Wylie | e-texts based on the ACIP/ALL ![]() ![]() |
། །། (*། །ཀླུ་ཀུན་ཏུ་དགའ་ཨི་ཟློས་གར་དཔལ་དགའ་བའི་ལྷས་མཛད་པ་བཞུགས་སོ། །།)་*། །རྒྱ་གར་སྐད་དུ། ནཱ་ག་ནནད་ནཱ་མ་ནཱ་ཊ་ཀ། བོད་སྐད་དུ། ཀླུ་ཀུན་ཏུ་དགའ་བ་ཞེས་བྱ
བའི་ཟློས་གར། ཐམས་ཅད་མཁྱེན་བ་ལ་ཕྱག་འཚལ་ལོ། །དགའ་མ་དགའ་བའི་ཟོལ་ལས་སྐྱེས་བའི་སྤུ་ལོང་དག་གིས་བསྒྲིབས་བའི་ལུས་འཛིན་ཅིང། །འཛུམ་དང་ལྡན་པས་རྒྱལ་བའི་བྱང་ཆུབ་དག་ལ་བཀོད་བ་མེ་ཏོག་སྙིང་པ་ནི། །གཤོག
རྩར་བ་བསྐྱོད་སྒྲ་སྒྲོགས་སྨད་རྩི?་རེ་བས་སྦྲང་རྩི་རེ་བས?་བསྟེན་ཅིང་དེའི། །རྐང་པས་བསྣུན་པས་ཁ་ཟུམ?་ཚོགས་ཕྱེ་གེ་སར་གསལ་པར་གྱུར་པས་ཁྱེད་ལ་བསྲུངས། །བསམ་གཏན་ཟོལ་དག་ཉེ་བར་བཟུང་ནས་སྐད་ཅིག་མིག་ཕྱེ་སུ་ལ་སེམས་བར
བྱེད། །སྐྱོབ་པ་ཡིན་ཡང་ལུས་མེད་མངའ་གཟིར་སྐྱེ་བོ་འདི་དག་སྲུང་བ་མིན་ལ་ལྟོས། །སྙིང་རྗེ་ལྡན་པ་རྫུས་ཏེ་ཁྱོད་ལས་གཞན་པའི་བརྩེ་མེད་སྐྱེས་ཕུག?་ལ་ཡོད། །བདུད་མོ་རྣམས་ཀྱིས་བྱང་ཆུབ་ལ་འདི་ཕྲག་དོག་གིས་བརྗོད་རྒྱལ་བས་ཁྱེད་ལ་བསྲུས
གཞན་ཡང་གཞུ་བཀང་འདོད་བ་དང་ནི་རྔགས་བརྡུང་ཞིང་སྒྲ་སྒྲོགས་བདུད་ཀྱི་དབའ་བོ་དང། །སྨིན་འཁྱོག་རབ་འདར་གླལ་འཛུམ་ལོགས་སུ་ལྟ་བ་མཐོ་རིས་བུ་མོའི་སྐྱེ་བོ་དང། གྲུབ་པ་ཡན་ལག་མཆོག་བདུད་རྣམས་དང་མཚར་བས་སྤུ་ལངས་ལུས
ཅན་ནོར་ལྷ་ཡིས། །བྱང་ཆུབ་འཐོབ་ལ་བསམ་གཏན་གཡོ་མེད་ཅེས་བལྟས་ཐུབ་པའི་དབང་པོས་ཁྱེད་ལ་བསྲུངས། །ཤིན་ཏུ་མངས་བར་འགྱུར་བས་དགའ་བར་བྱས་ཏེ་མདོ་འཛིན་བའོ། །དེ་རིང་བདག་པོའི་དགའ་སྟོན་ལ་ཕྱོགས་སྣ་ཚོགས་ནས
འོངས་པ་། དཔལ་ལྡན་དགའ་བའི་ལྷའི་ཞབས་ཀྱི་པདྨ་ཉེ་བར་བསྙེན་པའི་རྒྱལ་བོའི་ཚོགས་རྣམས་ཀྱིས་གུས་པ་དང་ལྡན་བར་བོས་ཏེ། བདག་ལ་སྨྲས་བ། ཇི་ལྟར་ཁོ་བོ་ཅག་གི་རྗེ་དཔལ་ལྡན་དགའ་བའི་ལྷས། སྡང་མེད་པའི་དངོས་པོ་རྒྱན་རྣམ་པར་བཀོད་བ་རིག
པ་འཛིན་པའི་སྐྱེས་རབས་ལས་བཙམས་པ། ཀླུ་ཀུན་ཏུ་དགའ་བ་ཞེས་བྱ་བའི་ཟློས་གར་མཛད་པ་ནི་ཁོ་བོ་ཅག་རྣམས་ཀྱི་ཉན་པ་པོ་བརྒྱུད་པ་ལས་ཐོས་ཏེ། སྦྱོར་བདག་ནི་མཐོང་ངོ། །དེའི་ཕྱིར་རྒྱལ་པོ་དེ་ཉིད་ལ་གུས་པ་དང། ཁོ་བ་ཅིག?་ལ་རྗེས་སུ
བཟུང་བའི་བློས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཁྱོད་ཀྱི་ཟློས་གར་དག་བྱོས་ཤིག་ཅེས་སོ། །དེའི་ཕྱིར་རེ་ཞིག་ཚོན་གྱི་བཀོད་པ་དག་བྱས་ནས་ཇི་ལྟར་མངོན་པར་འདོད་པ་བཞིན་ཡོངས་སུ་རྫོགས་པར་བྱའོ། །འདུང་བའི་སྐྱེ་བོ་འདི་དག་གི་ཡིད་ནི་ཀུན་ཏུ་ཚིམ་པར་གྱུར
ཏོ་ཞེས་བྱ་བར་བདག་གིས་འོངས་ཏེ། གང་གི་ཕྱིར། དཔལ་ལྡན་དགའ་བསྙན་ངག་མཁན་པོ་མཁས་ལ་འདུང་པ་འདི་དག་ཡོན་ཏན་འཛིན། །འཇིག་རྟེན་དུ་ནི་བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ཡིད་འཕྲོག་ཟློས་གར་བདག་ཅག་མཁས། འདིར་ནི་དངོས་བོ་རེ་རེ
དག་ཀྱང་འདོད་བའི་འབྲས་བུ་འཐོབ་བའི་གནས་ཡིན་ན། །བདག་གི་སྐལ་བ་རྒྱས་བས་ཡོན་ཏན་ཀུན་གྱི་ཚོགས་འདུས་འདི་ལ་སྨོས་ཅི་དགོས། །ངེས་ན་རེ་ཞིག་ཁྱིམ་པ་མ་འོས་ཏེ་ཀླུ་དག་ལ་གནས་པར་བྱའོ?། །ཡོངས་སུ་བགྲོད་ཅིང་ཕྱིར་མངོན་པར་ཕྱོགས
ཏེ་བལྟས་ནས་འཕགས་མ་རེ་ཞིག་འདིར། །དེ་ནས་གར་མཁན་མ་དུ་ཞིང་ཞུགས་སོ། །མདོ་འཛིན་པས་མཐོང་ནས། འཕགས་མ་ཀླུ་ཀུན་ཏུ་དགའ་མ་ཞེས་བྱ་བའི་ཟློས་གར་བྱ་བ་ཡིན་ནི་ཅིའི་དོན་དུ་རྒྱུ་མེད་པ་ཉིད་དུ་བར་བྱེད། གར་མཁན་མས་ཇོ་བོ་ཇི་ལྟར་མི་དུ
ལྟེ། གང་གི་ཕྱིར་རེ་ཞིག་ཡབ་ནི་ཡུམ་དང་འགྲོགས་ནས་རྒན་བོའི་དངོས་པོས་ཡིད་བྱུང་སྟེ། ང་ནི་ཁྱོད་ཀྱིས་གཉེན་མཚན་གྱི་ཁུར་དག་འཛིན་པར་མཟོད?་དོ་ཞེས་ཐུགས་ལ་གཞག་ནས་དཀའ་ཐུབ་ཀྱི་ནགས་སུ་གཤེགས་སོ། །མདོ་འཛིན་པས་བདག་ཀྱང་ཡོངས
སུ་བཏང་ནས་ཇི་ལྟར་ཡབ་ཡུམ་ནགས་སུ་གཤེགས། རྣམ་པར་བསམས་ནས་དེ་ན་ང་ནི་ཅི་ཞིག་རིགས་པར་འགྱུར། ཡང་ན་བདག་བླ་མའི་ཞབས་ཀྱི་རིམ་གྲོ་བྱེད་པའི་བདེ་བ་ཡོངས་སུ་བཏང་ནས་ཇི་ལྟར་ཁྱིམ་དུ་འདུག་བར་བྱེད་།ཇི
ལྟར་སྤྲིན་གྱི་བཞོན་པ་བཞིན། །དབང་ཕྱུག་རིམ་པས་འོངས་བཏང་སྟེ། །ཕ་མའི་སྲིང་ཞུ་སྒྲུབ་པའི་ཕྱིར། །བདག་ཀྱང་ནགས་སུ་འགྲོ་བར་བྱ་སོང་བར་གྱུར་ཏེ་སྐབས་དབྱེ་བའོ། །དེ་ནས་སྤྲིན་གྱི་བཞོན་པ་དང། །བི་དཱུ་ཥ་ཀ་དག་ཞུགས་ཏེ། །འདྲེན་པས། ཆགས
པའི་གནས་ཞེས་བྱ་བར་བདག་གི་རིག་། འཇིག་ཅེས་བྱ་བར་བདག་གིས་མ་རྟོགས་མིན། །བྱ་དང་བྱ་མིན་རྣམ་པར་དཔྱད་རྣམས་ལ། །ཕྱིར་ཕྱོགས་གྱུར་བར་ས་ལ་སུས་མ་རིག། བ་མའི་སྲི་ཞུ་བྱེད་བ་བདག་གི་ནི། །ལང་ཚོ་དབང་པོའི་དབང་དུ་གྱུར་བ
འདི། །གལ་ཏེ་གུས་པས་འདི་ལྟར་ཉིད་གྱུར་ན། །དེ་ལྟར་སྨད་བར་འོས་ཀྱང་དགའ་བྱེད་གྱུར། །བི་དཱུ་ཥ་ཀས་ཁྲོ་བ་དང་བཅས་པར། །ཀྱེ་གང་གིས་ཚེ་གསོན་བཞིན་དུ་ཤི་པའི་རྒན་རྒོན་འདི་དག་འདི་ལྟར་ནགས་ན་འདུག་པ་ལ་འདི་སྙེད་ཀྱི་དུས་སུ་སྡུག
བསྔལ་ཉམས་སུ་མྱོང་ཡང་ཁྱོད་ནི་ཡིད་བྱུང་བར་མ་གྱུར་ཏོ། །དེས་ན་རབ་ཏུ་དང་བས་ད་དུང་ཡང་རེ་ཞིག་བླ་མའི་ཞབས་ཀྱི་སྲི་ཞུ་ལ་ཆགས་བ་ལས་ཕྱིར་བཟློག་ལ་རྒྱལ་སྲིད་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱོས་ཤིག་།འདྲེན་པས། ཇི་ལྟར་ཡབ་ཀྱི
མདུན་དུ་སར་འདུག་མཛེས་བ་དེ་ལྟ་སེང་གེའི་ཁྲིལ་ཡོད་དམ་ཅི། །ཡབ་ཀྱི་ཞབས་དག་ཉེད?་བ་ལས་བྱུང་བདེ་བ་དེ་ནི་རྒྱལ་སྲིད་དག་ལ་ཡོད་དམ་ཅི། །བླ་མའི་ལྷག་མ་དཔྱད་པའི་དགའ་བ་གང་འདིས་ས་གསུམ་སྤྱང་པ་དག་ལ་ཡོད་དམ་ཅི། བླ་མས
བཏང་པའི་རྒྱལ་སྲིད་ངེས་བར་གདུང་བྱེད་དག་སྟེ་དེས་ན་ཡོན་ཏན་ཅི་ཞིག་ཡོད། བི་དཱ་ཥ་ཀས་།བདག་ཉིད་ཀྱིས་རྟོགས་བར་ཨེ་མ་འདི་ནི་སྐྱེ་བ་བླ་མའི་སྲི་ཞུ་ལ་ཆགས་པ་ཞིག་གོ་སྙམ་དུ་བསམས་ནས། དེས་ནི་འདིར་ཡང་རེ་ཞིག་བརྗོད་བར་བྱའོ། །གསོལ
བར་ཀྱེ་གྲོགས་པོ་ངེས་པར་རྒྱལ་སྲིད་ཀྱི་བདེ་བ་འགའ་ཞིག་གི་ཆེད་དུ་བདག་གིས?་འདི་བརྗོད་བ་མ་ཡིན་ཏེ། གཞན་ཡང་ཁྱོད་ལ་བྱ་བ་དག་ཡོད་བ་ཉིད་དོ། །འདྲེན་བས། འཛུམ་དང་བཅས་བས་བྱ་བ་བདག་གིས་བྱས་བ་ཉིད་མ་ཡིན་ནམ་ལྟོས་ཤིག་།རིགས
པར་འོས་པའི་ལམ་ལ་བློན་པོ་རྣམས་སྦྱར་དམ་པ་རྣམས་ནི་བདེ་ལ་བཞག། དེ་བཞིན་གཉན་གྱི་སྐྱེ་བོ་བདག་མཚུངས་ཉིད་བྱས་རྒྱལ་སྲིད་དག་ཀྱང་བསྲུང་པར་བྱས། །ཡིད་ལ་རེག་བ་ལས་ལྷག་འབྲས་སྟེར?་དཔག་བསམ་ཤིང་ཡང་སློང་བ་རྣམས་ལ་བྱིན།
འདི་ལས་གཞན་པའི་བྱ་བ་ཅི་ཞིག་ཁྱོད་ཀྱི་སེམས་ལ་གང་ཞིག་གནས་པ་སྨོས། །བི་དཱུ་ཥ་ཀས་།ཀྱེ་གྲོགས་པོ་ཤིན་ཏུ་ཐུབ་ཆོད་ལྡན་ཞིང་ཉམས་པར་བྱེད་བའི་ལྷ། །མ་ཏད་ག་འདི་མཐུན་པའི་ཕྱོགས་སུ་ཉེ་བར་གནས་བ་ལ་གཙོ་བོ་དང་གཏེན་དག་ཡང་དག
པར་གནས་ཀྱང་ཁྱོད་མེད་ན་བདག་ནི་རྒྱལ་སྲིད་ལེགས་པར་གནས་པར་མི་རྟོག་གོ་། འདྲེས་པས་མ་ཏང་གའི་རྒྱལ་སྲིད་ལེན་པར་འགྱུར་རོ་ཞེས་བྱ་བའི་དོགས་བ་ཡོད་དམ་ཅི་།གལ་ཏེ་དེ་ལྟར་གྱུར་ན་དེ་ལས་ཅིར་འགྱུར། བདག་གི་ལུས་ལ་སོགས་པ་ཐམས་ཅད
གཞན་གྱི་དོན་ཉིད་དུ་ཡོངས་སུ་བསྲུངས་པ་མ་ཡིན་ནམ། གང་ཡང་རང་གིས་མ་བྱིན་བ་དེ་ནི་ཡབ་ཀྱི་དོར་ཡིན་ནོ། །དེས་ན་དོན་མེད་པའི་དམ?་བ་འདིས་ཅི་ཞིག་བྱ། །ཡབ་ཀྱིས་རྗེས་སུ་བསྟན་པ་ཉིད་ལྟུར་བསྒྲུབ་བར་བྱའོ། །བི་དཱུ་ཥ་ཀས། ཀྱེ་ཡབ་ཀྱིས་ཅི་ཞིག
བསྟན། འདྲེན་པས་།ཇི་ལྟར་ཉི་མ་མང་པོར་ཡོངས་སུ་སྤྱད་པས་དཀའ་ཐུབ་ཀྱི་ནགས་འདི་ཡམ་ཤིང་དང་ཀུ་ཤ་དང། མེ་ཏོག་དང། ཉེ་བར་མཁོ་བའི་རྩ་བ་དང་འབྲས་བུ་དང་སྡོང་བུ་དང། རྔང?་མང་བདག་རིང་དུ་བྱས་བར་གྱུར་གྱི། དེའི་ཕྱིར་མ་ལ་ཡའི་རིལ
སོང་ལ་བསྟི་གནས་འགའ་ཞིག་རྟོགས་ཤིག་། ཅེས་ཡབ་ཀྱིས་བདག་ལ་རྗེས་སུ་བསྟན་ཏོ། །དེའི་ཕྱིར་རེ་ཞིག་མ་ལ་ཡ་ཉིད་དུ་འགྲོའོ་ཞེས་ཏེ་སོང?་བར་གྱུར་ཏོ། །བི་དཱུ་ཥ་ཀས་མདུན་དུ་བལྟས་ནས་ཀྱེ་གྲོགས་པོ་ལྟོས་ཤིག་ལྟོས་ཤིག་།བརླན་དང་བཅས་ཤིང
བ་སྟུག་པོའི་ཙན་དན་གྱི་ནགས་ཀྱི་ཁྲོད་ནས་ཡོངས་སུ་བསྐྱོད་པ་དྲི་བཟང་རྒྱ་ཆེན་པོས་བསྒོས་པ་ཅན་རིའི་ངས་མི་ཟད་པ་ལས་བབས་པས་དུམ་བུར་འགྱུར་བའི་ཆུ་རྒྱུན་ལས་མཐོང་བའི་ཐིགས་པ་བསིལ་པོ་འཛིན་པ་མ་ལ་ཡའི?་རླུང
འདི་ནི་ངེས་པར་ལམ་གྱི་ཡོངས་སུ་དུབ་པ་དག་སེལ་ཞིང། དང་པོར་འགྲོག་པར་འདོད་པའི་དགའ་མལ་མགྲིན་པ་ནས་བཟུང་བ་བཞིན་དུ་གྲོགས་པོ་མཛའ་བོ་ལ་སྤུ་ལོངས་རྒྱས་བར་བྱེད་པ་འདྲའོ། །འདྲིན་པས་ཀུན་ཏུ་བལྟས་ནས་ཨ་ཡེ་བདག
ཅག་གིས་རིམ་ལ་ཡར་སླེབ་པར་གྱུར་ཏོ། །བརྟགས་ནས་།ེ་མ་འདི་ནི་དགའ་བར་བྱ་བ་ཞིག་སྟེ་།དེ་ལྟར་ཡང། དགའ་ལྡན་ཕྱོགས་ཀྱི་གླང་བོ་འགྲམ་བའི་ངོས་བདར་ཙནདན་དག་ནི་ཆག་ཅིང་ཟག་།ཆུ་གཏེར་བརླབས་རྣམས་རབ་ཏུ་བསྣུན་པས་ཕུག
དང་ལུང་པ་དག་ནི་ཆོ་ངེས་སྒྲོགས། །གྲུབ་པའི་བུད་མེད་བགྲོད་པ་རྣམས་ཀྱི་རྐང་བའི་སྨུགས་རྩིས་དམར་བ་མུ་ཏིག་རྡོ། བསྟེན་བྱར་བོ་མ་ལ་ཡ་འདིས་བདག་གི་སེམས་ནི་ཅི་ཡང་སྲེད་ལྡན་བྱེད། དེ་ན་ཚུར་ཤེག་།འདི་ལ་འཇེགས་ཏེ་འདུག་པར
འོས་པའི་བསྟི་གནས་ངག་པར་བྱའོ། །འཇིགས་ཏེ་མཚན་མ་བསལ་བར་བྱས་ནས། བདག་གི་མིག་ནི་གཡས་པ་གཡོ། །འབྲས་བུ་འདོད་པ་འགའ་ཡང་མེད། །ཐུབ་པའི་གསུང་བརྫུན་མ་ཡིན། འདི་ནི་ཅི་ཞིག་འཆད་འགྱུར་ཀེ། བི་དཱུ་ཥ་ཀས་ཀྱེ་གྲོགས་པོ
ལ་དགའ་བ་འགའ་ཞིག་ཉེ་བར་སྟོན་ཏོ། །འདྲེན་པས། ངེས་པར་ཇི་ལྟར་ཁྱོད་ཀྱིས་སྨྲས་པ་དེ་བཞིན་ནོ། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་ལྟོས་ཤིག་ལྟོས་ཤིག། ཁྱད་བར་དང་བཅས་བར་སྡུག་ཅིང་སྣུམ་པའི་རྐང་ཐུང་གིས་ཉེ་བར་མཛེས་ཤིང། བའི་མར་གྱིས
དྲིའི་སྙིང་པོ་ཅན་གྱི་དུ་བ་དྲག་ཏུ་འགྱུར་ལ། རི་དགས་ཀྱི་ཚོགས་འཇིགས་བ་མེད་ཅིང་ལམ་དུ་བག་ཕབ་ཏེ་གནས་པ་འདི་ནི་དཀའ་ཐུང་ཀྱི་ནགས་ཚལ་བཞིན་དུ་མཚོན་ནོ། །འདྲེན་བས། གྲོགས་པོ་ཡང་དག་པར་མཚོན་ནོ། །འདི་དག་ནི་དཀའ་ཐུབ་ཀྱི
ནགས་ཆལ་ཉིད་དེ། གང་གི་ཕྱིར། གོས་ཀྱི་དོན་དུ་ཤིང་ཤུན་རྣམས་བཅད་རྩེ་བ་ཉིད་ཀྱིས་ཤིན་ཏུ་ཆེ་བ་མིན། །རིལ་བ་སྙིང་པ་ཆགས་པས་མཚན་མའི་ཆུ་རྒྱུན་དག་ནི་མཁའ་ལྟར་རབ་ཏུ་དང། །འགའ་ཞིག་དགན་མུན་འཛའི་སྐེ་རགས་ཁྱེའུས་བཅད་ཅིང
དོར་པར་གྱུར་བ་མཐོང། །རྟག་ཏུ་ཐོས་པས་ནེ་ཚོ་དག་ཀྱང་རིག་བྱེད་ཚིག་འདི་རབ་ཏུ་སྒྲོག་པར་བྱེད། །དེ་ནས་ཚུར་ཤེག་རབ་ཏུ་ཞུགས་ཏེ། ཉེ་བར་མཚོན་བར་བྱའོ། །རབ་ཏུ་ཞུགས་ཏེ་གར་དག་བྱེད་དོ། །འདྲེན་བས། ཨེ་མ་ཐུབ་པའི་སྐྱེ་བོ་རབ་ཏུ་དགའ་བ་རྣམས
ནི་རིག་བྱེད་ཀྱི་ཚིག་རྒྱས་བ་ལ་ཐེ་ཚོམ་རྣམ་པར་དཔྱོད་པར་བྱེད་ལ། ཁྱེའུ་ཡི་སྐྱེ་བོ་རྣམས་ནི་ཇི་ལྟར་བཤེར་བ་བཤེར་བའི་ཡམ་ཤིང་དག་སྤྱོད་ཅིང། དཀའ་ཐུབ་བའི་གཞོན་ནུ་མ་རྣམས་ནི་ལྗོན་བ་གསར་པའི་ཀྱོ་ར་འགྱེངས་པར་བྱེད་པའི་དཀའ་ཐུབ་ཀྱི་ནགS
ཚལ་ནི་རབ་ཏུ་ཞི་བ་དང་དགའ་བར་བྱེད་པ་ཉིད་དུ། །འདི་ཉིད་ན་བུད་བའི་སྒྲ་ཡིས་ལེགས་པར་འོངས་སམ་ཞེས་ནི་བརྗོད་པ་བཞིན། །འདི་དག་མགོ་ནི་འབྲས་བུ་དུད་པས་འདུས་པ་བྱེད་པ་བཞིན། །ཆར་རྟོག་ཆར་པ་འཐོར་ཞིང་བདག་ལ་མཆོད་ཡོན་སྟེར་བ
བཞིན། །ཡལ་ག་ལྡན་པ་ཡིས་ཀྱང་མགྲོན་གྱི་བསྙེན་བཀུར་ཇི་ལྟར་བསླབས། །དེའི་ཕྱིར་དཀའ་ཐུབ་ཀྱི་ནགས་ཚལ་འདི་ནི་འདུག་བར་འོངས་པ་ཤིག་སྟེ། འདིར་གནས་ན་བདག་ཅག་གི་སེམས་བདེ་བར་འགྱུར་རོ་སྙམ་མོ། །ཕ?་དཱུ་ཥ་ཀས། ཀྱེ་གྲོགས
བོ་འོན་ཀྱང་ངེས་བར་རི་དགས་འདི་དག་མགྲིན་བ་ཅུང་ཟད་བསྐྱོགས་ཏེ་ག.ོ་བ་མེད་པའི་ཁ་ལས་ཅུང་ཟད་ཟོས་པའི་རྩ་ཁམ་ནང་ན་གནས་བ་ཟག་ཅིང་རྣ་བ་གཅིག་རབ་ཏུ་བསླང་སྟེ་བཏང་ནས་མིག་ཟུམ་པས་ཉན་བར་བྱེད་པ་ལྟ་བུར་མཚོན་ནོ། །
འདྲེན་བས་རྣ་གཏད་ནས། གནས་ཐོབ་རབ་ཏུ་གསལ་བའི་གྲོས་ཅན་གདངས་སྙན་ངག་གིས་རྣམ་པར་བཞག་པ་འཛིན་བྱེད་པ། །བུང་བའི་སྒྲ་བཞིན་ངེས་པར་ཡིད་འཕྲོག་རྒྱུད་མང་དག་གི་རྒྱུད་མངས་སྒྲ་དང་ལྡན་པ་ཡིས། །གསལ་ཞིང་རོལ་སྒེག?་
ཚིག་ལྡན་བླུ་ནི་ཀུན་ཏུ་འཁྱོག་པའི་ལུས་ཅན་རི་དགས་འདི་དག་རྣམས། །སོའི་ཕར་ན་གནས་བརྩཝའི་ཁམ་ནི་གཅོད་བའི་སྒྲ་དག་བསྡམས་ནས་ཉན་བར་བྱེད། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་སུ་ཞིག
གླུ་ལེན་པར་བྱེད། །འདྲེན་པས། ཇི་ཏར་སོར་མོ་འཇམ་པའི་མངའ་མས་མངོན་པར་བསྣུན་པའི་རྒྱུད་མངས་ཤིན་ཏུ་གསལ་བ་མ་ཡིན་བར་སྒྲོགས་ཤིང་གླུ་ཡང་སྙན་ཅིང་ཕྲ་བ་གཙོ་བོར་ལེན་བ་དེ་ལྟར་བདག་རྟོག་པ་ནི་གནས་འདི་ན་ལྟ་དག་མཉེས
པར་བྱེད་ཅིང་ལྟའི་བུད་མེད་རྒྱུད་མངས་དང་ལྡན་བའི་གླུ་ལེན་པར་བྱེད་དོ། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་ཚུར་ཤེག་།ཡུའུ་ཅག་ཀྱང་ལྷའི་གནས་བལྟ་པར་བྱའོ། །འདྲེན་པས་ལེགས་པར་བརྗོད་དེ། ངེས་པར་ལྷ་ནི་ཕྱག་བྱ་བར་འོས་བའོ། །ཉེ་བར
སོང་སྟེ་འཕྲལ་ལམ་འདུག་ནས་གྲོགས་བོ་གལ་ཏེ་ན་སྐྱེ་བོ་འདི་ལྟ་བར་མི་ངོས་པ་སྲིད་དོ། །ངེས་ན་རེ་ཞིག་ཏམ་ལའི་གེལ་པ་འདིའི་ནང་དུ་འདུག་སྟེ་ལྟ་ལྟ་བའི་སྐབས་བཙལ་བར་བྱའོ། །དེ་ལྟར་བྱས་ཏེ། དེ་ནས་མ་ལ་ཡ་ཅན་མ་དང། འབངS
མོ་ཞུགས་ཏེ་ལ་འདུག་ནས་རྒྱུད་མངས་སྦྲེང་བར་བྱེད་དོ། །འདྲེན་མས་གླུ་ལེན་པ། གཽ་རི་རབ་རྒྱས་པདྨའི་གེ་སར་གྱི། །དངུལ་ལྟར་དཀར་བའི་འོད་ཅན་བཅོམ་ལྡན་མ། །ཁྱོད་ཀྱི་བཀའ་དྲིན་དག་གིས་བདག་གི་ནི། །མངོན་པར་འདོད་པ་རབ་ཏུ་གྲུབ
པར་འདོད། །འདྲེན་བས་སྣ་གཏད་ནས། །ེ་མའི་གླུ། །ེ་མའོ་རོལ་མོ། །འདི་ལ་གསལ་བྱེད་ཀྱི་དབྱངས་རྣམ་པ་བཅུ་པོ་འདིས་གསལ་བ་ཐོབ་ཅིང། མྱུར་བ་དང་བར་མ་དང་ངལ་བའི་སྟོབས་རྣམ་པ་གསུམ་རབ་ཏུ་གསལ་བར་ཡོངས་སུ་བཅད་དེ། བ་ལང
གི་རྔ་མ་ལ་སོགས་པ་རྣམ་པ་གསུམ་གྱི་རིམ་བས་ངལ་གསོ་བར་བྱས་པ་དེ་ཁོ་ནའི་ཆོགས་ཀྱི་རྗེས་སུ་འབྲང་བའི་རོལ་མོའི་ཆོ་ག་ཡང་དག་པ་གསུམ་བསྟན་ཏོ། །འབངས་མོས། རྗེའི་སྲས་མོ་ངེས་བར་ཡུན་རིང་དུ་གླུ་དག་བླངས་ནས་ཁྱོད་ཀྱི
ལག་རྩེ་དག་ཡོངས་སུ་མིང་ལ་ལམ། འདྲེན་མས། དྲུང་མོ་བཅོམ་ལྡན་མིའི་མདུན་དུ་རྒྱུད་མངས་སྒྲོགས་པར་བྱེད་པ་ལ་བདག་ག་ལ་ངལ། འབངས་མོས་སྨོད་པ་དང་བཅས་པར་ཀྱེ་བརྩེ་མེད་མ་འདི་ཡི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ་ཞེས་བདག
སྨྲའོ། །གང་ཞིག་འདི་སྙེད་ཀྱི་དུས་སུ་སྐྱེ་བོ་གཞོན་ནུ་མའི་དཀའ་ཐུབ་བསྙེན་གནས་ངེས་པ་ལ་གནས་བས་བསྟན་ཀྱང་ད་དུང་ཁྱོད་ལ་དང་བར་མི་སྟོན་ནོ། །བི་དཱུ་ཥ་ཀས་ཐོས་ནས། ཀྱེ་གྲོགས་པོ་འདི་ནི་ངེས་པར་གཞོན་ནུ་མ་སྟེ་ཅིའི་ཕྱིར་མི་ལྟ། འདྲེན་པས
སྐྱོན་ཅི་ཡོད། གཞོན་ནུ་མ་ལྟ་བ་ནི་སྐྱོན་མེད་བ་ཉིད་དོ། །འོན་ཀྱང་གལ་ཏེ་ན་བདག་ཅ་མཐོང་ནས་འཇིགས་ཏེ། ངོ་ཚ་གཞོན་མ་ལ་རྙེད་སླ་བས་འདིར་ཡུན་རིང་དུ་མི་སྡོད་པ་སྲིད་དོ། །དེས་ན་རེ་ཞིག་འཁྲི་ཤིང་གི་དྲ་པ་འདིས་བསྒྲིབས་ཏེ་བལྟ་བར་བྱའོ། །
གཉི་གས་བལྟས་སོ། །བི་དུ་ཥ་ཀས། ཡ་མཚན་དང་བཅས་པར་ཀྱེ་གྲོགས་པོ་ལྟོས་ཤིག་ལྟོས་ཤིག་།དེ་མཚར་རོ་ངོ་མཚར་རོ། །རྒྱུད་མངས་ཀྱི་རྣ་བའི་བད་བ་སྐྱེད་བར་བྱེད་འབའ་ཞིག་ཏུ་མ་ཟད་དེ། རྣམ་པར་ཤེས་པའི་རྗེས་སུ་མཐུན་པའི་གཟུགས་འདིས
མིག་གི་ཡང་བདེ་བ་སྐྱེད་བར་བྱེད་དོ། །དེའི་ཕྱིར་འདི་སུ་ཞིག་ཡིན། ཅི་ལྷ་མོ་འམ། ཀླུའི་བུ་མོ་འམ། ཡང་ན་རིག་བ་འཛིན་པའི་བུ་མོ་འམ། ཡང་ན་གྲུབ་བའི་རིགས་ལས་འཁྲུངས་པ་ཞིག་གོ་།འདྲེན་བས་རྣམ་བར་བལྟ་ཞིང་ཆགས་པ་དང་བཅས་བར་ཀྲོད?
