CLOSE WINDOW

N4562: སྤྱིར་བཏང་བ་ཡང་དག་པར་བསྡུས་པ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

།། *། (།སྤྱིར་བཏང་བ་ཡང་དག་པ་བསྡུས་པ་མཛད་བྱང་ཎ།།)་།། *། །རྒྱ་གར་སྐད་དུ། ཨ་དྷི་ཀཱ་ར་སི་གྲ་ཧ་ནཱ་མ། བོད་སྐད་དུ། སྤྱིར་བཏང་བ་ཡང་དག་པར་བསྡུས པ་ཞེས་བྱ་བ། གཉིས་སུ་མེད་པར་གསུང་བ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གྲུབ་པ་ཀུན་མཁྱེན་ཀུན་ལ་ཕན། །འགྲོ་བའི་བླ་མར་ཕྱག་འཚལ་ཏེ། །ཉུང་ངུ་རྣམ་གསལ་ཡང་དག་རྫོགས། །སྒྲ་ཡིས་མཚན་ཉིད་བརྗོད་པར་བྱ། །སྒྲ་ཞེས་པའི་སྤྱིར་བཏང སྐབས་དྲུག་ཇི་སྲིད་པར་ཅི་རིགས་པར་འཇུག་གོ་། སྒྲུབ་པ་ཁྱད་པར་དུ་བྱེད་པའི་མཛའ་ཨིའོ། །སྒྲུབ་པ་ཞེས་པ་སྤྱིར་བཏང་སན་ལས་གོང་དུའོ། །དྲུག་པ་མཛའ་ཨིའོ། །དྲུག་པས་ཞེས་པའི་སྤྱིར་བཏང་རི?་ཀའི་ཨ་ཎ་ལས་ར་ལ་དག་གོ་།ཞེས་པ་ལས་གོང་དུའོ།། མིཏ་ཨ་ཙའི་མཛའ་ལས་ཕ་རོལ་ལོ། །ཕ་རོལ་ཞེས་པའི་སྤྱིར་བཏང་ཀ་པའི་བར་དུའོ། །ཏིཛ་ལས་བཟོད་པ་ལས་ནའོ། །སན་ཞེས་པའི་སྤྱིར་བཏང་ཀཱ་མྱ་ཙ་ལས་གོང་དུའོ། །ཏུམ་ཡི་དབྱི་བ་ཡང་འདོད་པ་ལའོ། །འདོད་པ་ལ་ཞེས་པའི་སྤྱིར་བཏང་ཀུན་སྤྱོད བཟུང་བ་ལས་གོང་དུའོ། །བྱེད་པ་བོ་ལས་བི་པའོ། །བྱེད་པ་པོ་ལ་ཞེས་པའི་སྤྱིར་ཀཥྚ་སོགས་བཟུང་བ་ལས་གོང་དུའོ། །ཀྱང་འོ། ཀྱང་ཞེས་པའི་སྤྱིར་བཏང་ཀྱ་ཙ་ལས་གོང་དུའོ། །ཤབྷ་ལ་སོགས་རྣམས་ལ་ཀ་རོ་ཏིའོ། །ཀ་རོ་ཏི་ཞེས་པའི་སྤྱིར་བཏང་ལས གོང་དུའོ། ། ཙ་གཅིག་པ་ཧལ་དང་པོ་ལས་བྱ་བའི་དོན་ལས། བྱ་བའི་དོན་ལས་ཞེས་པའི་སྤྱིར་བཏང་སུ་པ་སྒྲུབ་པ་ལས་གོང་དུའོ། ། ཙ་གཅིག་མ་ཡིན་པ་ལས་ལི་ཊའི་ཨཱམ་སྟེ། ཀྲི་བྷཱུ་ཨསྟི་ལིཊ་ཡང་རྗེས་སུའོ། །ཱ་མ་ཞེས་པའི་སྤྱིར་བཏང ལོཊའི་ཀྲི་ལོཊའོ་ཞེས་པ་ཇི་སྲིད་པར་རོ། །ཛཱ་གྲི་ཨཽཥ་ལས་ཡང་ནའོ། །ཡང་ན་ཞེས་པའི་སྤྱིར་བཏང་ལོཊའི་ཀྲིཊའོ་ཞེས་པ་ཇི་སྲིད་པར་རོ། །ལུང་ལ་སིཙའོ། །ལུང་ལ་ཞེས་པའི་སྤྱིར་བཏང་ཨ་ནུའི་ཏཔ་ལས་མ་ཡིན་ནོ་ཞེས་ཇི་སྲིད་པར་རོ། །སིཙ ཞེས་པའི་སྤྱིར་བཏང་ཀྵ་སྒྲུབ་པ་ལས་གོང་དུའོ། །ཎི་སྲི་དྲུ་སྲུ་ཀམ་ལས་བྱེད་པ་པོ་ལ་ཙའོ། །བྱེད་པ་པོ་ལ་ཞེས་པའི་སྤྱིར་བཏང་དང་དངོས་པོ་དང་བྱ་བ་དག་ལའོ་ཞེས་པ་ལས་གོང་དུའོ། །ཏིང་ཤིཏ་ལ་ལིཊ་སྨན་པའི་ལིང་མ་ཡིན་པ་ལ་ཡཀའོ། །ཏིང ཤིཏ་ལ་ཞེས་པའི་སྤྱིར་བཏང་ཀྲཱི་ལ་སོགས་པ་རྣམས་སོ། །ཞེས་པ་ཇི་སྲིད་པར་རོ། །བྱེད་པ་པོ་ལ་ཤ་པའོ། །བྱེད་པ་པོ་ལ་ཞེས་པའི་སྤྱིར་བཏང་མང་པོའོ་ཞེས་པ་ལས་གོང་དུའོ། །གྷས?་གྷཱས་བྷྲ་མུ་ཡང་ན་ཞེས་པའི་སྤྱིར་བཏང་ཕྱི་མ་དག་ལའོ། །མང་པོའོ། མང་པོ་ཞེས་པའི་སྤྱིར་བཏང་ལ་བསྒྱུར་བ་ལས་གོང་དུའོ། །དངོས་པོ་དང་བྱ་བ་དག་ལའོ། །དངོས་པོ་དང་བྱ་བ་དག་ལ་ཞེས་པའི་སྤྱིར་བཏང་ཎཔལ་བཟུང་བ་ལས་གོང་དུའོ། །ཡཏའོ། ཡཏ་ཞེས་པའི་སྤྱིར་བཏང་ཀྱ་པ་ལས་གོང་དུའོ། །གང?་མ་ད་མ་མ་ལས་པྲ་ལ སོགས་པ་མེད་པ་ལས་སོ། །པྲ་ལ་སོགས་པ་མེད་པ་ལ་ཞེས་པའི་སྤྱིར་བཏང། ཨཻཎ་སྟུ་ཤཱསུ་པྲིཉ་ཏྲི་ཛུཥ་ལས་སོ་ཞེས་པ་ལས་གོང་དུའོ། །སུཔ་ལས་བད་ལས་ཀྱཔ་ཡང་ངོ། །ཀྱཔ་ཞེས་པ་ཎྱ་ཏ་ལས་གོང་དུའོ། །རི་ཧའོ་ལས་ཎྱ་ཏའོ། །ཎྱཏ་ཞེས་པ་སྤྱིར བཏང་ཎཔུལ་བཟུང་བ་ལས་གོང་དུའོ། །བྱེད་པ་པོ་ལ་ཎཔུལ་ཏྲིཙ་ཨཙ་རྣམས་སོ། །བྱེད་པ་པོ་ལ་ཞེས་པའི་སྤྱིར་བཏང་བ་སུ་པ་སྒྲུབ་པ་ལས་གོང་དུའོ། །སྐབས་དང་པོའི་རྐང་པ་དང་པོ་རྫོགས་སོ།། །།བྱ་བ་ལས་ཨཎའོ།། སུཔ་ལས་སོ། །འདི་ལས་ཕ་རོལ་ཏུ་ཧན་ལས་སྨད་པ་ལའོ། །ཌ་ཞེས་པའི་ཇི་སྲིད་པར་བྱ་བ་ལས་དང་སུཔ་ལས་ཞེས་པའི་སྤྱིར་བཏང་གཉིས་ཇི་ལྟར་བསྟན་པ་བཞིན་དུ་འཇུག་གོ་།ེ་ཛི་ལས་ཁ་ཤའོ། །ཁ་ཤ་ཞེས་པ་སྤྱིར་བཏང། མེ་གྷ་རི་ཏི་བྷ་ཡ ལས་ཀྲིཉ་ལས་ཁའོ། །ཞེས་པ་ལས་གོང་དུའོ། །མེ་གྷ་རི་ཏི་བྷ་ཡ་ལས་ཀྲིཉ་ལས་ཁའོ། །ཁ་ཞེས་པའི་སྤྱིར་བཏང་ཁཌའི་ཚིག་ལས་གོང་དུའོ། །དེས་པ་ལ་ཎི་ནིའོ། །ཎི་ནི་ཞེས་པའི་སྤྱིར་བཏང་ཌ་ལས་གོང་དུའོ། །བྱུང་བ་ལའོ། །བྱུང་བ་ལ་ཞེས་པའི སྤྱིར་བཏང་འཇུག་བཞིན་པའི་སྤྱིར་བཏང་བ་ལས་གོང་དུའོ། །དངོས་པོ་དང་བྱ་བ་དག་ལ་ཀྟའོ། །ཀྟའོ་ཞེས་པའི་སྤྱིར་བཏང་ཛྲིཥ་ལས་ཏྲིན་ལས་གོང་དུའོ། །འཇུག་བཞིན་བ་ལཊའོ། །འཇུག་བཞིན་ལ་ཞེས་པའི་སྤྱིར་བཏང་རྐང་པ་རྫོགས་པ་ཇི སྲིད་དུའོ། །ལཊ་ཞེས་པའི་སྤྱིར་བཏང་དེ་དག་ལིཊའིའོ་ལས་གོང་དུའོ། །ཤཱི་ལ་ལ་སོགས་པ་རྣམས་ལ་ཞེས་པའི་སྤྱིར་བཏང་རྐང་པ་རྫོགས་པ་ཇི་སྲིད་དུའོ། །སྐབས་དང་པོའི་རྐང་པ་གཉིས་པ་རྫོགས་སོ།། །།ཽཎ་ལ་སོགས་རྣམས་སོ།། འབྱུང་འགྱུར་ལ་ལིཊའོ། །འབྱུང་འགྱུར་ལ་ཞེས་པའི་སྤྱིར་བཏང་གྷཉ་ལས་གོང་དུའོ། །ཏུ་མུན་དངོས་པོ་ལ་བྱ་བ་ལ་དེའི་དོན་ལའོ། །དངོས་པོ་ལ་ཞེས་པ་ཡུཙ་ཇི་སྲིད་པར་སྤྱིར་བཏང་བའོ། །བྱེད་པ་པོ་ལ་ཡང་གྷཉའོ། །གྷན་ཞེས་པའི་སྤྱིར བཏང་ཨཙ་ལས་གོང་དུའོ། །བྱེད་པ་པོ་ཡུཙ་ཇི་སྲིད་པར་སྤྱིར་བཏང་བའོ། །ཚོད་པ་རྣམས་ཀྱི་ཡང་ནའོ། །ཡང་ན་ཞེས་པ་ཨཙ་ལས་གོང་དུ་སྤྱིར་བཏང་བའོ། །རཱིང་ཨཽ་ལས་ཨཔའོ། །པ་ཞེས་པ་ཌི་ཏ་ལས་ཀྟརི་ཞེས་པའི་མདོ་ལས་གོང་དུ་སྤྱིར་བཏང