Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་སྐད་དུ། ཀེ་པ་ལི། བོད་སྐད་དུ། མོ་རྩིས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མཛའ་ཡས་བྱང་ཕྱོགས་དེ་བཞིན་པཱ་རིཀཤ་ཡི་ཡུལ། །ད་རལ་དུ་ནམ
གནས་སུ་འཁྲུངས་པའི་ཐུབ་པའི་སྲས། །དཔལ་རཱ་ཨཽ་དྷེ་ཞབས་ཀྱིས་གསུངས། འཇིག་རྟེན་པ་རྣམས་ཀྱིས་ཤེས་པའི་ཕྱིར། འདས་པ་དང་མ་འོངས་པ་དང། ད་ལྟར་བ་རྣམས་བསམ་པ་ཅན་གྱི་བསྟན་བཅོས་བཤད་པར་བྱ་སྟེ། དཔྱིད་ཟླར་བའི
མར་ངོའི་ཚེས་བཅུ་བཞིའི་མཚན་མོ་ཐུན་གཉིས་པའི་ནང་དུ། ཀ་པེད་ཤིང་གི་རྩ་བ་བྱང་ངམ་ཤར་དུ་ཟུག་པ་ཡང་དག་པར་བལྟས་ལ། ཨོཾ་ཀྵཱིཾ་ཀྵཱིཾ་སྭཱཧཱ་ཞེས་བརྗོད་ཅིང་བླངས་ཏེ་།གྲུ་བཞི་སོར་གཉིས་ཀྱི་ཚད་དུ་བྱས་པའི་ལོགས་ལ་ཨ་ཝ་ཡ
ད་ཞེས་པའི་ཡི་གེ་བཞི་པྲི་བར་བྱའོ། །དེ་ལྟར་བྱས་པའི་ཤོ་ལག་ཏུ་བཟུང་ནས། ཡི་དམ་ལྷ་དྲན་པར་བྱས་ནས། བྱུང་བ་དང། འབྱུང་བ་དང། ད་ལྟར་གྱི་དོན་གང་ཡིན་པ་ཡིད་ལ་རྩེ་གཅིག་ཏུ་བྱས་ནས་དེ་ལྟར་ཐོབ་པའི་འབྲས་བུ་ཤོ་ལ་ཏུགས་ལ།
ོཾ་བི་ཤིས་བ་ལླ་ཏེ། ཨ་ན་ནཱ་ཐི་ཁ། ཨ་བི་ནཱ་བི་ཥེ་ཁ། མུ་ཁ་མནན་ཏན་ཞེས་པའི་གསང་སྔགས་བརྒྱས། དབང་སྐུར་ནས། ཨོཾ་བི་ཥི་ལི་ལ་ཏི། ཨ་བི་ལི་ལ་ཧི། ཨ་ནནྟ་བདྷི། སྭ་ཝརྞ་བི་ཤེ་ཥ་ཞེས་པ་ནི་ཤོ་བསྐྱུར་བའི
སྔགས་སོ། ། ཨ་ཨ་།ཀྱི་དྲི་བ་པོ་ཉོན་ཅིག་།ཁྱེད་ཀྱི་ལྷ་ནི་སྟོབས་དང་ལྡན་ཏེ། འོན་ཀྱང་དགྲ་མང། དེ་ལྟར་ན་ཡང་ངེས་པར་དགྲ་པོའི་ས་ཕྱོགས་སུ་མི་འགྲོ་བའི་བསམ་པ་གྱིས་ལ་བསྒྲུབས་དང། དོན་འདི་ནི་ཐེ་ཚོམ
མེད་པར་གྲུབ་ཀྱིས། རང་གི་གྲོགས་པོ་དང་ཡང་གྲོས་ཀྱིས། གྲོས་དེ་ལྟར་བྱས་ན་རྣམ་པ་ཐམས་ཅད་དུ་དགྲ་པོ་ལས་རྒྱལ་ཞིང་ངེས་པར་བྱ་བ་འགྲུབ་པར་འགྱུར་རོ། ། ད་ད་ཀྱེ་དྲི་བ་པོ་ཉོན་ཅིག་ཁྱོད་ཀྱི་དོན་འདི་སེང་གེ་གི་ཡི?་ཕ་རོལ
གྱི་དཔུང་གནོན་པ་དང་འདྲ་སྟེ། རྐང་པ་བརྒྱད་པ་ལྟ་བུར་གྱིས། དེ་ལྟར་ན་འཇིགས་པ་བྱ་མི་དགོས། ཁྱོད་ཀྱི་ལྟ་ནི་སྟོབས་ཆེ་བས་འགྲུག་ཇི་ལྟར་སྦྲང་རྩི་འདོན་པ་དང་འདྲ་སྟེ། དགྲ་མང་?་དེ་ལྟར་སྦྲང་མ་བསལ་ནས་སྦྲང་རྩི་ལེན་པ་དང་འདྲ་སྟེ། ཁྱོ་རང་བརྟན་?