པོ་འདི་སུ་ཞིག་ཡིན་ཞེས་བདག་གིས་པ?་རྟོགས་སོ། །བདག་གི་འདི་ཙམ་ཤེས་ཏེ། གལ་ཏེ་མཐོ་རིས་བུ་མོ་ཡིན་ན་འཕྲོག་བྱེད་མིག་ལྟོད་ལྡན་ངེས་དོན་བྱས་འགྱུར། །གལ་ཏེ་ཀླུ་མོ་ཡིན་ནའང་འདི་གདོང་ཡོད་ཚེས་འོག་ཟླ་བས་སྟོང་མ་ཡིན། །གལ་ཏེ་རིག་འཛིན་མ
ཡིན་གཞན་རིགས་ལས་རྒྱལ་བདག་ཅག་རིགས་ནི་འབྲས་དང་བཅས། །གལ་ཏེ་གྲུབ་རིགས་ལས་སྐྱེས་དེ་ཕྱིར་གྲུབ་པ་འཇིག་རྟེན་གསུམ་དུ་གྲགས་པར་འགྱུར། །བི་དཱུ་ཥ་ཀས་འདྲེན་པ་ལ་བལྟས་ནས་དགའ་བ་དང་བཅས་ཤིང་རང་གིས་རྟོགས་པར
ེ་མའོ། །ཡུན་རིང་པོ་ཞིག་ནས་ཡིད་སྲུབ་ཀྱི་སྤྱོད་ཡུལ་དུ་ལྟུང་བར་གྱུར་ཏོ། །བདག་ཉིད་ལ་ལྟོན་ཅིང། ཡང་ན་མ་ཡིན་ཏེ་དམ་ཟེ་བདག་གིའོ། །འབངས་མོས། མཛའ་བ་དང་བཅས་པར་ཀྱེ་བདག་སྨའོ། །བརྩེ་མེད་མ་འདི
ཡི་མདུན་དུ་རྒྱུད་མངས་བསྒྲགས་པས་ཅི་ཞིག་བྱ་ཞེས་ཏེ་རྒྱུད་མངས་འཕངས་སོ། །འདྲེན་མས་བུ་མོ་བཅོམ་ལྡན་མ་གཽ་རི་ལ་མ་སྨད་ཅིག་།ཀྱེ་དིང་བཅོམ་ལྡན་མ་བཀའ་དྲིན་མཛད་པ་བཞིན་ནོ། །འབངས་མོས་།རྗེའི་སྲས་མོ་རེ་ཞིག་ཅི་འདྲ་བ་དག་སྨྲོས
ཤིག་འདྲེན་མས། བུ་མོ་ངེས་པར་དིང་རྨི་ལམ་དུ་བདག་འདི་བཞིན་ཉིད་དུ་རྒྱུད་མངས་བསྒྲེད་བ་ལ་བཅོམ་ལྡན་མས་གསུངས་པ་བུ་མོ་ཁྱོད་ཀྱི་རྒྱུད་མངས་བསྒྲེང་བ་མཁས་པ་ཁྱད་པར་དུ་འཕགས་པ་འདི་དང། བདག་ལ་ཐུན་མོང་མ
ཡིན་པའི་གུས་པ་བུ་མོའི་དངོས་པོ་ལ་རྙེད་དཀའ་བ་འདིས་བདག་ཤིན་ཏུ་ཚིམ་པར་གྱུར་ཏོ། །དེའི་ཕྱིར་ཡུན་རིང་པོ་མ་ཡིན་པ་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བས་ལག་པ་འཛིན་པར་འགྱུར་རོ་ཞེས་སོ། །འབངས་མོས་དགའ་བ་དང་བཅས
པར་རྗེའི་སྲས་མོ། །གལ་ཏེ་དེ་ལྟར་ཡིན་ན་རྨི་ལམ་དུ་ཞེས་ཅིའི་ཕྱིར་བརྗོད་ལྟ་མོས་འདོད་པའི་མཆོག་སྦྱིན་བྱིན་པ་ཉིད་ཡིན་ནོ། །བི་དཱུ་ཥ་ཀས། ངེས་པར་བདག་ཅག་ལྷ་མོ་ལྟ་བའི་སྐབས་སུ་བབ་པོ། །དེའི་ཕྱིར་ཆུར་ཤེག་ཉེ་བར་འགྲོ་བར
བྱའོ་ཞེས་ཏེ་ཉེ་བར་བཏུད་དོ། །བི་དཱུ་ཥ་ཀས། མི་འདོད་བཞིན་དུ་ཁྱེར་ནས་ཇོ་མོ་དྲུང་མོ་བདག་བདེན་པར་སྨྲ་སྟེ། འདི་ནི་མཆོག་བྱིན་པ་ཉིད་དོ། །འདྲེན་མས་འཇིག་བ་དང་བཅས་པར་འདྲེན་མ་ལ་མཚོན་ཏེ། བུ་མོ་འདི་སུ་ཞིག་ཅེས་སོ། །འབངས
མོས། གཞན་དང་ཐུན་མོང་མ་ཡིན་པའི་རྣམ་པ་འདི་ཡིས་ན། །འདི་ཉིད་བཅོམ་ལྡན་མས་བཀའ་དྲིན་མཛད་པ་ཡིན་ནམ་སྙམ་མོ། །འདྲེན་མས་ཆགས་པ་དང་བཅས་ཤིང་ངོ་ཚ་བ་དང་བཅས་པར་བལྟས་སོ། །འདྲེན་པས་གཡོ་ཞིང་ཡངས་པའི་མིག
ལྡན་དབུགས་འབྱིན་ཅིང། འདར་ཞིང་མཁྲེགས་སྡུག་ནུ་ལྡན་འཀ་ཧྲུལ་བྱེད་མ། །ལུས་འདི་དཀའ་ཐུབ་ཉིད་ཀྱི་ཤིན་ཏུ་ནི། །ངལ་གྱུར་སླར་ཡང་མི་སླར་གདུང་བར་བྱེད། །འདྲེན་མས། བུ་མོ་ཤིན་ཏུ་འཇིགས་པས་འདི་ལ་མངོན་དུ་ཕྱོགས་ཏེ་འདུག་པར་མི་ནུས་སོ
ཞེས་ཏེ། ལོགས་བལྟས་ནས་འཁོད་དོ། །བི་དཱུ་ཥ་ཀས། ཇོ་བོ་ཁྱོད་ཀྱི་དཀའ་ཐུབ་ཀྱི་ནགས་ཚལ་འདི་ན་གང་ཞིག་མགྲོན་པོ་འོངས་པ་ལ་ཚིག་ཙམ་གྱིས་ཀྱང་ཕེབས་པར་སྨྲ་བ་མ་ཡིན་པ་འདི་འདྲ་བའི་ཀུན་ཏུ་སྤྱོད་པ་ཡོད་དམ་ཅི། འབངས་མོས་རྗེའི་སྲས
མོ། མགྲོན་པོ་ལ་བསྙེན་བཀུར་བྱ་བ་རིགས་པ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་མཐུ་ཆེན་པོ་དང་ལྡན་པ་འདི་དག་ལ་གུས་པར་བྱ་བ་ལ་རྨོངས་པར་གནས། ཡང་ན་ཁྱོད་བཞུགས་ཤིག་།ཁོ་མོ་ཉིད་ཀྱིས་ཇི་ལྟར་རིགས་པ་དག་བྱའོ། །འདྲེན་མ་ལ་མཚོན་ཏེ་ཇོ་མོ་ལེགས
པར་འོངས་སམ། ཇོ་བོས་སྟན་ཡོངས་སུ་གཟུང་བས་ཕྱོགས་འདི་བརྒྱན་པར་མཛོད་ཅིག་།བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་འདི་ནི་ལེགས་པར་སྨྲའོ། །ཡུད་ཙམ་ཞིག་འདུག་སྟེ་ངལ་བསོ་བར་བྱའོ། །འདྲེན་པས་?་ཁྱོད་ནི་རིགས་པར་སྨྲའོ། །གཉི་ག་འཁོད་དོ། འདྲེན
མས་ཀྭ་ཡེ་བཞད་གང་གྱི་དང་ཚུལ་ཅན་མ་དེ་ལྟར་མ་བྱེད། གལ་ཏེ་དཀའ་ཐུབ་པ་འགའ་ཞིག་གིས་མཐོང་ན་འདི་ལས་བདག་དུལ་བ་མ་ཡིན་པ་དང་ལྡན་བར་དོག་བར་འགྱུར་རོ། །དེ་ནས་དཀའ་ཐུབ་བ་ཞུགས་ཏེ། རིགས་ཀྱི་བདག་པོ་ཀོ་ཤི་ཀས་བདག་ལ
བཀའ་བསྒོས་པ། མཉེས་བཤིན་ཤཱ་ཎ་ཌིལྱ། ཡབ་ཀྱི་བཀས། རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་གཞོན་ནུ་སྤྲིན་གྱི་ཞོན་པ་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་འགྱུར་བ་དག་རིམ་ལ་ཡ་འདི་ཉིད་ཀྱི་འགའ་ཞིག་ན་གནས་པ་སྲིད་མོ་མ་ལ
ཡ་ཅན་གྱི་ཁྱིམ་ཐབ་ཀྱི་སླད་དུ་བལྟ་བའི་ཕྱིར་དི་རིང་འོང་སྟེ། གལ་ཏེ་དེ་བལྟ་ཞིང་མ་ལ་ཡ་ཅན་གྱི་ཉི་མ་གུང་གི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་སྲིད་དོ། །དེས་ནི་དབོས་ལ་ཤོག་ཤིག་ཅེས་སོ་།དེས་ན་བདག་རེ་ཞིག་གཽ་རིའི་ཁང་པ་ཉིད་དུ་འགྲོའོ། །
འགྲོ་ཞིང་ས་ལ་རྣམ་པར་བལྟས་ནས། ཨེ་ཡེ་རྡུལ་དང་ལྡན་པའི་ཕྱོས་ན་རབ་ཏུ་གསལ་བའི་འཁོར་ལོས་མཚན་པའི་རྗེས་ཀྱི་ཕྲེང་བ་དག་སྣང་བ་འདི་སུ་ཞིག་གི་ཡིན། མདུན་དུ་བལྟས་ཏེ་སྦྲིན་གྱི་བཞེན་པ་ལ་ངེས་པར་བརྟགས་ནས
འདི་ནི་སྐྱེས་བུ་ཆེན་པོ་འདི་ཡི་ཡིན་ནམ་སྙམ་མོ། །གཞན་ཡང། མགོ་ལ་གཙུག་ཏོར་འདི་གསལ་སྨིན་མའི་བར་ན་མཛོད་སྤུ་འདི་ནི་རྣམ་པར་མཛེས། །མིག་ནི་པདྨའི་རྗེས་སུ་མཐུན་ཞིང་བྲང་གདེངས་འཕྲོག་བྱེད་དག་ལ་འགྲན་པར་བྱེད། །ལག
པ་འཁོར་ལོས་མཆན་པ་ཇི་ལྟར་སྐྱེས་བུ་དག་ནི་སུ་ཞིག་འདི། །རིག་པ་འཛིན་པའི་འཁོང་ལོས་སྒྱུར་བའི་གནས་དག་མ་ཐོབ་འདུག་པ་ཡིན་ནམ་སྙམ། །ཡང་ན་ཐེ་ཚོམ་གྱིས་ཅི་ཞིག་བྱ་སྟེ། ཤིན་ཏུ་གསལ་བར་འདི་ནི་སྤྲིན་གྱི་བཞོན་པ་ཡིན
བར་ངེས་སོ། །མ་ལ་ལ་ཅན་མ་ལ་བལྟས་ནས་ཨ་ཡེ་འདི་ཡང་རྒྱལ་པོའི་བུ་མོའོ། །གཉི་ག་ལ་བལྟས་ནས་གལ་ཏེ་བན་ཚུན་རྗེས་སུ་འཚམ་པ་འདི་དག་འབྲེལ་པར་བྱེད་ན་བྱེད་པ་པོ་ནི་ཡུན་རིང་པོ་ཞིག་ན་རིག་པ་བྱེད་པར་གྱུར་ཏོ། །ཉེ་བར
བཏུང་ནས་ཁྱོད་དགེ་བར་གྱུར་ཅིག་། འདྲེན་པས་བཅོམ་ལྡན་སྤྲིན་གྱི་བཞོན་པ་ཕྱག་བགྱིད་དོ་ཞེས་ཏེ་ལྡང་བར་འདོད་དོ། །དཀའ་ཐུབ་པས་མངོན་དུ་ལྡང་མི་དགོས་སོ། །ཀྱེ་མངོན་འོངས་ཀུན་གྱི་བླ་མ་ཉིད་ཅེས་བས་ཁྱོད་ཉིད་བདག་ཅག་གི
བླ་མ་ཡིན་ནོ། །དེས་ན་ཇི་ལྟར་བདེ་བར་བཞུགས་ཤིག། མ་ལ་ཡ་ཅན་མས། ཇོ་བོ་ལ་ཕྱག་འཚལ་ལོ། །དཀའ་ཐུབ་པས་དེ་མཐོང་ནས། རྗེས་སུ་འཚམ་པའི་བདག་པོའི་སྐལ་བ་དང་ལྡན་པར་གྱུར་ཅིག་།རྒྱལ་པོའི་བུ་མོ། ཁྱོད་ལ་རིགས་ཀྱི་བདག
པོ་ཀཽ་ཤི་ཀས་བཀའ་སྩལ་པ། ཁྱོད་ཀྱི་མཆོད་སྦྱིན་གྱི་དུས་ཡོལ་བར་འགྱུར་གྱིས་མྱུར་དུ་ཤོག་ཅིག་ཅེས་སོ། །འདྲེན་མས། མི་དགའ་བ་དང་བཅས་པར། གང་བླ་མས་བཀའ་སྩལ་པ་ཉིད་དེ། །རང་གི་རྟོགས་པར། གཅིག་ནི་མིའི་གསུང་དང
གཞན། །མངའ་?་བོ་ལྟ་བའི་རྩེ་དགའ་བཟང?། །འགྲོ་འམ?་མི་འགྲོ་འགལ་བ་ལ། །བདག་སྙིང་ཆད་མོ་ཡུག་པར་འགྱུར། །ཤུགས་ཕྱུང་ཤིང་ལངས་ཏེ་ངོ་ཚ་དང་བཅས་ཤིང་ཆགས་པ་དང་བཅས་པར་འདྲེན་པ་ལ་བལྟ་ཞིང་དཀའ་ཐུབ་པ་དང་ལྡན་ཅིག་སོང་བར
གྱུར་ཏོ། །འདྲེན་པས། སྲེད་པ་དང་བཅས་པར་ཤུགས་ཕྱུང་ནས་འདྲེན་མ་ལ་བལྟ་ཞིང། ཚང་རའི་ཁྱོན་གྱི་ཁུར་ལྡན་ཞིང། །དམན་པ་དག་ཏུ་འགྲོ་མ་འདི། །གཞན་དུ་འགྲོ་ཡང་བདག་གི་ནི། །སྙིང་ལ་གོམ་པ་བཀོད་པར་གྱུར། །འབངས་མོས། ཚུར
ཤེག?་ཚུར་ཤེག?་། རྗེའི་སྲས་མོ་ཞེས་ཏེ། མ་ལ་ཡ་ཅན་མ་འཁོར་དང་བཅས་པ་སོང་བར་གྱུར་ཏོ། །བི་དཱུ་ཥ་ཀས། ཀྱེ་གང་ཞིག་བལྟ་བར་བྱ་བ་དག་མཐོང་ངོ། །ད་ནི་ཉི་མ་གུང་གི་ཉི་མའི་གདུང་བ་ཉིད་འགྱུར་དུ་བྱས་པ་བཞིན་དུ་བདག་གིས་ལྟོ་བའི
མེ་དག་ལྟ་བ་ལྟ་བ་བྱེད་དོ། །དེའི་ཕྱིར་འདི་ན་སོང་སྟེ། གང་གིས་བྲམ་ཟེ་དག་གི་མགྲོན་དུ་འགྱུར་བར་བྱས་ནས་ཐུབ་པའི་སྐྱེ་བོ་ལས་དངོས་སུ་རྙེད་པའི་རྩ་བ་དང་ཆུ་བ་ལ་སོགས་བས་སྲོག་བཟུང་བར་བྱའོ། །འདྲེན་པས། སྟེང་དུ་བལྟས་ནས།
་ཡེ་བཅོམ་ལྡན་འོད་ཟེར་སྟོང་ཕྲག་ལྡན་ནི་ནམ་མཁའ་ཨི་དཀྱིལ་ན་འཛེགས་ཏེ་བཞུགས། །དེ་ལྟར་ཡང། གདུང་བས་དེ་དུས་ཙན་དན་ལ་བརྡུར?་ཐང་ཆུས་དཀར་བའི་འགྲུམ?་པ་འཛིན་བྱེད་ཅིང། །རང་གི་རྣ་བ་བསྐྱོད་པའི་རླུང་ནི་ཡང་དག་ཆགས་པས
བཞིན་ལ་གཡོ་བ་བྱེད་པ་ལ། །ལག་པས་གཏོར་བའི་ཆུ་ཐིགས་སྙིང་ཁར་ཁྱད་པར་དུ་སྤྲན་གླང་བོའི་བདག་པོ་འདི། །ད་ནི་བཟོད་དཀའ་ཟུག་རྔུ་དྲག་པོས་ཟུག་པ་ལྟ་བུའི་གནས་སྐབས་འཛིན་པར་བྱེད་ཅེས་ཏེ་གཉིས་སོང་ངོ། །མཚན་མ་དང་པོའོ།། །།
དེ་ནས་འབངས་མོ་ཞུགས་ཏེ། རྗེའི་སྲས་མོ་མ་ལ་ཡ་ཅན་མས། བདག་ལ་གསུངས་པ། བུ་མོ་མེ་ཏོག་གསར་པ་ཅན་བདག་གི་མིང་པོ་ཇོ་བོ་བཤེས་གཉེན་ཁྱི་དབྱིག་འདི་རིང་ཡུན་རིང་དུ་ཐོགས་སོ། །དེའི་ཕྱིར་སོང་ལ་འོང་ངམ་མི་འོང་རྟོགས་ཤིག་ཅེས
སོ། །ཡོངས་སུ་བ་སྒྲོད?་དེ་ཕྱི་རོལ་དུ་མངོན་པར་ཕྱོགས་ཤིང་བལྟས་ནས། འདི་ཉིད་ནས་འོངས་པ་འདི་སུ་ཞིག་ཡིན། ངེས་པར་བརྟགས་ནས་ཅི་དྲུང་མོ་འམ། འབངས་མོ་གཉིས་པ་ཡང་ཞུགས་སོ། །དང་པོ་མས་ཉེ་བར་བཏུང
ནས། གྲོགས་མོ་དྲུང་མི་ཁྱོད་ཀྱང་ཅིའི་ཕྱིར་མགྱོགས་པར་འགྲོ་བར་བྱེད། གཉིས་བས་རྗེའི་སྲས་མོ་མ་ལ་ཡ་ཅན་མས་བདག་ལ་གསུངས་པ། བུ་མོ་དྲུང་མོ་བདག་གི་ལུས་ཀྱིས་མེ་ཏོག་ཐུབ་པའི་ཡོངས་སུ་ངལ་བ་མི་བཟོད་དོ། །སྟོན་ཀའི་གདུང
བས་བྱས་པ་བཞིན་དུ་བདག་ཡོངས་སུ་གདུང་བས་ཤིན་ཏུ་ལྷག་པར་གཟིར་བར་གྱུར་ཏོ། །ངེས་ན་ཁྱོད་སོང་ལ་ཆུ་ཤིང་གཞོན་ནུའི་མདའ་མས་བསྒྲིབས་པ་ཙན་དང་འཁྲི་ཤིང་གི་ཁང་བར་ཟླ་བ་ཆུ་ཤེལ་གྱི་རྡོ་ལམ?་ལ་སྟན་ཆས་གྱིས་ཤིག
ཅེས་སོ། །ཇི་ལྟར་གསུང་པ་བཞིན་དུ་བདག་གིས་ཀྱང་བྱས་ཏེ། དེའི་ཕྱིར་སོང་ནས་རྗེའི་སྲས་མོ་ཉིད་ལ་སྦྲང་པར་བྱའོ། །དང་པོ་མས། གལ་ཏེ་དེ་ལྟ་ཡིན་ན་མྱུར་དུ་ཆང་དག་གྱི་ཤིག་།དེང་སོང་ན་དེའི་གདུང་བ་ཉེ་བར་ཞི་བར་འགྱུར་རོ། །གཉིས
པས་བརྒད་ནས་རང་གི་རྟོགས་པར་གང་ཞིག་འདི་འདྲ་བའི་གདུང་བ་དག་ནི་དེ་ལྟ་བུས་ཉེ་བར་ཞི་བར་མི་འགྱུར་རོ། །རྣམ་པར་བཀྲ་ཞིང་དགའ་བར་བྱ་བ་ཙན་དན་འཁྲི་ཤིང་གི་ཁྱད་པ་མཐོང་ན་དེ་ནི་ཤིན་ཏུ་ཡང་ལྟག་པར་འགྱུར་རོ་ཞེས་བདག
རྟོག་གོ་། གསལ་བར་གྲོགས་མོ་ཁྱོད་སོང་ཤིག་།བདག་གིས་ཀྱན་རྡོ་བའི་གཞི་བསྟར་བ་བདག་རྗེའི་སྲས་མོ་ལ་སྦྲན་པར་བྱའོ། ཞེས་ནས་སོང་སྟེ་འཇུག་པར་བྱེད་པའོ། །དེ་ནས་སྲེད་པ་དང་ལྡན་པའི་མ་ལ་ཡ་ཅན་མ་དང། འབངས་མོ་ཡང
ཞུགས་སོ། །འདྲེན་མས་ཤུགས་ནར་ཕྱུར་ནས་བདག་ཉིད་ཀྱིས་རྟོགས་པར་སྐྱེ་བོ་དེ་ལ་སེམས་ཁྱོད་ཀྱིས་བདག་ངོ་ཚས། ད་ལྟར་ཕྱིར་ཕྱོགས་པར་བྱས་ཏེ། ད་ནི་ཁྱོད?་ཉིད་དེར་འགྲོ་བའི་ཕྱིར་ན། ཨེ་མ་ཁྱོད་ནི་བདག་ཉིད་རྒྱས་པར་བྱེད་པ་ཞིག་གོ་།
གསལ་བར། བུ་མོ་བཅོམ་ལྡན་མའི་གནས་སུ་འགྲོ་བའི་ལམ་དག་བདག་ལ་སྟོན་ཅིག་།འབངས་མོས། རྗེའི་སྲས་མོ་ཙན་དན་འཁྲི་ཤིང་གི་ཁང་པར་གཤེགས་པ་མ་ལགས་སམ། འདྲེན་མས། ངོ?་ཚ་དང་བཅས་པར་བུ་མོ་ཁྱོད་ཀྱིས་ལེགས་པར་དྲན་པར
བྱས་སོ། །དེའི་ཕྱིར་ཚུར་ཤེག་དེ་ཉིད་དུ་འགྲོ་བར་བྱའོ། །འབངས་མོས། བྱོན་ཅིག་བྱོན་ཅིག་རྗེའི་སྲས་མོ་སོང་བར་གྱུར་ཏོ། །འདྲེན་མ་གཞན་དུ་སོང་བ་ན། འབངས་མོས་ཕྱིར་བལྟས་ནས་མྱ་ངན་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་མ་འདི་ནི་སྙིང་གིས
སྟོང་པ་ཞིག་སྟེ་ཇི་ལྟར་ལྷ་མོའི་གནས་དེ་ཉིད་དུ་འཇུག་པར་བྱེད་དོ། །གསལ་བར་དེ་ན་ཙན་དན་འཁྲི་ཤིང་ཁང་པ་ཡོད་པ་མ་ཡིན་ན། །དེས་ན་འདིར་བྱོན་ཅིག་འདྲེན་མས། སྐྱེངས་པོའི་འཛུམ་དང་བཅས་པར་དེ་ལྟར་བྱེད་དོ། །འབངས་མོས་ཙན
དན་འཁྲི་ཤིང་གི་ཁང་པ་དེ་ནི་འདི་ལགས་སོ། །དེས་ན་ནང་དུ་ཞུགས་ཏེ་ཟླ་བ་ཆུ་ཤེལ་གྱི་ནོར་བུའི་རྡོ་ལ་རྗེའི་སྲས་མོ་ཞུགས་པར་མཛོད་ཅིག། འདྲེན་མས། དེ་ལྟར་བྱས་ཏེ་ཤུགས་ནར་ཕྱུང་ནས་བདག་ཉིད་ཀྱིས་རྟོགས་པར། བཅོམ་ལྡན་མེ་ཏོག་གི
མཚོན་དང་ལྡན་པ་གང་གི་གཟུགས་ཀྱིས་ཕམ་པར་བྱས་པ་དེ་ལ་ཅི་ཡན་མི་བགྱིད་པར་གནོད་པ་མ་བྱས་ཤིང་བུད་མེད་དུ་གྱུར་པ་དག་ལ་བསྣུན་པར་བགྱིད། ངོ་ཚ་བ་དང་མ་མཆིས་སམ་ཞེས་ཏེ་མྱོས་པའི་གནས་སྐབས་ཀྱི་གང་དག་བྱེད་དོ། །གསལ་བར
ངེས་པར་བྱས་ནས་བུ་མོ་ཅིའི་ཕྱིར་ཡལ་མདབ་སྡུག་བོས་ཉི་མའི་འོད་ཟེར་སྒིབས་པ་དང་ལྡན་པའི་ཙན་དན་འཁྲི་ཤིང་གི་ཁང་པ་འདི་དག་དིང་བདག་གདུང་བའི་སྡུག་བསྔལ་སེལ་བར་མི་བྱེད། འབོངས་མོས་འཛུམ་དང་བཅས་པར་གདུང་བའི་རྒྱུ་ནི་བདག