བའོ། །སྭ་ན་ཧས་ལས་ཡང་ནའོ། །ཡང་ན་ཞེས་པ་ཀྭཎ་ལས་པི་ཝང་གི་ཡང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བུད་མེད་ལ་ཀྟི་ནའོ། །བུད་མེད་ལ་ཞེས་པ་ཧྲཱ་ཧཱ་ཛཡཱ་ལས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ལིང་ལ་བྱ་བ་ཤོར་བ་ལརིངའོ། །དེ་ལ་བྱ་བ ཤོར་བ་ལ་ལརིངའོ་ཞེས་པ་སྒྲུབ་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བའོ། །ཁྲོས་པ་དང་མ་དང་མ་དག་ལའོ་ཞེས་པ་ངོ་མཚར་བ་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཽཏ་ཨ་པི་དག་ལ་ཤིན་ཏུའི་དོན་ལ་ལིངའོ། །ལིང་ཞེས་པ ལོཊ་ལས་གོང་དུ་སྤྱིར་བཏང་བའོ། །བྱེད་པ་པོ་གཅིག་པ་དག་གི་སྔོན་མ་ལས་སོ། །ཞེས་རྐང་པ་རྫོགས་པ་ཇི་སྲིད་པར་གོང་དུའོ། །ཛཱི་པ་ལས་གྲཉ?་ལས་ཎ་མུ་ལ་རྗེས་སུ་དེ་ཡང་ངོ། །ཎ་མུལ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་དུ་གོང་དུའོ། །རྗེས སུ་དེ་ཡང་ངོ་ཞེས་པ་མདོ་ཕྱི་མ་དག་ལའོ། །གཉིས་པ་ལའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་དུ་གོང་དུའོ། །སྐབས་དང་པོའི་རྐང་པ་གསུམ་རྫོགས་སོ།། །།ལའི་ཏིཔ་ཏ་ས་ཛཧི། ཛཧའི་ཨནྟའོ། །ཛཧའི་ཞེས་པ་ཨཻ་ཤ་ལས་གོང་དུ་སྤྱིར བཏང་བའོ། །ལོཊའི་ཨཻའི་ཨཽའོ། །ལོཊའི་ཞེས་པ་ཨཻངའི་ཨ་ཏང་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཏས་ཐས་ཐ་རྣམས་ཀྱི་ཏཱན་ཏ་ན་ཏ་རྣམས་ཏི་ངིཏའི་ཡང་ངོ། །ངི་ཏ་ཞེས་པ་སྣི་ཡུཊ་ལས་གོང་དུ་སྤྱིར་བཏང་བའོ། །ལིངའི་སཱི་ཡུཊའོ ཞེས་པ་ཛཧིའི་ཛུས་ཞེས་པ་ཇི་སྲིད་པར་གོང་དུའོ། །དིང་སྨོན་པ་མ་ཡིན་པ་ལའོ། །སྨོན་པ་མ་ཡིན་པ་ལ་ཞེས་པ་མདོ་ཕྱི་མ་དག་ལས་གོང་དུའོ། །ཛཧིའི་ཛུ་སའོ། །ཛུས་ཞེས་པ་ཨཏ་ལའོ་ཞེས་པ་ཇི་སྲིད་པར་ཙ་ཏང་ཨཱན་རྣམས་ཅི་ལྟར་ཀླགས་པའོ། །ཏང ཱན་ཞེས་པ་ལུཊ་ལ་ཀཱིབ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཱད་ལས་ཨད་ལས་སོ། །ཱད་ལས་ཞེས་པ། སམ་ལས་ཀཱུ་ཛ་ན་མ་ཡིན་པ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྠཱ་ལས་དམ་བཅའ་ངེས་པ་རབ་ཏུ་སྟོན་པ་རྣམས་ལ། སྠཱ ལས་ཞེས་པ་དྲིཤ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །བྱ་བ་མེད་པ་ལས་སོ་ཞེས་པ་ནི་ཨཽད་ལས་སོ་ཏ་པ་ལས་སོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །སྦྱོར་བ་པོ་ལས་བྷཱི་སྨཱི་ལས་ཎི་ལས་སོ། །ཎི་ལས་ཞེས་པ་ཀླགས པ་རྣམ་པར་བཤད་པ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །འབྲས་བུ་ལྡན་པ་ལའོ་ཞེས་པ་པ་རི་ལས་མྲི་ཥ་ལས་ཀྱང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ། ནུ་པ་རཱ་དག་ལས་ཀྲིཉ་ལས་མ་ཡིན་ནོ། །མ་ཡིན་ཞེས་པ་ཀྱཥ་ལས གོང་དུ་སྤྱིར་བཏང་བའོ། །ཀྱཥ་ལས་ཡང་ནའོ། །ཡང་ན་ཞེས་པ་ལུཊ་ལ་གྲི?་པ་ལས་སོ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཁྱེད་ལ་དབུས་མ་གསུམ་མོ། །གསུམ་ཞེས་པ་སུ་ཨཽ་ཛས་ལ་སོགས་པའི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །གཅིག་གཉིས་མང་པོ རྣམས་ལའོ། །ཞེས་པ་སུ་ཨཽ་ཛས་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །སྐབས་དང་པོ་རྫོགས་སོ།། །།སུ་ཨཽ་ཛས། ཨམ་ཨཽཊ་ཤས། ཊཱ་བྷཡཱ་མ་བྷིས། དེ་བྷཡ་མཱ་བྷཡ་ས། དིས་བྷཡ་མ་བྷཡ་ས། ངས་ཨོ་ས་ཨཱ་མ། ངི་ཨོས་སུཔ། འདི་རྣམས་ཀྱང་ཤུགས་ཀྱིས་གཅིག་ལ་སོགས་པ་དང་ལྡན་པའི་དོན་རྗོད་པའི་སྒྲ་ལས་ཕ་རོལ་དུ་འགྱུར་རོ། །དོན་བརྗོད་པའི་སྒྲ་ལས་ཞེས་པ། ཨཽ་རས་རྣམས་ལས་ཀ་པའོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཏ་ལས་བྷིསའི ཻ་སའོ། །ཏ་ལས་ཞེས་པ་ཛ་སའི་ཤཱིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སརྭ་ལ་སོགས་པ་རྣམས་ལས་སྨཻ་སྨཱ་ཏ་དག་།སརྭ་སོགས་རྣམས་ལས་ཞེས་པ་ཤཱི་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤཱིན་ཡང་ནའོ། །ཡང་ན་ཞེས པ། ཨཱ་པ་ལམ་ཨཽ་ཏའི་ཤཱིའོ་ཞེས་པ་ལས་གོང་དུའོ། །བྱ་བའི་ལས་ལ་གཉིས་པའོ། །གཉིས་པ་ཞེས་པ་ཨཽཔ་ཡིས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །འགྲོ་བ་དང་རྟོག་པ་དང་ཟས་དང་སྒྲའི་དོན་བྱ་བ་མེད་པ་རྣམས་ཀྱི་སྤྱར་བྱ་ལའོ། །སྤྱར བྱ་ལ་ཞེས་བ་བྷཀཱིའི་འཚེ་བ་མ་ཡིན་པ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བྱེད་པ་པོ་ལ་གསུམ་པའོ། །གསུམ་པ་ཞེས་པ་བུ་ལོན་ལ་ལྔ་པའོ་ཞེས་ལས་གོང་དུའོ་སྤྱིར་བཏང་བའོ། །ཡང་དག་པར་རབ་ཏུ་སྤྱིན་པ་ལ་བཞི་པའོ། །བཞི་པ་ཞེས་པ ལྔ་པ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །གཉིས་པའི་རྐང་པ་དང་པོ་རྫོགས་སོ།། །།སུཔ་སུཔ་པའི་ས་དོན་གཅིག་པའོ་ཞེས་པ་ཇི་སྲིད་པ་ལ་བལྟོས་པ་ཡིས་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །པ་རི་ཨཔ ཱ་ད་བ་ཧིས་ཨཉྩར་རྣམས་ལྔ་པ་ཡིས་ཡང་ན་ཞེས་པ་ཇི་སྲིད་པ་ལ་བལྟོས་པ་ཡིས་རྐང་པ་རྫོགས་པ་ཇི་སྲིད་དུའོ། །འུ་རི་སྭོ་དང་ཀཱ་རི་ཀཱ་ཙྭི་ཌཱ་ཙ་རྣམས་བྱ་བའི་དོན་རྣམས་ཀྱིས་སོ། །བྱ་བའི་དོན་རྣམས་ཀྱིས་ཞེས་པ་ཏ་རིས་མི་སྣང་བ་ལའོ ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀྲིཉ་ཡིས་ཡང་ནའོ། །ཀྲིཉ་ཡིས་ཞེས་པ་ཏུཥྞཱི་མ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །གཞན་གྱི་དོན་ལ་དུ་མའོ། །དུ་མ་ཞེས་པ་མདོ་ཕྱི་མ་དག་ལ་སྤྱིར་བཏང་བའོ། །ཡང་དག་པར་བསྡུ་བ་ལ་མ་ན་དི་ངོ་ཞེས་པ ད་དྷི་པ་ཡས་སོགས་རྣམས་ཀྱི་མ་ཡིན་ནོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །མ་ནིང་ཞེས་པ་ཨ་ནི་བུད་མེད་དོ་ཞེས་པ་ལ་གོང་དུའོ། །དཔུང་གི་ཡན་ལག་རྣམས་ཀྱི་མང་པོ་ཉིད་ལའོ། །མང་པོ་ཉིད་ལ་ཞེས་པ་བྱ་ན་རྣམས་ཀྱིའོ་ཞེས་པ་ཇི་སྲིད་དུ་སྤྱིར བཏང་བའོ། །ཤིང་དང་རྩཝ་དང་འབྲུ་དང་རི་དགས་དང་བྱའི་བྱེ་བྲག་རྣམས་ཀྱི་ཡང་ནའོ། །ཡང་ན་ཞེས་པ་ད་དྷི་བ་ཡས་རྣམས་ཀྱི་མ་ཡིན་ནོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །མིང་ལ་དྲུག་པ་ལས་ཀ?་ཐ་དང་ཨཽ་ཤཱི་ན་ར་རྣམས་ལའོ། །དྲུག་པ་ལས་ཞེས་པ མང་པོ་ཉིད་ལས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །གྲངས་དང་པོ་ཀུན་ཏུ་བསྡུས་པ་ལའོ། །ཀུན་ཏུ་བསྡུས་པ་ལ་ཞེས་པ་པཱ་ཏྲ་ལ་སོགས་པ་རྣམས་ཀྱི་མིན་ནོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐབས་གཉིས་པའི་རྐང་པ་གཉིས་པ་རྫོགས་སོ།། །། བུད་མེད་ལའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རང་གི་དོན་སའོ་ཞེས་པ་རིགས་ལས་བུད་མེད་ཀྱི་ཡུལ་མ་ཡིན་པ་ལས་ཡ་མཛའ་ཉེ་མ་ཡིན་པ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཥི་ཏ་ལས་ཥིའོ།། དཱིཥ་ཞེས་པ་ཨཽཏྲ་ལས་ཨའུ་ངའོ་ཞེས་པ་ལ་གོང་དུའོ། །མིང་ལ་ཡང་ནའོ། །ཡང་ན་ཞེས་པ་ལས་ཨཽ་ལས་ཡོན་ཏན་ཞེས་སོགས་ཀྱི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐྱེས་པའི་མིང་སྦྱོར་བ་ལས་པཱ་ལ་ཀ་མཛའ་མ་ཡིན་པས་ལས་སོ། །སྐྱེས་པའི་མིང་སྦྱོར་བ་ལས ཞེས་པ་ཨཱ་ཙརྱ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །ཻནྡྲ་བ་རུ་ཎ་བྷ་བ་ཤརྦ་རུ་ཏྲ་མི་ཌ་རྣམས་ཀྱི་ཨཱ་ནུ་ཀ་ཡང་ངོ། །ཱ་ནུ་ཀ་ཡང་ཞེས་པ་ཡ་བ་ན་ལས་ལི་བི་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀྟ་ལས་ཆུང་ངུ་བརྗོད་པ་ལས། ཀྟ་ལས་ཞེས་པ མིང་ལས་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རིགས་ལས་ཨཙྪ་ད་མ་ཡིན་པ་ལས་ཡང་ནའོ། །ཡང་ན་ཞེས་པ་པུཙྪ་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རང་གི་ཡན་ལག་ལས་གཙོ་བོ་མ་ཡིན་པ་ལས་སོ་ཞེས་པས་ཁཱི་ཨ་ཤི་ཤྭཱིའོ་ཞེས་པ་ཇི སྲིད་པར་སྤྱིར་བཏང་བའོ། །དཻ་བ་ཡཛྙི་སཽ་ཙི་པྲི་ཀྵི་སཱརྒྱ་མུ་གྲི་ཀ་ཎྠི་བིདྡྷི་རྣམས་ཀྱི་ཡང་ནའོ། །ཡང་ན་སྒྲ་འདི་ཉིད་སུ་པ་ལ་འཇུག་པ་འགོག་བྱེད་མེད་ན་ནི། །རྟེན་ཐ་དད་པ་དྲུག་པ་ལས་ཏ་སའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །གཉིས་པའི་རྐང་པ གསུམ་པ་རྫོགས་སོ། ། །།ཛི་ཏ་ལས་གོང་དུ་ཨ་ཎའོ། །དེའི་བུ་རྒྱུད་དོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །བཱཧཧ་ལ་སོགས་པ་རྣམས་ལ་རིགས་ཀྱི་དང་པོ་རྣམས་ལས་སོ། །རིགས་ཀྱི་དང་པོ་རྣམས་ལས་ཞེས་པ། ཀྵདྡཱ?་ལས ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ས་ཏི་སམྦྷ་བེ་བེ་ཤེ་ཥ་ཎཾ། དྲང་སྲོང་ཀི་པུའི་བུ་ལ་སོགས་པ་ལའོ། །བུའི་བུ་ལ་སོགས་པ་ལ་ཞེས་པ་དྲོ་ཎི་ལས་གོང་དུ་སྤྱིར་བཏང་བའོ། གརྒ་ལ་སོགས་པ་རྣམས་ལས་ཡཉའོ། །ཡཉ་ཞེས་པ་ཕ་ཉ་ལས་གོང་དུ་སྤྱིར བཏང་བའོ། །བུད་མེད་མང་པོ་རྣམས་ལས་ཕ་ཀའོ། །ཕཀ་ཞེས་བ་ཨཎ་ལས་གོང་དུ་སྤྱིར་བཏང་བའོ། །ཤི་ལ་སོགས་པ་རྣམས་ལས་ཨ་ཎའོ། །ཎ་ཞེས་པ་དྷཀ་ལས་གོང་དུ་སྤྱིར་བཏང་བའོ། །དྷ་ཀའོ་ཞེས་པ་ཙ་ཊ་ལས་ཨཻ་ར་ཀའོ་ཞེས་པ་ལས་གོང་དུ་སྤྱིར་བཏང བའོ། །རེ་བ་ཏི་ལ་སོགས་པ་རྣམས་ལས་ཋ་ཀའོ། །ཋཀ་ཞེས་པ་ཕྱི་ལས་ཚ་ཡང་ངོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ལྗོངས་ཀྱི་མིང་ལས་རྒྱལ་རིགས་ལས་རྒྱལ་པོ་ལ་ཡང་ངོ། །ལྡོངས་ཀྱི་མིང་ལས་ཞེས་པ་ལསྐ་ལ་སོགས་པ་མདོ་ལས་གོང་དུ་སྤྱིར་བཏང པའོ། །རྒྱལ་པོ་ལ་ཡང་ཞེས་པ་ཀུན་ཏུ་དང། ན་དང་པོ་རྣམས་ལས་ཎྱའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཀ་པོ་ཛ་ལ་སོགས་པ་རྣམས་ལ་དབྱིའོ། །དབྱིའོ་ཞེས་པ་ཛི་ཏའི་སྔོན་མ་ཨའི་ཡ་ལ་ཨ་ཙ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡ་ཉ་ཨ་ཉ དག་གི་མང་པོ་རྣམས་ལ་བུད་མེད་ན་ཡིན་པ་ལའོ། །མང་པོ་རྣམས་ལ་ཞེས་པ་ཛི་ཏིའི་སྔོན་མ་ཨའི་ཡ་ལ་ཨ་ཙ་ལའོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །བུད་མེད་མ་ཡིན་པ་ལ་ཞེས་པ་ཨ་གསྟ་ཡ། ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རིགས་ལ་དབྱེའོ། དབྱིའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐབས་གཉིས་པ་རྫོགས་སོ།། །།དེ་ཡང་བཅོས་པ་ཆོས་ལས་སོ། །དེ་ཡིས་ཤེས་པ་དེ་ལས་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། །བཙོས་པ་ཞེས་པ་དུས་སོ་ཞེས་པ ལས་གོང་དུའོ། །དེར་བླུགས་པའི་སྣོད་རྣམས་ལས་སོ། །དེར་ཞེས་པ་དེ་འདིའི་ཟླ་བ་ཉ་བའོ། །ཞེས་པ་ལས་གོང་དུའོ། །དེ་འདིའི་ཟླ་བ་ཉ་བའོ། །དེ་ཞེས་པ་དང་པོའི་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །འདིའི་བ་འདི་ལ་ཞེས་པ་སྨོས་པ་ལས་གོང་དུ་རྗེས་སུ འཇུག་གོ་། ལྷ་ཉིད་དོན་དེ་བ་ཏཱ་ཞེས་པ་དང་པོ་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེར་བརྗོད་པ་དང། དེར་རིག་པའོ་ཞེས་པ་ཚོགས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་ཚོགས་པའོ། །དེའི་ཞེས་པ་མི་རིང་པར་གྱུར་པའོ་ཞེས་པ་ཇི་སྲིད་པར་སྤྱིར བཏང་བའོ། །ཚོགས་པ་ཞེས་པ་པི?