ཀྱིས་ལ་བྱེ་བ་ལ་བསྒྲུབས་དང་འགྲུབ་ངེས་སོ། ། ཡ་ད། སོམ་ཤིག་དྲི་བ་པོ། དོན་འདི་ནི་སེང་གེས་དཔུང་གནོན་པ་དང་འདྲ་སྟེ་མི་འགྲུབ། གལ་ཏེ་སྐྱེས་བུ་བློ་གྲོས་མཆོག་དང་ལྡན་བ་ཡིན་ནའང། སེང་གེ་དཔུང་གནོན་པ་དང་འདྲ་བའི་?་ན
དོན་འདི་ནི་མི་མཐོང། །འདི་ལས་གཞན་འདྲ་བསྒྲུབས་ན་འཐད། འདི་ནི་བཟང་པོར་མ་མཐོང་ངོ། ། ཝ་ད་ཉོན་ཅིག་དྲི་བ་པོ། དོན་འདི་སྲིང་རིང་མོ་ཞིག་ནས་བསམས་གདའ་སྟེ། ཁྱོད་ཀྱི་བློ་རྟོག་ངན་པ་དེ་མཐོང?་ནས་དེ་ནི་ཐེ་ཚོམ་?་།གཞན་གྱི
ཀྱང་འགོག་གཞི་བྱེད་པར་འདུག་། དེ་རེ་ཞིག་རེ་བ་བཅད་ནས་བཞག་པ་དྲག། གཞན་ཁྱོད་གཤེད་དུ་འགྲོ་དགོས་པ་ཞིག་འདུག་ཅིང། དེར་ཕྱིན་པས་ཁྱོད་ཀྱི་དོན་འགྲུབ། རྙེད་པ་འོང་ནོར་འཕེལ་ལོ། ། ད་ལྦ?། ཉོན་ཅིག་དྲི་བ་པོ། གང་ཞིག་དགོས་པའི
དོན་བསམས་པའི་དཔལ་དེ་ནི་ཉིན་རེ་བཞིན་དུ་འཕེལ། སྟོབས་ཆེ་བས་བློ་ཁེངས་པར་མཛོད། དེ་ལྟར་ཐོབ་པས་དགྲ་བོ་རབ་ཏུ་འཇོམས་པ་རྣམ་པར་ཤེས་པར་གྱིས་འདིའི་གཏམ་ལ་ཉན་དགོས། དགྲ་བོ་གང་ཟེར་བ་དེ་ཉན་ན། མཇུག་ཏུ་དེ་དང་མཐུན་འོད། གཞན
ཡང་སེམས་བཟང་དུ་བྱེད་དགོས་དེ་ལྟར་བྱས་ན་དགྲ་བོ་དེས་ཀྱང་རང་གི་དོན་བྱེད་པར་འགྱུར་རོ། ། ཝ་ཡ་།དྲི་བ་པོ་ཉོན་ཅིག། དགོས་པའི་དོན་འདི་ནི་དཀའ་ལས་ཆེ། ཁྱེད་ཉེ་འཁོར་དང་བཅས་པ་འཐབ་ཅིང་བརྩོད་པ་དེ་ལྟ་ནའང། ཁྱོད་ཀྱིས་མ་རྟོགས་སམ།
གྲོགས་པོ་ཡང་དགྲ་བོར་འགྱུར་ཏེ་ནོར་ཆུང་གསོན་པ་མ་ཤེས་སམ། ལེགས་པར་བརྟགས་གཞིགས་གྱིས། སྔར་བྱུང་བ་དང་འབྱུང་བ་མཛའ་དག་ཡོད་མོད།། དོན་འདི་ནི་མི་གྲུབ་བོ། ཨ་ཡ་ཝ། ཉོན་ཅིག་དྲི་བ་པོ། ཁྱོད་ཀྱི་དགོས་པའི་དོན་ཉེ་བར་འགྲུབ།
འོན་ཀྱང་རང་སེམས་འཆོལ་འདུག་པ་སེམས་རྩེ་གཅིག་ཏུ་གྱིས། ཁྱེ་རང་གི་ཉེ་དུའི་གྲོས་དང་ཡང་བསྟན་།རྣམ་རྟོག་མ་བྱེད་སྔར་ཡང་ཁྱོད་ཀྱི་བྱ་བ་མང་པོ་ཤོར་འདུག་།ད་ཡིན་ནའང་རང་ལ་བློ་ཉེ་བ་རྣམས་ཀྱི་དག་བཞིན་དུ་སྐྱེས?་ཤིག།
དོན་འགྲུབ་པར་འགྱུར་རོ། ། ད་ཨ། དྲེ་བ་པོ་ཤེས་པར་གྱིས་ཤིག་།དགོས་པའི་དོན་འདི་ནི་བཟང། ལེགས་པར་བས་མས་ཏེ་འདུག། འོད་ཀྱང་མིང་བློ་གསལ་དུ་རེ་བ་འགའ་ཞིག་གིས་ཕྱི་བཤོལ་བྱེད་པར་འདུག་པས།
ཁྱེད་ཡང་ཕྱི་ཤོལ་མ་བྱེད་མྱུར་དུ་བསྒྲུབས། ཕྱི་ཤོལ་བྱས་ན་བྱ་བ་འཆོར། སེམས་རྩེ་གཉིས་མ་བྱེད། ཁྱེད་ཀྱི་ཉི་མ་དགེ་བ་ཡིན་།དེས་ན་ཁྱེད་རང་མྱུར་དུ་བསྒྲུབས་པས་དཔལ་དང་ལྡན་པར་འགྱུར་ཞིང་ནོར་ཐོབ་དོན་འགྲུབ། བློ་བདེ་བར་གྱིས།
་ཝ་ཝ། རྟོགས་ཤིག་དྲི་བ་པོ། ཁྱེད་ཀྱི་རྣམ་པ་ཐམས་ཅད་འགོར་གཞིར་སོང་འདུག་།གཞན་གྱི་དགེ་ལ་བརྟེན་ནས་རེ་ཆེ་བ་རེ་མ་བྱེད། རང་ཚོང་ཟུང། བསྒོད་དཀའ་བའི་ཡུལ་དུ་རང་བསྲུང་བ་གལ་ཆེ། འཁོར་བ་ན་དགེ་མི་དགེ
མང་པོ་འབྱུང་བས། དེ་ལ་སྐྱོ་བ་མ་སྐྱེ། རང་སེམས་དག་བར་གྱིས། རང་ཁྲེལ་མ་འདེབས། ལས་དབང་གིས་སྡུག་བསྔལ་དམ་དུམ་བྱུང་ནའང་བཟོད་དགོས་པ་ཡིན། བསམ་པ་དག་པའི་སྒོ་ནས་དགོས་པའི་དོན་བཟང་པོར་འགྲུབ་བློ་ཐག་ཆོད་པར་གྱིས
་ཨ་ད། དྲི་བ་པ་ཀུན་ཏུ་རྟོགས་ཤིག་།ཁྱེད་ཀྱི་སེམས་ཀྱང་མི་བརྟན་པར་འདུག། བློ་སྣ་མང་པོས་དོན་འདི་ཡང་ཤིན་ཏུ་དཀའ་ལས་ཆེ། རྩོལ་བ་ཆེར་བྱས་སྡུག་བསྔལ་ཆེར་འབྱུང། དགྲ་བོས་ཀྱང་འགོག་གཞི་བྱེད་ཀྱིན
གདའ་། དེ་ལྟར་ན་དོན་འདི་སྐྐབས་མི་རྙེད་པར་གདའ་། ཨ་ཨ་ཡ། དྲི་བ་པོ་གོ་བར་གྱིས་ཤིག་།ཁྱོད་ཀྱིས་སྔར་གྱི་བསམ་བློ་དེ་མི་འགྲུབ་པར་གདའ་། དེའི་སྟོབས་ཀྱིས་སྡུག་བསྔལ་ཅུང་ཟད་སྐྱེད་པར་གདའ་སྟེ། ལས་ཀྱི་དབང་གིས་འགོར་?་ཞི་བག