གིས་ཤེས་ཏེ། འོན་ཀྱང་རྗེའི་སྲས་མོ། བདག་ལ་ཐུག་མི་ཆེ་བས་ཁས་ལེན་པར་མི་འགྱུར་རོ། །འདྲེན་མས། བདག་ཉིད་ཀྱིས་རྟོགས་པར་འདིས་བདག་མཚོན་ཡང་རེ་ཞིག་དྲི་བར་བྱའོ། །གསལ་བར། བུ་མོ་རེ་ཞིག་དེ་དག་གི་ཅི། དེའི་རྒྱུ་ཅི་ཡིན་པ་དག་སྨྲོས་ཤིག་།
འབངས་མོས། རྗེའི་སྲས་མོ་འདི་ནི་ཁྱོད་ཀྱི་སྙིང་ལ་འདོད་པའི་མཆོག་།འདྲེན་མས་རྟགས་པ་དང་བཅས་ཤིང་དགའ་བ་དང་བཅས་པར་ལངས་ཏེ། མདུན་དུ་གོམ་པ་གཉིས་གསུམ་སོང་ནས་དེ་གང་ན་གང་ན། འབངས་མོས་ལངས
ཏེ། འཛུམ་པ་དང་བཅས་རྗེའི་སྲས?་མེ་ལགས། འདྲེན་མས་ངོ་ཚ་དང་བཅས་པས་འདུག་སྟེ་ཁ་འོག་ཏུ་བལྟས་ནས་འཁོད་དོ། །འབངས་མོས་རྗེའི་སྲས་མོ་བདག་ནི་འདེ་སྐད་བརྗོད་པར་འདོད་དེ། འདི་ནི་ཁྱོད་ཀྱི་སྙིང་ལ་འདོད་པའི་མཆོག་གདུང་པའི་རྒྱུ
ཡིན་པ་གང་གིས་ན་ཙན་དན་འཁྲི་ཤིང་གི་ཁང་པ་རང་བཞིན་གྱིས་བསིལ་ཡང་ཁྱོད་ཀྱི་གདུང་བའི་སྡུག་བསྔལ་སེལ་བར་མི་ནུས་སོ། །འདྲེན་མས་དགའ་དང་བཅས་པར་འབངས་མོ་ལ་འཁྱུད་ནས། བུ་མོ་དྲུང་མོ་ཁྱོད་ནི་ངེས་པར་དྲུང་མོ་སྟེ།
གཞན་བ་ཅི་ཞིག་དྲི་པར་བྱ། །ངེས་ན་སྨྲོས་ཤིག་།འབངས་མོས། རྗེའི་སྲས་མོ་ད་ལྟ་ཉིད་ཁྱོད་ལ་སྨྲས་པ་ཡིན་ནོ། །དེས་ན་མཆོག་ལྟ་བས་བྱས་པའི་གདུང་བ་འདིས་རེ་ཞིག་གདུང་བར་མ་བྱེད་ཅིག་།གལ་ཏེ་བདག་དྲུང་མོ་ཡིན་པ་བ། དེ་ལྟ་མ
དེ་ཡང་རྗེའི་སྲས་མོ་མཐོང་བ་མེད་པར་ཡུད་ཙམ་ཡང་གཞན་དུ་མངོན་པར་དགའ་བར་མི་འགྱུར་རོ། །འདི་ཡང་བདག་གིས་ཤེས་པ་ཉིད་དོ། །འདྲེན་མས་མཚིམ་དང་བཅས་པར་བུ་མོ་དེ་ལྟ་བུའི་སྐལ་པ་བདག་ལ་ག་ལ་ཡོད། འབངས་མོས
རྗེའི་སྲས་མོ་དེ་སྐད་ཅི་ལ་གསུང། ཁྱབ་འཇུག་གི་བྲང་གི་གཞི་ལ་དཔལ་མོ་འཛིན་པ་ཡང་བདེ་བར་ཇི་ལྟར་འགྱུར། འདྲེན་མས། སྐྱེ་བོ་ལེགས་པ་དག་སྙན་པ་བོར་ནས། གཞན་སྨྲ་བར་བྱེད་དམ་ཅི། བུ་མོ་བདག་གི་གདུད་བ་འདི་བས་ཀྱང་འདི
ཤིན་ཏུ་ལྷག་པར་གཟིར་བ་སྟེ། གང་གཟི་བྱིན་ཆེན་པོ་དེ་ལ་ཚིག་ཙམ་གྱིས་ཀྱང་དགའ་བར་མ་བྱས་པ་བདག་ཚུལ་དང་མཐུན་པ་མ་ཡིན་པར་མཁྱེན་ཏོ་ཞེས་དུས་སོ། །འབངས་མོས་མཚིམ་དང་བཅས་པར་རྗེའི་སྲས་མོ་མ་བཤུམས
ཤིག། ལངས་ནས་ཡལ་མདབ་བླངས་ནས་བཙིར་ཏེ་ཁུ་བ་སྙིང་ཁར་བྱུགས་སོ། །རྗེའི་སྲས་མོ། བདག་སྨྲའོ། །མ་བཤུམས་ཤིག་།ནུ་མའི་ངོས་ལ་བྱུགས་པའི་ཙན་དན་ཡལ་མདབ་ཀྱིས་ཐང?་ཆུ་འདི་ནི་ངེས་པར་རྒྱུན་ཆད་མེད་པར་འབབས་བ་མཆི་མའི་ཐིགS
པ་འདི་དག་གིས་དྲོ་བར་བྱས་པས་ཁྱོད་ཀྱི་སྙིང་ཁའི་གདུང་བ་མི་སེལ་ལོ་ཞེས་ཏེ་ཆུ་ཤིང་གི་མདབ་མ་དག་གིས་གཡེལ་བར་བྱེད་དོ། །འདྲེན་མས། ལག་པས་བཟློག་ཅིང། བུ་མོ་མ་གཡོབ་མ་གཡོབ་ཆུ་ཤིང་གི་མདབ་མའི་རླུང་འདི་ནི་ཤིན་ཏུ་ཆེའོ?། །
འབངས་མོས་རྗེ་ཡི་སྲས་མོ་འདི་ཡི་སྐྱོན་དུ་མ་བྱེད་ཅིག་། འདི་ལྟར་སྣུམ་ཞིང་སྟུག་པའི་ཙན་དན་འཁྲི་ཤིང་ཡལ་མདབ་དང་འགྲོགས་བ་ཆུ་ཤིང་གི་མདག་མའི་རླུང་འདི་ཤིན་ཏུ་བསིལ་ཡང་ཁྱོད་ཀྱི་དབུགས་ཀྱིས་ཚ་བར་བྱས་ཏེོ། །འདྲེན་མས
མཆི་མ་དང་བཅས་པར་བུ་སྡུག་བསྔལ་འདི་ཉེ་བར་ཞི་བའི་ཐབས་འགའ་ཞིག་ཡོད་དམ། འབངས་མོས་རྗེའི་སྲས་མོ་གལ་ཏེ་དེ་ཉིད་འདི་འོངས་ནས་ཡོད་པ་ཉིད་དོ། །དེ་ནས་འདྲེན་མ་དང། བི་དཱུ་ཥ་ཀ་དག་ཞུགས་སོ། །འདྲེན་པས། ཕྱིར་དཀར
དང་དཀར་མིན་མིག་གི་འོད་ཀྱིས་བསྟི་གནས་ཤིང་དེ་རྣམས། །ཡལ་ག་ལ་ཆགས་རི་ངགས་ལྤགས?་པའི་ཚོགས་ཀྱིས་སྒེག་པ་བཞིན་བྱེད་ཅིང། །ཐུབ་པའི་སྔོན་དུ་བདག་ལ་བལྟས་པ་གང་དེ་ཉིད་ཀྱིས་བདག་ནི་བཅོམ་གྱུར་ན། །མེ་ཏོག་མངའ་ཅན་ཁྱོད
ཀྱི་དོན་མེད་མངའ་འདི་དག་ནི་ཅི་སླད་འཕེན་པར་བྱེད། །བི་དཱ་ཥ་ཀས། ཀྱེ་གྲོགས་པོ་ངེས་པར་ཁྱོད་ཀྱི་བརྟན་པ་གང་དུ་སོང། འདྲེན་བས། གྲོགས་པོ་བདག་ལ་བརྟན་པ་ཡོད་པ་ཉིད་མ་ཡིན་ནམ། གང་གི་ཕྱིར། ཟླ་བས་དག་བའི་མཚན་བཟླས་མིན་ནམ་ཅི
ཞིག་ཨཽཏཔལ་སྔོན་པོ་མ་བསྣམས་སམ། །རབ་རྒྱས་ཛཱ་ཏིའི་མེ་ཏོག་དྲི་ལྡང་སྲོད་ལའི་རླུང་དག་བཟོད་པ་མིན་ནམ་ཅི། །པད་ཚལ་སྦྲང་རྩི་བྱེད་པའི་དར་དིར་སྒྲ་ཅི་ཞིག་བདག་གིས་མཉན་ནམ། །གདུང་བ་དག་གིས་གནོད་མེད་བདག་ལ་མི་བརྟན་པ་ཞེས
གང་གིས་ཁྱོད་རྗོད་བྱེད། །ཡང་ན་གྲོགས་པོ་ཨཱ་ཏྲའི?་རིགས་བདག་གིས་ཡང་དག་བར་མ་བརྗོད་དོ། །ལུས་མེད་ཀྱིས་འཕངས་པ་མེ་ཏོག་གི་མདའ་ནི་བུད་མེད་སྙིང་གིས་ཀྱང་བཟོད་པ་མ་ཡིན་ནམ། གང་གི་ན་དི་རིང་ཁྱོད་གྱིས་མདུན་དུ
བདག་གིས་བརྟན་པ་ཡིན་ནོ་ཞེས་བརྗོད་པར་བྱ། བི་དཱུ་ཥ་ཀས། བདག་ཉིད་ཀྱིས་རྟོགས་པར་འདི་ལྟར་བསྟན་པ་མེད་པ་ཉིད་དུ་ཁས་ལེན་ཅིང། འདིས་སྙིང་ལ་གདུང་བ་ཆེན་བོ་གནས་པ་དག་གསལ་བར་བྱེད་དོ། །དེས་ན་རེ་ཞིག་ཇི་ལྟར་ཡང་འདི་གཡེང་བར
བྱའོ། །གསལ་བར་ཀྱེ་གྲོགས་བོ་དིང?་ཁྱོད་བླ་མའི་བསྙེན་བཀུར་མྱུར་བ་ཉིད་དུ་བྱས་ནས་ཅིའི་སླང་དུ་འདིར་འོངས། འདྲེན་པས། གྲོགས་པོ་གནས་པ་དག་དྲིས་ཏེ་གཞན་སུ་ཞིག་ལ་འདི་སྨྲ་བར་བྱ། །དིང?་བདག་གིས་རྨི་ལམ་དུ་ཤེས་པ་ནི་དགའ་མའི་མཆོག
དེ་ཉིད་འཛུབ་མོས་སྟོན་ཅིང་ཙན་དན་འཁྲི་ཤིང་གིས་ཁང་པར་ཟླར་བ་ཆུ་ཤེལ་གྱི་སྟན་འདི་ལ་འདུག་ནས་མཛའ་བས་ཁྲོས་ཏེ། བདག་ལ་འགའ་ཞིག་སྨོད?་བཞིན?་དུ་དུ་ཞིང་འདུག་པ་བདག་གིས་མ་ཐོང་ངོ། །དེས་ན་རྨི་ལམ་དུ་དགའ་མ་དང་འགྲོག་བའི་དགའ་བ
ཉམས་སུ་མྱོང་བར་གྱུར་པའི་གནས་འདི་ཉིད་དུ་ཉི་མ་བསྐྱལ་བར་འདོད་དོ། །དེའི་ཕྱིར་ཚུར་ཤེག་དེ་ཉིད་དུ་འགྲོ་བར་བྱའོ་ཞེས་ཏེ་སོང་ངོ། །འབངས་མོས་རིངས་པ་དང་བཅས་པར་ཐོས་ནས་རྗེའི་སྲས་མོ་རྐང་པའི་སྒྲ་འདྲ་བ་དག་ཐོས་སོ། །འདྲེན་མས་རིང་བ
དང་བཅས་པར་བདག་ཉིད་ལ་བལྟ་ཤིང། བུ་མོ་བདག་གི་སྦྱོར་པ་འདི་འདྲ་བ་འདི་མཐོང་ནས་འགའ་ཞིག་གིས་བདག་གི་སེམས་རིགས་པར་འགྱུར་རོ། །དས་ན་ཤིང་མྱ་ངན་མེད་པ་དམར་པོའི་ཁྲོད་འདིར་འདུག་སྟེ། འདི་དག་སུ་ཞིག་ཡིན་བལྟ་བར་བྱའོ། །དེ་བཞིན
བྱས་སོ། །བིརཱུ་ཥ་ཀས། འདི་ནི་ཙན་ངན་འཁྲི་ཤིང་གི་ཁང་བ་སྟེ། ངེས་ན་འཇུག་བར་བྱའོ། །གར་གྱིས་རབ་ཏུ་ཞུགས་བར་གྱུར་ཏོ། །འདེན་པས་ཙན་དན་འཁྲི་ཤིང་དག་གི་ཁང་པ་ནི། །ཟླ་བ་ནོར་བུའི་རྡོ་དང་ལྡན་མོད་ཀྱང། །ཟླ་བཞིན་མ་བྲལ་འདི་ལ་བདག་མི
དགའ་། །ཟླ་འོད་དང་བྲོལ་མཚན་མོའི་སྒོ་བཞིན་ནོ། །འབངས་མོས་མཐོང་ནས་རྗེའི་སྲས་མོ་དགའ་བ་འཕེལ་བར་མཛོད་ཅིག་།ཁྱོད་ཀྱི་སྙིང་སྡུག་དེ་ནི་འདི་ཉིད་དོ། །འདྲེན་མས་མཐོང་ནས་དགའ་བ་དང་བཅས་ཤིང་རྟབས་པ་དང་བཅས་པར་བུ་མོ་འདི་མཐོང་བར་ཤིན
ཏུ་འཇིགས་པའི་ཕྱིར། འདི་དང་ཤིན་ཏུ་ཉེ་བར་འདུག་མི་བཟོད་དོ། །གལ་ཏེ་ན་འདིས་བདག་མཐོང་བར་གྱུར་ཏོ། །ངེས་ན་ཚུར་ཤེག་བཞིན་དུ་འགྲོའོ། །བྱིན་པ་འདར་བ་དང་བཅས་པར་རྐང་པ་བཀོད་ནས། བུ་མོ། བདག་གི་བྱིན་པ་དག་འདར་རོ། །འ་བདས་མོས
རྒད་ནས། ཤིན་ཏུ་སྐྲག་མ་འདིར་འཁོད་ཀྱང་ཁྱོད་སུ་ཞིག་གིས་མཐོང། ཤིང་མྱ་ངན་མེད་པ་དམར་པོའི་ཁྲོད་ན་གནས་པ་དག་རྗེད་དམ། ངེས་ན་འདི་ཉིད་དུ་འཁོད་ལ་འདུག་ཅིག་།དེ་ལྟར་བྱས་སོ། །བི་དཱུ་ཥ་ཀས། བརྟགས་ནས་ཀྱེ་གྲོགས་པོ་ཟླ་བ་ནོར
བུའི་རྡོ་འམ་དེ་འདི་ཡིན་ནམ། འདྲེན་མས་མཆི་མིག་དང་བཅས་པར་ཤུགས་རིངས་ཕྱུང་ངོ། །འབངས་མོས་རྗེའི་སྲས་མོ་འདི་འདི་ཞེས་པའི་གཏམ་དག་ཐོས་སོ། །དེས་ན་ངེས་པར་བརྟགས་ལ་མཉེན་པར་བྱའོ། །དེ་བཞིན་བྱས་སོ། །བི་དཱུ་ཥ་ཀས། ལག་པ
བསྐྱོད་ཅིང། ཀྱེ་གྲོགས་པོ་ཟླ་བ་ནོར་བུའི་རྡོ་འམ་དེ་འདི་ཡིན་ནམ་བྱས་ན། འདྲེན་བས། ཡང་དག་པར་མཚོན་ཅིང་ལག་པས་བསྟན་ནས། ལག་གཡོན་ཡལ་འདབ་ངབ་ལ་རྣམ་པར་དཀར་བའི་གདོང་པ་བཞག་ནས་ནི། ཤུགས་རིང་སྡུག་འབྱེན་ཡིད་ལ
ཁྲོ་བ་དེས་བྱས་སྨིན་མ་དག་། ཅུང་ཟད་བསྐྱེད་ཅིང་ཡུན་རིངས་ཐོགས་པ་བདག་ལ་བསམ་པ་གསལ་བྱས་པའི། །དགའ་མ་གང་དུ་བདག་གིས་མཐོང་བའི་ཟླ་བ་ནོར་བུའི་རྡོ་འདིའོ། །དེའི་ཕྱིར་ཟླ་བ་ནོར་བུའི་རྡོ་འདི་ཉིད་ལ་འདུག་པར་བྱའོ། །བི་དཱུ་ཥ་ཀས། གང
ཁྱོད་གསུང་བའོ། །གཉི་ག་ཉེ་བར་འཁོད་དོ། །འདྲེན་མས་བསམས་ནས། འདི་སེམས་པར་བྱེད་པ་དེ་སུ་ཞིག་ཡིན། འབངས་མོས། རྗེའི་སྲས་མོ་ཇི་ལྟར་ཡུ་བུ་ཅག་གིས་བསྒྲིབས་ནས་འདི་དག་མཐོང་བ་དེ་བཞིན་དུ། ཁྱོད་ཀྱང་འདི་དག་གིས་མཐོང་བ་ཡིན
པ་སྲིད?་དོ། །འདྲེན་མས། འདི་ནི་རིགས་ཏེ། འོན་ཀྱང་མཛའ་བས་ཁྲོ་བའི་དགའ་མའི་སྐྱེ་བོ་སྙིང་ལ་བྱས་ནས་རྗོད་པར་བྱེད་དོ། །འབངས་མོས། འདི་འདྲ་བའི་དོགས་པ་མ་བྱེད་ཅིག་།ང་དུང?་རེ་ཞིག་མཉན་པར་བྱའོ། །བི་དཱུ་ཥ་ཀས། བདག
ཉིད་ཀྱིས་རྟོགས་པར་འདི་ཡི་གཏམ་འདི་ནི་མངོན་པར་དགའ་ཨོ། །དེས་ན་འདི་ཉིད་འཕེལ་དུ་གཞུག་པར་བྱའོ། །གསལ་བར། ཀྱེ་གྲོགས་པོ་དེ་ནས་དུ་བ་དང་བཅས་པ་དེ་ལ་ཁྱོད་ཅི་ཞིག་སྨྲས། འདྲེན་པས་གྲོགས་པོ་བདག་གིས་འདི་སྐད་བརྗོད་དེ། ཟླ་བ་ཆུ་ཤེལ་རྡོ
དག་ནི། །མཆི་མའི་ཆུ་ཡིས་དྲན་པ་འདི། །ཁྱོད་ཀྱི་བཞིན་གྱི་ཟླ་བ་དག། ཤར་བ་འདི་ཡིས་ཁུ་བ་བཞིན། །འདྲེན་མས། ཁྲོ་བ་དང་བཅས་པར་དྲུང་མོ་འདི་ལས་ཀྱང་གཞན་མཉན་པར་བྱ་བ་ཡོད་དམ། མཆིམ་དང་བཅས་པར་ཆུར་ཤེག་འགྲོ་བར་བྱའོ། །འབངས
མོས་རྗེའི་སྲས་མོ་དེ་ལྟར་མ་སེམས་ཤིག་། གང་གིས་ཁྱོད་མཐོང་བ་ངེས་གཞན་སུ་ཡང་བརྗོད་དོ་ཞེས་བྱ་བ་ལ་བདག་ཡིད་མི་ཆེས་སོ། །དེས་ན་གཏམ་གྱི་མཐར་ཐུག་པ་རེ་ཞིག་བརྟགས་པར་བྱའོ། །འདྲེན་པས་གྲོགས་པོ་རྡོ་བའི་གཞི་འདི་ལ་དེ་ཉིད་བྲིས་ཏེ། རི་མོར
གྱུར་པ་དེ་དང་བདག་ཉིད་རྩེ་ཞིང་འདུག་པར་བྱ་སྙམ་མོ། །དེས་ན་རིའི་ངོས་འདི་ཉིད་ནས། ལྡོང་རོས་ཀྱི་དུམ་བུ་དག་ལོད་ལ་ཤེག་ཅིག། གྲོགས་པོས་གང་ཁྱོད་གསུང་བའོ། །དེ་ལྟར་བྱས་ནས། ཀྱེ་ཁྱོད་ཀྱིས་ཁ་དོག་ཅིག་ལོང་ཞེས་གསུངས་ནས། བདག་གིས
ནི་རི་འདི་ལས་རྙེད་སླ་བའི་ཚོན་ཁ་དོག་ལྔ་ཡང་བླངས་ཏེ་མཆིས་སོ། །དེས་ན་ལེགས་པར་བྲིས་ཤིག་ཅེས་ཏེ་གཏང་ངོ། །འདྲེན་པས་གྲོགས་པོ་ལེགས་པར་བྱས་སོ། །བླངས་ནས་མངོན་པར་བྲིས་ཏེ་སྤུ?་ལོངས་དང་ལྡན་པར་གྲོགས་པོ་ལྟོས་ཤིག་ལྟོས་ཤིག་།མ
ཉམས་?་ལྟར་མཛེས་མཆུ། །མིག་གི་དགའ་སྟོན་དགའ་མ་ཡི། །བཞིན་རས་རི་བོང་ཅན་གྱི་བཞིན། །དང་པོས་མཐོང་འདིས་སེམས་དགའ་བྱེད་བྲིས་སོ། །བི་དཱུ་ཥ་ཀས། ཡ་མཚན་དང་བཅས་པར་འདི་ནི་ཡ་མཚན་ཆེ་སྟེ?། ཀྱེ་གྲོགས་པོ་མངོན་སུམ་དུ་གྱུར
བ་མ་ཡིན་ཡང་དེ་ལྟར་མངོན་པར་འབྲིབ་ནི་ཡ་མཚན་ཆེའོ། །འདྲེན་པས་འཛུམ་པ་དང་བཅས་པར། །དགའ་མ་འདི་ཡང་ཀུན་རྟོག་ལ། །གནས་པ་དག་ནི་ཉེ་བ་ཉིད། །དེ་བལྟས་བལྟས་ཤིང་འབྲི་བ་གང། །འདི་ལ་ཡ་མཚན་ཅི་ཞིག་ཡོད། །འདྲེན་པས། ཤུགS
རིངས་ཕྱུང་ཞིང་མཆི་མ་དང་བཅས་པར་གུ་མོས་བདག་ཏམ་གྱི་མཇུག་ཏུ་གྱུར་ཏེ། །ངེས་ན་ཚུར་ཤོག་།རེ་ཞིག་ཇོ་བོ་བཤེས་གཉེན་གྱིས་ཀྱང་བལྟ་བར་བྱའོ། །འབངས་མོས་ཡིད་དབྱུང་བ་དང་བཅས་ཤིང་རང་གིས་པར་འདི་ཡི་གཏམ་ནི་སྲོག་ལ་ཡང་ལྟོས་པ་མེད་པ
བཞིན་ནོ། །གསལ་པར་རྗེ་ཡི་སྲས་མོ་དེར་མེ་ཏོག་སར་པ་ཅན་སོང་པ་མ་ཡིན་ནམ། དེས་ན་གལ་ཏེ་ཇོ་བོ་བཤེས་གཉེན་གྱི་དབྱིག་འདི་ཉིད་དུ་འོང་བ་སྲིད་དོ། །དེ་ནས་བཤེས་གཉེན་གྱི་དབྱིག་ཞུགས་པར་གྱུར་ཏོ། །ཡབ་ཀྱིས་བདག་ལ་བཀའ་སྩལ་པ
བུ་བཤེས་གཉེན་གྱི་དབྱིག་གཞོན་ནུ་སྤྲིན་གྱི་བཞོན་པ་བདག་གིས་ཡོངས་སུ་བརྟག་པ་བྱས་ཏེ་འདི་ཉིད་ན་ཉེ་བར་གནས་སོ། །འདི་ནི་བདག་ཅག་གི་མག་པར་འོས་པ་ཡིན་པས། དེ་ལ་བུ་མོ་མལ་ཡ་ཅན་མ་སྦྱིན་པར་གྱིས་ཤིག་།བདག་ནི་བྱམས
པའི་དབང་དུ་གྱུར་པས་གཞན་པའི་གནས་སྐབས་འགའ་ཞིག་ཀྱང་སེམས་པར་བྱེད་དོ་གང་གི་ཕྱིར། གང་ཞིག་རིགས་འཛིན་རྒྱལ་རིགས་ཐིག?་ལེ་ཤེས་རབ་དམ་བའི་འདོད་བ་དག་དང་ལྡན། །གཟུགས་ནི་ཟླ་ཡོད་མ་ཡིན་ཕ་རོལ་གནོན་པའི་ནོར་ལྡན
མཁས་ཤིང་དུལ་ལ་གཞོན། །གང་ཡན་སྨིན?་རྗེས་སེམས་ཅན་དོན་ལ་མངོན་སྦྱོར་སྲོག་ཀྱང་ཀུན་ཏུ་གཏོང་བས་ངེས། །དོ་ལ་མཚུང་མེད་སྲིད་མོ་སྦྱིན་ལ་དགའ་བ་དང་ནི་ཆགས་བྲལ་དང་ཡང་ལྡན། །ཇི་ལྟར་སྒྲིན?་གྱིས་བཞོན་པ་འདི་གོར་བསྟི་གནས
དང་ཉེ་བ་ཙནདན་འཁྲི་ཤིང་གི་ཁང་པ་འདི་ཉིད་ན་གནས་སོ་ཞེས་བྱ་བ་ཡན་བདག་གིས་ཐོས་སོ། །དེས་ན་ཙན་དན་འཁྲི་ཤིང་གི་ཁང་པ་འདི་ཉིད་དུ་འགྲོ་བར་བྱའོ། །བལྟས་ནས་ཞུགས་ཏེ་ག་ར་བྱེད་དོ། །བི་དཱུ་ཥ་ཀས། །དིས་པ་དང་བཅས་པར་མཐོང་ནས?
