟུངས་ནས་ཕྱེ་མར་བྱས་ཏེ། སོ་? དང། མཉམ་དུ་གང་ལ་བྱིན་པ་དེ་ཐམས་ཅད་མོད་ལ་དབང་དུ་འགྱུར་རོ། །ཧྲཱིཾ་གྷྲུཾ་བི་ཀྲི་ཏཱ་ན་ན་ཧྲུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྔགས་འདི་འདབ་མ་ལ་བྲིས་ནས་གང་བ་བྱིན་པ་དེའི། ཉིན་གཅིག་པ་དང། ཉིན་གཉིས་པ་དང། ཉིན་གསུམ་པ་དང། རིམས་མི་བཟང་པ་སེལ་བར་བྱེད་དོ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཨརྱཱ་བ་ལ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཧྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏ་དྱ་ཐཱ། ཨོཾ་ཨ་རི་ཀ་རི་ཀ་ར། བི་ཀ་རེ་སྟམ བྷ་ནི་བི་ཀ་དེ་སྟམ་བྷ་ནི། སརྦ་རོ་ག་པྲ་ཤམ་ནི་སྭཱཧཱ། སྡགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཁ་ལ་བྱབས་ཤིང། གོས་ལ་མདུད་པ་བྱས་ནས། རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོ་ཁྲོས་པ་རབ་ཏུ་དང་བར་འགྱུར རོ། །བ་ལང་གི་སོ་དང་བྱ་རོག་གི་?་མཉམ་པར་བཏགས་ཏེ། གང་གི་མགོ་ལ་གཏོར་བ་དེ་ཐམས་ཅད་དབང་དུ་འགྱུར་རོ། །ཡུངས་དཀར་དཀར་པོ་དང། ཤི་བ་ནི་རྨཱ་ལྱ། གང་གི་ཁྱིམ་དུ་བཞག་ན་དེ་སྐོད་བར་བྱེད་དོ། །སཱ་ཁ ?་རྩ་བ་དང། བ་རུ་རའི་རྩ་བ་གཅིག་ཏུ་བྱས་ནས་གང་གི་ཁྱིམ་དུ་བཞག་ན། དེའི་ཕྱི་མ་དུ་རྟག་ཏུ་འཐབ་མོ་འབྱུང་ངོ། །ལྒ་དང། པི་པི་ལིང་དང། ཕོ་བ་རིས་དང། འཇམ་འབྲས་དང། ཡུད་བ་དང། སྐྱེར་བ་དང། རྒྱམ་ཚ་དང རིའི་?་དང། ?་སྤོས་ཀྱི་རྩ་བ་དང། སཾ་ཁ་ནཱ་བྷ་སྟེ། འདི་དག་ཐམས་ཅད་ཆུལ་བཏགས་ཏེ་མིག་སྨན་བྱས་ན། རབ་རིབ་མ་ལུས་པ་སེལ་བར་བྱེད་དོ། །ཝཱ་ཀུ་ཛི་ཀཱ་བྲི་གང་དང། རྒྱམ་ཚ་དང། རའིའོ་མ་ཆ་མཉམ་པ་བྱས་ནས། ?་ལས་མཆུ་དང་མ་ཉམ་པར་སྦྱར་ཏེ་ཟངས་ཀྱི་སྣད་དུ་བཞག་ནས། དེ་ལུས་ལ་དྲིས་ཕྱི་བྱས་ན་མཛེ་ནད་མ་ལུས་པ་སེལ་བར་བྱེད་དོ། །ལྕགས་ཀྱི་ཕྱེ་མ་དང། མཾ་སཱ་ཀཥྚ་དང། དེ་བཞིན་དུ་སྐྱུ་རུ་རའི་འབྲས་བུ་དང། ཁུ་བ་སྲད་བཅུ་དང། ?་དེས བསྒོས་ནས་ཉི་མ་ལ་བཞག་སྟེ། སླར་ཡང་ཝཱ་གུ་ཛི་ཀཱའི་ཕྱེ་མ། ཞོ་གང་བྱས་ནས་དཀྲུགས་ཏེ། རྒས་པ་འོ་མའི་བཟའ་བ་དང་ལྷན་ཅིག་ཐོས་ན་ཞག་བདུན་གྱིས་མཛེ་ནད་སེལ་བར་བྱེད་དོ། །དེ་ཡང་གལ་ཏེ་ལས་ཀྱི་དབང་གིས་ན་མི་འགྲུབ་བོ། །དེ་བཞིན་དུ་སྐྱུ་རུ་ཆ་བཅུ་དང། བྱི་ཏད་ག་ཆ་ལྔ་དང། ཨ་རུ་ར་ཆ་བཅུ་དང། ཙི་ཏྲཀ་ཆ་ལྔ་དང། ཝཱ་གུ་ཇི་ཆ་བདུན་དང། ལྕགས་ཕྱེ་ཆ་བརྒྱད་དང། ར་མོ་ཤག་ཆ་དགུ་དང། ཏིལ་མར་བསྲེས་པ་ཟླ་བ་གཅིག་གིས་སྐྲར་ཀར་འཇོམས་སོ། །འདི་ནི་བྱུག་པ་མདོར་བསྡུས་པའོ། །བྱེའུ་ཁཉྫ་རཱི ཊའི་རུས་པ་དང། སྦྲུལ་གྱི་མགྲིན་པའི་པགས་པ་དང། ཤིང་གང་ལ་སྦྱིན་པའི་བདུག་པ་དེ། ཤིང་དེའི་དྲུང་དུ་མཉམ་པར་དོར་རོ། །བྱེའུ་ཁཉྫ་རཱི་ཊའི་ཤ་དང། སྦྲང་རྩི་ལྷན་ཅིག་སྦྱར་ཏེ། བྱ་བའི་དུས་སུ་སྐྱེ་གནས་ལ་བྱུགས ཏེ། བུད་མེད་གང་ལ་སྐྱེས་བུ་མངོན་པར་སྒྲོད་པར་བྱེད་ན་དེ་དང་པོ་བཞིན་དུ་སྐྱེས་པ་དེའི་བུར་འགྱུར་རོ། །དགོན་པའི་འུག་པ་བཟུང་ནས་དེའི་མིག་དང། པི་པི་ལིང་གིས་བྱུགས་ཏེ། དེའི་རྡུལ་ལྷུང་བས་མིག་ལ་མིག་སྨན བྱས་ན། དེ་སྦས་པ་དེ་མི་མཐོང་ངོ། །སྔ་པཱི་ཏི་ཏ་བྱཱ་དྷ་ཏྲ་རོ་པ་ཎཱཾ་པྲ་ཡཙྪ་ཏི། ནས་ཀྱི་ཕྱེ་མ་དང། ཡུད་བའི་ཕྱེ་མ་དང། བའི་ཆུ་དང། མར་དང། སྤོས་དཀར་དང། ཤིང་མངར་རྣམས་མཉམ་པར་སྦྱར་ཏེ། གདོང་ལ་དྲིས་ཕྱི་བྱས་ན། ། གདོང་པདྨ་ལྟ་བུར་འགྱུར་རོ། །རྐང་པ་དག་པདྨའི་འདབ་མ་ལྟ་བུར་འགྱུར་རོ། །བུད་མེད་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་མཛེས་ཤིང་སྡུག་པར་འགྱུར་རོ། །ཡང་ཤིང་མདང་དང་བཏགས་ཏེ་རིལ་བུ་སྦྱར་ནས་ཆུའི་བུམ་པ་ད་བཅུག་ན། བསིལ་བའི་འགྱུར་རོ། །ོཾ་མཧཱ་བ་ལི་ཛ་ཡེ་སྭཱཧཱ། །གོས་ལ་ཡོངས་སུ་བཟླས་ཏེ་བསྒོས་ན་སྐལ་པ་བཟང་པོར་འགྱུར་རོ། །རིག་པ་འཛིན་པས་སྤྲེའུའི་མཇུག་མ་བླངས་ཏེ་སྦྲང་དང་བཏགས་ནས་ལྟེ་བའི་ཕྱོགས་སུ་བྱུག་ན་ལིང?