CLOSE WINDOW

N4384: ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

ཨ་བྷི་དྷརྨ་ཀོ་ཥོ་པ་ཡི་ཀ་ནཱ་མ་ཊཱི་ཀ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཐུགས་རྗེ་ཆེན་པོ་ལ ཕྱག་འཚལ་ལོ། །གང་ཞིག་ཉོན་མོངས་ཉོན་མོངས་མ་ཡིན་པ། །མ་ལུས་ཤེས་བྱའི་ཡུལ་ལ་སེམས་རྨོངས་ཤིང། །རྒུད པ་ཐམས་ཅད་ཀྱི་ནི་གཞིར་གྱུར་པ། །ཤེས་རབ་འོད་ཟེར་རིང་པོས་མཐར་མཛད་ཅིང། །ཐུགས་རྗེའི་ཐུགས་ལྡན་ཆོས་སྟོན་ཕྱག བརྐྱང་བས། །འཁོར་བའི་འདམ་ལས་འགྲོ་བ་འདྲེན་མཛད་པ། །དེ་ལ་དང་པོ་ཉིད་དུ་ཕྱག་འཚལ་ལོ། །རང་གཞན གྲུབ་མཛའ་མ་ལུས་དག་། རྣམ་བཤད་མཁས་པར་རབ་གྲགས་པ། །ཀུན་མཁྱེན་སྟོན་པའི་སློབ་དཔོན་ནི། །ཤཱཀྱས་བྱིན་གུས་ཕྱག བྱས་ནས། །དེ་ཡི་ཞབས་ཀྱི་པད་རྡུལ་ལ། །གཏུགས་པས་གསལ་བའི་བློ་ལྡན་པ། །དགེ་སློང་ཞི་གནས་ལྷ་ཡིས་ནི། །མཛོད་ལ་མཁོ བ་འདིར་བསྡུ་བྱ། །གང་ཞིག་ཅེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ་ཞེས་བྱ་བ་ལ། སངས རྒྱས་ཀྱི་སྒྲ་ནི་བདེ་བར་གཤེགས་པ་ངེས་ཚིག་དང་བཅས་པ་ལ་བརྗོད་དེ། འདི་ལྟར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བྲམ་ཟེ་གཞན་ཞིག་བཅོམ་ལྡན་འདས གི་ལ་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ཐབས་གཅིག་ཡང་དག་པར་དགའ་བ་དང། ཡང་དག་བར་མགུ་བ་དང། རབ་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་དེས་བཅོམ་ལྡན་འདས ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་སངས་རྒྱས་སངས་རྒྱས་ཞེས་བརྗོད་པ་ཅི་ཁྱོད་ཀྱི་མིང་ཕ་དང་མས་བྱས་སམ། ངེས་ཚིག་གང་གིས་ན་སངས རྒྱས་ཞེས་བརྗོད་ནས། དེ་ནས་བྲམ་ཟེ་དེས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་རྣམ་པར་འདྲེན་པ་ལས། །མིང་མཆོག སངས་རྒྱས་ཞེས་འབྱུང་བ། །ཕ་དང་མ་ཡིས་བྱས་སམ་ཅི། །ངེས་ཚིག་གང་གིས་སངས་རྒྱས་བརྗོད། །བྲམ་ཟེ་ལ་ནི་རྗེས་བརྩེ་བས། །དེ་ལ་སྟོན་པས་ལུང་བསྟན་པ། །བྲམ ཟེ་ཇི་ལྟར་སངས་རྒྱས་ཀྱི། །མཚན་ཉིད་བརྗོད་པ་རྙེད་པ་ནི། །སངས་རྒྱས་འདུ་བྱེད་འཇིག་པ་ཡི། །ཆོས་ཅན་འདས་པའི་དུས་ལ་གཟིགས། །དེ་བཞིན་མ་འོངས་དུས་དང་ནི།། དེ་བཞིན་ད་ལྟར་བྱུང་བ་གཟིགས། །མངོན་པར་ཤེས་བྱ་མངོན་ཤེས་བྱེད། །དེ་བཞིན་བསྒོམ་བྱ་སྒོམ་བྱེད་དང། །རབ་དང་སྤང་བྱ་སྤོང་བྱེད་གཟིགས། །དེས་ན་བྲམ་ཟེ སངས་རྒྱས་བརྗོད། །གང་ཞིག་ཅུང་ཟད་ཤེས་བྱ་བ། །ཐམས་ཅད་ང་ཡིས་རབ་ཏུ་མཁྱེན། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །དེས་ན་བྲམ་ཟེ་སངས་རྒྱས་སོ།། འདུ་བྱེད་འཆི་འཕོ་སྡུག་བསྔལ་བ། །འབའ་ཞིག་བསྐལ་པར་བསམ་བྱས་ནས། །དྲི་མ་རྡུལ་ཕྲལ་ཟུག་རྔུ་མེད། །བྱང་ཆུབ་འདི་ཐོབ་ང་སངས་རྒྱས། །དེ་ནས་བྲམ་ཟེ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །བཅོམ་ལྡན་འདས་ཀྱི་སྒྲ་ཡང་ཆོས་ཀྱི་ཕུང་པོ་ལས་དང་པོ་སྡུད་པར་བྱེད་པས་ངེས་ཚིག་ཇི་སྐད་དུ། བཅོམ ལྡན་འདས་ཞེས་བྱ་བ་དགེ་བའི་ཆོས་རྣམས་ཀྱི་སྐལ་པ་དང་ལྡན་པས་སམ། དགེ་བའི་ཆོས་བསྒོམ་པའི་སྐལ་པ་དང་ལྡན་པས་སམ། དགེ་བའི་ཆོས་རྣམས་བསྒོམ་པའི་སྐལ་པ་དང་ལྡན་པ་དེའི་ཕྱིར བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ལུས་བསྒོམས་པ། ཚུལ་ཁྲིམས་བསྒོམས་པ། སེམས་བསྒོམས་པ། ཤེས་རབ་བསྒོམས་པས་ཆེ་བའི་བདག་ཉིད་དཔག་ཏུ་མེད་ཅིང ཚད་མེད་པའི་ཆོས་དང་ལྡན་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་དབང་དང། ནུས་པ་དང། འགྲོ་བ་དང། མངའ་དབང་དང། རབ་ཀྱི་སྟོབས་དང། སྐལ བ་དང། དབང་བསྐུར་བ་མདའ་བས་དེ་ལ་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་འདོད་ཆགས་བཅོམ་པ་དང། ཞེ་སྡང་བཅོམ་པ་དང། གཏི་མུག་བཅོམ་པ་དང། འདིའི སྡིག་པ་མི་དགེ་བའི་ཆོས་ཉོན་མོངས་པ་དང། ཡང་སྲིད་པར་ནད་དང་བཅས་པ་དང་རྣམ་པར་སྨིན་པ་སྡུག་བསྔལ་བ་ལ་འོངས་པའི་སྐྱེ་བ་དང། རྒ་བ་དང། འཆི་བ་བཅོམ་པ་སྟེ། ཇི་སྐད་དུ། འདོད་ཆགས བཅོམ་ཞིང་ཞེ་སྡང་བཅོམ། །གཏི་མུག་བཅོམ་ཞིང་ཉོན་མོངས་སྤངས། །འདི་ཡི་སྡིག་པ་མི་དགེའི་ཆོས། །བཅོམ་པས་བཅོམ་ལྡན་ཞེས་བརྗོད་དོ། །ཞེས་བཤད་པས་བཅོམ་ལྡན་འདས་ཞེས་བྱ། ཡང་ན་སངས་རྒྱས བཅོམ་ལྡན་འདས་ཚངས་པར་སྤྱོད་པ་རབ་ཏུ་སྤྱད་ནས། སྔོན་རང་ཉིད་ཀྱིས་མ་ཐོས་ཤིང་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པའི་ཆོས་རྣམས་ཕྱིས་བྱང་ཆུབ་ཆེན་པོ་རྗེས་སུ་ཐོབ་ནས་མཐོང་ཞིང་ཆོས་མངོན པར་ཤེས་ཏེ། ཉན་ཐོས་རྣམས་ལ་ཆོས་རབ་ཏུ་འབྱེད་པ་དང། ཡང་དག་པར་རབ་ཏུ་འབྱེད་བ་དང། ལྷན་ཅིག་ཆོས་དང་ལྷན་ཅིག་བརྩོན་པ་བསྟེན་པར་བྱེད་དེ། ཇི་སྐད་དུ། གང་ཆོས་བརྩོན་པ་བསྟན་པའི་དེ་བཞིན གཤེགས། །སེམས་ཅན་ཀུན་ལ་ཐོགས་མེད་རྗེས་བརྩེ་བ། །དེ་འདྲ་ལྷ་དང་མི་ཡི་སྟོན་པ་ནི། །སྲིད་པའི་ཕ་རོལ་སོན་ལ་ལེགས་ཕྱག་འཚལ། ཞེས་བཤད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཞེས་བྱའོ། །ཡང་ན་ཉན་ཐོས གུས་པ་དང་བཅས་པའི་ཚིག་དང། ཞེས་དང་བཅས་པའི་ཚིག་བརྗོད་པས་རྗེས་སུ་མཐུན་པས་རབ་ཏུ་རིགས་པ་དེ་དག་དེ་བཞིན་གཤེགས་པ་ལ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཞེས་ཡང་དག་པར་བརྗོད་དེ། དེས་ན་བཅོམ་ལྡན་འདས་ཞེས་བྱའོ། །འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་ཞེས་བྱ་བ་ལ། བཅོམ་ལྡན་འདས་ན་ལཱནྡྲའི་ཨ་མྲའི་ཚལ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་གལ་བ་དེར་ཉེ་བར་སོང་སྟེ། ཉེ་བར་འོང ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལ་བདག་མངོན་པར་རབ་ཏུ་དད་དེ། དགེ་སྦྱོང་ངམ་བྲམ ཟེ་གཞན་གང་ཞིག་བཅོམ་ལྡན་འདས་ལས་མངོན་པར་ཤེས་པ་ཁྱད་པར་དུ་འཕགས་པ་གང་ཡང་མ་བྱུང་འབྱུང་བར་མི་འགྱུར། ད་ལྟར་ཡང་མེད་དེ། འདི་ལྟ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ བཙུན་པ་བཅོམ་ལྡན་འདས་ལ་བདག་འདི་ལྟར་མངོན་པར་རབ་ཏུ་དང་སྟེ། དགེ་སྤྱོད་ངམ་བྲམ་ཟེ་གཞན་གང་ཞིག་བཅོམ་ལྡན་འདས་ལས་མངོན་པར་ཤེས་པ་ཁྱད་པར་དུ་འཕགས་པ་གང་ཡང་མ་བྱུང། འབྱུང་བར་མི་འགྱུར། ད་ལྟར་ཡང་མེད་དེ། འདི་ལྟ་སྟེ། མངོན པར་རྫོགས་པར་བྱང་ཆུབ་པའོ་ཞེས་རྒྱ་ཆེ་བ་དང་དྲང་སྲོང་གི་དག་གི་བརྗོད་པ་མཐར་གཅིག་ཏུ་ངེས་པར་འཛིན་པ། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་ལེགས་སོ་ལེགས་སོ། །ཤཱ་རིའི་བུ་ཅི་གང་བྱུང་བར་གྱུར་པ་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང དག་པར་རྫོགས་པའི་སངས་རྒྱས་དེ་དག་སངས་རྒྱས་བཅོམ་ལྡན་འདས་འདི་ལྟ་བུའི་ཚུལ་ཁྲིམས་དང་ལྡན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདི་ལྟ་བུ་བྱུང། དེ་ལྟ་བུའི་ཤེས་རབ་དང། འདི་ལྟ་བུའི་མངོན་པར་ཤེས་པ་དང། འདི་ལྟ་བུའི་རྣམ་པར་གྲོལ་བ་དང། འདི་ལྟ་བུའི་མང་དུ་གནས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་བྱུང་ངོ་ཞེས་ཁྱོད་ཀྱིས་སེམས་ཀྱིས་དམིགས་ཤིང་རིག་གམ། བཙུན་པ་མ་ལགས་སོ། །གང་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས པའི་སངས་རྒྱས་དེ་དག་སངས་རྒྱས་བཅོམ་ལྡན་འདས་འདི་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པ། འདི་ལྟ་བུའི་ཆོས། འདི་ལྟ་བུའི་ཤེས་རབ། འདི་ལྟ་བུའི་མངོན་པར་ཤེས་པ། འདི་ལྟ་བུའི་རྣམ་པར་གྲོལ་བ། འདི་ལྟ་བུའི་མང་དུ་གནས་པ་དང། ལྡན་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་རོ་ཞེས་རིག་གམ། བཙུན་པ་མ་ལགས་སོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་འདི་ལྟ་བུའི་ཚུལ་ཁྲིམས་དང་ལྡན་པ། འདི་ལྟ བུའི་ཤེས་རབ། འདི་ལྟ་བུའི་རྣམ་པར་གྲོལ་བ། འདི་ལྟ་བུའི་མང་དུ་གནས་པ་དང་ལྡན་པ་ཞེས་བྱ་བར་ཡང་ཤེས་སམ། བཙུན་པ་མ་ལགས་སོ། །ཤཱ་རིའི་བུ་ཁྱོད་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེམས་ཀྱི་རྣམ་གྲངས་མི་ཤེས་ན་བསམ་པ་ཅིས་ཇི་སྟེ་བཙུན་པ་བཅོམ་ལྡན་འདས་ལ་བདག་མངོན་པར་རབ་ཏུ་དང་སྟེ། དགེ་སྦྱོང་ངམ་བྲམ་ཟེ་གཞན་གང་ཞིག་བཅོམ་ལྡན་འདས་ལས་མངོན་པར་ཤེས པ་ཁྱད་པར་དུ་འཕགས་པ་གང་ཡང་མ་བྱུང་འབྱུང་བར་མི་འགྱུར་ད་ལྟར་མེད་དེ། འདི་ལྟ་སྟེ་རྫོགས་པར་བྱང་ཆུབ་པ་ཞེས་བྱའོ་ཞེས་ངག་གི་བརྗོད་པ་དྲང་སྲོང་གི་ངག་གི་བརྗོད་པ་རྒྱ་ཆེ་བ་མཛའ་གཅིག་ཏུ་ངེས་པར་འཛིན་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ སྒྲོགས་བཙུན་པ་བདག་གིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་དག་གི་ཐུགས་ཀྱི་རྣམ་གྲངས་མ་འཚལ་མོད་ཀྱི། འོན་ཀྱང་ཆོས་ཀྱི་རྣམ་གྲངས་འཚལ་ཏེ། འདིར་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས བསྟན་པ་གང་བླ་ན་མེད་པ་གོང་ན་མེད་པ། གྱ་ནོམ་པ། ཆེས་གྱ་ནོམ་པ། དམན་པ་དང་ཁྱད་པར་དུ་འཕགས་པ་དཀར་པོ་དང་ནག་པོ་མི་འདྲ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་གསལ་བར་མཛད་དེ། ཇི་ལྟ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་པ་བླ་ན་མེད་པ། གོང་ན་མེད་པ། གྱ་ནོམ་པ། ཆེས་གྱ་ནོམ་པ། དམན་པ་དང་ཁྱད་པར་དུ་འཕགས་པའི་ཆོས་དཀར་པོ་དང་ནག་པོ་མི་འདྲ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱས་པར་གསལ་པར་མཛད་པ་དེ་ལྟར་བདག་ལ་ཆོས་གཅིག་མངོན་པར་ཡོངས་སུ་ཤེས་པ་དང། ཆོས་གཅིག སྤངས་པ་མངོན་པར་ཤེས་པ་དང། ཆོས་གཅིག་མངོན་སུམ་དུ་བྱ་བ་མངོན་པར་ཤེས་པ་དང། ཆོས་གཅིག་བསྒོམ་པ་མངོན་པར་ཤེས་པ་དང། ཆོས་རྣམས་ལ་རྟོགས་པ་ཉེ་བར་འགྲོལ་བ་དང། སྟོན་པ་ལ་རབ་ཏུ་དང་བར་གྱུར་ཅིང་ཡང་དག་པར་རྫོགས་པའི་སངས རྒྱས་བཅོམ་ལྡན་འདས་ལ་རྟག་ཏུ་ངོ་མཚར་བར་ཡང་ཤེས་སོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟ་བུའི་དྲི་བ་འབྱུང་སྟེ། འདས་པའི་དུས་ན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་ལས་ཁྱད་པར་དུ་འཕགས་པ་བྱུང་ངམ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པ་ལའོ་ཞེས་ཁྱོད་ལ་འདི་ལྟར་འདྲི་བ་དེ་ལ་ཇི་ལྟར་ལན་གདབ་པར་བྱ། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་དེ་ལྟར་འདྲི་བ་དེ་ལ་བདག་གིས་མེད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ འདི་སྐད་དུ་འདྲི་སྟེ། མ་འོངས་པའི་དུས་ན་གཞན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་ལས་ཆེས་ཁྱད་དུ་འཕགས་པར་འབྱུང་བར་འགྱུར་རམ། འདི་ལྟ་སྟེ། རྫོགས་པར་བྱང་ཆུབ་པ་ལའོ་ཞེས་འདི་སྐད་དུ་འདྲི་ན། ཤཱ་རིའི་བུ་ཇི་ལྟར་ལན་འདེབས། བཙུན་པ་བདག གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་འདྲི་བ་དེ་ལ་མེད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་དེ་འདི་སྐད་དུ་འདྲི་སྟེ། ཤཱ་རིའི་བུ་ད་ལྟར་བྱུང་བའི་དུས་ན་དགེ་སྦྱོང་ངམ་བྲམ་ཟེ་གཞན་ཁ་ཅིག་དགེ་སྦྱོང་གཽ་ཏ་མ ལས། ཁྱད་པར་འཕགས་པ་ཡོད་དམ། འདི་ལྟ་སྟེ་མངོན་པར་རྫོགས་པར་བྱང་ཆུབ་པ་ལའོ་ཟེར་ན། དེ་ལྟར་འདྲི་བ་དེ་ལ་ཤཱ་རིའི་བུ་ཇི་ལྟར་ལན་འདེབས། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདྲི་བ་དེ་ལ་མེད་དོ་ཞེས་ལན་གདབ་པར་བགྱིའོ།། ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ནས་འདི་ལྟར་འདི་སྟེ། ཤཱ་རིའི་བུ་འདས་པའི་དུས་ན་གཞན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་དང་འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པ ཡོད་དམ་ཞེས་འདི་ལྟར་འདྲི་ན། ཤཱ་རིའི་བུ་ཇི་ལྟར་ལན་གདབ། བཙུན་པ་ཁ་གཅིག་བདག་གི་དྲུང་དུ་ཉེ་བར་འོངས་ཏེ་འདྲི་ན་དྲི་བ་དེ་ལ་ཡོད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་སྟེ། ཤཱ་རིའི བུ་མ་འོངས་པའི་དུས་ན་གཞན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ་མ་དང་འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པ་འབྱུང་བར་འགྱུར་རམ་ཞེས་འདི་ལྟར་འདྲི་བ་དེ་ལ་ཤཱ་རིའི་བུ་ཇི་ལྟར་ལན་གདབ། བཙུན་པ་བདག་གི དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་དྲི་བ་དེ་ལ་བདག་གིས་ཡོད་དོ་ཞེས་ལན་གདབ་པར་བགྱིའོ། །ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་སྟེ། ཤཱ་རིའི་བུ་ད་ལྟར་བྱུང་བའི་དུས་ན་དགེ་སྦྱོང་ངམ་བྲམ་ཟེ་དགེ་སྦྱོང་གཽ་ཏ མ་དང་མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པ་ཡོད་དམ་ཞེས་དེ་ལྟར་འདྲི་ན་ཤཱ་རིའི་བུ་ཇི་ལྟར་ལན་གདབ་པར་བྱ། བཙུན་པ་བདག་གི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཏེ་འདི་ལྟར་འདྲི་ན་དྲི་བ་དེ་ལ་བདག་གིས་མེད་དོ་ཞེས་ལན་གདབ་པར་བགྱིའོ།། ཤཱ་རིའི་བུ་ཁྱོད་ཀྱི་དྲུང་དུ་ཁ་ཅིག་ཉེ་བར་འོངས་ཤིང་འདི་སྐད་དུ་འདྲི་སྟེ་ཤཱ་རིའི་བུ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་རྗེས་སུ་ཡི་རང་ལ་ཁ་ཅིག་རྗེས་སུ་ཡི་རང་བ་མ་ཡིན་པ་ཅིའི་ཕྱིར་ཞེས་འདི་ལྟར་འདྲི་ན། ཤཱ་རིའི་བུ་ཇི་ལྟར ཇི་སྐད་ལན་གདབ་པར་བྱ། བཙུན་པ་ཁ་ཅིག་བདག་གི་དྲུང་དུ་ཉེ་བར་འདས་ཏེ་འདི་ལྟར་འདྲི་ན་དྲི་བ་དེ་ལ་བདག་གིས་འདི་ལྟར་ལན་གདབ་པར་བྱ་སྟེ། འདས་པའི་དུས་ན་དགེ་སྤྱོད་ངམ་བྲམ་ཟེ་བཅོམ་ལྡན་འདས་དང་མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང མཉམ་པར་བྱུང་བར་གྱུར་ཏོ། །མ་འོངས་པའི་དུས་ན་གཞན་དགེ་སྦྱོངས་དང་བྲམ་ཟེ་བཅོམ་ལྡན་འདས་དང་མངོན་པར་བྱང་ཆུབ་པ་ལ་མཉམ་ཞིང་མཉམ་པ་འབྱུང་བར་འགྱུར་རོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། དེ་གང་སྔ་ཕྱི་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ན་གནས་མ་ཡིན་ཞིང་གོ་སྐབས་མེད་ལ། གང་ཞིག་འབྱུང་བ་ནི་གོ་སྐབས་ཡོད་དོ་ཞེས་བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་འབྱུང་ངོ། བཙུན་པ་བཅོམ་ལྡན་འདས་བླ་ན་མེད་པ་འདི་ལྟ་སྟེ་མངོན་པར་བྱང་ཆུབ་པའོ ངེས་བཅོམ་ལྡན་འདས་ཀྱི་མ་ལུས་པ་མངོན་པར་ཤེས་ཤིང་མ་ལུས་པ་མངོན་པར་རབ་ཏུ་ཁྱེད་ནས། དགེ་སྦྱོང་ངམ་བྲམ་ཟེ་བཅོམ་ལྡན་འདས་ལས་འདི་ལྟ་སྟེ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་མངོན་པར་ཤེས་པ་ཁྱད་པར་འཕགས་པ་དུས་ཕྱིས་མངོན་པར་ཤེས་པ་བྱ་བ་མངོན་པར་ཤེས་པ གཞན་མེད་དོ་ཞེས་མདོའི་དུམ་བུ་དེ་ལུང་རིང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་ཐ་མའི་མདོ་ལས་འབྱུང་ངོ། །དེ་ཉིད་སློབ་དཔོན་སྣ་ཚོགས་བློ་གྲོས་ཀྱིས་ཚིགས་བཅད་བཞི་བརྒྱ་པར་འགོད་དེ། ཉན་ཐོས་ཀུན་གྱི་ཏོག་གྱུར་པ། ཁྱོད་ཀྱི་ཆོས་ཀྱི་དེད་དཔོན་པོ། །བླ་ན་མེད་པ་རྗེས་སྨྲ བས། ཁྱོད་ལ་དངོས་སུ་ཉེ་བར་གནས་ཏེ། །སངས་རྒྱས་ཆོས་ཟབ་བཤད་པ་ལ། །རྗེས་སུ་རིགས་པར་སངས་རྒྱས་ཀྱི། །ཆོས་ཤེས་པ་དེ་མིན་ཞེས་སྨྲས་ཞེས་བཤད་དོ། །ཡུལ་དང་དུས་ཤིན་ཏུ་བསྐལ་པ་དང་དོན་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ། གནས་བརྟན་ཤཱ་རིའི བུས་སྐྱེས་བུ་གཞན་འགའ་ཞིག་གི་སྔོན་དང་ཕྱིས་ཀྱི་མཛའ་མ་ཤེས་པས་ཕྱོགས་གཅིག་པ་བཅོམ་ལྡན་འདས་དང་ཤཱ་རིའི་བུ་བཞུགས་སོ། །ཇི་ཙམ་ན་སྐྱེས་བུ་གཞན་ཞིག་འཆི་བའི་དུས་བྱེད་པ་ན་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི བུ་འདི་གང་དུ་སྐྱེ་བ་ལྟོས་ཤིག་། དེ་བསམ་གཏན་བཞི་པའི་ས་པའི་ལྷའི་མིག་མངོན་སུམ་དུ་བྱས་ཏེ་བལྟས་པ་ན་དེ་ཙམ་དུ་བསྐལ་པའི་སྐྱེ་བ་ཇི་ཙམ་པ་ཡུལ་དུ་མ་གྱུར་ཏོ། །ཏིང་ངེ་འཛིན་ལས་འདས?་ཏེ། བཅོམ་ལྡན་འདས་མ་འཚལ་ཏོ་ཞེས་སྨྲས་སོ། །བཅོམ ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ཇི་ཙམ་དུ་མཐོང་བ་དེ་ལས་འདས་ཏེ། འཇིག་རྟེན་གྱི་ཁམས་འདི་ཞེས་བྱ་བར་བུད་མེད་ཆེ་གེ་མོ་ཞེས་བྱ་བའི་མངལ་དུ་སྐྱེས་སོ་ཞེས་བཀའ་སྩལ་ཏོ། །ཡང་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ ཤཱ་རིའི་བུས་ཕྱོགས་གཅིག་བཞུགས་སོ། །ཇི་ཙམ་ན་སྐྱེས་བུ་གཞན་ཞིག་མངོན་དུ་ཕྱོགས་ཏེ་འོངས?་སོ་།དེ་ལ་བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བོས་ཏེ། ཤཱ་རིའི་བུ་སྐྱེས་བུ་འདི་ཁྱོད་ལ་ཡུན་རིང་པོ་བརྟེན་པ་ལ་ལྟོས། དེས་བསམ་གཏན་བཞི་པའི་ས་པའི་སྔོན་གྱི གནས་རྣམ་པ་དུ་མ་རྗེས་སུ་དྲན་པའི་མངོན་པར་ཤེས་པ་མངོན་དུ་བྱས་ཏེ་བལྟས་པ་དེ་སྲིད་དུ་སྔོན་ཡུན་རིང་དུ་བསྟེན་པ་ཇི་ཙམ་པ་ཡུལ་དུ་མ་གྱུར་ཏོ། །དེ་ཏིང་ངེ་འཛིན་ལས་ལངས་ནས་བཅོམ་ལྡན་འདས་མ་འཚལ་ཏོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས བཀའ་སྩལ་པ། ཇི་ཙམ་ཁྱོད་ཀྱིས་མངོན་པ་དེ་ལས་འདས་ཏེ། ཆེ་གེ་མོ་ཞེས་བྱ་བའི་རིགས་དང་ཆེ་གེ་མོ་ཞེས་བྱ་བའི་གཉེན་འདུན་དུ་སྐྱེས་སོ་ཞེས་བཀའ་སྩལ་ཏོ། །ཡང་མངོན་པར་འདུ་བྱ་བ་ཆེན་པོས་ཡུན་རིང་དུ་བལྟས་ཀྱང་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མ མཐོང་བ་གནས་བརྟན་ཤཱ་རིའི་བུ་ལ་རབ་ཏུ་འབྱུང་བའི་ཕྱིར་འོངས་པ་ལས་བཤད་པ། ངས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་དག་།འབྱུང་ཁུང་རྡོ་ཡི་གསེབ་ན་གསེར། །བག་ལ་ཞ་བ་ལྟ་བུར་གཟིགས། །བསམ་གཏན་ཤེས་རབ་བདག་ཉིད་དྲོས། །གཉིས ཀྱིས་ཐར་པ་ཐོབ་ནས་ནི། །རང་གི་བྱ་བ་ཁྱོད་ཀྱི་ནི། །མངོན་དུ་དེ་ཡིས་ཐོབ་པར་འགྱུར། །སྤྲོ་བ་ཐོབ་ཀྱང་ལས་འདི་ལ། །འབྲས་བུ་རྩོམ་པ་མེད་པར་མིན། །རྡོ་ཡི་ནང་དུ་གནས་པའི་གསེར། །མ་བཞུས་འབྱུང་བར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་ནས ཉིན་ཞག་དེ་ལ་དགྲ་བཅོམ་པ་ཐོབ་ཅེས་རྒྱས་པར་ཇི་ལྟར་བཙུན་པ་གཞོན་ནུ་ལེན་གྱི་དཔེའི་ཕྲེང་བ་ལས་དྲུག་པ་དང་བཅུ་པའི་དྲུག་པ་ལས་སྟག་གིས་འཇིགས་པའི་དཔེ་ལས་བཤད་དོ། །གནས་བརྟན་མཽངྒལ་གྱི་བུ་ཆེན་པོ་ཡང་ཇི་ལྟར་ཡི་དྭགས་ལྔ་བརྒྱའི་དོན་དུ གཉེར་བ་བསྒྲུབས་ནས་མ་གནས་པའི་ས་དྲིས་པ་ལས་དེ་དག་ལས་ཀྱི་རླུང་གི་ཤུགས་ཀྱིས་འཕངས་ཏེ་འབད་པ་ཆེན་པོས་གདུངས་ཀྱང་མ་ཤེས་སོ། །བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོའི་རང་གི་ཤེས་པ་སྔོན་དུ་བཏང་ནས་ལྷར་སྐྱེས་ཤིང་གནས་སོ་ཞེས་གཏམ་རྒྱུད་བརྒྱ པ་ལས་ལྔ་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་བ་ལས་འབྱུང་ངོ། །ལམ་མ་གཏོགས་པ་འདུས་བྱས་རྣམས། ཟག་བཅས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ནས་བཀའ་སྩལ་པ། དགེ་སློང་དག་ལེགས པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་བཤད་པར་བྱའོ། །ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། གཟུགས་གང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྐྱེ་བ དང། ཇི་སྲིད་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྐྱེ་བ་འདི་ནི་ཟག་པ་དང་བཅས་པ་ཞེས་བྱའོ། །གཟུགས་གང་འདས་པ་དང་མ་འོངས་པ་དང་ད་ལྟར བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་སྐྱེ་བ་དང། ཇི་སྲིད་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བ་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་སྐྱེ་བ་འདི་ནི་ཟག་པ་མེད་པ་ཞེས་བྱའོ། །དགེ་སློང དག?་ངས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཇི་སྐད་བཤད་པ་འདིར་རབ་ཏུ་བཤད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཨོ། །འདིར་མདོ་ལས་གཟུགས་གང་འདས་པ་དང་མ་འོངས་པ་དང་ ད་ཨ་ལྟར་བྱུང་བ་ལ་རྫས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་སྐྱེ་བ་ཞེས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་རང་གི་རིས་ཙམ་ལ་དམིགས་པས་རྒྱས་པ་སྐྱེ་བ་གཅིག་ཅིང་ལོག་པར་ལྟ་བ་ལམ་གྱི་བདེན་པ་དམིགས་ཀྱང་དེའི་གཉེན་པོ་ཡིན་པས་མི་རྒྱུས་པས་ཟག་པ་མེད་པ ཞེས་བཤད་པར་འགྱུར་རོ། །འོ་ན་གང་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་གང་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་འབྱུང་བ་དང། ཆོས་སྦྱིན་གྱི་མདོ་ལས། དེ་ལ་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་འདོན་པ་དོན་ལ་ཁྱད་པར་མེད་དོ། །དེ་ཇི་ལྟར་ཞེ་ན བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་དེའི་དུས་ན་དགེ་སློང་མ་ཆོས་སྦྱིན་མཉན་ཡོད་ན་རྒྱལ་པོའི་ཀུན་དགའ་ར་བ་ན་དགེ་སློང་མའི་དབྱར?་ཁང་ན་གནས་སོ། །དེ་ནས་ཚེ་དང་ལྡན་པས ག་དགེ་སློང་མ་ཆོས་སྦྱིན་གང་ན་བ་དེར་ཉི་བར་འོངས་ཏེ། དགེ་སློང་མ་ཆོས་སྦྱིན་གྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་དགེ་བསྙེན་ས་གས་དགེ་སློང་མ་ཆོས་སྦྱིན་ལ་འདི་སྐད་ཅེས་གསོལ་ཏོ། ། འཕགས་མ་དྲི་བ་ལུང་སྟོན་པ་ལ་སྐབས་འབྱེད་ན་ཕྱོགས་འགའ་ཞིག་ཡོངས་སུ་འདྲིའོ། །ཚེ་དང་ལྡན་པ་ས་ག་ཉོན་ཅིག་དང་དྲི་བ་རིག་པར་བྱའོ། །འཕགས་མ་འཇིག་ཚོགས་ཞེས་བརྗོད་པ་དང། འཇིག་ཚོགས་ཀུན་འབྱུང་བ་ཞེས་བརྗོད་པ་དང། འཇིག ཚོགས་འགོག་པ་ཞེས་བརྗོད་པ། འཕགས་མ་འཇིག་ཚོགས་ནི་གང་།འཇིག་ཚོགས་ཀུན་འབྱུང་བ་དང། འཇིག་ཚོགས་འགོག་པ་ནི་གང། ཚེ་དང་ལྡན་པ་ས་ག་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་འཕགས་པའི་ཆོས་ཀྱི་གསུང་རབ་ལས་འཇིག་ཚོགས ཞེས་བྱའོ། །ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །འཇིག་ཚོགས་ལ་ལྟ་བ་ཀུན་འབྱུང་ཅན་ནི་མང་སྲིད་པར་དགའ་བའི་འདོད་ཆགས་དང་ལྷན ཅིག་པའི་སྲིད་པ་སྟེ། དེ་དང་དེ་ལ་མངོན་པར་དགའ་བའོ། །འཇིག་ཚོགས་འགོག་པ་ནི་ཡོད་སྲིད་པར་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་དེ་དང་དེ་ལ་མངོན་པར་དགའ་བ་མ་ལུས་པ་སྤངས་ཤིང་ངེས་པར་འབྱུང་བ་ཟད་པ་འདོད་ཆགས་དང བྲལ་བ་འགོག་པ་ཉེ་བར་ཞི་བ་གྲུབ་པའོ། །འཕགས་མ་ཇི་ལྟར་འཇིག་ཚོགས་ལ་ལྟ་བ་འབྱུང་བར་འགྱུར་ཞེ་ན། ཚེ་དང་ལྡན་པ་ས་ག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་གཟུགས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང། གཟུགས་བདག་དང་ལྡན། བདག་ལ་གཟུགས་ཡོད། གཟུགས ལ་བདག་གནས་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་བདག་ཡིན་རྣམ་པར་ཤེས་པ་བདག་དང་ལྡན། བདག་ལ་རྣམ་པར་ཤེས་པ་ཡོད། རྣམ་པར་ཤེས་པ་ལ་བདག་གནས་ཞེས་ཡང་དག་པར་རྗེས སུ་མཐོང་སྟེ། འཇིག་ཚོགས་ལ་ལྟ་བ་ཀུན་འབྱུང་བར་འགྱུར་རོ། །འཕགས་པ་ཇི་ལྟར་འཇིག་ཚོགས་ལ་ལྟ་བ་འབྱུང་བར་མི་འགྱུར་ཞེ་ན། ཚེ་དང་ལྡན་པ་ས་ག་འཕགས་པ་ཉན་ཐོས་ཐོས་པ་ལྡན་པས་གཟུགས་བདག་ཡིན། གཟུགས་བདག་དང་ལྡན། བདག་ལ་གཟུགས ཡོད་གཟུགས་ལ་བདག་གནས་ཞེས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་བདག་ཡིན། རྣམ་པར་ཤེས་པ་བདག་དང་ལྡན། བདག་ལ་རྣམ་པར་ཤེས་པ་ཡོད། རྣམ་པར་ཤེས་པ་ལ་བདག་གནས་ཞེས་ཡང དག་པར་རྗེས་སུ་མི་མཐོང་སྟེ། དེས་ན་འཇིག་ཚོགས་ལ་ལྟ་བ་ཀུན་འབྱུང་བར་མི་འགྱུར་རོ། །འཕགས་མ་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་ཞེས་བརྗོད་པ། འཕགས་མ་ཅི་ཕུང་པོ་གང་ཡིན་པ་དེ་ཉིད་ཉེ་བར་ལེན་པའི་ཕུང་པོ་ཡིན་ནམ། འོན་ཏེ་ཕུང་པོ་གཞན་ཉིད་ཡིན ཞིང་ཉེ་བར་ལེན་པའི་ཕུང་པོ་ཡང་གཞན་ཉིད་ཡིན། ཚེ་དང་ལྡན་པས་གཉེ་བར་ལེན་པའི་ཕུང་པོ་གང་ཡིན་པ་ནི་ཕུང་པོ་ཡིན་ནོ། །ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་ནོ། །ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ཡིན་པ་ནི་གང། ཕུང་པོ་ཡིན་ལཎྜེ་བར་ལེན་པའི་ཕུང་པོ་མ་ཡིན་པ་ནི་གང ཞེ་ན། ཚེ་དང་ལྡན་པ་ས་ག་གཟུགས་གང་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་དང། ཚོར་བ་དང། །འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་གང་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་འདི་ཕུང་པོ་ཡང་འདི་ཡིན་ ཡང་འདི་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་ཡང་ཡིན་ནོ། །གཟུགས་གང་ཟག་པ་མེད་ཅིང་ཉེ་བར་ལེན་པ་མེད་པ་དང། ཚོར་པ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཟག་པ་མེད་ཅིང་ཉེ་བར་ལེན་པ་མེད་པ་འདི་ནི་ཕུང་པོ་ཡིན ལ་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་ཞེས་བྱའོ། །འཕགས་མ་གང་འདི་ཕུང་པོ་གསུམ་པོ་ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང། ཤེས་རབ་ཀྱི་ཕུང་པོ་དང། གང་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་འབྱུང་བ ཅི་ཕུང་པོ་གསུམ་གྱི་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་སམ། འོན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཕུང་པོ་གསུམ་བསྡུས། ཚེ་དང་ལྡན་པ་ས་ག་ཕུང་པོ་གསུམ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྡུས་ཀྱི། འཕགས་པའི ལམ་ཡན་ལག་བརྒྱད་ཀྱིས་ནི་ཕུང་པོ་གསུམ་བསྡུས་པ་མ་ཡིན་ནོ། །ཇི་ལྟར་ཕུང་པོ་གསུམ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་བསྡུས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ཕུང་པོ་གསུམ་མ་བསྡུས་ཞེ་ན། ཚེ་དང་ལྡན་པ་ས་གང་ལ ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་དག་ནི་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོར་བཤད་དོ། །གང་ཡང་ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ནི་བཅོམ་ལྡན་འདས་ཀྱིས་ཏིང་ངེ འཛིན་གྱི་ཕུང་པོར་བཤད་དོ། །གང་ཡང་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་རྩོལ་བ་ནི་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕུང་པོར་བཤད་དོ། །ཚེ་དང་ལྡན་པ་ས་ག་དེས་ན་ཕུང་པོ་གསུམ་གྱིས་འཕགས་པའི་ལམ ཡན་ལག་བརྒྱད་བསྡུས་ཤིང་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱིས་ནི་ཕུང་པོ་གསུམ་མ་བསྡུས་པར་རིག་པར་བྱའོ། །འཕགས་མ་ལམ་འདུས་བྱས་སམ་འོན་ཏེ་འདུས་མ་བྱས་པ། ཚེ་དང་ལྡན་པ་ས་ག་འདུས་བྱས་སོ། །འཕགས་མ་འགོག་པ་འདྲ་བ ཡིན་ནམ། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ། །འཕགས་མ་བསམ་གཏན་དང་པོ་ཡན་ལག་དུ་ཞིག་དང་ལྡན། །ཚེ་དང་ལྡན་པ་ས་ག་ཡན་ལག་ལྔ་དང་ལྡན་ཏེ། རྟོག་པ་དང། དཔྱོད་པ་དང། དགའ་བ་དང། བདེ་བ་དང། སེམས རྩེ་གཅིག་པའོ། །འཕགས་པ་ཏིང་ངེ་འཛིན་དང། ཏིང་ངེ་འཛིན་གྱི་རྒྱུ་མཚན་དང། ཏིང་ངེ་འཛིན་གྱི་སྟོབས་དང། ཏིང་ངེ་འཛིན་སྒོམ་པ་ཞེས་འབྱུང་བ། འཕགས་མ་ཏིང་ངེ་འཛིན་ནི་གང། ཏིང་ངེ་འཛིན་རྒྱུ་མཚན་དང། ཏིང་ངེ་འཛིན་གྱི་སྟོབས་དང། ཏིང་ངེ་འཛིན་སྒོམ་བ་ནི གང། ཚེ་དང་ལྡན་པ་ས་ག་དགེ་བའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཏོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་ཏིང་ངེ་འཛིན་གྱི་རྒྱུ་མཚན་ནོ། །ཡང་དག་པར་སྤོང་བ་བཞི་ནི་ཏིང་ངེ་འཛིན་གྱི་སྟོབས་སོ། །ཆོས་འདི་རྣམས་ཉིད་ལ་བསྙེན་པར་བྱེད། ཉེ་བར་བསྙེན་པར་བྱེད། གནས་པར་བྱེད། སྒོམ་ཞིང་སྦྱོར་བ་ནི་ཏིང་ངེ་འཛིན་གྱི་སྒོམ་པ་ཞེས་བྱའོ། །འཕགས་མ་འདུ་བྱེད་འདུ་བྱེད་ཅེས་འབྱུང་བ། འཕགས་མ་འདུ་བྱེད་རྣམས་གང། ཚེ་དང་ལྡན་པ་ས་ག་ལུས་ཀྱི་འདུ་བྱེད་དང། ངག་གི་འདུ་བྱེད་དང། ཡིད་ཀྱི་འདུ་བྱེད་དང་གསུམ་མོ།། འཕགས་མ་ལུས་ཀྱི་འདུ་བྱེད་གང། ངག་གི་འདུ་བྱེད་གང། ཡིད་ཀྱི་འདུ་བྱེད་གང། ཚེ་དང་ལྡན་པ་ས་ག་དབུགས་འབྱུང་བ་དང་རྡུབ་བ་ནི་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །རྟོག་པ་དང་དཔྱོད་པ་ནི་ངག?་གི་འདུ་བྱེད་ཅེས་བྱའོ། །འདུ་ཤེས་དང་སེམས་པ་ནི་ཡིད་ཀྱི་འདུ་ཤེས ཅེས་བྱའོ། །འཕགས་མ་དབུགས་འབྱུང་བ་དང་རྡུབ་པ་ཅིའི་ཕྱིར་ལུས་ཀྱི་འདུ་བྱེད་ཅེས་བྱ། འཕགས་མ་རྟོགས་པ་དང་དཔྱོད་པ་ཅིའི་ཕྱིར་ངག?་གི་འདུ་བྱེད་ཅེས་བྱ། འདུ་ཤེས་དང་སེམས་པ་ཅིའི་ཕྱིར་ཡིད་ཀྱི་འདུ་བྱེད་ཅེས་བྱ། ཚེ་དང་ལྡན་པ་ས་ག་དབུགས་འབྱུང་བ་དང རྡུབ་པ་ནི་ལུས་ཀྱི་ཆོས་ཏེ། ལུས་ལ་བརྟེན་པ་ལུས་དང་འབྲེལ་པ་ལུས་ལ་བརྟེན་ཏེ་རབ་ཏུ་འཇུག་པས་དེའི་ཕྱིར་དབུགས་འབྱུང་བ་དང་རྡུབ་པ་ལུས་ཀྱི་འདུ་བྱེད་ཅེས་བྱའོ། །རྟོག་པ་དང་དཔྱོད་པས་ནི་བརྟགས་ཤིང་དཔྱད་ནས་སྨྲས་པ་དེའི་ཕྱིར་རྟོག་པ་དང་དཔྱོད་པ་ལ་ངག?་གི་འདུ བྱེད་ཅེས་བྱའོ། །འདུ་ཤེས་དང་སེམས་པ་ནི་སེམས་ལས་འབྱུང་བའི་ཆོས་ཏེ། སེམས་ཀྱི་རྗེས་སུ་འགྲོ་བ་སེམས་ལ་བརྟེན་པ་སེམས་དང་འབྲེལ་པ་སེམས་ལ་རབ་ཏུ་བརྟེན་ནས་འཇུག་པས་དེའི་ཕྱིར་འདུ་ཤེས་དང་སེམས་བ་ལ་ཡིད་ཀྱི་འདུ་བྱེད་ཅེས་བྱའོ། །འཕགས མ་གང་གི་ཚེ་ཆོས་ངེས་ལུས་བོར་ནས་སེམས་མེད་པའི་ཤིང་བཞིན་དུ་གནས་པ་དེའི་ཚེ་ལུས་བཏང་ནས་གནས་པར་འགྱུར་བའི་ཆོས་དེ་གང་ཞེ་ན། ཚེ་དང་ལྡན་པ་ས་ག་ཚེ་དང་དྲོད་དང་རྣམ་པར་ཤེས་པ་གསུམ་གྱིས་ཏེ། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི འདོར་བྱེད་ཅིང། ཁོར་ནས་དེ་ཚེ་གནས་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །འཕགས་མ་ཤི་ཞིང་དུས་ལས་འདས་པ་དང?་འགོག་པ་ལ་སྙོམས་པར་ཞུགས་པ་བསམ་པ་འམ་རྒྱུ་ཐ་དད་པ་འམ། ཁྱད་པར་འགའ་ཞིག་ཡོད་དམ། ཚེ་དང་ལྡན་པ་ས་ག་ཤི་ཞིང་དུས ལས་འདས་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་བསམ་པ་འམ་རྒྱུ་ཐ་དད་པ་འམ། ཁྱད་པར་རྣམ་པ་མང་དུ་ཡོད་དེ། ཚེ་དང་ལྡན་པ་ས་ག་ཤི་ཞིང་དུས་ལས་འདས་པ་ནི་ལུས་ཀྱི་འདུ་བྱེད་འགགས་ཤིང་སེམས་ཀྱི་འདུ་བྱེད་དང་ངག་གི་འདུ་བྱེད་འགགས་པར་གྱུར་ལ ཚེ་དང་དྲོད་དང་བྲལ་ཞིང་དབང་པོ་རྣམས་གཞན་དུ་གྱུར་ཅིང་རྣམ་པར་ཤེས་པ་ལུས་ལས་འདའ་བར་འགྱུར་རོ། །འགོག་པ་ལ་སྙོམས་པར་ཞུགས་པ་ནི་ལུས་ཀྱི་འདུ་བྱེད་འགག་པར་འགྱུར་ཞིང་ངག?་གི་འདུ་བྱེད་དང་སེམས་ཀྱི་འདུ་བྱེད་འགག་པར་འགྱུར་ཡང་ཚེ་དང་དྲོད། འགག་པར་མི?་འགྱུར་ཞིང་དབང་དུ་གཞན་དུ་འགྱུར་བ་དང། རྣམ་པར་ཤེས་པ་ལུས་ལས་འདའ་བར་མི་འགྱུར་རོ། །གང་ཚེ་དང་ལྡན་པ་ས་ག་ཤི་ཞིང་དུས་ལས་འདས་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་འདིའི་བསམ་པ་དང་རྒྱུ་དང་ཁྱད་པར་ཡིན ནོ། །འཕགས་མ་ཇི་ལྟར་འགེག?་པ་ལ་སྙོམས་པར་འཇུག་པར་འགྱུར། ཚེ་དང་ལྡན་པ་ས་ག་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ན་བདག་འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་པར་བྱའོ་སྙམ་མི་སེམས་ཀྱང་འདིའི་སེམས་སྔོན་དེ ལྟ་དེ་ལྟར་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་བ་བྱས་ཇི་ལྟ་ཇི་ལྟར་དེ་དང་དེ་ལ་ཉེ་བར་གནས་པར་འགྱུར་རོ། །འཕགས་མ་ཇི་ལྟར་འགོག་པ་ལས་ལྡང་བར་འགྱུར་རོ། །ཚེ་དང་ལྡན་པ་ས་ག་དགེ་སློང་འགོག་པ་ལ་གནས་པ་ལྡང་བ་ན་འདི་ལྟར་བདག་འགོག་པ་ལས་ལངས་ཤིང་ལྡང་བར་བྱའོ་སྙམ་དུ་མི་སེམས་ཀྱང་འདི་སེམས སྔོན་ཉིད་དུ་དེ་ལྟ་དེ་ལྟར་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱང་བ་བྱས་པ་ཇི་ལྟ་ཇི་ལྟར་དེ་དང་དེ་ལ་རེ་བར་གནས་པར་འགྱུར་རོ། །འཕགས་མ་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ནི་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། སེམས་ཀྱི འདུ་བྱེད་ཀྱི་ཆོས་དུ་ཞིག་དང་པོ་ཉིད་དུ་འགག་པར་འགྱུར། ཚེ་དང་ལྡན་པ་ས་ག་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་དང་པོ་ཉིད་དུ་ངག?་གི་འདུ་བྱེད་འགག་པར་འགྱུར་རོ། །དེ་ནས་ནི་ལུས་དང་ཡིད་ཀྱི་འདུ་བྱེད་དོ། །འཕགས་མ་དགེ་སློང་འགོག པ་ལ་སྙོམས་པར་ཞུགས་པ་ལངས་པ་ན་དང་པོ་ཉིད་དུ་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ་ཡིད་ཀྱི་འདུ་བྱེད་ཀྱི་ཆོས་དུ་ཞིག་སྐྱེ་བར་འགྱུར་ཞེ་ན། ཚེ་དང་ལྡན་པ་ས་ག་དགེ་སྦྱོང་འགོག་པ་ལ་སྙོམས་པར་ཞུགས་པ་ལས་ལངས་པ་ན་དང་པོ ཉིད་དུ་ཡིད་ཀྱི་འདུ་བྱེད་སྐྱེ་བར་འགྱུར་རོ། །དེ་ནས་ནི་ལུས་དང་ངག་གི་འདུ་བྱེད་དོ། །འཕགས་མ་དགེ་སློང་འགོག་པ་ལས་ལངས་པ་སེམས་ཞིང་ལ་གཞོལ་ཞིང་ཞིང་ལ་འབབ་པ་དང་གང་ལ་བབ་པར་འགྱུར། ཚེ་དང་ལྡན་པ་ས་ག་དགེ་སློང་འགོག པ་ལས་ལངས་པའི་སེམས་དབེན་པ་ལ་གཞོལ་བ་དང། དབེན་པ་ལ་འབབ་པ་དང། དབེན་པ་ལ་བབ་པར་འགྱུར་རོ། །ཐར་པ་ལ་གཞོལ་ཞིང་ཐར་པ་ལ་འབབ་པ་དང་ཐར་པ་ལ་བབ་པར་འགྱུར་རོ། །མྱ་ངན་ལས་འདས་པ་ལ་གཞོལ་ཞིང་མྱ་ངན་ལས འདས་པ་ལ་འབབ་པ་དང། མྱ་ངན་ལས་འདས་པ་ལ་བབ་པར་འགྱུར་རོ། །འཕགས་མ་དགེ་སློང་འགོག་པ་ལས་ལངས་པ་རེག་པ་གང་ལ་རེག་།ཚེ་དང་ལྡན་པ་ས་ག་མི་གཡོ་བ་དང། ཅུང་ཟད་མེད་པ་དང། མཚན་མ་མེད་པ་གསུམ་ལའོ། །འཕགས མ་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ཆོས་མང་པོ་དུ་ཞིག་བྱེད་པར་འགྱུར། ཚེ་དང་ལྡན་པ་ས་ག་དྲི་པ་འདི་ནི་ཐོག་མ་ཉིད་དུ་དྲི་བར་བྱ་བ་དང་ད་ལྟར་བྱས་ཀྱང་ལུང་བསྟན་པར་བྱའོ། །དགེ་སློང་འགོག་པ་ལ་སྙོམས་པར ཞུགས་པ་ཆོས་གཉིས་ཀྱིས་མང་པོ་བྱེད་པར་འགྱུར་ཏེ། ཞི་གནས་དང། ལྷག་མཐོང་ངོ། །འཕགས་མ་ཚོར་བ་གང། ཚེ་དང་ལྡན་པ་ས་ག་གསུམ་སྟེ། བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། འཕགས་མ་བདེ་བའི་ཚོར་བ་ནི་གང། སྡུག་བསྔལ་བའི་ཚོར་བ་ནི་གང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་གང། ཚེ་དང་ལྡན་པ་ས་ག་བདེ་བའི་ཚོར་བའི་རིག་པ་ལས་སྐྱེས་པ་ལུས་དང་སེམས་ཀྱི་བདེ་བ་དང་དགའ་བ་མྱོང་བ་ནི་བདེ པའི་ཚོར་བ་ཞེས་བྱའོ། །གང་སྡུག་བསྔལ་མྱོང་བའི་རེག་བྱ་རེག་པ་ལས་སྐྱེས?