ཙམ་སོང་ནའང། རིམ་གྱིས་རིམ་གྱིས་རང་དོན་འགྲུབ་ཅིང། གཞན་གྱིས་མཐོང་ན་དགའ་། མ་བསམས་པའི་ས་ནས་ནོར་འོད། དེ་ལ་སེམས་དགའ་བར་གྱིས་ཤིག། ཨ་ཡ་ཡ། དྲིབ་པོ་མོས་པར་གྱིས་ཤིག། ཡིད་ཀྱི་བསམས་པའི་དོན་དེ་གྲུབ་རུང་མ་གྲུབ་རུང། འདིའི་གྲོས་ལ་བརྟན
གྱིས་དང། སྔར་ཡང་ཕུན་སུམ་ཚོགས་པ་དང་ལྡན། ཕྱིན་ཆད་ཀྱང་དགེ་ཞིང་བཀྲ་ཤིས། སྐྱེས་བུའི་བྱེད་པ་དང་ལྡན། ཡིད་ལ་བསམས་པ་འགྲུབ། ཨ་ཨ་ཝ། དྲི་བ་པོ་ཉོན་ཅིག་།བསམ་པའི་དོན་འདིའི་ཕྱོགས་ནས་ནོར་?་ཐེབ་སྟེ། ཕན་ཚུན
གཉིས་འོང། དེ་ལ་ཁྱེད་དང་པོར་ཅུང་ཟད་འཇིགས་པ་ཞིག་འོང་སྟེ། དེ་ལ་སེམས་སྐྱོ་མི་དགོས། རིམ་གྱིས་ཇི་ལྟ་བ་བཞིན་ནི་འགྲུབ་ཀྱི། གལ་ཏེ་འགོར་གཞིར་གྱུར་ན་དེ་ལས་དགྲ་པོ་བརླག་པར་འགྱུར། རང་གི་དོན་འགྲུབ་ངེས་སོ། ། ད་ཡ། རྟོགས
པར་གྱིས་ཤིག་དྲི་བ་པོ། དཔལ་དང་ལྡན་པའི་དོན་འདི་ནི་དཔེར་ན་རྟས་བགྲོད་པའི་འོས་ཡིན་།རྟ་མེད་པར་བགྲོད་ཐབས་མེད་པ་དང་འདྲ་སྟེ། དཀའ་ལས་ཆེན་པོ་འམ། སྡུག་བསྔལ་ཆེན་པོས་ཡུན་རིང་པོ་ནི་འགྲུབ་པ་སྲིད། ཨ་ཡ་ཨ། དྲི་བ་པོ་ཉོན་ཅིག།
ཁྱོད་ཀྱི་དགོས་པའི་དོན་འདི་ནི་ལག་ཏུ་མི་འོང། སྔར་ཚོད་མ་ཟིན་ནས་མི་བདེ་བ་དེའི་དབང་གིས་ལན། ད་ཡིན་ན་གྲོགས་པོ་བཟང་པོ་དང་བསྟུན་ལ་གྱིས། དེ་ལྟར་བྱས་པས་འགྲུབ་ཀྱིས། ཨ་ཝ་ཨ། དྲི་བ་པོ་ཉོན་ཅིག། དོན་འདི་ནི་མྱུར་དུ་འགྲུབ། གང་དུ
ལྷས་བྱིན་གྱིས་བརླབས་པ་དེ་ལ་དགའ་བར་སོམས། ཁྱོད་རང་གིS་རང་སེམས་བསྲེག་པར་འདུག་པ། དེ་བཞིན་བྱས་ན་གཞན་ལ་བརྟེན་པའི་འགོར་གཞི་ཆེན་པོར་འགྱུར་བས་སེམས་དགེ་བར་གྱིས། གཞན་ལའང་ཕན་པར་གྱིས། དེ་ལྟར
བྱས་པས་ཡིན་ཏན་ཕུན་སུམ་ཚོགས་པར་འགྱུར་རོ། ། །ཝ་ཝ་ཝ། དྲི་བ་པོ་ཡིད་ལ་ཟུར་ཤིག་།ཇི་ལྟར་བསམས་པ་བཞིན་དུ་དགོས་པའི་དོན་འགྲུབ་པས་ཡིད་ཆིམ་པར་གྱིས། །ཁམས་བཟང་ཞིང་མཐོང་ན་དགའ་བར་ཡང་འགྱུར། ཁྱེད་ལ་ལྷའི་བྱིན་?་རབས
ཀྱང་འཇུག་ཅིང། དགྲ་བོ་དགྲ་ལས་རྒྱལ་བར་འགྱུར་ཡང་ཁྱོད་བྱ་བ་གཞན་ཞིག་ལ་ཞུགས་སམ་འཇུག་འདོད་ནས་འདུག། དེ་ནས་ཀྱང་མ་བསམས་པའི་ནོར་རྙེད། དོན་འགྲུབ་བཟང་ངོ། །ཝ་ད་ཡ། དྲི་བ་པོ་ཉོན་ཅིག།།
བྱ་བ་འདི་ཡུག་ཅིག་ངལ་སོ་དགོས་པ་འདྲ། དགྲ་བོ་དག་གིས་ཀྱང་བར་གཅོད་བྱེད་བར་གདའ་མི་མཐུན་པའི་ཕྱོ། དང་ས་གཅིག་ཏུ་མ་བྱེད། ཡང་ནག་ཤེད་དུ་འགྲོ་དགོས་ན་སོང་དང། དོན་འགྲུབ་པར་འགྱུར་རོ། །ཝ་ཡང། ཡིད་ལ་ཟུང་ཞིག་དྲི་བ་པོ། ཡང་ན
གང་ཞིག་ཏུ་འགྲོ་བར་འདོད་ན་སོང་སྡོད་པར་འདོད་ན་སྡོང། ཕྱོགས་གཉིས་ལས་གང་བྱས་ཀྱང་བཟང་བྱ་བ་འགྲུབ། བྱ་བ་ཆུང་དུ་ལ་སེམས་ཀྱི་རྩོལ་བར་མྱེང་བ་དང་སེམས་ཁྲལ་ཆེན་པོ་མ་བྱེད། བདག་ཉིད་ཉལ་དུས་སམ། ནུབ་མོ
འམ་ཉིན་པར་ཡིན་ན་སེམས་ཁྲལ་མ་བྱེད་། འདོད་པའི་ལྷ་ལ་གསོལ་བ་ཐོབ། དེ་ལྟར་བྱས་ན་དོན་ཐམས་ཅད་འགྲུབ། བསྙེན་བཀུར་བྱེད་པ་འོང་ངོ། །ཝ་ད་ཝ། དྲི་བ་པོ་ཡིད་གཟུང་ཞིག་།དོན་འདི་དག་ཡང་དག
པར་ཐོབ་པ་དང་འདྲ། ནད་མེད་པ་ལ་སྨན་གྱིས་ཅི་ཞིག་བྱེད། བློ་རྣལ་དུ་ཕབ་ནས་བསྡད་པས་མཆོག། དོན་རྣམས་བདེ་བས་བཟང་པོར་འགྲུབ་བོ། །ཕྱི་རོལ་ནའང་དགྲ་འགོག་གཞི་བྱེད་པ་བག་ཙམ་འདུག། དེས་ན་རང་ལྷའི་རྣམ་པར་གྱིས། དེ་ལྟར
བྱས་པས་རང་ལ་དགྲ་མེད་ཅིང་ཁྱེད་ཀྱི་དོན་འགྲུབ། དགྲ་པོ་དག་ཀྱང་ཉམས་ནས་འགྲོ། དེའི་སྟོབས་ཀྱིས་ཁྱོད་ཀྱི་བྱ་བ་དོན་དང་བཅས་རྙེད་པ་དང་བཅས་པ་ངེས་པར་འཐོབ་བོ། །ཝ་ཡ་ཝ། དྲི་བ་པོ་ཉོན་ཅིག། ཇི་ལྟར་བསམས་པ་དེ་ནི
སེམས་རྩེ་གཉིས་སུ་སོང། བྱིས་པའི་བློ་རིགས་སུ་སོང་འདུག་པ། སེམས་རྩེ་གཅིག་ཏུ་བྱས་ནས་བསམས་ན་དོན་རྣམས་འགྲུབ་པ་ཡིན། རྣམ་བ་ཀུན་ནས་འགོང་གཞི་མ་བྱེད་དོན་མེད་ཀྱི་ལུས་སེམས་ལང་?་བྱས་ན། གང་ལ་ཕན་པ་?