་ག་ཀྱོན?་དུ་འགྱུར་བར་ཐེ་ཚོམ མེད་དོ། །དུརྦ་དཀར་པོ་དང། ཤུ་དག་དང། རུ་རྟ་དང། པིཎྜ་ཏ་ག་རའི་རྩ་བ་དང། སྲིན་ལག་གི་ཁྲག་རྣམས་མཉམ་པར་སྦྱར་ཏེ། དུར་ཁྲོད་ཀྱི་ཐལ་བ་དང་འདི་དག་སྦྱར་བས་སྐྱེས་པ་དང་བུད་མེད་དབང་དུ་བྱེད་དོ། །ཐང་? པ་དང། ཤུ་དག་དང། རུ་རྟ་དང། ཀཎྜ་ཀ་རི་དང། ས་ཏཱ་བ་རི་དང། འདི་དག་ཆ་མཉམ་པར་བྱས་ནས་ཏིལ་མར་གྱིས་སྨིན་བར་བྱས་པའི་ཏིལ་མར་དེས། ལིངྒ་ཉེད་པར་བྱས་ན་སྦོམ་པར་བྱེད་བའི་མཆོག་ཏུ་འགྱུར་རོ། །ལྕེའི་དྲི་མ དང། ཤུ་དག་དང། རུ་རྟ་དང། ནི་རྨལ་ཆ་མཉམ་པར་ཕྱེ་མར་བྱས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། ། ག་རུ་དང། གུ་གུལ་དང། ཤྭེ་བ་ཤུཥྐ་དང། ཨཽཏཔལ་སྔོན་པོ་དང། བུ་རམ་སྦྱར་བས་བདུག་པ་བྱས་ནས བདག་ཉིད་རྒྱལ་བོའི་ཕོ་བྲང་དུ་སོང་ན་མཆོད་པ་ཆེན་པོ་ཐོབ་ཅིང། བཙུན་མོ་རྣམས་ཀྱིས་དྲི་སྣོམ་པར་བྱེད་དོ། །བྱེའུ། བཉྫ་རཱི་ཊའི་བྲུན་བླངས་ཏེ། །སི་རི་སའི་ས་བོན་བྱུགས་པས་འཆི་པ་སེལ་ཏོ། །བྱ་རོག་གི་ལྕེ་དང། ཤུ? དག་དང། རུ་རྟ་དང། པི་པི་ལིང་དང། འབྲས་ཐུག་པོ་ཆེ་བདུན་དང། བདག་ཉིད་ཀྱི་ཁུ་བ་སྦྱར་ཏེ་གང་ལ་བྱིན་བ་དེ་དབང་དུ་འགྱུར་རོ། །ཤུ་དག་དཀར་པོའི་རྩ་བ་དང། གི་ཝང་ལྷ་རྣ་ཅིག་བཏགས་ཏེ། དེའི་ཐིག་ལེ་བྱས་ནས་གང་ལ་བལྟས? པ་དེ་དབང་དུ་འགྱུར་རོ། །དཎྜོཏཔ་ལའི་རྩ་བ་དང། སྦྲང་རྩི་ལྷན་ཅིག་བཏགས་ཏེ་རིལ་བུ་བྱས་ནས་གན་ལ་སོ་རྩི་དང་ལྷན་ཅིག་བྱིན་པ་དེ་དབང་དུ་འགྱུར་རོ། །ོཾ་བཱ་ར་སྱ་མུ་ཁམ་དྲིཥྚཱ་བཱ་ལ་རྐ་ས་མ་ཏེ་ཛ་སཱ། ཙ་ཏུརྠ་ཀམམ་ཧཱ་གྷོ་རམ་ཀྵི་པྲ་མེ་པ་པྲ་ཏ སྱ་ཏི། སྔགས་འདི་གྲོ་གའི་འདབ་མ་ལ་བྲིས་ཏེ་ལག་པ་ལ་བཏགས་ནས་རིམས་ཉིན་བཞི་པ་ཕྲལ་དུ་ཉམས་པར་བྱེད་དོ། །བཱ་གུ་ཛི་ཀའི་འབྲས་བུའི་ཕྱེ་མདར་བ་དང་ལྷན་ཅིག་བཏགས་ནས་དེ་དྲིས་ཏེ། དར་བའི་ཟན་དང། སྒྱུར་བ་ཐམས་ཅད་དང་ལྷན་ཅིག? ཟོས་ན་གཞང་འབྲུམ་དང། རྐང་འབམ་དང། འབྲུམ་ཕྲན་དང། མཛི་དང། མཚན་བར་རྡོལ་བ་དང་དུག་རྣམས་སེལ་བར་བྱེད་དོ། །བཱ་གུ་ཛི་ཀའི་འབྲས་བུ་དར་བ་དང་ལྷན་ཅིག་བཏགས་ནས་དེ་དྲིལ་བས་མེད་ཐམས་ཅད་དང། བི་ཙ་རྩི་ཀ་ལ་སོགས་པ་སེལ་བར བྱེད་དོ། །པཱ་གུ་ཛ་ཀ་བྲེ་གང་དང། སེང་ལྡེང་ཞོ་གང་མཉམ་པར་བྱས་ཏེ། ཆུ་བྲེ་བརྒྱད་དང་བཀོལ་བར་བྱའོ། །དེ་ནི་ཆ་ཕྱེད་ལུས་པ་ན་བཏུངས་ཏེ། །བྱ་རོག་གི་ལྕེ་དང། ཤུ་དག་དང། རུ་རྟ་དང། བིལྦའི་འདབ་མ་དང། གུར་གུམ་དང། བདག ཉིད་ཀྱི་ཁྲག་དང་མཉམ་པར་སྦྱར་བས་ཤིང་ཡང་དབང་དུ་བྱེད་དོ། །ོཾ་པི་ཤཱ་ཙའི་རུ་བེ་ཎཱ་ལིངྒ་ཡ་ཙུམྦ་ཡ། བྷ་གཾ་སཉྩེ་ཡཉ་སྭཱཧཱ། །སྔགས་ཀྱི་ཚིག་འདི་ཆུ་ཁྱོར་བ་གང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཉལ་བའི་དུས་སུར་གི་མ་གང་གི་མིང སྨོས་ནས་བཏབ་ན། ཞག་ཉི་ཤུ་རྩ་གཅིག་གིས་མིའི་དབང་པོའི་བཙུན་མོ་ཡིན་ནའང་དབང་དུ་འགྱུར་ན་གཞན་ལྟ་ཅི་སྨོས། །ཁྲག་སྐྲོད་པའི་རྩ་བ། ཀརྨ་རངྒའི་རྩ་བ་དང་སི་ཧཡའི་ལོ་མ་དང། འདི་དག་མཉམ་པར་བྱས་རྐང་བའི་མཐིལ་ལ་བྱུགས ན་ས་བོན་འཆིང་བར་བྱེད་དོ། ། རུ་ར་དང། ཞུ་མཁན་དང། ལུང་ཐང་གི་འདབ་མ་དང། དྷ་དུ་ར་དང། སེ་འབྲུའི་ཤུན་པ་དང། ས་ཁ་སྱ་ནངྒ་པྲ་མ་དོ་མཱ་ནཱཾ་ཏཱ་ཡེ་པཥྚཾ་ས་སི་ཁཾ་ཀ་རོ་ཏི། ཨོཾ་ར་ཙཎྜི་མཧཱ་ད་ཎྜཱ་ཡ་སྭཱཧཱ། སྔགས་འདིས་བདུན་དུ་མངོན