ཀྱེ་གྲོགས་པོ་ཆུ་ཤིང་གི་འདབ་མ་འདིས་རི་མོར་གྱུར་པ་འདི་བསྒྲིབས་ཅིག་། གྲུབ་བའི་རྒྱལ་ཚབ་བཤེས་གཉེན་གྱི་འདི་འདིར་ངེས་བར་འོང་སྟེ། གལ་ཏེ་ན་མཐོང་བར་འགྱུར་རོ། །འདྲེན་བ་དེ་ལྟར་བྱེད་དོ། །བཤེས་གཉེན་གྱི་དབྱིག
ཉེ་བར་བཏུད་ནས་གཞོན་ནུ་བཤེས་གཉེན་གྱི་དབྱིག་ཕྱག་བགྱིད་དོ། །འདྲེན་པས། བཤེས་གཉེན་གྱི་དབྱིག་ལེགས་པར་འོངས་སོ། །འདིར་འཇུག་ཅིང་འབངས་མོས། རྗེའི་སྲས་མོས་ཇོ་མོ་བཤེས་གཉེན་གྱི་དབྱིག་ནི་བྱོན་བ་ཉིད་དེ། འདྲེན་མས། བུ
མོ་བལྟ་བར་བྱའོ། །འདྲེན་བས་བཤེས་གཉེན་གྱི་དབྱིག་གྲུབ་བའི་རྒྱལ་བོ་ཀུན་གྱི་དབྱིག་དགེ་འམ། བཤེས་གཉེན་གྱིས་དབྱིག་གིས་དགེའོ། །ཡབ་ཀྱི་གསུང་ཉིད་ཀྱིས་བདག་ནི་ཁྱོད་ཀྱི་མངོན་དུ་འོངས་སོ། །འདྲེན་པས། གྲུབ་པའི་རྒྱལ་པོ་ལགས་བདག
ལ་ཅི་ཞིག་གསུང། འདྲེན་མས། རེ་ཞིག་ཡབ་ཀྱིས་ཅི་ཞིག་གསུངས་བ་དག་མཉན་བར་བྱའོ། །བཤེས་གཉེན་གྱིས་དབྱིག་གིས་དགའ་བ་དང་བཅས་པར་ཡབ་ནི་འདི་སྐད་གསུང་སྟེ། བདག་གི་བུ་མོ་མ་ལ་ལ་ཅན་ཞེས་བྱ་བ་གྲུབ་བའི་རྒྱལ་རིགS
ཐམས་ཅད་ཀྱི་སྲོག་ལྟ་བུ་དེ་དག་གིས། ཁྱོད་ལ་སྦྱིན་གྱིས་བླང་བར་མཛོད་ཅིག་ཅེས་སོ། །འབངས་མོས་བརྒད་ནས་རྗེའི་སྲས་མོ་ད་ནི་ཁྲོ་བར་མ་མཛད་ཅིག་།འདྲེན་མས་བུ་མོ་ཚིམ་བར་མ་བྱེད་ཅིག་།འདི་དག་གི་སྙིང་གཞན་ལ་ཆགས་བ་ཉིད
ཁྱོད་བརྗེད་དམ་ཅི། འདྲེན་པས། སྐྱེ་བོས་དབེན་བར་གྲོགས་བོ་དོག་བ་དག་ཏུ་ལྷུང་བར་གྱུར་ན། བདག་གིས་ཅི་ཞིག་སྨྲ་བར་བྱ། །བི་དཱུ་ཥ་ཀས། ཀྱེ་ཁྱོད་ཀྱིས་སེམས་དེ་མ་གཏོགས་བ་གཞན་བ་དག་གཞན་པ་དག་ལ་མངོན་པར་འགལ་བར་མི་འགྱུར་བ
བདག་གིས་ཤེས་སོ། །དེ་ལྟ་ན་ཡང་འདི་ལ་གང་ཅུང་ཟད་སྨྲོས་ལ་གཏང་བར་མཛོད་ཅིག་།འདྲེན་མས། ཁྲོ་བ་དང་བཅས་བར་ཀྱེ་འབངས་དག་དེ་སུ་ཡིས་མི་ཤེས། འདྲེན་བས། ཁྱེད་ལྟ་བུ་དང་ལྷན་ཅིག་འབྲེལ་བ་བསྔགས་བར་འོས་ས་འདི་འདྲ་བ་དག་འདིར་སུ་ཞིག
མི་འདོད། །འོན་ཀྱང་གཞན་དུ་ཞུགས་བའི་སེམས་དག་གཞན་དུ་རབ་ཏུ་འཇུག་པར་བྱེད་མི་ནུས་སོ། །དེའི་ཕྱིར་བདག་ནི་འདི་ལེན་པར་སྤྲོ་བ་མེད་དོ། །འདྲེན་མས། རྨོངས་པའི་གར་དག་བྱེད་དོ། །འབངས་མོས། རྗེའི་སྲས་མོ་དག་རབ་ཏུ་སྟོན་ཅིག་རབ་ཏུ་སྟོན་ཅིག་།བི
དཱུ་ཥ་ཀས། འདི་ནི་དེས་བར་བཞན་གྱི་དབང་དུ་གྱུར་བ་ཞིག་སྟེ། བརྗོད་བ་འདི་དག་གིས་ཅི་ཞིག་བྱ། སོང་སྟེ་བླ་མའི་སྐྱེ་བོ་དེ་ཉིད་ལ་དོན་དུ་གཉེར་བར་བྱའོ། །བཤེས་གཉེན་གྱིས་དབྱིག་གིས། བདག་ཉིད་ཀྱིས་རྟོགས་པར་འདིས་ལེགས་སོ་བར་བརྗོད་དེ། འདི
ནི་བླ་མ་དག་གིས་གསུང་ལས་འདའ་བ་མ་ཡིན་ནོ། །འདིའི་བླ་མ་དག་ཀྱང་གོ་རིའི་བསྟི་གནས་དང་ཉེ་བ་འདི་ཉིད་ན་རབ་ཏུ་གནས་སོ། །དེས་ན་རེ་ཞིག་སོང་སྟེ། འདིའི་ཕ་མ་དག་ལ་མ་ལ་ཡ་ཅན་མ་ལེན་དུ་གཞུག་པར་བྱའོ། །འདྲེན་མ་དབུགས་ཕྱིན་བར་གྱུར
ཏོ། །བཤས་གཉེན་གྱི་དབྱིག་གིས་གསལ་བར་འདི་སྐད་སྨྲ་བར་བྱེད་པའི་བདག་ཉིད། བདག་ཅག་རྣམས་འགོག་པར་བྱེད་ཅིང་གཞོན་ནུ་ཉིད་ཀྱིས་ཤིན་ཏུ་མང་བར་མཁྱེན་ཏོ། །འདྲེན་མས། ཇི་ལྟར་སྨད་ཅིང་ཞན་པར་སླར་ཡང་བ་ཤེས་གཉེན་གྱི་དབྱིག་སྨྲ་བར
བྱེད་བ་ཤེས་གཉེན་གྱི་དབྱིག་སོང་བར་གྱུར་ཏོ། །འདྲེན་མས། མཆི་མ་དང་བཅས་བར་ཤིང་བདག་ཉིད་ཀྱིས་རྟོགས་པར། སྐལ་བ་ངན་བའི་རྙོག་པས་དྲི་མར་བྱས་ཤིང། ད་དུང་ཡང། སྡུག་བསྔལ་བསྟེན་བ་བདག་གི་ལུས་འདིས་ཅི་ཞིག་བྱ། དེས་ན་ཤིང་མྱ་ངན་མེད་བ་འདི་ཉིད
ལ། ཨ་ཏི་མུ་ཀ་ཏའི་འཁྲེ་ཤིང་འདི་དག་གིས་བཏགས་ཏེ། བདག་ཉིད་འཆི་བར་འགྱུར་བ་དེ་ལྟར་རེ་ཞིག་བྱའོ། །གསལ་བར་འཛུམ་པས་བུ་མོ་རེ་ཞིག་བཤེས་གཉེན་གྱི་དབྱིག་རིང་དུ་སོང་ངན་མ་སོང་རྟོག་ཅིག་།དེ་ནས་བདག་ཅག་ཀྱང་འདི་ནས་འགྲ་བར
བྱའོ། །འབངས་མོས། བདག་ཅག་གིས་རྟོགས་པར་འདིའི་སེམས་ནི་གཞན་བ་ཞིག་ཡོད་བ་འདྲའོ། །དེས་ན་འདི་ཉིད་ནས་བསྒྲིབས་ཏེ། འདི་ཅི་ཞིག་བྱེད་པ་དག་བལྟ་བར་བྱའོ། །གསལ་བར་རྗེའི་སྲས་མོ་གང་གསུང་བ་ཉིད་དོ་ཞེས་ཏེ། ཐོན་ནས་གོམ་པ
འགའ་ཞིག་སོང་ཞིང་བསྒྲིབས་ཏེ་གནས་སོ། །འདྲེན་མས། ཕྱོགས་སུ་བལྟས་ནས་དྲུང་མོ་སོང་བ་དང་འཁྲི་ཤིང་གི་ཞགས་པ་དག་བྱས་ནས། མཆིམ་དང་བཅས་བར་བཅོམ་ལྡན་མ་གཽ་རི་གལ་ཏེ་ཁྱོད་ཀྱི་སྐྱེས་པ་འདི་ལ་བཀའ་
དྲིན་མ་མཛད་ན་ཡང། རེ་ཞིག་སྐྱེ་བ་གཞན་ལ་ཇི་ལྟར་འདི་འདྲ་བའི་སྡུག་བསྔལ་དང་ལྡན་བར་མི་འགྱུར་བ་དེ་ལྟར་མཛོད་ཅིག་ཅེས་ཏེ། མགྲིན་པ་ལ་ཞགས་བ་བཅུག་གོ་།འབངས་མོས་མཐོང་ནས་རིངས་པ་དང་བཅས་བར་ཇོ་བོ་ཇི?་བོ་སྐྱོབ་ཞིག་སྐྱོབ་ཞིག་།
ངེས་བར་རྗེའི་སྲས་མོ་འདི་ནི་བདག་ཉིད་དབྱངས་ཏེ་འཆི་བར་བྱེད་དེ། །འདྲེན་པས། གང་ན་གང་ན། འབངས་མོས། མྱ་ངན་མེད་བའི་ཤིང་འདི་ལའོ། །འདྲེན་པས་མཐོང་ནས་དགའ་བ་དང་བཅས་པར་ཨ་ཡེ་བདག་ཅག་གི་ཡིད་ལ་རེ་བའི་ས་གཞི་དེ་ནི་འདི
ཡིན་ནོ། །འདྲེན་མའི་ལག་གནས་བཟུང་སྟེ་ཞགས་བ་འགྲོལ་ཞིང། མ་བྱེད་མ་བྱེད་མཛེས་མ་ཐུབ་ཆོད་བྱ་བ་འདི། འཁྲི་ཤིང་ཡལ་འདབ་རྩེའི་ཡལ་ག་འདི་དག་ཐོང། གང་གིས་མེ་ཏོག་དག་ཀྱང་བཅུ?་བར་ནུས་མིན་བ་དེ་ཡིས་ཁྱོད་ནི་འཆི་སླད་ཞགས་ཇི
ལྟར་འཛིན། འདྲེན་མས། འཇིགས་པ་དང་བཅས་པར་ཀྱེ་མ་སྨད་དོ། །ཀྱེ་མ་སྨད་དོ། །འདི་སུ་ཞིག་།ངེས་པར་རྟགས་ནས་ཁྲོ་བ་དང་བཅས་བར་ལག་པ་འགྲལ་ཞིང་བདག་ཟློག་བར་བྱེད་པའི། ལག་བའི་རྩེ་མོ་དག་ཐོང་ཞིག་།འཆི་བ་ཡང་ཁྱོད་ཉིད་ལ
དོན་དུ་གཉེར་བར་བྱེད་དམ་ཅི། །འདྲེན་བས། དགའ་བ་དང་བཅས་བར། གང་གིས་ཁྱོད་མགྲིན་དོ་ཤལ་གྱི། །འཁྲི་ཤིང་འོས་ལ་ཞགས་བ་བཅུག་།གནོད་བ་དང་བཅས་བཟུང་བ་ཡི། །ལག་པ་འདི་ནི་ཇི་ལྟར་གཏོང། །བི་དཱུ་ཥ་ཀས། ཀྱེ་དྲུང་མོ་ཁྱོད་ཀྱི
རྗེའི་སྲས་མོ་འདི་འཆི་བ་ལ་མངོན་བར་ཞེན་བའི་རྒྱུ་དག་ཅི་ཞིག་ཡིན། འབངས་མོས། ཁྱོད་ཀྱི་གྲོགས་པོ་འདི་ཉིད་རྒྱུ་ཡིན་ནོ། །འདྲེན་པས་ཇི་ལྟར་ང་ཉིད་འཆི་བའི་རྒྱུ་དག་ཡིན། །འདི་ནི་ངེས་པར་མི་ཤེས་སོ། །བི་དཱུ་ཥ་ཀས། ཀྱེ་བུ་མོ་དེ་ཇི་ལྟར། འབངས
མོས། ཁྲོ་བ་དང་བཅས་པར་ཁྱོད་ཀྱིས་དགའ་བའི་གྲོགས་པོས། སྙིང་གི་དགའ་གྲོགས་སུ་ཞིག། རྡོ་པའི་གཞི་ལ་བྲིས་པ་དེ་ཉིད་ཀྱི་ཕྱོགས་སུ་ལྟུང་བ་འདིས། བཤེས་གཉེན་གྱི་དབྱིག་གིས་བྱིན་པར་གྱུར་ཀྱང། བདག་མ་བཞེད་པར་གྱུར་ཏོ་ཞེས་བྱ་ངན་སྐྱེས་ཏེ
འདི་འདི་ལྟ་བུར་གདུང་བར་གྱུར་ཏམ་སྙམ་མོ། །འདྲེན་བས། དགའ་བ་དང་བཅས་ཤིང་བདག་ཉིད་ཀྱི་རྟོགས་བར་ཇི་ལྟར་ཀུན་གྱི་དབྱིག་གིས་བུ་མོ་མལ་ཡ་ཅན་མ་དེ་ཉིད་ཡིན་ནམ། ཡང་ན་ཟླ་བ་ཚེས་བ་རིན་ཆེན་འབྱུང་གནས་ལས་གཞན་གང་ལས་འཁྲུང
བར་འགྱུར། །ཀྱེ་མ་ཡུད་ཙམ་ཞིག་གི་བདག་མ་བསླུས་སོ། །བི་དཱུ་ཥ་ཀས། ཀྱེ།?་བུ་མོ་གལ་ཏེ་དེ་ལྟ་ཡིན་ན། བདག་གི་གྲོགས་བོ་ཉེས་པ་མེད་བ་ཞིག་སྟེ། འདི་ཉིད་དེར་བྲིས་བ་ཡིན་ནོ། །ཅི་སྟེ་དེ་ལྟར་ཡིད་མི་ཆེས་ན། བུ་མོ་ཁྱེད་ཉིད་དེར་སོང་ལ་རྡོ་བའི
གཞི་ལ་བལྟ་བར་བྱོས་ཤིག་། འདྲེན་མས། དགའ་བ་དང་བཅས་ཤིང་ངོ་ཚ་དང་བཅས་བར་འདྲེན་པ་ལ་བལྟ་ཞིང་ལག་བ་འདྲེན་བར་བྱེད་དོ། །འདྲེན་པས། ཇི་སྲིད་བདག་གིས་སྙིང་གི་དགའ་མ་རྡོ་བའི་གཞི་ལ་མངོན་བར་བྲིས་བ་མ་མཐོང
བ་དེ་སྲིད་དུ་མི་གཏོང་ངོ་ཞེས་ཏེ་ཐམས་ཅད་དེར་སོང་ངོ། །བི་དཱུ་ཥ་ཀས། ཆུ་ཤིང་གི་མདབ་མ་བསལ་ནས་ལྟོས་ཤིག་ལྟོས་ཤིག་།འདི་ཉིད་འདིའི་སྙིང་གི་དགའ་མའོ། །འདྲེན་མས། ངེས་པར་བརྟགས་ནས་དྲུང་མོ་ད་ལྟ་བུ་ཞིག་བྲིས་ཏེ་འདྲའོ།།
འབངས་མོས་ངེས་བར་བརྟགས་ནས། རྗེའི་སྲས་མོ་ང་འདྲ་བཞིག་བྲིས་སོ་ཞེས་ཅི་སྟེ་གསུང། འདི་ཁྱོད་འདྲ་བ་ནི་གང་གིས་ན་ཅི། རེ་ཞིག་རྡོ་བའི་གཞི་འདི་ལ་རྗེའི་སྲས་མོ་ཁྱོད་གཟུགས་བརྙན་དག་འཕོས་པ་ཡིན་ནམ། འོན་ཏེ་ཁྱོད་བྲིས་བ་ཡིན
ཡང་ཡོངས་སུ་མི་ཤེས་སོ། །འདྲེན་མས་བརྒད་ནས་འདི་ཡིས་རི་མོར་གྱུར་བ་འདི་སྟོན་པར་བྱེད་པ་ནི་བདག་གིས་ངན་བའི་ལུགས་དག་བྱས་སོ། །བི་དཱུ་ཥ་ཀས། ཀྱེ་གྲོགས་པོ་དེ་ནི་ཁྱེད་ཀྱི་དྲི་ཟའི་བག་མ་དག་རྫོགས་བར་གྱུར་ཏོ། །ད་ནི་འདིའི་ལག་པའི་རྩེ་མོ་དག
ཐོང་ཞིག་། འདྲེན་པ་དེ་ལྟར་བྱེད་དོ། །འབངས་མོས། ངོར་ལས་ཕྱིར་མངོན་བར་ཕྱོགས་ཏེ། བལྟས་ནས་ངེས་པར་རིངས་པ་རིངས་པར་འདི་ཉིད་དུ་འོང་བ་འདི་སུ་ཞིག་ཡིན། དེ་ནས་འབངས་མོས་ཞུགས་ཏེ། དགའ་བ་དང
བཅས་བར་ཉེ་བར་བཏུད་ནས། རྗེའི་སྲས་མོ་དག་དགྱེས་པ་འཕེལ་བར་མཛོད་ཅིག་།མངའ་བདག་གཞིན་ནུ་སྦྲིན་གྱི་བཞོན་བའི་བླ་མ་དག་གིས། གུས་བ་དང་བཅས་པར་དགའ་བའི་གྲོགས་ལ། །བྱོད་བཞེས་བར་གྱུར་ཏོ། །བི་དཱ་ཥ་ཀས།
དགའ་བ་དང་བཅས་བར་དགའ་བའི་གྲོགས་ལ་རེ་བ་རྫོགས་བར་གྱུར་ཏོ། །ཡང་ན་དེ་མ་ཡིན་ཏེ། མ་ལ་གཅན་མ་ཁྱོད་ཉིད་ཀྱིའོ་ཡང་ན་བྲམ་ཟེ་བདག་ཉིད་ཀྱིའོ་ཞེས་ཏེ། ཟས་ཀྱི་མངོན་པར་སྦྱོ་བའི་གར་དག་བྱེད་དོ། །འབངས་མོས། རྒྱལ
ཚབ་བཤེས་གཉེན་གྱིས་དབྱིག་གིས་བདག་ལ་གསུངས་པ། དི་རང་ཉིད་མ་ལ་ཡ་ཅན་མ་ནི་བག་མ་མའོ། །ངེས་ནི་བཀྲ་ཤིས་ཀྱིས་ཁྲུས་ཀྱི་དོན་དུ་མྱུར་བར་གོས་ལ་ཤོག་ཅིག་ཅེས་སོ། །དེའི་ཕྱིར་བྱོན་ཅེས་གཤེགས་པར་བགྱིའོ། །བི་དཱུ་ཥ་ཀས།
འབངས་མོའི་བུ་མོ་ངེས་བར་ཁྱོད་འདི་འོས་ཏེ་སོང་ནས་འདི་དག་འདི་ཉིད་དུ་འདུག་པར་བྱང་མ་ཅི། འབངས་མོས་ཨ་ཨཻ་རིངས་བར་མ་བྱེད་ཅིག་།ཁྱེད་རྣམས་ཀྱི་ཡང་ཁྲུས་ཀྱི་རྫས་དག་འོང་བ་ཉིད་དོ། །འདྲེན་མ་སྒེག་བ་དང་བཅས་བར་འདྲེན་བ
བལྟ་ཞིང་སོང་བར་གྱུར་ཏོ། །ཕྱི་རོལ་ནས་བསྟོད་བ་མཁན་ཀློག་བར་བྱེད་དོ། །བི་ཥ་ཏ་ཀ་འཆར་གྱིས་ལྷུན་པོ་དང་མཚུངས་མཛེས་པ་འཛིན་བ་མ་ལ་ཡ་དག་ལ། །གསེར་དང་ནོར་བུའི་རྐང་འདུབ་སྒྲ་ལྡན་ཡིད་འོང་སྙན་སྒྲོགས་བུད་མེད་རྣམས་ཀྱི་གླུ
ལྡན་བ། །ཁྱོད་ཀྱི་ཕག?་མའི་ཁྲུས་ཀྱི་དུས་ནི་གྲུབ་བའི་སླད་དུ་ཐུབ་བའི་འཇིག་རྟེན་ལི་ཁྲི་ཡི། །རྡུལ་བཀོད་ཉིན་མོ་རབ་ཅུ་རྩོམ་བའི་མཚམས་ཀྱི་ཉི་འོད་དཔལ་དང་ལྡན་རྣམས་སྒྲོག་པར་བྱེད། །བི་དཱུ་ཥ་ཀས། ཐོས་ནས་ཀྱི?་གྲོགས་བོ་ཨེ་མ་འདི
ནི་ཁྱོད་ཁྲུས་ཀྱི་རྫས?་དག་འོངས་པ་ཉིད་དོ། །འདྲེན་བས་དགའ་བ་དང་བཅས་བར་གྲོགས་པོར?་ནི་འདིར་འདུག་ནས་ཅི་ཞིག་བྱ། དེས་ན་ཚུར་ཤེག་ཡབ་ལ་ཕྱག་འཚལ་ཏེ་ཁྲུས་ཀྱི་གཞི་ཉིད་དུ་འགྲོ་བར་བྱའོ། །ཕྱི་རོལ་ནས་སླར་ཡང་བསྟོད་པ་པོས།
གཟུགས་དང་རྗེས་ཆགས་རིགས་ན་ཆོད། །མཐུན་བར་ཕན་ཚུན་མཐོང་བྱས་པ། །བསོད་ནམས་ལྡན་བ་འགའ་ཞིག་ཉིད། །འགྲོགས་བར་འགྱུར་བ་ཡིན་ནམ་སྙམ་ཞེས་ཏེ་སོང་བར་གྱུར་ཏོ། །མཚན་མ་གཉིས་བའོ།། །།དེ་ནས་རབ་ཏུ
འབར་བའི་ཆས་དང་ལྡན་ཞིང་ལག་ན་ཆང་གི་སྣོད་གཟུང་བའི་བི་ཊ་དང། འབངས་ངག་ཞུགས་བར་གྱུར་ཏོ། །བེ་ཊས། གང་ཞིག་རྟག་ཏུ་ཆང་འཐུང་དང། །གང་ཡང་དགའ་མར་འགྲོགས་བྱེད་པ། །སྟོབས་ཀྱི་ལྷ་དང་འདོད་ལྷ་སྟེ། །སྐྱེ་བོའི་ལྷ་གཉིས་ཆེ་བ
ཉིད། །ཟུར་ཕུད་ཅན་བདག་གིས་འཚོ་བ་ནི་བསྔགས་བར་འོས་པ་ཡིན་ཏེ། རྦརང་གི་གཞི་ལ་དགའ་མ་དང། ཁ་ལ་ཨཽཏཔལ་སྣོགས་བསྒོས་འཆང། །མགོ་ལ་མེ་ཏོག་ཟུར་ཕུད་དག་།གང་ལ་རྟག་ཏུ་གནས་བའོ། །ཡོངས་སུ་འགྱེལ་ཞིང་ཀྱེ་སུ་ཡིས་ང་ལ
འབུལ་ཞིང་ཡོད། ངེས་པར་མེ་ཏོག་གསར་པ་ཅཉིན་ནོ་ཞེས་རྒོད་དོ། །འབངས་ཀྱིས་ཇོ་བོ་དེ་ནི་མ་འོངས་སོ། །བི་ཊས། ཁྲོ་བ་དང་བཅས་སྲོག་ལ་དང་པོ་ཉིད་ལམ་ལ་ཡ་ཅན་གྱི་བག་མའི་བཀྲ་ཤིས་དག་མཚར་རོ། །ངེས་ན་ཡུགས་ས་མོ་དེ་ད་རུང
ཅིའི་ཕྱིར་མི་འོང། རྣམ་པར་བསམས་ནས་དགའ་བ་དང་བཅས་བར་ཡང་ན་དི་རིང་མ་ལ་ཡ་ཅན་མའི་བག་མའི་དགའ་སྟོན་ཆེན་པོ་འདི་ལ་གྲུབ་པ་དང་རིག་པ་འཛིན་བའི་འཇིག་རྟེན་ཐམས་ཅད་རང་རང་གི་དགའ་བའི་སྐྱེ་བོ་དང་ལྷན་ཅིག་སྐྱེད་མོས
ཚལ་མེ་ཏོག་གི་འབྱུང་གནས་སུ་ཆང་འཐུང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཡོད་དོ། །དེ་ཉིད་ན་མེ་ཏོག་སར་བ་ཅན་ཡང་བདག་ལྟ་ཞིང་ཡོད་དམ་སྙམ་མོ། །དེ་ན་དེ་ཉིད་དུ་འགྲོ་བར་བྱ་སྟེ། མེ་ཏོག་སར་པ་མེད་བའི་ཟུར་ཕུད་ཀྱིས་ཅི་བྱེད། ཡོངས་སུ
འགྱེལ་ཞིང་སོང་ངོ། །འབངས་ཀྱིས་ངེས་པར་སྐྱིད་མོས་ཚལ་དུ་འཇུག་བར་བྱའོ། །གཉི་ག་ཞུགས་སོ། །དེ་ནས་བི་དཱུ་ཥ་ཀས་ཕྲག་པ་ལ་གོས་ཟུངས་དག་བཀོད་དེ་ཞུགས་བར་གྱུར་ཏོ། །བི་དཱུ་ཥ་ཀས། དགའ་བའི་གྲོགས
བོ་དི་རིང་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་སུ་འགྲོ་བར་འགྱུར་རོ་ཞེས་བདག་གིས་ཐོས་སོ། །ངེས་ན་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་འདིར་རེ་ཞིག་འཇུག་པར་བྱའོ། །ཞུགས་ནས་བུང་བ་འབབ་བའི་ཚུལ་གྱིས་གར་དག
བྱེད་དོ། །གཟིར་བ་དང་བཅས་པར་ཅིའི་ཕྱིར་སྦྲང་རྩི་བྱེད་བ་འདི་བདག་བདག་ཉིད་ལ་མངོན་པར་འགྱུར། བདག་ཉིད་ལ་མནོས་ནས་རིགས་པ་དག་ཤེས་པར་གྱུར་ཏོ། །མ་ལ་ཡ་ཅན་མའི་གཉེན་འདུན་གྱི་སྐྱེ་བོས་མག་པའི་དགའ་གྲོགས་ཡིན་ནོ
ཞེས་གུས་པ་དང་བཅས་པར་བྱུག་བ་རྣམས་ཀྱི་བྱུགས་བ་དང་ལྷའི་མེ་ཏོག་རྣམས་ཀྱི་ཅོད་པན་དག་བྱིན་ནོ། །དེས་ན་ཤིན་ཏུ་གུས་བར་བྱས་པ་དེ་དག་ད་ནི་འདིར་གནོད་བའི་རྒྱུར་གྱུར་ཏོ། །ངེས་ན་འདིར་བདག་གིས་ཅི་ཞིག་བྱ། ཡང་ན་མ་ལ་ཡ་ཅན་མ
ལས་དངོས་སུ་ཐོབ་བའི་གོས་དམར་ཟུང་ཞིག་པོ་འདི་དག་གིས་བུད་མེད་བཞིན་ཡོངས་སུ་གཡོགས་ཏེ། སྟོད་གཡོགས་ཀྱིས་བཅིངས་པ་བྱས་ནས་འགྲོ་བར་བྱེད། རེ་ཞིག་འབངས་ཕྱུག་ངན་པ་འབྲང་རྩི་བྱེད་བ་འདི་དག་གིས་བདག་ལ་ཅི་ཞིག་བྱེད
པར་འགྱུར་བལྟ་བར་བྱའོ་ཞེས་ཏེ་དེ་ལྟར་བྱེད་དོ། །བི་ཏས་ངེས་བར་བརྟགས་ནས་དགའ་བ་དང་བཅས་པར་ཀེ་ཀེ་འབངས་པོ་སོར་མོས་སྟོན་ཅིང་རྒོད་བ་དང་བཅས་པར་འདི་ནི་ངེས་པར་མེ་ཏོག་སར་པ་ཅན་ཏེ། བདག་མཐོང་ནས་ད་ཡུན་རིང་པོ་ཞིག་ནས
འོངས་སོ་ཞེས་ཁྲོས་ཏེ། གོས་གཡོགས་ཏེ་ས་གཞན་དུ་འགྲོའོ། །དེས་ན་མཚོར་བར་མགྲིན་པ་ནས་བཟུང་སྟེ་འདི་དང་བར་བྱའོ། །འཕྲལ་ལ་ཉེ་བར་བཏུད་དེ་བཐུང་ནས་ཁ་ཊཾ་བླུག་ལ་སྦྱིན་བར་འདོད་དོ། །བི་དཱུ་ཥ་ཀས་ཆང་གི་དྲི་ཚོར་ཏེ་སྣ་བཟུང་ནས་གདོང
གཞན་དུ་ཕྱོགས་ཏེ། ཇི་ལྟར་ན་གཅིག་ཏུ་སྦྲང་རྩི་བྱེད་བ་རྣམས་ལས་ཇི་ལྟ་ཇི་ལྟར་ཡང་ཐར་བར་གྱུར་ན་གཞན་དུ་ངན་བ་ཆང་གི་མྱོས་པ་དག་གི་ཁར་ལྟུང་ངོ། །བི་ཊས། ཇི་ལྟར་ཁྲོ་བས་གདོང་གཞན་དུ་ཕྱོགས་བར་གྱུར། ཕྱག་འཚལ་བར་བྱེད་ཅིང། བི་དཱུ་ཥ
ཀས་རྐང་བ་ལ་བདག་ཉིད་ཀྱི་མགོ་བོ་བཏུགས་ནས་བཟོད་པར་མཛོད་ཅིག་། མེ་ཏོག་སར་བ་ཅན་བཟོད་བར་མཛོད་ཅིག་།དེ་ནས་འབངས་མོ་ཞུགས་པར་གྱུར་ཏེ། དེའི་སྲས་མོའི?་མ་ཡིས་བདག་ལ་གསུངས་བ། བུ་མོ་མེ་ཏོག་སར་བ་ཅན་སྐྱེད་མོས་ཚལ་མེ
ཏོག་གི་འབྱུང་གནས་སུ་སོང་ལ། སྐྱེད་མོས་ཚལ་བསྲུང་བ་ཡལ་མདབ་ཅན་མ་ལ་དི་རིང་ཁྱད་པར་དང་བཅས་པར་ཤིང་ཏ་མ་ལའི་གནས་དག་ལེགས་པར་བསྟར་བར་བྱོས་ཤོས་ཤོས་ཤིག། མ་ལ་ཡ་ཅན་མ་དང་བཅས་བའི་མག་པ་དག་དེར་འོང་བར་འགྱུར་རོ་ཞེས་སྨྲོས
ཤིག་ཅེས་སོ། །བདག་གི་ཡལ་མདབ་ཅན་མ་ལ་སྨྲས་ཟིན་ཏེ། དེས་ན་རེ་ཞིག་མཚན་མོ་བལ་བས་སྲིད་བ་འཕེལ་བའི་མཛའ་བོ་ཟུར་ཕུང་ཅན་ལ་བལྟ་བར་བྱའོ། །མཐོང་ནས་ཁྲོ་དང་བཅས་བར་ཇི་ལྟར་བུད་མེད་གཞན་སུ་ཞིག་ལ་དང་བར་བྱེད། བི་ཊས།
སེང་གེ་འཕྲོག་བྱེད་མེས་པོ་དག་ལ་ཡང། །འདུད་བ་མི་བྱེད་ཁེངས་དང་ལྡན་པ་གང། །ཟུར་ཕུང་ཅན་དེང། མེ་ཏོག་སར་པ་ཅན། །ཁྱོད་ཀྱི་རྐང་པ་དག་ལ་གཏུགས་གྱུར་ཏོ། །བི་དཱུ་ཥ་ཀས་ཁྲོ་བ་དང་བཅས་པར་འབངས་ཕྲུག་ཆང་གིས་མྱོས་པ། འདི་ན་མེ
