CLOSE WINDOW

N4669: འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ
Wyliee-texts based on the ACIP/ALL Input

། རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པ་ར་མི་ཏ་མ་ཧཱ་པ་རི་པྲིཙྪ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ་ཞེས་བྱ་བ།། སངས་རྒྱས་དང བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། །རྟོགས་པའི་ཉི་ཟླས་མ་རིག་ལོག་རྟོག་བཅོམ། །ཐུགས་རྗེའི་དབང་གིས་འགྲོ་རྣམས་སྨིན་གྲོལ་མཛད། །དོན་གཉིས་མཐར་ཕྱིན་སྨྲ་བའི་སེང་གེ་ལ། །ལུས་དག་ཡིད་གསུམ དང་བས་ཕྱག་འཚལ་ལོ། །བརྗོད་བྱའི་སྙིང་པོ་རྩ་བ་བྲལ་བ་ཡི། །གཉིས་མེད་ཤེས་རབ་ཕ་རོལ་ཕྱིན་འདི་ལ། །རྟག་ཆད་དམིགས་པའི་མཛའ་ལས་གྲོལ་བར་ནི། །ཅི་ནུས་པར་ནི་འགྲོ་ལ་ཕན་ཕྱིར་བཤད། ། བཅའ་གཞི་གསུམ་གྱིས་བཀའ་ཡི་ཐོག་ཏུ་བཞག་། བཅོས་སླད་མེད་པའི་རིག་པ་ངོས་བཟུང་ངོ། །འཁོར་འདས་གཉིས་ཀྱི་རྩ་བར་གྱུར་པའི་སེམས་དེ་ལ་རྒྱུ་རྐྱེན་གང་ཡང་མ་གྲུབ་པས། སྐྱེ་མེད་གཅིག་ཆོད་རང་བཞིན་སྟོང་པ་ཉིད། དེ་ལྟར་རྟོགས་ན་སྡོང་པོ་རྩ་བཅད་བཞིན། །རྟོགས་པའི་ཡལ་ག་ནམ་ཡང་སྐྱེ་མི་འགྱུར། །དངོས་དང་དངོས་མེད་བློ་ལ་སྣང་བ་ཡི། །རྒྱ་ཆེའི་མཆོད་པས་བླ་མ་དཀོན་མཆོག་མཆོད། །ཕྱག་དང་མཆོད་པ་ཕུལ་ནས་ནི། །གུས་པས སྐྱབས་འགྲོ་སེམས་བསྐྱེད་བླངས། །སྲོད་གཅོད་ལ་སོགས་མི་དགེ་བཅུ། །བདག་སྤོང་གཞན་ཡང་དེ་ལ་བསྐུལ། །སྲོག་གཅོད་སྤོང་བ་དེ་དག་གིས། །མཐུན་འགྱུར་ལེགས་པར་བརྗོད་པར་བྱ། །མི་དགེ་བཅུ་པོ་སྤངས་ཙམ་གྱིས།། ལམ་མཆོག་རྙེད་པར་ག་ལ་འགྱུར། །ཕ་རོལ་ཕྱིན་པ་དྲུག་ལས་ནི། །བདག་སྤྱོད་གཞན་ཡང་དེ་ལ་བསྐུལ། །ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མཐུན་འགྱུར་ལེགས་པར་བརྗོད་པར་བྱ། །ཕ་རོལ་ཕྱིན་པ་དྲུག་ལ་སོགས། །དགེ བཅུ་ལ་སྦྱར་གྱུར་ཀྱང། རློམ་སེམས་སྐྱེས་ན་དེ་ལས་བཟློག་།གཉིས་མེད་ཕ་རོལ་ཕྱིན་པའི་དོན། །དགེ་སྡིག་བླང་དོར་དེ་དགོས་ཀྱིས། །མཛའ་དང་བྲལ་བར་མ་རྟོགས་ན། །འདུས་བྱས་དགེ་བ་བྱས་གྱུར་ཀྱང། །ཚེ་འདི་ཉིད་ལ གྲོལ་མི་འགྱུར། །དེས་ན་འདུས་བྱས་འདུས་མ་བྱས། །དཀར་དང་ནག་པོའི་ཆོས་རྣམས་ཀུན། །རྡུལ་ཙམ་དམིགས་པར་མི་བྱའོ། །འོན་ཀྱང་ཐམས་ལ་མ་བརྟེན་པའོ། །ཤེས་རབ་མངོན་དུ་མི་འགྱུར་ཏེ།། །སོ་ནམ་སྔོན་དུ་མ་སོང་བའི།། ལོ་ཐོག་མི་འབྱུང་བ་དང་མཚུངས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །དོན་ལ་ངེས་པར་མ་སྤྱད་ན། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང། །བརྩོན་འགྲུས་བསམ་གཏན་སྤྱད་གྱུར་ཀྱང། །ལོང་བ་སྣ་གཞུག་སྟོང་བ་བཞིན། །ལམ་རྒྱུས་རྙེད པར་ག་ལ་འགྱུར། །གཞན་ནས་མི་འཚོལ་དང་ལ་ཡོད། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །དངོས་དང་མཚན་མར་མ་གྲུབ་པའི། །རང་བཞིན་འོད་གསལ་ཆེན་པོའི་དོན། །ཡིད་ལ་བྱེད་པ་ཀུན་དང་བྲལ། །དྲན་རྟོག་རང་བཞིན་གྱིས་སངས པའི། །སངས་རྒྱས་རྗེས་སུ་དྲན་པར་སྒོམ། །ཕྱི་ནང་ལྷ་འདྲེ་འཁོར་དང་བཅས། །སྣང་དང་སྟོང་པ་ལ་སོགས་པ། །གཉིས་སྣང་བྲལ་ན་སངས་རྒྱས་ཡིན། །དགོངས་པ་མ་ནོར་མ་བཅོས་པའོ། །དཔེར་ན་ནམ་མཁའ་ཨི་དབྱིངས་དང་མཚུངས། ། ཐབས་ཀྱི་མཆོག་ཏུ་གྱུར་པ་ནི། །དབྱིངས་དང་རིག་པ་བསྲེ་བའོ། །དབྱིངས་རིག་འདྲེས་པའི་དུས་དག་ཏུ། །དངོས་དང་མཚན་མ་དགག་སྒྲུབ་དང། །དམིགས་པར་འཛིན་པ་རང་སངས་ཏེ། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །ཆོས་ཉིད དོན་ལ་གནས་པའོ། །དེ་ལྟར་ལུས་སེམས་མ་བཅོས་པར། །ནམ་མཁའ་སྟོང་པས་གང་ཁྱབ་པ། །རིག་པ་སོ་མས་ཁྱབ་པར་ནི། །རྒྱུ་བསྐྱེད་ཁྱབ་གང་ལ་ཆེན་པོར་བཞག་།དེ་ཚེ་རིག་པ་གཞི་རྩ་དང་བྲལ་བར་ཉམས་སུ་མྱོང་བ་ནི། དབང་པོ ལྔ་དང་ཕྱི་རོལ་ཡུལ། །རིག་པ་གང་ལ་ཡང་མི་གནས་སོ། །གཡང་ཁང་དུར་ཁྲོད་གཉན་ས་དང། །གྲོང་དང་གྲོང་ཁྱེར་ཆེན་པོ་དང། །ཕུག་དང་ཕྱུགས་གནས་དག་ཏུ་ནི། །གཉིས་སུ་མེད་པར་བསྒོམ་པར་བྱ། །བླ་མས་བསྟན་པའི་སྐྱེ་མེད དོན། །སྤྱོད་ལམ་རྣམ་བཞིར་ཉམས་སུ་བླང། །དེ་ལྟར་ཉམས་སུ་ལེན་པ་ལ། །ཕ་རོལ་ཕྱིན་པའི་བྱིན་རླབས་དང། །ཆོས་རྣམས་སྟོང་པར་རྟོག་པ་དེས། །བར་ཆད་འབྱུང་བར་མི་འགྱུར་ཏེ། །སྟོང་པ་ཉིད་ཀྱི་སྟོང་ཉིད་ལས། །གླགས་རྙེད་པར་ཡང ག་ལ་འགྱུར། །ཆོས་ཉིད་སྟོང་པའི་དོན་རྟོགས་ནས། །རྟགས་སམ་འབྲས་བུ་ཕྱི་རོལ་ན། །སྒོ་ལྔའི་ཡུལ་དུ་གཟུགས་དང་སྒྲ། །དྲི་རོ་རེག་བྱ་མ་ལུས་པ་།སྟོང་པ་ཉིད་དུ་རབ་གསལ་ཏེ། །ནང་དུ་ཉོན་མོངས་དག