་ཏྲི་བྱ་ཞེས་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །གནས་པ་ལ་དེའི་མིང་ལའོ། །དེའི་མིང་ལ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྐབས་གསུམ པའི་རྐང་པ་དང་པོ་རྫོགས་སོ། ། །།ལྷག་མ་རྣམས་ལའོ། །ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །པཱ་ཧི་ཀ་ལ་སོགས་པ་རྣམས་ལས་ཨ་ཎའོ། ། ཎ་ཞེས་པ་ཚ་བ་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། ། ཙ དང་པོ་ཨཱ་ཏ་ཨཻ་ཙ་ལས་ཚའོ། །ཚ་ཞེས་པ་ཋ་ཉ་ལས་གོང་དུ་སྤྱིར་བཏང་བའོ། །ཽ་ལས་ཡུལ་ལས་སོ། །ཡུལ་ལས་ཞེས་པ་ག་ཧ་ལ་སོགས་པའི་མདོ་ཇི་སྲིད་པར་རོ། །ཤར་ལས་ཚ་ལའོ། །ཚ་ལ་ཞེས་པ་ལྡོངས་རྣམས་ལས་སོ་ཞེས་པ་ཇི་སྲིད་པར སྤྱིར་བཏང་བའོ། །སྲསྠ་པ་ཧ་པུ་རའི་མཛའ་ཡ་མཛའ་ཉེ་དྷ་ནུའི་དོན་ལས་བུ་ཉའོ། །བུ་ཉ་ཞེས་པ་པྲེ་ཛ་མ་ཏྲ་ལས་ཀ་ནའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ག་ཏའི་མཛའ་ལས་ཚའོ། །ཚ་ཞེས་པ་གནས་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར བཏང་བའོ། །ཕྱོགས་དང་པོ་ལས་ཋ་ཉ་ཡང་ངོ། །ཐ་ཉ་ཞེས་པ་ཤྭས་ལ་ཏུ་ཊ་ཡང་ངོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ནད་དང་ཀུན་ཏུ་གདུང་པ་དག་ལ་ཡང་ནའོ། །ཡང་ན་ཞེས་པ་པཱུརྤ་ལ་སོགས་པའི་མདོ་ལས་གོང་དུའོ། །གསུམ་པའི་རྐང པ་གཉིས་པ་རྫོགས་སོ། ། །།དེར་སྐྱེས་པ་ལས་པྲཱ་པྲིཥ་ལས་ཋ་བའོ། །དེར་ཞེས་པ་འོངས་པའི་གནས་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །སྐྱེས་པ་ཞེས་པ་ཨཽབཏི་ལས་གོང་དུ་སྤྱིར་བཏང་བའོ། །དུས་ལས་སྦྱིན་བྱའི་བུ་ལའོ།། སྦྱིན་བྱའི་བུ་ལོན་ལ་ཞེས་པ་འདི་དག་ལ་སོགས་པ་ལས་གྱུར་པ་ལ་ཡ་ཏའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་གྱུར་པ་ལ་ཞེས་པ་ནི་འོངས་པའི་གནས་བཟུང་པ་ལས་གོང་དུ་སྤྱིར་བཏང་བའོ། དེའི་ཆད་པ་ལའང་བཤད་བྱའི་མིང ལས་སོ། །དེའི་ཆད་པ་ཞེས་པ་འོངས་པའི་གནས་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །འོངས་པའི་གནས་ལས་འོངས་པ་ལའོ། །ལྔ་པའི་མཛའ་རྣམས་ལས་ཞེས་པ་ཤི་ཤུ་ཀྲནདཱ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །དེ་འདིའི་མངོན པར་སྐྱེས་པ་དེ་ཞེས་པ་དེར་ཞེས་པ་ལས་གོང་དུའོ། །འདིའི་ཞེས་པ་དེ་ཡིས་གསུངས་པ་གཟུང་བ་ལས་གོང་དུའོ། །དེ་ལ་དད་པ་ལ་མ་ཧཱ་རཱ་ཛ་ལས་ཋ་ཀའོ། །དེར་དད་པ་ཞེས་པ་དེ་ཡིས་གསུངས་པ་བཟུང་བ་ལས་གོང་དུ་སྤྱིར་བཏང་བའོ། །དེས་གསུངས པའི་རིག་བྱེད་ལ་རིག་པ་དང་འདོན་པའོ་ཞེས་པ་དང། ཚ་ག་ཡིན་ལས་དྷི་ནུ་ཀྲའོ། །ཞེས་པ་ཇི་སྲིད་དུ་རྗེས་སུ་འཇུག་གོ་།རི་ཤ་པ་དང་འདོན་པའོ། །ཞེས་པ་སྔོན་གྱི་དྲང་སྲོང་ལས་བྲམ་ཟེ་ལའོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །དེ་ཡིས་ཞེས་པ་དེའི་རང་ར ཐ་ལས་ཡ་ཏའོ། །ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་རང་རེ་ཐ་ལས་སོ། །དེའི་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་རོ། །རང་ཞེས་པ་རྣམ་པར་འགྱུར་པ་ལས་གོང་དུ་སྤྱིར་བཏང་བའོ། །རྣམ་འགྱུར་ལ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི སྲིད་དུ་སྤྱིར་བཏང་བའོ། །གསུམ་པའི་རྐང་པ་གསུམ་པ་རྫོགས་སོ།། །།ཡ་ཏ་ལས་གོང་དུ་ཋ་ཀའོ། །དེ་ཡིས་ཐུའོ། །རྒྱལ་པོར་བྱེད་དོ། །གསོལ་ལོ་རྐོའོ། །དེ་ཡིས་ཞེས་པ་དེ་ལ་པྲ་ཏི་ཨ་ནུ་སྨོས་རྤ་ལས་གོང་དུ་སྤྱིར་བཏང་བའོ། །དེ་ལ་པྲ་ཏི ་ནུ་ལས་ཨའི་པ། ལོ་མ་ཀཱ་ལ་ལས་སོ། །དེ་ལ་ཞེས་པ་དེའི་ཆོས་ལ་ཞེས་པ་ལས་གོང་དུའོ། །དེ་འདིའི་ཚོང་ཐོང་ངོ། །དེ་འདིའི་ཞེས་པ་དེ་སྦྱོར་བ་ལའོ། །ཞེས་པ་ལས་གོང་དུའོ། །དེར་སྦྱར་བའོ། །དེར་ཞེས་པས་ཏིརྠ་ཞེས་པ་ཇི་སྲིད་པར་རོ། །དེར་ལེགས པ་ལའོ་ཞེས་པ་རྐང་པ་ཡོངས་སུ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །གསུམ་པའི་སྐབས་རྫོགས་སོ།། །།ཀྲཱིཏ་ལས་གོང་དུ་ཚའོ། །དེའི་ཚེད་དུ་ཕན་པ་ལའོ། །དེའི་ཚེད་ཅེས་པ་དྷི་ལས་གོང་དུའོ། །ཕན་པ་ཞེས་པ་རྣམ་འགྱུར་ལས་རང བཞིན་ལའོ། །ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེའི་བཱ་པའོ། །དེའི་ཞེས་པ་དེ་ལ་རིག་པའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེར་འཚེད་དོ་དེ་ལ་དྲོ་ཎ་ལས་ཨན་ཡང་ངོ། །དེར་ཞེས་པ་ཨ་ཛ་ཤཾ་ཀུ་ཨཽ་ཏ་ཏ་ར