་པ་ལུས་དང་སེམས་ཀྱི་སྡུག་བསྔལ་བ་དང་མི་བདེ་བ་ཚོར་ཞིང་རིག་པ་ནི་སྡུག་བསྔལ་གྱི་ཚོར་བ་ཞེས་བྱའོ། །གང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་རེག་བྱ རེག་པ་ལས་སྐྱེས་པ་ལུས་དང་སེམས་ཀྱི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང། དགའ་བ་ཡང་མ་ཡིན་པ་དང་མི་དགའ་བ་ཡང་མ་ཡིན་པ་མྱོང་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཞེས་བྱའོ། །འཕགས་མ་བདེ་བའི་ཚོར་བ ལ་གང་ཞིག་རྒྱས་པར་འགྱུར། སྡུག་བསྔལ་གྱི་ཚོར་བ་ལ་གང་ཞིག་རྒྱས་པར་འགྱུར། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གང་ཞིག་རྒྱས་པར་འགྱུར། ཚེ་དང་ལྡན་པ་ས་ག་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ། །འཕགས་མ་བདེ་བའི་ཚོར་བ་ཐམས་ཅད་ལ་འདོད་ཆགས་རྒྱས་པར་འགྱུར་རམ། སྡུག་བསྔལ་གྱི ཚོར་བ་ཐམས་ཅད་ལ་ཞེ་སྡང་རྒྱས་པར་འགྱུར་རམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཐམས་ཅད་ལ་གཏི་མུག་རྒྱས་པར་འགྱུར་རམ། ཚེ?་དང་ལྡན་པ་ས་ག་བདེ་བའི་ཚོར་བ་ཐམས་ཅད་ལ་འདོད་ཆགས་རྒྱས་པ་མ་ཡིན་ལ། སྡུག་བསྔལ གྱི་ཚོར་བ་ཐམས་ཅད་ལ་ཞེ་སྡང་རྒྱས་པ་མ་ཡིན་ཞིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཐམས་ཅད་ལ་གཏི་མུག་རྒྱས་པ་མ་ཡིན་མོད་ཀྱི། བདེ་བའི་ཚོར་བ་གང་ལ་འདོད་ཆགས་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཡོད་ལ། སྡུག བསྔལ་གྱི་ཚོར་བ་གང་ལ་ཞེ་སྡང་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཡོད་ལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཡང་ཡོད་དོ། །འཕགས་མ་བདེ་བའི་ཚོར་བ འདོད་ཆགས་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་གང། ཚེ་དང་ལྡན་པ་ས་ག་འདི་ལ་འཕགས་པ་ཉན་ཐོས་འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས?་པའི དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་བ་སེམས་ཀྱི་རྣམ་པ་གཅིག་ཏུ་གྱུར་ནས་རྟོག་པ་མེད་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་ནས་བཏང་སྙོམས་སུ་གནས་ཏེ་དྲན་པ་དང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་སོ་སོར་མྱོང་ཞིང་གང་འཕགས་པ་རྣམས་ཀྱི་བཏང་སྙོམས་པའོ ཞེས་བརྗོད་པ་དྲན་པ་དང་བདེ་བར་གནས་པ་བསམ་གཏན་གསུམ་པ་ཉེ་པར་བསྒྲུབས་ཏེ་གནས་སོ། །འདི་ནི་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཞེས་བྱའོ། །འཕགས་མ་སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་གང་། ཚེ་དང་ལྡན་པ་ས་ག་འདི་ལ་འཕགས་པ་ཉན་ཐོས་ཐར་པ་བླ་མ་ལ་འདོད་པ་སྐྱེད་དེ་བདག་ནམ་དེའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར། གང་གི་ཚེ་འཕགས་པའི་སྐྱེ་མཆེད་ཉེ་བར་བསྒྲུབས ནས་གནས་ཞེས་ཐར་པ་བླ་མ་འདོད་པ་དང། དོན་དུ་གཉེར་བ་དང། ཡོངས་སུ་གདུང་བ་དང། ཡིད་མི་བདེ་བ་འདི་ནི་སྡུག་བསྔལ་གྱི་ཚོར་བ་ཞེ་སྡང་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་ཞེས་བྱའོ། །འཕགས་མ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ་གང་ཞེ་ན། ཚེ་དང་ལྡན་པ་ས་ག་འདི་ལ་འཕགས་པ་ཉན་ཐོས་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང་སྔ་མ་བཞིན་དུ་ཡིད་བདེ་བ་དང་མི་བདེ་བ་ནུབ་ཅིང་བདེ་བ་ཡང་མ ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདི་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་མི་འགྱུར་ཞིང་སྤོང་བར་འགྱུར་བ ཞེས་བྱའོ། །འཕགས་མ་བདེ་བའི་ཚོར་བ་ཅིས་བདེ་བ་ཡིན། ཅིས་སྡུག་བསྔལ་བ་ཡིན། ཅིས་ཉེ་བར་འཚེ་བ་ཡིན། སྡུག་བསྔལ་གྱི་ཚོར་བ་ཅིས་བདེ་བ་ཡིན། ཅིས་སྡུག་བསྔལ་བ་ཡིན། ཅིས་ཉེ་བར་འཚེ་བ་ཡིན། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ ཡང་མ་ཡིན་པའི་ཚོར་བ་ཅིས་བདེ་བ་ཡིན། ཅིས་སྡུག་བསྔལ་བ་ཡིན། ཅིས་ཉེ་བར་འཚེ་བ་ཡིན། ཚེ་དང་ལྡན་པ་ས་ག་བདེ་བའི་ཚོར་བ་སྐྱེ་བ་ན་ཡང་བདེ། གནས་པ་ན་ཡང་བདེ། ཡོངས་སུ་གྱུར་པ་ན་སྡུག་བསྔལ་ཏེ། གང་མི་རྟག་པ་དེ་ཡིས་ཉེ་བར་འཚེ བ་ཡིན་ནོ། །སྡུག་བསྔལ་གྱི་ཚོར་བ་སྐྱེ་བ་ན་ཡང་སྡུག་བསྔལ། གནས་པ་ན་ཡང་སྡུག་བསྔལ། །ཡོངས་སུ་འགྱུར་བ་ན་བདེ་སྟེ། གང་གི་ཚེ་མི་རྟག་པ་དེའི་ཚེ་ཉེ་བར་འཚེ་བ་ཡིན་ནོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མི་ཤེས་པ སྡུག་བསྔལ། ཡེ་ཤེས་སྐྱེས་ན་བདེ་བ། གང་གི་ཚེ་མི་རྟག་པ་དེ་ཉེ་བར་འཚེ་བ་ཡིན་ནོ། །འཕགས་མ་བདེ་བའི་ཚོར་བ་རབ་ཏུ་རྣམ་པར་འབྱེད་པ་གང། སྡུག་བསྔལ་གྱི་ཚོར་བའོ། །སྡུག་བསྔལ་གྱི་ཚོར་བའི་རབ་ཏུ་རྣམ་པར་འབྱེད་པ་གང། བདེ་བའི་ཚོར བའོ། །བདེ་བ་དང་སྡུག་བསྔལ་གྱི་ཚོར་བའི་རབ་ཏུ་རྣམ་པར་འབྱེད་པ་གང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའི་རབ་ཏུ་འབྱེད་པ་གང། མ་རིག་པའོ། །མ་རིག་པའི རབ་ཏུ་རྣམ་པར་འབྱེད་པ་གང་རིག་པའོ། །རིག་པའི་རབ་ཏུ་རྣམ་པར་འབྱེད་པ་གང། ཚེ་དང་ལྡན་པ་ས་ག་མྱ་ངན་ལས་འདས་པའོ། །འཕགས་མ་མྱ་ངན་ལས་འདས་པའི་རབ་ཏུ་རྣམ་པར་འབྱེད་པ་གང། ཚེ་དང་ལྡན་པ་ས་ག་རིང་བ་བས་ཀྱང་ཤིན་ཏུ་རིང་བར འདིའི་མཛའ་བསྡུ་བར་ནུས་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱི་དྲུང་དུ་མྱ་ངན་ལས་འདས་པར་འགྲོ་བ་དང། མྱ་ངན་ལས་འདས་པའི་མཐར་འགྱུར་བ་སྡུག་བསྔལ་ཟད་པར་འགྱུར་བ་ཡང་དག་པའི་ཚངས་པར་སྤྱོད་པ་དཔྱད་པར་བྱའོ། །དེ་ནས་དགེ་བསྙེན ས་ག་དགེ་སློང་མ་ཆོས་སྦྱིན་གྱི་བཤད་པ་ལ་དགའ་ཞིང་ཡི་རང་ནས། དགེ་སློང་མ་ཆོས་སྦྱིན་གྱི་རྐང་བ་ལ་ཕྱག་བྱས་ནས་ལངས་ཏེ་སོང་ངོ། །དགེ་བསྙེན་ས་ག་སོང་ནས་རིང་པོ་མ་ལོན་པར་དགེ་སློང་མ་ཆོས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་མ་ཆོས་སྦྱིན་གྱི་དགེ་བསྙེན་ས་ག་དང་ལྷན་ཅིག་ཇི་སྲིད་དུ་གཏམ་བརྗོད་པར་གྱུར་པ་ཐམས་ཅད་བཅོམ ལྡན་འདས་ལ་རྒྱས་པར་ཞུས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཆོས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་སྦྱིན་ལེགས་སོ་ལེགས་སོ། །དེ་ལ་ཡང་དགེ་བསྙེན་ས་ག་དོན་འདི་ཉིད་དང། ཚིག་འདི་ཉིད་དང། ཡི་གེ་འདི་ཉིད་ཀྱི་དྲི་བ འདྲི་ན་ང་ཡང་དོན་འདི་ཉིད་དང་ཚིག་དང་ཡི་གེ་འདི་ཉིད་ཀྱིས་བསྟན་པ་བཞིན་དུ་ལུང་བསྟན་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་བ་དང། དགེ་སློང་མ་ཆོས་སྦྱིན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ཞིང མངོན་པར་དགའ་ཨོ། །འདིར་སྡོམ་ལ། འཇིག་ཚོགས་ལྟ་བས་དྲི་བྱ་གསུམ། །ལྟ་བ་གཉིས་ཀྱི་བྱ་བ་དང། །ཕུང་པོ་ལྔ་གསུམ་ལམ་དང་ནི། །འགོག་པའི་ཚིག་ནི་བཅུ་བ་ཡིན། །ཏིང་འཛིན་ཡན་ལག་དུ་ཡོད་དང། །འདུ་བྱེད་ཕུང་པོ་དུ་ཞིག དང། །ཚོར་བས་དྲི་བ་དྲུག་དང་ནི། །རབ་ཏུ་རྣམ་དབྱེ་རྣམ་པ་དྲུག་།དེ་དག་ཉིད་དུས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དུས་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། འདས་པའི་དུས་དང། མ་འོངས པའི་དུས་དང། ད་ལྟར་བྱུང་བའི་དུས་སོ་ཞེས་བཀའ་སྩལ་ཏོ།། །།གཏམ་བཞི་དང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གཏམ་གྱི་གཞི་ནི་གསུམ་སྟེ། བཞི་པ་མེད་ཅིང་ལྔ་པ་མེད་དེ། ངས འདི་ལྟ་བུ་མཐོང་ཞེས་མཁས་པ་རྣམས་མཐོང་བའི་དོན་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་དང། ངས་འདི་ལྟ་བུ་རྣམ་པར་ཤེས་སོ་ཞེས་ཐོས་པ་དང། བྱེ་བྲག་ཕྱེད་བ་དང། རྣམ་པར་ཤེས་པའི་དོན་ལས་བརྩམས་ཏེ་གཏམ བརྗོད་ཅིང་སྨྲ་བ་སྟེ། གསུམ་གང་ཞེ་ན། འདས་པའི་གཏམ་གྱི་གཞི་དང། མ་འོངས་པ་དང་ད་ལྟར་བྱུང་བའི་གཏམ་གྱི་གཞིའོ། །འདས་པའི་གཏམ་གྱི་གཞི་གང་ཞེ་ན། འདི་ལ་མཁས་པ་དག་འདས་པའི་དུས་ན། འདི་ལྟ་བུ བྱུང་ངོ་ཞེས་འདས་པའི་དུས་ལས་བརྩམས་ཏེ། གཏམ་བརྗོད་ཅིང་སྨྲ་བ་ནི་འདས་པའི་དུས་ཀྱི་གཏམ་གྱི་གཞི་ཞེས་བྱའོ། །མ་འོངས་པའི་གཏམ་གྱི་གཞི་གང་ཞེ་ན། འདི་ལ་མཁས་པ་དག་མ་འོངས་དུས་ན་འདི་ལྟ་བུ་འབྱུང་བར འགྱུར་རོ་ཞེས་མ་འོངས་པའི་དུས་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་ནི་མ་འོངས་པའི་དུས་ཀྱི་གཏམ་གྱི་གཞི་ཞེས་བྱའོ། །ད་ལྟར་བྱུང་བའི་གཏམ་གྱི་གཞི་གང་ཞེ་ན། འདི་ལ་མཁས་པ་ད་ལྟར་བྱུང་བའི་དུས་ན་ད་ལྟར་ནི་འདི་ལྟ་བུའོ་ཞེས་ད ལྟར་བྱུང་བའི་དུས་ལ་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་འདི་ནི་ད་ལྟར་བྱུང་བའི་དུས་ཀྱི་གཏམ་གྱི་གཞི་ཞེས་བྱའོ། །གཏམ་གྱི་གཞི་ནི་རྣམ་པ་འདི་གསུམ་སྟེ། གཞི་པ་མེད་ཅིང་ལྔ་པ་མེད་དེ། གང་མཁས་པ་རྣམས་འདི་ལྟ་བུ་མཐོང་ཞེས་མཐོང བའི་དོན་ལས་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བ་དང། འདི་ལྟ་བུ་ཤེས་སོ་ཞེས་ཐོས་པ་དང། བྱེ་བྲག་ཕྱེད་པ་དང། རྣམ་པར་ཤེས་པའི་དོན་ལ་བརྩམས་ཏེ་གཏམ་བརྗོད་ཅིང་སྨྲ་བའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། དེ་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བཤད་བྱའི་འདུ་ཤེས་སེམས་ཅན་ནི། །འཆད་པར་བྱེད་འདིར་རབ་ཏུ་གནས། །བཤད་བྱ་ཡོངས་སུ་མ་ཤེས་ན། །རྒ་དང་འཆི་བའི་སྤྱོད་ཡུལ་ འགྱུར། །འཆད་བྱེད་ཡོངས་སུ་ཤེས་པ་ཡིན། །འཆད་པ་པོ་ལ་མི་ཉན་ཅིང། །དེ་ལ་ཕ་རོལ་སྨྲ་བ་མེད། །དེ་ཕྱིར་རྟག་ཏུ་བསམ་གཏན་མཉམ་གཞག་ཆགས། །གདུང་བ་མེད་ཅིང་སྐྱེ་རྒའི་མཛའ་མཐོང་ནས། །བདུད་ཀྱི་སྡེ་ཀུན་བཅོམ་པའི་དགེ་སློང དག་། སྲིད་པར་སྐྱེ་དང་འཆི་བའི་ཕ་རོལ་འགྲོ་ཞེས་བཀའ་སྩལ་ཏོ། །ངེས་པར་འབྱུང་བཅས་རྣམས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ངེས་པར་འབྱུང་བ་ནི་གསུམ་སྟེ། འདོད་པ་ལས་ངེས་པར་འབྱུང་བ་དང། །གཟུགས་ལས ངེས་པར་འབྱུང་བ་དང། གཟུགས་མེད་པ་ལས་ངེས་པར་འབྱུང་བའོ། །གང་ཅུང་ཟད་མངོན་པར་འདུས་བྱས་ཤིང་བསགས་པ་འགག་པ་ནི་ངེས་པར་འབྱུང་བ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ།། །།གང་དག་ཟག་བཅས་ཉེར་ལེན་པའི། ཕུང་པོའང་དེ་དག་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་དག་བསྟན་པ་དེ་ལེགས་པར་རབ་ཏུ་ཉོན་ལ ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ཕུང་པོ་གང་ཞེ་ན། གཟུགས་གང་ཅུང་ཟད་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་དང། ནང་གི་དང། ཕྱིའི་དང། རགས་པ་དང། ཕྲ་བ་དང། དམན་པ་དང། གྱ་ནོམ་པ་དང། གང་ཐག་ཉེ་བ དང། ཐག་རིང་བ་དང། ཐམས་ཅད་གཅིག་ཏུ་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཚོར་བ་གང་ཅུང་ཟད་དང། འདུ་ཤེས་དང་འདུ་བྱེད་དང། རྣམ་པར་ཤེས་པ་གང་ཅུང་ཟད་འདས་པ་དང། མ་འོངས་པ་དང། ད་ལྟར བྱུང་བ་དང། ནང་གི་དང། ཕྱིའི་དང། རགས་པ་དང། ཕྲ་བ་དང། དམན་པ་དང། གྱ་ནོམ་པ་དང། ཐག་ཉེ་བ་དང་རིང་བ་དང། ཐམས་ཅད་གཅིག་ཏུ་བསྡུས་ནས་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། འདི་ཕུང པོ་ཞེས་བྱའོ། །ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། གཟུགས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་གང་ལ་འདུན་པ་འམ། ཆགས་པ་འམ། ཞེན་པ་འམ། དགའ་བ་འམ། ཆགས་ཞེན་ནམ། མངོན་པར་ཞེན་པ་དང། ཚོར བ་གང་དང། འདུ་ཤེས་གང་དང། འདུ་བྱེད་གང་དང། རྣམ་པར་ཤེས་པ་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བ་གང་ལ་འདུན་པ་འམ། ཆགས་པ་འམ། ཞེན་པ་འམ། དགའ་བ་འམ། ཆགས་ཞེན་ནམ། མངོན་པར ཞེན་པ་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །དགེ་སློང་དག་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་ཇི་སྐད་བསྟན་པ་འདི་རབ་ཏུ་བསྟན་ཏོ་ཞེས་བཀའ་སྩལ་ཏོ། །དོན་འདི་དགེ་སློང་མ་ཆོས་སྦྱིན་གྱི་མདོ་ལས་ཡི་གེ་གཞན་དང་ངེས་པའི ཚིག་གཞན་གྱིས་བཤད་དེ། འཕགས་མ་ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་ཞེས་བཤད་པ། འཕགས་མ་ཕུང་པོ་གང་ཡིན་པ་དེ་ཉིད་ཉེ་བར་ལེན་པའི་ཕུང་པོ་ཡིན་ནམ། ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པའོ།། །། འཇིག་པས་འཇིག་རྟེན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་དྲན་པ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཉེ་བར་འོངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག ཏུ་འདུག་། ཕྱོགས་གཅིག་དུ་འདུག་ནས་ཚེ་དང་ལྡན་པ་དྲན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཇིག་རྟེན་འཇིག་རྟེན་ཞེས་བཤད་པ་ཅིའི་ཕྱིར་འཇིག་རྟེན་ཞེས་བགྱི། དྲན་པ་འཇིག་ཅིང་རབ་ཏུ་འཇིག་པ་སྟེ། རབ་ཏུ་འཇིག་ཅིང་རབ་ཏུ་འཇིག་པས་འཇིག་རྟེན་ཞེས་བྱའོ། །ཅི་འཇིག་ཅིང་རབ་ཏུ་འཇིག་།དྲན་པ་མིག་རབ་ཏུ་འཇིག་ཅིང་འཇིགས་པ་དང། གཟུགས་དང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། གང་གི་ཚེ ཡང་མིག་གི་འདུས་ཏེ་རེག་པའི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེའི་ཚེ་ཡང་འཇིག་ཅིང་རབ་ཏུ་འཇིག་སྟེ། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་འཇིག ཅིང་རབ་ཏུ་འཇིག་པ་དང། གང་གི་ཚེ་ཆོས་དང། ཡིད་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་འདུས་ཏེ་རེག་པ་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་པ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ ཡིན་པ་དེའི་ཚེ་ཡང་འཇིག་ཅིང་རབ་ཏུ་འཇིག་སྟེ། འཇིག་ཅིང་རབ་ཏུ་འཇིག་པ་དེའི་འཇིག་ཅིང་རབ་ཏུ་འཇིག་པས་དྲན་པ་དེའི་ཕྱིར་འཇིག་རྟེན་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་དྲན་པ་བཅོམ ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་དགའ་ཨོ། ། །།བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་མིག་ནི་ནང་གི་སྐྱེ་མཆེད་དེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན ཞིག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན? པ་མིག་ནི་ནང་གི་སྐྱེ་མཆེད་དེ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི་རྒྱས་པར་ནི་རྣམ་པར་མི་ཕྱེ་ན། བཙུན་པ་ཇི་ལྟར་མིག་ནང་གི་སྐྱེ་མཆེད་ལགས། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོའི་བཞིའི་རྒྱུ་ལས་བྱུང་བ་གཟུགས དང་བ་གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་བཅས་པའོ། །མིག་ཇི་ལྟ་བ་དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱང་བརྗོད་པར་བྱའོ། །བཙུན་པ་ཡིད་ནི་ནང་གི་སྐྱེ་མཆེད་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི་རྒྱས་པར་ནི་རྣམ བར་ཕྱེ་ན། བཙུན་པ་ཇི་ལྟར་ཡིད་ནང་གི་སྐྱེ་མཆེད་ལགས། དགེ་སློང་ཡིད་ནི་ནང་གི་སྐྱེ་མཆེད་དེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །བཙུན་པ་གཟུགས་ནི་ཕྱིའི་སྐྱེ མཆེད་དེ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི། རྒྱས་པར་ནི་རྣམ་པར་མ་ཕྱེ་ན། བཙུན་པ་ཇི་ལྟར་ན་གཟུགས་ཕྱིའི་སྐྱེ་མཆེད་ལགས། དགེ་སློང་གཟུགས་ནི་ཕྱིའི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་བསྟན་དུ་ཡོད་ལ ཐོགས་པ་དང་བཅོས་པའོ། །དེ་བཞིན་དུ་སྒྲ་དང། དྲི་དང། རོ་དང། བཙུན་པ་རེག་བྱ་ནི་ཕྱིའི་སྐྱེ་མཆེད་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱི་རྒྱས་པར་མ་ཕྱེ་ན། བཙུན་པ་ཇི་ལྟར་ན་རེག་བྱ་ཕྱིའི་སྐྱེ་མཆེད་ལགས། དགེ་སློང དག་རེག་བྱ་ནི་ཕྱིའི་སྐྱེ་མཆེད་དེ་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པའོ། །བཙུན་པ་ཆོས་ནི་ཕྱིའི་སྐྱེ་མཆེད་དེ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་གྱིས། རྒྱས་པར་ནི་རྣམ པར་མ་ཕྱེ་ན། བཙུན་པ་ཇི་ལྟར་ཆོས་ཕྱིའི་སྐྱེ་མཆེད་ལགས། དགེ་སློང་ཆོས་ནི་ཕྱིའི་སྐྱེ་མཆེད་དེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པའི་ཆོས་ཀྱི་སྐྱེ་མཆེད་དེ་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །དེ་ནས་དགེ་སློང་དེ་སྟན་ལས་ལངས ཏེ་སོང་ངོ། །རབ་ཏུ་བྱེད་པ་དང་མདོ་སྡེ་ལས་ཞེས་བྱ་བ་ལ། ལག་པ་བརྡབས་པའི་དཔེའི་མདོ་ལས་ཇི་ལྟར་འབྱུང་བ་བཞིན་ཏེ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་གཅིག་ཏུ་དབེན་ལན་ཏིང་ངེ་འཛིན་ལ་གནས་པ་ན་བདག གི་བདག་གང་ཡིན། ཅིས་བདག་གི་བདག་ཡིན། ཇི་ལྟར་བདག་གི་བདག་ཡིན། གང་ལ་བདག་གི་བདག་ཡིན་ཞེས་འདི་ལྟ་བུ་སེམས་ལ་དཔྱོད་པ་སྐྱེས་ཏེ། དེ་ནས་དགེ་སློང་དེ་ཏིང་ངེ་འཛིན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར ཉེ་བར་སོང་ངོ། །ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག འདི་ནས་ཅིག་བུ་དབེན་པ་ན་ཏིང་ངེ་འཛིན་ལ་གནས་པ་ན་བདག་གི་བདག་གང་ཡིན། ཅིས་བདག་གི་བདག་ཡིན་ཇི་ལྟར་བདག་གི་བདག་ཡིན་གང་ལ་བདག་གི་བདག་ཡིན་ཞེས་འདི་ལྟ་བུ་སེམས་པ་ལ་རྣམ་པར་དཔྱོད་པ་སྐྱེས་སོ། །དགེ་སློང་ལེགས་པར ཉོན?་ལ་ཡིད་ལ་གཟུང་ཞིག་དང་གཉིས་ཤིག་བསྟན་ཅིང་བཤད་པར་བྱའོ། །གཉིས་གང་ཞེ་ན། མིག་དང། གཟུགས་དང། རྣ་བ་དང། སྒྲ་དང། སྣ་དང་དྲི་དང། ལྕེ་དང། རོ་དང། ལུས་དང། རེག་བྱ་དང། ཡིད་དང་ཆོས་ཏེ། འདི ནི་གཉིས་ཞེས་བྱའོ། །དགེ་སློང་གང་དང་གང་ཞིག་དགེ་སྦྱོང་གཽ་ཏ་མས་གཉིས་བསྟན་པ་དེ་བདག་གིས་བསལ་ཏེ། གཞན་གཉིས་བསྟན་པར་བྱའོ་ཞེས་བ་ནི་ཚིག་ཙམ་དུ་ཟད་ཅིང་དྲི་བའི་ལན་ཡོངས་སུ་མི་ཤེས་པ་ཡིན་ཞིང་སླར་ལ ཀུན་ཏུ་རྨོངས་པ་བསྐྱེད་པ་དང་ཡང་དག་པའི་ཡུལ་ཅན་མ་ཡིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་མིག་གི་ཤའི་གོང་བུ་ལ་སྲ་བ་དང་མཁྲང་བར གྱུར་པ་ཟིན་པ་འདི་ནི་མིག་གི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་སའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་མིག་གི་ཤའི་གོང་བུ་ལ་ཆུ་དང་ཆུར་གྱུར་བ་རླན་པ་དང་མཉེན་པ་དང་མཉེན་པར་གྱུར་པ་དང་ཟིན་པ་འདི་ནི་མིག་གི པའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་རྐྱེན་གྱི་བདག་ཉིད་མིག་གི་ཤའི་གོང་བུ་ལ་མེ་དང་མེར་གྱུར་པ་དང། དྲོ་བ་དང་དྲོ་བར་གྱུར་པ་ཟིན་པར་གྱུར་པ་འདི་ནི་མིག་གི་ཤའི་གོང་བུ་ནང་གི་བདག་ཉིད་ཀྱི་མེའི ཁམས་ཞེས་པའོ། །དགེ་སློང་དེ་ལ་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་མིག་གི་ཤའི་གོང་བུ་ལ་རླུང་དང་རླུང་དུ་གྱུར་པ་ཡང་བ་དང་གཡོ་བར་གྱུར་པ་ཟིན་པ་འདི་ནི་མིག་གི་ཤའི་མ་གོང་བུ་ལ་ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་ཞེས་བྱའོ། །དགེ་སློང་འདི ལྟ་སྟེ་ལག་པ་གཉིས་སྤྲང་ཅིང་བརྡབས་པ་ལས་སྒྲ་འབྱུང་བར་འགྱུར་བ་དེ་བཞིན་དུ་མིག་དང་གཟུགས་ལ་རྟེན་ནས་མིག་གི་རྣམ་པར་ཤེས་པ་དང། གསུམ་འདུས་པའི་རེག་པ་དང། ལྷན་ཅིག་སྐྱེས་པའི་ཚོར་བ་དང། འདུ་ཤེས དང། སེམས་པ་ཞེས་བྱ་བ་སྟེ། འདི་ལྟ་བུའི་ཆོས་ཅན་གྱི་བདག་ཉིད་མི་རྟག་པ། མི་བརྟན་པ། གཡུང་དྲུང་མ་ཡིན་པ། ཡིད་བརྟན་དུ་མེད་པ། ཡོངས་སུ་གྱུར་པའི་ཆོས་ཅན་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དགེ་སློང་སྐྱེ་བ་དང རྒ་བ་དང། ན་བ་དང། འཆི་བ་དང། འཆི་འཕོ་ཞིང་སྐྱེ་བ་དང། དགེ་སློང་འདུ་བྱེད་སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བུ་རྣམ་པར་འཇིག་པའི་ཆོས་ཅན། དེ་ཙམ་གྱི་དུས་ཅན། རྐྱེན་གཞན་གྱིས་གནས་པ། མ་བྱུང་བ་ལས་བྱུང ཞིང་བྱུང་ནས་ཀྱང་འཇིག་པ་སྟེ། དགེ་སློང་དེའི་ཕྱིར་འདུ་བྱེད་ནི་སྟོང་པ་འདུ་བྱེད་ནི་སྟོང་པ་ཞེས་སེམས་ཀྱི་རྣམ་པར་ཤེས་ཤིང་འདུ་ཤེས་ནས་ཡང་དག་པར་དགའ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་ནི་སྟོང་པ། རྟག་པ དང་བརྟན་པ་དང་གཡུང་དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གི་བས་སྟོང་པའོ། །འདི་ལྟ་སྟེ། སྐྱེས་བུ་མིག་དང་ལྡན་པ་མར་མེ་ཐོགས་ཏེ་ཁང་པ་སྟོང་པའི་ནང་དུ་ཞུགས་ན་དེར་སྟོང་ཞིང་སྟོང་པར་མཐོང པར་འགྱུར་བ་དེ་བཞིན་དུ་དགེ་སློང་འདུ་བྱེད་རྣམས་སྟོང་ངོ། །འདུ་བྱེད་རྣམས་སྟོང་ངོ་ཞེས་སེམས་ཀྱིས་ཤེས་ཤིང་འདུ་ཤེས་པ་ན་སེམས་ཡང་དག་པར་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་སྟོང་པ་རྟག་གོ དང་བརྟན་པ་དང་གཡུང་དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གིས་སྟོང་པའོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་སྟེ། དགེ སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་ལུས་ཤའི་གོང་བུ་ལ་སྲ་བ་དང་མཁྲང་པར་གྱུར་པ་ཟིན་པ་འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་སའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་ཤའི་གོང བུ་ལ་ཆུ་དང་ཆུར་གྱུར་བ་མཉེན་པ་དང་མཉེན་པར་འགྱུར་བ་འདི་དང་ཟིན་པར་གྱུར་པ་འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་ལུས་ཀྱི་ཤའི་ གོང་བུ་ལ་མེ་དང་མེར་གྱུར་པ་དྲོ་བ་དང་དྲོ་བར་གྱུར་པ་ཟིན་པ་འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་མེའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་རྐྱེན་གྱི་བདག་ཉིད་ཀྱི་ལུས་ཤའི་གོང་བུ་ལ་རླུང་དང་རླུང་དུ གྱུར་པ་ཡང་བ་དང་གཡོ་བར་གྱུར་པ་ཟིན་པ་འདི་ནི་ལུས་ཀྱི་ཤའི་གོང་བུ་ལ་ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་ཞེས་བྱའོ། །དགེ་སློང་འདི་ལྟ་སྟེ། ལག་པ་གཉིས་སྦྲང་ཅིང་བརྡབས་པ་ལས་སྒྲ་འབྱུང་བར་འགྱུར་བ་དེ་བཞིན་དུ་ལུས་དང་རེག བྱ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་དང། གསུམ་འདུས་པའི་རེག་པ་དང། ལྷན་ཅིག་སྐྱེས་པའི་ཚོར་བ་དང། འདུ་ཤེས་དང། སེམས་པ་ཞེས་བྱ་བ་སྟེ། འདི་ལྟ་བུའི་ཆོས་ཅན་གྱི་བདག་ཉིད་ནི་མི་རྟག་པ། མི་བརྟན་པ། གཡུང་དྲུང་མ་ཡིན་པ། ཡིད་བརྟན་དུ་མེད་པ། དགེ་སློང་ཡོངས་སུ་གྱུར་པའི་ཆོས་ཅན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་ལྟར་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། འཆི་འཕོ་ཞིང་སྐྱེ་བ་དང། སྒྱུ་མ་དང། སྨིག་རྒྱུ་ལྟ་བུ སྟེ། རྣམ་པར་འཇིག་པའི་ཆོས་ཅན་དེ་ཙམ་གྱི་དུས་ཅེ་ན། རྐྱེན་གཞན་གྱི་གནས་པ། མི་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པ་སྟེ། དགེ་སློང་དེའི་ཕྱིར་འདུ་བྱེད་རྣམས་ནི་སྟོང་པ་འདུ་བྱེད་རྣམས་ནི་སྟོང་པ་ཞེས་སེམས་ཀྱི་རྣམ་པར་ཤེས་ཤིང་འདུ་ཤེས་པ ན་སེམས་དགའ་བ་དང་ཡང་དག་པར་རབ་ཏུ་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་རྟག་པ་དང། བརྟན་པ་དང། གཡུང་དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གིས་སྟོང་པའོ། །འདི ལྟ་སྟེ་སྐྱེས་བུ་མིག་དང་ལྡན་པ་མར་མེ་ཐོགས་ཏེ་ཁང་པ་སྟོང་པའི་ནང་དུ་ཞུགས་ན་དེར་སྟོང་ཞིང་སྟོང་པར་མཐོང་བར་འགྱུར་བ་དེ་བཞིན་དུ་དགེ་སློང་འདུ་བྱེད་རྣམས་སྟོང་ངོ། །འདུ་བྱེད་རྣམས་སྟོང་ངོ་ཞེས་སེམས་ཀྱིས་ཤེས་ཤིང་འདུ་ཤེས པ་ནི་སེམས་དགའ་བ་དང་ཡང་དག་པར་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་མི་རྟག་པ་མི་བརྟན་པ་གཡུང་དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གིས་སྟོང་པའོ་འདི་ལྟ་སྟེ། ལག་པ་གཉིས བརྡབས་ཤིང་ཕྲད་པ་ལས་སྒྲ་འབྱུང་བར་འགྱུར་བ་དེ་བཞིན་དུ་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བ་དང། གསུམ་འདུས་པའི་རེག་པ་དང། ལྷན་ཅིག་སྐྱེས་པའི་ཚོར་བ་དང། འདུ་ཤེས་དང། སེམས་པ་ཞེས་བྱ བ་སྟེ། དགེ་སློང་འདི་ལྟ་བུའི་ཆོས་ཅན་གྱི་བདག་ནི་མི་རྟག་པ། མི་བརྟན་པ། གཡུང་དྲུང་མ་ཡིན་པ། ཡིད་བརྟན་དུ་མེད་པའོ། །དགེ་སློང་བདག་ནི་ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། བདག་དང་བདག་གི་ཐབས་སྟོང་པའོ། །དེ་ཅིའི་ཕྱིར ཞེ་ན། དགེ་སློང་སྐྱེ་བ་དང། རྒ་བ་དང་ན་བ་དང་འཆི་བ་དང། འཆི་འཕོ་ཞིང་སྐྱེ་སྟེ། དགེ་སློང་འདུ་བྱེད་རྣམས་ནི་སྒྱུ་མ་ལྟ་བུ། སྨིག་རྒྱུ་ལྟ་བུ། འཇིག་པའི་ཆོས་ཅན་ཏེ། དེ་ཙམ་གྱི་དུས་ཅན། རྐྱེན་གཞན་གྱིས་གནས་པ། མ བྱུང་བ་ལས་བྱུང་ཞིང་བྱུང་ནས་འཇིག་པའི་ཕྱིར་རོ། །དེའི་ཕྱིར་དགེ་སློང་འདུ་བྱེད་རྣམས་སྟོང་པ་འདུ་བྱེད་རྣམས་སྟོང་པ་ཞེས་སེམས་ཀྱིས་ཤེས་ཤིང་འདུ་ཤེས་པ་ན་དགའ་བ་དང་ཡང་དག་པར་དགའ་བ་སྐྱེ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ བྱེད་རྣམས་ནི་སྟོང་པ། རྟག་པ་དང་བརྟན་པ་དང། གཡུང་དྲུང་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན། བདག་དང་བདག་གིས་སྟོང་པ་སྟེ། འདི་ལྟ་སྟེ་སྐྱེས་བུ་མིག་དང་ལྡན་པ་མར་མེ་ཐོགས་ཏེ་ཁང་པ་སྟོང་ཞིང་སྟོང་པར་མཐོང་བར འགྱུར་བ་དེ་བཞིན་དུ་དགེ་སློང་འདུ་བྱེད་རྣམས་སྟོང་ཞིང་སྟོང་པ་ཞེས་སེམས་ཀྱིས་ཤེས་ཤིང་འདུ་ཤེས་ན་སེམས་དགའ་བ་དང་རབ་ཏུ་དགའ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདུ་བྱེད་རྣམས་ནི་མི་རྟག་པ་མི་བརྟན་པ་གཡུང དྲུང་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་བདག་དང་བདག་གི་བྲལ་བའོ། །དེ་ནས་དགེ་སློང་དེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་དགའ་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་པ་བརྡབས་པའི་དཔེའི་གདམས་ངག་བྱིན་པ་དང། གཅིག་ཏུ་དབེན་པ་ཚད་མེད་པ་གདུང་བ་མེད་པ་སྤངས་པ་ཞེས་བདག་ཉིད་ལུང་སྟོན་ཅིང་གཅིག་ཏུ་དབེན་པ་ཚད་མེད་པ གདུང་བ་མེད་པ་ལ་བདག་ཉིད་གནས་པར་བྱ་བའི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ། འཕགས་པའི་ཆོས་གོས་བགོས་ཏེ་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱད་ནས་མཐོང་བའི་ཆོས་ཉིད་ལ་བདག་ཉིད་མངོན པར་ཤེས་པ་མངོན་སུམ་དུ་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་དགྲ་བཅོམ་པ་དང་སེམས་རྣམ་པར་གྲོལ་བར་གྱུར་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས གཟུགས་སུ་རུང་བས་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཉེ་བར་ལེན་པའི་ཕུང་པོ་ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཞིང་དྲན་པ་འམ། དྲན་པར་གྱུར་པ་འམ། དྲན་པར་འགྱུར་བ་འདི་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང པོ་ལྔ་པོ་འདི་ཉིད་ལ་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཞིང་དྲན་པ་འམ། དྲན་པར་གྱུར་པ་འམ་ཡང་དག་པར་དྲན་པར་འགྱུར་རོ། །ལྔ་གང་ཞེ་ན། དགེ་སྦྱོང་དམ་བྲམ་ཟེ་བདག་འདས་པའི་དུས་ན་གཟུགས་དང་ལྡན་པར་གྱུར། འདི ལྟ་བུའི་གཟུགས་དང་ལྡན་པར་གྱུར་ཅེས་སྔོན་གྱི་གནས་པ་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་ཞིང་ཡང་དག་པར་རྗེས་སུ་དྲན་པ་དང། ཡང་དག་པར་རྗེས་སུ་དྲན་པར་གྱུར་པ་དང། ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དང། དགེ་སྦྱོང་ངམ་བྲམ་ཟེ་འདས་པའི་དུས་ན་རྣམ པར་ཤེས་པ་དང་ལྡན་པར་འགྱུར། འདི་ལྟ་བུའི་རྣམ་པར་ཤེས་པ་དང་ལྡན་པར་འགྱུར་ཅེས་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དྲན་ཞིང་ཡང་དག་པར་རྗེས་སུ་དྲན་པ་དང། ཡང་དག་པར་རྗེས་སུ་དྲན་པར་གྱུར་པ་དང། ཡང དག་པར་རྗེས་སུ་དྲན་པར་འགྱུར་ཏེ། དགེ་སློང་དག་གཟུགས་ནི་གཟུགས་རུང་བས་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་སུ་རུང་ཞེ་ན། ལག་པའི་རེག་པས་རེག་པར་བྱ་བས་གཟུགས་སུ་རུང་བ་དང། བོང བའི་འདུས་ཏེ་རེག་པ་དང། དབྱུག་པའི་འདུས་ཏེ་རེག་པ་དང། མཚོན་གྱི་འདུས་ཏེ་རེག་པ་དང། གྲང་བ་དང། དྲོ་བ་དང། བཀྲེས་པ་དང། སྐོམ་པ་དང། སྦྲང་བུ་དང། ཤ་སྦྲང་དང། རླུང་དང། ཉི་མ་དང། སྡིག་སྤྲུལ གྱི་འདུས་ཏེ་རེག་པས་རེག་ན། རེག་ཏུ་ཡོད་ཅིང་གཟུགས་སུ་རུང་བས་གཟུགས་ཏེ། དེའི་ཕྱིར་གཟུགས་སུ་རུང་བས་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །གཟུགས་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་ཚོར་ཞིང་མྱོང་བས་ན་ཚོར་བ་ཞེས་བྱ་སྟེ། དེའི་ཕྱིར་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅི་ཚོར། ཞེ་ན། བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ བ་ཡང་མ་ཡིན་པ་མྱོང་བས་དགེ་སློང་དག་དའི་ཕྱིར་ཚོར་ཞིང་མྱོང་བས་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང དག་འདུས་ཏེ་ཤེས་པས་འདུ་ཤེས་ཏེ་དེའི་ཕྱིར་འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅི་འདུས་ཏེ་ཤེས་ཞེ་ན། ཆུང་ངུ་འདུས་ཏེ་ཤེས་པ་དང། རྒྱ་ཆེན་པོ་དང། ཚད་མེད་པ་དང། ཅུང་ཟད་མེད་དོ་ཞེས་ཅུང་ཟད མེད་པ་ཡང་རབ་ཏུ་ཤེས་ཏེ། དགེ་སློང་དག་འདུས་ཏེ་ཤེས་པས་དེའི་ཕྱིར་འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག འདུ་བྱེད་མངོན་པར་འདུས་བྱས་ཤིང་འདུ་བྱེད་མངོན་པར་འདུ་བྱེད་པ་དེའི་ཕྱིར་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་འདུ་བྱེད་མངོན་པར་འདུ་བྱེད་ཅེ་ན། གཟུགས་འདུས་བྱས་མངོན་པར་འདུ་བྱེད་པ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་འདུས་བྱས་མངོན་པར་འདུ་བྱེད་དེ། དགེ་སློང་དག་འདུས་བྱས་མངོན་པར་འདུ་བྱེད་ཅིང་འདུས་བྱས་མངོན་པར་འདུ་བྱེད་པ་དེའི་ཕྱིར་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ ཞེས་བྱའོ། །འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག་རྣམ་པར་ཤེས་ཤིང་རབ་ཏུ་ཤེས་པ་དེའི་ཕྱིར་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅི་ཞིག རྣམ་པར་ཤེས་ཞེ་ན། གཟུགས་རྣམ་པར་ཤེས་པ་དང། སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་རྣམ་པར་ཤེས་ཏེ། དགེ་སློང་དག་རྣམ་པར་ཤེས་ཤིང་རབ་ཏུ་ཤེས་པ་དེའི་ཕྱིར་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ ཞེས་བྱའོ། །དགེ་སློང་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ལྟར་ཡང་དག་པར་རབ་ཏུ་སློབ པར་བྱེད་དེ། བདག་ད་ལྟར་ད་ལྟར་བྱུང་བའི་གཟུགས་ཀྱིས་བཅོམ་སྟེ། འདི་ལྟ་སྟེ་བདག་ད་ལྟར་བྱུང་བའི་གཟུགས་ཀྱིས་བཅོམ་པ་དེ་བཞིན་དུ་འདས་པའི་དུས་ཀྱིས་གཟུགས་ཀྱིས་བདག་བཅོམ་མོ། །བདག་ད་ལྟར་ད་ལྟར་བྱུང་བའི་གཟུགས ཀྱིས་བཅོམ་པ་ན་ཡང་འདས་པའི་གཟུགས་ལ་མངོན་པར་དགའ་སྟེ། དེའི་ཚེ་ཡང་དེ་དང་འདྲ་བ་ཉིད་དུ་ཤེས་པར་བྱས་ནས་འདས་པའི་གཟུགས་ལ་བལྟོས་པར་མི་འགྱུར། མ་འོངས་པའི་གཟུགས་ལ་མངོན་པར་དགའ་བར་མི་འགྱུར། ད་ལྟར་བྱུང་བའི་གཟུགས་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་ཐོབ་པར་འགྱུར་རོ། །འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ལྟར་ཡང་དག་པར་རྗེས་སུ་སློབ་པར་བྱེད་དེ། བདག་ད་ལྟར་ད་ལྟར་བྱུང་བའི་ཚོར བ་དང། འདུ་ཤེས་དང། འདུ་བྱེད་དང། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་བཅོམ་སྟེ། འདི་ལྟ་སྟེ་ད་ལྟར་བྱུང་བའི་གཟུགས་ཀྱིས་བཅོམ་པ་དེ་བཞིན་དུ་བདག་འདས་པའི་དུས་ཀྱི་རྣམ་པར་ཤེས་པས་བཅོམ་མོ། །བདག་ད ལྟར་བྱུང་བའི་རྣམ་པར་ཤེས་པས་བཅོམ་བ་ནས་ཡང་མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་དགའ་སྟེ། དེའི་ཚེ་ཡང་དེ་དང་འདྲ་བ་ཉིད་དུ་ཤེས་པར་བྱས་ནས་འདས་པའི་དུས་ཀྱི་རྣམ་པར་ཤེས་པ་ལ་བལྟས་པར་མི་འགྱུར། མ་འོངས་པའི་རྣམ་པར་ཤེས་པ་ལ་མངོན་པར་དགའ་བར་མི་འགྱུར། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལ་སྐྱེ་བ་དང། འདོད་ཆགས་དང་བྲལ་བ་དང། འགོག་པ་ཐོབ་པར་འགྱུར་ཏེ། དེ་ཉམས་པར་ཕྱེད་ཅིང་མཐུ་སྐྱེད པར་མི་བྱེད། འགྲིབ་པར་བྱེད་ཅིང་འཕེལ་བར་མི་བྱེད། མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད། སྤོང་བར་བྱེད་ཅིང་ལེན་པར་མི་བྱེད་དོ། །ཅི་ཞིག་ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་ཅེ་ན། གཟུགས་ཉམས པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་དོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་དོ། །ཅི་ཞིག་འགྲིབ་པར་བྱེད་ཅིང་འཕེལ་བར་མི བྱེད་ཅེ་ན། གཟུགས་འགྲིབ་པར་བྱེད་ཅིང་འཕེལ་བར་མི་བྱེད་དོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་འགྲིབ་པར་བྱེད་ཅིང་འཕེལ་བར་མི་བྱེད་དོ། །ཅི་ཞིག་མི་གསལ་བར་མི་བྱེད་ཅེ་ན། གཟུགས མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད་དོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད་དོ། །ཅི་ཞིག་སྤོང་བར་བྱེད་ཅིང་ལེན་པར་མི་བྱེད་ཅེ་ན། གཟུགས་སྤོང བར་བྱེད་ཅིང་ལེན་པར་མི་བྱེད་དོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་སྤོང་བར་བྱེད་ཅིང་ལེན་པར་བྱེད་དོ། །ཉམས་པར་བྱེད་ཅིང་མཐུ་སྐྱེད་པར་མི་བྱེད་པར་གནས་པར་འགྱུར་རོ། །འགྲིབ་པར་བྱེད་ཅིང འཕེལ་བར་མི་བྱེད་པར་གནས་པར་འགྱུར་རོ། །མི་གསལ་བར་བྱེད་ཅིང་གསལ་བར་མི་བྱེད་པར་གནས་པར་འགྱུར་རོ། །སྤོང་བར་བྱེད་ཅིང་ལེན་པར་མི་བྱེད་པ་དང། ཀུན་ནས་ཉོན་མོངས་པ་དང། ཉོན་མོངས་པ་མ་ཡིན་པ་སོ་སོ་རང་གི རིག་ཅིང་ཤེས་ནས། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ་སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་བྱ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །འདི་ལྟར་དོན་གྱི་སྡེ་མཚན་ལས་ཞེས་བྱ་བ་ལ། ། ཕྲན་ཚེགས་ཀྱི་དོན་གྱི་སྡེ་ཚན་གྱི་མདོ་ལས། བསེ་རུ་ལྟ་བུའི་ཚིགས་བཅད་ཀྱི་དེ་མ་ཐག་ཏུ་བཅད་པ་ལྟ་བུ་སྟེ། དེ་ལ་དང་པོར་མཉན་ཡོད་ན་བྲམ་ཟེ་གཞན་ཞིག་གི་འབྲས་ཀྱི་ཞིང་བརླག་པ་དང། ཆུང་མ་ཤི་བའི་སྔོན་གྱི་སྐྱེ་བའི་གཏམ རྒྱལ་པོ་རྣམ་པར་རྒྱལ་བའི་སྡེ་ལ་ཚིགས་སུ་བཅད་པའི་དོན་ལས་བརྩམས་ཏེ་བཤད་པ། དེ་ནས་བཅོམ་ལྡན་འདས་གླེང་གཞི་འདི་དང། རྒྱུ་འདི་དང་དོན་འདི་ལྟ་བུ་བྱུང་བར་འགྱུར་ཏེ། དོན་ཤེས་པའི་དེའི་དགེ་སློང་འདི་ལྟ་བུ་འབྱུང བར་འགྱུར་རོ། །མདོའི་ཚིག་དར་ཞིང་རྒྱས་པར་འགྱུར། དེའི?