པ་དེ་ཡང་དགྲར་འགྱུར་ཞིང། སྔར་གྱི་གྲོགས་པོ་དགྲ་བོར་གྱུར་པ་དེ་ལ་བློ་གཏང་མ་བྱེད། དེ་ནི་ཁ་མང་ལ་སེམས་རྩུབ་དྲན་པས་ཟིན་ན་གནོད་པར་མི་འགྱུར། དན་འགྲུབ་ཐག་ཆོད་ཡིན། ཝ་ཝ་ད། དྲི་བ་པོ་ཉོན་ཅིག་།དོན་འདི་ལ་སྨྲ་བ་མང། ?
མང་པོ་ཡོད། ད་དག་གིS་དོན་མི་འགྲུབ་པར་བྱེད། ཕན་ཚུན་གཅིག་ཏུ་བྱས་ནས་སྔར་ཡང་གཉེན་ཡིན་བྱས་ནས་དགའ་བར་བྱས་ན་དགྲ་བོ་མེད་པར་འགྱུར་ཞིང་དོན་ཐམས་ཅད་འགྲུབ་པོ། ཝ་དང། དྲི་བ་པོ་ཉོན་ཅིག། དོན་འདི་ནི། དཀའ་ལས་ཆེན་པོས
འགྲུབ་སྟེ། དེ་ལྟར་བྱས་ན་ཐབས་དང་བཅས་པས་ཀྱང་ཡུན་རིང་དུ་ཐོགས། གྲུ་སྣ་འཛིན་པ་མེད་པར་ཕ་རོལ་ཏུ་འགྲོ་བར་མི་ནུས་པ་བཞིན་དུ་།གཞན་དག་ཀྱང་འདི་གྲེང་བར་གདའ་སྟེ། སྐྱེས་བུ་གང་ཞིག་གི་བློ་གྲོས་ལ་བརྟེན་ནས། ཁྱོད་ཀྱི་དཔལ་ཐོབ་པར
གདའ་། །བུ་ཁྱོད་རང་ཚོང་རན་པོ་ཟུང་མྱུར་དུ་འགྲུབ་ཀྱིས། ཝ་ད་ཨ། དྲི་བ་པོ་ཉོན་ཅིག་།དགོས་པའི་དོན་འདི་ནི་འགྲོ་བའི་བསམ་བློས་ཏེ། དེར་ཕྱིན་ནས་བར་ཆད་མེད་པར་འབྲང། གལ་ཏེ་ནང་དུམ་བ་བྱུང་ནའང། དེའི་དོན་ཅིས་ཀྱང་བཟང་པོར་འགྲུབ།
དོན་ཅུང་ཟད་སྐྱེས་བུ་ཞིག་གི་དག་ལས་ཤེས་ཏེ། དེ་ལ་སེམས་སྡུག་མ་བྱེད། ཁྱོད་ཀྱི་ཉི་མ་ཡང་དགེ་བར་བཤད། དོན་ཐམས་ཅད་འགྲུབ་སེམས་བདེ་བར་གྱིས། ཝ་ཡ་ཡ། དྲི་བ་པོ་རྟོགས་པར་གྱིས་ཤིག། དོན་འདི་ནི་མི་འགྲུབ། ཁྱོད་རྩོལ་བ་མ
བྱེད། འདི་བས་བྱ་བ་གཞན་ཞིག་བསྒྲུབས་པ་ཐད། འདི་ནི་བསྒྲུབ་པར་དཀའ་། ཐག་བཅང་པ་དྲག། ཝ་ཨ་ཡ། དྲི་པ་པོ་ཉོན་ཅིག། ཁྱོད་ཀྱི་སེམས་གཞན་དུ་འགྲོ་འདོད་ནས་འདུག། དེར་ཕྱིན་པས་དགོས་འདོད་འགྲུབ། །ཁྱོད་སེམས་བདེ་བར་གྱིས། བཟོད་པ
ཆེར་གྱིས་ལ་བསྒྲུབས་དང་དངོས་པོ་དམ་དུ་མ་ཞིག་ལ་བརྟེན་ནས་དོན་མ་ཤོར་བར་གྱིས། དོན་འདི་ཐོབ་པའི་སྐལ་པ་དང་ལྡན་གྱིས། བརྟན་པར་གྱིས་ལ་བསྒྲུབས། ཝ་ཡ་ཨ། དྲི་བ་པོ་ཉོན་ཅིག་དོན་འདི་ཡང་མི་འགྲུབ་པ་མི་འོང།
འོང་ནའང་ངལ་བ་ཅུང་ཟད་འོང་སྟེ་བཟོད་དགོས། རང་གི་བློ་ཐུབ་པའི་གྲོགས་པོ་དང་གྲོས་གྱིས་ལ་བསྒྲུབས་དང། ངེས་པར་འགྲུབ་ཀྱིས། ཝ་ཨ་ཝ། དྲི་བ་པོ་ཉོན་ཅིག། དོན་འདི་ནི་མི་ཐོབ། དགྲ་མང་པོ་ཡོད།
སྡུག་བསྔལ་བསྐྱེད་བའི་རྒྱུ་ཡིན། གལ་ཏེ་རྩོལ་བ་ཆེར་བྱས་ན་དོན་གཞན་ཡང་འཆོར་བ་ཡིན། བྱ་བ་གཞན་ཞིག་ལ་ཞུགས་པ་དྲག་།དེའི་དོན་གྱིས་འདི་ལ་རྩོལ་པ་མ་བྱེད། ཝ་ཝ་ཨ། དྲི་བ་པོ་སོམས་ཤིག། དོན་འདི་ཤིན་ཏུ་དཀའ་ལས་ཆེ་རྩོལ་བ་ཆེན་པོ
མེད་པས་མི་འགྲུབ། དཔེར་ན་རྐྱལ་གྱིས་རྒྱ་མཆོ་བརྒལ་བར་འདོད་པའི་མི་བཞིན་ཏེ། ཇི་ལྟར་འགྲུབ་ན་ཡང་སྡུག་བསྔལ་ཆེན་པོ་འབྱུང་ངོ། །དེ་ལྟར་བྱས་པས་དེ་ཉོན་མོངས་པ་ཡིན་ནོ། །ཝ་ཨ་ཨ་། དྲི་བ་པོ
ཉོན་ཅིག་། དོན་འདི་དག་ཤིན་ཏུ་དཀའ་ལས་ཆེ། དཔེར་ན་དྲ་བས་འཐུམས་པའི་ཉ?་མི་འཚོ་བ་དང་འདྲ་སྟེ་།དོན་འདི་ལ་སྡུག་བསྔལ་ཆེན་པོ་འབྱུང་ཁྱོད་ཀྱི་དགྲ་བོ་དག་གིས་ཀྱང་བགེགས་བྱེད་ཀྱིན་འདུག་།ཁྱོད་རང་ཡང་གཞན་མ་བསམས།