པར་བསྔགས་ནས་གོས་ལ་སོགས་པར་མདུད་པ་བྱས་ན་བྱ་བ་མ་ལུས་པ་འགྲུབ་པར་འགྱུར་རོ། །ན་མཕྱག་གི་མདུན་དུ་དུད་པ་འཆགས་པར་བྱས་ཏེ་མིག་ལ་བྱུགས་པ་ཙམ་གྱིས་མི་སྣང་བར་འགྱུར་རོ། ཨོ་ཙི་ཏི་ཧེ་ཧེ། སྔགས་འདིས་ཆུ་དཀྲུགས་ཏེ་མིག་ལ་བྱུགས་ན་ཐེ་ཚོམ་མེད་པར་གྲུབ་པར་འགྱུར་རོ། །བྱ་རོག་གི་ཁྲག་དང། ཙ་སྦྱང་གི་མཁེིས་པ་དང འུག་བའི་རུས་པ་དང། འདི་དག་ཆ་མཉམ་པ་ཕྱེ་མ་ཞིབ་མོར་བྱས་ཏེ། རྒྱུ་སྐར་ནབ་སོ་ལ་བཏགས་ཏེ། མིག་ལ་བྱུགས་ན་མི་སྣང་བར་འགྱུར་རོ། །སཱ་ལ་པརྞི་ལག་པ་ལ་བཅིངས་ནས། ས་མ་རེ་ཀཱཎྚ་ཟློག་པར བྱེད་དོ། །ནམ་ཤཙཎྜ་བཛྲ་པཱ་ཎ་ཡེ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་།ཏདྱ་ཐཱ། ཨོཾ་བཛྲ་ཧྲི་ཀཤི་སཕཊ། རིག་སྔགས་འདི་ལན་ཅིག་བརྗོད་ཅིང། ཨོཾ་སཾ་ཙོ་རཾ་སྟཾ་བྷ་ཡ་སྭཱཧཱ། ཀཱ་ལ་སིམྦི་ཀའི་ཙ་བ་དང། ག་པུར་དང། པདྨ་གེ་སར་དང། འདི དག་ཆ་མཉམ་པར་བྱས་ནས། ཆུ་དང་བཏགས་ཏེ། རིལ་བུ་བྱས་ནས་གྲིབ་མ་ལ་བསྐུམས་ཏེ། རིལ་བུ་དེ་ལ་ཡང་དག་པར་རེག་པའི་སྐྱེས་བུའི་ལག་པ་གཡས་པར་པདྨ་འདབ་མ་བརྒྱད་པ་ཀུན་ནས་བྲིས་ཏེ། ལག་པ་དེས་བུད མད་ཀྱི་ལག་པ་གཡས་པ་བཟུང་ན་བུད་མེད་དེ་མོད་ལ་དབང་དུ་འགྱུར་རོ། །དྲི་བཟང་ཆེན་པོའི་རྩ་བ་རྐེད་ལ་བཅིངས་ན་ཁུ་བ་རེངས་པར་བྱེད་པའི་མཆོག་ཏུ་བསྟན་ནོ། །བ་རཱ་ཏ་ཀཱནྟའི་རྩ་བ་ཆུ་དང་བཏགས་ཏེ། རྐང་བའི་མཐིལ་ལ་བྱུགས་ན། ཁུ་བ་རེངས་པར་བྱེད་དོ། །ན་མཞིབ་ཏུ་བཏགས་ཏེ་བུད་མེད་ཀྱི་མགོ་ལ་བསྣུན་ན། མདག་གཞུག་ཏུ་འགྱུར། །ན་མརྩ་གཅིག་བཟླས་ཏེ། ཕྱོགས་བཞིར་གཏོར་ན། སྤྲང་བུ་རྣམ་སྐྲོད་པར་བྱེད་དོ། །ཀ་ར་བཱི་ར་དམར་བོའི་རྩ་བ་ལ་ལན་བདུན་བསྡགས་ཏེ་བུད་མེད་ཀྱི་མདུན་དུ་གཏོར་ན། བུད་མེད་དེའི་མོད་ཁོ་ན་ལ་དབང་དུ་འགྱུར་རོ། །ཁྲཧམ་ད་ཎཱི་དང། ཤུ་དག དང། ལོ་མ་རྣམས་སྦྲད་དང་ལྷན་ཅིག་བཏགས་ནས་ལིངྒ་ལ་བྱུགས་ནས་འདོད་པ་བྱས་ན་བདག་པོ་གཞན་འདོད་བར་མི་བྱེད་དོ། །པ་ཙ་ཀའི་མིག་བླངས་ནས་ཛ་ཏི་དང་སུ་ནདྷ་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཕྱེ་མ་དེས་མིག་སྨན་བྱས་ན། སྐྱེས་བུ་དབང་དུ འགྱུར་རོ། །བེ་ཙ་ཀའི་སྣུམ་བླངས་ནས་བའི་མར་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ནས་དུད་པ་དབབ་པར་བྱའོ། །དེས་མིག་སྨན་བྱས་ནས་འབྱུང་པོ་དང་ཤ་ཟ་རྣམས་ཀྱི་དབུས་སུ་རྩེ་བར་བྱེད་དོ། །པེ་ཙ་ཀའི་སྙིང་བླངས་ནས་ཆད་དང། ལྷན་ཅིག་ལུས་ལ་བྱུགས་ནས་འདོད་བ་བྱས་ན། བུད་མེད་ཐམས་ཅད་སྐྱེས་བའི་དབང་དུ་འགྱུར་རོ། །ཚངས་པའི་ཤིང་ག་རྩ་བ་ཁར་བཅུག་ན་ཁུ་བ་རེངས་པར་བྱེད་དོ། །ལྒ་དང། པི་པི་ལིང་དང། ན་ལེ་ཤམ་དང། རྒྱམ་ཚ དང། ཟིར་དང། ཟིར་ནག་པོ་དང། ཤིང་ཀུན་དང། སྒོག་པ་དང། ལན་ཚྭ་དང། ཤིང་ཆ་དང། འདབ་མ་དང། ཀུ་ཊ་རྣམས་ཆད་དང་བཏགས་ཏེ། ཕྲ་ཧཱ་རོ་སྠི་ཏེ་ན། ཨ་ཤེཥཱ་ཛི་རྞཱ་ཏརྦྷ་བཱ་ཤྭརྱ་རོ་གྱ:། དེ ཐམས་ཅད་ཉམས་པར་བྱེད་དོ། །གང་ཞིག་སུ་ཎྠཾ?་བཅུ་གཉིས་འཐུངས། །བད་ཀན་ཚོགས་ནི་འཇོམས་བྱེད་ཅིང། །རླུང་ཡང་ཉེ་བར་འདྲེན་པར་བྱེད། ། ཛི་རྞ་ཛ་ར་སརྱ་སུ་པཱི་ཧ་མཥྚོ་ད་ཀ་ནི་སཾ་ཨ་ཛ་མོ་ད་ཚ་བ་གསུམ རྒྱམ་ཚ་ཟིར་རྣམ་གཉིས་དང། །ཤིང་ཀུན་ཆ་བརྒྱད་མ་ཉམ་པར་བཟུང། །འདི་ཡི་ཕྱེ་མ་མར་སར་དང། །སྐྱེ་བོ་གང་ཞིག་ཟ་བྱེད་པ། །རླུང་གི་ནང་ནི་སེལ་བར་བྱེད། །མཱུ་ལམ་ཡསྟུ་པུ་ནི་བྷུ་བ་ཡཅ་ཨུརྞནྟ་སྱ་གུ་རོ?་ས་མི?་ཧི་ཏ་བ་ཏོ་ཛཱི་རྞེ་ཡ་ཥཥྚ་སི་ནསྲད་གསུམ། ལྒང་སྲད་གཅིག། པི་པི་ལིང་སྲང་གཅིག། ན་ལེ་ཤམ་སྲང་གཅིག། ནཱ་ག་གེ་སར་ཕྱེ?་མ་ཞོ་བཞི། ཕོ་བ་རིས་དཀར་པོ་ཞོ་ངོ། །སྡིག་སྲིན་རྭ་ཞོ་དོ། །དུག་ཞོ་ངོ། །འདི་དག་ཐམས་ཅད་ཕྱེ་མ་ཞིབ་?་? བུ་རམ་སྲད་ལྔ་བཅུ་རྩ་ལྔ་དང་བསྲེས་ཏེ། གང་གིས་ཟོས་པ་དེ་མེ་སྟོབས་སུ་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །མཛེ་ནད་བཅོ་བརྒྱད་ཉམས་པར་འགྱུར་རོ། །ཐང་བྱེད་ཀྱི་ནད་དང། གློ་དང་དབུགས་དང། དེ་བཞིན་དུ མཆིན་ནད་དང། སྐྱ་བབ་ད། འབྲས་དང། རླུང་ནད་དང། སྦྲུལ་དང། སྲིན་བུ་ལཱུ་ཏ་དང། དུག་ནད་སེལ་པར་བྱེད་དོ། །དེ་བཞིན་དུ་བརྟན་པ་དད་གཡོ་བ་འང་ངོ། །སྟོབས་གླང་པོ་ཆེ་དང་མཉམ་པར་འགྱུར་རོ། ། ཤུགས་རྟ་ལྟ་བུར་འགྱུར་རོ། །ཟླ་བ་གཅིག་གིས་མེར་འགྱུར་རོ། །རྣ་པ་ཕག་ལྟ་བུར་འགྱུར་རོ། །མིག་བྱ་རྒོད་ལྟ་བུར་འགྱུར་རོ། །འདི་ཐམས་ཅད་ཀྱིས་མི་འཕྲོག་པར་འགྱུར་རོ། །འཕགས་པ་རྒྱལ་མ་ཞེས་བྱ་བའི་རིལ བུ་ཡོངས་སུ་རྫོགས་སོ། ། །།ན་མོ་རཏན་ཏྲ་ཡཱ་ཡ། ན་མ་ཥཙཎྜ་བཛྲ་པཱ་ཎ་ཡ་མཧཱ་ཡཀྵ་སེ་ན་པ་ཏ་ཡ། ཏདྱ་ཐཱ། ཨོཾ་ཛཝ་ར་གྲི་ཎུ་ཛཝ་ར་གྲི་ཎུ་གརྫ་གརྫ། ཙྪརྡུ་ཙྪརྡུ། མུཉྫ་མུཉྫ། ཉིན གཅིག་པ་དང། ཉིན་གཉིས་པ་དང། ཉིན་གསུམ་པ་དང། ཉིན་བཞི་པ་དང། རིམས་མི་ཟད་པར་རྣམས། ཨ་ཊ་ཧ་ཊ་ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། ཧུ་རུ་ཧུ་རུ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། སི་རི་མུཉྩ་ཀ་ཎཱཾ་མུཉྩ?་ཧ?་ཞི་ད་ཡཾ་མུཉྩ མུཉྩ། ཌ་ད་ར་མུཉྩ། ཀ་བུཾ?་མུཉྩ་མུཉྩ་ཀཎྛ་མུཉྩ། ཧསྟ་མུཉྩ། བཱ་དོ་མུཉྩ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཆེ་གེ་མོའི་རིམས་ཉམས་པར་གྱིས་ཤིག་སྭཱཧཱ། རིམས་བཟློག་པའོ། །དབང་པོའི་ནས་དང། ཞུ་མཁན་དང། བུ་ཤེ་ཅི་དང་མ་སར?། སྤོས་དཀར། པ་མ། བཱི་ཏཱ། ནི་བ་ཊའི་འདབ་མ་རྣམས། གཅིག་ཏུ་བྱས་ནས་བཏགས་ཏེ་གདོང་ལ་བྱུགས་ན་གདོང་ཟླ་བ་ལྟ་བུར་འགྱུར་རོ། །ཀཱ་མ་ཡཱའི་རྩ་བ་གཙུག་ཏུ་བཅིངས་ན་གཉིད་དུ་འགྱུར་རོ། །ཀུ་ཐཱ?་རཙྪིནྣའི་ཙ་བ་ཁར་བཅུག་ན་རལ གྲི་ལ་སོགས་པ་ཟློག་པར་བྱེད་དོ། ། ལཾ་མུ་ཥཱའི་རྩ་བ་རྣ་བ་གཉིས་ལ་བཅིངས་ན་རིམས་ཉིན་བཞི་པ་ཉམས་པར་བྱེད་དོ། །དུར་ཁྲོང་དུ་སྐྱེས་པའི་དྲོ་ཎ་པུཥཔའི་ཁུ་བས་མིག?་བཀང་ན་མིག?་མེ་ཏོག་སེལ་བར་བྱེད་དོ། །ཀྵུ?་ར་ཨ་སི་ནི་ཀའི རྩ་བ་དང། གི་ཝ་ད་ལྷན་ཅིག་བཏགས་ནས་ཐིག་ལེ་བྱས་ན། རྒྱལ་པོའི་སྒོར་མཆོག་ཏུ་འགྱུར་རོ། །ཤྲི་གཱ་ལ་བསྟུ་ཀཱའི་རྩ་བ་རྣ་བ་ལ་བཅིངས་ན་མིག་ནད་སེལ་བར་བྱེད་དོ། །ས་ཁོ་ཊ་ཀའི་རྩ་བས། མགུལ་ནད་སེལ་བར་བྱེད་དོ། །བྷུ་མི ཙམ་པ་ཀའི་རྩ་བ་བཏགས་ནས་བཏུངས་ན་ལྟོ་བའི་ཟུག་སེལ་བར་བྱེད་དོ། །དཀའ་ཐུབ་པའི་ཆུ་འོངས་པ་དང། འབྲས་སཱ་ལི་དང། འབྲས་ཐུག་པོ་ཆེ་དང། ཀ་ར་དཀར་པོ་དང་ལྷན་ཅིག་བཏུངས་ན་བུད་མེད་རྣམས་ཀྱི་ཁྲག་འབབ་པ་སལ་བར བྱེད་དོ། །ཏྲི?་ཤྲུ་ལི་ཀའི་རྩ་བ་ཁར་བཅུག་ན་གླང་པོ་ཆེ་དབང་དུ་འགྱུར་རོ། །བྲི་ཧ་ཏཱི་དཀར་པོའི་རྩ་བ་འབྲས་ཐུག་པོ་ཆེའི་ཆུ་དང་བཏགས་ནས་བཏུངས་ན་རྡེ་ནད་སེལ་བར་བྱེད་དོ། །སུ་བཱཎྞ་སེ་ཕཱ་ལི་ཀའི་རྩ་བ་དར་བ་དང་ལྷན་ཅིག་བཏགས་ནས་བྱུགS པར་བྱིན་ནི་ཁྱ་རྔོ?་སེལ་བར་བྱེད་དོ། །མངོན་པར་བགྲོད་པའི་དུས་སུ་ཨགནི་བསྟུ་ཀའི་རྩ་བ་ཁར་བཅུག་ན་མོད་ལ་བུད་མེད་དབང་དུ་འགྱུར་རོ། ། ལ་མུ་ཥཱའི་རྩ་བ་ཀཾ་ཇི་ཀ་དང་བཏགས་ནས་མགོ་བོ་ལ་བྱབས་ན་མགོའི་ནད་སེལ་བར་བྱེད་དོ། །རྐ་དཀར པོའི་རྩ་པ་དང་བ་དད་བཏགས་ནས་བཏུངས་ན་མིག་སེར་སེལ་བར་བྱེད་དོ། །ནཱ་ག་ལམ་ཛ་ཏིའི་རྩ་བ་ཁར་བཅུག་ན་མི་སྣང་བར་འགྱུར་རོ། འོ་མ་དང་ལྷན་ཅིག་ཟོས་ནས་ཆགས་པར་བྱས་ན་བུ་སྐྱེ་བར་འགྱུར་རོ། །བྷོ་ཛ་ནཉྩ་ཨེ་ཀ་བ་ལ་ཡཱ་དུགདྷི?