ཏོག་སར་བ་ཅན་གང་ན་ཡོང། འབངས་མོས་བརྟགས་ནས་འཛུམ་པ་དང་བཅས་པར་ཇི་ལྟར་མྱོས་པ་དང་བཅས་འདོད་བའི་གཞན་དབང་དུ་གྱུར་བའི་ཟུར་ཕུད་ཅན་གྱི་ཇོ་བོ་ཨ་ཏྲེའི་རིགས་ལང་ཡིན་པར་བྱས་ནས་དང་བར་བྱེད་དོ། །དེས་ན་རེ་ཞིག་རྒྱལ
ཀའི་ཁྲོ་བ་བྱས་ཏེ། འདི་གཉི་ག་ལ་མཐོ་བཙམ་པར་བྱའོ། །འབངས་ཀྱི་མཐོང་ནས་ལག་པས་བཀོད་ཅིང་ཇོ་བོ་ཐོང་ཞིག། འདི་ནི་མེ་ཏོག་སར་བ་ཅན་མ་ཡིན་ཏེ། མེ་ཏོག་སར་བ་ཅན་དེ་ཁྲོ་བ་དང་དམར་པའི་མིག་གིས་བལྟ་ཞིང་འོངས་པར་གྱུར་ཏོ། །འབངས
མོས་ཟུང་ཕུང་ཅན་འདིར་ངེས་པར་སུ་ཞིག་ལ་དང་བར་བྱེད། བི་དཱུ་ཥ་ཀས། གོས་ཀྱིས་དཀྲིས་པ་དག་འགྲོལ་ཞིང་སྐལ་བ་ངན་པར་གྱུར་པའི་བུ་དག་གོ་།བི་ཊས། བི་དཱུ་ཥ་ཀ་ལ་ངེས་པར་བརྟགས་ནས། ཀྱེའི་སྤྲེའུ་སེར་སྐྱ་ཁྱོད
ཀྱིས་ཀྱང་ཟུར་ཕུད་ཅན་བདག་ལ་བསླུས་སོ། །འབངས་ཇི་སྲིད་དུ་མེ་ཏོག་སར་པ་ཅན་དང་བར་གྱུར་པ་དེ་སྲིད་དུ་འདི་ཟུང་ཞིག། འབངས་ཀྱིས་རྗེ་གང་གསུང་བ་ཉིད་དོ། །བི་ཊས། བི་དཱུ་ཥ་ཀ་བཏང་ནས་འབངས་མོའི་རྐང་པ་དག་ལ་གཏུགས་ཏེ་དང
བར་མཛོད་ཅིག་། མེ་ཏོག་སར་པ་ཅན་དང་བར་མཛོད་ཅིག། བི?་དཱེུ་ཥ་ཀས། བདག་ཉིད་ཀྱང་རྟོགས་པར་འདི་ནི་བདག་འབྲོས་བའི་གནས་སྐབས་ཡིན་ནོ་ཞེས་ཏེ་འབྲོས་པར་འདོད་པ་དང། འབངས་ཀྱིས་བི་དཱུ་ཥ་ཀའི་ཚངས་སྐུང་ནས་བཟུང་བའི་ཚངས་སྐུད
ཆད་པར་གྱུར་ཏོ། །སྤྲེའུ་སེར་སྐྱ་གང་དང་གང་དུ་འབྲོས། སྟོང་གཡོགས་ཀྱིས་མགྲིན་པ་ནས་བཏགས་ཏེ་དྲང་སོ། །བི་དཱུ་ཥ་ཀས་བུ་མོ་མེ་ཏོག་སར་པ་ཅན་མ་བདག་ལ་བཀའ་དྲིན་མཛོད་ལ་གཏོང་དུ་ཆུག་ཅིག། འབངས་མོས་བརྒད་ནས་གལ་ཏེ་ས་ལ
མགོ་པོ་བཀོད་ནས་བདག་གིས་རྐང་པ་དག་ལ་གཏུགས་ནའོ། །བི་དཱུ་ཥ་ཀས་ཁྲོ་བ་དང་བཅས་བར་ཇི་ལྟར་རྒྱལ་པོའི་གྲོགས་པོར་གྱུར་ནས་འབངས་ཀྱི་བུ་མོ་ཁྱོད་ཀྱི་རྐང་པ་གཏུག་པར་བྱེད། འབངས་མོས་འཛུབ་མོ་འཛུགས་ཤིག་འཛུམ་པ
པ་དང་བཅས་པར་ད་ལྟ་དེ?་ཉིད་ཁྱོད་གཏུགས་པར་འགྱུར་རོ། །ཟུར་ཕུང་ཅན་ལོངས་ཤིག། ཁྱོད་ལ་བདག་རབ་ཏུ་དང་བར་གྱུར་ཏོ། །མགྲིན་པ་ནས་བཟུང་སྟེ། འདི་ནི་མག་པའི་དགའ་གྲོགས་ཏེ་དེ་ལ་ཁྱོད་ཀྱིས་ངན་པ་དག་བྱས་སོ། །དེ་དག
གལ་ཏེ་གསན་ན་ཇོ་བོ་བཤེས་གཉེན་གྱི་དབྱིག་ཁྲོ་བར་འགྱུར་རོ། །དེས་ན་འདི་ནི་གུས་པ་དང?་བཅས་པར་མཆོད་དེ་བཏང་བར་བྱའོ། །བི་ཊས་ཇི་ལྟར་མེ་ཏོག་སར་པ་ཅན་གསུང་བ་བཞན་ནོ། །བི་དཱུ་ཥ་ཀས་ཀའི་མགྲིན་བ?་ནས་བཟུང་སྟེ། ཀྱེ་ཁྱོད་ནི
དགའ་གྲོགས་འབྲེལ་པ་ཡིན་པར་བྱས་ཏེ། བདག་གིས་ཀྱལ་ཀ་ངག་བྱས་སོ། །འཁོར་ཞིང་ངེས་བར་ཟུར་བུང་མ་མོས་པ་ཡིན་ནམ་ཅི། ངེས་ན་བཞང་གང་དག་བྱས་བ་ཡིན་ནོ་བྱ་བ་ཡིན་ནོ། །སྟོང་གཡོགས་བཟླུམས་ཏེ་སྟན་དུ་བྱིན་ནས། འབྲེལ་པ་དག
འདིར་བཞུགས་ཤིག་། བི་དཱུ་ཥ་ཀས། ཨེ་མཧོ་འདི་ནི་མྱོས་པས་གཟིར་བ་དང་བྲལ་བར་གྱུར་ཏོ། །ཉེ་བར་འཁོད་བ་།བ་ཊིས། མེ་ཏོག་སར་པ་ཅན་ཁྱོད་ཀྱང་འདིའི་ལོགས་ཉིད་དུ་ཉེ་བར་འདུག་ཅིག་།གང་གིས་ན་ཁྱེད་གཉི་གཡང་ཉམས་པ་ཉིད་དུ
བདག་གི་མཆོད་པར་བྱའོ། །འབངས་མོས་བརྒད་ནས་འཁོད་དོ། །བི་ཊས། འབངས་དག་ཆང་གི་སྣང་འདི་ཆད་དག་གིས་གང་བར་བྱོས་ཤིག་།འབངས་ཀྱིས་གར་བྱེད་ཅིང་གང་བར་བྱས་སོ། །བི་ཊས?། རང་གི་མགོའི་ཟུར་ཕུང་ལས་མེ་ཏོག་བླངས་ནས་ཆང
གི་སྣོད་དུ་བཀོད་དེ་པུས་མོ་དག་གཙུགས་ནས་མེ་ཏོག་སར་པ་ཅན་ལ་ཉེ་བར་བཏབས་ཏེ། བི་དཱུ་ཥ་ཀ་ལ་བལྟས་ནས་མེ་ཏོག་སར་བ་ཅན་གྱི་ཁ་ཡིས་རེག་པས་ཁྱད?་བར་དུ་རོ་འཕེལ་བར་གྱུར་པ་ཟུར་ཕུད་ཅན་ལས་གཞན་སུ་ཡིས་ཀྱང་སྔར་མ་མྱོང་བ་ཡིན
ནོ། །དེ་བས་ན?་འདི་འཐུང་ཞིག་།ཁྱོད་ལ་འདི་ལས་གཞན་བའི་བཀུར་སྟི་བྱ་བ་ཅི་ཞིག་ཡོད། བི་དཱུ་ཥ་ཀས། སྐྱེངས་པའི་འཛུམ་བྱས་ནས་ཟུར་ཕུད་ཅན་ངེས་པར་བདག་ནི་བྲམ་ཟེ་ཡིན་ནོ། །བི་ཊས། གལ་ཏེ་ཁྱོད་བྲམ་ཟེ་ཡིན་ན་ཁྱོད་ཀྱི་ཆངས
སྐུད་ག་རེ། བི་དཱུ་ཥ་ཀས། དེ་ནི་འབངས་འདི་ཡིས་ཐེན་ནས་བཅད་དོ། །འབངས་མོས། གལ་ཏེ་དེ་ལྟ་ཡིན་ན་རིག་བྱེད་ཀྱི་ཡི་གེ་འགའ་ཞིག་བརྗོད་ཅིག། བི་དཱུ་ཥ་ཀས། བུ་མོ་ཆང་གི་དྲི་ཡིས་བདག་གི་རིག་བྱེད་ཀྱི་ཡི་གེ་དག་ཉམས་པར་གྱུར་ཏོ།།
ཡང་ན་བུ་མོ་ཁྱོད་ལ་རྩོད་པ་འདིས་ཅི་ཞིག་བྱ། བྲམ་ཟེ་དག་ཁྱོད་ཀྱིས་རྐང་པ་དག་ལ་གཏུགས་གོ་ཞེས་ཏེ། རྐང་བ་དག་ལ་གཏུག་པར་འཁོད་དོ། །འབངས་མོས་ལག་པ?་དག་གིས་ཟློག་ཅིང། ཇོ་བོ་འདི་ལྟ་བུ་ངེས་པར་མ་བྱེད་ངེས་པར་མ
བྱེད། ཟུར?་ཉིད?་ཅན་བདེན་པ་ཉིད་དུ་འདི་ནི་བྲམ་ཟེ་ཞིག་གོ། བི་དཱུ་དཀའ་ཨི་རྐང་པ་དག་ལ་གཏུགས་ནས་ཇོ་བོ་ཁྱོད་ཁྲོ་བར་མི་བྱའོ། །འགྲེལ་པ་ལ་རྗེས་སུ་འཚམས་པའི་ཀྱལ་ཀ་འདི་ནི་ངེས་པར་བདག་གིས་བྱས་སོ། །བི་ཊས་།བདག
གིས་ཀྱང་འདི་དང་བར་བྱའོ། །རྐང་པ་དག་ལ་གཏུགས་ནས་ཛ་བོ་མྱོས་བའི་དབང་དུ་གྱུར་བ་བདག་གིས་གནོད་བ་གང་བྱས་པ་དག་བཟོད་པར་མཛོད་ཅིག་།བདག་ཀྱང་མེ་ཏོག་སར་བ་ཅན་དང་འགྲོགས་ནས། ཆང་འཐུང་བ་བདག་ཅན་འགྲོའོ། །
བི་དཱུ་ཥ་ཀས། བདག་གིས་བཟོད་ཀྱིས་སོང་ཤིག། བདག་གིས་ཀྱང་དགའ་བའི་གྲོགས་པོ་བལྟ་པར་བྱའོ། །འབངས་མེ་དང། བི་ཊས་དག་སོང་བར་གྱུར་ཏོ། །བི་དཱུ་ཥ་ཀས་བྲམ་ཟེ་བདག་གིས་དུས་མ་ཡིན་བའི་འཆི་བ་དག་སོང་བར་གྱུར་ཏོ། །ངེས
ན་རེ་ཞིག་མྱོས་བའི་སྐྱེ་བོས་རེག་པས་སྐྱོན་ཅན་དུ་བྱས་བདག་རྫིང་བུ་འདིར་ཁྲུས་བྱའོ། །དེ་ལྟར་བྱེད་དོ། །ཕྱི་རོལ་ཏུ་མངོན་པར་ཕྱོགས་ནས་འདི་ནི་དེས་བར་དགའ་བའི་གྲོགས་པོས་དཔལ་མོ་མཆོག་གི་གཟུགས་ལས་རྒྱལ་བ། མ་ལ་ཡ་ཅན་མ
བཟུང་ནས་འདི་ཉིད་དུ་འོང་བདག་གོ་། ངེས་ན་རེ་ཞིག་དེའི་ལོགས་ཉིད་དུ་འགྲོ་བར་བྱའོ། །དེ་ནས་ཆས་མཆོག་གིས་རྒྱན་པའི་འདྲེན་པ་དང། མ་ལ་ཡ་ཅན་མ་དང། རྣམ་པར་འབྱོར་བའི་འཁོར་དང་བཅས་པ་དག་ཞུགས་པར་གྱུར་ཏོ། །འདྲེན་པས
བལྟས་ན་མིག་འོག་ཏུ་སྟེར་ཞིང་སྨྲས་པ་དག་ལ་ཀུན་ཏུ་སྨྲ་མིན་བྱེད། །མལ་སྟན་དག་ལ་བཟློག་ནས་འཁོད་ཅིང་སྟོབས་ཀྱི་འཁྱུད་བ་དག་ལ་འདར་བར་བྱེད། །གྲོགས་མོ་རྣམས་ནི་ཕྱིར་སོང་ཚེ་ན་གནས་ཁད་ག?་ལས་འཐོན་པ་ཉིད་དུ་འདོད།།
མི་མཐུན་ཉིད་ཀྱིས་དེ་རིང་བག?་གསར་དགའ་མ་བདག་གིས་ཤིན་ཏུ་དགའ་སླད་གྱུར། །མ་ལ་ཡ་ཅན་མ་ལ་བལྟ་ཞིང་དགའ་མ་མ་ལ་ཡ་ཅན་མ་ཧཱུཾ་ཞེས་སྟེར་བྱེད་དག་གིས་སོ་སོའི་ཚིག་ལ་སྨྲ་བཅད་སྟེན་བ་གང་ཡིན་དང། ལུས་འདི་ཟླ་བོ
ནགས་མེ་འབར་བ་ལྟ་བུས་གདུང་བར་གྱུར་པ་གང་ཡིན་དང། །ཉིན་མཚན་ཤིན་ཏུ་མང་བར་ཡིད་གཞན་མེད་པར་བསམས་པ་གང་ཡིན་དཀའ་ཐུབ་དེའི། །འབྲས་བུ་གང་དག་ད་ལྟར་དགའ་མ་ཁྱོད་ཀྱི་བཞིན་འདི་ལྟ་བ་འདི་ཉིད་དོ། །འདྲེན་མས་བསྒྲིབས་ཏེ
བུ་མོ་གཟུགས་བཟང་བ་འབའ་ཞིག་ཏུ་མ་ཟད་དེ། ངེས་པར་སྙན་པ་སྨྲ་བ་ཡང་ཤེས་བ་ཞིག་གོ་།འབངས་མོས་བརྒད་ནས་ཨ་ཨའི་མཛའ་བོའི་ཕྱོགས་སུ་ལྷུང་མ་འདི་ནི་བདེན་པ་ཉིད་དེ། འདི་ལ་སྙན?་པར་སྨྲ་བ་ཅི་ཞིག་ཡོད། །འདྲེན་བས། དྲུང་མོ
སྐྱེད་མོས་ཚལ་མེ་ཏོག་གིས་འབྱུང་གནས་ཀྱི་ལམ་དག་སྟོན་ཅིག་འབངས་མོས་ཇོ་བོ་ཚུར་གཤེཌ་ཚུར?་གཤེཌ་འདྲེན་བས་འགྲོ་ཞིང་འདྲེན་མ་ལ་མཚོན་ཏེ། ཁྱོད་དལ་བུས་དལ་བུར་ཤོག་ཅིག། ནུ་མའི་ཁུར་ཉིད་ཁྱོད་ཀྱི་རྐེད་པ་དལ་སླད་གྱུར་ན་དོ་ཤལ་གཞན
གྱིས་ཅི། །བྱིན་པ་ཟུང་ནི་ཚང་རའི་ཁུར་གྱི་གདུང་བར་བྱེད་ན་དྲིལ་ཆུང་འདིས་ཀྱང་ཅི། །རྐང་གཉིས་དག་གིས་བྱིན་པ་ཟུང་ནི་ཁུར་ནུས་མིན་ན་རྐང་གདུབ་ག་ལ་ཞིག། རང་ལུས་ཉིད་ཀྱིས་བརྒྱན་བ་ཁྱོད་ནི་ཉོན་མོངས་སླད་དུ་རྒྱན་དག་ཅི་ལ་འཛིན། །འབངས
མོས་འདི་ནི་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་ཏེ། ཇོ་བོ་ཞུགས་ཤིག་།ཐམས་ཅད་དུ་ཞུགས་པར་གྱུར་ཏོ། །ཞུགས་ནས་འདྲེན་པས་ཨེ་མ་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་ཀྱི་དཔལ་ནི་འདི་ཉིད་ནའོ། །འཁྲི་ཤིང་ཁང་བཟངས་བཀོད
པ་བྱས་མཐར་ཙན་དན་དག་ལས་ཟག་པ་རྣམས་ཀྱིས་བསིལ་བར་བྱེད། །རྒྱུན་གྱི་ཁད་བ་དག་དང་ཉེ་བར་མགྲིན་སྔོན་རྣམས་ཀྱི་སྒྲ་ནི་གསལ་བར་རྗེས་སུ་སྒྲོགས། །འཁྲུལ་འཁོར་གྱིས་བཏང་ཆུ་ཡི་ཚོགས་ནི་མེ་ཏོག་རྡུལ་དག་བབས་པར་གྱུར
བའི་ཚོགས་པ་རྣམས། །རོལ་བར་ཁྱེར་བས་སེར་བ་འདི་དག་ཡལ་ག་ཅན་གྱི་ཀྱོ་ར་འགྱེངས་ཤིང་མགྱོགས་པར་འབབ། །གཞན་ཡང་འཁྲི་ཤིང་ཁང་བཟད་ས་གཞི་གླུ་ཡི་རྩོམ་བས་མུ་ཆོར་དུ?་བྱེད་ཅིང། །མེ་ཏོག་རྡུལ་གྱིས་གསལ་བར་དགའ་སྟོན
རྟགས་དག་གིས་ནི་རེག་གྱུར་ཏེ། །ལྷན་ཅིག་སྤྱོད་པ་དང་འགྲོགས་སྦྲང་རྩིའི་རོ་ནི་རྫོགས་པར་འཐུང་བྱེད་པའི། །བུང་བ་འདི་དག་ཀུན་ནས་ཆང་འཐུང་ལོངས་སྤྱད་ཉམས་སུ་བྱེད་པ་བཞི་ནི། །བི་དཱུ་ཥ་ཀས་སྐྱེས་པ་ཁྱོད་རྒྱལ་བར་གྱུར
ཅིག། བུ་མོ་ཁྱོད་ཤིས་བར་གྱུར་ཅིག། འདྲེན་པས། གྲོགས་པོ་དེ་ཙམ་གྱི་དུས་སུ་གང་དུ་འདུག་།བི་དཱུ་ཥ་ཀས། བདག་ནི་མགྱོགས་པ་ཉིད་དུ་འོངས་ཏེ། འོན་ཀྱང་ངག་མའི་དགའ་སྟོན་ལ་འདུས་པ་གྲུབ་པ་དང་རིག་བ་འཛིན་པའི་ཆང་འཐུང
རྣམས་ལྟ་བའི་དགེ་མཚན་ལ་འདི་སྙེད་ཀྱི་དུས་སུ་བདག་འདུག་པར་གྱུར་ཏོ། །དེས་ན་གྲོགས་པོ། ཡང་རེ་ཞིག་གཟིགས་ཤིག་།འདྲེན་པས་བལྟ་ཞིང་ཇི་ལྟར་ཁྱོད་བརྗོད་པ་བཞིན་ནོ། །ཧ་རི་ཙན་དན་གྱིས་བྱུགས་ལུས་ཅན་ལྷའི་མེ་ཏོག་ཕྲེང་བ་རབ
ཏུ་འཛིན། །ནོར་བུའི་རྒྱན་གྱི་འོད་དག་རེག་པས་དང་ཞིང་བཀྲ་བར་བྱས་བའི་གོས་དང་ལྡན། །གྲུབ་བ་སྐྱེ་བོ་དག་དང་ལྷན་ཅིག་སྦེལ་བར་གྱུར་པའི་རིག་འཛིན་འདི་དག་རྣམས། །ཙན་དན་གྲིབ་བསིལ་དག་ལ་དགའ་མའི་འཐུངས་ལྷག་ཏུ་གྱུར་ཆད
དག་འཐུང་བར་བྱེད། །དེས་ན་ཚུར་ཤིག་ཡུ་བུ་ཅག་ཀྱང་ཤིང་ཏ་མ་ལའི་བསྟི་གནས་སུ་འགྲོ་བར་བྱའོ། །ཡོངས་སུ་སོང་ངོ། །བི་དཱུ་ཥ་ཀས། འདི་ནི་ངེས་པར་ཤིང་ཏེ་མ་ལའི་གནས་སོ། །བུ་མོའི་བཞིན་འདི་ནི་སྟོན་ཀའི་ཚད་པ་དག་གིས་ཡོངས་སུ་ཉམས་པར
བྱས་པ་བཞིན་དུ་མཚོན་ཏོ། །ངེས་ན་ཤེལ་གྱི་རྡོའི་གཞི་འདི་ཉིད་ལ་ཉེ་བར་འདུག་ཅིག་།འདྲེན་པས། །གྲོགས་པོ་ཡང་དག་མཚོན་ནོ། །དགའ་མའི་གདོང་འདི་འགྲམ་པ་དག་།མཛེས་པས་ཟླ་བ་ཕམ་བྱས་ནས། །གདུང་བས་མངོན་པར་དམར་བའི་མིག
པདམོ་དག་ལས་རྒྱལ་འདོད་བཞིན། །མ་ལ་ཡ་ཅན་མའི་ལག་པ་བཟུང་ནས་དགའ་མ་འདིར་འདུག་ཅིག་།ཐམས་ཅད་འཁོད་དོ། །འདྲེན་པས། འདྲེན་མའི་གདོང་བསྟེག་ནས་བལྟ་ཞིང། བདག་ཅག་སྐྱེད་མོས་ཚལ་མེ་ཏོག་གི་འབྱུང་གནས་དོན་མེད
བར་ལྟ་བའི་དགེ་མཚན་ཅན་རྣམས་ཀྱིས་ཁྱོད་ཡོངས་སུ་ངལ་བར་བྱས་ཏེ། རང་གི་ཕྱིར། སྨིན་མའི་འཁྲི་ཤིང་རབ་མཛེས་ཤིང། །མཆུ་ཡི་ཡལ་འདབ་དམར་པོ་ཅན། །བཞིན་འདི་དགའ་བའི་སྐྱེད་ཚལ་ཏེ། །འདི་ལས་གཞན་བ་ནགས་འབའ་ཞིག་།འབངས
མོས། ?་འཛུམ་པ་དང་བཅས་བར་བི་དཱུ་ཥ་ཀ་ལ་མཚོན་ནས་ཁྱོད་ཀྱིས་རྗེའི་སྲས་མོའི་གདོང་ཇི་ལྟར་བསྔགས་པ་ཐོས་སམ། བི་དཱུ་ཥ་ཀས་དྲུང་མོ་དེ་ལྟ་བུའི་ཁེངས་པ་འཛིན་བར་མ་བྱེད་ཅིག། འཛུམ་དང་བཅས་པར་བདག་གི་ནང་ན་ཡང་སྐྱེ་བོ་ལྟ་བར
འོས་པ་ནི་ཡོད་པ་ཉིད་དོ། །ཕྲག་དོག་འབའ་ཞིག་གིས་སུ་ཡང་བསྔགས་པར་མི་བྱེད་དོ། །འབངས་མོས། འཛུམ་པ་དང་བཅས་པར་ཇོ་བོ་ཁྱོད་བདག་གིས་བསྔགས་པར་བགྱིའོ། །བི་དཱུ་ཥ་ཀས། དགའ་བ་དང་བཅས་པར་འཚོ་བ་དག་ཏུ་བྱས་སོ། །བུ་མོ
ཁྱོད་ཀྱིས་གང་གིས་ན་སླར་ཡང་འགའ་ཞིག་གིས་བདག་ལ་ཇི་ལྟར་ཁྱོད་ནི་འདི་ལྟར་སྦྲེའུ་སེར་སྐྱའོ་ཞེས་མི་བརྗོད་པ་དེ་ལྟར་བཀའ་དྲིན་མཛེད་ཅིག་། འབངས་མོས། བག་མ་ལ་གཉིད་མ་ལོག་ཁྱོད་དི་རིང་གཉིད་དུ་འགྲོ་ཞིང་མིག་ཟུམ་པ་དང་ལྡན་པ
མཛེས་པར་བདག་གིས་མཐོང་ངོ། །དེས་ན་དེ་ལྟར་ཉིད་དུ་འདུག་ཅིག་།བི་དཱུ་ཥ་ཀས་དེ་ལྟར་བྱས་སོ། །འབངས་མོས་རེ་ཞིག་ཤིང་ཏ་མ་ལའི་ཡལ་མདབ་ཀྱི་ཁུ་བ་རམས་ཀྱི་ཁུ་བའི་རྗེས་སུ་མཐུན་པ་དག་གིས་འདིའི་བཞིན་ནག་པོར་བྱས་སོ། །ལངས་ནས
ཡལ་མདབ?་བླངས་ཏེ་འཚིར་བའི་གིར་བྱེད་དོ། །འདྲེན་པ་དང། འདྲེན་མས་བ་དཱུ་ཥ་ཀ་མཐོང་བར་གྱུར་ཏོ། །འདྲེན་པས་གྲོགས་པོ་བདག་ཅག་རྣམས་གནས་པ་ལ་ཁྱོད་ཉིད་ཁ་བསྒྱུར་བ་ནི་སྐྲལ་པ་དང་ལྡན་པའོ། །འབངས་མོས་ཤིང་ཏ་མ་ལའི
ཡལ་འདབ་ཀྱི་ཐང་ཆུས་བི་དཱུ་ཥ་ཀའི་བཞིན་ནག་པོར་བྱས་སོ། །འདྲེན་མས་འཛུམ་པ་དང་བཅས་པས་མི་དཱུ་ཥ་ཀ་མཐོང་ནས་འདྲེན་པ་ལ་བལྟའོ། །འདྲེན་པས་འཇུམ?་པའི་མེ་ཏོག་རྒྱས་པ་འདི། །ཁྱོད་མཆུའི་ཡལ་འདབ་དག་ལ་མཐོང། །འབྲང
བུ་ལྟ་བྱེད་བདག་གི་ནི་མིག་ལ་སྨན་ནོ?་མིག་མཛེས་མ་བསྡུང?་ཀས། བུ་མོ་ཁྱོད་ཀྱིས་ཅི་ཞིག་བྱས། འབངས་མོས། ཀྱེ་བསྔགས་པ་བྱས་སོ། །བི་དཱུ་ཥ་ཀས། ལག་པས་གདོང་ལ་བྱུགས་ཏེ། ལག་པ་ལ་བལྟས་ནས་ཁྲོ་བ་དང་བཅས
པས་ཤིང་གི་དབྱུག་པ་འཕྱར་ཏེ། འབངས་མོའི་བུ་མོ་འདི་རྒྱལ་པོའི་ཁབ?་ཡིན་པས་ཁྱོད་ལ་ཅི་ཞིག་བྱ། །འདྲེན་པ་ལ་མཚོན་ན་ཀྱེ་ཁྱེད་ཀྱི་མདུན་ཉིད་དུ་བདག་འབངས་ཀྱི་བུ་མོས་སྨྲ་ཕབ་བོ། །དེས་ན་བདག་འདིར་འདུག་སྟེ་ཅི་ཞིག་བྱ་།གཞན་དུ
འགྲོ་བར་བྱའོ་སོང་བར་གྱུར་ཏོ། །འབངས་མོས་ངེས་པར་ཇོ་བོ་བདག་ལ་ཁྲོས་པས། རེ་ཞིག་སོང་ལ་འདི་དང་བར་བྱའོ། །འདྲེན་མས་བུ་མོ་དྲུང་མོ་བདག་གཅིག་པུ་དོར་ནས་ཁྱོད་གང་དུ་འགྲོ་།འབངས་མོས་འདྲེན་མ་ལ་མཚོན་ནས་འཛུམ
པ་དང་བཅས་པས་ཁྱོད་གཅིག་པུ་འདི་ལྟ་བུ་ཉིད་དུ་ཡུན་རིང་དུ་འོང་གཤོག་ཅིག་། སོང་བར་གྱུར་ཏོ། །འདྲེན་པས། ཉིན་བྱེད་ཟེར་གྱི་རེག་པས་ཡོངས་སུ་དམར་བའི་མཛེས་པ་འཛིན་བྱེད་ཅིང། །རབ་འཕྲོ་སོ་ཡི་འོད་ཟེར་རྣམས་ཀྱིས་གེ་སར་དག
ནི་གསལ་བར་བྱས། ། ཡེ་མཛེས་མ་ཁྱོད་ཀྱི་བཞིན་འདི་བདེན་པར་པདམོ་དང་མཚུངས་ཏེ། །འོན་ཀྱང་འདི་ལ་སྦྲང་རྩི་བྱེད་པ་འཐུང་ཞིང་རྣམ་པར་སྤྱོད་པ་མེད། །འདྲེན་མས་བརྒད་ནས་གདོང་དུད་བར་གྱུར་ཏོ། །འདྲེན་པས་དེ་ཉིད་བརྗོད་དོ། །
དེ་ནས་འབངས་མོ་ཞུགས་ཏེ། འཕྲལ་ལ་ཉེ་བར་བཏུད་ནས་ངས་བའི་རྒྱལ་ཚབ་བཤེས་གཉེན་གྱི་དབྱིག་འོད་དོན་གྱིས་བཞིན་དུ་གཞོན་ནུ་ལྟ་བ་ལ་འོངས་བར་གྱུར་ཏོ། །འདྲེན་པས། དགའ་མ་ཁྱོད་བདང་ཉིད་ཀྱི་ཁང་པར་སོང་ཞིག་།བདག
ཀྱང་བཤེས་གཉེན་གྱི་དབྱིག་བལྟས་ནས་མྱུར་དུ་འོང་བ་ཉིད་དོ། །འདྲེན་མ་འབངས་མོ་དང་འགྲོགས་ཏེ་སོང་བར་གྱུར་ཏོ། །དེ་ནས་བཤེས་གཉེན་གྱི་དབྱིག་རབ་ཏུ་ཞུགས་སོ། །ནུས་དང་ལྡན་ལ་དེ་མ་བཅོམ། །སྤྲིན་གྱི་བཞོན་བདག་ལ་ནི། །ཁྱོད་ཀྱི་རྒྱལ
སྲིད་དགྲས་ཁྱེར་ཞེས། །ངོ་ཚ་མེད་བདག་ཇི་ལྟར་གླེང། །དེ་ལྟ་མོད་ཀྱི་མ་བརྗོད་པར་འགྲོ་བ་ཡང་རིག་པ་མ་ཡིན་པའི་ཕྱིར་བརྗོད་དེ་འགྲོ་བར་བྱའོ། །ཉེ་བར་གཏུད་དོ། །འདྲེན་པས་མཐོང་ནས་བཤེས་གཉེན་གྱི་དབྱིག་འདིར་འདུག་ཅིག། བཤེས་གཉེན་གྱི
དབྱིག་གིས་ཉེ་བར་འཁོད་དོ། །འདྲེན་པས། ངེས་པར་བརྟགས་ནས་བཤེས་གཉེན་གྱི་དབྱིག་ནི་ཁྲོས་པ་བཞིན་དུ་མཆོན་ཏོ་བཤེས་གཉེན་གྱི་དབྱིག་གིས་བརྒད་ནས་མ་ཏང་ག་ཉམས་པ་ལ་ངེས་པར་ཅི་ཞིག་ཁྲོ། འདྲེན་པས་མ་ཏང་གས་ཅི་བྱས
བཤེས་གཉེན་གྱི་དབྱིག་གིས་རང་ཉམས་པར་བྱ་བའི་སླད་དུ་ཁྱེད་ཀྱི་རྒྱལ་སྲིད་བླངས་སོ་ཞེས་གྲག་གོ་། འདྲེན་པས། དགའ་བ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་ངེས་པ་ཡང་འདི་ནི་བདེན་པ་ཞིག་གོ། བཤེས་གཉེན་གྱིས་དེ་གཞོམ་པར
བྱ་བའི་ཕྱིར་བདག་ལ་གཞོན་ནུས་བཀའ་བསྒོས་ཤིག་མང་པོས་ཅི་ཞིག་བྱ། མཛའ་དག་ནམ་མཁའ་ལམ་དུ་བྱས་ཏེ་བགྲོད་པའི་གཞལ་ཡས་ཁང་དག་ཀུན་ནས་རབ་འདུད་པས། །དབྱར་བཞིན་ཉི་མའི་འོད་ཟེར་སྒྲིབ་ཅིང་ཉིན་པར་དག་ནི་ནགས་པ་ཉིད་དུ