་ཚངས་པར་སྤྱོད་པ་དར་ཞིང་རྒྱས་པར་འགྱུར། སྐྱེ་བོ་གཞན་མང་པོ་ལ་ཡང་དར་བ་དང། ལྷ་དང་མི་རྣམས་ལ་ཡང་དག་པར་གསལ་བར་འགྱུར་ཞེས་དགོངས་ནས་དེའི ཚེ་དོན་གྱི་སྡེའི་མདོ་འདི་བཤད་དོ། །གལ་ཏེ་འདོད་པ་འདོད་བྱེད་ན། །དེ་ཡི་ཡིད་ལ་འདོད་འཕེལ་ཏེ། །ཡིད་དུ་འོང་བ་ཐོབ་པའི་མི། །ཤིན་ཏུ་དགའ་བ་འཕེལ་བར་འགྱུར། །གལ་ཏེ་འདོད་པ་ཚོལ་བྱེད་ཅིང། །འདུན་པ་སྐྱེས་པའི་ལུས་ཅན་ཏེ།། འདོད་པ་དེ་དག་མ་འབྱོར་ན། །ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །གང་ཞིག་སྤྲུལ་མགོའི་རྐང་པ་ལྟར། །འདོད་པ་ཐམས་ཅད་རང་སྤངས་ན། །དེ་འདི་འཇིག་རྟེན་སྲིད་ཅན་ལ། །དྲན་པས་ཤིན་ཏུ་ཡང་དག་འདའ་། །ཞིང་དངོས་ནོར་བུ་པ ལང་དང། །རྟ་དང་འབངས་དང་བུད་མེད་དང། །གཉེན་དང་སོ་སོའི་འདོད་པ་ལ། །སྐྱེས་བུ་གང་ཞིག་འདོད་བྱེད་པ། །སྟོབས་ལྡན་ཉེ་བར་འཚེ་བ་ཡིས། །སྟོབས་ཆེ་དེ་དག་བཅོམ་པར་འགྱུར། །གྲུ་ཞིག་པ་ལ་ཆུ་བཞིན་དུ། །ང་ནས སྡུག་བསྔལ་ཐོབ་པར་འགྱུར། །དེའི་ཕྱིར་སྐྱེ་བོ་དྲན་ལྡན་པས། །རྟག་ཏུ་འདོད་པ་ཡོངས་སྤངས་ཤིང། །དེ་སྤང་ཆུ་བོ་བརྒལ་བའི་གྲུ། །ཐོབ་ནས་སྲིད་པའི་ཕ་རོལ་འགྲོ་ཞེས་བཀའ་སྩལ་ཏོ། །མདོ་ལས་ནི་བཅོམ་ལྡན་འདས་ཀྱིས་སེམས པའི་ཚོགས་དྲུག་གོ་ཞེས་བཤད་དོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཉེ་བར་ལེན་པའི་ཕུང་པོ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །གཟུགས་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། གཟུགས་གང་ཅི་ཡང་རུང་བ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། འདི་ནི་གཟུགས ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །གཟུགས་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་མི་རྟག་པ། སྡུག་བསྔལ་བ། ཡོངས་སུ་འགྱུར་བའི་ཆོས་ཅན་ཏེ། གང་གཟུགས་ཉེ་བར་ལེན་པའི་ཕུང་པོ་མ་ལུས་པར་སྤངས་ཤིང་ངེས་པར་འབྱུང་བ བཅོམ་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། ཉེ་བར་ཞི་བ། ནུབ་པ། གཟུགས་ཉེ་བར་ལེན་པའི་ཕུང་པོ་གཞན་དང་ཉིང་མཚམས་མ་སྦྱོར་བ། ཉེ་བར་ལེན་པ་མེད་པ། མི་འབྱུང་བ་འདི་ཉིད་མཆོག་ཡིན་ཏེ། འདི ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་བྱུང་བ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པའོ། །ཚོར་བ་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ རེག་པ་ལས་སྐྱེས་པའི་ཚོར་བ་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྟེ། འདི་ནི་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དེ་ཡང་སྔ་མ་བཞིན་དུ མྱ་ངན་ལས་འདས་པའི་བར་དུའོ། །འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། འདུ་ཤེས་ཀྱི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་ཤེས་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས སྐྱེས་པའི་འདུ་ཤེས་ཏེ། འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བར་དུའོ། །འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ། མིག་གི་འདུས ཏེ་རེག་པ་ལས་སྐྱེས་པའི་འདུ་བྱེད་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་འདུ་བྱེད་ཏེ། འདི་ནི་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བར་དུའོ། ། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདི་ནི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། དེ་ཡང་སྔ་མ་བཞིན་དུ་མྱ་ངན་ལས་འདས་པའི་བར་དུའོ། །དགེ་སློང་དག་གང་ཆོས་འདི་རྣམས་ཤེས་རབ་ཆུང་ངུས་འབྱེད་ཅིང་བཟོད་ལ། སོ་སོའི་སྐྱེ་བོའི་ས་ལས་ཡང་དག་པར་འདས་ཏེ་ཡང་དག་པ་ཉིད་དུ་ངེས་པའི་ས་ནོན་ཅིང་རྒྱུན་ཏུ་ཞུགས་པའི་འབྲས བུ་མ་ཐོབ་ལ། རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཐོབ་པར་བར་སྐབས་སུ་དུས་བྱེད་པར་མི་རིགས་པ་འདི་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །དགེ་སློང་དག་གང་ཆོས་འདི་རྣམས་ལ་ཤེས་རབ་ཆེན་པོས་འབྱེད་ཅིང་བཟོད་ལ། ཡང་དག་པ་ཉིད་དུ ངེས་པའི་ས་ནོན་ཅིང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་གནས་པའི་བར་སྔ་མ་བཞིན་ནོ། །དགེ་སློང་དག་གང་ཆོས་འདི་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་ལྟ་བར་གྱུར་ཅིང་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་ཤིང་ཡོངས་སུ ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་མོ། །འདི་ནི་རྒྱུན་དུ་ཞུགས་པ་བྱང་ཆུབ་པའི་མཐར་མི་ལྟུང་བ་ཉིད་དུ་ངེས་པའི་ཆོས་ཅན་མཆོག་ཏུ ཐོགས་ན་སྲིད་པ་བདུན་དུ་མི་དང་ལྷའི་ནང་དུ་ཉིང་མཚམས་སྦྱར་ནས་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་འདི་ནི་མཆོག་ཏུ་ཐོགས་ན་སྲིད་པ་བདུན་ཞེས་བྱའོ། །དགེ་སློང་དག་གང་གིས་ཆོས་འདི་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ལྟ་བར འགྱུར་ཞིང་འདོད་ཆགས་དང་ཞེ་སྡང་གཏི་མུག་སྲབ་མོར་གྱུར་ཅིང་འཇིག་རྟེན་འདིར་ལན་གཅིག་འོངས་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་བ་འདི་ནི་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དགེ་སློང་དག་གང་གིས་ཆོས་འདི་རྣམས ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་ལྟ་བར་འགྱུར་ཞིང་ཐ་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔ་སྤངས་ཤིང་ཡོངས་སུ་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། འཇིག་ཚོགས་ལ་ལྟ་བ་དང། འདོད་པ་ལ་འདུན་པ་དང། གནོད་སེམས དང། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང། ཐེ་ཚོམ་མོ། །འདི་ནི་སྐྱེས་ནས་དེར་མྱ་ངན་ལས་འདས་ཏེ། འཇིག་རྟེན་འདིར་ཕྱིར་མི་ལྡོག་པའི་ཆོས་ཅན་ཕྱིར་མི་འོང་བ་ཞེས་བྱའོ། །དགེ་སློང་གང་གིས་ཆོས་འདི་རྣམས ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་ཤིན་ཏུ་མཐོང་བར་གྱུར་པ་ནི་ཉེ་བར་ལེན་པ་མེད་པར་ཟག་པ་དག་ལས་སེམས་རྣམ་པར་བྲལ་ཞིང་གྲོལ་བར་གྱུར་པ། བྱ་བ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་རབ་ཀྱིས་སེམས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དགེ་སློང་དག་ཆོས་གཅིག་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ།། དགེ་སློང་དག་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བྱ་ཡིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་བཤད་པར་བྱའོ། །ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་ཏེ། གཟུགས་དང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། མིག་གི་འདུས་ཏེ་རེག པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་དག་ཀྱང་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་སོ། །དགེ་སློང་དག་རྣ་བ་དང། སྣ་དང་ལྕེ་དང། ལུས་དང། ཡིད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་དང། ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག བསྔལ་བ་ཡང་མ་ཡིན་པ་དེ་དག་ཀྱང་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་ཏེ། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་དང། ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ རེག་པ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བའི་བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ཡང་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་ཏེ། དགེ་སློང་དག་ཆོས གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་ན་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ། །འདི་ནི་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་སློང་དག་ཐམས་ཅད མངོན་པར་ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཇི་སྐད་དུ་བཤད་པ་འདི་རྒྱས་པར་རབ་ཏུ་བཤད་དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཐམས་ཅད་མངོན་པར་ཤེས་ཤིང སྤང་པར་བྱ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངེས་བསྟན་པར་བྱ་ཡིས། ལགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ཐམས་ཅད་མངོན་པར་ཤེས་ཤིང་སྤང་བར་བྱ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ གྲངས་གང་ཞེ་ན། དགེ་སློང་དག་མིག་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱ་བ་དང། གཟུགས་དང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་ནས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར བ་བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བར་དུ་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་མངོན་པར་ཤེས་ཤིང ཡོངས་སུ་སྤང་བར་བྱའོ། །ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པ་ནང་གི་རྐྱེན་བདག་ཉིད་ཀྱི་རྐྱེན་ལས་བྱུང་བའི་ཚོར་བ་བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་མངོན་པར་ཤེས་ཤིང་ཡོངས་སུ་སྤང་པར་བྱའོ། །དགེ་སློང་དག་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་སྤངས་ན་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ། །འདི་ནི་ཐམས་ཅད་མངོན་པར ཤེས་ཤིང་ཡོངས་སུ་སྤང་པར་བྱ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ། །དགེ་སློང་དག་ཐམས་ཅད་མངོན་པར་ཤེས་ཤིང་ཡོངས་སུ་སྤང་བར་བྱ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པ་འདི་ངེས་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་ སྩལ་ཏོ། །དཔེར་ན་བསྡུ་བའི་དངོས་པོ་བཞི་པོ་དག་གིས་འཁོར་རྣམས་སྡུད་པ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དགོན་པའི་གནས་ཀྱི་བསྟི་གནས་ན་བཞུགས་ཏེ། དེ་ནས་དགོན་པ་པ་ལགས་པ་ཅན་ཞེས་བྱ་བ་འཁོར ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་འོངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་པ་དང་དགོན་པ་པ་ལག་པ་ཅན་ལ་བཅོམ་ལྡན་འདས་ཀྱིས འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་བསྙེན་ལག་པ་ཅན་འཁོར་མང་པོ་དང་འདུག་ཅིང་ཉེ་བར་གནས་པ་ཇི་ལྟར་གང་གིས་བསྡུ་བར་བྱ་སྙམ་དུ་སེམས། བཙུན་པ་གང་འདི་བཅོམ་ལྡན་འདས་ཀྱིས་བསྡུ་བའི་དངོས་པོ་བཞི་གསུངས་པ་འདི་ལྟ་སྟེ། སྦྱིན པ་དང། སྙན་པར་སྨྲ་བ་དང། དོན་མཐུན་པ་དང། དོན་སྤྱོད་པའོ། །དེ་རྣམས་ལས་གང་ཡང་རུང་ཞིང་གང་ཡང་རུང་བ་ཞིག་གིས་བསྡུ་བར་བྱ་སྙམ་དུ་སེམས་ཏེ་ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་དད་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན མཐུན་པ། ཁ་ཅིག་ལ་ནི་དོན་སྤྱོད་པས་སོ། །ལག་པ་ཅན་ལེགས་སོ་ལེགས་སོ། །ཆོས་འདི་དག་གིས་འཁོར་སྡུད་པ་སྟེ། འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང། སྙམ་པར་སྨྲ་བ་དང། དོན་མཐུན་པ་དང། དོན་སྤྱོད་པའོ།། གང་ཁ་ཅིག་ཆོས་དང་མཐུན་པར་འཁོར་སྡུད་པ་དེ་ཐམས་ཅད་ནི་བསྡུ་བའི་དངོས་པོ་བཞི་པོ་འདིས་ཏེ། ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན་མཐུན་པ། ཁ་ཅིག་ལ་ནི་དོན་སྤྱོད་པས་སོ། །འདས་པའི་དུས་ན ཡང་གང་ཁ་ཅིག་ཆོས་དང་མཐུན་པར་འཁོར་སྡུད་པ་དེ་ཐམས་ཅད་ནི་བསྡུ་བའི་དངོས་པོ་བཞི་པོ་འདིས་ཏེ། ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན་མཐུན་པ། ཁ་ཅིག་ལ་ནི་དོན་སྤྱོད་པས་སོ། །མ་འོངས་པའི་དུས་ན ཡང་གང་ཁ་ཅིག་ཆོས་དང་མཐུན་པར་འཁོར་སྡུས་པ་དེ་ཐམས་ཅད་བསྡུ་བའི་དངོས་པོ་བཞི་པོ་འདིས་ཏེ། ཁ་ཅིག་ལ་ནི་སྦྱིན་པ། ཁ་ཅིག་ལ་ནི་སྙན་པར་སྨྲ་བ། ཁ་ཅིག་ལ་ནི་དོན་སྤྱོད་པ། ཁ་ཅིག་ལ་ནི་དོན་མཐུན་པས་སོ། །སྦྱིན་པ་རྣམས གྱི་ནང་ན་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པའོ། །སྙན་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རིགས་ཀྱི་བུ་ཆོས་དོན་དུ་གཉེར་ཅིང་ཉན་པ་ལ་དུས་དུས་སུ་རྟག་ཏུ་སྙན་པར་སྨྲ་བར་བྱེད་པའོ། ། དོན་སྤྱོད་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ་འདི་ལྟ་སྟེ་མ་དད་པ་དག་དང་པ་ཕུན་སུམ་ཚོགས་པར་བྱེད་ཅིང་སྒྲུབ་པར་བྱེད། འདུལ་བར་བྱེད། འགོད་པར་བྱེད། རབ་ཏུ་གནས་པར་བྱེད། ཚུལ་ཁྲིམས་འཚལ་བ་ཚུལ ཁྲིམས་ཕུན་སུམ་ཚོགས་པར་བྱེད། སེར་ན་ཅན་གཏོང་བ་ཕུན་སུམ་ཚོགས་པར་བྱེད། ཤེས་རབ་འཆལ་པ་ཤེས་རབ་ཕུན་སུམ་ཚོགས་པར་བྱེད་པ་ནས་རབ་ཏུ་གནས་པར་བྱེད་པའི་བར་དུའོ། །དོན་མཐུན་པ་རྣམས་ཀྱི་ནང་ནི་མཆོག་ནི འདི་ཡིན་ཏེ། འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པ་ལ་རྒྱུན་ཏུ་ཞུགས་པས་ལྷན་ཅིག་དོན་མཐུན་པར་བྱེད། ལན་ཅིག་ཕྱིར་འོང་བ་ལ་ལན་ཅིག་ཕྱིར་འོང་བས། ཕྱིར་མི་འོང་བ་ལ་ཕྱིར་མི་འོང་བས། དགྲ་བཅོམ་པ་ལ་དགྲ་བཅོམ་པས ལན་ཅིག་དོན་མཐུན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ཏེ། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སྦྱིན་པ་དང་སྙན་པར་སྨྲ་བ་དང། འདི་ལ་དོན་ནི་སྤྱོད་པ་དང། དོན་མཐུན་པ་ཡིས་སེམས་ཅན་རྣམས། །ཇི་ལྟར་རིགས་པར་དེ་དང་དེར། །གལ་ཏེ་འདི་ཡིས་མི་སྡུད་ན། །མ་ལ་བུ་ཡི་རྒྱུ་ཡིས་ནི། །མཆོད་པ་ཐོབ་པར་མི་འགྱུར་ཞིང། ཕ་ཡང་བུ་ཡི་རྒྱུས་ཡིས། །གང ཕྱིར་བསྡུ་བ་འདི་ཡིས་ནི། །རྗེས་སུ་འཇུག་བྱེད་ཆོས་ལྡན་པ། །ཆེ་བའི་བདག་ཉིད་ཐོབ་ནས་ནི། །དེའི་ཕྱིར་འཇིག་རྟེན་ལྟ་བར་འགྱུར། །དེ་ནས་དགོན་པ་པ་ལག་པ་ཅན་འཁོར་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ཀྱིས གསུངས་པ་ལ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །གཟུགས་གང་ཅི་ཡང་རུང་བ་འདས་པ་འམ་ཞེས་བྱ་བ་ལ། དགེ་སློང་དག་ཕུང་པོ་དང་ཉེ་བར ལེན་པའི་ཕུང་པོ་བསྟན་པར་བྱའོ། །ཞེས་སྔར་བཤད་པའི་མདོ་བཞིན་དུ་བལྟ་བར་བྱའོ། །འདོད་པ་ཡང་རྣམ་པ་གསུམ་སྟེ། ཞེས་བྱ་བ་ལ། མདོར་བསྡུས་པ་འདོད་པའི་དཔེ་ནི་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་ནང་དུ ཡང་དག་འཇོག་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ལེགས་པར་མདོར་བསྡུས་པ་དེ་བཞིན་དུ་ཆོས་བཤད་དུ་གསོལ། ཇི་ལྟར་བདག་བཅོམ་ལྡན་འདས་ཀྱི་དྲུང་དུ་མདོར་བསྡུས་པའི་ཆོས་ཐོས་ནས་གཅིག་ཏུ དབེན?་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་བཞག་པའི་བདག་ཉིད་ལ་གནས་པར་བྱའོ། །གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་བཞག་པའི་བདག་ཉིད་ལ་གནས་ཏེ། གང་གི་དོན་དུ་རིགས ཀ་ཡི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ་ལུས་ལ་ཆོས་གོས་བགོས་ནས་དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱོད་ནས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས པ་མངོན་སུམ་དུ་བྱས་ཏེ། རིག་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་བཅོམ་ལྡན་འདས་བདག་ལ་བཤད་དུ་གསོལ ཞེས་དགེ་སློང་དེས་དེ་སྐད་ཅེས་གསོལ་བ་དང། བཀའ་སྩལ་པ། དགེ་སློང་ལོགས་སོ་ལེགས་སོ། །དགེ་སློང་འདི་སྐད་དུ་སྨྲ་བ་ལེགས་སོ་ལེགས། །བཅོམ་ལྡན་འདས་བདག་ལ་ལེགས་པར་མདོར་བསྡུས་པ་དེ་བཞིན་དུ་ཆོས་བཤད་དུ གསོལ། ཇི་ལྟར་བདག་བཅོམ་ལྡན་འདས་ཀྱི་དྲུང་དུ་མདོར་བསྡུས་པའི་ཆོས་ཐོས་ནས། གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་བཞག་པའི་བདག་ཉིད་ལ་གནས་པར་བྱའོ། །གཅིག་ཏུ དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་བཞག་པའི་བདག་ཉིད་ལ་གནས་ཏེ་གང་གི་དོན་དུ་རིགས་ཀྱི་བུ་སྒྲ་དང་ཁ་སྤུ་བྲེགས་ཏེ་ལུས་ལ་ཆོས་གོས་བགོས་ཤིང་དད་པས་ཡང་དག་པ་ཁོ་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང ནས་བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱོད་ནས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ། རིག་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བཟང་ངོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་དགེ་སློང་དེ་བཞིན་དུ་སྨྲ་འམ། བཙུན་པ་དེ་བཞིན་ནོ། །དགེ་སློང་དེས་ན་ལེགས་པར་ཉོན་པ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །དགེ་སློང་གང་ཁྱོད་མ་ཡིན་པའི་ཆོས་དེ་ཁྱོད ཀྱིས་སྤང་བར་བྱའོ། །དོན་དེ་ཁྱོད་ཀྱིས་སྤངས་ན་ཡུན་རིང་པོའི་དོན་དང། ཕན་པ་དང། བདེ་བར་འགྱུར་རོ། །གསོལ་བ་བཅོམ་ལྡན་འདས་འཚལ་ཏོ། །བདེ་བར་གཤེགས་པ་འཚལ་ལོ། །བཀའ་སྩལ་པ། དགེ སློང་ཁྱོད་ཀྱིས་ཇི་ལྟར་བས་མདོར་བསྡུས་ཏེ་རྣམ་པར་མ་ཕྱེ་བཤད་ནི་ཇི་ལྟར་ཤེས། གསོལ་པ་བཙུན་པ་གཟུགས་བདག་མ་ལགས་ཏེ། ཆོས་དེ་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པ་དང། བདེ་བར་འགྱུར རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་བདག་མ་ལགས་ཏེ། ཆོས་དེ་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་འདི་ལྟར བདག་གིས་མདོར་བསྡུས་ཤིང་རྣམ་པར་མ་ཕྱེ་བར་བཤད་པའི་དོན་རྒྱས་པར་འཚལ་ལོ། །དགེ་སློང་ལེགས་སོ་ལེགས་སོ། །དགེ་སློང་ངས་མདོར་བསྡུས་ཏེ་རྣམ་པར་མ་ཕྱེ་བར་བཤད་པའི་དོན་ཤེས་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། དགེ སློང་གཟུགས་བདག་མ་ཡིན་ཏེ་ཆོས་དེ་ཁྱོད་ཀྱིས་སྤང་བར་བྱའོ། །ཆོས་དེ་ཁྱོད་ཀྱིས་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་བདག་མ་ཡིན ཏེ། ཆོས་དེ་ཁྱོད་ཀྱིས་སྤང་བར་བྱའོ། །ཆོས་དེ་ཁྱོད་ཀྱིས་སྤངས་ན་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར་རོ། །དེ་ནས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་ཡིད་རངས་ནས་བཅོམ་ལྡན འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱ་སྟེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །དེ་ནས་དགེ་སློང་དེ་ལ་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་པའི་གདམས་ངག་འདིས་གདམས་པས་གཅིག་ཏུ་དབེན་པ། ཚད་མེད་པ། གདུང བ་མེད་པ། མཉམ་པར་གཞག་པའི་བདག་ཉིད་ལུང་སྟན་པར་བྱེད་དེ། གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་བཞག་པའི་བདག་ཉིད་ལ་གནས་ཏེ། གང་གི་དོན་དུ་རིགས་ཀྱི་བུ་སྐྲ་དང་ཁ་སྤུ བྲེགས་ཏེ། ཆོས་གོས་བགོས་ནས་དད་པ་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། བླ་ན་མེད་པའི་ཚངས་པར་སྤྱོད་པ་སྤྱད་ནས་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས ཏེ། རིག་པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟན་ཏེ། བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བའི་ཤེས་པ་དང་ལྡན་ཞིང་ཚེ་དང་ལྡན་པ་སེམས་རྣམ་པར་གྲོལ་བའི་དགྲ་བཅོམ པར་གྱུར་ཏོ། །དོན་འདི་ཉིད་ཕུང་པོའི་ཚོགས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་ལས་མདོ་གཞན་དང་གཞན་བདུན་འདི་ལྟར་འབྱུང་སྟེ། རྗེས་སུ་མཐུན་དང་གྲངས་དང་ནི། རྒྱུན་ཏུ་སྦྱོང་དང་རྒ་བ་དང། ཡོངས སྦྱོར་རྟོག་དང་བྲོ་བ་དང། །སེམས་ནི་རྣམ་པར་གྲོལ་བ་དང། །མདོ་སྡེ་གཉིས་པོ་དག་ལས་ཀྱང། །རྒྱལ་བ་ཉིད་ལས་སྐྱེས་པ་ཡི་ཞེས་འབྱུང་ངོ་འདིར་མདོར་བསྡུས་པ་འདོད་པའི་དཔེ་གཞན་ཡང། བཅོམ་ལྡན་འདས་རྒྱལ བ་འདི་ལ་བ་གང་བསྙེན་བཀུར་བ་ཚེ་དང་ལྡན་པ་གྲོང་གི་བདག་པོ་རྒྱལ་བའི་བུ་དང་ལྷན་ཅིག་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་རྒྱལ་བའི་བུ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་རྒྱལ་བའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བསླབ་པའི་ཚིག་བརྒྱ་ཕྱེད་ལྷག་དང་བཅས་པ་ནི་ཟླ་བ་ཕྱེད་ཕྱེ ཅིང་སོ་སོར་ཐར་བའི་མདོ་འདོན་པ་ལས་བྱུང་སྟེ། རིགས་ཀྱི་བུ་བདག་ལེགས་སུ་འདོད་པར་བསླབ་པ་ལ་ཤིན་ཏུ་བསླབ་པར་བྱའོ། །དེ་ལ་བདག་བསླབ་པ་འདི་ལ་སློབ་པར་མི་སྤྲོའོ། །བཀའ་སྩལ་པ་ཚེ་དང་ལྡན་པ་རྒྱལ་བའི་བུ་ཁྱོད ཀྱིས་དུས་དང་དུས་སུ་བསླབ་པ་གསུམ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལ་བདག་སྤྲོའོ། །བདེ་བར་གཤེགས་པ་སྤྲོའོ། །ཚེ་དང་ལྡན་པ་རྒྱལ་བའི་བུ་འདི་ལྟར་ཁྱོད་ཀྱིས་དུས་དང་དུས་སུ་ལྷག་པའི ཚུལ་ཁྲིམས་ཀྱིས་བསླབ་པ་ལ་བསླབ་པར་བྱའོ། །ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ཀྱིས་བསླབ་པ་ལ་བསླབ་པར་བྱའོ། །རྒྱལ་བའི་བུ་ཁྱོད་ཀྱིས་དུས་དང་དུས་སུ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སློབ ཅིང། ལྷག་པའི་སེམས་དང། ལྷག་པའི་ཤེས་རབ་ཀྱིས་བསླབ་པ་ལ་སློབ་པར་བྱེད་ན་ཡུན་རིང་པོ་མི་ཐོགས་པར་ཟག་པ་ཟད་ཅིང་ཟག་པ་མེད་པ་དང། སེམས་རྣམ་པར་གོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་དང། མཐོང་བའི་ཆོས ཉིད་ལ་རང་ཉིད་ཀྱི་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཤིང་རིག་པ་ཕུན་སུམ་ཚོགས་པར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །བྱ་བ་བྱས་སོ། །བྱེད་པ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ། ། དེ་ནས་ཚེ་དང་ལྡན་པ་རྒྱལ་བའི་བུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །ཚེ་དང་ལྡན་པ་རྒྱལ་བའི་བུ ལ་བཅོམ་ལྡན་འདས་ཀྱིས་གདམས་ངག་འདིས་གདམས་པ་དང། གཅིག་དུ་དབེན་པ། ཚད་མེད་པ། གདུང་བ་མེད་པ། མཉམ་པར་བཞག་པའི་བདག་ཉིད་ལུང་བསྟན་པར་བྱེད་དེ། གཅིག་ཏུ་དབེན་པ། ཚད་མེད་པ། གདུང་བ་མེད་པ མཉམ་པར་བཞག་པའི་བདག་ཉིད་ནས། སྔ་མ་བཞིན་དུ་ཤེས་པ་དང་ལྡན་པའི་བར་དུ་ཚེ་དང་ལྡན་པ་རྒྱལ་བའི་བུ་སེམས་རྣམ་པར་གྲོལ་བར་འགྱུར་ཏོ། །རྩོད་པའི་རྩ་བ་ནི་གཉིས་ཏེ་ཞེས་བྱ་བ་ལ། ཚེ་དང་ལྔ་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཆུ་བོ སྒྲིབ་པ་ཅན་གྱི་འདབ་མ་ཅན་གྱི་ཆུ་དོགས་ན་བཞུགས་ཏེ། དེ་ནས་བྲམ་ཟེ་ལག་ན་དབྱུག་པ་ཅན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་ཀཱ་ཏྱ་ཡ་ན་ཆེན་པོ་དང་ལྷན་ཅིག་ཡང་དག པར་དགའ་བར་འགྱུར་བ་དང། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་དབྱུག་པ་ཅན་གྱིས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་འདི་སྐད་ཅེས གསོལ་ཏོ། །ཀཱ་ཏྱཱ་ཡ་ན་རྒྱུ་གང་དང། རྐྱེན་གང་གིས་རྒྱལ་པོ་ལ་རྒྱལ་པོས་ལྷན་ཅིག་རྩོད་པར་འགྱུར། ཞིང་བལ་ཞིང་པས། བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པར་གྱུར། བྲམ་ཟེ འདོད་པ་བ་ཆགས་པ་དང། ཞེན་པ་དང། འབྲེལ་པ་དང། མངོན་པར་འདོད་པ་དང། ཡང་དག་པར་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོས་ལྷན་ཅིག་རྩོད་པར་གྱུར་ཅིང། ཞིང་པ་ལ་ཞིང་པས། བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ བདག་གིས་ལྷན་ཅིག་རྩོད་པར་གྱུར་ཏོ། །ཀཱ་ཏྱཱ་ཡ་ན་འདོད་པ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་བ་དང། མངོན་པར་འདོད་པ་དང། ཡང་དག་པར་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོས་ལྷན་ཅིག་རྩོད་ཅིང། ཞིང་པ་ལ་ཞིང་པས། བྲམ ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་ལྷན་ཅིག་རྩོད་པར་གྱུར་ན། ཀཱ་ཏྱཱ་ཡ་ན་རྒྱུ་གང་དང་རྐྱེན་གང་གིས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་ལྷན་ཅིག་རྩོད་པར་གྱུར། བྲམ་ཟེ་ལྟ་བ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་བ་དང། མངོན པར་འདོད་པ་དང། ཡང་དག་པར་ཆགས་པའི་རྒྱུས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་རྣམས་ལྷན་ཅིག་རྩོད་པར་གྱུར་ཏོ། །ཀཱ་ཏྱཱ་ཡ་ན་ལྟ་བ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་པ་དང། མངོན་པར་འདོད་པ་དང། ཡང་དག་པར་ཆགས པའི་རྒྱུས་རབ་ཏུ་བྱུང་བ་རྣམས་རྩོད་པར་གྱུར་ན། ཀཱ་ཏྱཱ་ཡ་ན་ད་ལྟར་ཁ་ཅིག་འདོད་པ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་བ་དང། མངོན་པར་འདོད་པ་དང། ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་ཡང་དག་པར་འདས་པ་དང། ལྟ བ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་པ་དང། མངོན་པར་འདོད་པ་དང། ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་འདས་པ་ཡོད་དམ། བྲམ་ཟེ་ཡོད་དེ། འདི་ལྟ་སྟེ། བདག་གིས་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་འདོད་པ ལ་ཆགས་པ་དང། ཞེན་པ་དང། འབྲེལ་བ་དང། མངོན་པར་ཆགས་པའི་རྒྱུ་འདི་དག་ལས་ཡང་དག་པར་འདས་སོ། །ལྟ་བ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་བ་དང། མངོན་པར་འདོད་པ་དང། ཡང་དག་པར་ཆགས་པའི་རྒྱུ་འདི དག་ལས་ཡང་དག་པར་འདས་སོ། །ཀཱ་ཏྱཱ་ཡ་ན་བཅོམ་ལྡན་འདས་གཽ་ཏ་མ་དེ་ལྟར་གང་ན་བཞུགས། བྲམ་ཟེ་ཤར་ཕྱོགས་ཀྱི་ཡུལ་ན་མཉན་ཡོད་ཅེས་བྱ་བའི་ཀོ་ས་ལའི་གྲོང་ཁྱེར་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན ད་ལྟར་བཅོམ་ལྡན་འདས་བཞུགས་སོ། །དེ་ནས་བྲམ་ཟེ་ལག་ན་དབྱུག་པ་ཅན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། སའི་དཀྱིལ་འཁོར་གང་ན་བཅོམ་ལྡན་འདས་བཞུགས་པའི་ཕྱོགས་དེར་ཐལ་མོ་སྦྱར་ཏེ་ཕྱག་བྱེད་ཅིང་ཚང་བུ བརྗོད་པ་འདི་སྐད་ཆེད་དུ་བརྗོད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི སངས་རྒྱས་གང་འདོད་པ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་བ་དང། མངོན་པར་འདོད་པ་དང། ཡང་དག་པར་ཆགས་པའི་རྒྱུ་འདི་དག་ལས་ཡང་དག་པར་འདས་ཤིང་ལྟ་བ་ལ་ཆགས་པ་དང། ཞེན་པ་དང། འབྲེལ་པ་དང། མངོན་པར འདོད་པ་དང། ཡང་དག་པར་ཆགས་པ་འདི་རྣམས་ལས་ཡང་དག་པར་འདས་པ་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་དོ། །དེ་ནས་བྲམ་ཟེ་འབྱུག་པ་ཅན་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ཆེན་པོས་བཤད་པ་ལ་རྗེས་སུ་ཡི་རང་བཞིན་མངོན་པར དགའ་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ཉིད་མདོ་ལ་བརྟེན་ཏེ་སློབ་དཔོན་སྣ་ཚོགས་བློ་གྲོས་ཀྱིས་ཚིགས་སུ་བཅད་པ་བཞི་བརྒྱ་བ་ལས་བཅོམ་ལྡན་འདས་ལ་བསྟོད་པ། འདོད་པ་མི་སྣང་འབྲེལ་མེད་ཅིང། །ལྟ་བའི་དགྲ་བཅོམ གྱུར་བ། དེ་ནས་རྩོད་རྩ་མི་འབྱུང་སྟེ། རྩ་བ་མེད་པར་གང་ལས་འབྱུང་ཞེས་གསུངས་སོ། །ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་མངོན་པར་དགའ་ཨོ་ཞེས་བྱ་བ་ལ་རེ་རེར་བསྡུས་པ་ལས་བསྡུས་པའི་སྡོམ་གཉིས་པའི་མཛའ་ཨི་མདོ་ལས་འབྱུང་སྟེ། དེ ལས་འདི་སྐད་དུ་འདོན་ཏེ། དགེ་སློང་དག་ཇི་ལྟར་སྐྱེས་བུ་བུད་མེད་ལ་ཆགས་པ་ལ་འདི་ལྟར་དགའ་བ་སྐྱེས་པ་འདི་ལྟར་རྒྱགས་པ་དང། སྲིད་པ་དང། དགའ་བ་དང། ཆགས་པ་དང། བརྒྱལ་བ་དང། འཆིང་བ་དང། དོན་དུ་གཉེར་བ་དང། ཀུན་ཏུ་སྦྱོར་བའི་ཆོས་གཅིག་ཀྱང་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། སྐྱེས་བུ་བུད་མེད་ཀྱི་གཟུགས་ལ་ཆགས་པ་དང། ཞེན་པ་དང། ཆགས་ཞེན་དང། བརྒྱལ་བ་དང། ཞེན་པ་ཐོབ་པ་ནི་སྐྱོན་མི་མཐོང་ཞིང་ངེས་པར་འབྱུང་བ་མི་ཚོལ བས་སྐྱེས་བུ་བུད་མེད་ཀྱི་དབང་དུ་འགྱུར་རོ། །སྐྱེས་བུ་བུད་མེད་ཀྱི་གཟུགས་ལ་ཇི་ལྟ་བ་བཞིན་དུ་བུད་མེད་སྐྱེས་པའི་གཟུགས་ལ་ཡང་དེ་བཞིན་ནོ། །འདྲེས་པ་ཞེས་བྱ་བའི་གསུམ་པ་ལས་ཀྱང་སྐྱེས་བུ་བུད་མེད་ཀྱི་གཟུགས་ལ་བུད་མེད་ཀྱང སྐྱེས་བུའི་གཟུགས་ལ་སྟེ། གཟུགས་ཇི་ལྟ་བ་དེ་བཞིན་དུ་དྲི་དང་རོ་དང་རེག་བྱ་གསུམ་ལ་ཡང་མདོ་རྣམ་པ་གསུམ་མོ། །ཞིང་དང་ས་བོན་གྱི་གོ་རིམ་ལྟ་བུར་བསྟན་པའི་དོན་དུ་ཞེས་བྱ་བ་ལ་ས་བོན་གྱི་རྣམ་པ་ལྔ་སྟེ་ཞེས་མདོ་ལས འབྱུང་སྟེ། བདེ་བ་ལ་ཕུང་པོ་ཞེས་བྱ་བ་ལས་ངས་ཆོས་གཅིག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་ལས་དང། མཛོད་ཀྱི་གནས་དྲུག་པར་ཀུན་འབྱུང་གི་བདེན་པ་དཔྱད་པ་ལས་ཇི སྐད་དུ་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་ནི་ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་སོ་ཞེས་རང་གི་ངོ་བོས་བསྡུས་ནས་དེར་འཚང་བར་འགྱུར་རོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཇི་སྐད་དུ་བཤད་ཅེ་ན། ཇི་ལྟར་ཆེད་དུ་བརྗོད་པ བསྡུས་པ་ལས་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་མདོ་ལས་འབྱུང་སྟེ། ཚེ་དང་ལྡན་པ་ཀུན་དགའ་བས་སྨྲས་པ། ཚེ་དང་ལྡན་པ་དག་བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ཅིག་བཅོམ་ལྡན་འདས་ཀྱི་དྲུང་དུ་ཐོས་ཤིང་བཟུང་ལ གཉིས་ནི་དགེ་སློང་དག་ལས་སོ། །བདག་གིས་ཚིག་དུམ་བུར་བཟུང་བ་ནི་ཡང་དག་པར་རྗེས་སུ་མི་དྲན་ཏེ། གཞན་དུ་ན་དུས་གཅིག་ཏུ་ཐོས་སོ། །བཅོམ་ལྡན་འདས་ལ་ཡོངས་སུ་དྲིས་ཏེ་བཟུང་བ་ནི་བདག་གིས་མངོན་པར་མི་ཤེས་ཏེ། གཞན་དུ ན་ལན་ཅིག་ཐོས་པས་སོ། །དེའི་ཚེ་ཡང་དེ་ལྟ་བུ་སྟེ། འདི་ལྟར་སེམས་ཀྱི་ཆོས་ཡོངས་སུ་བཟུང་བར་བྱའོ། །ཁ་ཅིག་ཆོས་ཀྱིས་རྗེས་སུ་གཟུང་ཞིང་རྟོགས་པ་ཐོབ་པ་དང། གཞན་ཡོངས་སུ་བཟུང་བའི་ཕྱིར་ཞེས་མངོན་པར་མི་ཤེས་ཏེ། གཞན་དུ་ན་བདག་ཉིད གདུལ་བའི་དོན་དང། ཞི་བའི་དོན་དང། བདག་ཉིད་ཡོངས་སུ་མྱ་ངན་ལས་བཟླ་བའི་དོན་དུའོ། །སེམས་ཁེངས་པ་དང་ཞུམ་པའི་རྒྱུ་ཡང་དག་པར་རྗེས་སུ་མི་ཤེས་སོ། །ཚངས་པར་སྤྱོད་པ་གཞན་ལས་ལྷག་པའི་རྒྱུའི་སེམས་མངོན་པར་མི་ཤེས་ཤིང མ་སྐྱེས་སོ། །གང་དག་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་ལྟར་བཤད་པ་ན་ཚེ་དང་ལྡན་པ་དགའ་བོ་ཆོས་ལ་ངོ་མཚར་བར་གྱུར་ཏོ། །དེ་ལ་རེ་ཞིག་ལྔ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དེ་དང་དེ་ལས་འདོམ་པ བཞིན་ཏེ། ཇི་ལྟར་རེ་ཞིག་དྲུག་པའི་མདོའི་གསུམ་ཚན་གྱི་དང་པོ་ལས་ཇི་སྐད་བཤད་པ་ལྟ་བུ་སྟེ། ཆོས་ལྔ་མངོན་སུམ་དུ་བྱ་བ་ནི་མི་སློབ་པའི་ཕུང་པོ་ལྔ་སྟེ། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས རབ་གྱི་ཕུང་པོ་དང། རྣམ་པར་གྲོལ་བའི་ཕུང་པོ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཟད་པར་གྱི་སྐྱེ་མཆེད་བཅུ་པོ་རྣམས་ནི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟད་པར་གྱི སྐྱེ་མཆེད་ནི་བཅུ་པོ་འདི་རྣམས་ཏེ། བཅུ་གང་ཞེ་ན། ལ་ལ་ཟད་པར་སའོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད་མེད་པར་འདུ་ཤེས་སུ་བྱེད་ཅིང་པ་ལ་ཟད་པར་ཆུ་དང། མེ་དང། རླུང་དང། སྔོན་པོ་དང། སེར་པོ་དང། དམར པོ་དང། དཀར་པོ་དང། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དོ་ཞེས་སྟེང་དང་འོག་དང་ཐད་ཀར་གཉིས་སུ་མེད་ཅིང་ཚད?