་ན་ས་ཧ་ཀཱ་ར་ཡ་ཏོ? མཁན་པའི་རྩ་བ་དང། དྲོ་ཎ་པུཥཔའི་རྩ་བ་དང། ཡུང་བ་དང། འབྲས་ཐུག་པོ་ཆེ་ལྷན་ཅིག་བྱས་ནས། དྲིལ་ཕྱི་བྱས་ཏེ། ཆུས་བཀྲུས་ན་གསལ་པོར་སྨྲ་བར་འགྱུར་རོ། །དེ་བཞིན་དུ་ནཱག་གེ་སར་དང། སྠ ལ་ཀུམྦྷཝི?་དང། ནཱ་ག་ད་མ་ན་ཀ་དང། ད་མ་ན་ཀ་པུཥཔ་རྣམས་ཀྱི་རྩ་བས་དྲིལ་ཕྱི་བྱས་ཏེ་ཆུས་བཀྲུས་ན། ཀླུ་ནོར་རྒྱས་ཀྱི་བུ་འང་དབང་དུ་འགྱུར་རོ། །ན་མཤཙཎྜ་བཛྲ་པཱ་ཎ་ཡེ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཡན? ལེ་ཨ་ན་ལེ་ཏུ་ཏུ་སྭཱཧཱ། །སྔགས་འདི་ཚ་བའི་ཏིལ་མར་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པར་བྱས་ཏེ། རྐང་པ་གཉིས་ལ་བྱུགས་ན་དཔག་ཚད་དུ་མར་མི་ངལ་བར་འགྲོ་བར་འགྱུར་རོ། །སྔོན་དུ་བསྙེན་པ་འབུམ་བྱས་པས་སོ། མཁའ་འགྲོས་རྣམས་ཀྱིས་ཕྱག་རྒྱ་འབྱེད་པར་འགྱུར་རོ། །བཅིངས་པ་གྲོལ་བ་ལས་བཟླས་བར་བྱའོ། །ན་མ:ཀུ་སུ་ནཱ་ལི་ཀཱ་ཡ་ཧི་མ་ར་དཱུ་རེ་ས་བ་རི་སྭཱཧཱ། བྱི་བ་སྒྲིབ་པར་བྱེད་པའི་སྔགས་སོ། ། པཱ་མརྒའི་རྩ་བ་ལ་བདུན་བསྔགས་པའི་སྲང བུ་ཡོངས་སུ་བཅིངས་ན་རིམས་ཉིན་གཅིག་པ་སེལ་བར་བྱེད་དོ། །བ་རཱ་ཧ་ཀྲཱནྟའི་རྩ་བ་ལག་པ་ལ་བཅིངས་ན་ལང་ཚོ་ཉམས་པ་ལའང་བུ་འབྱུང་ངོ། །དཎྜོ་ཏཔ་ལའི་རྩ་བ་དང། གེ་ཝང་ལྷན་ཅིག་བཏགས་ནས་ཐིག་ལ་བྱས་ཏེ་རྒྱལ་པོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོའི་ཕོ་བྲང་ལ་སོགས་པ་ཡུལ་འཁོར་གྱི་སྐྱེ་བོ་དགའ་བར་ངག་གནོན?་བ་འགྱུར་རོ། །ཀ་ཀོ་ལའི་རྩ་བ་ཕྲང་བར་བྱས་ན་སོའི་ཟུག་རྔུ་སེལ་བར་བྱེད། །ཏ་དྲ་སྠཱ་ཀྲི་མ་ཡ:ནཱ་ཤ་ཡ་ཏི། བྷྲི་ག་ར་ཛའི་རྩ་བ་དང། ཨ་པ་ར་ཛི་ཏའི་རྩ་བ་དང། མེ་ཏོག་ཕྱུངས ཏེ་མགྲིན་བར་བཅིངས་ན་ལྐོག་འབྲས་སེལ་བར་བྱེད་དོ། །བསྡུ་ཀའི་རྩ་བ་པཱ་སའི་ཆུ་དང་བཅས་བ་བཏུངས་ན་སྐྱ་རྦབ་ཀྱི་ནད་སེལ་བར་བྱེད་དོ། །ཏིཀྟ་ལ་ཤུའི་རྩ་བ་ཀཉྫི་ཀ་དང་བཏགས་ཏེ་སྤྱི་བོར་བྱུགས་ན་མགོ་བོའི་ཟུག་སེལ་བར་བྱེད་དོ། །སུ་བརྞ་སེ་ཕཱ་ལི ཀའི་རྩ་བ་སྦྲང་རྩི་དང་ལྷན་ཅིག་བཏུངས་ན། དྲི་ཆུ་འགགས་བ་སེལ་བར་བྱེད་དོ། །སི་ཛའི་རྩ་བ་བུ་རམ་དང་ལྷན་ཅིག་ཟོས་ན་གཉིད་དུ་འགྱུར་རོ། །བ་ཊའི་རྩ་བ་བཏགས་ནས་བྱིན་ན་མིག་སེར་སེལ་བར་བྱེད་དོ། །ཀཎྚ་ཀཱ་རའི་རྩ་བ་རྐེད་བ་ལ་བཅིངས་ན་མིག་ནད་སེལ་བར བྱེད་དོ། །སཱུམ་བཏྟ་དང། བྷཉྫ་ནའི་རྩ་བ་བཏགས་ནས་ལྒའི་ཁུ་བ་དང། རྒྱམ་ཚ་དང། ཏིལ་མར་ལྷན་ཅིག་བསྲེས་ཏེ་རྣ་བ་བཀང་ན། རྣ་བའི་ཟུག་རྡུ་སེལ་བར་བྱེད་དོ། །ཀྲིཥྞ་སཱ་ཀའི་རྩ་བ་བཏགས་ན་སའི་ཟུག་རྔུ་སེལ་བར་བྱེད་དོ། །གུཉྫའི་རྩ་བ་དུམ བུ་བདུན་དུ་བྱས་ནས་སྲད་བུ་བདུན་རྐེད་པར་བཅིངས་ན་གཞང་འབྲུམ་གྱི་ནད་སེལ་བར་བྱེད་དོ། །ན་བ་མ་ལིའི་རྩ་བ་མ་བཀྲུས་པ་བྱ་རོག་མི་སྒྲག་པའི་དུས་སུ་བདེ་བར་ཕྱུང་ནས་སྲད་བུ་བདུན་དང་བཅས་པ་རྐེད་པར་བཅིངས་ན་ཙིཏཱུན་སེལ་བར་མ་རུ་མགོ?་ནག བྱེད་དོ། །པཊཡའི་ལ་ཀའི་རྩ་བའི་སོ་ཤིང་ཟོས་ན་མིག་སེར་སེལ་བར་བྱེད་དོ། །སྔའི?་རྩ་བ་བཀོལ་ནས་བཏུངས་ན་མཛེ་ནང་སེལ་བར་བྱེད་དོ། །སྐྱུ?་རུ་ར་དང་ནིམ་པའི་ལོ་མ་ལྷན་ཅིག་བཏགས་ནས་ཟོས་ཏེ། སཱ་ཁོ་ཊ་ཀའི་རྩ་བ་དང། ཀཉྫི་ཀ་བཏགས་ནས་བྱུགS ན་རླུང་འབྲས་སིལ?