བྱེད་པ་ཡི། །གྲུབ་པ་འདི་རྣམས་ཁྱོད་ཀྱི་གསུང་དག་ཐོབ་ན་འདྲི་ནས་ཕྲལ་དུ་གཡུལ་ལ་འགྲོ་བྱེད་ཅིང། །འཕྱར་བའི་སྒྲ་བརླག་འཇིག་བཅས་རྒྱལ་པོའི་ཚོགས་འདུད་ཁྱོད་ཀྱི་རྒྱལ་སྲིད་རང་གིར་འགྲུབ་པར་འགྱུར། །ཡང་ན་དཔུང་གི་ཚོགས་ཀྱིས་ཅི
ཞིག་བྱ། །དྲག་ཏུ་ངེས་པར་ཕྱང་བ་རལ་གྲིའི་འོད་ཟེར་ཆོགས་ཀྱིས་ནི། །རལ་བའི་ཚོགས་ཀྱིས་མཛེས་པར་གྱུར་པ་བདག་ཉིད་གཅིག་བུས་ཀྱང། །རྒྱང་ནས་མཆོངས་པའི་སེང་གེ་དག་གིས་གླང་པོའི་དབང་པོ་བཞིན། །ཉམས་པ་མ་ཏང་ག་ནི
གཡུལ་དུ་འཇོམས་པ་ཉིད་རིགས་མཛོད། །འདྲེན་པས། བདག་ཉིད་ཀྱིས་རྟོགས་པར་རྣ་བ་བསྒྲིབས་ནས་ཨ་ཧ་ཧ་མི་བཟད་པ་དག་མངོན་པར་བརྗོད་དོ། །ཡང་ན་རེ་ཞིག་འདི་སྐད་ཅེས་གསལ་བར་འཛུམ་པ་དང་བཅས་ཏེ་བཤེས་གཉེན་གྱི་དབྱིག་དེ་དག་ཅི།
དཔུང་པའི་སྟོབས་དང་ལྡན་པ་ཁྱོད་ལ་འདི་ལས་ཤིན་ཏུ་ལྷག་པ་དག་ཀྱང་ཡོང་ངོ། །འོན་ཀྱང་གཞན་གྱི་དོན་དུ་རང་གི་ལུས་དག་ཀྱང། །བསླངས་པ་མེད་པར་བརྩེ་བས་སྦྱིན་པ་གང། །དེ་ནི་རྒྱལ་སྲིད་ཆེད་དུ་སྲེག་ཆགས་དག།
གསོད་པའི་གདུག་པ་ཇི་ལྟར་ཁས་ལེན་བྱེད། །གཞན་ཡང་ཉོན་མོངས་པ་ལས་གཞན་དག་ལ་དགྲའི་བློ་བདག་ལ་ཡོད་པ་མ་ཡིན་ནོ། །དེས་ན་ཁྱོད་གལ་ཏེ་བདག་ལ་དགའ་བར་བྱ་བར་འདོད་པ་དེ་ལྟ་ན་ཉོན་མོངས་པས་འབངས་སུ་བྱས་པའི་དུང་བ་ཅན
འདི་ལ་རྗེས་སུ་བརྩེ་བར་བྱོས་ཤིག་། བཤེས་གཉེན་གྱི་དབྱིག་གིས་ཁྲོ་བའི་རྒོད་པ་དང་བཅས་པར་ཇི་ཞིང་ལྟར་འདི་བདག་ཅག་ལ་ཕན་པར་བྱེད་པའམ། འཕོངས་པ་ཡིན་པས་རྗེས་སུ་བརྩེ་བ་ཇི་ལྟར་མི་བྱེད། འདྲེན་བས་བསྒྲིབས་ཏེ་གསར་པའི་ཁྲོ
བས་འཕངས་པའི་སེམས་དང་ལྡན་པའི་འདི་རེ་ཞིག་བཟློགས་བར་མི་ནུས་ཏེ། དེ་ན་རེ་ཞིག་འདི་སྐད་ཅེས། གསལ་བར་བཤེས་གཉེན་དབྱིག་ལོངས་ཤིག་།ནང་དུ་འཇུག་པར་བྱ་སྟེ། དེ་ཉིད་དུ་ཁྱོད་ལ་རྟོགས་པར་བྱའོ། །ནུབ་ཀྱི་ཕྱོགས་སུ་བལྟས་ན
ཇི་ལྟར་ཉིན་པར་ཡང་ཡོངས་སུ་གྱུར་ཏེ། །དེ་ལྟར་ཡང་ད་ནི་བཅོམ་ལྡན་འོད་ཟེར་སྟོང་ཕྲག་ཅན་འདི་ནི། །མཚན་མོ་མེད་པར་གཉིད་ཀྱི་རྒྱ་ཡིས་བཅིངས་པའི་གདུང་བ་སེལ་ཞིང་པདམོའི་མཛོད་དག་ལས། །རབ་མཆོག་རང་གི་ཟེར་གྱི་ཕྱོགས་སུ
འགྱེངས་བྱ་བ་གཅིག་པུས་ཐམས་ཅད་མ་ལུས་ཚིམ་བྱེད་པ། །རྒྱུན་དུ་བསྟོད་པའི་མུ་ཆོར་བཞིན་ལྡན་གྲུབ་པ་རྣམས་ཀྱིས་བལྟས་པ་གང་གི་ངལ་དུབ་ནི། །གཞན་ཕན་རྒྱུ་ཉིད་དུ་གྱུར་ཉི་མ་གཅིག་པུ་འདི་ནི་ནུབ་པར་འགྱུར་ཡང་བསྔགས་པར་འོས།།
ཐམས་ཅད་སོང་བར་གྱུར་ཏོ་མཚན་མ་གསུམ་པའོ། ། །།དེ་ནས་གོས་ཟུང་ཞིང་བཟུང་བའི་ཉུག་རུམ་པ་དང། སྒོ་སྲུངས་ཀྱང་ཞུགས་པར་གྱུར་ཏེ། །ཉུག་རུམ་པས། བཙུན་མོའི་འཁོར་དུ་རྣམ་བཞག་བསྒྲུབས་གྱུར་པ། །དགའ་
བས་གཟིར་བ་བདག་ནི་ཁྲིམས་ལུགས་ཀྱིས། །གནས་དང་གནས་སུ་འགྱེལ་བ་སྲུང་བྱེད་ཅིང། །སྤྱོད་པ་ཐམས་ཅད་མི་བདག་རྗེས་སུ་མཐུན། །སྒོ་སྲུངས་ཀྱིས་ཀྱེ་ཇོ་བོ་ཁྱོད་གང་དུ་གཤེགས། ཉུག་རུམ་བས། ལྷ་མ་བཤེས་གཉེན་དབྱིག་གི་ལུམ་གྱིས
བདག་ལ་གསུངས་པ། ཉུག་རུམ་བ་ཁྱོད་ཀྱི་ཇི་སྲིད་ཞག་བཅུའི་བར་དུ་མལ་ཡ་ཅན་མ་དང། མག་པ་ལ་གོས་དམར་པོ་དག་སྦྱིན་པར་བྱའོ་ཞེས་སོ། །རྒྱལ་པོའི་བུ་མོ་ཡང་གྱོས་སྒྱུག་གི་ཁབ་ཏུ་འཁོད་དོ། །གཞོན་ནུ་སྤྲིན་གྱི་བཞོན་པ་ཡང་རྒྱལ་ཚབ
བཤེས་གཉེན་གྱི་དབྱིག་དང་འགྲོགས་ཏེ་རྒྱ་མཚོའི་འགྲམ་ལྟ་རུ་དི་རིང་སོང་ངོ་ཞེས་བདག་གི་ཐོས་སོ། །དེས་ན་རེ་ཞིག་རྒྱལ་བོའི་བུ་མོའི་སྔོན་དུ་འགྲོ་འམ། མག་པའི་སྔོན་དུ་འགྲོ་བདག་གིས་མ་ཤེས་སོ། །སྒོ་སྲུངས་ཀྱིས། ཇོ་བོ་སྔོན་ལ་རྒྱལ་པོའི་བུ་མོའི
སྔོན་དུ་སོང་ཤིག་། དེ་ཉིད་དུ་གལ་ཏེ་ན། དུས་འདི་ཙམ་དུ་མག་པ་ཡང་སླར་ཡོང་བར་འགྱུར་རོ། །ཉུག་རུམ་བས། རབ་དགའ་ལེགས་པ་དག་བསྟན་ཏོ། །ཁྱོད་ཀྱང་གང་དུ་འགྲོ། སྒོ་སྲུངས་ཀྱིས། བདག་ལ་ཡང་རྒྱལ་པོ་ཆེན་པོ་ཀུན་གྱི་དབྱིག་གི་བཀའ་
སྩལ་པ། ཇི་ལྟར་རབ་དཀའ་སོང་ལ་བཤེས་གཉེན་གྱི་དབྱིག་གིས་སྨྲོས་ཤིག་།ཚེས་གཅིག་གི་སྒྲོན་མའི་དགའ་སྟོན་འདི་ལ་མ་ལ་ཡ་ཅན་མ་དང། མག་པ་ལ་ཡང་འོངས་ནས་དགའ་སྟོན་དེ་ལ་འོས་པ་རྣམས་ཅུང་ཟད་ཉེ་བར་བསྒྲུབ་པར་བྱའོ་ཞེས
སོ། །ངེས་ཇོ་བོ་རྒྱལ་བོའི་ནུ་མོའི་མངོན་དུ་སོང་ཞིག། བདག་ཀྱང་བཤེས་གཉེན་དབྱིག་བོད་པའི་སླད་དུ་འགྲོ་བར་བྱའོ། །གཉི་ག་སོང་བར་གྱུར་ཏོ། །འཇུག་པར་བྱེད་པའོ། །དེ་ནས་སྤྲིན་གྱི་བཞོན་པ་དང། བཤེས་གཉེན་གྱི་དབྱིག་ཞུགས་པར་གྱུར་ཏོ།།
བདེན་པས། མལ་སྟན་རྩཝ་འཇམ་དག་དང་གདན་ནི་རྡོ་གཙང་ཁང་བ་ལྗོན་པ་དག་གི་འོག། བཏུང་བ་ཆུ་རྒྱུན་བསིལ་བ་དག་དང་ཁ་ཟས་རྩ་བ་གྲོགས་ནི་རི་དགས་ཏེ། དེ་ལྟར་མ་བསླངས་འབྱོར་པ་ཐམས་ཅད་རྙེད་པའི་ནགས་ཚལ་འདི་ན་སྐྱོན་ཅིག་ཉིད།།
སློང་བརྙེད་ཀ་གཞན་དོན་བསྒྲུབ་པའི་འབྲས་མེད་དོན་འབྲལ་ཉིད་དུ་གནས་པའོ། །བཤེས་གཉེན་གྱི་དབྱིག་གིས་སྟེང་དུ་བལྟས་ནས་གཞོན་ནུ་མྱུར་པར་མཛོད་ཅིག་།འདི་ནི་ཆུའི་ཕུང་པོ་སྐྱོང་པའི་དུས་སོ། །སྦྱིན་གྱི་བཞོན་བས་ཐོས་ནས་ལེགས
བར་མཚོན་ནོ། །དེ་ལྟར་ཡང་རབ་སྒྲོགས་ཆུ་ཡི་གླང་ཆེན་དབང་པོའི་ཤུགས་ཀྱིས་བསྣུམ་བས་རྗེས་འབྲེལ་རབ་རྒྱས་ཤིང། །རིའི་ཕུག་ནང་གིས་ས་གཞི་ཐམས་ཅད་སྒྲ་བརྙན་རབ་ཏུ་སྒྲོགས་བྱེད་པ། །ཐོས་བའི་ལམ་འགོག་སྒྲ་འདི་ཇི་ལྟར་དྲག་ཏུ་སྒྲོགས་པར
བྱེད་བ་དེ་བལྟ་བར། །རབ་འཕར་གྲངས་མེད་དུང་དང་ལྡན་པའི་རླབས་འདི་དག་ནི་ཉེ་བར་དོངས་པ་འདྲ། །བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་བྱུང་བ་ཉིད་མ་ཡིན་ནམ་ལྟོས་ཤིག། ལི་ཤིའི་ཡལ་མངབ་དག་ནི་ཟོས་གྱུར་པའི། །ལག་ལྡན་ཆུ་སྲིན་དྲེགས་པའི
དྲི་བཟངས་ཀྱི། །ཆུ་དང་ལྡན་པ་རྒྱ་མཚོའི་དབའ་རླབས་འདི། །རིན་ཆེན་འོད་ཟེར་དག་གིས་སྦྲས་ཏེ་མཛེས། འདྲེན་པས། བཤེས་གཉེན་གྱི་དབྱིག་སྟོན་གྱི་དུས་ཀྱི་ཆུ་འཛིན་ནི། །དཀར་བའི་སྒྲིབ་བྱེད་ཀྱིས་བསྒྲིབས་པ། །མ་ལ་ཡའི
རྩེ་མོ་འདི། །གངས་ཅན་རི་རྩེའི་དཔལ་དག་འཛིན། །བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་འདི་དག་ནི་རི་མ་ལ་ཡའི་རྩེ་མོ་མ་ཡིན་ཏེ། ངེས་པར་འདི་དག་ནི་ཀླུ་རྣམས་ཀྱི་རུས་པའི་ཚོགས་སོ། །སྦྲིན་གྱི་བཞོན་བས། མྱ་ངན་སྡུག་བསྔལ་དང་བཅས
བར། །རྒྱུ་མཚན་ཅིའི་ཕྱིར་འདི་སྙེད་དུས་གཅིག་ཏུ་ཤི་བར་གྱུར། བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་འདི་དག་དུས་གཅིག་ཏུ་ཤི་བ་ཉིད་མ་ཡིན་ཏེ། འདི་དག་ཇི་ལྟར་གྱུར་བ་མཉན་བར་མཛོད་ཅིག། སྔོན་རང་གི་གཤོག་པའི་རླུང་གིས་རྒྱ་མཚོའི་ཆུ
བསྐྱོད་དེ་ས་འོག་ནས་བླངས་ནས་བྱ་ཁྱུང་གིས་ཉི་མ་སོ་སོ་ལ་ལག་འགྲོ་དུ་མ་ཟ་བར་བྱེད་ལོ། སྤྲིན་གྱི་བཞོན་པས་སྡུག་པ་ཤིན་ཏུ་དཀའ་བ་དག་བྱེད་དོ། །དེ་ནས་བཤེས་གཉེན་གྱི་དབྱིག་གིས་དེ་ནས་ནམ་ཞིང་གི་ཚེ་ཀླུའི་འཇིག་རྟེན་མཛའ་དག་བརླག
ཏུ་དོགས་ནས་ཀླུའི་རྒྱལ་བོ་ནོར་རྒྱས་ཀྱི་བྱ་ཁྱུང་ལ་སྨྲས་པ། སྤྲིན་གྱི་བཞོན་པས་གུས་པ་དང་བཅས་པར་དང་པོར་ང་ཟོ་ཞིག་ཅེས་པ་འམ་ཅི། བཤེས་གཉེན་གྱི་དབྱིག་གིས་མ་ཡིན་ནོ། །སྤྲིན་གྱི་བཞོན་པས་སྨད་པ་དང་བཅས་པར་གཞན་ཅི། བཤེས?
གཉེན་གྱི་དབྱིག་གིས་འདི་བརྗོད་དེ། ཁྱོད་ཀྱི་མངོན་པར་འདེབས་པས་སྐྲག་ནས་ལག་འགྲོ་མ་སྟོང་ཕྲག་རྣམས་ཀྱི་མངལ་ལྟུང་བར་བྱེད་ཅིང་ཕྲུག་གུ་རྣམས་ཀྱང་ལྔ་བ་ཉེ་བར་འགྲའོ?། །དེ་ལྟར་བདག་གི་རྒྱུན་ཆད་བར་གྱུར་ན་ཁྱོད་ཉིད་ཀྱི་རང་གི་དོན་ཉམས
པར་འགྱུར་རོ། །དེས་ན་གང་གི་དོན་དུ་ཁྱོད་ས་འོག་ཏུ་མངོན་པར་འབབས་པ་དེའི་དོན་དུ་ཉི་མ་སོ་སོར་རྒྱ་མཚོའི་འགྲམ་ན་གནས་པ་ལ་རེ་རེ་ང་ཉིད་ཀྱིས་བསྐུལ་ཏེ་གཏང་བར་བྱའོ། ཞེས་སོ་སྦྲིན་གྱི་བཞོན་པས་སྡུག་པ་དེ་ལྟར་ཀླུའི་རྒྱལ་དོ་ས
ཀླུ་རྣམས་ལེགས་པར་བསྲུངས་ལོ། །གང་གི་ལྕེ་ནི་སྟོང་ཕྲག་གཉིད་ནང་ན། །གང་གིས་སྤྲུལ་གཅིག་བསྲུང་ཕྱིར་སྦྲུལ་དགྲ་ལ། །དིང་བདག་བདག་ཉིད་སྟེར་ཞེས་སྨྲ་བ་ཡི། །ལྕེ་དེ་དེ་ལ་གཅིག་ཀྱང་མེད་དམ་ཅི། །བཤེས་གཉེན་གྱི་དབྱིག་གིས། དེ
དག་ཀྱང་བྱའི་རྒྱལ་པོས་ཁས་བླངས་སོ། །དེ་ལྟར་ཉི་མ་སོ་སོར་རེ་རྣམ་བཞག་བསྒྲུབས་འགྱུར་པའི། །གང་ཞིང་སྤྲུལ་བདག་རྣམས་ནི་མདབ་ཆགས་རྒྱལ་པོས་ཟ་བར་བྱེད། །དེ་དག་རྣམས་ཀྱི་རུས་ཕུང་གངས་རི་དག་གི་འོད་ཅན་འདི། །ཉི་མ
སོ་སོར་འཕེལ་བར་གྱུར་ཅིང་འགྱུར་ལ་འགྱུར་བ་ཡིན། སྤྲིན་གྱི་བཞོན་པས་ངོ་མཚར་དང་བཅས་པར། །གཙང་མ་མིན་པ་ཀུན་གྱི་སྟེར། །བྱས་བ་མི་གཟོ་རྣམ་པར་འཇིག་།ལུས་ངན་དག་གི་ཆེད་དུ་ཡང། །རྨོངས་པ་ངག་ནི་སྡིག་པ་བྱེད། །ཀྱེ་མ་ཀླུ་རྣམS
ཀྱི་རྒུད་པ་འདི་ནི་མཐར་ཐུག་པ་མེད་དོ། །བདག་ཉིད་ཀྱི་རྟོགས་པར་རང་གི་ལུས་ཡོངས་སུ་བཏང་བས་གདེངས་ཅན་གཅིག་ཙམ་ཡང་བདག་གི་ཡོངས་སུ་སྲུང་བར་བྱེད་ནུས་པར་གྱུར་ན་ཅི་མ་རུང་འོན་ཀྱང་བཤེས་གཉེན་གྱི་དབྱིག་གནས་སོ། །དེ་ནས་སྒོ
སྐྱོང་ཞུགས་པར་གྱུར་ཏེ། །རིའི་རྩ་མོར་ནི་བདག་གི་འཇོགས་སོ། །རྣམ་པར་བལྟས་ནས་བཤེས་གཉེན་གྱི་དབྱིག་འདི་མག་པ་དང་ཉེ་བར་ན་འཁོང་དོ། །རེ་ཞིག་དྲུང་དུ་འགྲོ་བར་བྱའོ། །ཉེ་བར་བཏུད་དེ། གཞོན་ནུ་རྒྱལ་བར་གྱུར་ཅིག་།བཤེས
གཉེན་གྱི་དབྱིག་གིས། རབ་དགའ་དགོས་སོ་བཅིའི་སླད་དུ་འོངས། སྒོ་སྲུངས་ཀྱིས་རྣ་བར་ཤུབ་པར་བྱེད་དོ། །བཤེས་གཉེན་གྱི་དབྱིག་གིས། གཞོན་ནུ་ཡབ་ཀྱིས་བདག་འབོད་པར་བྱེད་དེ། །འདྲེན་པས་གཤེགས་མཛོད་ཅིག་།བཤེས་གཉེན་གྱི
དབྱིག་གིས། གཞོན་ནུ་ཡང་གནོད་པ་མེད་པའི་ཕྱོགས་འདིར་ལྟད་མོ་ལ་ཡུན་རིང་དུ་གནས་པར་མི་བྱའོ། །སྒོ་སྲུངས་དང་འགྲོགས་ཏེ་སོང་བར་གྱུར་ཏོ། །སྤྲིན་གྱི་བཞན་པས། རེ་ཞིག་བདག་གིས་ཀྱང་རིའི་རྩེ་མོ་འདི་ལས་བབས་ཏེ་རྒྱ་མཚོའི
འགྲམ་བལྟ་བར་བྱའོ། །བབས་ནས་སོང་ངོ། །ཕྱི་རོལ་ན་ཀྱི་ཧུད་བུ་སྡུག་།ཀྱི་ཧུད་བུ་སྡུག། དུང་གིས་གཙུག་ཁྱོད་གསོད་པར་བྱེད་ཟེར་ན་བདག་གིས་ཇི་ལྟར་བལྟ་བར་བྱ། །སྤྲིན་གྱི་བཞོན་པས། ཨ་ཡེ་བུད་མེད་ལྟ་བུ་གཟིར་བའི་ཚོང་དག་གེ་།
ངེས་ན་རེ་ཞིག་ཉེ་བར་བཏུང་དེ། འདི་སུ་ཞིག་ཡིན། འདིའི་འཇིགས་པ་གང་ལས་ཡིན་ཞེས་གསལ་བར་བྱའོ། །དེ་ནས་རྒན་མོ་དུ་ཞིང་རྗེས་སུ་འབྲང་བའི་དུད་གི་གཙུག་ཞུགས་བར་གྱུར་ཏོ། །གོས་ཟུང་དག་སྤས་བའི་ཀིང་ཀ་ར་ཡང་ངོ། །རྒན
མོས་མཆི་མ་དང་བཅས་པར་ཀྱི་ཧུད་བུ་སྡུག་དུང་གི་གཙུག་། དེ་རིང་ཁྱོད་གསོང་པར་འགྱུར་བ་བདག་གིས་ཇི་ལྟར་བལྟ་བར་བྱ། ཨོག་སྐོ་ནས་བཟུང་སྟེ། ཁྱོད་ཀྱི་བཞིན་གྱི་ཟླ་བ་འདི་དང་བྲལ་བས་ན་དི་རིང་བདག་གིས་ས་འོག་མུན་བར་འགྱུར་རེ། །
དུང་གི་གཙུག་གིས་། མ་མ་འདི་ལྟར་ཤིན་ཏུ་སྨྲེ་སྔགས་འདོད་ཅིང་བདག་རབ་ཏུ་གདུང་བར་བྱེད། ནན་མོས་ངེས་པར་བརྟགས་ནས། བུའི་ལུས་ལ་རེག་ཅིང། ཀྱི་ཧུད་བུ་སྡུག་ཁྱོད་ཀྱི་ལུས་ཉི་མ་མཐོང་བས་ཤིན་ཏུ་གཞོན་པ་འདི་ཇི་ལྟར་ན་སྙིང
ལ་བརྩེ་བ་མེད་པའི་མཁའ་ལྡིང་གིས་ངེས་བར་ཟ་བར་འགྱུར། མགྲིན་བ་ནས་བཟུང་སྟེ་དུ་བར་བྱེད་དོ། །དུང་གི་གཙུག་གིས་ཡུམ་སྨྲེ་སྔགས་ཀྱིས་ཅི་ཞིག་ཕན་ལྟོས་ཤིག་།དང་པོ་གང་ཚེ་སྐྱེས་པ་ན། །མི་རྟག་ཉིད་ཀྱིས་ཕང་དུ་བྱེད། །མ་ཡིས་ཕྱིས་ནས
མ་མས་བཞིན། །དེ་ཚེ་མྱ་ངན་རིམ་པ་ཅི། །རྒན་མོས་བུ་སྡུག་ཡུད་ཙམ་ཞིང་འདུག་དང། རེ་ཞིག་ཁྱོད་ཀྱི་བཞིན་བལྟ་བར་བྱའོ། །ཀིང་ཀ་རས་ཚུར་ཤོག་ཚུར་ཤོག་།གཞོན་ནུ་དུང་གི་གཙུག། དེ་དག་བརྗོད་བས་ཁྱོད་ལ་ཅི། །ངེས་པར
བུ་ལ?་ཆགས་པས་རྨོངས་པ་འདི་དག་གིས་ནི་རྒྱལ་བོའི་བྱ་བ་མི་ཤེས་སོ། །དུང་གི་གཙུག་གིས་བཟང་པོ་འོང་པ་འདི་ཉིད་དོ། །ཀིང་ཀ་རས་བདག་ཉིད་ཀྱིས་རྟོགས་པར་ངེས་པ་ང་དག་གི་དུང་གི་གཙུག་གསོད་བའི་རྡོ་དང་ཉེ་བར་ཁྲིད་ཟིན་ཏོ།
རེ་ཞིག་གསོད་བའི་རྟགས་འདི་བྱིན་ཏེ་གསོང་བའི་རྡོ་དག་བསྟན་བར་བྱའོ། །སྤྲིན་གྱི་བཞོན་པས་མཐོང་ནས། ཨ་ཡེ་འདི་ན་བུད་མེད་དོ། །དུང་གི་གཙུག་མཐོང་ནས་ངེས་བར་འདི་ནི་འདིའི་བུ་ཡིན་བར་བརྟགས་བར་བྱའོ། །ངེས་ན་ངེས་པར་ཅིའི
དོན་དུ་ངུ་བར་བྱེད། ཀུན་ཏུ་བལྟས་ནས་ངེས་བར་འཇིགས་པའི་རྒྱུ་ནི་ཅི་ཡང་མ་མཐོང་ངོ། །ངེས་ན་འདིའི་འཇིགས་པ་གང་ལས་འབྱུང་བར་འགྱུར། །ཅི་ཞིག་ཉེ་བར་བཏུང་ནས་དྲི་བར་བྱའོ། །ཡང་ན་འདི་ནི་འདི་ལྟར་རྒྱུན་དུ་ཆོ་དེ་འདོན་བས་གལ
ཏེ་འདི་ཉིད་ལས་གསལ་བར་འགྱུར་རོ། །དེས་ན་ཡལ་འདབ་ཅན་གྱི་བསྒྲིབས་ཏེ་མཉན་པར་བྱའོ། །ཀིང་ཀ་རས་མཆི་མ་དང་བཅས་པར་ཐལ་མོ་སྦྱར་གཞོན་ནུ་དུང་གི་གཙུག་འདི་ནི་ངེས་པར་ཇོ་བོའི་བཀའ་ཡིན་ནོ། །ཞེས་བྱ་སྟེ། མི་བཟང
པ་འདི་འདྲ་བདག་སྨྲའོ། །དུང་བ་གཙུག་གིས་བཟང་པོ་སྨྲོས་ཤིག་།ཀིང་ཀ་རས་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་ཁྱོད་ལ་བཀའ་སྩལ་ཏེ། དུང་གི་གཙུག་གིས་གུས་བ་དང་བཅས་པར་སྤྱི་བོར་ཐལ་མོ་སྦྱར་ནས་རྗེ་ཡིས་ཅི་ཞིག་བཀའ་སྩལ།
ཀིང་ཀ་རས། གོས་དམར་པོ་ཟུང་འདི་དག་གྱོན་ལ་གསོང་བའི་རྡོལ་འཛེགས་ཤིང། །གང་གིས་གོས་དམར་པོའི་རྟགས་ཀྱིས་ཉེ་བར་མཚོན་པ་དག་མཁའ་ལྡིང་གིས་བཟུང་ནས་ཟས་ཀྱི་དོན་དུ་འཁྱེར་པར་འགྱུར་རོ། །སྤྲིན
གྱི་བཞོན་པས་མཆི་མ་དང་བཅས་པ་འདི་ཉིད་སྡུག་བ་ནོར་རྒྱས་ཀྱིས་ཡོངས་སུ་བཏང་བ་ཞིག་གོ། ཀིངཀ་རས། དུང་གིས་གཙུག་འདི་ལོང་ཅིག། གོས་ཟུང་དག་གཏད་དོ། །དུང་གི་གཙུག་གི་གུས་པ་དང་བཅས་པར་བླངས་ཏེ། མགོ་ལ
བཟུང་ནས་རྗེ་ལ་གུས་བར་བྱེད་དོ། །རྒན་མོས་བུའི་ལག་ན་གོས་དག་འདུག་པ་མཐོང་ན་བྲང་བརྡུང་པ་དང་བཅས་པར་ཀྱི་ཧུད་གཉེན་བཤེས་གང་གིས་འཇིགས་བ་རྡོ་རྗེ་ལྟུང་བ་འདི་ཉིད་དོ། །བརྒྱལ་བར་གྱུར་ཏོ། །ཀིངཀ་རས་ངེས་པར་མཁའ་ལྡིང
འོང་བའི་ལུས་ལ་ཉེ་བར་གྱུར་ཏོ། །ངེས་ན་མྱུར་དུ་འབྲོས་པར་བྱའོ། །ཀིངཀར་སོང་བར་གྱུར་ཏོ། །དུང་གི་གཙུག་གིས་ཡུམ་དཔུགས་ཕྱིན་པར་མཛོད་ཅིག། རྒན་མོས་དབུགས་ཕྱུང་སྟེ་མཆི་མ་དང་བཅས་པར་ཀྱི་ཧུད་ཀྱི་ཧུད་བུ་སྡུག་ཡིད
ལ་རེ་བ་བརྒྱ་ཡིས་ཐོབ་པ། ཁྱོད་བདག་གིས་ཕྱི་ནས་གང་དུ་མཐོང་བར་འགྱུར། མགྲིན་བ་ལ་བཟུང་སྟེ། སྤྲིན་གྱི་བཞོན་པས་མཆི་མ་དང་བཅས་བར། ཀུན་དུ་རྨོངས་ཤིང་ཡང་ཡང་མཆི་མའི་རྒྱུན་གཏོད་སྨྲེ་སྔགས་མང་དུ་བརྗོད་བྱས་ནས། །
བདག་གི་བུ་སྡུག་སྐྱོབ་པས་སུ་ཞེས་ཕྱོགས་རྣམས་དག་ཏུ་ཕོངས་པས་ཚིག་འཕེན་མའི། །མ་ཡི་ཕང་ན་ཉེ་བར་བསྟེན་པའི་བུ་འདི་བརྩེ་བ་དོར་ནས་ཟ་བྱེད་པ། །བྱ་ཡི་བདག་པོའི་མཚུ་ཉིད་མ་ཡིན་སྙིང་ཡང་རྡོ་རྗེ་དག་ལ་བྱས་སམ་སྙམ། །དུང
གི་གཙུག་གིས། བདག་ཉིད་ཀྱི་ལག་བས་མའི་གདོང་ཡོངས་སུ་མཆི་ཞིང། ཡུམ་ཤིན་ཏུ་འཁྲུགས་པས་ཅི་ཞིག་ཕན་དཔུགས་ཕྱུང་ཞིག་།རྒན་མོས། མཆི་མ་དང་བཅས་པར་ཇི་ལྟར་དབུགས་ཕྱིན་བར་གྱུར། ཅི་བདག་ནི་བུ་གཅིག་བ་ཅན་ནོ་ཞེས
བྱས་ཏེ་བརྩེ་བ་དང་བཅས་པར་ཀླུའི་སྦྱལ?་པོས་མ་བསམས་སོ། །ཀྱི་ཧུད་བརྩེ་མེད་མཐར་བྱེད། ད་ལྟ་བརྩེ་བ་མེད་པའི་སྙིང་ཅན་ཁྱོད་ཀྱིས་འདི་ལྟར་རྒྱས་ཤིང་གསོན་བའི་འཇིག་རྟེན་ན་བདག་གི་བུ་སྡུག་གཅིག་བུ་དྲན་ནོ། །རྣམ་པ་ཐམས་ཅད་དུ་སྐལ་པ་ཞན
?་བདག་བཅོམ་པར་གྱུར་ཏོ། །བརྒྱལ་ལོ། །སྤྲིན་གྱི་བཞོན་པས། གཟིར་ཞིང་མགྲིན་པར་སྲོག་ཕྱིན་ཏེ། །རང་གི་གཉེན་གྱིས་ཡོངས་བཏང་པ། །འདི་ནི་གལ་ཏེ་མ་བསྲུང་ན། །བདག་གི་ལུས་ཀྱི་ཡོན་ཏན་ཅི། །དེས་ན་རེ་ཞིག་ཉེ་བར་འགྲོ་བར་བྱའོ། །དུང་གི?