ཆོས་བཞིན་གྱིས་དང། ཆོས་ཀྱི་བྱིན་བརླབས་ཀྱིས་དུས་ཕྱིས་དོན་འགྲུབ་པོ། །ཝ་ཨ་ད། དྲི་བ་བོ་ཉོན་ཅིག་།དོན་འདི་ནི་མྱུར་དུ་འགྲུབ། ཁྱོད་སེམས་རྩེ་གཅིག་ཏུ་གྱིས། གཞན་གྱི་སྐབས་ལ་མ་འཇུག་དཔེར་ན་དྲན་གྱི་དབང་དུ་རྗེ་མི་འགྲོ
བ་དང་འདྲ། ཁྱོད་ཀྱི་དོན་འདིའི་ཕྱོགས་ལ་དགེ་མི་དགེ་མི་ཤེས་སམ་ཐོར་བུའི་བྱ་བ་ཆང་ཆུང་ལ་མ་འཇུག་བར་བརྟེན་པར་གྱིས་པ་བསྒྲུབས་དང་ངེས་པར་འགྲུབ་ཀྱིས། ཝ་ཝ་ཡ། དྲི་བ་པོ་ཉོན་ཅིག། དོན་འདི་བསྒྲུབས། བློ་ཁོངས
པར་གྱིས། ཅུང་ཟད་ཐབས་མཁས་སུ་གྱིས་ལ་བསྒྲུབས། འགྲུབ་མི་འགྲུབ་རང་ཉིད་ཀྱི་རྩོལ་བ་ལ་ཡང་རག་།དོན་འདི་ལ་སེམས་ཁྲལ་དང་སྡུག་བསྔལ་བག་ཙམ་བྱུང་ནའང་མཇུག་ཏུ་དོན་འགྲུབ། ཡ་ཡ་ཡ། དྲི?་བ་པོ་ཡོངས་སུ
གོ་བར་གྱིས་ཤིག། བྱ་བ་འདི་ནི་ལེགས་པར་འགྲུབ། ཡི་དམ་ལྷ་ལ་གསོལ་བ་ཐོབ། དཔེར་ན་དུས་ཀྱི་འཕེལ་བས་ཟླ་བ་ཉ་བ་དང་འདྲ་སྟེ། དེ་བཞིན་དུ་ཕྱིད་ཀྱི་ཡོན་ཏན་ཕུན་ཚོཌ་སྐྱེ་རྒྱལ་ཞིང། དགྲ་པོ་ཀུན་ལས་རྒྱལ་ནས་ཁྱོད་ཀྱི་བྱ་བ་འགྲུབ། ཡིད་ཚིམ
པར་འགྱུར་རོ། །ཡ་དང། དྲི་བ་པོ་ཉོན་ཅིག་།དོན་འདིའི་ཕྱོགས་ལ་དགྲ་དང་ངལ་རུབ་མང་བ་འོང། གེགས་བྱེད་མི་ཡོད་བས། བློ་གཏོང་མ་བྱེད་འགོར་གཞི་ཆེ་ཡང་དུས་ཕྱིས་རྩོལ་བ་མེད་པར་འགྲུབ་ངེས་སོ། །བྱ་བ་ཆིམ་པར་འགྱུར་རོ། །
ཡ་ད་ཡ། ཉོན་ཅིག་དྲི་བ་པོ། ཁྱེད་ཀྱི་བྱ་བ་ཐག་ཆོད་འདུག་།རང་ཚོད་བཟུང། འདི་ནི་ལས་ལས་བྱུང་བ་རང་འདོད་པ་བཞིན་མི་འོང། དོ་ལྐོག་མེད་པར་སེམས་དགེ་བ་ལ་གནས་པར་གྱིས། དེ་ལྟར་བྱས་པས་རྒྱལ་པོའི་འཇིགས་པ་འམ་འཇིགས་པ
མཛའ་དག་མི་འབྱུང། །དུས་ཀུན་དུ་རང་གི་ཡི་དམ་དྲན་པར་གྱིས། དེ་ལྟར་བྱས་ནས་ཡིད་ཀྱི་རེ་བ་འགྲུབ། འབྲས་བུ་འབྱུང་ངོ། །ཡ་ཡ་ད། དྲི་བ་པོ་ཡིད་ཆེས་པར་གྱིས་ཤིག་།བྱ་བ་འདི་ནི་བདེ་བར་འགྲུབ། འདོད་པའི་ལྷ་ལ་གསོལ་བ་ཐོབ།
དགེ་སེམས་ཀྱི་འཇིག་རྟེན་པ་ལ་ཕན་པར་གྱིས། །ཁྱེད་སྐལ་བ་དང་ལྡན་པ་ཡིན། སྐྱོ་སེམས་སྤངས་ནས་ཁྱོད་ཀྱི་ཡོན་ཏན་གྱི་བློ་ཕབ་ནས་བདེ་བར་གནས་པས་ཆོག་པར་གདའ་། ཡ་ཝང། ཉོན་ཅིག་དྲི་བ་པོ། དོན་འདི་ནི་དཀའ་ལས་ཆེ། དངོས
སུ་དེ་མ་ཐག་སོང་བའི་མི་བཞིན་ལྐོག་ཏུ་སོང་ན་དངོས་མེད་རྣམ་པ་ཅན་དངོས་གཞི་ནི་སྡུག་བསྔལ། ཇི་སྲིད་ཡུན་རིང་རེ་བ་བྱས་ཀྱང། དོན་འདི་ནི་བདེ་བར་མི་འགྲུབ། འདི་ལས་གཞན་བྱ་བ་ཞིག་འགྲུབ་པར་ཐེ་ཚོམ་མང། ཡ་ཝ་ཝ། དྲི་བ་པོ་ཉོན་ཅིག།
དོན་འདི་ཐོབ་དེ་ལྟར་ནའང། ཟླ་བ་འགའ་ཞིག་ན་བྱ་བ་འདི་འགྲུབ་པར་འགྱུར་རོ། །ཁྱེད་རང་ཅིས་ཀྱང་བསོད་ནམས་བསོག་པ་གལ་ཏེ། ཡ་ང་ཨ། དྲི་བ་པོ་ཉོན་ཅིག། བྱ་བ་འདི་ལ་ཁྱོད་ཐེ་ཚོམ་གིས་བྱེད་ཀིན་འདུག་སྟེ། འདི་འགྲུབ་ན་ནི། འདི
ལ་ཁྱེད་དགའ་བའི་འབྲས་བུ་དང་ལྡན། འོན་ཀྱང་དགྲ་པོ་རྣམས་བདེན་རྫུན་ཅི་ཟེར་མི་ཤེས་པར་འདུག་།དེའི་དོན་གྱིས་བཟང་པོ་འོང་མི་འོད་མི་ཤེས་པ་འདུག་།དེའི་རེ་བ་བསྐྱུངས་ལ་འདོད་པའི་ལྷ་ལ་རེ་བ་གྱིས། དེ་ཡིས་ངེས?