་བར་བྱེད་དོ། །ས་ཎའི་རྩ་བ་ས་གྱི་དང་ལྷན་ཅིག་ཟོས་ན་དབང་པོའི་ནད་འབྱུང་བར་མི་འགྱུར་རོ། །འདབ་མ་དང་བཅས་པའི་དམན་ཀའི་རྩ་བ་བཏགས་ནས་བཏུངས་ན་ཡོངས་སུ་འགྱུར་བའི་ཟུག་རྡུ་སེལ་བར་བྱེད་དོ། །སུ་ཝརྞ་སེ་ཕཱ་ལི ཀའི་རྩ་བ་ཁར་བཅུག་ན་རྒྱན་རྒྱལ་བར་འགྱུར་རོ། །བ་སོ་རྟ་རའི་སི་ཕ་ཕྱུང་ནས་ལྟེ་བའི་ཕྱོགས་སུ་བཅིངས་ན་བུད་མེད་བདེ་བར་བཅའ་བར་འགྱུར་རོ། །ཡང་ཛ་ཡནྟིའི་རྩ་བ་ཁར་བཅུག་ན་ཐ་སྙད་ལས་རྒྱལ་བར་འགྱུར་རོ། །བ་རཱ་ཧ་ཀྲཱནྟའི་རྩ་བ་ལག་པ་ལ བཅིངས་ན་ཐ་སྙད་ཀྱིས་མ་ཐུབ་པར་འགྱུར་རོ། ། བ་ར་ཛུ་ཏའི་རྩ་བ་སྐོར་མ་རྒྱལ་ལ་ཕྱུང་ནས། རས་བལ་ལ་སྣུམ་བྱུགས་ཏེ་དུད་པ་དབབ་བར་བྱའོ། །དེས་མིག་སྨན་བྱས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ཀུནཔའི་རྩ་བ་སྐར་མ་རྒྱལ་ལ་བྱུང སྟེ། བྲར་སཱ་དཀའ་ཨི་གནས་སུ་བཞག་ན་ཚོང་རྒྱལ་བར་འགྱུར་རོ། །མ་ཡུར་སི་དཱའི་རྩ་བ་དང་གི་ཁུ་བ་དང་བཏགས་ནས་སར་མོལ་བྱུགས་ན་བུད་མེད་འཛག་པར་ཐེ་ཚོམ་མེད་དོ། །རཱ་མ་ར་ཏིའི་རྩ་བ་འདབ་མ དང་བཅས་པ་བཏགས་ནས་སེ་ཕལ་བྱུགས་ན་བུད་མེད་འཛག་གོ། ནཱ་ག་གེ་སར་གྱི་ཡུ་བ། རྨ་བྱའི?་གཙུག་ཕུད་ཨ་ཤོ་ཀའི་རྩ་བ་དང། སོ་རྩི་དང་ཆང་གང་ལ་སྦྱིན་པ་དེའི་ཨ་མཙྪེ་ཀ་ཞི་བར་བྱེད་དོ། །སུ་རི་དང་སུ་ནཱ་ལ་སོ་རྩི་བཅོས བ་ཟོས་ན། །བུ་པ་རངས་བའི་མཆོག་ཏུ་འགྱུར་རོ། །དྷྲིངྒ་རཱ་ཛའི་རྩ་བ་རང་གི་ཁུ་བ་དའ་བཏགས་པས་མིག་སྨན་བྱེས་ན། གང་དང་གང་མཐོང་བ་དེ་དང་དེ་དབང་དུ་བྱད་དོ། །རང་གི་ཁྲག་དང། གི་ཝང་གིས་ཐིག་ལེ་བྱས་ན བུད་མེད་གང་མཐོང་བ་དེ་དབང་དུ་བྱེད་དོ། །བྱི་ཏང་ག་དང། ང?་མོ་ཤ་བྷལླཱ་ཏ་ཀ་དང། ཙི་ཏྲ་ཀ་དང། ཨ་བྷ་ཡཱ་དང། ས་ནཱ་ག་རཱ་ངང་མཉམ་པའི་རིལ་བུས་མར་གསར་ལྷགས་ན་གང་ངལ་བར་འགྲོ་བའི་སྐྱེས་བུ་དེ་རླུང་དང་མཚུངས པར་འགྱུར་རོ། །བུད་ཤིང་གེ་ཁུ་བ་དང། འབྲས་བུ་གསུམ་དང། ལྕགས་ཀྱི་ཕྱེ་མ་དང། འདམ་གྱི་པདྨ་དང། བྷྲིངྒའི་ཁུ་བས་ཀྱང་ངོ། །རྨ་པབྷུ་ཛ་ན་མོས་བ་ནི་ཥྚཾ། རཉྫ་ཏི་ཀེ་ཤ་ཀ་པཱ་ལ་ན་སེཌདྷ་ཧཾ། གུཉྫ་དཀར པོའི་རྩ་བ་སྐད་མ་རྒྱལ་བྱུང་ནས། ཏེ་ན་དཥྚ་ཀ་སྱ་ན་སཾ་ཀཱ་ཡཔ་བཙལ་བར་བྱེད་དོ། །གུཉྪ་དཀར་པོའི་རྩ་བ་ཕྱེ་མ་ཞིབ་མོར་བྱས་ནས་མ་ཧེའོ་འོ་མ་ལ་བཅུག་ན་ཞོ་སྨིན་པར་འགྱུར་རོ། །སཱ་ཕོ་ཊཱ་ཀའི་འོ་མ་ཐིག་པ་གཉིས་བཅུག་སྟེ་།ལེགས་དན་སྨིན་པ་ཉི་མ་གསུམ་པ་ལ་བསྲུབས་པའི་? གསར་བླངས་ཏེ། དར་བ། ཏཀྲཉྩ་ཛ་ཧྭ་སཱ་པ་ཡ། མེ་ཏོག་དཀར་པོ་གཏོར་བར་བྱའོ། །ཉི་མ་གཞན་ལ་དེའི་མེ་ཏོག་ནག་པོར་འགྱུར་རོ། །མར་སར་དེས་ཐོད་པར་མིག་སྨན་དུ་འགྱུར་རོ། །ཛཾ་བཱི་རའི་རྩ་བ་བཏགས་ན། ཛིནྟི་ཀའི་ནད སེལ་བར་བྱེད་དོ། །པ་ནག་པ་ཏི་ཀའི་རྩ་བ་བཏགས་ན། བེམས་པོའི་ནད་སེལ་བར་བྱེད་དོ། །རི་ཏུ་བཱི་ཏཱིའི་འབྱུང་པོའི་ཉི་མ་བཞི་པ་ལ་ནཱ་ག་གེ་སར་གྱི་ལོ་མ་དང། ཁ་དོག་གཅིག་པའི་བའི་འོ་མ་བཏུངས་ན། ཉི་མ་བཞི་པ་ལ སྐྱེས་བུའི་མཛེ་ནད་སེལ་བར་འབྱེད་ད། །སྐྱུ་རུ་ར་གེ་སར་ལས་སྐྱེས་པའི་ཁུ་བ་དང་ལྷན་ཅིག་ལྕགས་ཀྱི་སྣོད་དུ་བཏགས་ཏེ། མིག་སྨན་བྱས་ནི་རབ་རིབ་སེལ་བར་བྱེད་དོ། །པཱུ་ནརྣ་ཝའི་རྩ་བ་དང། སོ་སོ་བྷཉྫ་ནའི་རྩ་བ་དང། ། འབྲས་ཐུག་པོ་ཆེའི་ཆུ་དང་བཏགས་ནས་དེ་ཉིད་བཏུངས་ན་མཁྲིས་པ་སེལ་བའི་མཆོག་གོ། ཏནཌུ?་ལི་ཀའི་རྩ་བས་མཁའ་འགྲོ་མའི་གདོན་ངག་གིས་བཟུང་བའི་སྙིང་གི་ཟུག་རྔུ་སེལ་བར་བྱེད་དོ། །ཀཉྩ་ནཱའི་རྩ་བ་དང། ཤུན་པ་དང། ངར བ་མཉམ་པར་བཏུངས་ན་ཟས་ཀྱིས་བ་རྣངས་པ་སེལ་བར་ཕྱེད་དོ། །འི་ཤྭ་རའི་རྩ་པ་དང་ཀཉྫི་ཀ་བཏགས་ནས་བྱུགས་ན། གདུག་པའི་རྨ་སེལ་བར་བྱེད་དོ། །དེ་བཞིན་དུ་གདུག་པའི་རྨའི་གནས་སུ་བྱུག་པར་ཡང་བྱའོ། །ཏྲི་སཱུ་ལི བའི་རྩ་བ་བཏགས་ནས་བྱུག་པར་བྱིན་ན། དུག་ནད་སེལ་བར་བྱེད་དོ། །ཏཎྜུ་ལི་ཀྵའི་འདབ་མ་དང་བཅས་པའི་རྩ་བ་དང། ཨགནི་བསྟུ་ཀའི་རྩ་བའི་ཁུ་བ་བཏགས་ནས་ལུས་ལ་བྱུགས་ན་བཅུད་སྐམ་སེལ་བར་བྱེད་དོ། །སུ་ང་རཤ་ཀའི་རྩ་བ བཏགས་ནས་བྱུགས་ན། མིག་ནད་ཞི་བར་བྱེད་དོ། །?