་མེད་པར་འདུ་ཤེས་སུ་བྱེད་དོ་ཞེས་བཀའ་སྩལ་ཏོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བརྒྱད་པོ་འདི་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ། བརྒྱད་གང་ཞེ་ན། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ དོག་བཟང་པོ་འམ་ངན་པ་རྣམས་པ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུའི་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས མེད་པར་འདུ་ཤེས་བས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས གནོན་པའི་སྐྱེ་མཆེད་གཉིས་པའོ། །ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པས་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང། ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ་འོང་སྔོན་པོ་འབྱུང་པ་འདི ལྟ་སྟེ། ཟད?་མའི་མེ་ཏོག་གམ། ཡུལ་བ་ར་ཎཱ་སེའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན པོ་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ་རྣམས་ལ་བལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནད་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་པ འདི་ལྟ་སྟེ། དོང་ཀའི་མེ་ཏོག་གམ། ཡུལ་བ་ར་ཎཱ་སེའི་ངས་ཕུན་སུམ་ཚོགས་པ་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར པོ་ལྟ་བུར་སྟོན་པ་འོད་སེར་པོ་འབྱུང་བ་རྣམས་ལ་བ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་པ་འདི་ལྟ་སྟེ དཔེར་ན། བནདྷུ་ཛཱི་བ་ཀའི་མེ་ཏོག་གམ། ཡུལ་བ་ར་ཎཱ་སེའི་རས་ཕུན་སུམ་ཚོགས་པ་དམར་པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་བས་ཕྱི་རོལ་གྱི་གཟུགས་དམར པོ་ཁ་དོག་དམར་པོ་དམར་པོ་ལྟ་བུར་སྟོན་པ་འོད་དམར་པོ་འབྱུང་བ་རྣམས་ལ་བལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་འདི་ལྟ་སྟེ་དཔེར་ན། །སྐར་མ་པ་བ་སངས་ལྟ་བུ་འམ། ཡུལ་བ་ར་ཎཱ་སེའི་རས་ཕུན་སུམ་ཚོགས་པ་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་དེ་བཞིན་དུ་མ་གཟུགས མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་རྣམས་ལ་བལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པའོ་ཞེས་བཀའ་སྩལ་ཏོ། ། །།ནམ་མཁའ་ མཛའ་ལས་ལ་སོགས་པ་སྐྱེ་མཆེད་གཞན་བཞི་པོ་རྣམས་ནི་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྐྱེ་མཆེད་ནི་བཞི་པོ་འདི་དག་སྟེ། ནམ་མཁའ་མཛའ་ཡས་སྐྱེ་མཆེད་དང། རྣམ་ཤེས་མཛའ་ཡས་སྐྱེ་མཆེད དང། ཅི་ཡང་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ་ཞེས་བཀའ་སྩལ་ཏོ། །སྐྱེ་མཆེད་འདི་དག་ནི་གཉིས་པའི་དེ་མ་ཐག་མདོའི་དུམ་བུ་རྣམ་པར་དབྱེ་བ་ལས་བལྟ་བར་བྱའོ། །རྣམ་པར་གྲོལ་བའི་སྐྱེ་མཆེད ལྔ་པོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྣམ་པར་གྲོལ་བའི་སྐྱེ་མཆེད་ནི་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་དག་འདི་ལ་སྟོན་པ་འམ་ཚངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གཞན་གང་ཡང རུང་བ་ཆོས་སྟོན་པར་བྱེད་དེ། ཇི་ལྟ་ཇི་ལྟར་སྟོན་པ་འམ་ཚངས་པར་སྤྱོད་ལ་བླ་མའི་གནས་ལྟ་བུ་གཞན་གང་ཡང་རུང་བ་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་དོན་སོ་སོ་ཡང་དག་པར་རིག་པ་དང། སོ་སོ་ཡང་པར་རིག པར་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་པ་དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པའི་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་དེ་ལ་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །ཡིད་དགའ་ན་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན བདེ་བ་མྱོང་བར་འགྱུར་རོ། །བདེ་བ་མྱོང་བ་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་འགྱུར་རོ། །མཉམ་པར་བཞག་ན་ཇི་ལྟ་བ་བཞིན་ཤེས་པ་དང། ཡང་དག་པ་ཇི་ལྟ་པ་བཞིན་ཡོད་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་ཡང དག་པ་ཇི་ལྟ་བ་བཞིན་མཐོང་ན་སྐྱེ་བར་འགྱུར་རོ། །སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་གྲོལ་བར་འགྱུར་རོ། །འདི་ནི་རྣམ་པར་གྲོལ་པའི་སྐྱེ་མཆད་དང་པོའོ། །གང་ལས་དགེ་སློང་ངམ་དགེ་སློང་མ་དེའི་དྲན་པ ཉེ་བར་མི་གནས་པ་དྲན་པ་ཉེ་བར་མི་གནས་པར་འགྱུར། སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་འགྱུར། ཟག་པ་ཡོངས་སུ་ཟད་པ་ཡོངས་སུ་ཟད་པར་འགྱུར་ཏེ། རྗེས་སུ་མ་ཐོབ་པའི་མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ བླ་ན་མེད་པ་ཐོབ་པར་འགྱུར་ཏེ། གཞན་ཡང་དགེ་སློང་སྟོན་པ་འམ་ཚངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུར་གཞན་གང་ཡང་རུང་བ་ཆོས་སྟོན་པར་མི་བྱེད་མོད་ཀྱི། ཇི་ལྟར་ཐོས་པ་དང། ཇི་ལྟར་མཐོང་བ་དང་ཐོབ་པའི་ཆོས་རྣམས རྒྱས་པར་ཁ་དོན་བྱེད་དེ། ཇི་ལྟ་ཇི་ལྟར་ཐོས་པ་དང། ཇི་ལྟར་མཐོང་བ་དང། རྟོགས་པའི་ཆོས་རྣམས་རྒྱས་པར་ཁ་དོན་དུ་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་དོན་སོ་སོ་ཡང་དག་པར་རིག་པར་འགྱུར་རོ། །ཆོས་སོ་སོ་ཡང་དག་པར རིག་པ་དང། དོན་སོ་སོ་ཡང་དག་པར་རིག་པ་དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པའི་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་དེ་ལ་རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་ནས་འདོད་ཆགས་དང་བྲལ་བ་དང གྲོལ་བའི་བར་དུ་སྟེ། འདི་ནི་རྣམ་བར་གྲོལ་བའི་སྐྱེ་མཆེད་གཉིས་པའོ། །གང་ལ་དགེ་སློང་ངམ་དགེ་སློང་མ་དེའི་དྲན་པ་ཉེ་བར་མ་གནས་པ་དྲན་པ་ཉེ་བར་གཞག་པར་འགྱུར། སེམས་མཉམ་པར་མ་བཞག་པ་མཉམ་པར འཇོག་པར་འགྱུར། ཟག་པ་ཡོངས་སུ་མ་ཟད་པ་ཡོངས་སུ་ཟད་པར་འགྱུར་ཏེ། རྗེས་སུ་མ་ཐོབ་པའི་མྱ་ངན་ལས་འདས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་ཐོབ་པར་འགྱུར་རོ། །གཞན་ཡང་དགེ་སློང་སྟོན་པ་འམ་ཚངས་པར་སྤྱོད་པ་མཁས་པ་བླ་མའི་གནས ལྟ་བུ་གཞན་གང་ཡང་རུང་བ་ཆོས་སྟོན་པར་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་དང། ཇི་ལྟར་རྟོགས་པ་དང། ཁོང་དུ་ཆུད་པའི་ཆོས་རྣམས་རྒྱས་པར་ཁ་ཏོན་དུ་ཡང་མི་བྱེད་མོད་ཀྱི། ཇི་ལྟར་ཐོས་པ་དང། ཇི་ལྟར་རྟོགས་པ་དང། ཁོང དུ་ཆུད་པའི་ཆོས་རྣམས་གཞན་དག་རྣམས་ལ་རྒྱས་པར་ཡང་དག་པར་གསལ་བར་བྱེད་དེ། ཇི་ལྟ་ཇི་ལྟར་ཐོས་པ་དང། རྟོགས་པ་དང། ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རྒྱས་པར་རབ་ཏུ་གསལ་བར་བྱེད་པ་དེ་ལྟ་དེ་ལྟར་ཆོས རྣམས་ལ་དོན་སོ་སོར་རིག་པ་དང། ཆོས་སོ་སོར་རིག་པར་འགྱུར་ཏེ། དོན་སོ་སོར་རིག་པ་དང། ཆོས་སོ་སོར་ཡང་དག་པར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེ་བ་ནས་འདོད་ཆགས་དང་བྲལ་བ་དང་གྲོལ་བའི་བར་དུ་འགྱུར་རོ། །འདི་ནི་རྣམ པར་གྲོལ་བའི་སྐྱེ་མཆེད་གསུམ་པའོ། །གང་ལ་དགེ་སློང་ངམ་དགེ་སྦྱོང་མ་གནས་པ་དེའི་དྲན་པ་ཉེ་བར་མི་གནས་པ་དྲན་པ་ཉེ་བར་གནས་པར་འགྱུར། སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པར་འགྱུར། ཟག་པ ཡོངས་སུ་མ་ཟད་པ་ཡོངས་སུ་ཟད་པར་འགྱུར་ཏེ། །རྗེས་སུ་མ་ཐོབ་པ་མྱ་ངན་ལས་འདས་པ་གྲུབ་པ་དང་དབེན་པ་བླ་ན་མེད་པ་ཐོབ་པར་འགྱུར་རོ། །གཞན་ཡང་དགེ་སློང་སྟོན་པ་འམ་ཚངས་པར་སྤྱོད་པ་མཁས་པ་གཞན་གང་ཡང་རུང བ་ཆོས་སྟོན་པར་ཡང་མི་བྱེད། ཇི་ལྟར་ཐོས་བ་དང། ཇི་ལྟར་རྟོགས་པ་དང། ཇི་ལྟར་ཁོང་དུ་ཆུད་པ་རྒྱས་པར་ཁ་དོན་དུ་ཡང་མི་བྱེད། ཇི་ལྟར་ཐོས་པ་དང། ཇི་ལྟར་རྟོགས་པ་དང། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཞན་དག་ལ་རབ་ཏུ གསལ་བར་ཡང་མི་བྱེད་མོད་ཀྱི། །ཇི་ལྟར་ཐོས་པ་དང། ཇི་ལྟར་རྟོགས་པ་དང། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཅིག་ཏུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་ཉེ་བར་དཔྱོད་པར་བྱེད་དོ། །ཇི་ལྟ་ཇི་ལྟར་ཐོས་པ་དང ཇི་ལྟར་རྟོགས་པ་དང། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཅིག་ཏུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་ཉེ་བར་དཔྱོད་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་རྣམས་སོ་སོར་རིག་པ་དང། དོན་སོ་སོར་རིག་པར་འགྱུར་ཏེ། ཆོས་སོ་སོར་རིག་པ་དང། དོན་སོ་སོར་རིག་པ་དེ་ལ་རབ་ཏུ་དགའ་པ་སྐྱེ་བ་ན་འདོད་ཆགས་དང་བྲལ་བ་དང་གྲོལ་བའི་བར་དུ་འགྱུར་རོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་བཞི་པའོ། །གང་ལས་དགེ་སློང་ངམ་དགེ་སློང་མ་གནས པའི་དྲན་པ་ཉེ་བར་མི་གནས་པ་ཉེ་བར་གནས་པར་འགྱུར་བ་ནས་རྗེས་སུ་མ་ཐོབ་པ་མྱ་ངན་ལས་འདས་པ་གྲུབ་པ་དང། བདེ་བ་བླ་ན་མེད་པ་རྗེས་སུ་ཐོབ་པར་འགྱུར་བའི་བར་དུའོ། །གཞན་ཡང་དགེ་སློང་སྟོན་པ་འམ་ཚངས་པར་སྤྱོད་པ མཁས་པ་བླ་མའི་གནས་ལྟ་བུ་གཞན་ཡང་རུང་བ་ཆོས་སྟོན་པར་ཡང་མི་བྱེད་ལ། ཇི་ལྟར་ཐོས་པ་དང། ཇི་ལྟར་རྟོགས་པ་དང། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་རྒྱས་པར་ཁ་དོན་དུ་ཡང་མི་བྱེད་ལ་ཇི་ལྟར་ཐོས་པ་དང། ཇི ལྟར་རྟོགས་པ་དང། ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་གཅིག་ཏུ་དབེན་པར་སོང་སྟེ། དོན་སེམས་ཤིང་འཇལ་བ་དང་ཉེ་བར་སྤྱོད་པར་ཡང་མི་བྱེད་མོད་ཀྱི། ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གཞན་དང་གཞན་ལེགས་པར རབ་ཏུ་འཛིན་པར་གྱུར་ཅིང་ཤིན་ཏུ་ཡིད་ལ་བྱེད། ཤིན་ཏུ་བསྟེན་པར་བྱེད། ཤིན་ཏུ་རབ་ཏུ་འབྱེད་པར་བྱེད་དེ། ཇི་ལྟ་ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་གཞན་དང་གཞན་ལེགས་པར་རབ་ཏུ་འཛིན་ཅིང་ཤིན་ཏུ་ཡིད་ལ་བྱེད ཤིན་ཏུ་བསྟེན་པར་བྱེད། ཤིན་ཏུ་རབ་ཏུ་འབྱེད་པར་བྱེད་བ་དེ་ལྟ་དེ་ལྟར་ཆོས་རྣམས་ལ་དོན་སོ་སོར་ཡང་དག་བར་རིག་པ་དང་ཆོས་སོ་སོར་ཡང་དག་པར་རིག་པར་འགྱུར་ཏེ། ཆོས་སོ་སོར་ཡང་དག་པར་རིག་པ་དང། དོན་སོ་སོར་ཡང་དག་པར་རིག པ་དེ་ལ་རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་དང། འདོད་ཆགས་དང་བྲལ་བ་ནས་གྲོལ་བའི་བར་དུ་འགྱུར་རོ། །འདི་རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པ་སྟེ། གང་ལས་དགེ་སློང་མ་དགེ་སློང་མ་དེའི་དྲན་པ་ཉེ་བར་གནས་པར་འགྱུར་པ་ནས། མྱ་ངན་ལས་འདས་པ་གྲུབ་པ་དང། བདེ་བ་བླ་ན་མེད་པའི་ཐོབ་པའི་བར་དུ་འགྱུར་རོ་ཞེས་བཀའ་སྩལ་ཏོ། །སྐྱེ་མཆེད་གཉིས་པོ་དག་ནི་ཞེས་བྱ་བ་ལ། རྣམ་གྲངས་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་མདོ ལས་གསུངས་ཏེ་ཚེ་དང་ལྡན་པ་དགའ་བོ་རྣམ་པར་ཤེས་བའི་གནས་དང། སྐྱེ་མཆེད་རྣམ་པ་གཉིས་སོ། །རྣམ་པར་ཤེས་པའི་གནས་བདུན་གང་ཞེ་ན། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ་།འདི་ནི་རྣམ་པར་ཤེས་པ་གནས་པ་དང་པོའོ། །སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་གང་དག དང་པོར་བྱུང་བ་དེ་དག་གོ་། འདི་ནི་རྣམ་པར་ཤེས་པ་གནས་པ་གཉིས་པའོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས པ་གནས་པ་གསུམ་པའོ། །སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བཞི་པའོ། །སེམས་ཅན་གཟུགས་མ་ཡིན་པ་གང་དག་རྣམ་པ ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་རྣམས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཛའ་ཡས་སོ་སྙམ་ནས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་རྫོགས་པར བྱས་ཏེ་གནས་པ་ཡོད་དེ། འདི་ལྟ་སྟེ་ནམ་མཁའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་ལྔ་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཛའ་ཡས་སོ་སྙམ་ནས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཡོད་དོ། །འདི་ལྟ་སྟེ། རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། ། འདི་ནི་རྣམ་པར་ཤེས་པ་གནས་པ་དྲུག་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་རྫོགས་བར བྱས་ནས་གནས་པ་ཡོད་དེ། འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བདུན་པའོ། །སྐྱེ་མཆེད་གཉིས་གང་ཞེ་ན། སེམས་ཅན་གཟུགས་ཅན་གང་དག་འདུ་ཤེས་མེད་ཅིང འདུ་ཤེས་མེད་པ་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཏེ། འདི་ནི་སྐྱེ་མཆེད་དང་པོའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་ འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་ཡོད་དེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་ཡིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་སྐྱེ་མཆེད་གཉིས་པའོ་ཞེས་གསུངས་སོ། །དེ་བཞིན་དུ ཁམས་མང་པོ་པའི་མདོ་ལས་ཞེས་བྱ་བ་ལ། གླེང་གཞིན་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་ཨོ་གཅིག་ཏུ་དབེན་པ་ན་ནང་དུ་ཡང་དག་པར་འཇོག་ལས་གནས་པ་ནི་འདི་ལྟ་བུའི་སེམས་ལ་སེམས་ཀྱི་དཔྱོད་པ་ཡོངས་སུ་སྐྱེས་ཏེ། གང་ཅུང་ཟད་འཇིགས པ་སྐྱེ་ཞིང་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང་རབ་ཏུ་འཚེ་བ་དང། ཉེ་བར་རབ་ཏུ་འཚེ་བ་སྐྱེ་བ་འདི་ནི་བྱིས་པ་རྣམས་ལ་སྐྱེ་བར་འགྱུར་གྱི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གཅིག་པུ་དབེན་པ་ན་ནང་དུ་ཡང་དག་འཇོག་ལ་མཆིས་པ་ན་འདི་ལྟ་བུའི་སེམས་ལ་སེམས་ཀྱི་ཡོངས་སུ་དཔྱོད་པ་འདི་ལྟ་བུ་སྐྱེས་ཏེ། གང་ཅུང་ཟད་འཇིགས་པ་སྐྱེ་ཞིང་སྐྱེ་བ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང། རབ་ཏུ་འཚེ་བ་དང། ཉེ་བར་རབ་ཏུ་འཚེ་བ་སྐྱེ་ཞིང་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ བ་དང། རབ་ཏུ་འཚེ་བ་དང། ཉེ་བར་རབ་ཏུ་འཚེ་བ་སྐྱེ་ཞིང་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི་མཁས་པ་རྣམས་ལ་ནི་མ་ཡིན་ནོ། །ཀུན་དགའ་བོ་འདི་ལྟ་སྟེ། འདམ་བུ་སྐམ་པོ་འམ། ཅིའི་ཁྱིམ་མང་པོ་ལ་མེས་བསྲེག་པ་ན་མཐོང་པར མེས་བསྲེག་པ་དེ་བཞིན་དུ་གང་ཅུང་ཟད་འཇིགས་པ་སྐྱེ་ཞིང་སྐྱེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང། རབ་ཏུ་འཚེ་བ་དང། ཉེ་བར་རབ་ཏུ་འཚེ་བ་དེ་ཐམས་ཅད་ནི་བྱིས པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །འདས་པའི་དུས་ན་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་ཐམས་ཅད་ཀྱང་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང། རབ་ཏུ་འཚེ བ་དང། ཉེ་བར་རབ་ཏུ་འཚེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །མ་འོངས་པའི་དུས་ན་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་ཐམས་ཅད་ཀྱང་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི མ་ཡིན་ནོ། །གང་ཅུང་ཟད་ཉེ་བར་འཚེ་བ་དང། རབ་ཏུ་འཚེ་བ་དང། ཉེ་བར་རབ་ཏུ་འཚེ་བ་དེ་ཐམས་ཅད་ནི་བྱིས་པ་རྣམས་ལ་སྐྱེའི། མཁས་པ་རྣམས་ལ་ནི་མ་ཡིན་ནོ། །ཀུན་དགའ་བོ་འདས་པ་དང་མ་འདས་པ་དང་ད་ལྟར་བྱུང་བའི་དུས རྣམས་སུ་བྱིས་པ་འཇིགས་པ་དང་བཅས་ཀྱི། མཁས་པ་རྣམས་ནི་མ་ཡིན་ནོ། །བྱིས་པ་རྣམས་ཉེ་བར་འཚེ་བ་དང་བཅས་ཀྱི། མཁས་པ་རྣམས་ནི་མ་ཡིན་ནོ། །བྱིས་པ་རྣམས་རབ་ཏུ་འཚེ་བ་དང་བཅས་ཀྱི། མཁས་པ་རྣམས་ནི མ་ཡིན་ནོ། །བྱིས་པ་རྣམས་རབ་ཏུ་ཉེ་བར་འཚེ་བ་དང་བཅས་ཀྱི། མཁས་པ་རྣམས་ནི་མ་ཡིན་ནོ། །ཀུན་དགའ་བོ་བྱིས་པ་རྣམས་འདི་ལྟ་བུའི་ཉེ་བར་འཚེ་བ་དང། རབ་ཏུ་འཚེ་བ་དང། ཉེ་བར་རབ་ཏུ་འཚེ་བ་དང་བཅས་པར་འདོད་ཀྱི་མཁས པ་རྣམས་ནི་མ་ཡིན་ནོ། །ཀུན་དགའ་བོ་དེའི་ཕྱིར་བྱིས་པའི་ཆོས་རྣམས་དང་མཁས་པའི་ཆོས་རྣམས་རིག་པར་བྱ་ཞིང་བྱིས་པ་དང་མཁས་པའི་ཆོས་རྣམས་རིག་ནས་བྱིས་པའི་ཆོས་སྤང་བར་བྱ་ཞིང་མཁས་པའི་ཆོས་རྣམས་ལ འཇུག་པར་བྱ། བསླབ་པར་བྱའོ། །བཙུན་པ་ཇི་ལྟར་ན་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ། ཀུན་དགའ་བོ་ཕུང་པོ་ལ་མི་མཁས་པ་དང། ཁམས་དང། སྐྱེ་མཆེད་དང། རྟེན་ཅིང་འབྲེལ་པར་འབྱུང་བ་དང། གནས་དང་གནས་མ་ཡིན་ པ་ལ་མི་མཁས་པ་འདི་ཙམ་གྱིས་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །བཙུན་པ་འདི་ཙམ་གྱིས་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་ན། བཙུན་པ་ཇི་ཙམ་གྱིས་བྱིས་པ་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་། ཀུན་དགའ་བོ་ཕུང་པོ་ལ་མཁས་པ་དང། ཁམས་དང་སྐྱེ་མཆེད་ལ་མཁས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང། གནས་དང་གནས་མ་ཡིན་པ་ལ་མཁས་པ་དེ་ནི་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །བཙུན པ་ཇི་ཙམ་གྱིས་ན་ཁམས་ལ་མཁས་པར་འགྱུར་ཞེ་ན། ཀུན་དགའ་བོ་ཁམས་བཅོ་བརྒྱད་ལ་མཁས་ཤིང་ཤེས་པ་དང་མཐོང་བ་སྟེ། ཇི་ལྟར་གནས་པའི་མིག་གི་ཁམས་དང། གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར ཤེས་པའི་ཁམས་དང། རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས་པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི ཁམས་སྟེ། ཁམས་བཅོ་བརྒྱད་པ་འདི་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་དང། ཡང་ཁམས་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང། རྣམ་པར་ཤེས་པའི་ཁམས་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་དང། གཞན་ཡང་ཁམས་དྲུག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདོད་པའི་ཁམས་དང། གནོད་སེམས་ཀྱི་ཁམས་དང། རྣམ་པར་འཚོ་བའི་ཁམས་དང། ངེས་པར་འབྱུང་བའི་ཁམས་དང། གནོད་སེམས་ཀྱི་ཁམས་དང། གནོད་སེམས་མེད་པའི་ཁམས་སོ། །དྲུག་པོ་འདི་དག་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །གཞན་ཡང་ཁམས་དྲུག་ཡང་དག་པ་ཇི་ལྟ་བ་བཞིན ཤེས་ཤིང་མཐོང་སྟེ། བདེ་བའི་ཁམས་དང། སྡུག་བསྔལ་གྱི་ཁམས་དང། ཡིད་བདེ་བའི་ཁམས་དང། ཡིད་མི་བདེ་བའི་ཁམས་དང། བཏང་སྙོམས་ཀྱི་ཁམས་དང། མ་རིག་པའི་ཁམས་ཏེ། དྲུག་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས ཤིང་མཐོང་ངོ། །ཡང་ཁམས་བཞི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། ཚོར་བའི་ཁམས་དང། འདུ་ཤེས་ཀྱི་ཁམས་དང། འདུ་བྱེད་ཀྱི་ཁམས་དང། རྣམ་པར་ཤེས་པའི་ཁམས་ཏེ་བཞི་པོ་འདི་དག་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ།། ཡང་ཁམས་གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །གཞན་ཡང་ཁམས གསུམ་ཡང་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། གཟུགས་ཀྱི་ཁམས་དང། གཟུགས་མེད་པའི་དང། འགོག་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་རབ་ཀྱིས་ཤེས་ཤིང་མཐོང་ངོ། །ཡང་ཁམས གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདས་པའི་ཁམས་དང། མ་འོངས་པའི་ཁམས་དང། ད་ལྟར་བྱུང་བའི་ཁམས་ཏེ་གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །གཞན་ཡང་ཁམས གསུམ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། ངན་པའི་ཁམས་དང། བར་མའི་ཁམས་དང། གྱ་ནོམ་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །གཞན་ཡང་ཁམས་གསུམ་ཡང་དག་པ་ཇི ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། དགེ་བའི་ཁམས་དང། མི་དགེ་བའི་ཁམས་དང། ལུང་དུ་མ་བསྟན་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །གཞན་ཡང་ཁམས་གསུམ་ཡང་དག་པ་ཇི་ལྟ་བ བཞིན་ཤེས་ཤིང་མཐོང་སྟེ། སློབ་པའི་ཁམས་དང། མི་སློབ་པའི་ཁམས་དང། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཁམས་ཏེ། གསུམ་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །ཡང་ཁམས་གཉིས ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། ཟག་པ་དང་བཅས་པའི་ཁམས་དང། ཟག་པ་མེད་པའི་ཁམས་ཏེ། གཉིས་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །གཞན་ཡང་ཁམས་གཉིས་ཡང་དག་པ་ཇི ལྟ་བ་བཞིན་ཤེས་ཤིང་མཐོང་སྟེ། འདུས་བྱས་ཀྱི་ཁམས་དང། འདུས་མ་བྱས་ཀྱི་ཁམས་ཏེ། གཉིས་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ངོ། །འདི་ཙམ་གྱིས་ན་ཁམས་ལ་མཁས་པར་འགྱུར་རོ། །བཙུན པ་འདི་ཙམ་གྱིས་ཁམས་ལ་མཁས་པར་འགྱུར་ན། བཙུན་པ་ཇི་ཙམ་གྱིས་ན་སྐྱེ་མཆེད་ལ་མཁས་པར་འགྱུར་རོ། །ཀུན་དགའ་བོ་སྐྱེ་མཆེད་བཅུ་གཉིས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ལ་མཁས་པ་སྟེ། མིག་གི་སྐྱེ མཆེད་དང། གཟུགས་ཀྱི་སྐྱེ་མཆེད་དང། རྣ་བའི་སྐྱེ་མཆེད་དང། སྒྲའི་སྐྱེ་མཆེད་དང། སྣའི་སྐྱེ་མཆེད་དང། དྲིའི་སྐྱེ་མཆེད་དང། ལྕེའི་སྐྱེ་མཆེད་དང། རོའི་སྐྱེ་མཆེད་དང། ལུས་ཀྱི་སྐྱེ་མཆེད་དང། རེག་བྱའི་སྐྱེ་མཆེད་དང། ཡིད་ཀྱི་སྐྱེ་མཆེད དང། ཆོས་ཀྱི་སྐྱེ་མཆེད་དོ། སྐྱེ་མཆེད་བཅུ་གཉིས་པོ་འདི་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། འདི་ཙམ་གྱིས་ན་སྐྱེ་མཆེད་ལ་མཁས་པར་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་སྐྱེ་མཆེད་ལ་མཁས་པར་འགྱུར་ན། བཙུན་པ ཇི་ཙམ་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་འགྱུར། ཀུན་དགའ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པོ་འདི་དག་གོ་རིམ་དང་གོ་རིམ་ལས་བཟློག་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་བ་སྟེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད དྲུག་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བོ་དང། ན་བ དང། འཆི་བ་དང། མྱ་ངན་དང། སྨྲ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུགས་པ་རྣམས་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། འདི་མེད་པས་འདི་མི་འབྱུང འདི་འགགས་པས་འདི་འགག་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་།འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་།རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག འགགས་པས་རེག་པ་འགག་། རེག་པ་འགགས་པས་ཚོར་བ་འགག་།ཚོར་བ་འགགས་པས་སྲེད་པ་འགག་།སྲེད་པ་འགགས་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག་།སྲིད་པ་འགགས་པས་སྐྱེ་བ་འགག་། སྐྱེ་བ་འགགས་པས་རྒ་བ་དང། ན་བ་དང་འཆི་བ་དང་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །ཀུན་དགའ་བོ འདི་ཙམ་གྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་འགྱུར་ན་བཙུན་པ་ཇི་ཙམ་གྱིས་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར། ཀུན་དགའ་བོ་གནས་མ་ཡིན་པ་གནས་མ ཡིན་པ་དང། གནས་ལ་གནས་སུ་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་སྟེ། ཀུན་དགའ་བོ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱི་ཉེས་པར་སྤྱད་པ་དང། ཡིད་དང་ངག་གི་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང། སྡུག་པ་དང། དགའ་ བ་དང། ཡིད་དུ་འོང་བ་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གང་ལུས་ཀྱི་ལེགས་པར་སྤྱད་པ་དང། ཡིད་དང་ངག་གི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མི་འདོད་པ་དང། མི་སྡུག་པ་དང། མི་དགའ་བ་དང། ཡིད་དུ་མི་འོང་བ འགྲུབ་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གང་ལུས་ཀྱི་ལེགས་པར་སྤྱད་པ་དང། ངག་གི་དང། ཡིད་ཀྱི་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང། སྡུག་པ་དང། དགའ་བ་དང། ཡིད་དུ་འོང་བ་འགྲུབ་པར་འགྱུར་བ་འདི་ནི་གནས ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ་གང་ལུས་ཀྱི་ཉེས་པར་སྤྱོད་པ་དང། ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་མཐོ་རིས་ལྷ་དང་མིའི་འཇིག་རྟེན་དུ་སྐྱེ་བ་འདི་ནི་གནས མ་ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡིན་ཞིང་གོ་སྐབས་ཡོད་དེ་གང་ལུས་ཀྱི་ཉེས་པར་སྤྱད་པ་སྤྱོད་པ་དང། ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་སྤྱོད་པར་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ། ཤི་བའི་འོག་ཏུ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བ་འདི ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱི་ལེགས་པར་སྤྱད་པ་སྤྱོད་པ་དང། ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ བ་རྣམས་སུ་སྐྱེ་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡིན་ཞིང་གོ་སྐབས་ཡོད་དེ། གང་ལུས་ཀྱི་ལེགས་པར་སྤྱད་པ་སྤྱོད་པ་དང། ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་སྤྱོད་པ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་མཐོ་རིས་ཀྱི་ལྷ དང་མིའི་འཇིག་རྟེན་དུ་སྐྱེ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། སྔ་ཕྱི་མེད་པར་འཇིག་རྟེན་གཅིག་ཏུ་འཁོར་ལོས་སྒྱུར་བ་གཉིས་འབྱུང་བར་འགྱུར་བ་འདི་ནི་གནས་མེད་དོ། །གཅིག་འབྱུང་བ་འདི་གནས་ཡོད་དོ། ། གནས་མ་ཡིན་ཞིང་གོ་སྐབས་མེད་དེ་གང་སྔ་ཕྱི་མེད་པར་འཇིག་རྟེན་གཅིག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཞིང་གཅིག་འབྱུང་བ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་སྐབས་མེད་དེ། བུད་མེད་འཁོར་ལོ་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གང་སྐྱེད་པ་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། བུད་མེད་རྒྱལ་པོ་ཆེན་པོ་བཞི་ཉིད་དང། བརྒྱ་བྱིན་ཉིད་དང། ཚངས་པ་ཉིད་བྱེད་པར འགྱུར་བ་དང། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེད་པར་འགྱུར་པ་འདི་ནི་གནས་མ་ཡིན་ཞིང་སྐྱེས་པ་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམ་བཞིན་ཏུ་མ་གསོད་པར་འགྱུར་བ་འདི་ནི་གནས་མེད་ཅིང་སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་ལ་བསམས་བཞིན་དུ་པ་གསོད་པ་དང དགྲ་བཅོམ་པ་གསོད་པ་དང། དགེ་འདུན་མཐུན་པ་འབྱེད་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །སོ་སོའི་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས མེད་དེ། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་བསམས་བཞིན་དུ་དུད་འགྲོའི་འགྲོ་བ་བསད་པར་འགྱུར་བ་དང། བསམས་བཞིན་དུ་བསླབ་པ་ལས་འདའ་བ་དང། བསླབ་པ་ཉམས་པར་བྱེད་པར་འགྱུར་བ་དང། འདི་ལས་ཕྱི་རོལ་པའི་ཡོན་གནས་ཀྱི་རྗེས་སུ་འབྲང་བ་དག འདི་ལས་ཕྱི་རོལ་པའི་སྟོན་པ་ལ་དད་པ་དང། དགེ་སྦྱོང་དང་བྲམ་ཟེ་འདི་དག་ཤེས་པར་བྱ་བ་ཤེས་སོ། །མཐོང་བར་བྱ་བ་མཐོང་ངོ་ཞེས་དགེ་སྦྱོང་དང་བྲམ་ཟེ་ལ་མངོན་དུ་ཕྱོགས་ཤིང་ལྟ་བ་དང། མངོན་དུ་ཕྱོགས་ཤིང་རྟོག་པ་དང། བཀྲ་ཤིས་དང་དགེ་མཚན་དག ལ་དད་པ་འཛིན་པ་དང། སྲིད་པ་བརྒྱད་པ་འགྲུབ་པར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་སོ་སོ་སྐྱེ་བོ་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་རྣམ་པ་ལྔ་པོ་སེམས་ཉེ་བའི་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམས་ཆུང་བར་བྱེད པ་མྱ་ངན་ལས་འདས་པ་ཐོབ་པའི་གནས་སུ་གྱུར་པ་མ་སྤངས་པར་དྲན་པ་ཉེ་བར་བཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་དཔྱོད་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ། །གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གེགས་སུ་གྱུར་པ་སྤངས་ན་དྲན་པ་ཉེ་བར་བཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་གནས་པ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་ལྔ་པོ སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གེགས་ཀྱི་ཕྱོགས་སུ་གྱུར་པ་མ་སྤངས་པར་དྲན་པ་ཉེ་བར་བཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང་གནས་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པ འདི་ནི་གནས་མེད་དོ། །གནས་ཡོད་པ་གང་སྲིད་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་བ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་ཐོབ་པའི་གེགས་ཀྱི་ཕྱོགས་སུ་གྱུར་པ་དེ་སྤངས་ན་དྲན་པ་ཉེ་བར་བཞག་པ་བཞི་རྣམས་ལ་སེམས་ལེགས་པར་གནས་ཤིང གནས་པ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་མི་འཇུག་པར་བྱེད་པའི གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་མི་གནས་ཤིང་མི་སྤྱོད་པ་བྱང་ཆུབ་ཀྱི་ཡན་ལག་བདུན་མ་སྒོམས་པར་སྡུག་བསྔལ་ཡང་དག་པར་མཐར་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གནས་ཡོད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པ་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་པ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་བ འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་མ་སྤངས་ཤིང་དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་མི་གནས ཤིང་མི་སྤྱོད་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་མ་བསྒོམས་པར་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །གནས་ཡོད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ལས་འདས པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །གནས་མ་ཡིན་ཞིང་གོ སྐབས་མེད་དེ། གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན་ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་མ་སྤངས་ཞིང་དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་ལེགས་པར་མི་གནས་པ་ལ་མི་སྤྱོད་ལ། བྱང་ཆུབ ཀྱི་ཡན་ལག་བདུན་མ་སྒོམ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ཤིང་བྱང་ཆུབ་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གནས་ཡོད་དེ་གང་སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་མྱ་ངན ལས་འདས་པར་འཇུག་པའི་གེགས་ཀྱི་ཕྱོགས་སྤངས་ཤིང་དྲན་པ་ཉེ་བར་བཞག་པ་བཞི་ལ་སེམས་གནས་ཤིང་སྤྱོད་པ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པ་འདི་ནི་གནས་ཡོད་དོ། །ཀུན་དགའ་བོ་འདི ཙམ་གྱིས་ན་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་གནས་དང་གནས་མ་ཡིན་པ་ལ་མཁས་པར་འགྱུར་ན། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས་ཇི་ལྟར་བཟུང་བར་བགྱི། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ གྲངས་འདིའི་མིང་ལེའུ་བཞི་པ་ཞེས་བྱ་བར་ཡང་གཟུང་ཞིག་། ཆོས་ཀྱི་མེ་ལོང་ཞེས་བྱ་བར་གཟུང་ཞིག་།བདུད་རྩི་ལྔ་ཞེས་བྱ་བར་བཟུང་ཞིག་།ཁམས་མང་པོ་པའི་མིང་ཞེས་བྱ་བར་གཟུང་ཞིག་།དེའི་ཕྱིར་ཁམས་མང་པོ་པའི་མདོ་ལས་འདི་སྐད་ཅེས གསུངས་སོ། །བར་སྡོམ་ལ། ཁམས་ནི་བཅོ་བརྒྱད་བཞི་དག་དང། །ས་དང་འདོད་པ་ཚོར་བ་དེ་དང། །འདོད་པ་གཟུགས་དང་འདས་པ་དང། །དམན་དང་དགེ་བའི་ཁམས་ཉིད་དང། །སློབ་པ་དང་ནི་མི་སློབ་པ། །ཟག་བཅས་ཟག་པ་མེད་པ་དང། འདུས་བྱས འདུས་མ་བྱས་དག་ཏུ། །བྱས་ནས་ཚོགས་སུ་ཡང་དག་བསྟན། །བརྟན་ཡོད་འདིར་ནི་གཟུགས་གཅིག་པ། །ཐོངས?