པར་འགྲུབ། ཨ་ཨ་ད། ཀྱེ་དྲི་བ་པོ་གཞན་གྱི་རེ་བ་མ་བྱེད་།ལྷས་བྱིན་གྱིས་བརླབས་ཀྱི་མཐུ་ལས་འབྱུང་བ་ཡིན་ཏེ། དེས་ན་ཁྱོད་ཀྱི་སར་འཕྲིན་ཡིག་དང། བདེ་བའི་གཏམ་སྙན་སྐྱེལ་མཁན་ཡོང་བར་གདའ་། དེས་ན་ཁྱེད་ཕུན
སུམ་ཚོགས་པ་འཐོབ་པར་འགྱུར་རོ། །གསལ་ཞིང་ཡིད་འཕྲོག་པ་འོད། མཐོང་ནའང་དགའ་བར་འགྱུར་རོ། །ཡ་ད་ཝ། དྲི་བ་བོ་ཡིད་ལ་ཟུང་ཞིག། བྱ་བ་འདི་ལ་གཞན་ཡང་སེམས་ཀྱིན་གདའ་། ཁྱེད་རང་གི་ཉེ་འཁོར་རྣམས་གྲོགས་སུ་འགྱུར་བ
བྱེད་བྱིན་གདའ་། རང་རྒྱུད་བྱང་བའི་སྟོབས་ཀྱིས་ཀྱང་འགྲུབ་པ་འདིའི་ལུགས་ལ་དྲང་པོར་འགྱུར་བས་བསྒྲུབས་ན་ངེས་པར་འགྲུབ་པོ། །ཡ་ཝ་ཡ། དྲི་བ་པོ་ཉོན་ཅིག་།དོན་འདི་ལ་ཁྱེད་རང་དགའ་བར་གདའ་སྟེ། ཁྱེད་ལ་བཟང་རྒྱུ་མེད། འཇིག་རྟེན་ཕ་རོལ་ཡོད
བའི་ལུགས་མ་ཡིན། དེ་བཞིན་དུ་སུ་དག་གིས་རབ་ཏུ་འཇོམས་པ་ཞིག་འབྱུང་སྟེ་།འོ་ནའང་ཡ་ཡུག་ཏུ་ཐག་མ་བཅད། ཕྱིས་རང་བཞིན་གྱིས་དཀའ་ལས་ཆུད་ངུས་འགྲུབ་བོ། །ཡ་ཡ་ཝ་།དྲི་བ་པོ་ཉོན་ཅིག། བྱ་བའི་དོན་འདི་ལ་ནོར་ལ་དམིགས
འདུག་པ་ཁྱོད་ཀྱི་དེ་ཡང་ལག་ཏུ་ཐོབ་པ་དང་འདྲ་བར་མྱུར་དུ་འགྲུབ་ཀྱི་འདིའི་ཕྱོགས་ལ་ཡུན་རིངས་དུས་ནས་བསམ་པ་འདི་ངེས་པར་འགྲུབ་བོ། །ཡ་ཨ་ཝ། ཁོད་དུ་ཆུད་པར་གྱིས་ཤིག། བྱ་བ་འདི་ནི་དཀའ་ལས་ཤིན་ཏུ་ཆེ་སྟེ། འོན་ཀྱང་མཁར་ནང་ན
སྲུང་བའི་སྐྱེས་བུ་ཡོད་པ་དང་འདྲ་བ་སྟེ། འཇིགས་མི་དགོས། དོན་འདི་དང་འདྲ་སྟེ། རྩོལ་བ་མ་སྐྱེད་ནའང། འགྲུབ་པའི་ས་ཡིན། ཁྱེད་ལ་སུ་དག་ཅིག་གི་འགོག་ཀྱིན་གདའ་བ། དེའི་ངག་ཕྱིར་སོལ་ལ་བསྒྲུབས་དང། ཅིས་ཀྱང་འགྲུབ་པ་ཡིན། ཁྱོད་ཀྱིས
སྐྱེས་བུ་གཞན་ཞིག་སེམས་དགའ་བར་གྱིས་དང། དེས་འགྲུབ་ཀྱིས། ཡ་ཡ་ཝ། གོ་བར་གྱིས་ཤིག་དྲི་བ་བོ་།དོན་འདི་ནི་མར་མེའི་སྡོང་རས་དང་འདྲ་སྟེ། དཔེར་ན་མར་ཟད་ནས། མར་མེ་མི་འབར་བ་བཞིན་ཏེ།། རྩོལ་བ་སྐྱེད་ནས་བསམས་ནའང་འགོར་གཞི་ཆེ
སྟེ། འགྲུབ་ངེས་ཡིན། ཨ་ཨ་ཡ། དྲི་བ་པོ་ཀུན་ཏུ་རྟོགས་ཤིག་།བྱ་བའི་དོན་འདི་ནི་དཀའ་ལས་ཆེ། ཁྱོད་འདི་ལ་བཟོད་པར་གྱིས་མི་འགྲུབ། དལ་དུབ་ཆེ། གཞན་གྱི་ཁར་འགྲོ་བ་ལ། རང?་དོན་མི་འགྲུབ། ཡང་ཡང་བརྩམས་འདུག་སྟེ་།རེ་བ་བཅད་པ
དྲག་། ཡ་ཝ་ཨ། ཀྱེ་དྲི་བ་པོ་ཉོན་ཅིག་།བྱ་བའི་དོན་འདི་ནི། དཔེར་ན། རེས་འགའ་ཆར་འབབ་པ་འམ། རེས་འགའ་ཉི་མ་འོང་བ་བཞིན། དེ་བཞིན་གྲང་བ་འམ། དྲོ་བ་འམ། ཐམས་ཅད་སྐྱོ་བ་བསྐྱེད་བའི་བྱ་བ་ཡིན། འདི་ལ་སྡུག་བསྔལ་མང་པོ་འབྱུང
བས་ན། དེ་ལྟར་བྱ་བ་གཉིས་ལས་དུས་རིང་མོ་ཞིག་ནས་འགྲུབ། ཡ་ཨ་ཨ། ཀྱེ་དྲི་བ་པོ་ཉོན་ཅིག་།གང་བསམས་པ་དེ་ནི་ཉིན་གཅིག་ཁྱེད་ཀྱི་དོན་འདི་ནི་ཤེས་པར་འདུག་སྟེ། ནམ་མཁའ་ཨི་མེ་ཏོག་དང་འདྲ་བསྒྲུབས་པས་ལོག་པར་སོང་དོགས་འདུག་།གལ