ཞེས་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །རཧ་ཏི་ཞེས་པ་ཨདྷིཥྚ་ཞེས་ལ་སོགས་པ་སྨོས་པ་ལས་གོང་དུའོ། །ཡོ་ཛ་ན་ལ་འགྲོའོ། །འགྲོའོ་ཞེས་པ་དུས་ལས་ཞེས་པ་ལས་གོང་དུའོ། །དུས་ལས་སོ་ཞེས་པ་དེ་འདིའི་ཚངས་པར སྤྱོད་པ་ལའོ། །ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དེ་ཡིས་ཚར་བའོ། །དེའི་ཆེད་དུ་བྷྲི་ཏ། ཨདྷིཥའོ། །དེར་བྷཱ་ཏ་དང་བྷཱ་བིའོ། །གསུམ་པ་རྣམས་སྲོག་ཆགས་པའོ་ཞེས་པ་ཇི་སྲིད་པར་ཅི་རིགས་པར་སྤྱིར་གཏང་བའོ། །དེ་འདིའི་ཐོབ་པ་ས མ་ཡ་ལས་སོ། །དེ་འདིའི་ཞེས་བ་ལྟ་བུ་ལ་བཱ་ཏིའོ་ཞེས་པ་ལས་གོང་དུའོ། །དེའི་དངོས་པོ་ནི་ཏྭ་ཏ་ལ་དག་གོ་།དེའི་དངོས་པོ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པ་རོ་ཙ་ཏུ་ར། ས་ག་ཏ། ལ་བ་ཎ། པ་ཌ། བུ་དྷ་ཀ་ར་ས་ལ་ཥ་ལས་ཡང་ནའོ། །ཡང་ན ཞེས་པ་རི་ཏཱི་ཀ་རྣམས་ལས་ཚའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡོན་ཏན་གྱི་ཚིག་དང་བྲཱཧམ་ཎ་ལ་སོགས་པ་རྣམས་ལས་ལས་ལ་ཡང་ངོ། །ལས་ལ་ཡང་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བཞི་པའི་རྐང་པ དང་པོ་རྫོགས་སོ། ། །།འབྲུ་རྣམས་ལས་ཞིང་ལ་ཁ་ཉའོ། །ཁའོ་ཞེས་ཀ་ཎུ་པ་ལས་གོང་དུའོ། །དེར་འདིའི་ཡང་དག་པར་སྐྱེས་པ་ལ་ཏཱ་ར་ཀ་ལ་སོགས་རྣམས་ལས་ཨཻ་ཏ་ཙའོ། །དེར་ཞེས་པ་དེའི་རྫོགས་པ་ལ་ཌ་ཊའོ་ཞེས་པ་ལས གོང་དུའོ། །འདིའི་ཞེས་པ་ཟས་མང་པོ་འདི་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དུས་རྒྱུ་འབྲས་བུ་ལས་མིང་ལའོ། །མིང་ལ་ཞེས་པ་སཱཀྵཱ་ཏ་ལྟ་བ་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །པ་ཊ་ཀ་ལས་ཨཻ་ནིའོ། །ཻ་ནི་ཞེས་པ ཻཥྚ་ལ་སོགས་པ་རྣམས་ལས་སོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དེ་འདིའི་དང་འདི་ལ་ཡོད་པ་ཞེས་པ་མ་ཏུ་པའོ། །ཞེས་པ་ནི་དྲཱ་ཏནྟྲ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །སྲོག་ཆགས་ཀྱི་ཡན་ལག་ལས་ཨ་ཏ་ལས་ལ་ཙ་ཡང་ནའོ། །ཡང ན་ཞེས་པ་ཨ་ཙ་གཅིག་ལས་མ་ཡིན་ནོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དང་གི་དོན་ནད་ཅེས་པ་ཤིང་ཁ་ལ་སོགས་པ་རྣམས་ལས་ཡང་ན་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤི་ཁ་ལ་སོགས་པ་ལས་ཡང་ནའོ། །ཡང་ན་ཞེས་པ་པཱུརྦ་ལ་ སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །བཞི་པའི་རྐང་པ་གཉིས་པ་རྫོགས་སོ།། །།དྲུག་པ་ལས་རྟེན་ཐ་དད་པ་ལ་ཏ་སའོ། །ཏས་ཞེས་པ་ཏལ་ལས་གོང་དུ་སྤྱིར་བཏང་བའོ། །པྲ་ཏི་ཡིས་ལྔ་པ་ལས་སོ། །ལྔ་པ་ལས་ཞེས་པ ཀུན་ཏུ་ཨ་ཏ་ཨཻཏ་ཞེས་བ་ཇི་སྲིད་པར་སྤྱིར་བཏང་བའོ། །སརྦ་ལ་སོགས་པའོ། །བ་ཧུ་རྣམས་ལ་དཱི་ལ་སོགས་པ་མ་ཡིན་པ་རྣམས་ལས་སོ་ཞེས་པ་གྲངས་ལས་དྷཱའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །བདུན་པ་ལ་ཏྲ་ལའོ། །བདུན་པ་ལས་ཞེས་པ ཽ་པ་ཡ་ལས་དྷུ་ཡང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཕྱོགས་ཀྱི་སྒྲ་ལས་ཕྱོགས་ཡུལ་དུས་ཀྱི་དོན་ལས་ལྔ་པ་དང། དང་པོ་རྣམས་ལས་ཞེས་པ་སྨད་པ་ལ་བཱ་ཤ་པའོ་ཞེས་པ་ལས་གོང་དུ་ཕྱིར་བཏང་བའོ། །ལྔ་པ་ཞེས་ཡང་པ་ད་ཨ་བ་ར་ལས་ཏས ཡང་ན་ཞེས་པ་ལས་སོ། །གཉིས་དང་མང་པོ་རྣམས་ལ་ཕུལ་དུ་བྱུང་པ་ལ་ཞེས་པ། ཡུ་བ་ཨལྤ་དག་ལ་ཀན་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཕུལ་དུ་བྱུང་བ་ལ་ཞེས་པ་རུང་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བརྩེ་བ་ལའོ། །ཞེས པ་ཆུང་ངུ་ལའོ་ཞེས་པ་ལས་གོང་དུའོ། །མིའི་མིང་ལ་ཋ་ཙ་གྷན་ཨཻ་ལ་ཙ་རྣམས་ཡང་ནའོ། །ཡང་ན་ཞེས་པ་བ་སྟི་ལས་དྷ་ག?་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །འདྲ་བ་ལ་མིང་དང་དབྱིབས་ཨ་དག་ལའོ། །འདྲ་བ་ལ་ཞེས་པ་ཀརྐ་ལོ་ཧི་ཏ་ལས་ཨའི་ཀ་ཀ ཅེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བཞི་པའི་རྐང་པ་གསུམ་པ་རྫོགས་སོ།། །།མང་བ་དང་ཉུང་བའི་དོན་ལས་བཀྲ་ཤིས་པ་ལ་ཤས་ཡང་ནའོ། །ཡང་ན་ཞེས་པ་ཀ་ལའི་ཚིག་ལས་གོང་དུ་སྤྱིར་བཏང་བའོ། །མ བྱུང་བ་དེ་བྱུང་བ་ལ་ཀྲི་བྷཱུ་ཨསྟི་ལྡན་པ་ལ་ཞེས་པ་མི་གསལ་བ་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀྲ་ཉ་ཡིས་དྭི་ཏི་ཡ་ཏྲ་ཏཱི་ལས་བ་བཱི་ཛ་ལས་ཀྲིཥི་ལའོ། །ཀྲི་ཉ་ཡིས་ཞེས་པ་མ་ཏྲ་བྷ་ཏྲ་ལས་བ་པ་ན་ལའོ་ཞེས་པ་ཇི་སྲིད་པར སྤྱིར་བཏང་བའོ། །བསྡུ་བའི་མཛའ་ཨོ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །པུར་ཨཔ་དྷུ་ར་ལས་ཀྱང་ཨཀྵ་མིན་པའི་ཨ་ཙའོ། ། ཙ་ཞེས་པ་ཊ་ཙ་ལས་གོང་དུ་སྤྱིར་བཏང་བའོ། །ས་ཁི་ཨ་ཧ་ས་ར་ཛ་ན་རྣམས་ཀྱི་ཊ་ཙའོ། །ཊ་ཙ་ཞེས་པ ཊ་ཙ་ལས་གོང་དུ་སྤྱིར་བཏང་བའོ། །ཤར་ད་ལ་སོགས་པ་རྣམས་ལས་གྲངས་མེད་པའི་དོན་ལའོ། །གྲངས་མེད་པའི་དོན་ལ་ཞེས་པ་ནི་ཤ་ལས་ཤ་ཏ་ལས་ཊ་ཙའོ་ཞེས་པ་ལས་གོང་དུའོ། །བ་ཧུ་མ་ཡིན་པ་ལས་གྲངས་ལས་དོན་གཞན་ལའོ། །དོན