་དང་བཅས་པ་གཟུགས་ཅན་བཅུ་ཞེས་བྱ་བ་ལ་སྐྱེ་མཆེད་སོ་སོར་བརྟན་པའི་མདོ་སྔར་བཤད་པ་གཞན་དུ་བལྟ་བར་བྱའོ། །དབང་པོ་རྣམས་མཚང་བ་མེད་ཅིང་ཞན་པ་མ་ཡིན ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་ལུང་རིང་པོའི་མདོ་ལས་དང་པོ་ཡོངས་སུ་ཉམས་པར་བརྗོད་པ་དེ་དང་དེ་ལས་འདོན་པ་ལྟ་བུ་སྟེ། དེ་ལས་འདི་ལྟར་འབྱུང་སྟེ་གལ་ཏེ་ཐམས་ཅད་དུ་གཟུགས་མེད་པའི་ཁམས་ཡོད་ན། ཇི་ལྟར་བདག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་གཟུགས་མེད་པའི ཁམས་སུ་སྐྱེ་བར་འགྱུར་ལ། གལ་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་མེད་པའི་ཁམས་མེད་ན། འདི་ལྟར་གཟུགས་ཀྱི་ཁམས་ཀྱི་ལྷ་ཡིད་ལ་བྱུང་བའི་གཟུགས་ཅན་དབང་པོ་རྣམས་མ་ཚང་བ་མེད་ཅིང་ཞན་པ་མ་ཡིན་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག བཟང་པོ་དང་ལྡན་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་དུས་ཡུན་རིང་དུ་གནས་པ་དག་ཡོངས་སུ་ཉམས་པ་ན་དེ་དང་དེར་སྐྱེ་བར་འགྱུར་རོ་ཞེས་འབྱུང་ངོ། །དེ་གསུམ་ཟག་བཅས་ཟག་མེད་ཅེས་བྱ་བ་ལ་གླེང་གཞི་ནི་མཉན་དུ ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ནས་བཀའ་སྩལ་པ། དགེ་སློང་དག་ཟག་པ་དང་བཅས་པ་དང། ཟག་པ་མེད་པའི་ཆོས་རྣམས་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ཟག་པ་དང་བཅས་པའི ཆོས་རྣམས་གང་ཞེ་ན། དགེ་སློང་དག་མིག་དང་གཟུགས་དང་དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ནས། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ནས། དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ ཡང་མ་ཡིན་པ་ནས། དེ་བཞིན་དུ་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། འཇིག་རྟེན་པའི་ཡིད་དང། ཆོས་དང། ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བར་འདི་ནི་ཟག་པ་དང་བཅས་པ་ཞེས་བྱའོ། །ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། འཇིག་རྟེན་ལས་འདས་པའི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བའམ སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་འདི་ནི་ཟག་པ་མེད་པའི་ཆོས་རྣམས་ཞེས་བྱའོ། །དགེ་སློང་དག་ངས་ཁྱེད་ལ་ཟག་པ་བཅས་པ་དང་ཟག་པ་མེད་པའི་ཆོས་རྣམས་བསྟན་པ་འདི་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ།། །། དེ་ཉིད་ཀྱི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ས་ན་ཞེས་བྱ་བ་གང་ནས་འབྱུང་ཞེ་ན། བྱེ་བྲག་ཏུ་བཤད་པ་ལས་སོ། །རྟོག་པ་མེད་པར་བརྗོད་པར་བྱ་ཞེས་བྱ་བ་གང་ན་འབྱུང་ཞེ་ན། ཆོས་མངོན་པ་ལས་སོ།། །།མདོ་ལས་བྱུང་བ་རྣམས་ནི་བཞི་ཉིད་དང། སྲ་བ་ལ སོགས་པའི་མཚན་ཉིད་དུ་བཟུང་བའི་ཕྱིར་ལ་ཞེས་བྱ་བ་ལ། ལུང་བར་མའི་འདུན་པའི་མཇུག་ཐོགས་སུ་གླང་པོ་ཆེའི་རྗེས་ལྟ་བུའི་མདོ་དེ་དང་དེར་ཇི་ལྟར་རེ་ཞིག་གཟུགས་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། གཟུགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི དག་དང་འབྱུང་བ་ཆེན་པོ་བཞི་གྱུར་བྱས་པའོ། །འབྱུང་བ་ཆེན་པོ་བཞི་གང་ཞེ་ན། སའི་ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་སོ། །སའི་ཁམས་གང་ཞེ་ན། ཚེ་དང་ལྡན་པ་དག་སའི་ཁམས་ནི་གཉིས་ཏེ། ནང་གི་བདག་ཉིད་དང། ཕྱི་རོལ གྱི་སྟེ། ནང་གི་བདག་ཉིད་ཀྱི་སའི་ཁམས་དང་ཕྱི་རོལ་གྱིའོ། །ནང་གི་བདག་ཉིད་ཀྱི་སའི་ཁམས་གང་ཞེ་ན། གང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་ནས་ཕྱིའི་བར་ཏུ་སྟེ། རླུང་དང་རླུང་དུ་གྱུར་པ་ཞེས་བྱ་བ་ནས། འདི་ནི་ཕྱིའི་རླུང་གི་ཁམས་སོ།། ཞེས་བྱ་བའི་བར་དུ་ཇི་ལྟར་ཁམས་དྲུག་རྣམ་པར་དབྱེ་བའི་མདོའི་རྗེས་ཐེགས་ཁོ་ནར་བལྟ་བར་བྱའོ། །མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ། སྐྱེ་མཆེད་སོ་སོར་བསྟན་པར་སྔར་བྲིས་པ་བཞིན་བལྟ་བར་བྱའོ། །འོ་ན་གང་མིག་གི་ཤའི་གོང་བུ་ལ་ཞེས་པ་ལ་སོགས་པ་ནི་སྔར་ལག པ་བརྡབས་པའི་དཔེའི་མདོར་བསྟན་པ་བཞིན་ནོ། །དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བ། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་ལྗོངས་རྒྱུ་ཞིང་རིམ་གྱིས་རྒྱལ་བའི་གམ་དུ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་རྫ་མཁན་བྷ་ག་གང་ན་བ་དེར་ཉེ་བར་གཤེགས་ཏེ། ཉེ་བར་གཤེགས་ནས་རྫ་མཁན་བྷ་རྒ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྷརྒ་གལ་ཏེ་ང་ཁྱོད་ལ་མི་གནོད་ན་ཁྱོད་ཀྱི་ནང་ཁྱིམ་གྱི་ཕྱོགས་གཅིག་ཏུ་ཉིན་ཞག་ཅིག་གནས་སོ། །ལྷ་ཉི་དང་ལ་མི་གནོད་མོད་ཀྱི། འདི་ན་དགེ་སྦྱོང་ཞིག་སྔར་འོངས་ནས་ཉིན་ཞག་གཅིག་གནས་སོ། །གལ་ཏེ་ཚེ་དང ལྡན་པ་ལ་མི་གནོད་ན་ལྷ་ཇི་ལྟར་དགྱེས་པ་བཞིན་དགའ་ཞིང་བདེ་བར་བཞུགས་ཤིག་། དེ་ནས་བཅོམ་ལྡན་འདས་རྫ་མཁན་བྷརྒའི་ཁྱིམ་དུ་གཤེགས་སོ། །དེའི་ཚེ་རྫ་མཁན་བྷརྒའི་ཁྱིམ་ན་ཚེ་དང་ལྡན་པ་ཕུ་སྐར་ས་རི་སྔར་འོངས་ཏེ་ཉིན་ཞག་གཅིག་གནས་སོ། །དེ་ནས་བཅོམ་ལྡན འདས་ཀྱིས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། དགེ་སློང་གལ་ཏེ་ང་ཁྱོད་ལ་མི་གནོད་ན་རྫ་མཁན་བྷརྒའི་ཁྱིམ་གྱི་ཕྱོགས་གཅིག་ཏུ་ཉིན་ཞག་གཅིག་གནས་སོ། །རྫ་མཁན་བྷརྒ་ལ་ཡང་བལྟའོ། །ཚེ་དང་ལྡན་པ་བདག་ལ་མི་གནོད་དེ་འདི་ལྟར་རྫ་མཁན བྷརྒའི་ཁང་པ་རྒྱ་ཆེ་ཞིང་ངས་རྩཝའི་སྟན་བཀོད་ནས་ཡོད་པས་དེར་གཞན་དུ་ན་ཇི་ལྟར་བདེ་བཞུགས་ཤིག་། དེ་ནས་བཅོམ་ལྡན་འདས་ཁང་པའི་ཕྱི་རོལ་ཏུ་ཞབས་བཀྲུས་ཏེ་ཁང་པར་གཤེགས་ནས་རང་ཉིད་རྩཝའི་སྟན་བཀོད་པའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ལུས་བསྲངས ཏེ་དྲན་པ་ཉེ་བར་གཞག་བཞིན་དུ་བཞུགས་སོ། །ཚེ་དང་ལྡན་པ་ཕུ་སྐར་ས་རི་ཡང་ཁང་པའི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས་ཁང་པའི་ནང་དུ་ཞུགས་ནས་རྩཝའི་སྟན་བཀོད་པའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ཏེ། དྲན་པ་ཉེ་བར་གཞག་བཞིན་དུ་འདུག་གོ་། ཉིན་ཞག་དེ་ལ་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་ཕུ་སྐར་ས་རི་གང་ཕལ་ཆེར་འཕགས་པ་རྣམས་ཀྱི་མི་སྨྲ་བ་ཉིད་ལ་གནས་ཏེ་འདུག་གོ་། དེ་ནས་བཅོམ་ལྡན་འདས་མཚན་མའི་ཐུན་ཐ་མ་ལ་འདི་ལྟ་བུར་དགོངས་ཏེ། རབ་ཏུ་བྱུང་བ་འདི་འདི་ལྟར་ཞི་བར་གནས་པ ནི་ཤིན་ཏུ་ངོ་མཚར་རོ། །གང་འདི་སྐད་བདག་གིས་རབ་ཏུ་བྱུང་བ་འདི་ལ་ཁྱོད་ཀྱི་སྟོན་པ་གང་ཡིན། གང་ལས་རབ་ཏུ་བྱུང། གང་གི་ཆོས་ལ་དགའ་ཞེས་བྲི་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་འདི་སྐད་ཅེས་བཀའ་སྩལ ཏོ། །དགེ་སློང་ཁྱོད་ཀྱི་སྟོན་པ་གང། གང་ལ་བརྟེན་ཏེ་རབ་ཏུ་བྱུང། གང་གི་ཆོས་ལ་དགའ་། ཚེ་དང་ལྡན་པ་འདི་ན་དགེ་སློང་གཽ་ཏ་མ་ཞེས་བྱ་བ་ཤཱཀྱའི་སྲས་པོ་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཤིང་ངུར་སྨྲིག་བགོས་ནས་དང་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གི་སྟོན་པ་ཡིན་ནོ། །བདག་དེ་ལ་རབ་ཏུ་བྱུང་ཞིང་དེའི་ཆོས་ལ་དགའ་ཨོ། །དགེ་སློང་ཁྱོད་ཀྱིས་སྟོན་པ་མཐོང་ཞིང་ངོ་ཤེས་སམ། ཚེ་དང་ལྡན་པ་མ་ཡིན་ནོ། །གཞན་དུ་བཅོམ་ལྡན་འདས དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་རྐང་པར་ལྡན་པ་བདེ་པར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་ཐོས་སོ།། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། རིགས་ཀྱི་བུ་འདི་བདག་གི་བསྟན་པ་ལས་རབ་ཏུ་བྱུང་བས་བདག་གིས་འདི་ལ་ཆོས་བཤད་པར་བྱའོ། །སྙམ་དུ་དགོངས་ཏེ། ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཚངས་པར་སྤྱོད་པ། གསལ་བར་བྱེད་པ། འདི་ལྟ་སྟེ་ཁམས་དྲུག་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་བྱ ཡིས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ཁམས་དྲུག་རབ་ཏུ་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ཏེ། གང་ལས་ཡིད་ཟག་པ་མེད་པ་ཉེ་བར་མི་འཇུག་པ་རེག་པའི སྐྱེ་མཆེད་དྲུག་པ་དང། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་པ་དང། བྱིན་གྱིས་བརླབས་པ་བཞི་པ་ཡིན་ནོ། །ཟག་པ་མེད་པར་འཇུག་ན་ཡིད་ཉེ་བར་ཞི་བས་རྫོགས་པར་བྱང་ཆུབ་པ་ཞེས་བརྗོད་དོ། །དེ་ལ་འདི་ནི་གདམས་པ་སྟེ། ཤེས་རབ་བག་མེད་པ་ལས་བསྲུང་བ་དང། གཏོང་བ་རབ་ཏུ སྤེལ་བ་དང། ལམ་བསྒོམ་པ་བརྟེན་པ་སྟེ། འདི་ནི་ཁམས་དྲུག་རབ་ཏུ་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མདོར་བསྟན་པའོ། །དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་བརྗོད་པར་བྱ་སྟེ། ཁམས་དྲུག་གང་ཞེ་ན། སའི ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང། རྣམ་པར་ཤེས་པའི་ཞེས་བྱ་བ་སྟེ། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བསྟན་པ་དེ་ངས་རྒྱས་པར་རབ་ཏུ་བཤད་དོ། །སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག པ་ཡིན་ནོ་ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། རེག་པའི་སྐྱེ་མཆེད་དྲུག་གང་ཞེ་ན་གཟུགས་མཐོང་བའི་ཕྱིར་མིག་གི་འདུས་ཏེ་རེག་པ་ནས་རྣ་བ་དང། སྒྲ་དང། སྣ་དང། དྲི་དང། ལྕེ་དང། རོ་དང། ལུས་དང། རེག་བྱ་དེ། ཆོས་ཤེས་པའི་ཕྱིར། ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་སྟེ། དགེ་སློང་སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་ཡིན་ནོ་ཞེས་བསྟན་པ་དེ་ངེས་རྒྱས་པར་བཤད་དོ། །དགེ་སློང་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་པ་ཡིན་ནོ། །ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་ཅིག་བརྗོད་པར་བྱ སྟེ། ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང། བཏང་བསྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གོ་།ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་གང་ཞེ་ན། དགེ་སློང་འདི་ལ་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི གནས་ཀྱི་གཟུགས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །རྣ་བ་དང། སྒྲ་དང། སྣ་དང། དྲི་དང། ལྕེ་དང། རོ་དང། ལུས་དང། རེག་བྱ་དང། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་ཡིད་བདེ་བའི་གནས་ཀྱི་ཆོས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །ཡིད་མི་བདེ་བའི་ཉེ་བར་རྒྱུ བ་དྲུག་གང་ཞེ་ན། དགེ་སློང་འདི་ལ་མིག་གི་གཟུགས་རྣམས་མཐོང་ནས་ཡིད་མི་བདེ་བའི་གནས་ཀྱི་གཟུགས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །རྣ་བ་དང། སྒྲ་དང། སྣ་དང། དྲི་དང། ལྕེ་དང། རོ་དང། ལུས་དང། རེག་བྱ་དང། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ནས ཡིད་མི་བདེ་བའི་གནས་ཀྱི་ཆོས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་གང་ཞེ་ན། དགེ་སློང་འདི་ལ་མིག་གིས་གཟུགས་རྣམས་མཐོང་ནས་བཏང་སྙོམས་ཀྱི་གནས་ཀྱི་གཟུགས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །རྣ་བ་དང། སྒྲ་དང། སྣ་དང། དྲི་དང། ལྕེ་དང། རོ་དང། ལུས་དང། རེག་བྱ་དང། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ནས་བཏང་སྙོམས་ཀྱི་གནས་ཀྱི་ཆོས་རྣམས་ལ་ཉེ་བར་རྒྱུ་བར་བྱེད་དོ། །དགེ་སློང་དེ་ལ་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང། བཏང་སྙོམས ཀྱི་ཉེ་བར་རྒྱུ་བ་དྲུག་པོ་འདི་དག་གཅིག་ཏུ་བསྡུས་ན་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དུ་འགྱུར་ཏེ། དགེ་སློང་སྐྱེས་བུ་འདི་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་ཡིན་ནོ་ཞེས་བསྟན་པ་དེ་ངས་རྒྱས་པར་རབ་ཏུ་བཤད་དོ། །དགེ་སློང་སྐྱེས་བུ་འདི་ནི་བྱིན་གྱིས་བརླབས་བཞི་པ་ཡིན་ནོ ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་བརྗོད་པར་བྱ་སྟེ། བྱིན་གྱིས་བརླབས་བཞི་གང་ཞེ་ན། ཤེས་རབ་ཀྱིས་བྱིན་གྱིས་བརླབས་དང། བདེན་པའི་བྱིན་གྱིས་བརླབས་དང། གཏོང་བའི་བྱིན་གྱིས་བརླབས་དང། ཉེ་བར་ཞི་བའི་བྱིན་གྱིས་བརླབས་སོ།། དགེ་སློང་སྐྱེས་བུ་འདི་ནི་བྱིན་གྱིས་བརླབས་བཞི་པ་ཡིན་ནོ་ཞེས་བསྟན་པ་དེ་ངས་རྒྱས་པར་རབ་ཏུ་བཤད་དོ། །དེ་ལ་འདི་ནི་གདམས་པ་ཡིན་ཏེ། ཤེས་རབ་བག་མེད་པར་མི་བྱ་བ་དང། བདེན་པ་རྗེས་སུ་བསྲུང་བར་བྱ་བ་དང། གཏོང་བ་རབ་ཏུ་སྤེལ་བར་བྱ་བ དང། ཐར་པའི་ལམ་བརྟེན་པར་བྱའོ་ཞེས་བསྟན་པ་དེའི་རྒྱས་པར་བཤད་པ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དགེ་སློང་ཇི་ལྟར་ན་ཤེས་རབ་བག་མེད་པར་མི་བྱ་ཞེ་ན། དགེ་སློང་འདི་ལ་ལུས་འདི་ཉིད་ཀྱི་ཁམས་ལས་སོ་སོར་རྟོགས་ཏེ། ལུས་འདི་ལ་སའི ཁམས་དང། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་དང། ནམ་མཁའ་ཨི་ཁམས་དང། རྣམ་པར་ཤེས་པའི་ཁམས་ཡོད་དེ་ཞེས་སོ་སོར་རྟོག་གོ་།སའི་ཁམས་གང་ཞེ་ན། དགེ་སློང་སའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང། ཕྱིའི་དེ་ནང་གི་སའི་ཁམས་ཀྱང་ཡོད། ཕྱིའི་སའི་ཁམས ཀྱང་ཡོད་དོ། །ནང་གི་སའི་ཁམས་གང་ཞེ་ན། ནང་གི་བདག་ཉིད་སྲ་བ་དང། མཁྲང་བར་གྱུར་པ་དྲུག་ཏུ་གྱུར་པ་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང། སྤུ་དང། སེན་མོ་དང། སོ་དང། རྡུལ་དང། དྲི་མ་དང། ཤ་དང། རུས་པ་དང། རྒྱུས་པ་དང། རྩ་དང། སྙིང་དང། གློ་བ་དང། རྒྱུ་མ་དང། གཉེ་མ་དང། ཕོ་བ་དང། ལོང་ཀ་དང། ལྟོ་བ་དང། ལྒང?་བ་ཞེས་བྱ་སྟེ། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་སྲ་བ་དང། མཁྲང་བར་གྱུར་པ། དྲུང་དུ་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་ཉིད་ཀྱི་སའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་སའི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི སྲ་བ་དང། མཁྲང་བར་གྱུར་པ་དྲུང་དུ་མ་གྱུར་པ་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་བདག་ཉིད་ཀྱི་སའི་ཁམས་དང། ཕྱི་རོལ་གྱི་སའི་ཁམས་དེ་དག་གཅིག་ཏུ་མདོར་བསྡུས་པ་འདི་ལ་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ བ་ཉིད་དུ་རིག་ནས། དེ་ཐམས་ཅད་བདག་གི་མ་ཡིན། བདག་མ་ཡིན། བདག་འདི་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་མཐོང་ནས་སའི་ཁམས་ལ་འདོད་ཆགས་དང་བྲལ་བ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །ཆུའི་ཁམས་གང་ཞེ ན། དགེ་སློང་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་བདག་ཉིད་དང། ཕྱི་རོལ་གྱིའོ། །ནང་གི་བདག་ཉིད་ཀྱི་ཆུའི་ཁམས་ཀྱང་ཡོད། ཕྱིའི་ཆུའི་ཁམས་ཀྱང་ཡོད་དོ། །ནང་གི་བདག་ཉིད་ཀྱི་ཆུའི་ཁམས་གང་ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་ཆུའི་ཁམས མཉེན་པ་དང། མཉེན་པར་གྱུར་པ་དྲུང་དུ་གྱུར་པ་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། མཆི་མ་དང། རྡུལ་དང། མཆིལ་མ་དང། སྣབས་དང། ཞག་དང། ཆུ་སེར་དང། ཚིལ་དང། མཁྲིས་བ་དང། བད་གན་དང། རྣག་དང། ཁུ་བ་དང། ཀླང་པ་དང། གླང་རྒྱས་དག གཅི་བ་ཞེས་བ་པ་སྟེ་གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་མཉེན་པ་དང་མཉེན་པར་གྱུར་པ་དྲུང་དུ་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་ཆུའི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་ཆུ། མཉེན་པ་དང། མཉེན་པར་གྱུར པ། དྲུང་མ་ཡིན་པ་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་ཆུའི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་ནང་གི་བདག་ཉིད་ཀྱི་ཆུའི་ཁམས་དང། ཕྱི་རོལ་གྱི་ཆུའི་ཁམས་དེ་དག་གཅིག་ཏུ་མདོར་བསྡུས་པ་འདི་ལ་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ་བ་ཉིད་དུ་རིག་ནས་དེ་ཐམས་ཅད་བདག་གི་མ་ཡིན། བདག་མ་ཡིན། བདག་འདི་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་ཤེས་རབ་ཀྱིས་མཐོང་ནས་ཆུའི་ཁམས་ལ་སེམས་འདོད་ཆགས་དང་བྲལ་བ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །མེའི་ཁམས་གང་ཞེ་ན། དགེ་སློང་མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི དང་ཕྱི་རོལ་གྱི་སྟེ། ནང་གི་མེའི་ཁམས་ཀྱང་ཡོད། ཕྱི་རོལ་གྱི་མེའི་ཁམས་ཀྱང་ཡོད་དོ། །ནང་གི་བདག་ཉིད་ཀྱི་མེའི་ཁམས་གང་ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་མེ་དང་མེར་གྱུར་པ་དང། དྲོ་བ་དང། དྲོ་བར་གྱུར་པ་དང། དྲུང་དུ་གྱུར་པ་ཟིན་པ་སྟེ། དེ་ཡང་གང་ཞེ ན། འདི་ལྟ་སྟེ། ལུས་འདི་ལ་གདུང་བར་བྱེད་པ་དང། ཡོངས་སུ་གདུང་བར་བྱེད་པ་དང། ཟོས་པ་དང། འཐུངས་པ་དང། བཅས་པ་དང། མྱངས་པ་ཡང་དག་པར་སྨིན་པར་འགྱུར་ཞིང་འཇུ་བར་བྱེད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི བདག་ཉིད་ཀྱི་མེ་དང་མེར་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་ཉིད་ཀྱི་མེའི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་མེ་དང་མེར་གྱུར་པ། དྲོ་བ་དང་དྲོ་བར་གྱུར་པ། དྲུང་དུ་མ་གྱུར་པ། མ་ཟིན་པ་འདི་ནི་ཕྱི་རོལ་གྱི་མེའི་ཁམས ཞེས་བྱའོ། །དེ་ལ་དགེ་སློང་ནང་གི་བདག་ཉིད་ཀྱི་མེའི་ཁམས་དང། ཕྱི་རོལ་གྱི་བདག་ཉིད་ཀྱི་མེའི་ཁམས་དེ་དག་གཅིག་ཏུ་མདོར་བསྡུས་པ་འདི་ལ་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ་བ་ཉིད་དུ་རིག་ནས་དེ་ཐམས་ཅད་བདག་གི་མ་ཡིན། བདག་མ ཡིན། བདག་དེ་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་མཐོང་ནས་མེའི་ཁམས་ལས་སེམས་འདོད་ཆགས་དང་བྲལ་བ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །རླུང་གི་ཁམས་གང་ཞེ་ན། དགེ་སློང་རླུང་གི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱི་སྟེ། ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་ཀྱང་ཡོད་དོ། །ཕྱི་རོལ་གྱི་བདག་ཉིད་ཀྱི་རླུང་གི་ཁམས་ཀྱང་ཡོད་དོ། །ནང་གི་བདག་ཉིད་རླུང་གི་ཁམས་གང་ཞེ་ན། དགེ་སློང་གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་རླུང་དང་རླུང་དུ་གྱུར་ལ་ཟིན་པ་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་རྒྱུ་བའི་རླུང རྣམས་དང། ཐུར་དུ་འགྲོ་བའི་རླུང་རྣམས་དང། ཟུར་ལ་གནས་པའི་རླུང་རྣམས་དང། སྒལ་བུ་ལ་གནས་པའི་རླུང་རྣམས་དང། ལྟོ་བ་ལ་གནས་པའི་རླུང་རྣམས་དང། གཅོད་པར་བྱེད་པའི་རླུང་རྣམས་དང། པུ་གྲི་ལྟ་བུའི་རླུང་རྣམས་དང། གོང་བུར་གནས་པའི་རླུང་རྣམས་དང། འབྲལ་བར་བྱེད་པའི་རླུང་རྣམས་དང། སྡུད་པའི་རླུང་རྣམས་དང། འཇོམས་པར་བྱེད་པའི་རླུང་རྣམས་དང། རླུང་འཇུག་པར་བྱེད་པའི་རླུང་རྣམས་དང། འཚེམ་པར་བྱེད་པའི་རླུང་རྣམས་དང། འབྱུང་བ་དང་རྡུབ་པའི་རླུང་རྣམས་དང། ཡན་ལག་གི་རྗེས་སུ་འགྲོ་བའི་རླུང་རྣམས་དང། ཞེས བྱ་སྟེ། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་ཉིད་ཀྱི་རླུང་དང་རླུང་དུ་གྱུར་པ་ཡང་མི་གཡོ་བ་དྲུང་དུ་གྱུར་པ་ཟིན་པ་འདི་ནི་ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་བདག་ཉིད་ཀྱི་རླུང་གི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་རླུང་དང་རླུང་དུ་བགྲང་བ་དང ཡང་ཞིང་གཡོ་བ་དྲུང་མ་ཡིན་པ་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་བདག་ཉིད་ཀྱི་རླུང་གི་ཁམས་དང། ཕྱི་རོལ་གྱི་བདག་ཉིད་ཀྱི་རླུང་གི་ཁམས་དེ་དག་གཅིག་ཏུ་བསྡུས་ཏེ་འདི་དག་ནི་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ དབྱེ་བ་ཡིན་ཞེས་རིག་ནས་དེ་ཐམས་ཅད་བདག་གི་མ་ཡིན་བདག་མ་ཡིན་བདག་དེ་དག་མ་ཡིན་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་རབ་ཀྱིས་མཐོང་ནས་རླུང་གི་ཁམས་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་བ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། ། ནམ་མཁའ་ཨི་ཁམས་གང་ཞེ་ན། དགེ་སློང་ནམ་མཁའ་ཨི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་བདག་ཉིད་དང། ཕྱི་རོལ་གྱི་སྟེ། ནང་གི་བདག་ཉིད་ཀྱི་ནམ་མཁའ་ཨི་ཁམས་ཀྱང་ཡོད། ཕྱི་རོལ་གྱི་བདག་ཉིད་ཀྱི་ནམ་མཁའ་ཨི་ཁམས་ཀྱང་ཡོད་དོ། །ནང་གི་བདག་ཉིད་ཀྱི་ནམ་མཁའ་ཨི་ཁམས་གང ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ནམ་མཁའ་དང་ནམ་མཁར་བགྲང་བ་པགས་པ་དང་ཤ་དང། ཁྲག་གིས་མཁབས་ཤིང་མ་ཁྱབ་པ་སྟེ་དེ་ཡང་གང་ཞེ་ན། མིག་གི་སྤུབས་དང། རྣ་བའི་སྤུབས་དང། སྣའི་སྤུབས་དང། ཁའི་བུ་ག་དང། ཁའི་སྒོ་དང། མགྲིན་པ་དང། མགྲིན བའི་རྩ་ཞེས་བྱ་བ་འམ། གང་གིས་ན་ཟོས་པ་དེ་གང་ལ་གནས་པར་བྱེད་པ། གང་གིས་ཟོས་པ་དང། འཐུངས་པ་དང། མྱངས་པ་དག་འོག་ཏུ་ལྟུང་བར་བྱེད་པ་དང། གང་ཡང་ལུས་འདི་ལ་གཞན་ཡང་ནང་གི་བདག་གི་བདག་ཉིད་ནམ་མཁར་བགྲང་བ་ཤ་དང་པགས་པ་དང་ཁྲག གིས་མ་ཁེབས་ཤིང་མ་ཁྱབ་པ་སྟེ། འདི་ནི་ནང་གི་བདག་ཉིད་ཀྱི་ནམ་མཁའ་ཨི་ཁམས་ཞེས་བྱའོ། །ཕྱི་རོལ་གྱི་བདག་ཉིད་ཀྱི་ནམ་མཁའ་ཨི་ཁམས་གང་ཞེ་ན། གང་ཡང་ཕྱི་རོལ་གྱི་ནམ་མཁའ་ཨི་དང་ནམ་མཁར་གྱུར་བ་གཟུགས་ཀྱིས་མ་ཁེབས་ཤིང་མ་ཁྱབ་པ་སྟེ། འདི་ནི་ཕྱི་རོལ་གྱི་ནམ་མཁའ་ཨི ཁམས་ཞེས་བྱའོ། །དགེ་སློང་དེ་ལ་གང་ནང་གི་བདག་ཉིད་ཀྱི་ནམ་མཁའ་ཨི་ཁམས་དང། ཕྱི་རོལ་གྱི་བདག་ཉིད་ཀྱི་ནམ་མཁའ་ཨི་ཁམས་དེ་དག་གཅིག་ཏུ་བསྡུས་ཏེ་འདི་དག་ནི་ཁམས། ཁམས་ཙམ། ཁམས་ཀྱི་རབ་ཏུ་དབྱེ་བ་ཡིན་ནོ་ཞེས་རིག་ནས་དེ་ཐམས་ཅད་བདག་གི་མ་ཡིན། བདག་མ་ཡིན། བདག་དེ་དག་མ་ཡིན་ཞེས་ཡང་དག་བ་ཇི་ལྟ་བ་བཞིན་གྱི་ཤེས་རབ་ཀྱིས་མཐོང་ནས་ནམ་མཁའ་ཨི་ཁམས་ལས་སེམས་འདོད་ཆགས་དང་བྲལ་བར་གྱུར་པ་འདི་ནི་དགེ་སློང་ཤེས་རབ་བག་ཡོད་པ་ཞེས་བྱའོ། །དགེ་སློང་དག་ཁམས་ལྔ་པོ་འདི་དག་ལས་འདོད ཆགས་དང་བྲལ་ཞིང་གྲོལ་པར་གྱུར་ལ། རྣམ་པར་ཤེས་པ་ཁྱད་པར་ཅན་དག་ཅིང་ངེས་པ་རྣམ་པར་ཤེས་ཤིང་ཡོངས་སུ་ཤེས་སོ། །ཅི་ཞིག་རྣམ་པར་ཤེས་ཞེ་ན། བདེ་བར་རབ་ཏུ་ཤེས་སོ། །སྡུག་བསྔལ་རབ་ཏུ་ཤེས་སོ། །ཡིད་བདེ་བར་རབ་ཏུ་ཤེས་སོ། །ཡིད་མི་བདེ་བ་རབ ཏུ་ཤེས་སོ། །བཏང་སྙོམས་རབ་ཏུ་ཤེས་སོ། །ཇི་ལྟར་བདེ་བའི་ཚོར་བ་རབ་ཏུ་ཤེས་ཞེ་ན། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལས་བརྟེན་ཏེ་བྱུང་བའི་ཚོར་བ་བདེ་བ་མྱོང་བ་སྟེ། བདེ་བའི་ཚོར་བ་མྱོང་བ་ན་བདེ་བའི་ཚོར་བ་མྱོང་ངོ་ཞེས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནས་བདེ་པ མྱོང་བར་འགྱུར་བའི་རེག་པ་དེ་ཉིད་འགགས་ཏེ། བདེ་བ་མྱོང་པར་འགྱུར་བའི་རེག་པ་ལ་བརྟེན་ཏེ་འབྱུང་བའི་བདེ་བའི་ཚོར་བ་ཡང་འགགས་ལ་ཉེ་བར་ཞི་བ་དང། བསིལ་བར་གྱུར་པ་དང་ནུབ་པར་གྱུར་བའོ། །བདེ་བའི་ཚོར་བ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་གྱི་ཚོར་བ་དང། ཡིད་བདེ་བའི ཚོར་བ་དང། ཡིད་མི་བདེ་བའི་ཚོར་བ་དང། བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ་བྱུང་བའི་བཏང་སྙོམས་ཏེ། བཏང་སྙོམས་མྱོང་བ་ན་བཏང་སྙོམས་མྱོང་བའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནས་བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ དེ་ཉིད་འགགས་ཏེ། བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ་བྱུང་བའི་བཏང་སྙོམས་ཀྱང་འགགས་ལ། ཉེ་བར་ཞི་བ་དང། བསིལ་བར་གྱུར་བ་དང། ནུབ་པར་འགྱུར་རོ། །དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། བདེ་བའི་ཚོར་བ་འདི་ནི་རྒྱུ་གང་ལས་བྱུང། ཀུན་འབྱུང་གང སྐྱེ་བ་གང། གང་ལས་རབ་ཏུ་བྱུང། དེ་ཡང་འདི་སྙམ་དུ་སེམས་ཏེ། བདེ་བའི་ཚོར་བ་འདིའི་རྒྱུ་ནི་རེག་པའོ། །ཀུན་འབྱུང་ནི་རེག་པ། སྐྱེ་བ་ནི་རེག་པ། རེག་པ་ལས་རབ་ཏུ་བྱུང་བ་སྟེ། རེག་པ་ཀུན་འབྱུང་བས་དེ་དང་དེའི་ཚོར་བ་དེ་དང་དེ་ཀུན་འབྱུང་བར་འགྱུར་རོ། །རེག་པ་འགགས་པས་དེ་དང་དེའི་ཚོར བ་དེ་དང་དེ་འགགས་པར་འགྱུར་ཉེ་བར་ཞི་བ་དང། བསིལ་བར་གྱུར་པ་དང། ནུབ་པར་འགྱུར་ཏེ། འདི་ལྟ་སྟེ། ཤིང་གཉིས་འདུས་ཤིང་ཕྲང་ལ་ཚོགས་པ་ལས་དྲོ་བ་དང་མེ་འབྱུང་བར་འགྱུར་ལ། ཅི་སྟེ་ཤིང་གཉིས་མ་འདུས་བ་འམ། གཉིས་པོ་མེད་ན་མི་འབྱུང་ཞིང་མི་སྣང་ལ བསིལ་བར་གྱུར་ཅིང། ཤིང་ཇི་ལྟ་བ་དེ་བཞིན་དུ་རེག་པ་ཀུན་འབྱུང་བས་དེ་དང་དེའི་ཚོར་བ་དེ་དང་དེ་ཀུན་འབྱུང་བར་འགྱུར་རོ། །རེག་པ་འགགས་པས་དེ་དང་དེའི་ཚོར་བ་དེ་དང་དེའི་འགགས་བར་འགྱུར་རོ། །ཉེ་བར་ཞི་བ་དང། བསིལ་བར་གྱུར་པ་དང། ནུབ་པར་འགྱུར་རོ།། དགེ་སློང་གང་གི་ཕྱིར་ཚོར་བ་བཞི་པོ་འདི་དག་ལས་སེམས་འདོད་ཆགས་དང་བྲལ་ཞིང་གྲོལ་ན། དེ་ནས་བཏང་སྙོམས་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བ་ཁྱད་པར་ཅན་དུ་འགྱུར་རོ། །འདི་སྙམ་དུ་སེམས་པར་འགྱུར་ཏེ། བདག་གི་ཚོར་བ་བཏང་སྙོམས་འདི་ལྟར་ཡོངས་སུ དག་ཅིང་བྱེད་བས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་བསྒྲུབས་ཏེ། སེམས་དེ་དང་འདྲ་བར་བསྒོམས་པ་དང། དེ་ལ་བརྟེན་ཏེ་བཏང་སྙོམས་ཉེ་བར་གནས་པ་དང། དེ་དང་འབྲེལ་བ་དང། དེར་ཞེན་པ་དང། དེའི་རྒྱུ་ཅན་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཉེ་བར་གནས པར་བྱའོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གི་ཚོར་བ་བཏང་སྙོམས་འདི་ལྟར་ཡོངས་སུ་དག་ཅིང་བྱང་བས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས ཤིང་གནས་ཏེ། སེམས་དང་འདྲ་བར་བསྒོམ་པ་དང། དེ་ལ་བརྟེན་ཏེ་བཏང་སྙོམས་ཉེ་བར་གནས་པ་དང། དེ་དང་འབྲེལ་པ་དང། དེར་ཞེན་པ་དང། དེའི་རྒྱུ་ཅན་གྱི་ཡོད་མིན་གྱི་སྐྱེ་མཆེད་ལ་ཉེ་བར་གནས་པར་བྱའོ། །འདི་ལྟ་སྟེ། གསེར་མགར་རམ གསེར་མགར་གྱི་སློབ་མ་མཁས་པ་ལེགས་པར་ཡོངས་སུ་སྦྱངས་པ་ས་ལེ་སྦྲམ?་ཤེས་པར་བྱས་ནས་རྒྱན་གང་ལ་གང་བྱེད་པར་འདོད་པ་དེ་བྱེད་དེ། དེ་གལ་ཏེ་རྣ་རྒྱན་ནམ། གལ་ཏེ་མགོའི་རྒྱན་ནམ། གལ་ཏེ་སྐ་རགས་སམ་དེ་གལ་ཏེ་མགུལ་རྒྱན ནམ། དེ་གལ་ཏེ་སོར་མོའི་རྒྱན་ནམ། གསེར་རམ་དངུལ་གྱི་ཕྲེང་བ་བྱེད་ན། དེ་དང་དེ་ལ་ངལ་བུ་ངལ་བུས་བྱེད་པར་འགྱུར་རོ། དེ་བཞིན་དུ་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཚོར་བ་བཏང་སྙོམས་འདི་ལྟར་ཡོངས་སུ་དག་ཅིང་བྱང་བས་ནམ་མཁའ་ མཛའ་ཡས་སྐྱེ་མཆེད་ལ་གནས་སྟེ། སེམས་དེ་དང་འདྲ་བར་བསྒོམ་པ་དང། དེ་ལ་བརྟེན་ཏེ་བཏང་སྙོམས་ཉེ་བར་གནས་པ་དང། དེ་དང་འགྲེལ་བ་དང། དེར་ཞེན་པ་དང། དེའི་རྒྱུ་ཅན་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་ཉེ་བར་གནས་པར་བྱའོ། །དེ་ཡང འདི་སྙམ་དུ་སེམས་བདག་གི་ཚོར་བ་བཏང་སྙོམས་འདི་ལྟར་ཡོངས་སུ་དག་ཅིང་བྱང་བས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་གནས་ཏེ། སེམས་དེ་དང་འདྲ་པར་བསྒོམ་པ་དང། དེ་ལ་བརྟེན་དེ བཏང་སྙོམས་ཉེ་བར་གནས་པ་དང། དེ་དང་འབྲེལ་པ་དང། དེར་ཞེན་པ་དང། དེའི་རྒྱུ་ཅན་གྱི་ཡོད་མིན་མེད་མིན་སྐྱེ་མཆེད་ལ་ཉེ་བར་གནས་པར་བྱའོ། །དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། གང་ཚོར་བ་བཏང་སྙོམས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་བརྟེན་ཏེ་གནས་པ དེ་ཡང་འདུས་བྱས་ཏེ། འདུས་བྱས་གང་ཡིན་པ་དེ་ནི་མངོན་པར་དགའ་བར་བྱ་བ་འམ། མངོན་པར་བརྗོད་པ་འམ། ཞེན་པ་དང། རབ་ཏུ་ཞེན་ཅིང་གནས་པར་བྱ་བ་མ་ཡིན་ནོ་ཞེས་རབ་ཏུ་རིག་ནས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་རོ། དེ་འདི་སྙམ་དུ་སེམས་པར་འགྱུར་ཏེ། གང་ཚོར་བ་བཏང་སྙོམས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དང། ཅི་ཡང་མེད་པའི་སྐྱེ་མཆེད་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་བརྟེན་ཏེ་གནས་པ་དེ་ཡང་འདུས་བྱས་ཏེ། འདུས་བྱས་གང་ཡིན་པ་དེ་ནི་མངོན པར་དགའ་པར་བྱ་བ་འམ། མངོན་པར་བརྗོད་པ་འམ། ཞེན་པ་འམ། རབ་ཏུ་ཞེན་ཅིང་གནས་པར་བྱ་བ་མ་ཡིན་ནོ་ཞེས་རབ་ཏུ་རིག་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སེམས་འདོད་ཆགས་དང་བྲལ་བར་འགྱུར་རོ། །དགེ་སློང་འདི་ནི་ཤེས་རབ་བག་ཡོད་པ་ཞེས བྱའོ། །དེ་དགེ་སློང་གང་གི་ཕྱིར་སྐྱེ་མཆེད་བཞི་པོ་འདི་དག་ལས་སེམས་འདོད་ཆགས་དང་བྲལ་ཞིང་གྲོལ་བར་གྱུར་ན། དེ་སེམས་ཀྱི་མངོན་པར་འདུ་བྱེད་པ་དངོས་པོ་འམ་དངོས་པོ་མེད་པར་མི་བྱེད་དེ། ལུས་ཀྱི་མཐར་རིག་ཅིང་ཚོར་བ་ན། ལུས་ཀྱི་མཐར་རིག་ཅིང ཚོར་བའོ་ཞེས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འཚོ་བའི་མཐར་རིག་ཅིང་ཚོར་བ་ན་འཚོར་བའི་མཐར་རིག་ཅིང་ཚོར་བའོ་ཞེས་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ལུས་ཞིག་ཏེ་ཤི་བའི་མཐར་འདི་དཐམས་ཅད་རིག་ཏེ། ཐམས་ཅད་མ་ལུས་པར་འགགས་པ་ཐམས་ཅད མ་ལུས་པར་ནུབ་པ། ཡོངས་སུ་ཟད་ཅིང་བྱང་བར་འགྲོ་བར་འགྱུར་རོ། །དཔེར་ན་ཏིལ་མར་དང་སྡོང་བུ་ལས་སྒྲོན་མ་འབྱུང་བར་འགྱུར་ལ། དེ་ལ་ཁ་ཅིག་གིས་དུས་དུས་ཏིལ་གྱིས་མ་གཡོས་ཤིང་སྡོང་བུ་ཉེ་བར་མ་བསྡུས་ན་སྒྲོན་མའི་ཉེ་བར་ལེན་པ་འགགས་པས་མྱུར དུ་འཆི་བར་འགྱུར་རོ། དེ་བཞིན་དུ་དེ་ལུས་ཀྱི་མཐར་རིག་ཅིང་ཚོར་བ་ན། ལུས་ཀྱི་མཐར་རིག་ཅིང་ཚོར་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ། འཆི་བའི་མཐར་རིག་ཅིང་ཚོར་ན་འཚོ་བའི་མཐར་རིག་ཅིང་ཚོར་བའོ་ཞེས་ཇི་ལྟ་བ་བཞིན་དུ་ཤེས་ཏེ། ལུས་ཞིག་སྟེ་ཤི་པའི་མཐར་འདི་ཐམས་ཅད་རག་སྟེ། ཐམས་ཅད་མ་ལུས་པར་འགགས་པ་མ་ལུས་པར་ནུབ་པ། ཡོངས་སུ་ཟད་ཅིང་ཡོངས་སུ་བྱང་བར་འགྲོ་བར་འགྱུར། །དེ་ལྟར་མཐོང་ཞིང་དེ་ལྟར་ཤེས་ན་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ལ སྲིད་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ་བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ། །དགེ་སློང ཤེས་རབ་རྣམས་ཀྱིས་ནང་ན་མཆོག་ནི་ཟག་པ་ཟད་པའོ། །དེའི་ཕྱིར་དེ་དང་ལྡན་པའི་དགེ་སློང་ཤེས་རབ་ཀྱི་བྱིན་གྱིས་བརླབས་མཆོག་དང་ལྡན་པར་འགྱུར་རོ། །དེའི་རྣམ་པར་གྲོལ་པ་བདེན་པའི་བྱིན་གྱིས་བརླབས་མཆོག་དང་ལྡན་པར་འགྱུར་རོ། །དགེ་སློང བརྫུན་པའི་མཆོག་ནི་བརྫུན་པ་བསླུ་བའི་ཆོས་སོ། །དགེ་སློང་བདེན་པ་རྣམས་ཀྱི་མཆོག་ནི་འདི་ལྟ་སྟེ། ཇི་ལྟ་བ་ཉིད་དོ། །དེའི་ཕྱིར་དེ་དང་ལྡན་པའི་དགེ་སློང་བདེན་པའི་བྱིན་གྱིས་བརླབས་མཆོག་དང་ལྡན་པར་འགྱུར་རོ། །གང་འདི་ཉེ་བར་ལེན་པ་ནི་སྔོན་གྱི་མི མཁས་ཤིང་མི་ཤེས་པ་ལས་ཉེ་བར་ལེན་པར་འགྱུར་ཏེ། དེ་མེད་ན་དེའི་དུས་ན་མི་སྡུག་པ་དང་ཡིད་དུ་མི་འདོད་པ་དང་འགྱུར་རོ། །དགེ་སློང་སྟོང་པ་རྣམས་ཀྱི་ནང་ནས་མཆོག་ནི་འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ་སྲིད་པ་ཟད་པ། འདོད ཆགས་དང་དྲ་ལག་འགག་པ་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་ཕྱིར་དེ་དང་ལྡན་པའི་དགེ་སློང་གཏང་བའི་བྱིན་གྱིས་བརླབས་མཆོག་དང་ལྡན་པར་འགྱུར་རོ། །དགེ་སློང་འདོད་ཆགས་ཉེ་བའི་ཉོན་མོངས་པ་ལས་སེམས་རྣམ་པར་མ་གྲོལ། ཞེ་སྡང་ཉེ་བའི་ཉོན་མོངས་པ་དང། གཏི མུག་ཉེ་བའི་ཉོན་མོངས་པ་ལས་སེམས་རྣམ་པར་མ་གྲོལ་བ་འདི་དག་དགེ་སློང་འདོད་ཆགས་ཞེ་སྡང་གཏི་མུག་མ་ལུས་པར་སྤངས་ནས་ངེས་པར་བྱུང་བ་བྲལ་བ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་རབ་ཏུ་ཞི་བ་ནུབ་པ་ཉེ་བར་ཞི་བ་ཞེས་བྱའོ། །དགེ་སློང་མཆོག་ཏུ་ཉེ་བར་ཞི བ་ནི་འདི་དག་ཡིན་ཏོ། འདི་ལྟ་སྟེ་འདོད་ཆགས་ཞེ་སྡང་གཏི་མུག་མ་ལུས་པ་སྤངས་པ། ངེས་པར་བྱུང་བ། བྲལ་བ་ཟད་པ། འདོད་ཆགས་དང་བྲལ་བ་འགག་པ་རབ་ཏུ་ཞི་བ་ནུབ་པ་སྟེ། དེའི་ཕྱིར་ང་དང་ལྡན་པའི་དགེ་སློང་ནི་ཉེ་བར་ཞི་བ་མཆོག་གི་བྱིན་གྱིས་བརླབས་དང