་ཛེ་ཏྭེའི?་རྩ་བ་རས་བལ་ལ་བཅིངས་ན་ཐ་སྙད་ལས་རྒྱལ་བར་འགྱུར་རོ། ། ཤྭ་གནཕའི་རྩ་བ་མར་དང་ལྷན་ཅིག་བཏུངས་ན། མངལ་བརྟན་པར་བྱེད་པའི་མཆོག་གོ་།སུ་ར་བྷི་ཏ་ག་ར? རྩ་བ་བཏགས་ནས་བྱུགས་ན། སྲིན་བུ་ལཱུ་ཏའི་དུག་སེལ་བར་བྱེད་དོ། །གི་རི་ཀརྞི་ཀའི་རྩ་བ་བཏགས་ན། ལྐོག་འབྲས་སེལ་བར་བྱེད་དོ། །ཽཏཔལ་སྔོན་པོ་དང། གནན་གྱིས་མི་ཐུབ་པའི་རྩ་བ་སྲོ་རྩ?་? བྱིན་ན་དབང་དུ་བྱེད་པའི་མཆོག་གོ། ཨ་བཱ་མཱརྒའི་རྩ་བ་དང། རྒྱམ་ཚོ་དང། ཀམ་ཛི་ཀ་ལྷན་ཅིག་ཟངས་ཀྱི་སྣོད་དུ་སྦྱར་ནས་མིག་སྨན་བྱས་ན་མིག་ཚག་པ་སལ་བར་བྱེད་དོ། །ཛ་ཡནྟའི་རྩ་པ་ཏིལ་མར་གྱིས་སྨན?་པར བྱས་ནས་ཟོས་ན་བཅུད་ཉམས་པར་བྱེད་དོ། །ཀ་རཉྫའི་རྩ་བ་དང། མ་ཧཱ་ཀཱ་ལའི་རྩ་བ་དང། ཊ་ཎུ་ལའི་ཆུ་བཏུང་བར་བྱིན་ན། སའི་དུག་སེལ་པར་བྱེད་དོ། །དེ་བཞིན་དུ་པུ་ན་རྣ་བཱ་དཀར་པོའི་རྩ་བ་ཕྱུང་ནས་སྣ་བུག་ཏུ བྱིན་ན། གདུག་པའི་དུག་སེལ་བར་བྱེད་དོ། །དཱ་ཐཱའི་རྩ་བ་དར་བ་དང་ལྷན་ཅིག་བཏུངས་ན་ཚང་པས་འཁྲུབ་སེལ་བར་བྱེད་དོ། །མན?་རཱའི་རྩ་བའམ་དང་ལྷན་ཅིག་བཏུངས་ན་རླུང་ནད་སེལ་བར་བྱེད། །རྐའི་རྩ་བ་དང། རི་ཥི་པཱུ་ཊོ་ལི་ཀའི་རྩ་བ་ས་བོན་དང་ལྷན་ཅིག་ཆུ་མཉམ་བར་བྱས་ནས་ཆུ་དང་བཏགས་ཏེ་བཤད་ལམ་དུ་བྱུགས་ན། གཞང་འབྲུམ་སེལ་བར་བྱེད་དོ། །དྲི་སཱུ?་ལི་ཀའི་རྩ་བའི་མ་དང་བཏགས་ཏེ། གི་ཝང་དང་ལྷན་ཅིག ཟངས་ཀྱི་སྣོད་དུ་བཞག་ནས་མིག་ལ་བྱུགས་ན། རབ་རིབ་སེལ་བར་བྱེད་དོ། ། རུང་དང། ཞུ་དེ་ཁན་དང། ལུང་ཐང་གི་འདབ་མ་དང། ཤིང་ཀུན་དང། ཤུ་ཐག་རྣམས་ཆུ་དང་ལྷན་ཅིག་བཏགས་ནས་གལ ཏེ་སོས་བཏབ་ན་འཆི་བ་དེའི་ཚེ་ཡང་འདི་བྱིན་ནི་རྣལ་དུ་གནས་བར་འགྱུར་རོ། །ཀོ་ཀི་ལཱཀྵའི་རྩ་བ་དང། གུ?་བཱུ་ཙཱི?་དང། བ་ཤ་ཀ་དང། དབྱུག་པའི་ཨཽཏཔལ་དང། སུ་ཝ་རྩེས་ཕཝ་ལི་ཀའི་ས་བོན་དང། གི་ཧ་ཏོའི?་རྩ་བ་དང། ཆེ་མཉམ པར་བྱས་ནས་ཡུངས་ཀར་གྱི་སྣམ་དང་ལྷན་ཅིག་བཏུངས་ན། རྐང་བམ་དང། རླུང་ནད་སེལ་བར་བྱེད་དོ། །གོ་ཛི?་ཧྭའི་རྩ་བ་དར་བ་དང་ལྷན་ཅིག་པ་ཏུངས་ན། རྐེར་བའི་ནད་སེལ་བར་བྱེད་དོ། །ཽཏཔ་ལའི་རྩ་བ་དའི་མར་དང་ལྷན་ཅིག་བཏུངས ན་བྲིཥ་ཎའི་རླུང་སེལ་བར་བྱེད་དོ། །ཀུ་ཛ་ཊའི་རྩ་བ་ཕྱིར་མར་བྱས་ནས་སྤྲང་དང་ལྷན་ཅིག་བྱིན་ན་རྩའི་རྨ་སེལ་བར་བྱེད་དོ། །པ་ར་མེ་སྭ་རའི་རྩ་བ་དང། ཤུ་ཐག་བྱུགས་ན་འབྲས་སེལ་བར་བྱེད་དོ། །སུ་ཎྜི་ཀཱའི་རྩ་བ་དང། ལྒ་དང་ལྷན་ཅིག ལག་པ་ལ་བྱུགས་ན། མེ་རེངས་པར་བྱེད་དོ། །བནདྷུ་ཀིའི་རྩ་བ་སྣར་བྱིན་ན་སྣ་ནང་སལ་བར་བྱེད་དོ། །བ་རཱ་ཧ་ཀྲཱནྟའི་རྩ་བ་ཡུངས་ཀར་གྱི་མར་དང་ལྷན་ཅིག་ཁར་བ་ནུག་ན། སྐྱེ་བོ་ཐམས་ཅད་ཀྱི་མིག་འཆིང་བར་བྱེད་དོ། པཱ་ཋཱ་མཱུ་ལཾ། ཨོཾ་ཁངྒ་ཝཱ་རི་ཎཱི་སྭཱཧཱ། ཞེས་པའི་སྔགས་ཀྱིས་ཁ་ལ་བཏབ་ནས་མཚོན་བཟའ་བར་བྱའོ། ། ག་རུ་དང། གུ་གུལ་དང། ཤཱི་ཝཱ་ས་དང། ཙན་དན་དང། ནེ་པཱ་ལི་?་འདབ་མ་དང། ནི་མཱས་རྣམས་བུ རམ་དང་ལྷན་ཅིག་ཆ་མཉམ་པར་བྱས་ནས་བདག་ཉིད་བདུགས་ཏེ། རྒྱལ་པོའི་ཕོ་བྲང་དུ་ཕྱིན་ན་སྐྱེ་བོ་ཐམས་ཅད་ཀྱིས་དེའི་དྲི་སྣོམ་པར་བྱེད་ཅིང། ཐམས་ཅད་མདག་གཞུག་ཏུ་འགྱུར་རོ། །ཏིལ་ནག་པོ་དང། སྐྱུ་རུ་ར་དང། བྷྲིངྒ་རཱ་ཛ་དང། ། འདི་དག་ཆ་མཉམ་པར་བྱས་ནས་མར་དང་ལྷན་ཅིག་ཟོས་ན་སྐྲ་དཀར་དང། རབ་རིབ་དང། སྐྱ་རྦབ་རྣམས་སེལ་བར་བྱེད་དོ། །ཀཱ་ཀཱ་ཛེ་གཏའི་རང་བཞིན་བཤད་པར་བྱ་སྟེ། སྤན?