གཞན་ལ་ཞེས་པ་ཀ་ཕའི་བར་དུ་སྤྱིར་བཏང་བའོ། །སྐབས་བཞི་པ་རྫོགས་སོ།། །།ས་ན་ཡང་དག་གི་དང་པོའི་ཨ་ཙ་གཅིག་གཉིས་སོ། །དང་པོའི་ཨ་ཙ་གཅིག་གཉིས་སོ་ཞེས་པ་སུ་པའི་ཇི་ལྟར་འདོད་པའོ། །ཞེས་པ་ཇི་སྲིད་པར་སྤྱིར བཏང་བའོ། །ཥྱཾ་གཙོ་བོའི་པུཏྲ་པ་ཏི་དག་ལ་རང་དག་ལ་ཡ་ཎའི་ཨཻ་ཀའོ། །ཡ་ཎའི་ཨ་ཀི་ཞེས་པ་བ་རི་ལས་ཡང་ནའོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ། ཙའི་ཤ་ཏི་མ་ཡིན་པ་ལ་ཨཱ་ཏའོ་ཞེས་པ་ཀྲི་ལིང་ཛི་རྣམས་ཀྱིའོ་ཞེས་པ་ཇི སྲིད་པར་སྤྱིར་བཏང་བའོ། །ཻ་ཀའི་ཡཎ་ཨ་ཙ་ལའོ། ། ཙ་ལ་ཞེས་པ་རི་ཏའི་རརི་ཡང་ནའོ། །ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །གཉིས་དག་གི་གཅིག་གོ་ཞེས་པ་རི་ཏའི་ཨཽ་ཏའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། ། ལས་ཨ་ཏ ེ་ངའོ། ། ལས་ཞེས་པ་ཨ་ཏའི་ཨ་ཏ་ཨེ་ང་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །དང་པོའི་ཨ་ཏ་ལས་ཨཱ་ཏ་ཨེ་ཙའོ། །ཱ་ཏ་ཨཻ་ཙ་ཞེས་པ་སུ་པ་ལ་ལི་ཏ་ལའང་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ེ་ང་ལས་ཕ་རོལ་གྱི་གཟུགས་སོ། །ཕ་རོལ གྱི་གཟུགས་ཞེས་པ་ཨ་ཀའི་ཨ་ཀ་ལས་རིང་པོའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། ། ཀའི་ཨེ་ཀ་ལ་རིང་པོའོ། ། ཀའི་ཞེས་པ་ཨ་མ་ལ་སྔོན་མའོ་ཞེས་པ་སྤྱིར་བཏང་བའོ། །རིང་པོ་ཞེས་པ་ཡང་ངོ། །ེ་ང་ལས་ཨ་ཏ་ལ་ཆོག་ཐོག་མ་ལའོ།། ་ཏ་ལ་ཞེས་པ་གོའི་ཨོ་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །པཱུཏྲ་ཨཻ་ཏི་མིན་པ་ལ་མ་ཡིན་ནོ། །མ་ཡིན་ཞེས་པ་རི་ཏ་ལི་ཏ་ལ་ཨ་ཀའི་འོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སུ་ལ་ཡང་ན་ཨཻ་ཏི་ལའོ། །ཡང་ན་ཞེས་པ་རི་ཏ་ལི་ཏ ལ་ཨ་ཀའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སམ་པ་རི་ལས་ཀྲི་ཉ་ལས་སུ་ཊའོ། །སུཊ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ལྔ་པའི་རྐང་པ་དང་པོ་རྫོགས་སོ།། །།ཚིག་ཕྱི་མ་ལ་མི་དབྱེའོ། །མི་དབྱི་ཞེས་པ་སྭ་སྲི པ་ཏི་དག་ལ་ཡང་ནའོ་ཞེས་པར་སྤྱིར་བཏང་བའོ། །ཚིག་ཕྱི་མ་ལ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །བུད་མེད་ལ་དོན་གཅིག་པ་ལ་སྐྱེས་པར་བརྗོད་པར་ཨཽ་ང་མ་ཡིན་པ་ནི་བུད་མེད་ལ་གཙོ་བོ་དང། རྫོགས་པ་དང། དགའ་བ་དང པོ་མིན་པ་ལ་སྐྱེས་པ་བཞིན་ནོ། །བུད་མེད་ལ་དོན་གཅིག་པ་ལ་ཨའུ་ང་མ་ཡིན་པ་ཞེས་པ་ར་ཏ་མ་ལོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །བུད་མེད་ལ་ཞེས་པ་ཚིག་ཕྱི་མའི་ཁྱད་པར་ནི་སུ་མ་བ་ཏ་སྭ་པ་དྲན་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད པར་སྤྱིར་བཏང་བའོ། །ཙྭིའི་དོན་མ་ཡིན་ན་ཛཱ་ཏཱི་ཡ་དང་དོན་གཅིག་པ་དག་ལ་མ་ཧཱ་ཏའི་ཨཱ་ཏའོ་ཨ་ཏ་ཅེས་པ་ཏྲི་ཏྲ་ཡ་སའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཻ་ཀའི་ཐུང་ངུའོ། །ཐུང་ངུ་ཞེས་པ་ཨེ་རུ་ཥའིའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ།། པིཏ་ལ་གྲངས་དང་བཅས་པའི་མུ་མ་ཡང་ངོ། །མུམ་ཞེས་པ་དྷེ་ནུའི་བྷ་བྱ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རཱ་ཏྲའི་བྱིངས་ལ་ཡང་ནའོ། །ཡང་ན་ཞེས་པ་ནུ་མའི་ཆོ་ག་ལས་གོང་དུ་སྤྱིར་བཏང་བའོ། །ས་ཧའི་དོན་གཞན ལ་སའོ། །ས་ཧའི་ཞེས་པ་སཱ་མ་ན་སྨོས་པ་ལས་གོང་དུ་སྤྱིར་བཏང་བའོ། །ས་ཞེས་པ་དྲིཀི་དྲི་ཤ་དྲིཀྵ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བི་ཤྭའི་བ་སུ་ར་ཊ་དག་ལ་རིང་པའོ། །རིང་པོའོ་ཞེས་པ་ཉམས་ལས་ཀཏི་ལ་པི་ལ ཡང་ཞེས་པ་ཇི་སྲིད་པ་སྤྱིར་བཏང་བའོ། །ལྔ་པའི་རྐང་པ་གཉིས་པ་རྫོགས་སོ།། །།རང་བཞིན་གྱིའོ་ཞེས་པ་སྐབས་དྲུག་པའི་རྐང་པ་གཉིས་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །མ་ཕྱིས་པ་ལའོ་ཞེས་པ་ཨ་ཙ ཧ་ན་དག་གི་སན་ཛཧ་ལའོ། །ཛཧ་ལ་ལ་ཞེས་པར་ལས་དབྱེའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྣ་ལས་ནའོ། །ནའི་ཞེས་ཏན་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་པའོ། །ལིཊ་སྨོན་པའི་ལིང་ལ་དང་ཏིང་ཤིཏྲ་མ་ཡིན་པ ལའོ་ཞེས་པ་མཻ་ངའི་ཨཻཏ་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཙ་ལ་ཤྣུ་བྱིངས་བྷྲུ་རྣམས་ཀྱི་ཨཻ་ཨཽ་དག་གི་ཨཻ་ཡ་ཨཽ་བ་དག་གོ་།ཙ་ལ་ཞེས་པ་ཀིཔ་ལ་ཡང་ཧ་ན་ཡིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང པའོ། །ཻཎའི་ཡཎའོ། །ཡཎ་ཞེས་པ་བྷུའི་ལུང་ལིཊ་དག་ལ་པུཀའི་ཞེས་པ་ཇི་སྲིད་པར་རོ། ། ས་དྷ་དྷི་རྣམས་ཀྱི་ཧི་ལ་ཨེ་ཏྲ་གཉིས་མིན་པ་ལའ་ངོ། །ེ་ཏ་གཉིས་མིན་པ་ལ། ཡང་ཞེས་པ་ཇི་ལྟར་སྲིད་ལས། ཤས་དང་བ་ལ་སོགས་པ་ཨཏ ེ་ད་རྣམས་ཀྱི་མ་ཡིན་ནོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཐལ་ལ་ཨཻཊ་ལའོ་ཞེས་པ་ན་ཤས་ཞེས་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡེ་ཨཙ་ལ་ཤི་སུ་ཊ་མ་ཡིན་པའོ། ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང བའོ། ། ནའི་ཨཏ་དབྱིའོ། །ཏ་དབྱིའོ་ཞེས་པ་ཨཙའི་འོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་པའོ། །དབྱིའོ་ཞེས་པ་བ་ཧུ་ལས་ཨཻའི་སྟ་བྷུ་ཡང་ངོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ནའི་ཨཎ་ལ་སོགས་པ་ལའོ། ། ཎ་ལ་སོགས་པ་ལའོ་ཞེས པ་ཨཻ་ཨའིའོ་ཞེས་པ་ཇི་སྲིད་བར་སྤྱིར་བཏང་བའོ། །མཚྱའི་ཡའིའོ། །ཡའི་ཞེས་པ་ཀྱ་ཙཱི་དག་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཧ་ལ་ལས་ཡཉ་ལ་སོགས་པའིའོ། །ཧ་ལ་ལས་ཞེས་པ་ཀྱི་ཙྭ་དག་ལ་ཞེས་པ་ཇི་སྲིད་པར་སྤྱིར་བཏང བའོ། །ཙ་གཅིག་པའི་མ་ཡིན་ནོ། །མ་ཡིན་ཞེས་པ་ཨ་བ་ཏྱ་མ་ཡིན་པ་ལ་ཡང་ངོ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་པའོ། །ལྔ་པའི་རྐང་པ་གསུམ་པ་རྫོགས་སོ་།།ས་མེད་པའི་ཡུ་བུའི་ཨ་ན་ཨཀ་དག་གོ་།ཻ་དི་ཏའི་ནུ་མའོ།། ནུམ་ཞེས་པ་ཨ་ན་ཌུ་ཏའི་སུ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤི་སུཊ་ལ་ཨཻའིའོ་ཤི་སུ་ཊ་ལ་ཞེས་ཙ་ཏུང་ཨ་ན་ཌ་རཧ་དག་གི་ཨ་མའོ་ཞེས་པ་ཇི་སྲིད་པར་རོ། །ཥྛ་ནའི་སུཔ་ལ་ཨཱ་ཏ་ཡང་ནའོ། །སུཔ་ལ་ཞེས་པ་པ་ཏ་ནི་ཤ་ལ་སོགས་པའི མདོ་ལས་གོང་དུ་སྤྱིར་བཏང་བའོ། །ཻཊ་སྨོན་པའི་ལིང་ལ་དང་ཏིང་ཤིཏ་མ་ཡིན་པ་ལའོ་ཞེས་པ་རུ་ཏ་རྣམས་ལས་ཏིད་རིའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །བལ་དང་པོའི་ཨཊའོ་ཞེས་པ་ཛན་ཨའི་ཤ་ཨའི་ཌ་ལས་སྭ་དྷཱ་ལའོ་ཞེས་པ་ཇི་སྲིད་པར་སྤྱིར བཏང་བའོ། །སནའི་ཨཊི་ཡང་ནའོ། །ཡང་ན་ཞེས་པ་པཱུ་ཀཱི་ཤ་ལིས། ཏྭཱའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཽང་ཏིལ་ས་ཡང་ནའོ། །ཡང་ན་ཞེས་པ་ཨ་དི་མིང་པའི་ག་མི་ལས་ཨཻ་ཅེས་པ་ལས་གོང་དུའོ། །ཤྲ་ལས་མ་ཡིན་ནོ། །མ་ཡིན་ཞེས པ་ཨཙ་ལས་ཡང་ནའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་པའོ། །ཤཱ་ཨང་ཏ་ལས་ཏ་ཏ་བ་ཏ་དག་པའོ། །ཏ་ཏ་བ་ཏ་དག་ལ་ཞེས་པ་རུ་ཥ་ཏྲི?་ཥ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། ལྔ་པའི་སྐབས་རྫོགས་སོ།། །། མྲ་ཛའི་ཨཏའོ། །ཛཱ་གྲི་ནི་ཤྭི་མ་ཡིན་པ་རྣམས་ཀྱིས་སིཙ་ལ་ཨ་ཏང་ལ་ཨཱཏ་ཨཙའོ། །ཞེས་པཉཎིཏ་ལའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཙ་ཞེས་པ་ན་ཉ་ལས་སུ་ཅི་ཞེས་པ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར བཏང་བའོ། །ཉཎེ?་ཏེ་ལའོ་ཞེས་པ་ཛ་ན་བི་དྷ་དག་གི་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཀ་ཏི་ལའང་བུ་རྒྱུད་ལ་སོགས་ལ་ཨཙ་རྣམས་ཀྱི་དང་པོའོ། །ཞེས་པ་ན་ཉ་ལས་སུ་ཙ་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཻཙ འགྱུར་བའི་ཡ་བའི་ཚིག་མང?་བ་ལས་གོང་དུ་ཨཻ་ཙའོ། །གོང་དུ་ཞེས་པ་ཚིག་བསྒྲུབ་པ་ལ་གོང་དུའོ། །ཕྱི་མིའི་འོ་ཞེས་པ་ན་ཉ་ལ། །ཤུ་ཙི་ཞེས་པ་ལ་སོགས་པའི་མདོ་ཇི་སྲིད་པར་སྤྱིར་བཏང་བཏང་བའོ། །ཧྲིཏ་བྷ་ག་སིནདྷཱཱིུ་སྔ་མའི་ཡང་ངོ།། སྔ་མའི་ཞེས་པ་ཧ་ནའི་ཙིཎ་ཙལ་དག་ལ་མ་ཡིན་པ་ལ་ཏའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །རི་རཱ་ཙལཱ་ཧྭཱི་ཀྲཱུ་ཡཱ་ཀྵཱ?་ཡི། ཨཱཏ་རྣམས་ཀྱི་ཎི་ལ་པུཀའོ། །ཅི་ལ་ཞེས་པ་མིཏ་རྣམས་ཀྱི་ཐུང་ངུའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཙང ལ་མཛའ་ཨི་ཉེའིའོ་ཞེས་པི་བ་པ་སྱ་ཞེས་ཇི་སྲིད་པར་སྤྱིར་བཏང་བའོ། །བྱིངས་མ་ཡིན་པའི་ཙེ་སྭོ། །ཀ་ལ་ཨ་ཏ་ལ་ཨ་ཏས་ཨཥྚ་པི་ཏྲི་རྣམས་ཀྱིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བྱིངས་མ་ཡིན་པའི་སུཔ་ལས་ཨ་པ་ལ་ཞེས་པ་བརྟ་ཀཱ་བྱ་ལའོ ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡཀ་དག་ལས་ཏྱཀ་ཏྱས་མ་ཡིན་པའི་ཨ་པའི་ཡང་ནའོ། །ཞེས་པ་བརྟ་ཀཱ་ཤ་ཀུ་ནོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཙ་ཛ་དག་གི་ཀུ་གྷི་ཏ་ཎྚ?་ཏྭ་དག་ལའོ། །ཀུ་ཞེས་པ་ཡ་ཛའི་མང་པོའོ། །ཞེས པ་ཇི་སྲིད་པར་སྤྱིར་བཏང་བའི། །ཀུ་དང་པོའི་མ་ཡིན་ནོ། །མ་ཡིན་ཞེས་པའོ་ཞེས་པ་ཡ་ཛའི་མང་པོའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཤཐི་བུ་ཀླ་མུ་ཨཱ་ཙམ་རྣམས་ཀྱི་ཤ་ཏ་ལའོ། །ཤིཏ་ལ་ཞེས་པ་མི་དིའི་ཨེཏྲ་ཞེས་པ་ལས གོང་དུ་སྤྱིར་བཏང་བའོ། །དྲུག་པའི་རྐང་པ་དང་པོ་རྫོགས་སོ།། །།བྱ་བའི་དོན་གྱི་ཨཻ་ཀའི་ཨཏ་ཨེ་ངའོ་ཞེས་པ་ཡང་བའི་མཛའ་ཉེའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །གཉིས་བརྗོད་པའི་ལིདྲ་མིན་པ་ལ་ཨ་ཙ་ལ་མ ཡིན་ནོ། །མ་ཡིན་ཞེས་པ་ཧལ་ལ་པིཏ་ལ། སུ་ཏའི་ཨའོཏའོ་ཞེས་པ་ལས་གང་དུ་སྤྱིར་བཏང་བའོ། །སུཔ་ལའོ་ཞེས་པར་ཏིའི་དེ་སུཊ་ལ་ཨཏའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དེ་ཏ་ལས་ཁི་མ་ཡིན་པའོ། །དི་ཧ་ལ་ཞེས་པ་དེ་ལ་དིའི་ཨཱམའོ ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཀ་ལ་ཨཎའི་ཐུང་ངུའོ། །ཎའི་ཞེས་པ་ཙཱ་ཡང་ཡཀ་ཀྱ་རྣམས་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དོ་ཤོ་མཱ་སྠ་རྣམས་ཀྱི་ཏ་ལ་ཀིཏྲ་ལ་ཨཏིའོ། །ཏ་ལ་ཀིཏ་ལ་ཞེས་པ་ཨ་པའི་བྷ་ལའོ་ཞེས་པ ལས་གོང་དུ་སྤྱིར་བཏང་བའོ། །མི་མཱི་མཱ་ར་བྷ་ལ་བྷ་ཤཀ་པ་ཏ་སད་དཱ་དྷཱ་རྣམས་ཀྱི་ཨཙའི་ས་ལས་སན་ལ་ཨཻ་ཤའོ། ། ཙའི་ས་ལ་སན་ལ་ཞེས་བྱ་བ་མ་ཡིན་པའི་སྒྲུབ་པ་ལས་གོང་དུ་སྤྱིར་བཏང་བའོ། །གཉིས་ཉིད་ལ་དང་པོའི་འདི་ལ་དབྱིའོ གཉིས་ཉིད་ལ་དང་པོའི་ཞེས་པ་རྐང་པ་རྫོགས་པའི་ཇི་སྲིད་དུ་སྤྱིར་བཏང་བའོ། །བྱ་ཐའི་ལིཊ་ལའོ། །ལིཊ་ལ་ཞེས་པ་བྷུའི་ཡཏ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཱཏ་ཨེང་ཡང་ལའོ། །ཡང་ངོ་ཞེས་པ་རུ་གྲིག་སྨོས་པ་ཇི་སྲིད་པར སྤྱིར་བཏང་བའོ། །དྲུག་པའི?