གཙུག་གིས་ཡུམ་བདག་ཉིད་བརྟན་པར་མཛོད་ཅིག་། རྒན་མོས་ཀྱི་ཧུད་བུ་སྡུབ་རྙེད་དཀའ་བརྙེད་པ་དུང་གི་གཙུག་།གལ་ཏེ་རེ་ཞིག་ཀླུའི་འཇིག་རྟེན་ཡོངས་སུ་སྲུང་བར་བྱེད་པ་ནོར་རྒྱས་ཀྱི་ཁྱོད་ཡོངས་སུ་བཏང་བ་དེ་ལ་སུ་ཞིག་གིས་ཁྱོད་ཡོངས་སུ་སྐྱོབ་བར
འགྱུར། སྤྲིན་གྱིས་བཞོན་བས་འཕྲལ་ལ་ཉེ་བར་དེ་སྐྱེ་བདག་གོ་།རྒན་མོས་འཇིགས་པར་བཅས་པར་སྟོད་གཡོགས་ཀྱིས་བུ་གཡོགས་ནས་སྤྲིན་གྱི་བཞོན་པ་ལ་ཉེ་བཏུང་དེ། བིན་ཏའི་བུ་བདག་ལ་འཚོ་བ་གྱིས་ཤིག། བདག་ནི་ཁྱོད་ཀྱིས་ཟས་ཀྱི
རྒྱུར་ཡོངས་སུ་བརྟགས་པའོ། །སྦྲིན་གྱི་བཞོན་པས། མཆི་མ་དང་བཅས་པར། ཨེ་མའོ་བུལ་བྱམས་པའོ། །འདི་ཡི་བུ་ལ་བྱམས་པ་ཡིས། །འཁྲུགས་པ་འདི་ནི་མཐོང་གྱུར་ནས། །སྙིང་ལ་བརྩེ་མེད་ལག་འགྲོ་ཡི། །དགྲ་ཡང་བརྩེ་བ་བྱེད་དམ་སྙམ། །
དུང་གི་གཙུག་གིས། ཡུམ་སྐྲག་པས་ཅི་ཞིག་ཕན། འདི་ནི་ངེས་པར་ཀླུའི་དགྲ་མ་ཡིན་ནོ། །ལྟོས་ཤིག། ཀླུ་ཆེན་མགོ་བོ་བསྐམ་ཞིང་ཁྲག་གཟགས་པའི། །ཟེར་མས་བྱུགས་པ་གཏུམ་པའི་མཆུ་དང་ལྡན། གང་ན་མཁའ་ལྡིང་དག་སྟེ་གང་ན་ཡང་ཞི
བའི་རང་བཞིན་གཟུགས་ཅན་དམ་པ་འདི། །རྒན་མོས་བུ་སྡུག་བདག་ནི་ཁྱོད་གསོད་པས་འཇིག་རྟེན་ཐམས་ཅད་མཁའ་ལྡིང་ཉིད་དུ་མཐོང་ངོ། །སྤྲིན་གྱི་བཞོན་པས། ཀྱེ་ཡུམ་མ་འཇིགས་ཤིག། བདག་ནི་རིག་བ་འཛིན་བའི་གཞོན་ནུ་སྟེ། ཁྱོད་ཀྱི་བུ
བསྲུང་བ་ཉིད་ཀྱིས་དོན་དུ་འོངས་པ་ཡིན་ནོ། །རྒན་མོས་དགའ་བ་དང་བཅས་བར་བུ་སླར་ཡང་དེ་བརྗོད་ཅིག། སྦྲིན་གྱི་བཞོན་པས། ཡུམ་ཡང་དང་ཡང་དུ་བརྗོད་པ་འདི་ཡི་ཅི། ལས་ཉིད་ཀྱིས་རྫོགས་པར་བྱའོ། །རྒན་མོས
སྤྱི་བོར་ཐལ་མོ་སྦྱར་ནས་བདག་གི་བུ་ཡུན་རིང་དུ་འཚོ་བར་གྱུར་ཅིག་། སྤྲིན་གྱི་བཞོད་པས། ཡུམ་གཅིག་གསོད་རྟགས་འདི་ནི་བདག་ལ་གསོལ། །རང་ལུས་གཡོགས་ཏེ་ཁྱོད་ཀྱི་བུ་ཡི་ནི། །སྲོག་དག་བདག་སྲུང་ཕྱིར་བི་ན?་ཏ་སྐྱེས་ཀྱི། །ཁ་བས་དག
ལ་བདག་གིས་སྩལ་བར་བགྱིའོ། །རྒན་མོས་རྣ་བ་བསྒྲིབས་ཏེ་ཆག?་དེ་ཞི་བར་གྱུར་ཅིག་།ཁྱོད་ཀྱང་དུང་གི་གཙུག་དང། ཁྱད་པར་མེད་བར་བདག་གི་བུ་ཉིད་དོ། །ཡང་ན་དུང་གི་གཙུག་བས་ཀྱང་ཁྱོད་ཤིན་ཏུ་ལྷག་པ་ཉིད་དེ། གང་ཞིག་གཉེན་གྱི་སྐྱེ
བོས་ཀྱང་ཡོངས་སུ་བཏང་བ་བདག་གི་བུ་ལུས་སྦྱིན་བས་ཀྱང་བསྲུང་བར་འདོད་པའི་ཕྱིར་རོ། །དྲུང་གི་གཙུག་གིས་ཡ་མཚན་དང་བཅས་པར་ཨེ་མའི་སེམས་ཅན་ཆེན་པོ་འདིའི་སྤྱོད་པ་ནི་འགྲོ་བ་དག་ལས་བཟློག་པ་ཞིག་སྟེ། གང་གི་ཕྱིར། གང
གི་སླད་དུ་ཀུན་གྱི་བཤེས་ཀྱིས་གཏུམ་པོ་བཞིན་དུ་སྔོན་ཚེ་ཁྱི་ཤ་ཟོས་གྱུར་ཅིང། །གང་གི་ཆེད་དུ་གཽ་ཏ་མ་ཡིས་དེ་ལ་བན་བྱས་ཏཱ་ལའི་བྱིན་པ་རབ་ཏུ་བསང། །གང་གི་དོན་དུ་མཁའ་ལྡིང་འོད་སྲུང་བུ་འདིས་ཉི་མ་སོ་སོར་ལྟོས་འཕྱེ་འཇོམས་བྱེད་པ།།
སྲོག་དེ་ཉིད་ནི་རྩཝ་བཞིན་གང་ཞིག་བརྩེ་བས་གཞན་གྱི་དོན་དུ་སྟེར་བར་བྱེད་པ་མཚར། །སྤྲིན་གྱི་བཞོན་པ་ལ་མཚོན་ནས་ཀྱེ་བདག་ཉིད་ཆེན་པོ་ཁྱོད་ཀྱི་བདག་ཉིད་རབ་ཏུ་རྩོམ་པའི་ཟོལ་མེད་པའི་བརྩེ་བ་དང་ལྡན་པ་ངག་བདག་ལ་བསྟན་ཏོ། །དེས་ན
འབོད་པ་འདི་ཡིས་ཅི་ཞིག་བྱ། ལྟོས་ཤིག། བདག་ལྟ་སྲོག་ཆགས་ཕྲ་མོ་རྣམས། །སྐྱེ་བ་དང་ནི་འཆི་འགྱུར་ཏེ། །གཞན་གྱི་དོན་ལ་ནུས་ལྡན་པ། །ཁྱོད་འདྲ་འབྱུང་བ་ག་ལ་ཞིག་།དེས་ན་འདིས་ཅི་ཞིག་བྱ། །ཞེན་པ་འདི་ཐོང་ཞིག། སྤྲིན་གྱི་བཞོན་པས་དུང་གི
གཙུག་གི་ལག་ནས་བཟུང་སྟེ། གཞོན་ནུ་དུང་གི་གཙུག་བདག་གི་གཞན་གྱི་དོན་ཕུན་སུམ་ཚོགས་པས་ཡིད་ལ་རེ་བའི་སྐབས་སུ་ཡུན་རིང་པོ་ནས་རྙེད་བ་དག་གི་བར་ཆད་བྱ་བར་མི་འོས་སོ། །རྣམ་པར་རྟོག་པ་མེད་པར་གསོད་པའི་རྟགས་དག་བྱིན་ཅིག། དུང་ཅན
གྱི་གཙུག་གིས། སེམས་དཔའ་ཆེན་པོ་དོན་མེད་པའི་གདུང་བ་འདིས་ཅི་ཞིག་བྱ། དུང་གི་གཙུག་གི་དུང་སྐྱོང་གི་རིགས་དུང་ལྟར་དཀར་བ་དྲི་མ་ཅན་དུ་བྱེད་དམ་ཅི། ཅི་སྟེ། ཁྱོད་བདག་ལ་རྗེས་སུ་བརྩེ་བར་བྱེད་པ་དེ་ལྟ་ན་བདག་ཅག་གི་ཡུམ་འདི་དི་ལྟར་འཚོ་བ
སྟོང་པར་མི་འགྱུར་བ་དེ་ལྟ་བུའི་ཐབས་བསམས་པར་མཛོད་ཅིག་། སྤྲིན་གྱི་བཞོན་པས་ཀྱེ་ཐབས་བསམས་པ་ཉིད་མ་ཡིན་ནམ། འདིར་ཅི་ཞིག་བསམ། དེ་ནི་ཁྱོད་ཉིད་ཀྱི་དབང་དུ་གྱུར་ཏོ། །དུང་གི་གཅུག་གིས་ཇི་ལྟར། སྤྲིན་གྱི་བཞོན་པས། གང་ཞིག་ཁྱོད་ནི
ཤི་གྱུར་ན། །འཆི་ཞིང་གསོན་ན་གསོན་འགྱུར་བ། །དེ་ནི་གལ་ཏེ་གསོན་འདོད་ན། །བདག་གི་སྲོག་གིས་བདག་ཉིད་སྲུངས། །འདི་ནི་ཐབས་ཡིན་ཏེ། དེས་ན་བདག་ལ་གསོང་བའི་མཚན་མ་མྱུར་དུ་གསོལ་ཅིག། འདིས་བདག་ཉིད་གཡོགས་ཏེ་གསོད་བའི་རྡོ་ལ
འཛེག་པར་བྱའོ། །ཁྱོད་ཀྱང་མའི་མདུན་དུ་བདར་ཏེ་གནས་འདི་ནས་ལྡོག་བར་བྱོས་ཤིག་།གལ་ཏེ་ན་གསོང་པའི་གནས་ཉེ་བར་གྱུར་པ་འདི་མཐོང་ནས་བུད་མེད་རང་བཞིན་གྱིས་སྔར་མའི། ངད་ཅན་སྲོག་བཏང་བ་སྲིང་དོ། །བསད་པའི་ཀླུ་རྣམས་ཀྱི་ཀེང་རུས་ཀྱི
དཀྲིགས་བའི་ངུར་ཁྲོད་ཆེན་པོ་ཁྱོད་ཀྱིས་མ་མཐོང་ངམ་ཅི། དེ་ལྟར་ཡང་གཡོ་བའི་མཆུ་ཡིས་དྲངས་ཤིང་ཕྱེད་ལྷུང་ཤ་ཡིས་ཆ་ནི་ཟོས་པས་འདོད་པ་འཕེལ་གྱུར་པའི། །བྱ་རྒོད་རྣམས་ཀྱི་གཤོག་པ་གཉིས་ནི་སྐྱོང་པར་བྱེད་པས་མུན་པ་སྟུག་པོ་ཉིད་བྱས
ཤིང། །ཁྲག་གི་རྒྱུན་འབབ་མང་པོའི་ཞིག་ནི་རྒྱུན་དུ་ཟག་ཅིང་རུལ་པའི་དྲི་ད་ལྡང་བ་འདིར། །ལྕེ་སྦྱང་རྣམས་ཀྱི་ཁ་ནས་རབ་འབར་མེ་ཡི་ཕྲེང་བ་ལྟུང་ཞིང་ལྷབ?་ཅེས་སྒྲོགས་པར་བྱེད། །དུང་གི་གཙུག་གིས་ཇི་ལྟར་བདག་གིས་མ་མཐོང་སྤྲུལ་གྱིས་ཟས་ཀྱི་ཉི་མ་སོ་
སོར་ནི། །མི་སྟོང་བྱ་བའི་འདྲེན་བས་དགའ་བྱས་བ། །རི་བོང་ཅན་དཀར་རུས་པ་ཐོང་པ་ཅན། །དུར་ཁྲོད་འདི་ནི་དྲག་པོའི་ལུས་བཞིན་ནོ། །དེས་ན་སོང་ཞིག་སྐྲག་པར་ཉེ་བར་བཀོད་པ་འདི་དག་གིས་ཅི་ཞིག་བྱ་།ངེས་པར་མཁའ་ལྡིང་འོང་བའི
དུས་ནི་ཉེ་བར་གྱུར་ཏོ། །མའི་མདུན་དུ་པུས་མོ་བཙུགས་ནས་སྤྱི་བོར་ཐལ་མོ་སྦྱར་བ་བཀེད་དེ། ད་ནི་ཡུམ་ཁྱོད་ཀྱང་ལོག་ཅིག་།ཡུམ་ཞིག་གང་དང་གང་དུ་བདག་།རབ་ཏུ་སྐྱེ་བ་ཉིད་འགྱུར་བ། །དེ་དང་དེར་ནི་བུ་ལ་བྱམས། །ཁྱོད་ཉིད་བདག་གི་མར
གྱུར་ཅིག་རྐང་པ་ལ་གཏུགས་སོ། །རྒན་མོས་མཆི་མ་དང་བཅས་པས་ཀྱི་ཧུད་ཇི་ལྟར་ཁྱོད་ཀྱི་ཚིག་ནི་ཕྱི་མ་མེད་པའོ། །ངེས་བར་བུ་སྡུག་ཁྱོད་བཏང་ནས་གཞན་དུ་བདག་གི་རྐང་པ་མི་འདོར་རོ། །དེས་ན་ཁྱོད་ཉིད་དང་ལྷན་ཅིག་འགྲོ་བར་བྱའོ། །དུང
གི་གཙུག་གིས་ལངས་ནས་རེ་ཞིག་བདག་གིས་ཀྱང་ཤིན་ཏུ་མི་རིང་བ་ན་ལེགས་ལྡན་ལྷོ་ཕྱོགས་གོ་ཀ་རྣ་ཡོད་པ་ལ་བསྐོར་བ་བྱས་ཏེ་རྗེའི་བཀའ་ལ་གནས་པར་བྱའོ། །གཉི་ག་སོང་བར་གྱུར་ཏོ། །སྦྲིན་གྱི་བཞོན་པས། ཀྱེ་མ་མངོན་པར་འདོད་པ
གྲུབ་པར་མ་གྱུར་ཏོ། །དེས་ན་འདི་ལ་ཐབས་ཅི་ཞིག་ཡོད་འཕྲལ་ལ་ཉུག་རུམ་པ་ཞུགས་ཏེ། གོས་ཟུང་འདི་སྤྲིན་གྱི་བཞོན་པས་མཐོང་ནས་དགའ་བ་དང་བཅས་ཤིང་བདག་ཉིད་ཀྱིས་རྟོགས་པར་ཨེ་མ་མ་བརྟགས་པར་རྙེད་པའི་གོས་དམར་པོ
ཟུང་ཅིག་པོ་འདིས་བདག་གི་མངོན་བར་འདོད་པ་གྲུབ་པར་གྱུར་ཏོ། །ཉུག་རུམ་བས། གོས་ཟུང་གཅིག་པོ་འདི་ནི་ལྷ་མ་བཤེས་ཀྱི་དབྱིག་གི་ཡུམ་གྱིས་གཞོན་ནུ་ལ་བཀུར་བ་ཡིན་ནོ། །དེས་ན་གཞོན་ནུས་འདི་ཡོངས་སུ་བཞེས་ཤིག་།སྦྲིན་གྱི
བཞོན་པས་ལངས་ནས་བླངས་ཏེ་བདག་ཉིད་ཀྱིས་རྟོགས་པར་བདག་གིས་མ་ལ་ཡ་ཅན་མའི་ལག་པ་བཟུང་བ་ནི་འབྲས་བུ་དང་བཅས་པར་གྱུར་ཏོ། །གྱོན་ནས་གསལ་བར་ཀྱེ་ཉུག་རུམ་པ་གཤེགས་ཤིག་།ཁྱོད་ཀྱི་བདག་གི་ཆིག་གི་ལྷ་མོ་ལ
ཕྱག་འཚལ་བར་བྱ་སྟེ། དེ་ལྟར་ཡུན་རིང་དུ་ཐོགས་བའི་སྤྲིན་གྱི་བཞོན་བ་ཕྱག་འཚལ་བར་བྱེད་དོ། །ཉུག་རུམ་པས། ཇི་ལྟར་གཞོན་ནུས་བ་སྩལ་བ་བཞིན་ནོ། །སོང་ངོ་སྦྲིན་གྱ་བཞོན་བས། གཞན་གྱི་དོན་དུ་ལུས་གཏོང་བའི། །དུས་ལ་བབ་ཚེ་བྱུང
གྱུར་པ། །གོས་ནི་དམར་པོ་ཟུང་འདི་དག་།དགའ་བ་ཤིན་ཏུ་ཆེན་པོ་བྱེད། །རྣམ་པར་ལྟས་ནས་ཇི་ལྟར་རི་མ་ལ་ཡའི་རྡོའི་ཚོགས་གཡོ་བ་དང་རླུང་དྲག་ཏུ་ལྡང་བ་དེ་ལྟར་བྱའི་རྒྱལ་པོ་ཉེ་བར་གྱུར་ཏོ་ཞེས་བདག་རྟོགས་སོ། །གཞན་ཡང་འཇིགS
བའི་སྤྲིན་དང་མཚུངས་པ་གཤོག་རྩའི་ཕྲེང་བ་ངག་གིས་ནམ་མཁའ་རབ་ཏུ་སྒྲིབ་བྱེད་ཅིང། །ཤུགས་ཀྱི་རླུང་གིས་བསྐྱོད་པའི་རྒྱ་མཚོས་ས་གཞི་འགེངས་པ་བཞིན་དུ་ཆུ་དག་དོགས་སུ་འཕེན། །ཕྱོགས་ཀྱི་གཉིས་འཐུང་དབང་བོ་རྣམས་ཀྱི་དུས་མཐར
དོགས་པ་བྱེད་ཅིང་འཇིགས་བཅས་བལྟས་གྱུར་ཏེ། བཅུ་གཉིས་ཉི་མ་ལྟར་འབར་ལུས་ཀྱི་འོད་ཀྱིས་ཕྱོགས་བཅུ་དགེ་ནི་རབ་ཏུ་སེར་སྐྱར་བྱེད། །དེས་ན་ཇི་སྲིད་དུང་གི་གཙུག་འདི་འོངས་བར་མ་གྱུར་པ་དེ་སྲིད་དུ་གསོད་པའི་རྡོལ་མྱུར་བར་བདག
འཛེག་པར་བྱའོ། །དེ་ལྟར་བྱེད་དོ། །འདུག་སྟེ་རེག་བའི་གར་བྱེད་ཅིང། །ེ་མ་འདི་ཡིས་རེག་པའོ། །ཇི་ལྟར་མངོན་པ་འདོད་དོན་གྲུབ་པའི་སླད། །གསོད་པའི་རྡོ་འདི་ལ་སྦྱར་དེ་ལྟར་ནི། །མ་ལ་ཡའི་ཙན་དན་རོས་བརླན་པའི། །མ་ལ་ཡ་ཅན་མས་ཀྱང་བདེ་མི་བྱེད།།
ཡང་ན་མ་ལ་ཡ་ཅན་མ་ཅི་ཞིག་། མ་ཡི་ཕང་དུ་བྱིས་ང?་ནི། །བདེ་བ་ཉལ་བས་གང་ཐོབ་བའི། །བདེ་དེ་དག་གིས་གསོང་བ་ཡི། །རྡོ་འདི་ཡི་ནི་སྟེང་དུ་ཐོབ། །དེས་ན་བྱ་ཁྱུད་འདིར་འོངས་ཏེ། །རེ་ཞིག་བདག་ཉིད་བསྒྲིབས་ཏེ་འདུག་པར་བྱའོ། །དེ་ལྟར་བྱེད་དོ། །དེ་ནས་མཁའ་ལྡིང
ཞུགས་བར་གྱུར་ཏོ། །ལྷག་མ་ཅན་གཟུགས་འཇིགས་པས་ཟླུམ་པོར་བྱས་པ་དྲན་ཞིང་བསིལ་ཟེར་ཅན་གྱི་དཀྱིལ་འཁོར་འཕངས། །ཤིང་རྟའི་རྟ?་ནི་སྐྲག་ནས་ཉི་མ་བསྐྱོད་ཚེ་སྔོན་ལ་སྐྱེས་པས་ཀུན་དག་ལྡན་བར་མཐོང། །མཛའ་ནས་ཆུ་འཛིན་ཚོགས་པ་དག་ནི་དེས་པར
འབབ་པས་གཤོག་པ་རིང་པོ་ཉིད་གྱུར་པ། །སྤྲུལ་ཟས་ལ་དགའ་བདག་ནི་མགྱོགས་པས་སྐུད་ཅིག་ཉིད་ལ་རི་བོ་མ་ལ་ཡར་ཕྱིན་ཏོ། །སྤྲིན་གྱིས་བཞོན་པས་སྨོན་ལམ་བྱེད་དོ། །ཀླུ་ནི་སྲུང་བྱེད་བདག་གིས་བསོད་ནམས་གང?།།
རང་ལུས་སྦྱིན?་ལུས་སྦྱིན་ལས་དི་རིང་གང་བསྒྲུབས་པ། །དེ་ཡི་བདག་ཉིད་སྲིད་པ་སྲིད་པའ?་ནི། །གཞན་ཕན་སྙིང་པོར་ལྡན་བའི་ལུས་ཐོབ་ཤོག?་།མཁའ་ལྡིང་གིས་སྤྲིན་གྱི་བཞོན་པ་ལ་ངེས་པར་བརྟགས་ནས། ལྷག་མའི་ཀླུ་རྣམས་བསྲུང་ཕྱིར
གསོད་པའི་རྡོ་འདི་དག་ལ་ངེས་པར་ལྷུང་གྱུར་པའི། །སྙིང་ཁ་ལ་ནི་རྡོ་རྗེའི་དབྱུག་པ་རབ་དྲག་མཆུ་ཡི་རབ་ཏུ་བཅོམ་བྱས་ནས། །བདག་ལ་འཇིགས་པས་སྙིང་དག་དྲལ་ཞིང་ཟག?་པའི་ཁྲག་གིས་རབ་ཏུ་བྱུགས་པ་བཞིན། །གོས་དམར་གྱིས
གཡོགས་གདེངས་ཅན་བདག་ནི་བཟའ་བར་བྱ་ཕྱིར་མྱུར་བར་བླང་བར་བྱ། །མངོན་པར་བཏབ་ཏེ་བླངས་སོ། །མཛའ་ནས་མེ་ཏོག་ལྟུང་བྱེད་དོ། །མཁའ་ལྡིང་གིས་ཡ་མཚན་དང་བཅས་པར་ཨ་ཡི་སྟེང་ནས་མེ་ཏོག་གི་ཆར་པ་དང་རྔ་པོ?་ཆེའི་སྒྲ་འདི་བདག
ཀྱང་མཐོང་ཞིང་ཐོས་ནས། ཟུང་བ་ཀུན་ཏུ་དགའ་བར་བྱེད་པའི་དྲི་ལྡང་མེ་ཏོག་ཆར་འདི་མཁའ་ལས་ཅི་ཕྱིར་འབབ། །མཐོ་རིས་ཕྱོགས་ཀྱི་འཁོར་ལོ་རྔ་ཆེན་རྣམས་སྒྲ་འདིས་མུ་ཅོར་དག་ཏུ་ཅི་སླད་བྱེད། །དེ་ཡང་འདི་ལྟར་ཤེས་ཏེ། །བདག་གི
ཤུགས་ཀྱི་རླུང་གི་ཡོངས་འདུ་དག་ནི་བསྐྱོད་པ་དང། །འཇིགས་པའི་སྤྲིན་གྱི་ཚོགས་རྣམས་དུས་མཐར་དོགས་པ་སྐྱེས་ཏེ་འདི་ཡང་བསྒྲགས་པ་ཡིན་ནམ་སྙམ། །སྤྲིན་གྱི་བཞོན་བས་ཨེ་མ་བདག་གིས་དོན་བྱས་པར་གྱུར་ཏོ། །མཁའ་ལྡིང
གི་རྟོགས་ཞིང། ཀླུ་རྣམས་སྲུང་བར་བྱེད་པ་འདི། །ཇི་ལྟར་དག་ལ་ལྗི?་བར་སྣང། །དེ་ལྟར་སྦྲུལ?་དག་ཟ་འདོད་པ། །གསལ་བར་དི་རིང་སེལ་བར་འགྱུར། །དེས་ན་རེ་ཞིག་རི་མ་ལ་ཡའི་རྩེ་མོར་འཛེགས་ཏེ་ཇི་ལྟར་འདོད་པར་འདི་བཟའ་བར་བྱའོ། །ཁྱེར་
ནས་སོང་བར་གྱུར་ཏོ། །མཚན་མ་བཞི་པའོ།། །།དེ་ནས་སྒོ་སྲུངས་རབ་དགའ་ཞུགས་པར་གྱུར་ཏོ། །མཛའ་?་བོས་རང་ཁྱིམ་སྐྱེད་ཚལ་གནས་ལ་ཡང། །མཛའ་བ་དག་ལ་སྡིག་པ་དོགས་འགྱུར་ན། །གནོད་མང་མཐོང་ཞིང་འཇིགས་སུ
རུང?་བ་ཡི། །འབྲོག་དགོན་དབུས་ན་གནས་ལ་སྨོས་ཅི་དགོས། །དེ་ལྟར་ཡང་སྤྲིན་གྱི་བཞོན་པ་རྒྱ་མཚོའི་རླབས་ལྟ་བའི་ལྟང་མོ་ལ་སོང་བ་ནི་ཡུན་རིང་དུ་ཐོགས་སོ་ཞེས་རྒྱལ་པོ་ཆེན་པོ་ཀུན་གྱི་དབྱིག་སྡུག་བསྔལ་དང་ལྡན་པར་གནས་སོ། །དེ་ཡིས་བདན?
ལ་བཀའ་བསྒོས་པ། །རབ་དགའ་བདག་གིས་མཁའ་ལྡིང་གི་འཇིགས་པ་དང་ཉེས་པ་དང་ཉེ་བའི་ཕྱོགས་སུ་མག་པ་སྤྲིན་གྱི་བཞོན་པ་སོང་བར་གྱུར་ཏོ་ཞེས་ཐོས་སོ། །ཚུལ་འདིས་དོགས་པར་གྱུར་ཏེ། དེས་ན་མྱུར་བར་སོང་ལ་ཅི་འདི་རང་གི་ཁྱིམ་དུ་འོངས་སམ
མ་འོང་ཤེས་པར་གྱིས་ཤིག་ཅེས་སོ། །རེ་ཞིག་དེ་ཉིད་དུ་འགྲོ་བར་བྱའོ། །སོང་བ་དང་མདུན་དུ་མཐོང་ནས། ཨ་ཡེ་འདི་ནི་རྒྱལ་པོའི་དྲང་སྲོང་སྦྲིན་གྱི་བཞོན་པའི་ཡབ་སྤྲིན་གྱི་རྟོག་བསྟི་གནས་ཀྱི་ཁྱམས་ན་ཆེས་སྤྱོད་མ་དང་ལྷན་ཅིག་རྒྱལ་པོའི་བུ་མོས་རིམ
འགྲོ་བྱེད་ཅིང་འཁོད་དོ། །དེ་ལྟར་ཡང། རབ་དཀར་འཁྱོག་པ་གཡོ་ཞིང་བསྐྱོད་པ་ལྦུ་བ་ལྡན་པའི་ཆུ་དང་མཚུངས་ཤིང་བསོད་ནམས་ཆེ་ལྡན་ལྷ་མོ་རྣམས་མཛེས་ཛ་ཧཱཱིུ་བུ་མོ་བཞིན། ཇི་ལྟར་བརླབས་ཀྱིས་མཛེས་བཞིན་གང་གི་དྲུང་ན?་མ་ལ་ཡ་ཅན་ཉེ་བར
གནས། །སྤྲིན་གྱི་ཏོག་འདི་ཉིད་ནི་ཆུ་གཏེར་དག་དང་རབ་ཏུ་མཚུངས་པའི་དཔལ་འདི་འཛིན་དེས་ན་རེ་ཞིག་ཉེ་བར་འགྲོ་བར་བྱའོ། །ངེས་ན་སྤྲིན་གྱི་ཏོག་གདན་ལ་གནས་ཤིང་བཙུན་མོ་དང་མནའ་མ་དང་བཅས་པ་ཞུགས་པར་གྱུར་ཏོ། །ལང་ཚོ་དག་གི་བདེ
བ་སྤྱད་ཅིང་གྲགས་པ་རྒྱས་པར་བྱས། །བརྟན་པའི་བློ་ཡིས་རྒྱལ་སྲིད་ལ་འདུག་དཀའ་ཐུབ་རྣམ་པར་སྤྱད། །བུ་འདི་བསྔགས་འོས་མནའ་མ་འདི་ནི་རིག་མཚུངས་ལེགས་ལས་སྐྱེས། །ཀྭ་ཡེ?་དོན་བྱས་བདག་གིས་དི་རིང་འཆི་བ་བསམས་པར་བྱ། །རབ?