ལྡན་པར་འགྱུར་རོ། །དགེ་སློང་བདག་ཅེས་བྱ་བ་འདི་མི་བརྟན་པ། དེའི་བདག་ཅེས་བྱ་བ་འདི་ནི་མི་བརྟན་པ། འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། འབྱུང་བར་མི་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། གཟུགས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། གཟུགས་མེད་པར་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། འདུ་ཤེས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། འདུ་ཤེས་འབྱུང་བར་མི་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། འདུ་ཤེས་མེད་མིན་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་མི་བརྟན་པ། དགེ་སློང མི་བརྟན་པ་ནི་ནང། མི་བརྟན་པ་ནི་འབྲས། མི་བརྟན་པ་ནི་ཟུག་རྔུ། མི་བརྟན་པ་ནི་སྡུག་བསྔལ་གྱི་རྩ་བ་ཡིན་ནོ་ཞེས་རྣམ་པར་ཤེས་ནས་དྲན་པ་དང་ཤེས་བཞིན་དང་ལྡན་པས་བརྟན་པའི་སེམས་ཀྱིས་ཕལ་ཆེར་གནས་པར་བྱའོ། །ཇི་ལྟར་མི་བརྟན་པ་དེ་བཞིན་དུ རབ་ཏུ་ཤེས་པ་དང། སྤྲོས་པ་དང། འདུས་བྱས་ཡིན་ནོ། །དགེ་སློང་བདག་ཅེས་བྱ་བ་འདི་ནི་སྲེད་པར་གྱུར་པ། དེའི་བདག་ཅེས་བྱ་བ་འདི་ནི་སྲེད་པར་གྱུར་པ། བདག་འབྱུང་བར་འགྱུར་ཞེས་བྱ་བ་འདི་སྲེད་པར་གྱུར་པ། བདག་འབྱུང་བ་ཡི་འགྱུར་ཞེས་བྱ་བ་འདི་ནི་སྲེད པར་གྱུར་པ། གཟུགས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། གཟུགས་མེད་པར་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། འདུ་ཤེས་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ། འདུ་ཤེས་འབྱུང་བར་མི་འགྱུར་ཞེས་བྱ་བ འདི་ནི་སྲེད་པར་གྱུར་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་འབྱུང་བར་འགྱུར་ཞེས་བྱ་བ་འདི་ནི་སྲེད་པར་གྱུར་པ་སྟེ། དགེ་སློང་སྲེད་པ་ནི་ནད། སྲེད་པ་ནི་འབྲས། སྲེད་པ་ནི་ཟུག་རྔུ། སྲེད་པ་ནི་སྡུག་བསྔལ་གྱི་རྩ་བ་ཡིན་ནོ་ཞེས་རྣམ་པར་ཤེས་ནས་དྲན་པ་དང་ཤེས་བཞིན་དང ལྡན་པས་སྲེད་པ་དང་བྲལ་བའི་སེམས་ཀྱིས་ཕལ་ཆེར་གནས་པར་བྱའོ། །དགེ་སློང་མི་བརྟན་པ་དང། རབ་ཏུ་ཤེས་པ་དང། སྤྲོས་པ་དང། འདུས་བྱས་དང། སྲེད་པར་གྱུར་པ་འདི་དག་མ་ལུས་པར་སྤངས་ན་ངེས་པར་འབྱུང་བ་དང་བྲལ་བ་དང། ཟད་པ་དང། འདོད་ཆགས དང་བྲལ་བ་དང། འགོག་པ་དང། རབ་ཏུ་ཞི་བ་དང། ནུས་པ་དང། ཉེ་བར་ཞི་བ་ཞེས་བྱའོ། །དགེ་སློང་ཐུབ་པ་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་དང། རྒ་བ་མེད་པ་དང། འཆི་བ་མེད་པ་དང། ཞེ་སྡང་མེད་པ་དང། ཆགས་པ་མེད་པ་དང། ཡོངས་སུ་གདུང་བ་མེད་པ་སྟེ། དེ་ཅིའི ཕྱིར་ཞེ་ན། འདི་ཉིད་རྒྱུ་དང་རྐྱེན་མེད་པས་སྐྱེ་བ་མེད་པའོ། །མ་སྐྱེས་ན་གང་ལས་རྒ་བར་འགྱུར་ཞིང། མ་རྒས་ན་གང་ལས་འཆི་བར་འགྱུར་ལ། འཆི་བ་མེད་ན་གང་ལས་ཞེ་སྡང་བར་འགྱུར་ཞིང། ཞེ་སྡང་མེད་ན་གང་ལས་ཆགས་པར་འགྱུར་ལ། རྒས་པ་མེད་ན་གང་ལས ཡོངས་སུ་གདུང་བར་འགྱུར་ཞེས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་དེ་ཉིད་སོ་སོར་རང་གིས་རིག་པའི་ཤེས་རབ་ཀྱིས་རབ་ཏུ་ཤེས་སོ། །དགེ་སློང་ཁམས་དྲུག་རབ་ཏུ་རྣམ་པར་དབྱེ་བ་ཞེས་བྱ་བའི་ཆོས་ཀྱི རྣམ་གྲངས་ཐོག་མར་དགེ་བར་ཐ་མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ། །མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ་གསལ་བར་བྱེད་པའི་ཆོས་བཤེད་པར་བྱའོ་ཞེས་ཁམས་རབ་ཏུ་དབྱེ་བའི་ཆོས་ཀྱི་རྣམ་གྲངས་ངས་ཇི་སྐད་དུ བསྟན་པ་དེས་རྒྱས་པར་རབ་ཏུ་བཤད་དོ། །ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་ཚེ་དང་ལྡན་པ་ཕུ་སྐར་ས་རི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ཆོས་མཐོང་བ་དང། ཆོས་ཐོབ་པ་དང། ཆོས་རིག་པ དང། ཆོས་ཁོང་དུ་ཆུད་ནས་ཐེ་ཚོམ་ལས་བརྒལ་ཞིང། སོམ་ཉི་ལས་བརྒལ་ཏེ། གཞན་གྱི་རྐྱེན་གྱིས་འགྲོ་བར་བྱ་བ་མ་ཡིན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ བཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བྱིས་པ་དང། ཇི་ལྟར་རྨོངས་པ་དང། ཇི་ལྟར་མི་གསལ་བ་དང། ཇི་ལྟར་མི་ཁས་པ་བདག་གིས་སྟོན་པ་ལ་ཚེ་དང་ལྡན་པ་ཞེས་ཡང་དག་པར་བརྗོད་པ་ནི་སྡིག་པ་བགྱིས་སོ། །བདེ་བར་གཤེགས་པ་སྡིག་པ་བགྱིས སོ། །བཙུན་པ་དེ་ལ་སྡིག་པར་འཚལ་ཞིང། སྡིག་པར་མཐོང་ལ་སྡིག་པར་འཛིན་པས་ཐུགས་བརྩེ་བར་མཛད་དུ་གསོལ། དགེ་སློང་ཁྱོད་བདེན་ཏེ། ཇི་ལྟར་བྱིས་པ་དང། ཇི་ལྟར་རྨོངས་པ་དང། ཇི་ལྟར་མི་གསལ་བ་དང། ཇི་ལྟར་མི་མཁས་པ་སྟོན་པ་ལ་ཚེ་དང་ལྡན་པ་ཞེས བརྗོད་པ་ནི་སྡིག་པར་འགྱུར་རོ། །དགེ་སློང་གང་གི་ཕྱིར་སྡིག་པ་ཤེས་ཤིང་སྡིག་པར་མཐོང་བ་དང། སྡིག་པར་བཤགས་ཤིང་ཕྱིས་མི་བྱེད་པའི་སྡོམ་པ་བླང་བར་བྱའོ། །དགེ་བའི་ཆོས་རྣམས་འཕེལ་བར་འདོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་གང་འགའ་ཞིག་སྡིག་པར་ཤེས་ཤིང་སྡིག་པར མཐོང་ལ་སྡིག་པ་བཤགས་ཤིང་ཕྱིས་མི་བྱེད་པའི་སྡོམ་པ་འཛིན་ན་དགེ་བའི་ཆོས་རྣམས་མི་ཉམས་ཤིང་འཕེལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བརྗོད་ཅིང་ཡང་དག་པར་དགའ་ པར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །ཚེ་དང་ལྡན་པ་ཕུ་སྐར་ས་རི་ཡང་བཅོམ་ལྡན་འདས་ཀྱི་ཕྱི་ནས་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས ལོག་སྟེ་རིང་པོ་མ་ལོན་པར་བ་བེའུ་གཞོན་ནུ་མ་ཡོད་པ་ཞིག་གིས་འཚོ་བ་དང་བྲལ་བར་གྱུར་ཏོ། །དེ་འཆི་བའི་དུས་ན་དབང་པོ་རྣམས་རབ་ཏུ་གསལ་བར་གྱུར་བཞིན་ཡོངས་སུ་དག་པར་གྱུར། པགས་པའི་མདོག་དཀར་བར་གྱུར་ཏེ། །དེ་ནས་ཉིན་ཞག་དེ་ཉིད་ཀྱི་སྔ་དྲི དགེ་སློང་རབ་ཏུ་མང་པོ་ཆོས་གོས་བགོས་འཁར་གསིལ་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་ན། རྒྱལ་པོའི་ཁབ་དུ་བསོད་སྙོམས་ལ་རྒྱུ་བའི་དགེ་སློང་མང་པོ་དེ་དག་གིས་འདི་སྐད་དུ་ཐོས་ཏེ། བཅོམ་ལྡན་འདས་རྫ་མཁན་བྷརྒའི་ཁང་པ་ན་ཚེ་དང་ལྡན པ་ཕུ་སྐར་ས་རི་ཁམས་དྲུག་རབ་ཏུ་རྣམ་པར་དབྱེ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་བཏུལ་བའི་བཀོད་པ་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་ལོག་སྟེ་རིང་པོ་མ་ལོན་པར་བ་བེའུ་གཞོན་ནུ་འབྲངས་པ་ཞིག་གིས་འཚོ་བ་དང་ཕྲལ་བར་གྱུར་ཏེ། དེ་འཆི་བའི་དུས་ན་དབང་པོ་རྣམས ཡོངས་སུ་གསལ་བར་གྱུར། བཞིན་གྱི་མདོག་ཡོངས་སུ་དག་པར་གྱུར། པགས་པ་ཡོངས་སུ་དཀར་བར་གྱུར་ཞེས་རྒྱལ་པོའི་ཁང་ཏུ་བསོད་སྙོམས་པ་རྣམས་ཀྱི་ཐོས་ཏེ། ཟས་ཀྱི་བྱ་བ་བྱས་ནས། དེ་འོག་ཏུ་ལྷུང་བཟེད་གྱུ་སྟེ། ལྷུང་བཟེད་དང་ཆོས་གོས་རྣམས་ཕྱོགས གཅིག་ཏུ་བཞག་ནས། རྐང་པ་བཀྲུས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ ཏེ། །བཙུན་པ་འདི་ན་བདག་ཅག་སྔ་དྲོ་ཆོས་གོས་བ་གོས་ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་པ་ན?། བཙུན་པ་བདག་ཅག་དགེ་སློང་མང་པོ་བསོད་སྙོམས་ལ་ཞུགས་པ་དེ་དག་གིས་འདི་སྐད་ཐོས་ཏེ། ཚེ་དང་ལྡན་པ་ཕུ་སྐར་ས་རི བཅོམ་ལྡན་འདས་རྫ་མཁན་བྷ་རྒའི་ཁང་པ་ན་ཚེ་དང་ལྡན་པ་ཕུ་སྐར་ས་རི་ཁམས་དྲུག་རབ་ཏུ་རྣམ་པར་དབྱེ་བའི་ཆོས་ཀྱི་རྣམ་གྲངས་ཀྱིས་བཏུལ་ཅིང་བཀོད་པ་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་ལོག་སྟེ། རིང་པོ་མ་ལོན་པར་བ་བེའུ་གཞོན་ནུ་འབྲངས བཞིག་གི་འཚོ་བ་ཕྲལ་བར་གྱུར་ཏེ། དེའི་འཆི་བའི་དུས་ན་དབང་པོ་རྣམས་ཡོངས་སུ་གསལ་བར་གྱུར། བཞིན་ཡོངས་སུ་དག་པར་གྱུར། པགས་པའི་མདོག་ཡོངས་སུ་དཀར་བར་གྱུར་ཅེས་ཐོས་སོ། །བཙུན་པ་དེའི་འགྲོ་བ་ནི་ཅི་ཞིག་ཡིན། འཇིག་རྟེན་ཕ་རོལ་ནི་ཅི་ཞིག་ཡིན། དགེ་སློང་དག་རིགས་ཀྱི་བུ་དེའི་སྐྱེ་བ་ནི་འགག་པ་སྟེ། ཆོས་རྣམས་ལ་ཆོས་རྣམས་རྗེས་སུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ཆོས་ཀྱི་དབང་དུ་བྱས་ནས་ང་ལ་གནོད་པར་འགྱུར་བ་མ་བྱས་ཏེ། དགེ་སློང་དག་རིགས་ཀྱི་བུ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་ལུས་ལ ལུས་ཀྱི་མཆོད་པ་གྱིས་ཤིག་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཕུ་སྐར་ས་རི་ལུང་བསྟན་ནས་དགེ་སློང་དག་བཅོམ་ལྡན་འདས་ལ་མངོན་པར་དགའ་ཞིང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་རྗེས་སུ་ཡིད་རང་ངོ། །འདུ་ཤེས་དང་སེམས་པའི་ཆོས དེ་དག་ནི་སེམས་ལས་བྱུང་བའོ་ཞེས་བྱ་བ་ནི་དགེ་སློང་མ་ཆོས་སྦྱིན་གྱི་མདོ་སྔར་བྲིས་པ་བཞིན་བལྟ་བར་བྱའོ། །ཡང་ཉན་ཐོས་ཀྱི་རྣམ་པར་བཤད་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་གསུམ་པའི་གསུམ་པའི་མདོ་ལས་ཚེ་དང་ལྡན་པ་བདེ་བྱེད་ཀྱིས་ཇི་སྐད་བསྟན་པ བཞིན་ཏེ། གཞན་ཡང་མདོ་དེ་དང་དེ་ལས་འདོན་པ་ལྟ་བུའོ། །སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་འབྱུང་བའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་མང་པོ་ལས་འབྱུང་སྟེ། ཅི་ལྟར་རེ་ཞིག་རྣམ་གྲངས་རྣམ་པར་བཤད་པའི་སྡམ?་གྱིས་ཚིགས་སུ་བཅད་པ་གཉིས་པ དྲན་པ་ཉེ་བར་གཞག་པ་དང་པའི་མདོ་ལས་ཇི་ལྟར་ན་དགེ་སློང་སེམས་ལ་སེམས་ཀྱི་རྗེས་སུ་བལྟ་ཞིང་གནས་ཞེ་ན། དགེ་སློང་འདི་ལ་སེམས་འདོད་ཆགས་དང་བཅས་པ་ལ་སེམས་འདོད་ཆགས་དང་བཅས་སོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས འདོད་ཆགས་དང་བྲལ་བ་ལ་སེམས་འདོད་ཆགས་དང་བྲལ་ལོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པ་དང། ཞེ་སྡང་དང་བྲལ་བ་དང། གཏི་མུག་དང་བཅས་པ་དང། གཏི་མུག་དང་བྲལ་བ་དང། བསྡུས་པ་དང་རྣམ་པར་གཡེངས པ་དང། ཞུམ་པ་དང། རབ་ཏུ་བསྡུས་པ་དང། མཐོ་བ་དང། དམའ་བ་དང། ཉེ་བར་ཞི་བ་དང། ཉེ་བར་མ་ཞི་བ་དང། མཉམ་པར་བཞག་པ་དང། མཉམ་པར་མ་བཞག་པ་དང། བསྒོམ་པ་དང་མ་བསྒོམ་པ་དང། སེམས་རྣམ་པར་གྲོལ་བ་དང། སེམས་རྣམ་པར་མ གྲོལ་བའོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་གྲོལ་བའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཕྱིའི་སེམས་ལ་སེམས་ཀྱི་རྗེས་སུ ལྟ་ཞིང་གནས་སོ། །ནང་དང་ཕྱིའི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཀུན་འབྱུང་བའི་ཆོས་ཅན་ལ་སེམས་རྗེས་སུ་ལྟ་ཞིང་གནས་སོ། །འཇིག་པའི་ཆོས་ཅན་ལ་སེམས་རྗེས་སུ་ལྟ་ཞིང་གནས་སོ། །ཀུན་འབྱུང་བ་དང་འཇིག་པའི་ཆོས་ཅན་གྱི་སེམས་ལ་སེམས ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །སེམས་སོ་ཞེས་དྲན་པ་དང་དྲན་པ་ཉེ་བར་གཞག་པར་འགྱུར་བ་ནས་རྣམ་པར་ཤེས་པ་ཙམ་དང་མཐོང་བ་ཙམ་དང། རབ་ཏུ་དྲན་པ་ཙམ་གྱིས་བར་དུ་བརྟེན་ཅིང་གནས་ཏེ། འཇིག་རྟེན་ཅུང་ཟད་ཉེ་བར་མི་ལེན་ཏེ། འདི་ལྟར་དགེ་སློང་སེམས་ལ་སེམས་རྗེས སུ་ལྟ་ཞིང་གནས་སོ། །རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཁྱེད་ཅག་གི་ཕུང་པོ་མ་ཡིན་ཞིང་གཞན་གྱི་ཡང་མ་ཡིན་གྱི་རེག་པའི་སྐྱེ་མཆེད་དྲུག་སྟེ། དགེ་སློང་རེག་པའི་སྐྱེ མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་མངོན་པར་འདུས་བྱས་པ། མངོན་པར་དགའ་བ་སྔོན་གྱི་ལས་ཉིད་དུ་རིག་པར་བྱའོ་ཞེས་ང་སྨྲའོ། །རེག་པའི་སྐྱེ་མཆེད་དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ རེག་པའི་སྐྱེ་མཆེད་དོ། །དགེ་སློང་དག་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རྟེན་ཅིང་འབྲེལ་བར་འབྱུང་པ་ཤིན་ཏུ་ལེགས་པར་ཚུལ་བཞིན་དཔྱོད་པར་བྱེད་དོ། །འདི་ལྟ་སྟེ། འདི་ཡོད་པས་འདི་བྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ་འདི་ཡོད་པས་རྣམ་པར ཤེས་པའི་ཚོགས་དྲུག་འབྱུང་ལ། རེག་པའི་ཚོགས་དྲུག་དང། ཚོར་བའི་ཚོགས་དྲུག་དང། སྲེད་པའི་ཚོགས་དྲུག་གོ་།འདི་ལྟ་སྟེ་འདི་ཡོད་པས་སྐྱེ་བ་དང། རྒ་བ་དང་ན་བ་དང་ནང་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་འཁྲུག་པ་རྣམས འབྱུང་ཞིང་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་ཏེ། དགེ་སློང་འདི་ལྟར་འཇིག་རྟེན་ནི་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་ལས་རབ་ཏུ་བྱུང་སྟེ། དེ་ལྟར་ན་འཇིག་རྟེན་ནི་རྒྱུ་དང་བཅས་པ་ལས་རབ་ཏུ་འབྱུང་ངོ། །དགེ་སློང་དག་འཇིག་རྟེན་ནི་རྒྱུ་དང་བཅས པ་རྐྱེན་དང་བཅས་པ་ལས་རབ་ཏུ་འགག་པར་འགྱུར་རོ། །ཇི་ལྟར་འཇིག་རྟེན་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལས་རབ་ཏུ་འགག་པར་འགྱུར་ཞེ་ན། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་འདི་འགགས་པས་འདི་འགག་སྟེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་མེད་པས རེག་པའི་ཚོགས་དྲུག་པོ། ཚོར་བའི་ཚོགས་དྲུག་དང། སྲེད་པའི་ཚོགས་དྲུག་མི་འགྱུར་ཞིང། འདི་ལྟ་སྟེ། འདི་མེད་པས་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང་སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །དགེ་སློང་དག་གང་གི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འཇིག་རྟེན་འབྱུང་བ་དང་བཅས་པ་འཇིག་རྟེན་འགོག་པ་དང་བཅས་པ་ཡང་དག་པ་ཇི་ལྟ པ་བཞིན་གྱི་ཤེས་རབ་ཀྱིས་རབ་ཏུ་མཐོང་བར་གྱུར་ཅིང་རབ་ཏུ་རིག་པ་དང། རབ་ཏུ་ཡིད་ལ་བྱེད་པ་དང། རབ་ཏུ་བརྟེན་པ་དང། ཡང་དག་པར་རབ་ཏུ་རིག་པ་ཞེས་བརྗོད་དོ། །འཕགས་པ་ཉན་ཐོས་དམ་པའི་ཆོས་འདི་རྟོག་ཤིང་མཐོང་བ་དང། དམ་པའི་ཆོས་འདི་ཉེ་བར རྟོགས་པ་དང། འདི་ནི་དམ་པའི་ཆོས་ཞེས་བྱ་བར་རབ་ཏུ་རྟོགས་ཐོབ་དང། སློབ་པའི་ཡེ་ཤེས་དང། སློབ་པའི་མཐོང་བའི་འཇིག་རྟེན་འདི་མི་དམིགས་པའི་ཤེས་རབ་དང་ལྡན་པ་དང། འཕགས་པའི་ངེས་པར་འབྱུང་བ་དང། རབ་ཏུ་ངེས་པ་དང། རབ་ཏུ་ངེས་པར འབྱུང་བ་དང། ཡང་དག་པར་སྡུག་བསྔལ་ཟད་པ་དང། སྡུག་བསྔལ་མཐར་བྱེད་པར་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འཇིག་རྟེན་ཀུན་འབྱུང་བ་དང་འཇིག་རྟེན་འགོག་པ་དང་བཅས་པ་ཡང་དག་པ ཇི་ལྟ་བ་བཞིན་དུ་ཤེས་རབ་ཏུ་མཐོང་བ་དང། རབ་ཏུ་རིག་པ་དང། རབ་ཏུ་མེད་ལ་བྱེད་པ་དང། རབ་ཏུ་བརྟེན་པ་དང། ཡང་དག་པར་རབ་ཏུ་རིག་པའི་ཕྱིར་རོ་ཞེས་བཀའ་སྩལ་ཏོ།། །།སེམས་ནི་རང་འཛིན་པའི་རྟེན་པས་བདག་ཅེས་ཉེ་བར་འདེགས་ཏེ་ཞེས བྱ་བ་ལ། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ནི་སུ་ཞིག་མགོན་དུ་གྱུར། །བདག་ཉིད་ལེགས་པར་དུ་ལན་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །བཟུང་བར་དཀའ་ཞིང་མྱུར་བར་འཇུག། གང་དུ་འདོད་པ་དེར་འཇུག་བྱེད། །སེམས་དུལ་བ་ནི་ལེགས པ་སྟེ། སེམས་དུལ་བ་ནི་བདེ་བ་འདྲེན་ཞེས་གསུངས་སོ།། །།མིག་གིས་གཟུགས་རྣམས་མཐོང་ཞེས་བྱ་བ་ནི་མདོ་སྡེ་མང་པོ་ལས་འདོན་ཏེ། ཇི་ལྟར་རེ་ཞིག་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དྲུག་པོ་འདི་དག་ལ་རྟག་ཏུ་གནས་པར་བྱ་སྟེ་དྲུག གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར། དྲན་པ་དང་ཤེས་བཞིན་དང་ལྡན་པས་བཏང་སྙོམས་སུ་གནས་སོ། །རྣ་བས་སྒྲ་དང། སྣས་དྲི་དང། ལྕེས་རོ་དང། ལུས་ཀྱི་རེག་བྱ་དང། ཡིད ཀྱི་ཆོས་རྣམས་རྣམ་པར་ཤེས་ནས་ཡིད་བདེ་བར་མི་འགྱུར། ཡིད་མི་བདེ་བར་མི་འགྱུར། དྲན་པ་དང་ཤེས་བཞིན་དང་ལྡན་པས་བཏང་སྙོམས་སུ་གནས་ཏེ། དྲུག་པོ་འདི་དག་གིས་རྟག་ཏུ་གནས་པ་དང་ལྡན་པའི་དགེ་སློང་ནི་རིམ་སྲོར?་བྱ་བ། བཀུར་སྟིར?་བྱ་བ། ཐལ་མོ་སྦྱར་བར་བྱ་བ། རབ་ཏུ་བརྗོད པར་བྱ་བ་བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། ། །།མིག་གི་རྣམ་པར་ཤེས་པས་གཟུགས་རྣམས་ཞེས་བྱ་བ་ལ་སོགས་པ་ལ། འདོད་པ་རྣམས་ཉེས་དམིགས་མང་པོར་འཆད?་བའི་མདོ་ལས་འདོན པ་དང། སྐྱེ་མཆེད་དྲུག་གི་ཚོགས་ཀྱི་མདོ་སྡེ་དང་དེ་ལས་གསུངས་པ་ལྟ་བུ་སྟེ། བཅོམ་ལྡན་འདས་ཀོ་རུ་པ་ན་ཀོལ?་མ་ཤིའི་གྲོང་ཁྱེར་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འགྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ་ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྦྱོད་པ་ཡོངས་སུ་གསལ་བར་བྱེད་པའི་ཆོས་བཤད་པར་བྱ་སྟེ། འདི་ལྟ་སྟེ། ལེའུ་བཞི་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང། བཤད་བར་བྱའོ། །ལེའུ་བཞི་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེས་ན། དགེ་སློང་དག་མིག་གི་ཤེས་པར་བྱ་བའི་གཟུགས་འདོད་པ་དང། སྡུག་པ་དང། དགའ་བ་དང། ཡིད་དུ་འོང་བ་དང། འདོད་པར་བྱ་བ་དང། རབ་ཏུ་དགའ་བར་བྱ་བ་ཡོད་དེ། དེ་དག་མཐོང་ནས་དགེ་སློང་མངོན པར་དགའ་བ་དང། བརྗོད་པ་དང། ཞེན་པ་དང། ལྷག་པར་ཞེན་ཅིང་གནས་པ་དང། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་མི་འདོད་པ་དང། མི་སྡུག་པ་དང། མི་དགའ་བ་དང། ཡིད་དུ་མི་འོང་བ་དང། འདོད་པར་བྱ་བ་མ་ཡིན་པ་དང། རབ་ཏུ་དགའ་བར་བྱ་བ་མ་ཡིན་པ་དང། སྡུག་བསྔལ་བ་དང། ནད་དང། རྗེས་སུ་མི་མཐུན་བ་དང་ཡིད་དང་མི་མཐུན་པ་ཡོད་དེ། དེ་དག་མཐོང་ན་དགེ་སློང་སྡང་བ་དང། ཁྲོ་བ་དང། གནོད་སེམས་དང། མི་མོས་པ་དང། རབ་ཏུ་མི་དགའ་ཞིང་ཁྲོ་བ་སྐྱེད་པ་འདི་ནི་དགེ་སློང་བདུད་སྡིག་ཅན་གྱི་དབང་དུ་སོང་ཞིང་ལོག་པར་སོང་བ ཞེས་བྱ་བ། བདུད་སྡིག་ཅན་གྱིས་ཇི་ལྟར་དགའ་མགུར་བྱེད་བ་ཞེས་བྱའོ། །བདུད་ཀྱི་འཆིང་བ་ལས་མ་གྲོལ་ཞིང་བདུད་ཀྱི་དབང་དུ་གྱུར་པ་ཞེས་བརྗོད་དོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་འདོད་པ་དང། སྡུག་པ་དང། དགའ་བ་དང། ཡིད་དུ་འོང་བ་དང། འདོད་པར་བྱ་བ་དང། དགའ་བར་བྱ་བ་ཡོད་དེ། དེ་དག་མཐོང་ནས་དགེ་སློང་མངོན་པར་དགའ་བ་དང། བརྗོད་པ་དང། ཞེས་པ་དང། ལྷག་པར་ཞེན་ཅིང་གནས་པ་དང། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་མི་འདོད་པ་དང། མི་དགའ་པ་དང། མི་སྡུག་པ དང། ཡིད་དུ་མི་འོང་བ་དང། འདོད་པར་བྱ་བ་མ་ཡིན་པ་དང། རབ་ཏུ་དགའ་བར་བྱ་བ་མ་ཡིན་པ་དང། སྡུག་བསྔལ་བ་དང། ནད?་དང། རྗེས་སུ་མི་མཐུན་པ་ཡོད་དེ། དེ་དག་མཐུན་ནས་སྔ་མ་བཞིན་དུ་ཁྲོ་བ་ནས་བདུད་སྡིག་ཅན་གྱིས་ཇི་ལྟ་བ་འདོད་པ་བཞིན བྱེད་པ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་མིག་གི་རྣམ་པར་ཞེས་པས་ཤེས་པར་བྱ་བའི་གཟུགས་འདོད་པ་དང། སྡུག་པ་དང། དགའ་བ་དང། ཡིད་འོང་བ་དང། འདོད་པར་བྱ་བ་དང། དགའ་བར་བྱ་བ་ཡོད་དོ། །དེ་དག་མཐོང་ནས་དགེ་སློང་མངོན་པར་མི་དགའ་བ་དང། མི་བརྗོད་པར དང། མ་ཞེན་པ་དང། ལྷག་པར་མ་ཞེན་ཅིང་གནས་པ་དང། དགེ་སློང་དག་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་མི་འདོད་པ་དང། མི་སྡུག་པ་དང། མི་དགའ་བ་དང། ཡིད་དུ་མི་འོང་བ་དང། འདོད་པར་བྱ་བ་མ་ཡིན་པ་དང། རབ་ཏུ་དགའ་བ་བྱ་བ་མ་ཡིན་པ་དང། སྡུག བསྔལ་བ་དང། ནད་དང། རྗེས་སུ་མི་མཐུན་པ་དག་ཡོད་དེ། དེ་དག་མཐོང་ནས་མི་སྡང་བ་དང། མི་ཁྲོ་བ་དང། གནོད་སེམས་མེད་པ་དང། མི་མོས་པ་དང། རབ་ཏུ་མངོན་པར་མི་དགའ་བ་མ་ཡིན་པ་དང། ཁོང་ཁྲོ་བ་མི་སྐྱེད་པ་འདི་ནི་དགེ་སློང་བདུད་སྡིག་ཅན་གྱི་དབང་དུ མ་སོང་ཞིང་ལེགས་པར་མ་སོང་པ་ཞེས་བྱའོ། །བདུད་སྡིག་ཏོ་ཅན་གྱིས་འདོད་དགུར་བྱེད་པ་མ་ཡིན་ཞེས་བྱའོ། །བདུད་ཀྱི་འཆིང་བ་ལས་གྲོལ་ཞིང་བདུད་ཀྱི་དབང་དུ་མ་གྱུར་པ་ཞེས་བྱའོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས འདོད་པ་དང། སྡུག་པ་དང། དགའ་བ་དང། ཡིད་དུ་འོང་བ་དང། འདོད་པར་བྱ་བ་དང། དགའ་བར་བྱ་བ་ཡོད་དེ། དེ་དག་མཐོང་ནས་དགེ་སློང་མངོན་པར་མི་དགའ་བ་དང། མི་བརྗོད་པ་དང། མ་ཞེན་པ་དང། ལྷག་པར་མ་ཞེན་ཅིང་གནས་པ་དང། ཡིད་ཀྱི་རྣམ་པར་ཤེས པས་ཤེས་པར་བྱ་བའི་ཆོས་མི་འདོད་པ་དང། མི་དགའ་བ་དང། ཡིད་དུ་མི་འོང་བ་ནས་སྔ་མ་བཞིན་དུ་བདུད་ཀྱི་འཆིང་བ་ལས་གྲོལ་ཞིང་བདུད་ཀྱི་དབང་དུ་མ་གྱུར་པ་ཞེས་བྱ་བའི་བར་དུའོ། །འདི་ནི་ལེའུ་བཞི་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་སློང་དག་ཐོག་མར དགེ་བ་བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། ཞེས་སྡང་ཇི་སྐད་དུ་བཤད་བའི་ཆོས་བསྟན་པར་བྱའོ་ཞེས་ངས་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །བྲམ་ཟེ་མིག་ནི་གཟུགས་རྣམས་མཐོང་བར་བྱ་བ་ལ་བསྒོམ་པ་ཡིན་ནོ་ཞེས་བྱ་བ ལ། སྐྱེ་མཆེད་དྲུག་གི་ཚོགས་ལས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཤད་པ་གཉིས་པའི་ངང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་ལས་བརྩོན་དང་གཞན་དང་ཡང་དག་ལྡན། །མ་རིག་སྤྲུལ་གྱིས་དོག་དང། ཐོས་དང་ཀཱ་ཏྱཱ་ཡ་ན་དང། སྣ་ཚོགས་དགའ་བའི་དབང་པོའི་ཞེས་བྱ་བ ལས་ཀཱ་ཏྱཱ་ཡ་ནའི་མདོ་འདི་ལྟར་འདོན་ཏེ། དེ་ནས་བྲམ་ཟེ་དམར་པོ་ཡུད་ཙམ་མི་སྨྲ་བར་འདུག་ནས་ཀཱ་ཏྱཱ་ཡ་ན་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀཱ་ཏྱཱ་ཡ་ན་སྒོ་སྒོ་ཞེས་བརྗོད་པ། ཅི་སྟེ་སྒོ་སྒོ་ཞེས་བརྗོད། སྨྲས་པ། བྲམ་ཟེ་ལེགས་སོ་ལེགས་སོ། །སྒོ་ཞེས་བྱ་བའི་དྲི་བ་དྲི་བར རིགས་སོ། །ངས་ཁྱོད་ཀྱི་སྒོའི་དྲི་བ་ལུང་བསྟན་པར་བྱའོ། །བྲམ་ཟེ་མིག་ནི་གཟུགས་རྣམས་མཐོང་བར་བྱ་བ་ལ་སྒོ་ཡིན་ནོ། །རྣ་བ་ནི་དྲི། ལྕེ་ནི་རོ། །ལུས་ནི་རེག་བྱ། ཡིད་ནི་ཆོས་རྣམས་རྣམ་པར་ཞེས་པར་བྱ་བ་ལ་སྒོ་ཡིན་ནོ། །སྨྲས་པ་ཀཱ་ཏྱཱ་ཡ་ན་ཁྱོད་ཀྱི སྒོ་སྒོ་ཞེས་དྲི་བ་དྲིས་པ་ལ་ལུང་བསྟན་པ་ནི་ངོ་མཚར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལྗོངས་ཀྱི་མིའི་ཚིག་ལ་མངོན་པར་ཞེན་པར་མི་བྱ་ཞེས་བྱ་བ་ལ། རྣམ་པར་འབྱེད་པ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་བར་ཁམས་དྲུག་དང། སྐྱེ་མཆེད་དྲུག་འཆི་བར བརྗོད་པར་ལ་སོགས་པའི་མདོ་གསུམ་ལས་བཤད་དེ། ལྗོངས་ཀྱི་མིའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ། །འཇིག་རྟེན་གྱི་མིང་ལ་རྒྱུག་པར་མི་བྱའོ། །ཞེས་ངས་བཤད་པ་དེ་རྒྱས་པར་ཅུང་ཟད་བཤད་པར་བྱ་སྟེ། ཇི་ཙམ་གྱིས་ན་ལྗོངས་ཀྱི་མིའི་ལ་མངོན་པར ཞེན་པར་འགྱུར་ཞིང་ཇི་ཙམ་གྱིས་ན་འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པ་ཞེན་དགེ་སློང་དག་འདི་ལྟ་སྟེ། དངོས་པོ་གཅིག་པོ་འདི་ཉིད་ལ་སྐྱེ་བོ། གཅིག་ཀ་སི་ཞེས་བྱ་བར་ཤེས་ཤིང་རབ་ཏུ་ཤེས་སོ། །ལྷུང་བཟེད་ཅེས་བྱ་བ་འམ། ཤེ་ཤི་ལ་ཞེས་བྱ་བ་འམ། རྩ་བ་ཞེས་བྱ་བ་འམ། ཙི་ཏ་ཞེས་བྱ་བ་འམ། སྣོད་ཅེས་བྱ་བ་འམ། ཁམ་ཕོར་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཇི་ལྟ་ཇི་ལྟར་སྐྱེ་བོས་ཤེས་པ་དེ་ལྟ་དེ་ལྟར་བསྟན་ཅིང་སྤྱོད་པ་དང། མངོན་པར་ཞེན་པ་དང་ཐ་སྙད་དུ་བྱེད་དེ་འདི་ཉིད་བདེན་གྱི་གཞན ནི་རྨོངས་པའོ། །ཞེས་ཐ་སྙད་དུ་བྱེད་དེ། ཇི་ལྟར་སྐྱེ་བོ་རྣམས་ཀྱི་ངེས་ཚིག་གི་དོན་དུ་བྱས་པ་ཡིན་ནོ་ཞེས་ཐ་སྙད་དུ་མི་བྱེད་དེ། དེ་བཞིན་དུ་ཁ་ཅིག་གིས་བདག་ཏུ་རབ་ཏུ་ཤེས་ལ། སེམས་ཅན་ཞེས་བྱ་བ་འམ་།གསོ་བ་ཞེས་བྱ་བ་འམ། སྐྱེས་བུ་ཞེས་བྱ་བ་འམ། གང་ཟག་ཅེས་བྱ་བ་འམ། ཤེད་ལས་སྐྱེས་པ་ཞེས་བྱ་བ་འམ། ཤེད་བུ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟ་དེ་ལྟར་བསྟན་ཅིང་སྤྱོད་པ་དང། མངོན་པར་ཞེན་པས་འདི་ཉིད་བདེན་གྱི། གཞན་གྱི་གཏི་མུག་གོ་ཞེས་ཐ་སྙད་དུ་བྱེད་དོ། །ཇི་ལྟར་དོན་བརྗོད་པར་བྱ་བའི་ཕྱིར་བྱས སོ་ཞེས་བྱ་ཐ་སྙད་དུ་མི་བྱེད་དེ། དེ་ལྟར་ན་ལྗོངས་ཀྱི་མི་ངེས་པའི་ཚིག་ཚིག་ལ་མངོན་པར་ཞེན་ཅིང་འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པར་འགྱུར་རོ། །ཇི་ལྟར་ན་ལྗོངས་ཀྱི་མིའི་ངེས་པའི་ཚིག་ལ་མངོན་པར་མི་ཞེན་ཅིང་འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པར་མི་འགྱུར་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། དངོས་པོ་གཅིག་པོ་ཉིད་ལ་སྐྱེ་བོ་ཁ་ཅིག་གི་ཀ་སི་ཞེས་བྱ་བར་ཤེས་ཤིང་རབ་ཏུ་ཤེས་སོ། །ལྷུང་བཟེད་ཅེས་བྱ་བ་འམ། ཤེ་ཤི་ལ་ཞེས་བྱ་བ་འམ། རྩོད་ཞེས་བྱ་བ་འམ། ཅི་ཏེ་ཞེས་བྱ་བ་འམ། སྣོད་ཅེས་བྱ་བ་འམ། ཁམ་བོར་ཞེས་བྱ བར་རབ་ཏུ་ཤེས་ཏེ། ཇི་ལྟ་ཇི་ལྟར་སྐྱེ་བོས་རབ་ཏུ་ཤེས་པ་དེ་ལྟ་དེ་ལྟར་བསྟན་ཅིང་དཔྱོད་པ་དང། མངོན་པར་ཞེན་པས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་ཐ་སྙད་དུ་བྱེད་མོད་ཀྱི་སྐྱེ་བོ་རྣམས་ཀྱི་ངེས་པའི་ཚིག་གི་དོན་དུ་ཐ་སྙད་དུ་བྱེད་དོ། །དེ་བཞིན་དུ ཁ་ཅིག་བདག་ཅེས་རབ་ཏུ་ཤེས་ཤིང་སེམས་ཅན་ཞེས་བྱ་བ་འམ། གསོ་བ་ཞེས་བྱ་བ་འམ། སྐྱེ་བ་ཞེས་བྱ་བ་འམ། སྐྱེས་བུ་ཞེས་བྱ་བ་འམ། གང་ཟག་ཅེས་བྱ་བ་འམ། ཤེང?་བུ་ཞེས་བྱ་བ་འམ། ཤེང་ལས་སྐྱེས་པ་ཞེས་བྱ་བ་འམ། སྐྱེ་བ་ཞེས་བྱ་བ་དེ་ལྟ་དེ་ལྟར བསྟན་ཅིང་དཔྱོད་པ་དང། མངོན་པར་ཞེན་པས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་པའོ། །ཞེས་ཐ་སྙད་དུ་བྱེད་མེད་ཀྱི་དོན་སྟན་པར་བྱ་བའི་ཕྱིར་བྱས་སོ་ཞེས་ཐ་སྙད་དུ་བྱེད་དེ། འདི་ཙམ་དུས་ན་ལྗོངས་ཀྱི་མིའི་ངེས་ཚིག་ལ་མངོན་པར་ཞེན་པར་མི་འགྱུར་ལ། འཇིག་རྟེན གྱི་མིང་ལ་རབ་ཏུ་རྒྱུག་པར་མི་འགྱུར་རོ། །ལྗོངས་ཀྱི་མིའི་དེས་པའི་ཚིག་ལ་མངོན་པར་ཞེན་པར་མི་བྱེད་དོ། །འཇིག་རྟེན་གྱི་མིད་ལ་རྒྱུག་པར་མི་བྱའོ་ཞེས་ངས་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ།། །མདོ་ལས་དབང་པོ་ཉི་ཤུ་རྩ་གཉིས་ཞེས་བྱ་བ་ལ སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བྲམ་ཟེ་རང་བཞིན་ཉན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འདས་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བ་དང། ཡང་དག་པར་མགུ་བ་དང། རབ་ཏུ་དགའ་ བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་འདུག་ནས་བྲམ་ཟེ་རང་བཞིན་ཉན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་དྲི་བ་ལུང་སྟོན་པ་ལ་སྐབས་འབྱེད་ན། བདག་ཕྱོགས་འགའ་ཞིག ཡོངས་སུ་འདྲིའོ། །བྲམ་ཟེ་ཇི་ལྟར་འདོད་པར་དྲིས་ཤོག་།གཽ་ཏ་མ་དབང་པོ་དབང་པོ་ཞེས་བརྗོད་པ་དབང་པོ་རྣམས་ནི་དུ་ཞིག་།དབང་པོ་རྣམས་དབང་བ་དུ་ཞིག་གིས་བསྡུས་པར་འགྱུར། བྲམ་ཟེ་དབང་པོ་ཉི་ཤུ་རྩ་གཉིས་སོ། །ཉི་ཤུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ མིག་གི་དབང་པོ་དང། རྣ་བའི་དབང་པོ་དང། སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང། ཡིད་ཀྱི་དབང་པོ་དང། མོའི་དབང་པོ་དང། ཕོའི་དབང་པོ་དང། སྲོག་གི་དབང་པོ་དང། བདེ་བའི་དབང་པོ་དང། སྡུག་བསྔལ་གྱི་དབང་པོ་དང། ཡིད་བདེ བའི་དབང་པོ་དང། ཡིད་མི་བདེ་བའི་དབང་པོ་དང། བཏང་སྙོམས་ཀྱི་དབང་པོ་དང། དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོ་དང། མི་ཤེས་པའི་ཀུན་ཤེས་པར་བྱེད་པའི་དབང པོ་དང། ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །བྲམ་ཟེ་ཉི་ཤུ་རྩ་གཉིས་པོ་འདི་དག་ནི་དབང་པོ་རྣམས་ཞེས་བརྗོད་དོ། །འདི་ཙམ་གྱིས་ན་དབང་པོ་རྣམས་བསྡུས་པར་འགྱུར་རོ། །དེ་ནས་བྲམ་ཟེ་རང བཞིན་ཉན་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡིད་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་སོང་ངོ། །ཆོས་མངོན་པའི་མཛོད་ཀྱི་མདོ་དང་སྦྱོར་བའི་ཊཱིཀྐ་ཉེ་བར་མཁོ་བ་ཞེས་བྱ་བ་ལས། གནས་དང་པོ་ཕལ་ཆེར་མདོ་དང སྦྱར་བའོ། ། །།མཐོང་བ་དང་ཐོས་ནས་ཡང་བ་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། མིག་དང་ལྡན་པ་དཀའ་བའི་གནས་རྣམ་པར་གནོན་པར་བྱེད་པ་ལྟར། མཁས་པས་འཚོ་བའི་འཇིག་རྟེན་འདིར་སྡིག་པ་དག་ནི་ཡོངས་སུ་སྤང། །ཐོས་ནས་ཆོས་ཀུན་རྣམ་པར ཤེས། །ཐོས་ནས་སྡིག་ལས་འདའ་བར་བྱེད། ཐོས་ནས་དོན་མེད་རྣམ་པར་སྤོང། ཐོས་ནས་མྱ་ངན་ལས་འདས་པ་ཐོབ་ཅེས་འབྱུང་བ། ཇི་སྐད་དུ་དེའི་ཚེ་དྲི་ཟ་དེས་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཕྲ་རྒྱས་བཏགས་པའི་དབུགས འབྱུང་བ་དྲུག་པ་ལས་མིག་འགག་ཤིང་འདས་ལ། མངལ་གྱི་རྐྱེན་ནི་ཕྱིན་ཅི་ལོག་པ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ། །མངལ་དུ་འཇུག་པའི?