པོ་དང། །གཟུང་འཛིན་ཕྲ་མོ་སྐྱེས་གྱུར་ཀྱང། །རང་སྣང་རང་གྲོལ་རྩིས་ལས་འདས། །དེ་ལྟར་རྟོགས་ན་ཆོས་ཉིད་ལ། །གནས་ཤར་གྲོལ་བར་འགྱུར་བ་སྟེ། །གསེར་གླིང་དག་ཏུ་ཕྱིན་དང་མཚུངས། །སྐྱེས་བུའི་སྲོག་རྩ་ཆད་གྱུར་ན།། མིག་ལ་སོགས་པའི་དབང་པོ་ཡི། །སྒོ་ལྔ་ཆེད་དུ་དགག་མི་དགོས། །དེ་བཞིན་སེམས་ཉིད་རྩད་ཆོད་ན། །ཆོས་རྣམས་སྟོང་པར་རྟོགས་པར་འགྱུར། །སེམས་ཉིད་རྩ་བ་གཅོད་པ་དང། །ཉོན་མོངས་དུག་ལ་གཅོད་པ་དང། །ལྟ མཛའ་སྒོམ་པའི་འགྱུ་བྱེད་གཅོད། །སྤྱོད་པའི་ཉམ་པ་རེ་དོགས་དང། །ཤེས་པའི་སྙེམས་བྱེད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །མངོན་ཞེན་ཆགས་སྡང་ཐོག་བཅད་བདུད། །དེ་ལ་ཇི་ལྟར་སྤྱོད་ཞེ་ན། །ཉམས ཚད་རབ་འབྲིང་ཐ་མ་ཡི། །དྲན་མེད་ངང་ལ་བཞག་པ་དང། །དེ་ལ་གཏད་དེ་སྒོམ་པ་དང། །བརྟག་ཅིང་དབྱད་དེ་གཏན་ལ་དབབ། །དཔེར་ན་ནགས་ཆལ་འཐུག་པོ་ལ། །སྟོབས་དང་ལྡན་པའི་སྐྱེས་བུ་དང། །རྟ་རེ་རྣོན་པོ་ཇི་བཞིན་ནོ། ། ལྷ་འདྲེའི་ཆོ་འཕྲུལ་སྙམ་བྱེད་ནི། །ཐོག་མེད་གུང་ཅེས་བྱ་བ་སྟེ། །གཉན་ཐོག་གཉན་དབབ་ཤ་ཐོག་ཏུ། །མེ་ཚ་ཨ་ན་ཚུགས་སུ་བཞག་།དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་།སྐད་ཆེན་ཐིབ་འོག་དབང་དུ་བཞུགས། །ལྷ་འདྲེ་གཉིས ལ་ཉི་རིང་སྤངས། །གཉན་ཚན་མཛའ་ལ་གཏད་པར་བྱ། །གཅོད་ཀྱི་ཆོད་ཚད་ཉམ་ད་བྲལ། །ཚད་ཆད་ཆོ་འཕྲུལ་རང་ཞི་བ། །ལྡོག་ཚད་བཀྲག་ཅིང་ད་དངས་ནས་བྲོས་།མི་ལྡོག་སྒོ་ལྡན་ལྟ་བུ་ནི། །བཀྲག་ཅིང་ད་དངས་ཡང་ནི མི་འབྲོས་སོ། །ལོག་ནོན་གཟེར་བུ་ལྟ་བུ་ནི། །བཏུང་དེ་དེ་ལ་ནན་ཏན་བསྐྱེད། །དེ་ནི་མན་ངག་དམ་པའོ། །གཉིས་མེད་ཕ་རོལ་ཕྱིན་བསྒོམས་པས་།འཇིག་རྟེན་ལྷ་འདྲེ་མ་བཟོད་ནས། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ། །དངོས་དང་རྨི་ལམ གཟི་བྱིན་སོགས། །དེ་དག་ཀུན་ལ་ཉམས་ལེན་གྱིས། །གཉིས་སུ་མེད་པའི་དོན་ལ་བཞག་།འབྲིང་གིས་དེ་ལ་གཏད་དེ་སྒོམ། །ཐམས་ཅད་ལ་བརྟག་དབྱད་བྱ། །དེ་རྗེས་རིག་པ་བྲོ་བརྟེན་དང། །བྲལ་བའི་ནམས་ནི་སྐྱེ་བར་འགྱུར། །གཉན་སང ཕྱིན་ལ་ལྷ་འདྲེ་ཨི། །གཟི་བྱིན་བྱུང་ན་བེམ་རིག་ཕྲལ། །དེས་ཀྱང་ཞི་བར་མ་གྱུར་ན། །ལུས་འདི་བེམས་པོས་རྡོ་འདྲ། །དེ་ལ་གནོད་པར་མི་འགྱུར་རོ། །སེམས་ནི་དངོས་མེད་ནམ་མཁའ་འདྲ། །དེ་ལ་སུ་གནོད་སུ་ལ་གནོད། །དེ་ལྟར་བསམS