ཏེ་འགྲུབ་ནའང་ཆོས་ཀྱིས་བྱིན་གྱིས་བརླབས་སམ། ཡི་དམ་ལྷའི་བྱིན་གྱིས་བརླབས་ལ་བརྟེན་ནས། འགྲུབ་སྲིད་པ་ཡིན། ད་དང། དྲི་བ་པོ་ཉོན་ཅིག་།དགོས་དོན་ཡང་ཉེ་བར་བསྒྲུབ། ཐག་རིངས་ཀྱི་དོན་ཡང་བཟང་པོར་ཤེས་པར་བྱ། སྐྱེས་བུ་བར་ཆད
མེད་པར་བྱིན་འདུག་། དེས་ཕན་པ་བྱས་གདའ་། བཟང་པོར་འོང། དོན་གཞན་ཡང་བཟང་པོར་འགྲུབ་པར་ཤེས་པར་བྱ། ཡིད་ཀྱི་བསམས་པ་འཕེལ། བུ་སྐྱེས་པ་དང་འདྲ་སྟེ། ཤིན་ཏུ་བཟང་ཤིང་དགའ་། བསམ་པ་གསལ་བའི་འབྲས་བུའི་བྱ་བ་ཐམས
ཅད་ཀྱི་འབྲས་བུ་ཐོབ་པོ། །ད་ཡང། ཉོན་ཅིག། དྲི་བ་པོ་ཁྱོད་གཞན་ཞིག་དུ་འགྲོ་དགོས་འདུག་དེར་ཕྱིན་པས་བྱ་བའི་དོན་ཐམས་ཅད་དང་བུ་དང་འཁོར་དང་བཅས་པའི་དོན་ཐམས་ཅད་འགྲུབ། རང་འདོད་པ་བཞིན་འགྲུབ་འོང། ཅི་བསམས
པ་སྟོན་པའང་ཡིན། དེ་ལྟར་ཐེ་ཚོམ་མི་དགོས་པར་བྱ་བ་ཐམས་ཅད་འགྲུབ་བོ། ད་ཡ་ཡ། དྲི་བ་པོ་ཉོན་ཅིག་།དོན་འདི་ནི་ལྕགས་རྡོ་དང་འདྲ་སྟེ་གྱོང། རྩོལ་བ་མ་བྱེད་ཁྱོད་ཀྱི་ཚུལ་?་མཐུན
པའི་བྱ་བ་མི་འོང། སེམས་དུགས་ཆེ། གཞན་གྱི་ཁར་འགྲོ། མི་འགྲུབ་ཡོངས་སུ་སྤངས་ན་འཐང་ངན་ནོ། །དང་ལ། ཉོན་ཅིག་དྲི་བ་པོ་ཁྱོད་གང་འདྲི་བའི་དགོས་དོན་འདི་ནི་ཐག་རིངས་སུ་ལུས་པ་སླར་འོང་བ་དང་འདྲ། དཀའ་ལས
ཆེ་སྟེ། དོན་ཡང་འགྲུབ་ནོར་ཐོབ་པར་འགྱུར་རོ། །བློ་བདེ་བར་གྱིས་བཟང་ངོ། །དད་ཨ། ཉོན་ཅིག་དྲིབ་པོ་དོན་འདི་ནི་འགྲུབ་དོན་བཟང་པོ་ཞིག་བསམས་འདུག་།དེའི་ཕྱིར་ན་སྨྲ་བར་མ་བྱེད། འོན་ཀྱང་དགྲ་བོ་ཞིག་ཡོད་དེ། དེ་ལ་འཇིགས་པ
མི་དགོས་དོན་འགྲུབ་པ་སྟེ་བཟང་ངོ། །ད་ཨ་ད། ཉོན་ཅིག་དྲི་བ་པོ། བྱ་བ་འདི་ནི་རྒྱ་མཚོར་འཆོལ་བའི་ནོར་བུ་དང་འདྲ་སྟེ། །ད་ནི་དོན་འདི་ལ་ཐེ་ཚོམ་ཟ། ཁྱེད་རང་དོན་ལ་ལེགས་པར་གཞི་གསལ། རྩོལ་བ་མ་བྱེད། གང
བསམས་དེ་ནི་ཐམས་ཅད་མི་བཟང་ངོ། །ཉེན་མོངས་པ་སྐྱེ་ལུས་སྲོག་ལའང་བྱུང་དོགས་ཡོད་པ་ཡིན། གལ་ཏེ་རྩོལ་པ་ཆེན་པོ་སྐྱེད་ན་དམ་དུམ་འགྲུབ་ནའང། ཐམས་ཅད་མི་འགྲུབ་འབྲས་བུ་ཅི་ཡང་མི་མཐོང། དེས་ན་རེ་བ་བཅད་པ་དྲག
ངན་ནོ། །ད་ཡ་ཝ། དྲི་བ་པོ་ཉོན་ཅིག་།བྱ་བའི་དོན་ནི་བཀྲ་ཤིས་པར་འགྱུར། དེ་ལྟར་མ་རིངས་པར་བྱ་བ་གྱིས་ཤིག་།དེ་ལྟར་བྱས་པས་བྱ་བ་བྱེད་དོ། །དགྲ་པོ་ཡོད་པས་གསང་དགོས། དེ་ལྟར་ན་འཇིགས་པར་མི་འགྱུར། ཉི་མ་དགེ་བས།
ད་རྒར་ཐམས་ཅད་ཐུལ། ཚིམ་པར་བྱ་བར་འགྱུར་རོ། །ད་ཨ་ཡ། ཡིད་ལ་ཟུང་ཞིག། དྲི་བ་པོ་བྱ་བའི་དོན་འདི་ལ་ཨང་པོས་བློ་ཐུབ་ཀྱི་ན་གདའ་སྟེ། རང་གི་སེམས་དུང་གྱིས་ལ་བསྒྲུབས་དེ་ལྟར་བྱས་ན་བྱ་བ་ཐམས་ཅད་འགྲུབ་བོ། དད?་?་ཨ། ཀྱེ
དྲི་བ་པོ་བྱ་བ་འདེ་ནི་རྐྱང་བར་འགྲུབ་བ་ནི་དཀར་སྦྱིན་སེམས་སཾ། བསོད་ནམས་ལ་སོགས་པ་དགེ་སེམས་སུ་གྱིས། ཁྱེད་རང་ཐེ་ཚོམ་དུ་གྱུར་འདུག་པ། འདི་ལ་སེམས་བཟང་པོས་རྩོལ་བ་སྐྱེད་ན་འགྲུབ་ངེས་ཡིན། ངལ་དུབ་ཆེ་ཟེར་ནས་ལེ་ལོར་མ་བཞག། ད་?