་ཆེན་པོ་ཀཱ་ཀ་ཛིགཏ་ཨ་ཏི་བཱ་ལཱ། དེ་བཞིན་དུ་བ་ལ་ཎཾ་དང། པ་རཎྜུའི འདབ?་མདོད?། ཁུ་བ་དང། ཡུངས་ཀར་དཀར་པོ་དང། མཏཌ?་ཀའི་རིལ་མར་བྲ་གང་གིས་སྨིན་པར་བྱས་ཏེ། འདིས་རྩ་བ་བཀྲུས་ན་ཆུ་ཀླུང་གི་ཤུགས་ཀྱང་ཞི་བར་བྱེད་དོ། །ཀཱ་ཀ་ཛ་གྷཱའི་ཁུ་བ་བླངས་ཏེ། འདིའི་རྩ་བ་དང་བཏགས་ནས་རྨ་ལ་བཏབ།། ན། རྨ་གསོ་བའི་མཆོག་གོ། འདིའི་འདབ་མ་དང། འབྲས་བྲུག་བོ་ཆེའི་ཆུ་དང་བཏགས་ཏེ་བཀྲུས་ཤིང་བསྐུམས་ནས་རྨ་ཏིག་མར་གྱིས་བཀང་ན། རྩ་གསོ་བའི་མཆོག་གོ། འདིའི་འདབ་མའི་དབུ བ་དང། བ་ལང་གི་ཆུ་ལྷན་ཅིག་ཁས་བཟུང་ན་ཁའི་ནད་སེལ་བར་བྱེད་དོ། །ཀཱཀ་ཛཾ་གྷ་དང། སྐྱུ་རུ་ར་དང། བ་རུ་ར་དང། བྷྲིངྒ་རཱ་ཛའི་ཁུ་བ་བླངས་ནས། ཏིལ་གྱིས་ཏིལ་མར་གྱིས་སྨིན་བྱས་ན་ཁི་ཉ་འཕེལ་བར་བྱེད་དོ།། ཐོས་བ་རེངས་བ་སེལ་བར་བྱེད་དོ། །སྦྲང་དང་ལྷན་ཅིག་གིས་ལྐོག་འབྲས་སེལ་བར་བྱེད་དོ། །བྷལླཱ་ཏ་ཀ་དང། ལྷན་ཅིག་ཟོས་ན་མཛེ་ནད་སེལ་བར་བྱེད་དོ། །མར་སར་དང་ལྷན་ཅིག་གིས་སྐྱེས་བུའི་ནང་སེལ་བར་བྱེད་དོ། ། སྤོས་དཀར་དང་ལྷན་ཅིག་གིས་མཚན་བར་རྡོལ་བ་སེལ་བར་བྱེད་དོ། །ཁཎྜ་དང་ལྷན་ཅིག་གིས་ཁ་ནད་སེལ་བར་བྱེད་དོ། །བའི་ཆུ་དང་ལྷན་ཅིག་གིས་མེ་དཔལ་སེལ་བར་བྱེད་དོ། །འཕགས་པ་རྩ་བའི་མཛོད་སྨན་ཆེན པའི་རིམ་བ་སློབ་དཔོན་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་ཡོངས་སུ་རྫོགས་སོ། ། །།པྲི་ཡཾ་གུ་དང། ཀ་ཀོ་ལ་དང། ཤུ་དག་དང། རུ་རྟ་དང། ཡུངས་ཀརྤ་དཀར་པོ་དང། ནཱ་ག་བུཥཔ་དང། སྤོས་དཀར་རྣམས་ཀྱི་བདུག་པ་བྱས་ན་མྱུར་དུ་ཚོང་འབྱུང་བར་འགྱུར་རོ། །སྒོག་བ་ཟོས་ནས་ཨ་རུ་དང། ཀུ་ཊ་བཏགས་ན་དྲི་མ་མེད་པར་འགྱུར་རོ། །ཆད་བཏུངས་ནས་དུ་རྦ་བཏགས་ན་དྲི་མ་མེད བར་འགྱུར་རོ། །ཁ་རོ་ལཱའི་ཁུ་བ་བཏབ་ན་ཆད་དཀར་པོར་འགྱུར་རོ། །ཡང། སོ་སོ་བཱི་ར་བཏབ་ན་རང་བཞིན་དུ་གནས་བར་འགྱུར་རོ། །ཀཱ་ར་སུམ་ཁ་དཀར་བོའི་རྩ་བ་དང་རྨ་བྱའི་གཙུག་ཕུད་ཀྱི་རྩ་བ་དང། གཞན་གྱིས་མི་ཐུབ་བ་དཀར་པོའི རྩ་བ་རྣམ་གཅིག་ཏུ་བྱས་ནས་བཏགས་ཏེ་གྲིབ་མ་ལ་བསྐམས་པའི་རིལ་བུ་ཁར་བ་ཅུག་ཅིབ། ལུས་ལ་བྱུག་སུ་བྱས་ན་གཡུ་ལས་མཚོན་ཆ་བཟློག་པར་བྱེད་དོ། །སྐྱུ་རུ་རའི་རྩ་བ་དང། མེ་ཏོག་བྱུང་ནས་ཁར་བཅུག་ན་གཡུལ མཚོན་ཆ་རེངས་བར་བྱེད་དོ། །ཽ་དྡྷདྡྷ་ག་ལི་ཏཾ་བ་ནཱ་ནི་སིཀྟ་མྲིཏྟི་ཀཱཾ་གྲི་ཧཡ་དབཏོ་ད་ར་མ་རཧཡེ་པྲཀཱི་སྱ་ཡ་ཏ་གྲི་ཧ་ཕཊ་ལ་སྠ་ཡེཏ། ཏ་ཏྲ་ཨཻཥྨི་ཀཱ་ཡ་ཏ་ནྟི། ཙ་ཏུ་རྡ་ཤྱཱཾ། བ་ཧུ་བཱ་ར་བྲིཀྵ་སྱ་དཀྵི་ཎ་སཱ་ཁཱཾ་གྲི་ཧཡ་ཀ་ར་ཡི་ཏྲཝཱ་ཤྲིདྒ་མ་ཏཱི་ཤྣ་ཤ་ནགནི། ཏཏཔི་ཏཾ། ཕུག་རོན་གྱི་བྲུན་དང། ལྷམ་བུ་ཆུག་ཤེར་གྱི་ཆུ་དང། གུ་གུལ་དང། ཤིང་ཆ་དང། ན་གི་དང། རུ་རྟ་དང། ག་ན་ཀའི་ས་བོན་དང། འདི་དག་གིས་བདུགས་པའི་རིལ་བུ་སྦྱར་ཏེ། བདུག་སྤོས་འདིས་རྙེད ཕ་དང་བཅས་པའི་ཚོད་འབྱུང་བར་འགྱུར་རོ། །སྔགས་ནི་འདིའོ། །ོཾ་ན་མོ་ཙཎྜ་ཀུ་ཥ་ཀུ་རུ་ཀུ་རུ་སྭཱཧཱ།། །།འདི་ནི་བྱམས་པ་གླིང་གི་གཟིམས་ཁང་དུ་རྒྱ་དཔེ་བཞུགས་པ་ལས་ཆོས་རྗེ?་རིན་པོ་ཆེ་ངག་གི་དབང ཕྱུག་བསོད་ནམས་རྣམ་རྒྱལ་དཔལ་བཟང་པོའི་བཀའ་བཞིན་དུ། ཞལ་ལུ་ལོ་རྩ་བ་དག་སློང་ཆོས་སྐྱོང་བཟང་པོས་རྒྱ་དཔེ་བཞིན་ཇི་ལྟར་གོ་བ་རྣམས་བསྒྱུར་བའོ།། །།བླ་མ་དང་རྒྱས་སྨན་གྱི་བླ དྲང་སྲོང་ཚེའི་རིགས་བྱེད་འཛིན་པ་རྣམས་ལ་ཕྱག་འཚལ་ལོ།

CLOSE WINDOW