་རྐང་པ་གཉིས་པ་རྫོགས་སོ།། །།འདོད་པ་དང་ཡང་ཡང་དག་ལ་གཉིས་སོ། །གཉིས་ཞེས་པ་ཕན་ཚུན་བྱེད་པའི་སྒྲུབ་པ་ཇི་སྲིད་པར་སྤྱིར་བཏང་བའོ། །རྐང་པའི་དང་པོ་མ་ཡིན་པ་ལ་ཚིག་ལས དགུ་གཅིག་ལའོ། །ཚིག་ལས་ངག་གཅིག་ལའོ་ཞེས་པ་མང་པོ་ཉིད་ལ་ཞེས་པ་ཇི་སྲིད་དུ་སྤྱིར་བཏང་བའོ། །ཡུཥྨ་ཏ་ཨཥྨ་ཏ་དག་གི་དྲུག་པ་བཞི་པ་གཉིས་པའི་མཛའ་ཅན་དག་གི་ཞེས་པ་ལ་བའི་དོན་ལ་ཨཱ་ལོ་ཙ་ན་མིན་པ་ལའོ་ཞེས་པ་ཇི་སྲིད པར་སྤྱིར་བཏང་བའོ། །ཡང་ན་ཞེས་པ་སྒྲུབ་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སྔ་མ་ལ་མ་གྲུབ་པོ་ཞེས་པ་རྐང་པ་ཕྱི་མ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ནཱ་ལ་མུ་མ་ཡིན་ནོ། །མ་ཡིན་པ་གཉིས་ཉིད་ལ་ཕ་རོལ ས་ཡིག་གོ་། ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀྲི་པའི་རཱི་ལ་ཀྲི་པ་ཎ་ལ་སོགས་པ་མ་ཡིན་པ་རྣམས་ཀྱིའོ། །རའི་ལ་ཞེས་པ་ཌའི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ། །ཙ་ལ་ཡང་ནའོ། །ཡང་ན་ཞེས་པ་ཌའི་མདོ་ཇི་སྲིད་པར་སྤྱིར བཏང་བའོ། །སུ་པའི་རང་བཞིན་ནའི་དབྱིའོ། །དབྱིའོ་ཞེས་པ་ཙུའི་ཀུ་ཞེས་པ་ལས་གོང་དུའོ། །བརྩེགས་པའི་ཚིག་གིའོ། །ཚིག་གི་ཞེས་པ་སིཔ་ལ་རུ་ཡང་ནའོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ར་ལས་སའིའོ། །སའི་ཞེས་པ་ཨཻཊ ལམ་ཨའིཊ་ལ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཛཧ་ལ་ལ་ཛཧ་ལ་ལའོ། །ཛཧ་ལ་ལ་ཞེས་པ་མ་བ་དག་ལའང་མའི་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཡཎ་བརྩེགས་པ་ལས་ཨཱཏ་ལས་སོ། །ཱཏ་ལས་ཞེས་པས་ས་ཛུཥའི་རུའོ་ཞེས པ་ལས་གོང་དུ་སྤྱིར་བཏང་བའོ། །ངག་གི་ཨཙ་རྣམས་ཀྱི་བླུ་ཏ་ཞེས་པ་རྐང་པ་རྫོགས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ལྕི་པ་ར་རེ་རེ་རི་ཏ་མ་ཡིན་པ་ཡང་ནའོ། །ཡང་ན་ཞེས་པ་མཛའ་མིན་པ་ཞེས་སོགས་ཀྱི་མདོ་ཇི་སྲིད་པར་སྤྱིར་བཏང་བའོ།། དྲུག་པའི་རྐང་པ་གསུམ་པ་རྫོགས་སོ། ། །།ས་མའི་སུཊ་ལ་སའོ། །སའོ་ཞེས་པ་ནརཱི་ནའི་པ་ལ་ར་ཡང་ནའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཚ་བ་ལ་རའི་སའོ། །རའི་ཞེས་པ་ཀུ་ལས་ཀྱང་ཞེས་སོགས་ཀྱི་མདོ་ལས གོང་དུ་སྤྱིར་བཏང་བའོ། །གྲངས་དང་བཅས་པ་མ་ཡིན་པའི་སའོ། །ས་ཞེས་པ་ཀུ་ལས་ཞེས་སོགས་གོང་དུ་སྤྱིར་བཏང་བྱའོ། །འིཎ་ལས་ཥའོ། །ཻཎ་ལས་ཞེས་པ་ར་ཥ་ལ་སོགས་པའི་མདོ་ལས་གོང་དུ་སྤྱིར་བཏང་བའོ། །ཥ་ཞེས བ་སིད་སྭ་ཛའི་ལའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བསྡུ་བ་ལ་མ་ཕྱི་མ་ཡིན་པའིའོ། །བསྡུ་བ་ལ་ཞེས་པ་ན་མ་སའིའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཀུ་ལས་ཀྱང་ཞེས་སོགས་སའིའོ་ཞེས་པ་སིད་སྭཉྫ་དག་གི་ལིཊ་ལའོ། །ཞེས་པ་ཇི སྲིད་པར་སྤྱིར་བཏང་བའོ། །ནཱིར་ཨ་བྷི་ཨ་ནུ་ལས་ཀྱང་སྱཱནདའི་སྲོག་ཆགས་མ་ཡིན་པ་ལ་ཡང་ནའོ། །ཡང་ན་ཞེས་པ་བི་ལས་སྐབྷྣའི་ཥ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །བསྡུ་བ་ལ་ཨ་གུ་ལི་ལས་སང་གའོ། །བསྡུ་བ་ལེ་ཞེས་པ་མ་ཕྱིས་པ ལའོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །དང་པོ་དང་མཛའ་དག་ལ་མ་ཡིན་ནོ། །མ་ཡིན་ཞེས་པ་སིད་སྭཉྫའི་ལིཊའོ། །ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ནའོ། །ཞེས་པ་ཇི་ལྟར་སྲིད་པ་བཞིན་ཀྵབྷ་སྭོ་རྣམས་ཀྱིའོ་ཞེས པ་ཇི་སྲིད་པར་སྤྱིར་བཏང་བའོ། །དངོས་དང་བྱེད་ལ་དག་ལ་ཡང་ནའོ། །ཡང་ན་ཞེས་པ་ཀུ་ལྡན་པའི་ཨཙ་གཅིག་པའོ་ཞེས་པ་ཇི་སྲིད་པར་སྤྱིར་བཏང་བའོ། །སུཔ་ལ་ཨཙ་ལས་སོ། །ཙ་ལས་ཞེས་པ་ཥ་ལས་ཚིག་ལ་ཞེས་པ་ལིས་གོང་དུ་སྤྱིར བཏང་བའོ། །བྷ་བྷཱུཀ་མི་ག་མི་སྱ་?་བེ་པ་རྣམས་ཀྱི་མ་ཡིན་ནོ། །མ་ཡིན་ཞེས་པ་སྟུའི་ཤཙཥུ་དག་གིས་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ། །ཡ་རའི་ཉམ་ལས་ཉམ་ཡང་ནའོ། །ཡང་ན་ཞེས་པ་ཤར་ལས་ཁ་ཡའོ་ཞེས་པ་ཇི་སྲིད་པར་སྤྱིར བཏང་བའོ། ། ཙ་ལས་ར་ཧ་ལས་གཉིས་སོ། །གཉིས་ཞེས་པ་ཁར་ལ་ཛཧ་ལའི་ཙ་རའོ་ཞེས་པ་ལས་གོང་དུ་སྤྱིར་བཏང་བའོ།། །།མདོའི་སྤྱིར་བཏང་ཡང་དག་པར་བསྡུས་པ་རྫོགས་སོ།། །། བལ་པོའི་མཛའ་ཨི་ཡེ་རང་གི་གྲོང་ཁྱེར་དུ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་ལས་ཡང་དག་པར་བསྒྱུར་བའོ། ། །།འགྲོ་བ་དུ་མ་ལ་ཕན་པར་གྱུར་ཅིག། །། *།

CLOSE WINDOW