Wylie | e-texts based on the ACIP/ALL ![]() ![]() |
།འདིའི་དཔེ་ཕྱི་མོ་དང་བིཏཔ?་རྟ་དང་རྒྱུ་དཔེ་གསུམ་མཚམས་ཕུན། །བེ་རོ་ཙ་ནས་བསྒྱུར་བའི་འབུམ་ཤ་སྒྲོ་ཅན་གྱི་ནད་ན་ཡོང་དོ་སྐད།། །།ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པར་བྱེད་པའི
ཆོ་ག་ཞེས་བྱ་བ་སྨན་བླའི་སྒྲུབས་ཐབས་ཞུགས་སོ། ། །།*། །རྒྱ་གར་སྐད་དུ། སརྦ་ཀརྨ་ཨཱ་བར?། བི་ཤུདྡྷ་ཀ་ར་བིདྷི། །བོད་སྐད་དུ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པར་བྱེད་པའི་ཆོག་། རྗེ་བཙུན
སྒྲོལ་མ་ལ་ཕྱག་འཚལ་ལོ། །བླ་མའི་ཞལ་སྔ་ནས་ཀྱི་བཀའ་ཨི་གདམས་པས་བློའི་པདྨ་ཁ་བྱེ་བ། སྙིང་རྗེས་རྒྱུད་བརླན་ཞིང་བྱང་ཆུབ་ཀྱི་སེམས་བརྟན་བས། མཎྜལ་ལ་སོགས་པ་སྔོན་དུ་འགྲོ་བའི་ཆོ་ག
བྱས་ལ། སྙིང་བརྩ་པའི་སེམས་ཀྱིས་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྟན་པོར་བྱས་ནས། བསོད་ནམས་ཀྱི་ཚོགས་བསགས་པར་བྱའོ། །ོཾ་ཨ་གཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུ་ཏཔནྣ་ཏྭ་ཏ། ཚིག་གི་དོན
རྗེས་སུ་དྲན་པས་ཇི་ཙམ་ནུས་པས་ངལ་གསོ་པར་བྱའོ། །དམ་བཅས་པའི་རྗེས་སུ་དྲན་པས་དེ་ཉིད་ལས་མ་བསྐྱོད་བཞིན་དུ་སེམས་ཉིད་སྒྲའི་རྟམ་པར་གྱུར་པ་ལ་སོགས་པ་གཟུགས་ཀྱི་སྐུ་མངོན་པར་འབྱུང་པར་འགྱུར་རོ
། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཨ་རུ་ར་དད་བདུད་རྩིའི་ལྷུང་བཟེད་བསྣམས། །སེམས་དཔའ་གཉིས་པོ་སེར་དང་དཀར་བ་སྟེ། ཉི་མ་ཟླ་བ་ཅིག་ཤོས་འདུད་པར་བྱེད། རྣམ་པར
དག་པའི་ཆོ་ག་རྫོགས་པར་བྱས་ལ། གཞན་ཐམས་ཅད་སྙིང་པོ་བྱང་ཆུབ་ལ་བཞག་ནས། །བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་རྗེས?་སུ་དྲན་པ་བརྟན་པོར་བསྒོམས་ལ། བླ་མ་དམ་པའི་ཞལ་གྱི་གདམས་ངག
གི་། ཨོཾ?་བྷཻ་ཥ?་ཛེ་བྷཻ་ཥ་ཛེ་མ་ཧཱ་བྷཻ་ཥ་ཛེ་ས་མུངྒ?་ཏེ་སྭཧཱ། །ཞེས་ཇི་ཙམ་ནུས་པ་བཟླས་ལ་བཅོམ་ལྡན་འདས་མདུན་དུ་བཞུགས་པ་དང་བསྟོད་པ་བྱ་སྟེ། །བཅོམ་ལྡན་འདས་རྗེ་བཙུན་དེ་ཉིད་ཀྱི་སྨོན་ལམ་ཆེན
པོ་བཅུ་གཉིས་པོ་ལན་ཅིག་བརྗོད་པར་བྱའོ། །དེའི་རྗེས་ལ་རྨི་ལམ་གྱི་ཤེས་པས་དགེ་པའི་ལས་ལ་འབད་པར་བྱའོ། །ཐུན་མཚམས་སུ་ཇི་འཇིགས་ལ་སོགས་པའི་གནོད་སྦྱིན་ཆེན་པོ་བཅུ་གཉིས་ལ་གཏོད་མ་དབུལ
བར་བྱའོ། །གཞན་ཡང་ཐུན་མཚམས་སུ་བཅོམ་ལྡན་འདས་དེ་ཉིད་ཀྱི་མདོའི་པོ་ཏི་ཀླག་པ་དང་ཁ་ཏོན་དུ་གདོན་པར་བྱའོ། །གལ་ཏེ་ལས་ཀྱི་སྒྲིབ་པ་ཤིན་ཏུ་ཆེན་མདོ་དེ་ཉིད་ནས་གསུངས་པའི་ཆོ་ག་རྫོགས་པར།
བྱའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་བར་འཐག་པར་བྱེད་པའི་ཆོ་ག། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་པ
ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།
CLOSE WINDOW