་མདོ་ལས་ཀྱང་དོན་འདི་ཉིད་ཡི་གེ་གཞན་དུ་འབྱུང་སྟེ། དེ་ལ་འདི་ལྟར་འདོན་ཏེ། དགའ་བོ་ཇི་ལྟར་ན་སེམས་ཅན་མའི མངལ་དུ་འཇུག་པར་འགྱུར་ཞེ་ན། དགའ་བོ་འདི་ལ་ཕ་དང་མ་ཆགས་པར་གྱུར་ཅིང་འདུས་པ་དང། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་ཉེ་བར་གནས་ནས་ན་འཇུག་པར་འགྱུར་རོ། །དྲི་ཟ་ཞེས་བྱ་བ་འདི་ནི་སྲེད་བར་བར་མ་དེའི་སེམས་ཅན་གྱི ཚིག་བླ་དགས་སོ། །དེ་ཡང་རྣམ་པ་གཉིས་སུ་འགྱུར་ཏེ། ཁ་དོག་བཟང་བ་དང་ཁ་དོག་ངན་པའོ། །དེ་ལ་དམྱལ་བའི་སྲིད་པ་བར་མདོའི་ཁ་དོག་ངན་པ་སྟེ། འདི་ལྟ་སྟེ་ཀ་བ་ཚིག་པ་ལྟ་བུའོ། །དུད་འགྲོའི་སྲིད་པ་བར་མདོ་ནི་དུ་བའི་ཁ་དོག་ལྟ་བུའོ། །ཡི དྭགས་ཀྱི་ནི་ཆུ་ལྟ་བུའོ། །འདོད་པ་ན་སྤྱོད་པའི་མི་དང་ལྷ་རྣམས་ཀྱི་ནི་གསེར་གྱི་ཁ་དོག་གོ། གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་དཀར་པོའོ། །གཟུགས་མེད་པ་ན་སྤྱོད་པ་ལ་ནི་སྲིད་པ་བར་མ་མེད་དེ། གཟུགས་མེད་པའི་ཕྱིར་རོ། །སྲིད་པ་བར་མ་ཁ་ཅིག་ནི་ལག་པ་གཉིས་པའོ། །ཁ་ཅིག་ནི རྐང་པ་གཉིས་པའོ། །ཁ་ཅིག་ནི་རྐང་པ་མང་པོ་ཅན་ནོ། །ཁ་ཅིག་ནི་རྐང་བ་གཅིག་པའོ། །འགྲོ་བ་གང་དུ་སྔོན་གྱིས་ལས་ཀྱིས་སྐྱེ་བར་འགྱུར་བ་སྲིད་པ་བར་མདོའི་སེམས་ཅན་ཡང་དེ་དང་འདྲ་བར་འགྱུར་རོ། །སྲིད་པ་བར་མདོའི་སེམས་ཅན་ཐམས་ཅད་ཀྱང་ནམ་མཁའ་ལ་འགྲོ་བ་ཐོགས པ་མེད་པ་རྫུ་འཕྲུལ་དང་ལྡན་པ་ལྟ་བུའི་ལྷའི་མིག་དང་ལྡན་པར་འགྱུར་རོ། །མ་ཟླ་མཚན་དང་ལྡན་ཞེས་བྱ་བ་ནི་དུས་དང་དུས་ན་ཟླ་མཚན་དང་ལྡན་པའོ། །དེ་ལ་བུད་མེད་ཁ་ཅིག་ནི་ཞག་གསུམ་དང་ལྔ་དང་བདུན་གྱི་བར་དུ་ཟླ་མཚན་དང་ལྡན་པར་འགྱུར་རོ། །ཁ་ཅིག་ནི་རྒྱུ་དང རྐྱེན་གྱི་དབང་གིས་ཡུན་རིང་པོར་ཟླ་མཚན་དང་ལྡན་པར་འགྱུར་ཞིང། ཟླ་མཚན་དང་ཟླ་མཚན་འབྲེལ་བར་འགྱུར་རོ། །དེ་ལ་བུད་མེད་གང་སྡུག་བསྔལ་ཞིང་འགྲོ་བ་ངན་པར་གྱུར་པ་དང། ཉེ་བར་གདུང་བ་དང། འཁྲུག་པ་མང་བ་དང། བཟའ་བ་དང། བཏུང་བ་དང་གྱ་ནོམ་པ་མ ཡིན་ན་དུས་ཐུང་ངུར་ཟླ་མཚན་དང་ལྡན་བར་འགྱུར་ཏེ། མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་བར་འགྱུར་རོ། །དགའ་བོ་འདི་ལྟ་སྟེ་དཔེར་ན་ས་རྩུབ་མོའི་ཕྱོགས་སུ་ཆུ་བཏབ་ན་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་བ་དེ་བཞིན་དུ་བུད་མེད་གང་སྡུག་བསྔལ་ཞིང་འགྲོ བ་ངན་བར་གྱུར་པ་དང། ཉེ་བར་གདུང་བ་དང། འཁྲུག་པ་མང་བ་དང། བཟའ་བ་དང། བཏུང་བ་གྱ་ན་མོ་པ་མ་ཡིན་ན་དུས་ཐུང་ངུར་ཟླ་མཚན་དང་ལྡན་པར་འགྱུར་བ་སྟེ། མྱུར་དུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་རོ། །བུད་མེད་གང་བདེ་ཞིང་འགྲོ་བ་བཟང་པོར་གྱུར་བ དང། ཉེ་བར་གདུང་བ་དང་འཁྲུག་བ་ཉུང་བ་དང། བཟའ་བ་དང་བཏུང་བ་གྱ་ནོམ་བ་ནི་ཡུན་རིང་པོར་ཟླ་མཚན་དང་ལྡན་པར་འགྱུར་ཏེ། མྱུར་དུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དགའ་བོ་འདི་ལྟ་སྟེ་དཔེར་ནས་འཇམ་པོའི་ཕྱོགས་སུ་ཆུ་བཏབ ན་མྱུར་དུ་ཡོངས་སུ་ཟད་ཅིང་གཏུགས་པར་མི་འགྱུར་བ་དེ་བཞིན་དུ་བུད་མེད་གང་བདེ་ཞིང་འགྲོ་བ་བཟང་པར་གྱུར་པ་དང། ཉེ་བར་གདུང་བ་དག་འཁྲུག་པ་ཉུང་བ་དང། བཟའ་བ་དང་བཏུང་བ་གྱ་ནོམ་པ་ནི་ཡུན་རིང་པོ་ཟླ་མཚན་དང་ལྡན་པར་འགྱུར་ཏེ། མྱུར་དུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། ཟླ་མཚན་ལ་ཟླ་མཚན་འབྲེལ་པར་འགྱུར་རོ། །དགའ་བོ་དེ་ལ་གལ་ཏེ་ཕ་ལ་ཁུ་བ་བྱུང་ཞིང་མ་ལ་མ་བྱུང་ན་རེ་ཞིག་དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །གལ་ཏེ་མ་ལ་བྱུང་པ་ལ་མ་བྱུང་ན་རེ ཞིག་དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །མ་དག་པར་གྱུར་ཅིང་ཕ་མ་དག་པར་གྱུར་པ་དང། ཕ་དག་ཅིང་མ་མ་དག་པར་གྱུར་པ་རེ་ཞིག་དེའི་དུས་ན་མངལ་དུ་འཇུག་པར་མ་འགྱུར་རོ། །དེའི་དུས་ན་མ་རླུང་གིས་བཟུང་བར་གྱུར་པ་འམ། ཕ་བཟུང་བ་འམ། བད་ཀན་གྱིས བཟུང་བ་འམ། ཁྲག་གིས་བཟུང་བ་འམ། ཤས་གང་བ་འམ། སྨན་ཅན་ལྟ་བུ་འམ། ནས་ཀྱི་བར་ལྟ་བུ་འམ། གྲོག་མོའི་རྐེད་པ་ལྟ་བུ་འམ། རྔ་མོའི་གདོང་བ་ལྟ་བུ་འམ། ཁྱིའི་གདོང་པ་ལྟ་བུ་འམ། ཤིང་རྟའི་གདོང་པ་ལྟ་བུ་འམ། ཀ་བ་ལྟ་བུ་འམ། འདབ་མ་ལྟ་བུ་འམ། ནང་དུ་རྩེ་མོ་ལྟ་བུ་སྐྱེས་པ་འམ། འོག་ཏུ་ཟབ་པ་འམ། སྟེང་དུ་ཟ་བ་འམ། མངལ་སྣོད་དུ་མ་གྱུར་པ་འམ། ཁྲག་འཛག་པ་འམ། ཆུང་བ་འམ། ཁྭའི་མཆུ་ལྟ་བུ་འམ། གཡས་ཕྱོགས་ཡངས་པ་འམ། གཡོན་ཕྱོགས་ཡངས་པ་འམ། སྟེང་དུ་ཡངས་པ་འམ། འོག ཏུ་ཡངས་པ་འམ། མཐོ་བ་འམ། དམའ་བ་དང། སྒུར་བ་འམ། ཡོ་བ་འམ། སྐྱོན་དང་བཅས་པ་དང། ཉེས་པ་དང་བཅས་པ་དང། བི་ས་རཀ་ཞེས་བྱ་བའི་སྲོག་ཆགས་ཀྱིས་ཟོས་པར་གྱུར་ཏེ། རེ་ཞིག་དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །ཕ་དང མ་དབང་ཐང་ཆེན་པོ་དང་ལྡན་པར་གྱུར་ལ་དྲི་ཟ་དབང་ཐང་ཆུང་ངུ་དང་ལྡན་པར་གྱུར་པ་དང། དྲི་ཟ་དབང་ཐང་ཆེན་པོ་དང་ལྡན་ལ་ཕ་དང་མ་དབང་ཐང་ཆུང་ངུ་དང་ལྡན་པར་གྱུར་ལ། རེ་ཞིག་དེའི་དུས་ན་མངལ་དུ་འཇུག་པར་མི་འགྱུར་རོ། །ཐམས་ཅད་ནུས་པ ཆེན་པོ་དང་ལྡན་པར་འགྱུར་རོ། །ཕ་དང་མ་དག་གིས་བུ་རྙེད་པར་འགྱུར་བ་ལས་མ་བྱས་ཤིང་མ་བསགས་པ་དང། དྲི་ཟས་ཀྱང་ཕ་དང་མ་རྙེད་པའི་ལས་མ་བྱས་ཤིང་མ་བསགས་པ་དང། དྲི་ཟ་ལ་བུད་མེད་དམ་སྐྱེས་པའི་སེམས་གཉིས་པོ་ལས་གང་ཡང་རུང་བ་ཉེ་བར་མི་གནས་ན རེ་ཞིག་དེ་སྲིད་དུ་མངལ་དུ་འཇུག་པར་མི་འགྱུར་རོ། །དགའ་བོ་ཇི་ལྟར་ན་མའི་མངལ་དུ་འཇུག་པར་འགྱུར་ཞེ་ན། དགའ་བོ་འདི་ལ་ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང། མ་རུང་ཞིང་འདུས་པ་དང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་ཉེ་བར་གནས་ན་འཇུག་པར འགྱུར་ཏེ། ཕ་དང་མའི་ཁུ་བ་བྱུང་ཞིང་ཕ་དང་ཆགས་པར་གྱུར་པ་དང། དེའི་དུས་ཕ་དང་རླུང་གིས་བཟུང་བར་མ་གྱུར་པ་དང། བད་ཀན་གྱིས་མ་བཟུང་བ་དང། ཁྲག་གིས་མ་བཟུང་བ་དང། ཤས་གང་བ་མ་ཡིན་པ་དང། སྨན་ཅན་ལྟ་བུ་མ་ཡིན་པ་དང། ནས་ཀྱི་བར་ལྟ་བུ མ་ཡིན་པ་དང། གྲོག་མོའི་སྐེད་པ་ལྟ་བུ་མ་ཡིན་པ་དང། རྔ་མོའི་གདོང་བ་དང། ཁྱིའི་གདོང་བ་དང། ཤིང་རྟའི་གདོང་བ་དང། ཀ་བ་ལྟ་བུ་དང། འདབ་མ་ལྟ་བུ་དང། ནང་དུ་རྩེ་མོ་ལྟ་བུ་སྐྱེས་པ་མ་ཡིན་པ་དང། སྟེང་དུ་ཟབ་པ་དང། འོག་ཏུ་ཟབ་པ་མ་ཡིན་པ་དང། སྣོད་དུ་གྱུར པ་དང། ཁྲག་འཛག་པ་དང། ཆུང་བ་མ་ཡིན་པ་དང། ཁྭ་མཆུ་ལྟ་བུ་མ་ཡིན་པ་དང། གཡས་ཕྱོགས་ཡངས་པ་དང། གཡོན་ཕྱོགས་ཡངས་པ་དང། སྟེང་དུ་ཡངས་པ་དང། འོག་ཏུ་ཡངས་པ་མ་ཡིན་པ་དང། མཐོ་བ་དང་དམའ་བ་མ་ཡིན་པ་དང། སྒུར་བ་མ་ཡིན་པ དང། སྐྱོན་མེད་པ་དང་ཉེས་པ་མེད་པ་དང། ཕ་དང་མ་དབང་ཐང་ཆེན་པོ་དང་ལྡན་ཞིང་དྲི་ཟ་ཡང་དབང་ཐང་ཆེན་པོ་དང་ལྡན་པར་གྱུར་པ་དང། ཕ་དང་མ་དབང་ཐང་ཆུང་ངུ་དང་ལྡན་པར་གྱུར་ན་དྲི་ཟ་ཡང་དབང་ཐང་ཆུང་ངུ་དང་ལྡན་པར་གྱུར་པ་དང། ཕ་དང་མ་དག་གིས བུ་རྙེད་ཅིང་ཐོབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དང། དྲི་ཟས་ཀྱང་ཕ་དང་མ་རྙེད་ཅིང་ཐོབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་དང། དྲི་ཟ་ལ་བུད་མེད་དམ་སྐྱེས་པའི་སེམས་གཉིས་པོ་ལས་གང་ཡང་རུང་བ་ཉེ་བར་གནས་ན། དགའ་བོ་འདི་ལྟར མའི་མངལ་དུ་འཇུག་པར་འགྱུར་རོ་ཞེས་འབྱུང་སྟེ། མཛོད་ཀྱི་གནས་གསུམ་པར་སྲིད་པ་བར་མའི་རྣམ་བཤད་ཀྱི་སྐབས་སུ་ཡང་དྲི་ཟ་ཞེས་བྱ་བ་འདི་ཉིད་དྲང་བར་བྱའོ། །ཇི་སྐད་དུ་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅེས་བྱ་བ་ལ། རྣམ་པར་འབྱེད་པ་བསྡུས པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་མདོ་ལས། བཙུན་པ་འཇིག་རྟེན་འདི་གང་གིས་ཁྲིད། གང་གིས་དྲངས། གང་གིས་སྐྱེ་ཞིང་སྐྱེ་བ་ལ་དབང་སྒྱུར། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། དགེ་སློང་ལེགས་སོ་ལེགས་སོ། །བློ་བཟང་པོ་དང། ཤེས་རབ་བཟང་པོ་དང། ཤེས་རབ་དང་སྤྱོད་པས་འཇིག་རྟེན་འདི་གང་གིས་ཁྲིད། གང་གིས་དྲངས། གང་གིས་སྐྱེ་ཞིང་སྐྱེ་བ་ལ་དབང་སྒྱུར་ཞེས་དགེ་སློང་ཁྱོད་ཀྱི་གང་ལ་འདི་ལྟར་དྲི་བ་ལེགས་སོ། །དེ་ལེགས་པར ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །དགེ་སློང་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད། སེམས་ཀྱིས་ཡོངས་སུ་དྲངས་ཏེ། སེམས་ཀྱིས་དེ་སྐྱེ་ཞིང་སྐྱེ་བ་ལ་དབང་སྒྱུར་རོ། །གང་གིས་འཇིག་རྟེན་འདི་ཡོངས་སུ་ཁྲིད་ཅིང་ཡོངས་སུ་འདྲེན་པ་དང། གང་གི སྐྱེ་བ་ལ་དབང་སྒྱུར་བ་དེས་འཕགས་པ་ཉན་ཐོས་དགྲ་བཅོམ་པ་མི་འགྲོ་ཞིང་མི་འདྲེན་ལ་དེ་སྐྱེས་ཤིང་སྐྱེ་བ་ལ་དབང་མི་སྒྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཕགས་པ་ཉན་ཐོས་སེམས་ལ་དབང་སྒྱུར་བར་བྱེད་ཀྱི། དེ་ལ་ནི་སེམས་ཀྱིས་དབང་སྒྱུར་བར་བྱེད་པ་མ་ཡིན་ནོ་ཞེས བྱའོ། །བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་པར་འགྱུར་རོ་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་མདོར་སྔར་བྲིས་པ་བཞིན་ནོ། །ཆེད་དུ་བརྗོད་པ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་ལས་དེར་བསྟན་པ་བཞིན་དུ་ཡང་དང་བར་བྱ་སྟེ། བཅོམ ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས ནས་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚུལ་ཁྲིམས་གང་གི་དོན་དུ། ཀུན་དགའ་བོ་ཡོངས་སུ་གདུང་བ་མེད་པའི་དོན་དུའོ། །བཙུན་པ་ཡོངས་སུ་གདུང་བ་མེད་པ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད་དུ དགའ་བ་སྐྱེད་པའི་དོན་དུའོ། །བཙུན་པ་དགའ་བ་བསྐྱེད་པ་གང་གི་དོན་དུ། ཇི་སྲིད་དུ་རབ་ཏུ་དགའ་བ་སྐྱེད་པའི་དོན་དུའོ། །བཙུན་པ་རབ་ཏུ་དགའ་བ་གང་གི་དོན་དུ། ཇི་སྲིད་དུ་ཤིན་ཏུ་སྦྱངས་པ་གང་གི་དོན་དུའོ། །བཙུན་པ་ཤིན་ཏུ་སྦྱངས་པ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད སེམས་བདེ་བའི་དོན་དུའོ། །བཙུན་པ་བདེ་བ་གང་གི་དོན་དུ། ཀུན་དགའ་བོ་སེམས་མཉམ་པར་གཞག་པའི་དོན་དུའོ། །བཙུན་པ་ཏིང་ངེ་འཛིན་གང་གི་དོན་དུ། ཇི་སྲིད་དུ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བའི་དོན་དུའོ། །བཙུན་པ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བ གང་གི་དོན་དུ། ཇི་སྲིད་དུ་སྐྱོ་བའི་དོན་དུའོ། །བཙུན་པ་སྐྱོ་བ་གང་གིས་དོན་དུ། ཀུན་དགའ་བོ་ཇི་སྲིད་དུ་འདོད་ཆགས་དང་བྲལ་བའི་དོན་དུའོ། །བཙུན་པ་འདོད་ཆགས་དང་བྲལ་བ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད་དུ་རྣམ་པར་གྲོལ་བའི་དོན་དུའོ། །བཙུན པ་རྣམ་པར་གྲོལ་བ་གང་གི་དོན་དུ། ཀུན་དགའ་བོ་ཇི་སྲིད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་དོན་དུའོ། །ཀུན་དགའ་བོ་ཚུལ་ཁྲིམས་དང་ལྡན་ན་གདུང་བ་མེད་པར་འགྱུར་རོ། །གདུང་བ་མེད་ན་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་སྐྱེས་ན་རབ་ཏུ་དགའ་བ སྐྱེ་བར་འགྱུར་རོ། །ལུས་ནི་ཤིན་ཏུ་སྦྱངས་ན་བདེ་བ་སྐྱེ་བར་འགྱུར་རོ། །བདེ་བ་མྱོང་ན་སེམས་མཉམ་པར་འཇོག་པར་འགྱུར་རོ། །ཀུན་དགའ་བོ་སེམས་མཉམ་པར་བཞག་པར་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང། ཡང་དག་པ་ཇི་ལྟ་བ་བཞིན མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ན་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་རྣམ་པར་གྲོལ་བར་འགྱུར་རོ། །རྣམ་པར་གྲོལ་ན་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། ཀུན་དགའ་བོ་འདི་ནི ཆོས་ཉིད་ལ་ཆོས་ཀྱི་རྒྱུ་མཐུན་པའོ། །ཚུལ་ཁྲིམས་འདི་ལ་བརྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་རབ་ཀྱི་མཆོག་ཏུ་ཉེ་བར་འགྲོ་བར་འགྱུར་ཏེ། ཕ་རོལ་ཏུ་མ་ཕྱིན་པ་ཕ་རོལ་ཏུ་འགྲོ་བར་འགྱུར་བའི་བར་དུའོ་ཞེས་བཀའ་སྩལ་ཏོ།། །།སྡུག་བསྔལ གྱི་རྒྱུ་ཅན་གྱི་དད་པ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡེད?་དེ་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་མྱ་ངན་ལས་འདས་པ་ཡང་རྒྱུ་དང་བཅས་པར་སྨྲའོ། །དགེ་སློང་དག་མྱ་ངན་ལས་འདས པའི་རྒྱུ་གང་ཞེ་ན། རྣམ་པར་གྲོལ་བ་ཞེས་བརྗོད་དོ། །དགེ་སློང་དག་རྣམ་པར་གྲོལ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་རྣམ་པར་གྲོལ་བའི་རྒྱུ་གང་ཞེ་ན། འདོད་ཆགས་དང་བྲལ་བ་ཞེས་བརྗོད་དེ། དགེ་སློང་དག་འདོད་ཆགས་དང་བྲལ་བ་ཡང་རྒྱུ་དང་བཅས པར་སྨྲའོ། །དགེ་སློང་དག་འདོད་ཆགས་དང་བྲལ་བའི་རྒྱུ་གང་ཞེ་ན། ཡིད་འབྱུང་བ་ཞེས་བརྗོད་དེ། དགེ་སློང་དག་ཡང་འབྱུང་བའི་རྒྱུ་གང་ཞེ་ན། ཇི་ལྟ་བ་བཞིན་དུ་ཤེས་པ་དང་མཐོང་བ་ཞེས་བརྗོད་དོ། །དགེ་སློང་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བ་ཡང རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དང་མཐོང་བའི་རྒྱུ་གང་ཞེ་ན། ཏིང་ངེ་འཛིན་ཅེས་བརྗོད་དོ། །དགེ་སློང་དག་ཏིང་ངེ་འཛིན་དེ་ཡང་རྒྱུ་དང་བཅས་པར་ང་སྨྲ་ཏེ། དགེ་སློང་དག་ཏིང་ངེ་འཛིན་གྱི་རྒྱུ་གང་ཞེ་ན། བདེ་བའོ་ཞེས བརྗོད་དོ། །དགེ་སློང་དག་བདེ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་དག་བདེ་བའི་རྒྱུ་གང་ཞེ་ན། ཤིན་ཏུ་སྦྱངས་པ་ཞེས་བརྗོད་དོ། །དགེ་སློང་དག་ཤིན་ཏུ་སྦྱངས་པ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །དགེ་སློང་ཤིན་ཏུ་སྦྱངས་པའི་རྒྱུ་གང་ཞེ་ན། དགའ་བའོ ཞེས་བརྗོད་དོ། །དགེ་སློང་དག་དགའ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དགའ་བའི་རྒྱུ་གང་ཞེ་ན། རབ་ཏུ་དགའ་བ་ཞེས་བརྗོད་དོ། །དགེ་སློང་དག་རབ་ཏུ་དགའ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ ཡིན་ཏེ། དགེ་སློང་དག་རབ་ཏུ་དགའ་བའི་རྒྱུ་གང་ཞེ་ན། ཡོངས་སུ་གདུང་བ་མེད་པ་ཞེས་བརྗོད་དོ། །དགེ་སློང་དག་ཡོངས་སུ་གདུང་བ་མེད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཡོངས་སུ་གདུང་བ་མེད་པའི་རྒྱུ་གང་ཞེ་ན། ཚུལ་ཁྲིམས་སྡོམ་པ ཞེས་བརྗོད་དོ། །དགེ་སློང་དག་ཚུལ་ཁྲིམས་སྡོམ་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཚུལ་ཁྲིམས་སྡོམ་པའི་རྒྱུ་གང་ཞེ་ན། དབང་པོ་བསྡམས་པ་ཞེས་བརྗོད་དོ། །དགེ་སློང་དག་དབང་པོའི་སྡོམ་པ་ཡང་རྒྱུ་དང་བཅས་པར ང་སྨྲའོ། །རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དབང་པོ་བསྡམས་པའི་རྒྱུ་གང་ཞེ་ན། དྲན་པ་དང་ཤེས་བཞིན་ཞེས་བརྗོད་དོ། །དགེ་སློང་དག་དྲན་པ་དང་ཤེས་བཞིན་ཡང་རྒྱུ་དང་བཅས་པར་ང་སྨྲའི་རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དྲན་པ་དང་ཤེས་བཞིན གྱི་རྒྱུ་གང་ཞེ་ན། ཚུལ་ཁྲིམས་ཡིད་ལ་བྱེད་པ་ཞེས་བརྗོད་དོ། །དགེ་སློང་དག་ཚུལ་ཁྲིམས་ཡིད་ལ་བྱེད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའོ། །རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཚུལ་ཁྲིམས་ཡིད་ལ་བྱེད་པའི་རྒྱུ་གང་ཞེ་ན། དད་པ་ཞེས་བརྗོད་དོ། །དགེ་སློང་དག དད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་དད་པའི་རྒྱུ་གང་ཞེ་ན། སྡུག་བསྔལ་བ་ཞེས་བརྗོད་དོ། །དགེ་སློང་དག་སྡུག་བསྔལ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྡུག་བསྔལ་བའི རྒྱུ་གང་ཞེ་ན། རྒ་ཤི་ཞེས་བརྗོད་དོ། །དགེ་སློང་དག་རྒ་ཤི་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་རྒ་ཤིའི་རྒྱུ་གང་ཞེ་ན། སྐྱེ་བ་ཞེས་བརྗོད་དོ། །དགེ་སློང་དག་སྐྱེ་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ ཡིན་ཏེ། དགེ་སློང་དག་སྐྱེ་བའི་རྒྱུ་གང་ཞེ་ན་སྲིད་པ་ཞེས་བརྗོད་དོ། །དགེ་སློང་དག་སྲིད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྲིད་པའི་རྒྱུ་གང་ཞེ་ན། ཉེ་བར་ལེན་པ་ཞེས་བརྗོད་དོ། །དགེ་སློང་དག་ཉེ་བར་ལེན་པ ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཉེ་བར་ལེན་པའི་རྒྱུ་གང་ཞེ་ན། སྲེད་པ་ཞེས་བརྗོད་དོ། །དགེ་སློང་དག་སྲེད་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྲེད་པའི་རྒྱུ་གང་ཞེ་ན། ཚོར་བ་ཞེས་བརྗོད་དོ། །དགེ་སློང་དག་ཚོར་བ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་ཚོར་བའི་རྒྱུ་གང་ཞེ་ན། རེག་པ་ཞེས་བརྗོད་དོ། །དགེ་སློང་དག་རེག་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག རེག་པའི་རྒྱུ་གང་ཞེ་ན། སྐྱེ་མཆེད་དྲུག་ཅེས་བརྗོད་དོ། །དགེ་སློང་དག་སྐྱེ་མཆེད་དྲུག་ཀྱང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་སྐྱེ་མཆེད་དྲུག་གི་རྒྱུ་གང་ཞེ་ན། མིང་དང་གཟུགས་ཞེས་བརྗོད་དོ། །དགེ་སློང་དག་མིང་དང་གཟུགས་ཀྱང རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་མིང་དང་གཟུགས་ཀྱི་རྒྱུ་གང་ཞེ་ན། རྣམ་པར་ཤེས་པ་ཞེས་བརྗོད་དོ། །དགེ་སློང་དག་རྣམ་པར་ཤེས་པ་ཡང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ན་མ་ཡིན་ཏེ། དགེ་སློང་དག་རྣམ་པར ཤེས་པའི་རྒྱུ་གང་ཞེ་ན། འདུ་བྱེད་ཅེས་བརྗོད་དོ། །དགེ་སློང་དག་འདུ་བྱེད་ཀྱང་རྒྱུ་དང་བཅས་པར་ང་སྨྲའི། རྒྱུ་མེད་པར་ནི་མ་ཡིན་ཏེ། དགེ་སློང་དག་འདུ་བྱེད་ཀྱི་རྒྱུ་གང་ཞེ་ན། མ་རིག་པ་ཞེས་བརྗོད་དོ། །དགེ་སློང་དག་མ་རིག་པའི་རྒྱུས་འདུ་བྱེད་འདུ་བྱེད་ཀྱི་རྒྱུས རྣམ་པར་ཤེས་པའི། རྣམ་པར་ཤེས་པའི་རྒྱུས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྒྱུས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྒྱུས་རེག་པ། རེག་པའི་རྒྱུས་ཚོར་བ། ཚོར་བའི་རྒྱུས་སྲེད་པ་དང། སྲེད་པའི་རྒྱུས་ལེན་པ་དང། ལེན་པའི་རྒྱུས་སྲིད་པ། སྲིད པའི་རྒྱུས་སྐྱེ་བ་སྐྱེ་བའི་རྒྱུས་རྒ་ཤི། རྒ་ཤིའི་རྒྱུས་སྡུག་བསྔལ་བ། སྡུག་བསྔལ་བའི་རྒྱུས་དད་པ་དང། ཚུལ་ཁྲིམས་ཡིད་ལ་བྱེད་པ་དང། དྲན་པ་དང་ཤེས་བཞིན་དང། དབང་པོ་སྡོམ་པ་དང། ཚུལ་ཁྲིམས་སྡོམ་པ་དང། གདུང་བ་མེད་པ་དང། དགའ་བ དང། རབ་ཏུ་དགའ་བ་དང། ཤིན་ཏུ་སྦྱངས་པ་དང། བདེ་བ་དང། ཏིང་ངེ་འཛིན་དང། སྐྱོ་བ་དང། འདོད་ཆགས་དང་བྲལ་བ་དང་འགོག་པའི་རྒྱུས་མྱ་ངན་ལས་འདས་པའོ་ཞེས་བཀའ་སྩལ་ཏོ།། །།མདོ་ལས་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར། སྡུག བསྔལ་གྱི་ཚོར་བ་ལ་ནི་ཞེ་སྡང་རྒྱས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་དུ་ལུང་བར་མ་ལས་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་མཐར་དགེ་སློང་མ་ཆོས་སྦྱིན་གྱི་མདོ་དེ་དང་དེ་དག་མཛོད་ཀྱི་གནས་དང་པོར། སོ་སོར་བརྟགས་པའི་འགོག་པ་གང། བྲལ་བའི་སོ་སོ་སོ་སོ་ཡིན་ཞེས་བཤད་པ་བཞིན་བལྟ་བར་བྱའོ། །ལུས་ཚོར་སིམ་པ་མ་ཡིན་གང། སྡུག་བསྔལ་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ལྔ་པོ་འདི་དག་ནི་དབང་པོའོ། །ལྔ་གང་ཞེ་ན། བདེ་བའི་དབང་པོ་དང། སྡུག་བསྔལ་གྱི་དབང་པོ་དང། ཡིད་བདེ་བའི་དབང་པོ་དང། ཡིད་མི་བདེ་བའི་དབང་པོ་དང། བཏང་སྙོམས་ཀྱི་དབང་པོའོ། །བདེ་བའི་དབང་པོ་གང་ཞེ་ན། གང་བདེ་བ་མྱོང་བའི་རེག་པ་ལས་སྐྱེས་པ་ལས་དང་སེམས་ཀྱི་སིམ་པ་དང་བདེ་བ་རིག་ཅིང་མྱོང་བ་འདི་ནི་བདེ་བའི་དབང་པོའོ། སྡུག་བསྔལ་གྱི་དབང་པོ་གང་ཞེ་ན། སྡུག་བསྔལ་མྱོང་བར་འགྱུར་བའི་རེག་པ་རེག་པ་ལས་སྐྱེས་པ་ལུས་དང་སེམས་ཀྱི་སིམ་པ་མ་ཡིན་ཞིང་སྡུག་བསྔལ་འདི་ནི་སྡུག་བསྔལ་གྱི་དབང་པོ་ཞེས་བརྗོད་དོ། །ཡིད་བདེ་བའི་དབང་པོ་གང་ཞེ་ན། གང་ཡིད་བདེ་བ་མྱོང་བར་འགྱུར་བའི རེག་པ་རེག་པ་ལས་སྐྱེས་པ། སེམས་ཀྱི་སིམ་པ་དང་བདེ་བར་རིག་ཅིང་མྱོང་བ་འདི་ནི་ཡིད་བདེ་བའི་དབང་པོ་ཞེས་བྱའོ། །ཡིད་མི་བདེ་བའི་དབང་པོ་གང་ཞེ་ན། ཡིད་མི་བདེ་བའི་མྱོང་བར་འགྱུར་བའི་རེག་པ་རེག་པ་ལས་སྐྱེས་པ་སེམས་ཀྱི་སིམ་པ་མ་ཡིན་པ་དང། སྡུག བསྔལ་བ་འདི་ནི་ཡིད་མི་བདེ་བའི་དབང་པོ་ཞེས་བྱའོ། །བཏང་སྙོམས་ཀྱི་དབང་པོ་གང་ཞེ་ན། བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་རེག་པ་ལས་སྐྱེས་པ་ལུས་དང། སེམས་ཀྱི་སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་སྡུག་བསྔལ བ་ཡང་མ་ཡིན་པ་རིག་ཅིང་མྱོང་བ་འདི་ནི་བཏང་སྙོམས་ཀྱི་དབང་པོ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། ། །།གསུམ་ནི་དྲི་མ་མེད་ཅེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དབང་པོ་ནི་རྣམ་པ་གསུམ་སྟེ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི དབང་པོ་དང། ཀུན་ཤེས་པའི་དབང་པོ་དང། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །སློབ་པ་སློབ་པར་བྱེད་བཞིན་པ། །དྲང་པོའི་ལམ་གྱི་རྗེས་སུ་འཇུག་།འཕགས་པའི་ལམ་གྱི་རྗེས་མཐུན་པ། །རང་གི་སེམས་ནི་རྗེས་སུ་སྲུང། །འདི་ཟད་དང་པོའི་ཤེས་པ་སྟེ། །དེ་ནས་ཀུན ཤེས་བླ་མ་སྟེ། །དེ་ནས་སྐྱོབ་པ་ཀུན་ཤེས་ལས། །གྲོལ་བའི་ཤེས་པ་འབྱུང་བར་འགྱུར། །ཀུན་སྦྱོར་ཐམས་ཅད་ཟད་པ་ཡི། །མི་གཡོ་རྣམ་པར་གྲོལ་བ་ནི། །དེའི་དབང་པོ་ཕུན་ཚོགས་ཤིང། །དབང་པོ་ཉེ་བར་ཞི་བར་འགྱུར། །བདུད་ཀྱི་བདེ་ལས་རྣམ་རྒྱལ་ཞིང། ། ལུས་ཀྱི་ཐ་མ་འཛིན་པ་ཡིན་ཞེས་བཀའ་སྩལ་ཏོ། །འདི་ལྟར་འཕགས་པའི་གང་ཟག་རྣམ་པར་བཞག་པ་མཛད་ནས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དབང་པོ་ལྔ་གང་ཞེ་ན། དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོའོ། །དགེ་སློང་དག་དབང་པོ་ལྔ་པོ་འདི་དག་རྣོ་ཞིང་ཡོངས་སུ་རྫོགས་པ་ན་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་འགྱུར་རོ། །དེ་བས་ཞན་ཞིང་རྟུལ་བ་ནི་ཕྱིར མི་འོང་བ་ཞེས་བྱ་བར་འགྱུར་རོ། །དེ་བས་རྟུལ་ཞིང་ཞན་པ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། དགེ་སློང་དག་གི་ཕྱིར་ཡོངས་སུ་རྫོགས་པ་དང་ཡོངས་སུ་རྫོགས་པར་བྱེད་པ་དང། ཕྱོགས་གཅིག་དང་ཕྱོགས་གཅིག་བྱེད་པ་ནི་དབང་པོ་ལྔ་པོ་འབྲས་བུ་དང་བཅས་པ ཞེས་བྱའོ། །གང་ལ་དབང་པོ་འདི་དག་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པ་དེ་ནི་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དབང་པོ་ལྔ་ནི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང པོའི་བར་དུ་སྟེ། དབང་པོ་འདི་དག་ཆེ་བ་དང་རྣོ་བ་དང་ཡོངས་སུ་རྫོགས་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཞེས་བྱ་བ། དེ་བས་ཆུང་ཞིང་ཞན་པ་ནི་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་ལུས་ཀྱི་མངོན་སུམ་དུ བྱེད་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའ་ཨི་ཆོས་ཅན་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་ཕྱིར་མི་འོང་བ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ན་རིགས་ནས རིགས་སུ་སྐྱེ་བ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་པ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །དེ་བས་ཆུང་ཞིང་ཞན་པ་ནི་དད་པའི་རྗེས་སུ་འབྲང་བ་ཞེས་བྱའོ། །དགེ་སློང་ངག་དབང་པོའི་ཕ་རོལ ཏུ་ཕྱིན་པ་ལ་རྟེན་ནས་འབྲས་བུའི་ཕ་རོལ་ཏུ་ཤེས་པར་འགྱུར་རོ། །འབྲས་བུའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་དབང་པོ་འབྲས་བུ་དང་བཅས་པར་འགྱུར་རོ། །དགེ་སློང་དག་གང་ལ་དབང་པོ་ལྔ་པོ་འདི་དག་རྣམ་པ་ཐམས་ཅད་དུ་གཏན་མེད་པ་དེ་ནི་ཕྱི་རོལ་པ་སོ སོ་སྐྱེ་བོའི་ཕྱོགས་ལ་གནས་པའོ་ཞེས་ང་སྨྲའོ་ཞེས་གསུངས་སོ། ། །།མདོ་ལས་ཀྱང་སེམས་ཅན་འཇིག་རྟེན་དུ་སྐྱེ་ཞིང་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་ངས་རྟོགས་པའི་ཆོས་ཟབ་པ། ཟབ་པར་སྣང་བ། བལྟ་བར་དཀའ་ བ། རྟོགས་པར་དགའ་བ། མཁས་ཤིང་འཛངས་པས་རིག་པར་བྱ་བ། ངས་གཞན་དག་ལ་བསྟན་ཀྱང་གཞན་དག་གིས་རྣམ་པར་མི་ཤེས་ཤིང་ང་ལ་ཡང་གནོད་པ་ངལ་བ་དང་ཚོགས་ཉིད་དུ་འགྱུར་བས་བདག་གཅིག་དུ་དབེན་པའི་ཕྱོགས་སུ་མཐོང་བའི་ཆོས ལ་བདེ་བར་གནས་པར་རིགས་སོ་ཞེས་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཐུགས་ལས་ཆུང་ངུས་ཆོས་མི་སྟོན་པར་བཞུགས་པ་དང། ཚངས་པ་སྟོང་གི་བདག་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཇིག་རྟེན་འདི་ནི་ཉམས་སོ། །འཇིག་རྟེན་འདི་རབ་ཏུ་ཉམས་སོ།། གང་ལས་ད་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འཇིག་རྟེན་དུ་རེ་འགའ་ཞིག་འབྱུང་སྟེ། འདི་ལྟ་སྟེ། ཨཽ་དུམྦ་རའི་མེ་ཏོག་བཞིན་ནོ། །བཅོམ་ལྡན་འདས་ཐོག་མར་ཆོས་མི་གསུང་བ་ཐུགས པས་ཆུང་ངུར་བཞུགས་པས་བདག་སོང་སྟེ་གསོལ་བ་གདབ་པར་བྱའོ། །དེ་ནས་ཚངས་པ་སྟོང་གི་བདག་པོ་འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བརྐྱང་བ་དང་བསྐུམ་པ་ཙམ་གྱིས་ཚངས་པ་སྟོང་གི་བདག་པོ་ཚངས པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ། དེ་ནས་ཚངས་པ་སྟོང་གི་བདག་པོ་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །མ་ག་དྷ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མའི་རྗེས་སུ་འབྲེལ་བྱུང་ཕྱིར།། བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཚངས་པ་ང་ཡི་ཐ་བ་ཀུན། །བཅོམ་ནས་ཚོགས་ཆེན་གྱིས་རྟོགས་ཏེ། །ཆོས་འདི་སྲིད་པའི་འདོད་ཆགས་ཀྱིས། །དཀྲིས་པས བདེ་བླག་རྟོགས་མ་ཡིན། །རྒྱུན་ཕྱོགས་སུ་ལས་བཟློག་པའི་ལམ། །ཟབ་ལ་ཤིན་ཏུ་ལྟ་བ་དཀའ་། །འདོད་ཆགས་ཀྱིས་ཆགས་མུན་པ་ཡི། །ཕུང་པོ་བསྒྲིབས་པས་མི་མཐོང་ངོ། །བཙུན་པ་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས པ་འདི་རྣམས་ལ་དབང་པོ་རྣོན་པ་ཡང་མཆིས། དབང་པོ་འབྲིང་པ་ཡང་མཆིས། དབང་པོ་རྟུལ་པོ་ཡང་མཆིས་ཏེ། རང་གི་རྒྱུད་གདུལ་སླ་བ་དང། རྡུལ་ཉུང་བ་དང། རྡུལ་ཉུང་བའི་རིགས་ཅན་གང་མཆིས་པ་ངག་དམ་པའི་ཆོས་མ་ཐོས་ན་ཡོངས་སུ ཉམས་པར་འགྱུར་ཏེ། འདི་ལྟ་སྟེ། ཨཽཏཔ་ལའམ། ཀུ་མུ་ད་འམ། པུཎྜ་རཱི་ཀ་དག་ཆུ་ལས་སྐྱེས་པ་དང། ཆུ་ལས་འཕེལ་བ་དང། ཆུ་ལས་མངོན་པར་འཕགས་ཏེ་གནས་པ་དང། ཁ་ཅིག་ཆུ་དང་མཉམ་པར་གནས་པ་དང། ཁ་ཅིག་ཆུར་ནུས་ཏེ གནས་པ་དེ་བཞིན་དུ་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པ་འདི་རྣམས་ལ་དབང་པོ་རྣོན་པོ་ཡང་མཆིས། དབང་པོ་འབྲིང་པོ་ཡང་མཆིས། དབང་པོ་རྟུལ་པོ་ཡང་མཆིས། རང་གི་རྒྱུད་གདུལ་སླ་བ་དང། རྡུལ་ཉུང་བ་དང་རྡུལ་ཉུང་བའི་རིགས་ཅན་ཡོད མཆིས་པ་དག་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་ཏེ། སེམས་ཅན་རྣམས་ཀྱིས་རྟོགས་པར་འགྱུར་བས། བཅོམ་ལྡན་འདས་ཆོས་བཤད་དུ་གསོལ་ཏོ། །བདེ་བར་གཤེགས་པ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་རང་ཉིད ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་བལྟའོ་ཞེས་དགོངས་ནས། དེ་ནས་བཅོམ་ལྡན་འདས་རང་ཉིད་ཀྱི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་བ་འདི་རྣམས་ལ་དབང་པོ་རྣོན་པོ་ཡང་ཡོད། དབང་པོ འབྲིང་པོ་ཡང་ཡོད་དབང་པོ་རྟུལ་པོ་ཡང་ཡོད་ལ་རང་གི་རྒྱུད་གདུལ་སླ་ཞིང་རྡུལ་ཉུང་བ་དང། རྡུལ་ཉུང་བའི་རིགས་ཅན་དག་ཡོད་པས་དམ་པའི་ཆོས་མ་ཐོས་ན་ཡོངས་སུ་ཉམས་པར་འགྱུར་བར་གཟིགས་ནས་ཡང་སེམས་ཅན་དེ་རྣམས་ལ་སྙིང་རྗེ་ཆེན་པོས་ནོན་པས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཚངས་པ་མི་ལ་སྨན་དཔྱད་མང་པོ་ཡིས། །ཆོས་མཆོག་རབ་ཏུ་བཤད་པར་བྱ་བ་མིན། །བདུད་རྩིའི་སྒོ་མོ་རབ་ཏུ་དབྱེ་བར་བྱ། །སུ་ཞིག་ཉན་པར་འདོད་པ་རྣམས་ཤོག་ཅིག་།དེ་ནས་ཚངས་པ སྟོང་གི་བདག་པོ་འདི་སྙམ་དུ་བཅོམ་ལྡན་འདས་ཆོས་འཆད་པར་འགྱུར་རོ། །བདེ་བར་གཤེགས་པ་ཆོས་འཆད་པར་འགྱུར་རོ་སྙམ་དུ་རིག་ནས་དགའ་བ་དང་ཡིད་བདེ་བ་དང། རབ་ཏུ་དགའ་བ་དང། ཡིད་བདེ་བའི་མཆོག་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ སྤྱི་བོས་ཕྱག་བྱས་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། །།ཡང་ངས་ཇི་སྲིད་དུ་དབང་པོ་ལྔ་པོ་འདི་དག་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དབང་པོ་ལྔ་སྟེ། ལྔ་ཞེ་ན། དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོའོ། །དགེ་སློང་དག་ཇི་སྲིད་དུ་ངས་དད་པའི་དབང་པོ་ཇི་ལྟ་བ་བཞིན་མ་ཤེས་ཤིང། དད་པའི་དབང་པོའི་ཀུན་འབྱུང་བ་དང། དད་པའི་དབང་པོའི འགོག་པ་དང། དད་པའི་དབང་པོའི་འགོག་པར་འགྲོ་བའི་ལམ་ཇི་ལྟ་བ་བཞིན་མ་ཤེས་པ་དེ་སྲིད་དུ་ང་ལྷ་དང་བཅས་པའི་འཇིག་རྟེན་དང། བདུད་དང་བཅས་པ་དང། དགེ་སྦྱོང་དང་བཅས་པའི་ཚངས་པའི་སྐྱེ་དགུ་དང། ལྷ་དང་མིར་བཅས་པ་ལས་གྲོལ་བ་དང། མི་ལྡན པ་དང། རྣམ་པར་མི་ལྡན་པར་མི་འགྱུར་ཞིང་སེམས་ཕྱིན་ཅི་ལོག་རབ་ཏུ་མང་པོ་ལ་གནས་པ་དེ་སྲིད་དུ་ང་བླ་ན་མེད་པ་ཡང་དག་པར་རྫོགས་པར་མངོན་པར་བྱང་ཆུབ་པ་ཞེས་མི་ཤེས་སོ། །དགེ་སློང་དག་གང་ཡང་ང་དད་པའི་དབང་པོ་ཡང་དག་པ་ཇི་ལྟ་བ་བཞིན་རབ ཏུ་ཤེས་ཤིང་དད་པའི་དབང་པོའི་ཀུན་འབྱུང་བ་དང། དད་པའི་དབང་པོའི་འགོག་པ་དང། དད་པའི་དབང་པོའི་འགོག་པར་འགྲོ་བའི་ལམ་ཇི་ལྟ་བ་བཞིན་ཤེས་ཤིང་བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི དབང་པོ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དང། ཤེས་རབ་ཀྱི་དབང་པོའི་འགོག་པ་དང། ཤེས་རབ་ཀྱི་དབང་པོའི་འགོག་པར་འགྲོ་བའི་ལམ་ཇི་ལྟ་བ་བཞིན་ཤེས་ནས་དེའི་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་དང། བདུད་དང་བཅས་པ་དང། ཚངས་པ་དང་བཅས་པའི ཞེས་བྱ་བ་ན་ང་བྱང་ཆུབ་ཞེས་རྣམ་པར་ཤེས་པའི་བར་དུའོ། །དགེ་སློང་དག་ངས་དད་པའི་དབང་པོའི་ཀུན་འབྱུང་བ་དང། མི་སྣང་བ་དང། རོ་མྱང་བ་དང། ཉེས་དམིགས་དང། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་མི་ཤེས་ཤིང། བརྩོན་འགྲུས་ཀྱིས་དབང་པོ་དང དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོའི་ཀུན་འབྱུང་བ་དང། མི་སྣང་བ་དང། རོ་མྱང་བ་དང། ཉེས་དམིགས་དང། ངེས་པར་འགྱུར་བ་ཇི་ལྟ་བ་བཞིན་མི་ཤེས་པ་དེ་སྲིད་དུ་ད་ལྷ་དང་བཅས་པའི་འཇིག་རྟེན་ཞེས བྱ་བ་ནས་བྱང་ཆུབ་པ་ཞེས་མ་ཤེས་སོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་གང་ཡང་ངས་དད་པའི་དབང་པོའི་ཀུན་འབྱུང་བ་དང། མི་སྣང་བ་དང། རོ་མྱང་བ་དང། ཉེས་དམིགས་དང་ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་ཤེས་ཤིང། རྒྱས་པར་བརྩོན་འགྲུས ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་མངོན་པར་བྱང་ཆུབ་པ་ཞེས་མི་ཤེས་པའི་བར་དུའོ་ཞེས་བཀའ་སྩལ་ཏོ།། །།ཇི་སྐད་དུ་ཚངས་སྤྱོད་འདི་ལ་ལགས་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་མཆེད་དྲུག་གི་མདོའི་བསྡུས་པའི་སྡོམ ཚིགས་སུ་བཅད་པ་དང་པོའི་ལས་ལྔ་པ་ཉེ་བའི་མདོ་ལས། གནས་བརྟན་ཤཱ་རིའི་བུས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །ཚངས་སྤྱོད་འདི་ལ་ལེགས་སྤྱོད་ཅིང། །ལམ་ལ་ལེགས་པར་བསྒོམ་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །དཔེར་ན ནང་དང་བྲལ་བ་བཞིན། །ཚངས་སྤྱོད་འདི་ལ་ལེགས་སྤྱོད་ཅིང། །ལམ་ལའང་ཤིན་ཏུ་བསྒོམ་པ་ནི། །ཚེ་ཟད་དགའ་བར་འགྱུར་བ་སྟེ། །ཇི་ལྟར་དུག་གི་སྣོད་བཞིན་ནོ། །ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང། །ལམ་ལ་ལེགས་པར་བསྒོམས་པ་ནི། །འབར བའི་ཁྱིམ་ནས་ཐར་བ་ལྟར། །འཆི་བའི་ཚེ་ན་མི་དགའ་སྟེ། །ཚངས་སྤྱོད་འདི་ལ་ལེགས་སྤྱོད་ཅིང། །ལམ་ལའང་ལེགས་པར་བསྒོམས་པ་ནི། །རྩཝ་དང་ཤིང་དང་མཉམ་པར་ནི། །འཇིག་རྟེན་ཤེས་རབ་ཀྱིས་མཐོང་ནས། །དེ་ལས་དོན་གཉེར གཞན་མེད་ཅིང། །གཞན་དུ་ཉིང་མཚམས་སྦྱོར་མི་བྱེད། ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེའི་དུས་བྱེད་བཏང་ཞིང་བྱིན་གྱིས་བརླབས་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། མདོ་དྲུག་པ་དང། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོའི་ཚིག བརྒྱད་པའི་སྡོམ་གྱི་ཚིགས་སུ་བཅད་པའི་མདོ་ལས་འདོན་པ་ལྟ་བུ་སྟེ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་ཇི་ལྟར་སེམས་མཉམ་པར་བཞག་ད་ཚེའི་འདུ་བྱེད་བྱིན་གྱིས་བརླབས། སྲོག་གི་འདུ་བྱེད་དག་སྟོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཇི་ལྟར་སེམས་མཉམ་པར་བཞག་ན་ཚེའི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་སྲོག་གིས་འདུ་བྱེད་དག་གཏོང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས པར་ཞུགས་ཏེ། ཚེའི་འདུ་བྱེད་གཏང་མ་ཐག་ཏུ་དེའི་དུས་ན་ས་ཆེན་པོ་གཡོ་བ་དང། ཐོག་འབབ་པ་དང། ཡུལ་ཚིག་པ་དང། ནམ་མཁའ་ལ་ལྷའི་རྔ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ། དེའི་ཚེ་ཚིགས་སུ་བཅད་པ་འདི སྐད་ཅེས་བཀའ་སྩལ་ཏེ། །སྒོང་སྐྱེས་སྒོ་ངའི་སྤུབས་གྲོལ་ལྟར། །ནང་གི་བདག་ཉིད་མཉམ་གཞག་པས། །མི་འདྲ་བ་དང་འདྲ་བ་ཡི། །སྲིད་པའི་འདུ་བྱེད་ཐུབ་པས་བཏང། །གང་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དེ་བཞིན་བསྒོམ་པས་ཞེས་བྱ་བ་ལ་སོགས པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་བཤད་པར་བྱའོ། །དེ་ལེགས་པར་ཉོན་ལ་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །དགེ་སློང་དག་ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་འགྱུར་ཞེ་ན། འདི་ལ་དགེ་སློང འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་སྒྱུར་བ། འདུན་པ་ཞུམ་པར་མི་འགྱུར་ལ། འཕྱོ་བར་མི་འགྱུར་གནང་དུ་བསྡུས་པ དང། ཕྱི་རོལ་ཏུ་རྣམ་པར་གཡེངས་པ་མ་ཡིན་པ། ཕྱིར་དང་སྔོན་གྱི་འདུ་བྱེད་མི་འབྱུང་བ། སྟེང་དང་འོག་གི་འདུ་ཤེས་ཀྱིས་སེམས་ལ་རྒྱས་པས་མ་བསྒྲིབས་ཤིང་སྣང་བ་དང་བཅས་ཤིང་ལྷན་ཅིག་པར་འགྱུར་པའི་སེམས་འབྱུང་བར་འགྱུར་ཞིང། འདི་ལྟ སྟེ། བདག་སེམས་ལ་མུན་པ་འབྱུང་བར་མ་གྱུར་ཅིག་ཅེས་བསྒོམ་པར་བྱེད་དེ། དགེ་སློང་དག་བརྩོན་འགྲུས་དང། སེམས་དང། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་སྒྱུར་བ་སྤྱོད་པ་ཞུན་པར་མི་འགྱུར་ཞིང་འཕྱོ་བར་མི་འགྱུར་བ་ནང་དུ་བསྡུས་པ་དང། ཕྱི་རོལ་ཏུ་གཡེངས་པ་མ་ཡིན་པའི་ཕྱིས་དང་སྔོན་གྱི་འདུ་ཤེས་དང་སྟེང་དང་འོག་མི་འདུ་ཤེས་སེམས་ལ་རྒྱལ བར་མ་བསྒྲིབས་ཤིང་སྣང་བ་དང་བཅས་ཤིང་ལྷན་ཅིག་པར་འགྱུར་བའི་སེམས་འབྱུང་བར་འགྱུར་ཞིང་འདི་ལྟ་སྟེ། བདག་གི་སེམས་ལ་མུན་པ་འབྱུང་བར་མ་གྱུར་ཅེས་བསྒོམ་པར་བྱེད་དེ། དགེ་སློང་དག་དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པར་འགྱུར་རོ། །དགེ སློང་ང་ཡང་དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་ཞིང་བསྒོམས་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དག་གིས་རྫུ་འཕྲུལ་གྱིས་ཡུལ་རྣམ་པ་དུ་མཉམས་སུ་མྱོང་སྟེ། ལྷའི་མིག་དང་རྣ་བ་དང། སྔོན་གྱི་གནས་རྗེས་སུ་དྲན་པ་དང། འཆི་འཕོ་བ་དང་སྐྱེ་བ་ཤེས་པ དང། སེམས་ཀྱི་རྣམ་གྲངས་དང། ཟག་པ་ཟད་པ་འདི་ལྟ་བུར་གྱུར་ཏོ། །དགེ་སློང་དག་ང་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་འདི་དག་གིས་འདོད་ན་བསྐལ་པ་འམ་བསྐལ་པ་ལས་ལྷག་པར་གནས་པར་བྱའོ་ཞེས་གསུངས་སོ།། །།བདེ་བ་མྱོང་བར་འགྱུར་བའི་ལས དང་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་འབྱུང་བ་ཆེན་པོ་བཞིའི་ལུས་ལས་སྐྱེས་ཤིང་འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བར་འགྱུར་གྱི། རྣམ་པར་ཤེས་པ་ལས་ནི་མ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འབྱུང་བ་ཆེན་པོ་བཞིའི་ལུས་ལས་རྣམ་པར་འཇོག་པ་དང། ཉམས་པར་མཐོང་ལ། གང་ཡང་འདི་སྐད་དུ་ནི་སེམས་དང་ཡིད་ཅེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བར་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དེ་ལ་སྐྱོ་བ་དང། འདོད་ཆགས་དང་བྲལ་བ་དང། འགོག་པ་མི་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཉིན་མཚན་རྟག་ཏུ་སྲུང་ཞིང་སྐྱོང་བ་དང། བདག་གིར་ཉེ་བར་འགྲོ་བ་དང། ཟིན་པ་དང། འདི་ནི་བདག། འདི་ནི་བདག་གི་བདག་གོ ཞེས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་དེ་ལ་སྐྱོ་བ་དང། འདོད་ཆགས་དང་བྲེལ་བ་དང། འགོག་པར་མི་མཐོང་ངོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་བ་དང་མི་ལྡན་པ་གང་ཞིག་འགྱུར?