དགས་འཕྲལ་ལ་ཉེ་པར་བཏུད་ནས་སྤྲིན་གྱི་བཞོན་པའི་སྤྲིན་གྱི་ཏོག་གིས་རྣ་བ་བསྒྲིབས་ནས་སྡིག་པ་ཞི་བར་གྱུར་ཅིག་། ཡུམ་གྱིས་ངེས་?་བཀྲ?་མི་ཤིས་གཉིད་ཉམས་པར་གྱུར་ཅིག་།མ་ལ་ཡ་ཅན་མས་བདག་ཉིད་ཀྱིས་རྟོ?་ཡས
པར་མཚན་མ་ངན་པ་འདིས་བདག་གིས་སྙིང་འདར་བ་བཞིན་དོ། །སྤྲིན་གྱི་ཏོག་གིས་བཟང་པོ་སྤྲིན་གྱི་བཞོན་བ་རབ་དགས། སྤྲིན་གྱི་བཞོན་བའི་ལམ་ལྟ་བ་ལ་རྒྱལ་པོ་ཆེན་པོ་ཀུན་གྱི་དབྱིག་གིས་ཁྱོད་ཀྱི་དྲུང་དུ་བདག་བཏང་ངོ། །དེས་ན་རྒྱལ་པོ་ཆེན་པོ
བདག་ལ་བཀའ་སྩོལ་ཅིག་། བདག་གིས་རྗེས་ལ་ཇི་སྐད་ཅེས་རྟོག་པར་བགྱི། སྤྲིན་གྱི་ཏོག་གི་ཅི་བུ་དེ་ཉིད་ན་ཉེ་བར་མི་གནས་སམ། རབ་དགས་མ་མཆིས་སོ། །ཡུམ་གྱི་མྱ་ངན་དང་བཅས་པར་རྒྱལ་བོ་ཆེན་པོ་དེ་ནི་ཡང་མེད་ན་ད་ནི་བདག་གི་བུ་གང་དུ
སོང། གང་གིས་ན་དེ་ལྟར་ཡུན་རིང་དུ་ཐོགས། སྤྲིན་གྱི་ཏོག་གིས་ངེས་པར་བདག་ཅག་གི་སྲོག་བསྲུང་བའི་དོན་དུ་རིང་དུ་སོང་བར་གྱུར་ཏོ། །མལ་ཡ་ཅན་མས་།མྱ་ངན་དང་བཅས་ཤིང་བདག་ཉིད་ཀྱི་རྟོགས་པར་བདག་གིས་ཀྱང་རྗེའི་སྲས་ཡུང་
ཙམ་ཞིག་ཀྱང་མ་མཐོང་བས་བདག་ཉིད་འགའ་ཞིག་དོགས་སོ། །རབ་དགས་རྒྱལ་བོ་ཆེན་པོ་བཀའ་སྩོལ་ཅིག་།བདག་གིས་རྗེ་ལ་ཇི་སྐད་གསོལ་བར་བགྱི། །སྤྲིན་གྱི་ཏོག་གིས་མིག་གཡོན་བ་མགུལ་བས་གསལ་བར་བྱེད་དོ། །སྤྲིན་གྱི
བཞོན་པ་ཡུན་རིང་དུ་ཐོགས་སོ་ཞེས་བདག་འཁྲུགས་ཤིང་སེམས་པར་བྱེད་པ་ན། མི་འདོད་གསལ་བར་བྱ་བའི་ཕྱིར། །ཡང་ཡང་གཡས་པ་མིན་པའི་མིག་།ཅི་ཞིག་ལ་གཡོ་མི་ངན་ཁྱོད། །གཡོ་བ་ཉི་མ་སེལ་གྱུར་ཅིག་།སྟེང་དུ་ལྟ་ཞིང། བཅོམ
ལྡན་འོད་སྟོང་པ་འདི་ནི། སྲིད་པ་གསུམ་གྱི་མིག་གཅིག་པུ་སྟེ། སྤྲིན་གྱི་བཞོན་པ་དགེ་ལེགས་དག་གསལ་བར་སྟོན་ཅིག་།ཡ་མཚན་དང་བཅས་པར་བལྟས་བར་འགྱུར་ན་མིག་ལ་སྡུག་བསྔལ་རབ་ཏུ་སྟེར། །ཁྲས་གི་ཟེར་མ་དང་མཚུངས་འོད་ཟེར
གསལ་པོ་འགྱེད། །ལྟས་ངན་རླུང་གིས་བསྐྱོད་བྱས་སྐར་མ་དང་མཚུངས་འདི། །བློ་བུར་ཉིད་དུ་མཁའ་ལས་ཅི་སླད་མདུན་དུ་འབབ། །ཇི་ལྟར་བདག་གི་རྐང་པ་ཉིད་ལ་འབབ། །ཐམས་ཅད་ངེས་པར་བརྟགས་སོ། །སྤྲིན་གྱི་ཏོག་གིས་ཨ་ཡེ་ཤ་རློན་པ་དང།
སྐྲ་དང་བཅས་པའི་གཙུག་གི་ནོར་བུ་འདི་སུ་ཞིག་གི་ཡིན་པར་འགྱུར། །ཡུམ་མྱ་ངན་དང་བཅས་པར་གཙུག་གི་རིན་ཆེན་འདི་ནི་བདག་གི་བུའི་ཡིན་བ་འདྲའོ། །མ་ལ་ཡ་ཅན་མས། ཡུམ་དེ་སྐད་མ་གསུང། རབ་དགས་རྒྱལ་པོ་ཆེན་པོ་དེ་ལྟར་མ་རྟོགས་པར
གསུང་བར་མ་བྱེད་ཅིག་། འདིར་ནི་ཀླུ་མཁའ་ལྡིང་གིས་ཟོས་པ་རྣམས་ཀྱི་གཙུག་གི་ནོར་བུ་སྡེར་མོ་དང་ཁས་བཅོམ་བ་དུ་མ་དག་ལྟུང་བ་ཉིད་དོ། །སྤྲིན་གྱི་ཏོག་གིས། ལྷ་མོར་རབ་དགས་རིག་པ་བདག་བརྗོད་དེ། གལ་ཏེ་དེ་ལྟར་ཡང་ཡིན་ཕ་སྲིད་དོ། །ཡུམ
གྱིས་རབ་དགའ་གལ་ཏེ་མ་འདུས་འདི་ཙམ་ན་གྱོས་རྒྱུག་གི་ཁབ་ཉིད་དུ་བདག་གི་བུ་འོངས་པ་སྲིད་དོ། །དེས་ན་སོང་སྟེ་རྟོགས་ལ་མྱུར་དུ་འབྲིང་བསྲིངས་ཤིག་།རབ་དགས་ཇི་ལྟར་ལྷ་མོས་བསྲུངས་བ་བཞིན་ན། །སོང་བར་གྱུར་ཏོ། །སྦྲིན་གྱི་ཏོག་གིས། ལྷ
མོ་ཀླུ་དག་གི་གཙུག་གི་ནོར་བུ་ཡིན་པ་ཡང་སྲིད་དོ། །དེ་ནས་དུང་གི་གཅུག་གོས་དམར་པོ་དག་བཟུང་སྟེ་ཞུགས་བར་གྱུར་ཏོ། །མཆི་མ་དང་བཅས་པར་བརླག་གོ་།ཀྱེ་མ་བརླག་གོ་།མྱུར་བར་རྒྱ་མཚོའི་འགྲམ་དུ་གོ་ཀ་རྣལ་བཏུང་ནས་ལྟོ?་འཕྱེ་ཆེན་པོ
གསོད་པའི་ས་གཞི་དེར་ནི་བདག་ཕྱིན་ན། །རིག་པ་འཛིན་པ་ཁ་དང་སྡེར་མོས་སྙིང་ཁ་བཅོམ་བ་དེ། །ཁྱེར་ནས་མཁའ་ལྡིང་ངག་ནི་མཁའ་ལ་རབ་ཏུ་སོང་བར་གྱུར། །ཀྱི་ཧུད་རྒྱུ་མེད་པའི་གཉེན་གཅིག་བོ། །ཀྱི་ཧུད་མཆོག་གི་སྙིང་རྗེ་ཅན། །ཀྱི་ཧུད
གཞན་སྡུག་བསྔལ་བ་ཅན། ཀྱེ་ཁྱོད་ནི་གང་དུ་གཤེགས་བདག་གི་ཚིག་གི་ལན་བྱིན་ཅིག་།ཉམས་པ་དུང་གི་གཙུག་མངལ་ན་གནས། པ་ཉིད་ན་ཅིའི་ཕྱིར་མ་ཤི། ཁྱེད་ཀྱིས་ཅི་ཞིག་བྱས། ཀླུ་རྣམས་སྐྱབས་ལས་གྲགས་པ་གཅིག་མ་ཐོབ། །བསྔགས
བར་འོས་པ་རྗེ་ཡི་གསུང་མ་བསྒྲུབས། །གཞན་གྱིས་བདག་ཉིད་བཏང་བསྲུངས་མྱ་ངན་འོས། །ཀྱེ་མ་ཀྱི་ཧུད་སྨད་བདག་བསླུས་སོ་བསླུས། །དེས་ན་རྣམ་པ་འདི་ལྟར་གྱུར་པ་བདག་ནི་སྐད་ཅིག་ཙམ་འཚོ་ཞིང་བདག་ཉིད་ལ་ཉེ་བར་བརྒད?་པར
མི་བྱའོ། །རེ་ཞིག་འདིའི་རྗེས་སུ་སོང་སྟེ་བརྟག་པར་བྱའོ། །ཡོངས་སུ་འགྲོ་ཞིང་ས་ལ་བལྟས་ཏེ། དང་པོར་ས་གཞི་ཁྱབ་བྱས་དེ་ནས་མདུན་དུ་ཐིགས་པ་རགས་པ་གྲོལ་བདག་ཏུ་ལྟུང། །རྡོ་རྣམས་ལ་ལྷུང་བརྡབས་ཤིང་འཐོར་གྱུར་ཐིགས་ཕྲན་ལྡན
པའི་ཐང་ལ་སྲོག་ཆགས་རྣམས་ཀྱིས་དཀྲིགས། །ཁམས་ཀྱི་ངོས་ལ་མཚོན་ཀ་ཤིང་རྟུགས་དག་གི་རྩེ་དང་ཕུག་རྣམས་དག་ལ་ཆགས་གྱུར་པ། ཁྲག་གི་རྒྱུན་འདིའི་རྗེས་སུ་ལེགས་པར་འགྲངས་ཏེ་མཁའ་ལྡིང་ལྟ་འདོད་བདག་ནི་འགྲོ་བར་བྱ།
ཡུམ་གྱིས་ཐོས་ནས་སྐྲག་བ་དང་བཅས་པར། རྒྱལ་པོ་ཆེན་པོ་སུ་ཞིག་དུ་བའི་བཞིན་དང་ལྡན་པ་འདི་ནི་འདི་ཉིད་དུ་མྱུར་བར་འོད་ཞིང་བདག་གི་འཁྲུག་པར་བྱེད་དོ། དེས་ན་རེ་ཞིག་འདི་སུ་ཡིན་ཤེས་པར་བྱོས་ཤིག་།སྤྲིན་གྱི་ཏོག་གིས། ཇི
ལྟར་ལྷ་མོ་སྨྲ་བ་བཞིན་ནོ། །དུང་གི་གཙུག་གིས་ཀྱི་ཧུད་འཇིག་རྟེན་གསུམ་གྱི་གཙུག་གི་ནོར་བུ་གཅིག་པུ་ཁྱོད་བདག་གིས་གང་དུ་བལྟ་བར་བྱ། བཅོམ་པར་གྱུར་ཏོ། །བཅོམ་པར་གྱུར་ཏོ། །སྤྲིན་གྱིས་ཏོག་གིས་ཐོས་ནས་དགའ་བ་དང་བཅས་པར་བརྒད
ནས་ལྷ་མོ་མྱ་ངན་ཐོང་ཤིག་། འདིའི་གཙུག་གི་ནོར་བུ་འདི་ཤལ?་ཆགས་པའི་བྱ་འགའ་ཞིག་གིས་མགོ་ལས་བཅད་དེ་ཁྱེར་བལྟུང་བ་ཡིན་ནམ་སྙམ་མོ། །ཡུམ་གྱིས་ཚིམ་པ་དང་བཅས་པར་མ་ལ་ཡ་ཅན་མ་ལ་འཁྱུད་ནས་ཨ་ཨའི་ཡུགས་ས་མོར་ལ
གྱུར་མ་བརྟན་པར་མཛོད་ཅིག་ཁྱོད་ཀྱི་རྣམ་པ་འདི་འདྲ་བ་བདག་གིས་ངེས་པར་ཡུགས་སའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་ནོ། །མ་ལ་ཡ་ཅན་མས་དགའ་བ་དང་བཅས་པར་ཡུམ་ཁྱོད་ཀྱི་ཤིས་པར་བརྗོད་པ་ཡིས་སོ། ཞེས?་ཏེ་ཞབS?་
ལ་གཏུགས་སོ། །སྤྲིན་གྱི་ཏོག་གིས་དུང་གིས་གཙུག་ལ་ཉེ་བར་བཏུད་ནས་བུ་ཁྱོད་ཀྱི་གཙུག་གི་ནོར་བུ་སྟོར་རམ་ཅི། དུང་གི་གཙུག་གིས་རྗེ་བདག་གཅིག་པུའི་མ་ཡིན་གྱི། འཇིག་རྟེན་གསུམ་གྱི་ཡང་ངོ། །སྤྲིན་གྱི་ཏོག་གིས་བུ་ཇི་ལྟར་ན་བུ་དུང་གི་གཅུག་གིས་སྡུག
བསྔལ་གྱི་ཁུར་ཆེན་པོ་དང་ལྡན་པས་མཆི་མས་མགྲིན་པ་ཉེ་བར་བསྒགས་པ་བདག་གིས་བརྗོད་པར་མི་ནུས་སོ། །སྤྲིན་གྱི་ཏོག་གིས། རང་གི་མྱ་ངན་ཤིན་ཨུ་བརྗོད་པར་དཀའ་བ་དག་བདག་ལ་སྨྲོས་ཤིག་།དེ་བདག་ལ་འཕོངས་པ་གང་གིས་ན་ཁྱོད་ཀྱིས་བརྗོད་བར
བྱ་བར་འགྱུར་རོ། །དུང་གི་གཙུག་གི་གསན་པར་མཛོད་ཅིག་།དེས་པར་བདག་ནི་ཀླུ་དུང་གི་གཙུག་ཅེས་བྱ་བའོ། །ཟས་ཀྱི་རེས་ལ་བབ་ནས་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱིས་བི་ན་ཏའི་བུ་ལ་བསྲིངས་སོ། །མང་པོས་ཅི་ཞིག་བྱ། གལ་ཏེ་ཁྲག་གི་རྒྱུན་གྱི་ལམ
འདི་རྡུལ་གྱིས་བསྒྲིབས་ཏེ་མཚན་དཀའ་བར་འགྱུར་རོ། །དེས་ན་མདོར་བསྡུས་པ་བཤད་པར་བྱའོ། །སེམས་ནི་སྙིང་རྗེ་དང་ལྡན་པ། །རིག་པ་འཛིན་པ་སུ་ཞིག་གིས། །རང་ཉིད་མཁའ་ལྡིང་ལ་བྱིན་ནས། །བདག་གི་སྲོག་ནི་བསྲུངས་བར་གྱུར། །སྤྲིན
གྱི་ཏོག་གིས། མཉེས་གཤིན་གཞན་ལ་ཕན་པ་ལ་ཞེན་པ་དེ་ལྟ་བུ་བདག་གི་བུ་ལས་གཞན་པ་སུ་ཞིག་ཡོད། ཀྱེ་བུ་སྤྲིན་གྱི་བཞོན་པ་ཡིས་ཅེས་གསལ་བར་བརྗོད་ཅིག་།ཀྱི་ཧུད་སྐལ་པར་ངན་པ་བདག་བཅོམ་མོ། །ཡུམ་གྱི་ཀྱི་ཧུད་བུ་སྡུག
ཁྱོད་ཀྱིས་འདི་ཅི་ལ་བྱས། མལ་ཡ་ཅན་མས། ཀྱི་ཧུད་ཇི་ལྟར་བདག་ལ་མཚན་མ་ངན་པ་ནི་བདེན་པ་ཉིད་དུ་གྱུར་ཏོ། །བརྒྱལ་བར་གྱུར་ཏོ། །དུང་གི་གཙུག་གི་མཆི་མ་དང་བཅས་པར་ཨ་ཡེ་ངེས་པར་སོམས་པ་ཆེན་པོ་དེའི་ཡབ་ཡུམ་ནི་འདི
ངག་གོ་། བདག་གིས་མི་བཟོད་པར་བརྗོད་ནས་འདི་དག་གནས་སྐབས་འདི་ལ་བཀོད་དོ། །ཡང་ན་དུག་འཛིན་གྱི་ཁ་ནས་དུག་ལས་གཞན་པ་ཅི་ཞིག་འབྱུང་པར་འགྱུར། ཀྱེ་མ་སྲོག་རབ་ཏུ་སྟེར་བ་སྤྲིན་གྱི་བཞོན་པ་ལ། དེ་དང་མཆུངས་པའི་ཕན
པ་དུང་གིས་གཙུག་གིས་བྱས་སོ། །དེས་ན་ད་ལྟ་ཉིད་དུ་བདག་ཉིད་ཀྱིས་བསད་པར་བྱ་འམ། ཅི་ཡང་ན་རེ་ཞིག་འདི་དག་དབུགས་དབྱུང་བར་བྱའོ། །ཡབ་དབུགས་ཕྱིན་པར་མཛོད་ཅིག་(???)། །ཡུམ
གྱིས་བུ་མོ་ལོངས་ཤིག་། རིངས?་བར་མ་བྱེད་ཅིག་།བདག་ཅག་ཀྱང་སྤྲིན་གྱི་བཞོན་པ་མེད་པར་འཚོའམ་ཅི། དེས་ན་རེ་ཞིག་དབུགས་བྱིན་པར་གྱིས་ཤིག་།མ་ལ་ཡ་ཅན་མས་དབུགས་ཕྱིན་ནས་ཀྱི་ཧུད་རྗེའི་སྲས་ཁྱོད་གང་དུ་བདག་གིས་བལྟ
བར་བྱ། སྤྲིན་གྱི་ཏོག་གིས། ཀྱི་ཧུད་བུ་བླ་མའི་ཞབས་ཀྱི་བསྙེན་བཀུར་གྱི་ཆོ་ག་ཤེས་པ་ཁྱོད་བདག་གིས་གང་དུ་བལྟ་བར་བྱ། ཁྱོད་ཀྱིས་བདག་གི་རྐང་པ་ལ། །གཙུག་གི་ནོར་བུ་གཏུག་ཏུ་བཅུག་།འཇིག་རྟེན་གཞན་དུ་འགྲོ་ན་ཡང། །དུལ
བའི་རིམ་པ་མ་དོར་རོ། །གཙུག་གི་ནོར་བུ་བླངས་ནས། ཀྱི་ཧུད་ཁྱོད་ཀྱི་བདག་ལ་འདི་ཙམ་ཁོ་ན་བསྟན་པར་བྱ། །སྙིང་ལ་བརླན་ནས་ཨ་ཧ་ཧ། གུས་པས་ཤིན་ཏུ་རིང་ནས་འདུད་ཅིང་མགོ་གཏུད?་བས། །རྟག་ཏུ་བདག་གི་རྐང་ལ་ཕྱག
འཚལ་ཁྱོད་ཀྱི་ནི། །གཙུག་གི་ནོར་འདི་རྩུབ་པ་མིན་ཡང་བདར་བ་ཡིས། །བདག་གི་སྙིང་ནི་ཤིན་ཏུ་འཇོམས་པར་བྱེད་པ་ཅི། །ཡུམ་གྱིས་ཀྱི་ཧུད་པུ་སྤྲིན་གྱི་བཞོན་པ། གང་ཁྱོད་ནི་བླ་མའི་ཞབས་ཀྱི་སྲི་ཞུ་བོར་ནས་གཞན་པའི་བདེ
བ་ཉིད་ལ་སྲེད་པ་མ་ཡིན་ན། ད་ཇི་ལྟར་ང་ནི་ཡབ་སྤངས་ནས་མཐོ་རིས་ཀྱི་བདེ་བ་ཉམས་སུ་མྱོང་བར་བྱེད་དུ་སོང་བར་གྱུར། སྤྲིན་གྱི་ཏོག་གིས་མཆི་མ་དང་བཅས་པར་ལྷ་མོ་ཡུ་ཅག་སྤྲིན་གྱི་བཞོན་པ་མེད་པར་འཚོ་འམ་ཅི། །གང་གིས་ན
དེ་ལྟ་བུའི་སྨྲེ་སྔགས་རྗོད་པར་བྱེད། མ་ལ་ཡ་ཅན་མ་རྐང་པ་དག་ལ་གཏུགས་ཏེ། ཐལ་མོ་སྦྱར་ནས་ཡབ་རྗེའི་སྲས་ཀྱི་མཚན་མ་གཙུག་གི་ནོར་བུ་དག་གསོལ་ཅིག་།གང་གིས་ན་འདི་སྙིང་ལ་བྱས་པས་མེ་བཅུག་སྟེ་བདག་ཉིད་ཀྱི་གདུང
བ་བསལ་བར་བྱའོ། །སྤྲིན་གྱི་ཏོག་གིས། བདག་པོའི་བརྟུལ་ཞུགས་མ་ཅི་ལ་འཁྲུག་པར་བྱེད། བདག་ཅག་ཐམས་ཅད་འདི་ཉིད་དུ་ངེས་པར་མ་ཡིན་ནམ། ཡུམ་གྱིས་ཀྱེ་རྒྱལ་པོ་ཆེན་པོ་དེ་ལྟ་ན་ཅི་ཞིག་ལ་ཐོགས། སྤྲིན་གྱི་ཏོག་གིས་ཅི་ལ་ཡང་མ་ཡིན་ནོ། །འོན་ཀྱང
བསྒྲུབS་པའི་མོ?་ལས་གཞན་པའི་མེས་འདུས་བྱ་བ་མངོན་པར་སྒྲུབས་པ་མ་ཡིན་ནོ། །དེས་ན་མཆེད་སྦྱིན་གྱི་ཁད་པ་ལས་མེ་བླངས་ཏེ་བདག་ཅག་རྣམས་བསྲེག་པར་བྱའོ། །དུང་གི་གཙུག་གི་བདག་ཉིད་རྟོགས་པར་ཇི་ལྟར་སྡིག་ཅན་བདག་གཅིག་པུའི་དོན
དུ་རིག་པ་འཛིན་པའི་རིགས་འདི་མཛའ་དག་ཆད་བར་གྱུར་ཏོ། །ངེས་ན་རེ་ཞིག་འདི་སྐད་དོ། །གསལ་པར་ཡབ་ངེས་པ་ཉིད་དུ་མ་གྱུར་པར་འདི་འདྲ་བའི་ཐུབ་ཚོད་སྒྲུབ་བར་རིགས་པ་མ་ཡིན་ནོ། །བྱེད་པོའི་རྣམ་འཕྲུལ་ནི་རྣམ་པར་བཀྲ་བ་ཡིན་ཏེ། གལ་ཏེ་ན་
ཀླུའི་དགྲས་འདི་ཀླུ་མ་ཡིན་པ་ཞིག་གོ་ཞེས་ཤེས་ཏེ། སྤྲིན་གྱི་བཞོན་པ་འཚོ་བ་དང་བཅས་པ་ཉིད་གཏོད་བ་ཡང་སྲིད་དོ། །ངེས་ན་ཁྲག་ནི་རྒྱུན་འདི་ཉིད་ཀྱིས་རེ་ཞིག་བིན་ཏའི་བུའི་རྗེས་སུ་འབྲང་པར་བྱའོ། །ཡུམ་གྱིས་རྣམ་པ་ཀུན་ཏུ་ལྷ་རྣམས་ཀྱི་བཀའ་
དྲིན་གྱི་བུ་འཚོ་བ་དང་ལྡན་པ་འདི་མཐོང་བར་གྱུར་ཅིག་། མ་ལ་ཡ་ཅན་མས། བདག་ཉིད་ཀྱིས་རྟོག་པར་ངེས་པར་འདི་ནི་སྐལ་བ་ཞན་པ་བདག་ལ་དཀོན་ནོ། །སྤྲིན་གྱི་ཏོག་གིས་།བུ་ཁྱོད་ཀྱི་ཚིག་མི་བདེན་པ་མ་ཡིན་པར་གྱུར་ཅིག་།དེ་ལྟ་ན་ཡང་མེ་དང
བཅས་པ་ཉིད་དུ་བདག་ཅག་འགྲོ་བར་རིགས་སོ། །ངེས་ན་ཁྱོད་རྗེས་སུ་སོང་ཤིག་།བདག་ཅག་ཀྱང་མེའི་ཁང་པ་ནས་མེ་བླངས་ཏེ་མྱུར་པ་ཉིད་དུ་འོང་ངོ། །སྤྲིན་གྱི་ཏོག་བཙུན་མོ་དང། མནའ?་མ་དང་བཅས་པ་སོང་པར་གྱུར་ཏོ། །དུད་གི་གཙུག་གིས། ངེས་ན་རེ་ཞིག
མཁའ་ལྡིང་གིས་རྗེས་སུ་འབྲང་བར་བྱའོ། །འཇིག་རྟེན་འདས་གྱུར་སྤྱོད་པ་དག་གིས་གཙང་བའི་ལུས་དང་ལྡན། །བྱ་ཡི་བདག་པོ་བློ་གྲོས་འཁྲུལ་པ་དག་གིས་ཁྱེར་བ་འདི། །ཇི་སྲིད་པོས?་པར་མ་གྱུར་དེ་སྲིད་རབ་ཏུ་བསྲུང་བའི་ཕྱིར། །ས་གཞི་འཛིན་བ་མཆོག་
མཐོང་བ་དོན་ཡོད་དམ་། བཅོམ་ལྡན་མ་གཽ་རི། གཽ་རི་ཡི་མ་ལ་ཡ་ཅན་མ་ལ་མཚོན་ཏེ། བུ་མོ་ཇི་ལྟར་བདག་བདེན་པ་མ་ཡིན་པ་སྨ་བ་ཡིན་ལྟོས་ཤིག། སྤྲིན་གྱི་བཞོན་པ་ལ་མངོན་པར་བཏུད་དེ། རིལ་པའི་ཆུ་ཡི་བྲན་ནས། རང་གི་འཚོ
བ་བདག་གིས་ཀྱང་འགྲོ་བ་རྣམས་ལ་ཕན་བྱེད་བ། ཁྱོད་ལ་ཡོངས་སུ་ཚིམ་མོ་བུ་།སྤྲིན་གྱི་བཞོན་པ་འཚོ་གྱུར་ཅིག། སྤྲིན་གྱི་བཞོན་པ་ལངས་སོ། །སྤྲིན་གྱི་ཏོག་གིས་དགའ་བ་དག་བཅས་པར་ལྷ་མོ་དགའ་བ་འཕེལ་བར་མཛོད་ཅིག་།སླར་ཡང་སྤྲིན་གྱི་བཞོན་པ་ནི་ཉམས་པ་མེད་པའི
ཁུས་དང་ལྡན་ནོ། །ཡུམ་གྱི་ལངས་ཏེ་དགའ་བ་དང་བཅས་པར་བཅོམ་ལྡན་མའི་བཀའ་དྲིན་གྱིས་སོ་རྐང་པ་དག་ལ་གཏུགས་སོ། །གཉི་གས་སྤྲིན་གྱི་བཞོན་པ་ལ་འཁྱུད་དོ། །མ་ལ་ཡ་ཅན་མས་།རྗེའི་སྲས་སླར་འཚོ་བར་བྱས་པ་ནི་དགའ་ཨོ། །གཽ་རིའི་ཞབས
དག་ལ་གཏུགས་སོ། །སྤྲིན་གྱི་བཞོན་པས་གཽ་རི་མཐོང་སྟེ་ཐལ་མོ་སྦྱར་ཏེ། ཇི་ལྟར་བཅོམ་ལྡན་མ་གཽ་རི་མངོན་པར་འདོད་ལས་ལྷག་པ་པའི་མཆོག་སྟེར་མ། སྐྱེ་བོ་ཕེངས་པའི་རྒུད་འཕྲོག་སྐྱོབ་བྱེད་མ། །གཽ་རི་རིག་འཛིན་རིགས་ཀྱི་ལྷ་ཉིད་མ། །ཁྱོད་ཀྱི
ཞབས་གཉིས་དག་ལ་བདག་ཕྱག་འཚལ། ཞབས་དག་ལ་གཏུགས་སོ། །ཐམས་ཅད་སྟེང་དུ་བལྟའོ། །སྤྲིན་གྱི་ཏོག་གིས། ཇི་ལྟར་སྤྲིན་མེད་མེད་པའི་ཆར་འབབ། བཅོམ་ལྡན་མ་འདི་ཅི་ཞིག། གཽ་རིས་རྒྱལ་པོ་ཆེན་པོ་སྤྲིན་གྱི་བཞོན་པ་དང་།ལྟོ་འཕྱེའི
བདག་པོ་རུས་པའི་ལྷག་མར་གྱུར་བ་འདི་དག་སླར་འཚོ་བར་བྱ་བའི་ཕྱིར་འདབ་ཆགས་ཀྱི་རྒྱལ་པོ་འགྱོད་པ་ཡང་དག་པར་སྐྱེས་པས་ལྷའི་འཇིག་རྟེན་ནས་བདུད་རྩིའི་ཆར་འབེབས་པར་བྱེད་དོ། །མཛུབ་མོས་སྟོན་ཅིང་ཁྱོད་ཀྱིས་མ་མཐོང་དམ་ཅི། གདེངས
ཀའི་ནོར་བུ་གསལ་ཞིང་རབ་འབར་ཡན་ལག་མཆོག་ལྡན་ཉམས་པ་མེད་པའི་ལུས་ཐོབ་ཅིང། །བདུད་རྩིའི་རོ་ནི་མྱང་བ་ལ་ཆགས་ལྕེ་རྩེ་གཉིས་ཀྱི་ས་ལ་རབ་ཏུ་ལྡག་བྱེད་ཅིང། །དུག་འཛིན་པ་བདག་པོ་འདི་དག་ད་ནི་མཁྱོག་པོར་འཇུག་པའི་ལམ་དག
ནས། །རི་བོ་མ་ལ་ཡའི་རླུང་གི་ཆུ་རྒྱུན་བཞིན་དུ་ཆུའི་ཕུང་པོར་འཇུག་པར་བྱེད། །སྤྲིན་གྱི་བཞོན་པ་ལ་མཚོན་ནས་བུ་སྤྲིན་གྱི་བཞོན་པ་ཁྱོད་ལ་འཚོ་བ་ཙམ་ཉིད་འོས་པ་མ་ཡིན་ནོ། །ངེས་ན་གཞན་འདི་ཡང་ཁྱོད་ལ་བསྒྲུབ་པར་བྱའོ། །ངང་པའི། ཕྲག་པས་གསེར
གྱི་པད་བཅོམ་རྡུལ་གྱི་རེག་པའི་འདམ་ནི་སྤངས་གྱུར་ཅིང། །བདག་གི་ཡིད་མཚེ་ལས་བྱུང་རྒྱུན་ཆད་མེད་པའི་ཆུ་ནི་དག་པ་ཆེན་པོ་ཡིས་རང་འདོད་ཀྱི་སྦྲུལ་རིན་ཆེན་བུམ་པ་བཀོད་དེ་བདག་རང་ཉིད་ཀྱིས་དབང་བསྐུར་ནས། །དགའ་བས་ཁྱོད་ནི་རིག་པ་འཛིན་པའ?
འཁོར་ལོས་སྒྱུར་བར་སྐད་ཅིག་ཉིད་ལ་བྱ། །གཞན་ཡང་གསེར་གྱི་འཁོར་ལོ་འདི་ནི་མདུན་དུ་བྱུང་བར་གྱུར་པ་དང། །སོ་བཞི་དག་གིས་མཚན་པའི་གཉིས་འཐུང་དཀར་པོ་འདི་དང་ནི། །སྔོ་བསངས་རྟ་མཆོག་མ་ལ་ཡ་ཅན་ཡང་སྟེ་འདི་དག་ནི། །ཁྱོད་ཀྱི
རིན་ཆེན་རྣམས་སོ། །འཁོར་ལོས་སྒྱུར་བ་ལེགས་པར་ལྟོས། །གཟིགས་པར་མཛོད་ཅིག་།མ་ཏིག?་དེ་བ་ལ་སོགས་པ་རིག་པ་འཛིན་པའི་བདག་པོ་འདི་རྣམས་བདག་གིས་བསྐུལ་ཏེ། གཙུག་གི་ནོར་བུ་རབ་ཏུ་མཛེས་པའི་འོད་ཟེར་གྱིས་དབང་པོ་གཞུའི་ཕྲེང?
བ་འགོད་ཅིང་གུས་བས་སློབ་མའི་ལུས་མངོན་པར་བཏུད་དེ་ཕྱག་འཚལ་བར་བྱེད་དོ། །བུ་སླར་ཡང་ཁྱོད་ལ་དགའ་བར་ཅི་ཞིག་བྱ། སྤྲིན་གྱི་བཞོན་པས་འདི་ལས་གཞན་པའི་དགའ་བ་ཅི་ཞིག་ཡོད། །དུང་གི་གཙུག་འདི་འདབ་ཆགས་བདག་པོའི་ཁ?་ལས
བསྐྱབས་ཤོད་བ་ནི་ཏ་ལས་སྐྱེས་པ་བཏུལ། །དེའི་སྔར་ཟོས་དུག་འཛིན་བདག་པོ་གང་ཡིན་དེ་དག་རྣམས་ཀྱང་ཐམས་ཅད་སོས་བར་བྱས། །བདག་སྲོག་རྙེད་པས་བླ་མ་རྣམས་ཀྱིས་འཚོ་བ་མ་བཏང་འཁོར་ལོས་སྒྱུར་བ་ཉིད་དག་ཐོབ། །ཁྱོད་ཀྱང་མངོན
སུམ་དུ་མཐོང་འདི་ལས་དགའ་བ་གཞན་གང་བདག་ནི་ཅི་ཞིག་དོན་དུ་གཉེར། །དེ་ལྟ་མོད་ཀྱིས་འདི་ལྟར་གྱུར་ཅིག་རྨ་བྱ་རབ་དགའ་ཨི་འཇོ་སྒག་ལྡན་བྱེད་ཆུ་འཛིན་དག་ནི་དུས་སུ་ཆར་འབེབས་ཤིང། །ས་གཞི་རྒྱུན་དུ་རབ་འཁྲུངས་ལོ་ཐོག་ལྗང་ཁུའི་གོས
དང་ལྡན་པར་བྱེད་གྱུར་ཅིག་། རྒུད་པ་དང་བྲལ་ཕྲག་དོག་མེད་པའི་ཡིད་ཀྱིས་ལེགས་བྱས་རབ་ཏུ་རྒྱས་བྱེད་ཅིང། །སྟུག་པོའི་གཉེན་མདུན་གྲོགས་ཀྱིས་ཚོགས
ཀྱིས་རབ་དགའ་སྐྱེ་དགུ་རྣམས་ནི་དགར་གྱུར་ཅིག་། ཐམས་ཅད་སོང་བར་གྱུར་ཏོ། །མཚན་མ་དྲུག་པའོ། །།ཀླུ་ཀུན་དུ་དགའ་བ་ཞེས་བྱ་བའི་ག་ཟློས་གར
དཔལ་དགའ་བའི་ལྷས་མཛད་པ་རྫོགས་སོ། ། །།ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པའི་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང།
དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ལཀྵསི?་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་གྱི་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།
མངྒཱ་ལཾ།
CLOSE WINDOW