ཏེ་ཆོས་ཉིད་ལ། །ཉམ་པ་བག་ཚ་མེད་པར་བཞག་།ལྷ་འདྲེས་རང་ལུས་བེམས་པོ་འདི། །ཁྱེར་ནས་སོང་བ་སྙམ་བྱེད་ཀྱང། །སྔར་གྱིས་ལས་མི་གཡོ་བས། །གང་ལའང་ཉ་པ་མི་བྱའོ། །རྣམ་པར་རྟོག་པ་གང་སྐྱེས་བདུད། །དེ་ནི རང་གི་སེམས་ལས་བྱུང། །སེམས་ལ་བྱུང་ས་གནས་ས་དང། །འགྲོ་ས་གྲུབ་པ་རྡུལ་ཙམ་མེད། །གྲོལ་ནས་སངས་རྒྱས་འབྱུང་མི་སྲིད། །འཁྲུལ་པས་འཁོར་བར་འཁྱམས་མི་སྲིད། །དགེ་སྡིག་ལས་ཀུན་རྣམ་པར་དག་།ཡེ་དག ཡེ་གྲོལ་ཡེ་སངས་རྒྱས། །སྡིག་ལ་མི་འཛེམ་གོལ་ས་ཡིན། །གྲུབ་པའི་མཐར་ཞེན་སྒྲིབ་པ་ཡིན། །གཉིས་མེད་རང་གྲོལ་གནས་ལུགས་ཡིན། །ཆོས་ཉིད་དང་ལ་སྐྱབས་འགྲོ་དང། །སེམས་བསྐྱེད་གསོལ་བ་གདབ་པར་བྱ། །ངང་ལ་བར ཆང་བྱུང་བ་ན། །གཉན་སར་ཕྱིན་ལ་གཉིས་མེད་སྒོམ། །སེམས་ཅན་གཞན་ལ་ཕན་འདོགས་ན། །སྙིང་རྗེ་སྔོས་དུ་འགྲོ་བ་ཡིས། །བདག་དང་ནད་པ་གདོན་དང་ནང། །ཐམས་ཅད་སྟོང་པར་ཤེས་བྱས་ལ། །ཕྱག་བྱ་བ་བྱ་ཞིང་སྟོང་པར་སྒོམ། ། དེས་ཀྱང་ཞི་བར་མ་གྱུར་ན། །གཉན་སར་སྐབས་འགྲོ་སེམས་བསྐྱེད་བྱ། །ལན་གསུམ་བར་དུ་མཛའ་བྲལ་སྒོམ། །མཎྜལ་བཅས་ལ་ཤིང་བུ་དང། །རྡེལ་བུའི་བྱིན་རླབས་བྱས་ལ་སྐུར། །སྟེང་གི ལྷ་རྣམས་དམ་ལ་ཐོགས། །འོག་གི་ཀླུ་རྣམས་ཟིལ་གྱིས་གནོན། །ཀླུ་ལ་ལས་ནི་གང་བཅོལ་འགྲུབ། །ལྷ་རྣམས་རང་ས་ནས་གྲོགས་བྱེད། །ཀླུ་རྣམས་མ་ལུས་བྲན་དུ་ཁོལ། །བླ་མ་ཡི་དམ་ཌཱ་ཀི་དང། །ཆོས་སྐྱོང རྣམས་ཀྱིས་བུ་ལྟར་འཚོ། །ཐོགས་བཅས་བདུད་ལས་ཆོད་པ་ཡིས། །སྣང་བ་དགྲར་ནི་ལྡང་མི་འགྱུར། །ཐོགས་མེད་བདུད་ལས་ཆོད་པ་ཡིས། །གནོད་སྦྱིན་ཕོ་མོ་དམ་ལ་ཐོགས། །ཉོན་མོངས་དགྲ་ལས་རྒྱལ་བར་འགྱུར།། དེ་ལ་སོགས་པའི་ཕན་ཡོན་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །སྐྱེ་མེད་གཅིག་ཆོད་བཀོད་པའི་དགེ་བ་ངེས། །འགྲོ་བ་ཀུན་གྱིས་ཡུམ་གྱི་དོན་རྟོགས་ཤོག་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད པ་ཆེན་མོ་ཞེས་བྱ་བ། འཕགས་པ་ཨཱརྱ་དེ་བས་མཛད་པ་རྫོགས་སོ།། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོས་སྒྲ་རང་འགྱུར་དུ་མཛད་པའོ།། །། བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ལ་འཇུག་པའི་བཤད་པ་ངོ་བོས་མཛད་པའོ།

CLOSE WINDOW