དྲི་བ་པོ་ཉོན་ཅིག། བྱ་བ་འདི་ནི་བསྒྲུབ་པར་དཀའ་ལས་ཤིན་ཏུ་ཆེ། སེང་གེའི་ཁར་ལས་པ་ཆུད་ནས་ལེན་མི་ནུས་པ་དང་འདྲ་སྟེ། རེ་བ་ལ་བཅད་ན་དྲག་།རྩོལ་བ་བྱས་དེ་ཅི་ཞིག་བྱེད་དེས་བྱ་བ་མི་འགྲུབ། ད་ཝང། ཉོན་ཅིག་དྲི་བ་པོ། བྱ་བ
འདི་ནི་གྲུབ་ཟིན་གྱིས་བྱ་བ་ཡང་རྒྱ་ཆེར་འཕེལ། ཁྱོད་དགེ་བའི་སྣོད་དང་ལྡན། འཁོར་ལོ་ལྟ་བུ་ཡིན། བྱ་བ་འདི་ནི་ཆེན་པོ་ཡིན། ཡིད་ཚིམ་པར་གྱིས། ད་ཝ་ཝ་།དྲི་བ་པོ་ཉོན་ཅིག། བྱ་བ་འདི་ལ་རྩོལ་བ་མེད་གྱི་ནོར་རྙེད། མ་བསམ་བར
རྫས་དང་འཕྲད། ཁྱོད་ཀྱི་དགོས་དོན་ཉེ་བར་འགྱུར། གལ་ཏེ་དགྲ་བོས་བར་ཆད་རྩོམ་ནའང། དེ་བཞིན་རང་ཡང་བརྟན་པར་གྱིས། བློ་ཡངས་བའི་བདག་ཉིད་དུ་གྱིས། །དེ་ཡིS་མྱུར་དུ་ཅིས་ཀྱང་འགྲུབ་པ་ཡིན། ད་ཨ་ཝ། ཉོན་ཅིག་དྲི་བ་པོ། བྱ་བ
འདི་ལ་འབྲས་བུ་མྱུར་དུ་འབྱུང། ཁྱོད་མཐོང་བ་དང་ཡིད་དགའ་བར་འགྱུར། བློ་ལོངས་བ་དང་འདྲ། ཇི་སྲིད་འདི་འགྲུབ་པའི་ཕྱིར་ཉོན། །ཁྱད་པར་དུ་དོན་བཟང་པོ་ཐོབ། དེ་ལ་ཁྱེད་རང་སེམས་བརྟན་པར་གྱིས། འདི་ལྟར་འདོད་པའི་འབྲས་བུར་འགྱུར
ངེས་པར་སེམས་ཚིམ་པར་གྱིས། བཟང་པོ་འགྲུབ་པ་ཡིན། ད་ཨ་ཨ། ཉོན་ཅིག་དྲི་བ་པོ། བྱ་བ་འདི་དག་ཉེ་བར་སླེབ་འདུག་།གཞན་གྱི་ངག་ལ་བརྟེན་ནས་འགྱུར་ལྡོག་མ་བྱེད། དེ་རྣམས་ཀྱི་ཚིག་གིས་དགོས་པ་ཅི་ཞིག་བྱེད། རྣམ་པ་ཐམས་ཅད་དུ
རང་ས་ཟིན་པར་གྱིས། གང་གིས་གནོད་པར་གྱུར་པའི་བྱ་བ་བྱེད་བཞིན་པ་ཁྱོད་ཀྱིས་ཅི་ལ་མི་ཤེས་བཟང་པོའི་སྐུ་ནས་དོན་འདི་དག་དང་འཕྲད་ཀྱིས། དེའི་སྟོབས་ཀྱིས་སེམས་གཡེང་བ་ཆེས་ཏེ། འདི་ལ་སྐྱོ་བ་མ་བྱེད། བྱ་བ་གྲུབ་ཟིན་པ་དང་འདྲ།
སེམས་བདེ་བར་གྱིས། ད་ཝ་ཨ། དྲི་པ་པོ་ཉོན་ཅིག་། བྱ་བ་འདི་ལ་རྙེད་པ་ཡོད། འཇིགས་པ་ཡང་ཡོད། དེ་ལ་འཇིགས་མི་དགོས། སེང་གའི་རྣམ་འགྱུར་ལ་གཞན་འཇིགས་པ་བཞིན་དུ། ཁྱོད་ཐེ་ཚོམ
བྱེད་པར་འདུག། དགོས་པ་བླངས་པས་ཆོག། ཁྱོད་ཀྱེ་བྱ་བའི་དོན་འདི་ཟླ་བ་ཚེས་པ་དང་འདྲ་བར་འགྲུབ། ཡིད་ཚིམ་པར་གྱིས། ད་ཝ་ཡ། ཤེས་པར་གྱིས་ཤིག་དྲི་བ་པ་བྱ་བ་འདི་ལ་དན་འགྱུར་གཞན་རྣམས་ཀྱིས་ཁ་བྲོད་གཏོང་བཞིན་བྱེད་?
གདའ་སྟེ། དེ་རྣམས་ཀྱི་དག་ལ་མ་ཉོན་ཅིག་།དེ་ཙམ་ཞིག་ཅི་ལ་མི་ཤེས། དེ་རྣམས་ཀྱི་ཟང་ཟིང་དང་འབྲལ་བར་གྱིས་ལ། བདག་ཉིད་སྦས་པའི་ཚུལ་དུ་བྱས་ནས་གྲོགས་པོ་བཟང་པོ་ལ་བློ་གཏང་ནས་དེའི་དག་བཞིན་བྱས་བས
རང་གི་དོན་འགྲུབ་པར་འགྱུར་རོ། །འདི་ནི་དཔལ་ལྡན་ཞི་བ་ལྷས་གསུངས་པའི་མོ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ། གོ་ཏ་མ་ཤྲི་དང། བལ་པོའི་པཎྜི་ཏ་རཱ་མ
དང། བལ་པོ་རྗོད་གི་རྒྱལ་པོ་བླ་མ་པཎྜི་ཏ་བུདྷ། ཤྲི་ཛྙཱ་ནའི་ཞལ་སྔ་ནས་མཉན་ནས་མང་དུ་ཐོས་པའི་ལོ་ཚ། གནས་བདུན?་དཔལ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།
ཐུབ་པ་ཆེན་པོ་དྲང་སོང་གནས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བ་བཞུགས།
CLOSE WINDOW