་བ་ཆེན་པོ་བཞིའི་ལུས་ལ་བདག་ཏུ་ཁས་ལེན་པ འདི་ནི་མཆོག་ཡིན་གྱི། རྣམ་པར་ཤེས་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། །འབྱུང་བ་ཆེན་པོར་བཞིའི་ལུས་ནི་ཡང་དག་པར་བདེ་ཞིང་བསྲུང་ནས་ལོ་བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། བརྒྱ་འམ། དེ་ལས་ལྷག་པར་གནས་ཀྱི། གང ཡང་འདི་སྐད་དུ་སེམས་ཞེས་བྱ་བ་འམ། ཡིད་ཅེས་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་དང་དེ་དག་ནི་ཉིན་མཚན་དུ་འཇིག་ཅིང་དེ་དག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་དུ་འཇིག་ཅིང་རྣམ་པ་དུ་མ་མང་སྐྱེ་ཞིང་སྐྱེའོ། །འགག་ཅིང་འགག་གོ། །འདི་ལྟ་སྟེ། སྤྲེའུ དགོན་པའི་ཚལ་ན་རྒྱུ་བ་ན་ཤིང་གི་ཡལ་ག་དམིགས་ལ། དེ་བཏང་ནས་ཡང་གཞན་དམིགས་ཏེ། དེ་བཞིན་དུ་སེམས་ཞེས་བྱ་བ་དང། ཡིད་ཅེས་བྱ་བ་དང། རྣམ་པར་ཤེས་པ་ཞེས་བྱ་བ་དེ་དང། དེ་དག་ནི་ཉིན་མཚན་དུ་འཇིག་ཅིང་དེ་དང་དེ་དག་སྐད ཅིག་ཐང་ཅིག་ཡུད་ཙམ་དུ་འཇིག་ཅིང་རྣམ་པ་དུ་མ་མང་པོ་གཞན་སྐྱེ་ཞིང་སྐྱེའོ། །འགག་ཅིང་འགག་གོ་།དགེ་སློང་དག་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་ལེགས་པར་སེམས་ཤིང་ཡིད་ལ་བྱེད་ཅིང་རྟོག་པར བྱེད་དེ་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལས་རྟེན་ཏེ་སྐྱེས་པ་ཚོར་བ་བདེ་བ་མྱོང་བ་ན་དེ་བདེ་བའི་ཚོར་བ་མྱོང་ཞིང་ཚོར་བ་བདེ་བ་རིག་གོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན རབ་ཏུ་ཤེས་སོ། །དེ་ནས་དེའི་བདེ་བ་མྱོང་བར་རེག་པ་འགགས་ཤིང་བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ་སྐྱེས་པ་ཚོར་བ་བདེ་བ་འགག་པ་དང། ཉེ་བར་ཞི་བ་དང། བསིལ་པར་གྱུར་པ་དང། ནུབ་པར་འགྱུར་རོ། །བདེ་བའི་ཚོར་བ་ཇི་ལྟ་བ་དེ་བཞིན་དུ། སྡུག་བསྔལ་གྱི་ཚོར་བ་དང། ཡིད་བདེ་བའི་ཚོར་བ་དང། ཡིད་མི་བདེ་བའི་ཚོར་བ་དང། བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ། སྐྱེ་བ་ཚོར་བ་བཏང་སྙོམས་མྱོང་བར་བཏང་སྙོམས་ཞིང་ཚོར་བ་བཏང་སྙོམས་རིག་གོ་།ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས?་སོ? དེ་ནས་དེའི་བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་འགག་ཤིང་བཏང་སྙོམས་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ཏེ་སྐྱེས་པའི་ཚོར་བ་བཏང་སྙོམས་མྱང་འགག་ཤིང་ཉེ་བར་ཞི་བ་དང་བསིལ་བར་གྱུར་པ་དང་ནུབ་པར་གྱུར་ཏོ། །དེ་འདི་སྙམ་དུ་སེམས་ཏེ། ཚོར་བ་འདི་དག་གི རྒྱུ་གང། གང་ལས་ཡང་དག་པར་བྱུང། གང་ལས་རབ་ཏུ་བྱུང། ཡང་དེ་འདི་སྙམ་དུ་སེམས་ཏེ། ཚོར་བ་འདི་དག་ནི་རེག་པའི་རྒྱུ་ཅན། རེག་པ་ལས་ཡང་དག་པར་བྱུང་བ། རེག་པ་ལས་སྐྱེས་པ། རེག་པ་ལས་རབ་ཏུ་བྱུང་བ་སྟེ། ཚོར་བ་དེ་ཡང་དག་པར་འབྱུང་བ་ལས་རག པ་དེ་དང་དེ་ཡང་དག་པར་འབྱུང་ཞིང་རེག་པ་དེ་དང་དེ་འགགས་པས་ཚོར་བ་དེ་དང་དེ་འགགས་པ་དང་ཉེ་བར་ཞི་བ་དང། བསིལ་བ་དང། ནུབ་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ལུས་ལ་ཡང་སྐྱོ་བར་གྱུར་ཅིང། ཚོར་བ་དང། འདུ་ཤེས དང། འདུ་བྱེད་དང། རྣམ་པར་ཤེས་པ་ལ་སྐྱོ་བ་སྐྱེ་བའམ། འདོད་ཆགས་དང་བྲལ་བའི་འདོད་ཆགས་དང་བྲལ་བ་དང། གྲོལ་ཞིང་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ།། བདག་སྲིད་པ་ལས་གཞན་མི་ཤེས་སོ། །ཞེས་བྱ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ང?་ནི་ཇི་ལྟར་ན་དེ་དག་ལ་ཕོ་ཞེས་བྱ་ཞེ་ན་ཞེས་བྱ་བ་ལ་སོགས་པ་གང་ལས་འབྱུང་ཞེ་ན། ཁམས་མང་པོ་ལས་རྣམ་པར་བྱེད་པ་བསྡུས་པའི་མཐར་བཤད་དེ། འདི་ནི་མཛོད་ཀྱི གནས་དང་པོར་དེ་བཞིན་ཁམས་མང་པོ་པ་ཞེས་བྱ་བར་བྲིས་པ་བཞིན་བལྟ་བར་བྱའོ། །ཀུན་ནས་མནར་སེམས་ཀྱི་གཞི་མེད་པའི་ཕྱིར་དང་ཞེས་བྱ་བ་ལ་ཀུན་ནས་མནར་སེམས་ཀྱི་གཞི་དགུ་དེ་དང་དེ་ལས་འདོན་ཏེ། ཇི་ལྟར་རེ་ཞིག་མདོ་དྲུག་པའི་དང་པོ་མདོ་ལས། ཆོས་དགུ་ནི་གནོད་པའི་ཆ་སྟེ། ཀུན་ནས་མནར་སེམས་ཀྱི་གཞི་རྣམ་པ་དགུ་སྟེ། འདི་དག་ལ་དོན་མེད་པར་འདོད་པ། མི་ཕན་པར་འདོད་བ། བདེ་བར་མི་འདོད་པ། རེག་པ་གནས་བར་མི་འདོད་པ། གྲུབ་པ་དང་བདེ་བར་མི་འདོད་པ་འདིས་བདག་ལ གནས་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་དེ་ལ་ཀུན་ནས་མནར་སེམས་སྐྱེའོ། །གང་ཡང་བདག་ལ་དོན་འདོད་པ་དང། ཕན་པར་འདོད་པ་དང། བདེ་བར་འདོད་པ་དང། རེག་པ་གནས་པར་འདོད་པ་དང། གྲུབ་པ་དང་བདེ་བར་འདོད་པ་དེ་ལ། འདི དོན་དུ་མི་འདོད་པ་དང། ཕན་པར་མི་འདོད་པ་དང། བདེ་བར་མི་འདོད་པ་དང། རེག་པར་གནས་པར་མི་འདོད་པ་དང། གྲུབ་པ་དང་བདེ་བར་མི་འདོད་པ་འདིས་དེ་ལ་གནོད་པར་བྱས་སོ། །བྱེད་དོ། །ཕྱིས་བྱེད་པར་འགྱུར་རོ་ཞེས་ཀུན་ནས་མནར་སེམས་སྐྱེའོ། །གང ཡང་བདག་ལ་དོན་དུ་མི་འདོད་པ། ཕེན་པར་མི་འདོད་པ། བདེ་བར་མི་འདོད་པ། གྲུབ་པ་དང་བདེ་བར་མི་འདོད་པ་དེ་ལ་དོན་དུ་འདོད་པ་དང། ཕན་པར་འདོད་པ་དང། བདེ་བར་འདོད་པ་དང། རེག་པར་གནས་པར་འདོད་པ་དང། གྲུབ་པ་དང་བདེ་བར་འདོད་དེ། དེའི དོན་བྱས་སོ། །བྱེད་དོ། །ཕྱིས་ཡང་བྱེད་པར། འགྱུར་རོ་ཞེས་དེ་ལ་ཀུན་ནས་མནར་སེམས་སྐྱེ་སྟེ། ཉམས་པའི་ཆ་འདི་དག་ནི་ཤིན་ཏུ་ཉེས་དམིགས་ཅན་དུ་གསལ་བར་བཅུ་ལས་འཕྲོ་པ་ལས་བཤད་དོ།། །།མདོ་ལས་ཀྱང་གང་ཡང་གཟུགས མེད་པའི་རྣམ་པར་ཐར་པ་ཞི་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་ང་སྟོན་པའི་མདུན་ན་འདུག་པར་གྱུར་ན་ཅི་མ་རུང་སྙམ་པ་དང། ངས་སྟོན་པ་ལ་ཡོངས་སུ་དྲི་བ་དྲིས་ཏེ། དགེ་སློང་རྣམས ལ་ཆོས་ཀྱི་གཏམ་པར་འགྱུར་པ་དང། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པ་དང། མ་བཅོས་པའི་བསམ་གཏན་དང། ལྷག་མཐོང་བ་དང་ལྡན་པ་དང། སྟོང་པ་ཉིད་ཀྱི་གནས་པ་འཕེལ་བར་བྱེད་པ་དང། རང་གི་དོན་དང་འབྲེལ་ཅིང རྗེས་སུ་ཐོབ་པ་དང། མཁས་པས་མ་དམད་པའི་ཚངས་པར་སྤྱོད་པར་གྱུར་ན་ཅི་མ་རུང་སྙམ་པ་དང། དགེ་སློང་དག་ཀྱེ་མ་ངའི་ཤེས་པ་དང། ཡང་དག་པར་མཐོང་བ་མི་བརྗོད་ཅིང། ལུས་ཞིག་སྟེ་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང། ཚུལ་ཁྲིམས་ཡོངས་སུ རྫོགས་པ་དང། མ་བཅོས་པའི་བསམ་གཏན་དང་ལྷག་མཐོང་དང་ལྡན་པ་དང། སྟོང་པ་ཉིད་ཀྱི་གནས་པ་འཕེལ་བར་བྱེད་པ་དང། རང་གི་དོན་དང་འབྲེལ་ཅིང་རྗེས་སུ་ཐོབ་པ་དང། མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང། དགེ་སློང་དག་ཀྱེ་མ་ངའི་ཉེ་བར་སྤྱོད་པ་གང་ཞེ་ན་ཆོས་གོས་དང། བསོད་སྙོམས་དང། མལ་ཆ་དང། ན་བའི་གསོས་སྨོན་དང། ཡོངས་སུ་སྤྱོད་པ་དེ་དག་བྱ་བ་བྱས་ཤིང་ཤིན་ཏུ་དོན་དང་འབྲས་བུ་ཆེ་བ་དང། རྗེས་སུ་བསྔགས་པ་ཆེ་བ་དང། རབ་ཏུ་རྒྱ་ཆེ་བ་དང། ཚུལ ཁྲིམས་རྣམས་ལ་ཕུན་སུམ་ཚོགས་པར་བྱེད་པ་ནས། མཁས་པས་མ་སྨད་པས་ཚངས་པར་སྤྱོད་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་བར་དུའོ། །དགེ་སློང་དག་ཀྱེ་མ་ང་མི་དགའ་བ་བཟོད་ཅིང་བདག་ལ་མི་དགའ་བ་སྐྱེས་ནས་དེ་སེམས་མི་འཁྲུག་པར་གནས་ཤིང ཚུལ་ཁྲིམས་ཡོངས་སུ་རྫོགས་པར་བྱེད་པ་ནས་མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་སྙམ་པའི་བར་དུའོ། །དགེ་སློང་དག་ཀྱེ་མ་ང་འཇིགས་པ་དང་འཇིགས་པའི་དགྲ་བཟོད་ཅིང་འཇིགས་པ་སྐྱེས་ན་ཡང་ན་དེའི་རྒྱུས་སེམས་མི་ཉན་པར་གནས་པ་དག ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པ་ནས། མཁས་པས་མ་སྨད་པའི་ཚངས་པར་སྤྱོད་པར་གྱུར་ཀྱང་ཅི་མ་རུང་བ་སྙམ་པའི་བར་དུའོ། །དགེ་སློང་དག་ཀྱེ་མ་བདག་གིས་སྐྱེ་བ་ན་སྐྱེ་བར་སྡིག་པ་མི་དགེ་བའི་རྟོག་པས་སེམས་མི་ཉམས པར་གནས་ཤིང་ཚུལ་ཁྲིམས་ལ་ཡོངས་སུ་རྫོགས་པར་བྱེད་ཅེས་བྱ་བར་སྔ་མ་བཞིན་ནོ། །དགེ་སློང་དག་ཀྱེ་མ་བདག་བཀྲེས་པ་དང་སྐོམ་པ་དང། སྤྲང་སུ་དང། ཤ་སྤྲང་དང། སྡིག་སྦྲུལ་གྱི་རེག་པ་དང། གཞན་གྱི་ཉེས་པར་སྨྲས་པ་དང། ཉེས་པ གནོད་པའི་ཚིག་གི་ལམ་དང་སྐྱེ་ནས་སྐྱེ་བར་ལུས་ཀྱི་ཚོར་བ་སྡུག་བསྔལ་བ། དྲག་པ། རྩུབ་པ་ཡིད་དུ་མི་འོང་བ་སྲོག་འཕྲོགས་པར་བྱེད་པའི་བག་ཆགས་བཟོད་ཅིང་ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པའི་བར་སྔ་མ བཞིན་ནོ། །དགེ་སློང་དག་ཀྱེ་མ་བདག་འདོད་པ་ལས་དབེན་ཞེས་བྱ་བ་མན་ཆད་བསམ་གཏན་བཞི་པའི་བར་དུ་བསྒྲུབ་སྟེ་གནས་པར་གྱུར་ན་ཅི་མ་རུང་སྙམ་པ་དང། ཚུལ་ཁྲིམས་ལ་ཡོངས་སུ་རྫོགས་པར་བྱེད་པའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང དག་ཀྱེ་མ་བདག་གང་དག་གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གཟུགས་རྣམས་ལས་འདས་པ་དེ་དག་ལུས་ཀྱིས་མངོན་སུམ་དུ་བྱས་ཤིང་རྫོགས་པར་བྱས་ཏེ་གནས་ན་ཅི་མ་རུང་སྙམ་པ་དང། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་བར བྱེད་པའི་བར་དུ་སྔ་མ་བཞིན་ནོ། །དེ་བཞིན་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང། ལན་ཅིག་ཕྱིར་འོངས་པའི་འབྲས་བུ་དང། ཕྱིར་མི་འོངས་པའི་འབྲས་བུ་དང། རྫུ་འཕྲུལ་གྱི་ཡུལ་དང། ལྷའི་རྣ་བ་དང། སྔོན་གྱི་ལས་རྗེས་སུ་དྲན་པ་དང། འཆི འཕོ་བ་དང། སྐྱེ་བ་ཤེས་པ་དང། དགེ་སློང་དག་ཀྱེ་མ་བདག་ཟག་པ་རྣམས་ལས་ཟག་པ་མེད་པར་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་ཞིང་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ཏེ། རིག པ་ཕུན་སུམ་ཚོགས་པ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་ལས་གཞན་མི་ཤེས་སོ། །ཞེས་བྱ་བ་དང། ཚུལ་ཁྲིམས་རྣམས་ལ་ཡོངས་སུ་རྫོགས་པར་བྱེད་པ་དང། མ་བཅོས་པའི་བསམ་གཏན་དང་ཤེས རབ་དང་ལྡན་པ་དང། སྟོང་པ་ཉིད་ཀྱི་གནས་པ་འཕེལ་བར་བྱེད་པ་དང། རང་གི་དོན་དང་འབྲེལ་ཞིང་རྗེས་སུ་ཐོབ་པ་དང། མཁས་བསམ་སྨད་པའི་དཔྱོད་པ་དང་ལྡན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང། ཞེས་བཀའ་སྩལ་ཏོ། །བར་སྡོམ་ལ། སྟོན་དང་ཤེས་རབ་བསོད་སྙོམས་དང། །མི་དགའ་བ་དང་འཇིགས་པ་དང། །རྟོག་དང་བཟོད་དང་བསམ་གཏན་དང། །རྣམ་ཐར་འབྲས་བུ་མངོན་ཤེས་དྲུག་ཤིང་གི་ཕུང་པོ་འདི་ལ་ཁམས་སྣ་ཚོགས་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་རྒྱལ་པོའི་ཁབ?་ནའོ། དེ ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དགེ་སློང་མང་པོ་དང་ཐབས་གཅིག་ཏུ་སྔ་དྲོ་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ། བྱ་རྒོད་ཕུང་པོའི་རི་ལས་བབས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུས་ལམ་གྱི་བར་དུ་ཤིང་ཕུང་པོ་ཆེན པོ་ཞིག་མཐོང་ངོ། །མཐོང་ནས་ལམ་ནས་འདས་ཏེ་དགེ་སློང་གི་དགེ་འདུན་གྱི་མདུན་དུ་ཇི་ལྟར་འཚམ་པར་སྟན་བཏིང་བ་ལ་འདུག་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་རྣམས་ལ་གོས་ཏེ། ཚེ་དང་ལྡན་པ་གང་དག་དགེ་སློང་བསམ་གཏན་དང་ལྡན་པ། རྫུ་འཕྲུལ་དང་ལྡན པ། སེམས་ལ་དབང་ཐོབ་བ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་སར་མོས་ན་ཡང་དེ་བཞིན་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་ཕུང་པོ་འདི་ལ་སའི་ཡོད་དེ། དེའི་ཕྱིར་དགེ་སློང་བསམ་གཏན་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། སེམས་ལ་དབང་ཐོབ པ་དེ་གལ་ཏེ། ཤིང་གི་ཕུང་པོ་འདི་སར་མོས་ན་དེ་བཞིན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག་གང་དགེ་སློང་བསམ་གཏན་དང་ལྡན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་ཆུ་དང། མེ་དང། རླུང་དང། གསེར་དུ་མོས ན་ཡང་དེ་བཞིན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤིང་གི་ཕུང་པོ་འདི་ལ་གསེར་གྱི་ཁམས་ཡོད་དེ། དེའི་ཕྱིར་དགེ་སློང་བསམ་གཏན་དང་ལྡན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་ལ་གསེར་དུ་མོས་ན དེ་བཞིན་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་དག་གང་དགེ་སློང་བསམ་གཏན་པ། རྫུ་འཕྲུལ་དང་ལྡན་པ། སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་ལ་གང་དང་གང་དུ་མོས་པ་དེ་དང་དེར་འགྱུར་གྱི། གཞན་དུ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་ཡོད་དོ། དེའི་ཕྱིར་དགེ་སློང་བསམ་གཏན་དང་ལྡན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེ་གལ་ཏེ་ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་གང་དང་གང་མོས་ན་ཡང་དེ་དང་དེར་འགྱུར གྱི། གཞན་དུ་མ་ཡིན་ནོ། །ཚེ་དང་ལྡན་པ་དག་བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་དང། རྫུ་འཕྲུལ་ཅན་རྣམས་ནི་རྫུ་འཕྲུལ་གྱི་ཡུལ་ནི་འདི་ལྟར་བསམ་གྱིས་མི་ཁྱབ་སྟེ། ཚེ་དང་ལྡན་པ་དག་དེའི་ཕྱིར་འདི་ལྟར་བསླབ་བར་བྱ་སྟེ། གང་ཡང་བསམ་གཏན དང་ལྡན་པ་དང། རྫུ་འཕྲུལ་དང་ལྡན་པ་དང། སེམས་ལ་དབང་ཐོབ་པར་འགྱུར་བ་དེ་ལྟར་བསླབ་པར་བྱའོ་ཞེས་སྨྲས་སོ། །མདོ་ལས་ལུས་ཤིན་ཏུ་སྦྱངས་པ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། གླིང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང རབ་ཏུ་མང་པོ་དག་སྔ་དྲོ་ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ཀྱི་ཕྱིར་མཉན་ཡོད་དུ་ཞུགས་བ་དང། དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་འདི་སྙམ་དུ་གྱུར་ཏེ། ནམ་ལངས་པ་དང་བདག་ཅག་མཉན་ཡོད་དུ་བསོད་སྙོམས་རྒྱུ་ཡིས། དེ་བར་བདག ཅག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བའི་ཀུན་དགའ་ར་བ་གང་ན་བ་དེར་འགྲོ་བར་བྱའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བའི་ཀུན་དགའ་ར་བ་གང་ལ་བ་དེར་ཉེ་བར་སོང་སྟེ། ཉེ་བར་མིང?་ནས་མུ་སྟེགས་ཅན་གྱི རབ་ཏུ་བྱུང་བ་དེ་དག་དང་ལྷན་ཅིག་ཡང་དག་པར་བདེ་བ་དང། ཡང་དག་པར་མགུ་བ་དང། ཡང་དག་པར་རབ་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་དག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། དགེ་སློང་རབ་ཏུ་མང་པོ་དེ དག་ལ་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་རྣམས་ལ་དགེ་སློང་དག་ཁྱེད་ཅག་ཚུར་ཤོག་།སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ། ཤེས་རབ་ཉམས་ཆུང་བར་བྱེད པ་གེགས་ཀྱི་ཕྱོགས་མྱ་ངན་ལས་འདས་པ་མ་ཡིན་པ་འཇུག་པར་བྱེད་པ་དེ་དག་སྤོངས་ལ། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱའོ། །ཞེས་ཆོས་སྟོན་པར་བྱེད་དོ། དེ་ད་ཅག་ཀྱང་ཉན་ཐོས རྣམས་ལ་ཁྱེད་ཚུར་ཤོག་ཅིག་། སྒྲིབ་པ་ལྔ་པོ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ། གེགས་ཀྱི་ཕྱོགས་མྱ་ངན་ལས་འདས་པར་བྱེད་པ་དེ་དག་སྤོངས་ལ་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་པར་བྱེད དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱའོ་ཞེས་ཆོས་སྟོན་པར་བྱེད་ན། འདི་ལྟ་སྟེ། དགེ་སྦྱོང་གཽ་ཏ་མས་ཆོས་བཤད་པ་དང། བདག་ཅག་གིས་ཆོས་བཤད་པ་ཁྱེད་ཅག་དང་འདི་ལ་ཁྱད་པར་ཅི་ཡང་ཅིང་བསམ་པ་ཐ་དད་པ་དང་རྒྱུ་ཐ་དད་པ་ཅི་ཡོད། དེ་སྐད་ཅེས་སྨྲས་པ་དང། དགེ་སློང་རབ་ཏུ་མང་པོ་དེ་དག་ཅད?་མི་སྨྲ་བར་འདུག་གོ་།དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བས་བཤད་པ་ལ་རྗེས་སུ་ཡི་རང་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་དོ། རྗེས་སུ་ཡི་རང་བ་དང ཁྲོ་བར་མི་བྱེད། བཞིན་དུ་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་མཉན་ཡོད་དུ་བསོད་སྙོམས་སྦྱང་ཅིང་ཟས་ཀྱི་བྱེ་བ་བྱས་ཏེ་ཟོས་པའི་འོག་ཏུ་ལྷུང་བཟེད་བྱུང་ནས་ཆོས་གོས་དང་ལྷུང་བཟེད་ཕྱོགས་གཅིག་ཏུ་བཞག་ནས རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་མང་པོ་དེ་དག་གཞན་མུ སྟེགས་ཅན་གྱི་རབ་ཏུ་བྱུང་བ་དེ་དག་དང་ལྷན་ཅིག་གཏམ་ཡང་དག་པར་བརྗོད་ཅིང་ཇི་ལྟར་གྱུར་པ་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་དགེ་སློང་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས བཀའ་སྩལ་ཏོ། །དགེ་སློང་དག་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དེ་དག་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་སྒྲིབ་པ་ལྔ་པོ་མ་བཤད་ཀྱི་འོན་ཀྱང་སྒྲིབ་པ་ལྔ་པ་དེ་ཉིད་རྣམ་གྲངས་གང་གིས་བཅུར་འགྱུར་བ་བཤད་དོ། ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་འདུན་མ་བཤད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུ་བཞིར་འགྱུར་བར་བཤད་དོ། །ཁྱེད་ཅག་གི་སྒྲིབ་པ་ལྔ་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུར་འགྱུར་བྱང་ཆུབ་ཀྱི་ཡན་ལག བདུན་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུ་བཞིར་འགྱུར་ཞེས་འདི་ལྟར་དྲིས་པ་ན། གཞན་མུ་སྟེགས་ཅན་དེ་དག་གཞན་དང་གཞན་གྱི་ཕྱི་རོལ་དག་སྟོང་པ་འམ། ཁྲོ་བ་དང། ཞེ་སྡང་བ་དང། ང་རྒྱལ་བ་དང། རྩ་བ་དང། གནོད་སེམས་དང། མི་བཟོད་པ་དང། གཤེ་བར བྱེད་པར་འགྱུར་རོ། །ཅང་མི་སྨྲ་བར་འགྱུར་རོ། །སྨྲ་བར་ཞུམ་ཞིང་འདུག་པ་དང། དཔུང་པ་ལྷོད་པ་དང། ཁ་ཕྱིར་ཕྱོགས་པ་དང། སྤྲོ་བ་མེད་པ་དང། མཆོག་ཏུ་མཉམ་པར་མ་བཞག་པའི་སེམས་ཀྱི་གནས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དྲི་པ་འདིའི་ལུང་སྟོན་ཅིང སེམས་མགུ་བར་བྱེད་པར་འགྱུར་བ་ངས་ལྷ་དང་བཅས་པའི་འཇིག་རྟེན་དང། བདུད་དང་བཅས་པའི་འཇིག་རྟེན་དང། དགེ་སྦྱོང་དང་བཅས་ཤིང་བྲམ་ཟེ་དང་བཅས་པ་དང། ཚངས་པའི་སྐྱེ་དགུ་དང། ལྷ་དང་མིའི་ནང་དུ་ཡང་དག་པར་རྗེས་སུ་མ་གཟིགས་ཏེ། གཞན་དུ་དེ་བཞིན་གཤེགས་པའམ་འདྲིར་ཐོས་པའི་དེ་བཞིན་གཤེགས་པའི་ཉན་ཐོས་ནི་མ་གཏོགས་སོ། །དགེ་སློང་དག་སྒྲིབ་པ་ལྔ་པོ་ཉེ་བར་བསྟན་པར་འགྱུར་ཏེ། སྒྲིབ་པ་ལྔ་པོ་དེ་ཉིད་རྣམ་གྲངས་གང་གིས་བཅུར་འགྱུར་ཞེ་ན། དགེ་སློང་དག་འདོད་པ་ལ འདུན་པའི་སྒྲིབ་པ་ཉེ་བར་བསྟན་པར་བྱ་སྟེ། འདོད་པ་ལ་འདུན་པའི་སྒྲིབ་པ་རྣམ་གྲངས་གང་གིས་གཉིས་སུ་འགྱུར་ཞེ་ན། ནང་གི་བདག་ཉིད་ཀྱི་འདོད་པ་ལ་འདུན་པ་རྣམས་དང། ཕྱི་རོལ་གྱི་བདག་ཉིད་ཀྱི་འདོད་པ་ལ་འདུན་པའོ། །དེ་ལ་ནང་གི་བདག་ཉིད་ཀྱི འདོད་པ་ལ་འདུན་པ་རྣམས་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་ཕྱི་རོལ་གྱི་བདག་ཉིད་འདོད་པ་ལ་འདུན་པ་དེ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས འདས་པ་མ་ཡིན་པ་སྒྲིབ་པར་བྱེད་པའོ། །དགེ་སློང་དག་འདོད་པ་ལ་འདུན་པའི་སྒྲིབ་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་ན་གཉིས་སུ་འགྱུར་རོ། །དགེ་སློང་དག་གནོད་སེམས་ཀྱི་སྒྲིབ་པ་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་གནོད་སེམས་ཀྱི་སྒྲིབ་པ་རྣམ་པ་གཉིས་སུ་འགྱུར ཞེ་ན། གནོད་སེམས་དང་གནོད་སེམས་ཀྱི་རྒྱུ་མཚན་ནོ། །དེ་ལ་གང་གནོད་སེམས་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་གནོད་སེམས་ཀྱི་རྒྱུ་མཚན་དེ་ཡང་སྒྲིབ་པ་སྟེ། མངོན་པར་མི ཤེས་པ་ཡང་དག་པར་མི་རྟོགས་པ། མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གནོད་སེམས་ཀྱི་སྒྲིབ་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་གཉིས་སུ་འགྱུར་རོ། །དགེ་སློང་དག་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་རྨུགས པ་དང་གཉིད་རྣམ་པ་གཉིས་སུ་འགྱུར་ཞེ་ན། རྨུགས་པ་དང་གཉིད་དོ། །དེ་ལ་རྨུགས་པ་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ། མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་གཉིད་དེ་ཡང་མངོན་པར་མི་ཤེས་པ་ཡང་དག་པར མི་རྟོགས་པ། མྱ་ངན་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་ཉེ་བར་བསྟན་པ་རྣམས་གྲངས་འདིས་རྨུགས་པ་དང་གཉིད་ཀྱི་སྒྲིབ་པ་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་རྒོད་པ་དང་འགྱོད་པ་ཉེ་བར་བསྟན་པར བྱ་སྟེ། རྣམ་གྲངས་གང་གིས་རྒོད་པ་དང་འགྱོད་པ་གཉིས་སུ་འགྱུར་ཞེ་ན། རྒོད་པ་དང་འགྱོད་པ་ཡང་ཡོད་དོ། །དེ་ལ་རྒོད་པ་ནི་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ། ཡང་དག་པར་མི་རྟོགས་པ། མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་འགྱོད་པ དེ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་རྒོད་པ་དང་འགྱོད་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་རྒོད་པ་དང་འགྱོད་པ་རྣམ་པ་གཉིས་སུ་འགྱུར་རོ། དགེ་སློང་དག་ཐེ་ཚོམ་གྱི་སྒྲིབ་པ་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ཐེ་ཚོམ་གྱི་སྒྲིབ་པ་གཉིས་སུ་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ཟ་བ་ཡང་ཡོད། མི་དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ཟ་བ་ཡང་ཡོད་དེ། དེ་ལ་དགེ་བའི་ཆོས་རྣམས ལ་ཐེ་ཚོམ་ཟ་བ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའོ། །གང་ཡང་མི་དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་ཟ་བ་ཡང་སྒྲིབ་པ་སྟེ། མངོན་པར་མི་ཤེས་པ་ཡང་དག་པར་མི་རྟོགས་པ་མྱ་ངན་ལས འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པ་སྟེ། ཐེ་ཚོམ་གྱི་སྒྲིབ་པ་ཉེ་བར་བསྟན་པ་རྣམ་གྲངས་འདིས་ཐེ་ཚོམ་གྱི་སྒྲིབ་པ་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་སྒྲིབ་པ་ལ་ཉེ་བར་བསྟན་པ་རྣམ་གྲངས་འདིས་སྒྲིབ་པ་ལྔ་པོ་དེ་ཉིད་བཅུར་འགྱུར་རོ། །དགེ་སློང་དག བྱང་ཆུབ་ཀྱི་ཡན་ལག་བདུན་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཅུ་བཞིར་གྱུར་ཞེ་ན། དགེ་སློང་དག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ན་དྲན་པ་ཡང་དག་བྱང་ཆུབ་ཀྱི ཡན་ལག་གཉིས་སུ་འགྱུར་ཞེ་ན། དགེ་པའི་ཆོས་རྣམས་ལ་དྲན་པ་རབ་ཏུ་གནས་པ་དང། མི་དགེ་བའི་ཆོས་རྣམས་ལ་དྲན་པ་རབ་ཏུ་གནས་པ་ཡང་ཡོད་དེ། དེ་ལ་དགེ་བའི་ཆོས་རྣམས་ལ་དྲན་པ་རབ་ཏུ་གནས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ་མངོན པར་ཤེས་པ་ཡང་དག་པར་རྟོག་པ་མྱ་ངན་ལས་འདས་པ་ཡང་དག་པར་སྒྲུབ་པར་བྱེད་པའོ། །གང་ཡང་མི་དགེ་བའི་ཆོས་རྣམས་ལ་དྲན་པ་རབ་ཏུ་གནས་པ་དེ་ཡང་མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་ཡང་དག་པར་སྒྲུབ་པར བྱེད་པའོ། །དགེ་སློང་དག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་དེ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་རོ། །དགེ་སློང་དག་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ སྟེ། རྣམ་གྲངས་གང་གིས་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་ཡང་ཡོད་ལ། མི་དགེ་བའི་ཆོས་རྣམས་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང ཡོད་དོ། །དེ་ལ་དགེ་བའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པར་སྒྲུབ་པར་བྱེད་པའོ། །མི་དགེ་བའི་ཆོས་རྣམས་ལ་རབ་ཏུ་རྣམ་པར་འབྱེད་པ་ཡང་དག བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་འདས་པ་སྒྲུབ་པར་བྱེད་པའོ། །ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་ཞེ་ན། མི་དགེ་བའི་ཆོས་རྣམས ཡོངས་སུ་སྤོང་བར་སྒྲུབ་པའི་བརྩོན་འགྲུས་ཀྱང་ཡོད། དགེ་བའི་ཆོས་རྣམས་ཕུན་སུམ་ཚོགས་པར་སྒྲུབ་པའི་བརྩོན་འགྲུས་ཀྱང་ཡོད་དོ། །དེ་ལ་དགེ་བའི་ཆོས་རྣམས་ཡོངས་སུ་སྤོང་བར་སྒྲུབ་པའི་བརྩོན་འགྲུས་ཏེ་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་ཡང་དག་པར་སྒྲུབ་པར་བྱེད་པའོ། །དགེ་བའི་ཆོས་རྣམས་ཕུན་སུམ་ཚོགས་པར་སྒྲུབ་པའི་བརྩོན་འགྲུས་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ། རྣམ་གྲངས་འདིས་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་རོ། །དགེ་སློང་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ན་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གཉིས་སུ་འགྱུར་ཞེ་ན། དགའ་བ་ཡང་ཡོད། དགའ་བའི་གནས་ལྟ་བུའི་ཆོས་ཀྱང་ཡོད་དེ། དེ་ལ་དགའ་བ་ཡང་དག་ བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགའ་བའི་གནས་ལྟ་བུའི་ཆོས་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་དགའ་བ་ཡང་དག བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ན་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ནི་ཤིན་ཏུ སྤྱད?་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་ཞེ་ན། ལུས་ཤིན་ཏུ་སྦྱངས་པ་ཡང་ཡོད། སེམས་ཤིན་ཏུ་སྦྱངས་པ་ཡང་ཡོད་དེ། དེ་ལ་ལུས་ཤིན་ཏུ་སྦྱངས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ པར་བྱེད་པའོ། །སེམས་ཤིན་ཏུ་སྦྱངས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས འདིས་ན་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་ན་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས སུ་འགྱུར་རོ་ཞེ་ན། ཏིང་ངེ་འཛིན་ཀྱང་ཡོད་ལ་ཏིང་ངེ་འཛིན་གྱི་རྒྱུ་མཚན་ཀྱང་ཡོད་དེ། དེ་ལ་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །ཏིང་ངེ་འཛིན་གྱི་རྒྱུ་མཚན་དེ་ཡང་བྱང་ཆུབ་ཀྱི་ཡན་ལག སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ་རྣམ་གྲངས་འདིས་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། ། དགེ་སློང་དག་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པར་བྱ་སྟེ། རྣམ་གྲངས་གང་གིས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་གཉིས་སུ་འགྱུར་ཞེ་ན། དགེ་བའི་ཆོས་རྣམས་ལ་བཏང་སྙོམས་པ་ཡང་ཡོད། མི་དགེ་བའི་ཆོས་རྣམས ལ་བཏང་སྙོམས་པ་ཡང་ཡོད་དོ། །དགེ་བའི་ཆོས་རྣམས་ལ་བཏང་སྙོམས་པ་དེ་ཡང་བྱང་ཆུབ་ཀྱི་ཡན་ལག་སྟེ། མངོན་པར་ཤེས་པ་ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །མི་དགེ་པའི་ཆོས་ལ་བཏང་སྙོམས་པ་དེ་ཡང་མངོན་པར་ཤེས་པ ཡང་དག་པར་རྟོགས་པ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དགེ་སློང་དག་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཉེ་བར་བསྟན་པ། རྣམ་གྲངས་འདིས་ན་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རྣམ་པ་གཉིས་སུ་འགྱུར་རོ། །དགེ་སློང་དག་བྱང་ཆུབ ཀྱི་ཡན་ལག་བདུན་ཉེ་བར་བསྟན་པ་རྣམ་གྲངས་འདིས་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པ་བཅུ་བཞིར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་དགའ་བ་དང། དགའ་བའི་གནས་ལྟ་བུའི་ཆོས་རྣམས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དུ་གསུངས པ་དང། ཁོང་ཁྲོ་བ་དང་ཁོང་ཁྲོ་བའི་རྒྱུ་མཚན་གནོད་སེམས་ཀྱི་སྒྲིབ་པར་གསུངས་པ་དང་ཞེས་བྱ་བ་ལ་སོགས་པ་ལ་བྲིས་མ་ཐག་འདི་ཉིད་བལྡས་ཏེ་བརྗོད་པར་བྱའོ། །ཡང་དག་པའི་ལྟ་བ་དང། རྟོག་པ་དང། རྩོལ་བ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སྔར དགེ་སློང་མ་ཆོས་སྦྱིན་གྱི་མདོར་བསྟན་པ་བཞིན་བལྟ་བར་བྱའོ། །རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལ་མཛོད་ཀྱི་གནས་དང་པོར་རྣམ་པར་སྨིན་པ་ལས་སྐྱེས་པ་དང། རྒྱས་ལས་བྱུང་བ ནང་གི་ལྔ་ཞེས་བྱ་བ་ཇི་ལྟར་རེ་ཞིག་གླེང་གཞི་ཡང་དག་པར་ལྡན་པའི་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་དེ་དང་དེ་ལས་ཤེས་པར་བྱེད་པར་བྲིས་པ་བཞིན་ནོ། །འཁོར་དང་འབྲེལ་བ་མ་ཡིན་པའི་ཕྱིར་ཞེས་བྱ བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བརྒྱད་པོ་འདི་དག་ནི་འཁོར་ཏེ། བརྒྱད་གང་ཞེ་ན། རྒྱལ་པོའི་འཁོར་དང། བྲམ་ཟེའི་འཁོར་བ་དང། ཁྱིམ་བདག་གི་འཁོར་དང། དགེ་སྦྱོང་གི་འཁོར་དང། རྒྱལ་ཆེན་བཞིའི་འཁོར་དང། སུམ་ཅུ་རྩ་གསུམ་པའི་འཁོར དང། བདུད་ཀྱི་འཁོར་དང། ཚངས་པའི་འཁོར་རོ་ཞེས་བཀའ་སྩལ་ཏོ། །དགེ་སློང་རྟ་ཐུལ་གྱི་འབྱུང་བ་ཆེན་པོ་འདི་དག་ཡོངས་སུ་མ་ལུས་པར་འགག་པར་འགྱུར་ཞེས་དྲིས་པ་དང་རྒྱལ་ཞེས་བྱ་བ་ལ་ཚུལ་ཁྲིམས་ཀྱི་ཕུང་པོའི་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི མདོ་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཁྱིམ་བདག་ཉེ་པའི་བུ་ལས་བརྩམས་སོ། །ཁྱིམ་བདག་གི་བུ་གང་གི་ཚེ་དགེ་སློང་འཁོར་འདིས་འདུས་ཤིང་ཚོགས་པ་གང་ཞིག་གཅིག་པུ་དབེན་པར་ཏིང་འཛིན་ལ་མཉམ་པར་བཞག་པ་ན་སེམས་ལ་སེམས་ཀྱི་རྣམ པར་དཔྱོད་པ་འདི་ལྟ་བུ་སྐྱེ་བའི་གནས་ཡོད་དེ། འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་མ་ལུས་པར་གང་དུ་ཡོངས་སུ་འགག་པར་འགྱུར། མ་ལུས་པར་ཡོངས་སུ་ནུབ་པ་དང། ཟད་པ་དང་གཏུགས་པར་འགྱུར་སྙམ་མོ། །དེ་ནས་དགེ སློང་དེ་འཛམ་བུའི་གླིང་ནས་མི་སྣང་བར་འགྱུར་ཏེ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སོང་སྟེ། དེ་ནས་དགེ་སློང་དེས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི གང་དུ་མ་ལུས་པར་ཡོངས་སུ་འགག་པར་གྱུར། མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང། ཡོངས་སུ་གཏུགས་པར་འགྱུར། དེ་དག་གི་སྨྲས་པ། དགེ་སློང་ངེད་ཅག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་གང་དུ་མ་ལུས་པར་ཡོངས་སུ་འགག་པ དང། ཡོངས་སུ་ནུབ་པ་དང། ཟད་པ་དང། གཏུགས་པར་འགྱུར་བ་མི་ཤེས་ཤིང་མི་མཐོང་ངོ། །འོན་ཀྱང་བདག་ཅག་ལས་ཆོས་ཁྱད་པར་དུ་འཕགས་པ། ཆེས་མཆོག་ཏུ་གྱུར་པ་རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ཡོད་ཀྱི། དེས་འདི་ལྟར་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི དག་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང། མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་ཤེས་སོ། །དེ་ནས་དགེ་སློང་དེ་རྒྱལ་པོ་ཆེན་པོ་བཞི་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་སྨྲས་སོ། །འདི་ལྟ་སྟེ། འབྱུང་བ་ཆེན པོ་ས་དང་ཆུ་དང་མེ་དང་རླུང་བཞིའི་འདི་དག་གང་དུ་མ་ལུས་པར་འགག་པ་དང། མ་ལུས་པར་ཡོངས་སུ་ནུབ་པ་དང། ཟད་པ་དང། གཏུགས་པར་འགྱུར། དགེ་སློང་བདག་ཅག་གིས་ཀྱང་འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་བ་མི་ཤེས་ཤིང་མི་མཐོང་ངོ། །འོན་ཀྱང་བདག་ཅག་ལས་ཆེས་ཁྱད་པར་དུ་འཕགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་ཞེས་པ་ཡོད་དེ་དེ་དག་གིས་འབྱུང་བ་ཆེན་པོ་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་བ་ཤེས་སོ། །དེ་ནས་དགེ་སློང་དེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་ནས་མི་སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་དུ་སོང་སྟེ། དེ་ནས་དགེ་སློང་དེས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་འདི་སྐད ཅེས་སྨྲས་སོ། །འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་དང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར། མ་ལུས་པར་ཡོངས་སུ་ནུབ་པ་དང་ཟད་པ་དང་གཏུགས་པར་ཨིའ་གྱུར། དགེ་སློང་ངེད་ཅག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་ནུབ་པ་དང། ཟད་པ་དང་གཏུགས་པར་འགྱུར་བ་མི་ཤེས་ཤིང་མི་མཐོང་ངོ། །འོན་ཀྱང་བདག་ཅག་ལ་ཆེས་ཁྱད་པར་འཕགས་པ་ཆེས་མཆོག་ཏུ་གྱུར་བརྒྱ་བྱིན་ལྷའི དབང་པོ་ཡོད་ཀྱིས་ངེས་འབྱུང་བ་ཆེན་པོ་འདི་ལྟ་སྟེ། ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང། མ་ལུས་པར་ཡོངས་སུ་ནུབ་པ་དང། ཟད་པ་དང་གཏུགས་པར་འགྱུར་བ་ཤེས་སོ། །དེ་ནས་དགེ་སློང་དེ་བརྒྱ་བྱིན་ལྷའི་དབང་པོ་གང ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང། མ་ལུས་པར་ཡོངས་སུ་ནུབ་པ་དང། ཟད་པ་དང གཏུགས་པར་འགྱུར། དགེ་སློང་བདག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་ཡོངས་སུ་མ་ལུས་པར་འགག་པ་དང། མ་ལུས་པར་ཡོངས་སུ་ནུབ་པ་དང། ཟད་པ་དང། གཏུགས་པར་འགྱུར་བ་མི་ཤེས་ཤིང་མ་མཐོང་མོད ཀྱི་འོན་ཀྱང་བདག་པས་ཆོས་ཁྱད་པར་དུ་འཕགས་པ་ཆེས་མཆོག་ཏུ་གྱུར་པ་འཐབ་བྲལ་བ་ཡོད་ཀྱི། ངེས་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པ་དང་མ་ལུས་པར་ནུབ་པ་དང། ཡོངས་སུ་ཟད པ་དང་གཏུགས་པར་ཤེས་སོ། །དེ་ནས་དགེ་སློང་དེ་རྒྱས་པར་ཇི་ལྟར་སུམ་ཅུ་རྩ་གསུམ་གྱི་ལྷ་དང་བརྒྱ་བྱིན་ལྷའི་དབང་པོ་དང། དེ་བཞིན་དུ་འཐབ་བྲལ་དང་ལྷའི་བུ་རབ་འཐབ་བྲལ་དང། དགའ་ལྡན་དང་ལྷའི་བུ་ཡོངས་སུ་དགའ་ལྡན་དང། འཕྲུལ་དགའ་དང། ལྷའི་བུ རབ་འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། དབང་སྒྱུར་གྱི་ལྷའི་བུ་དང། ཚངས་རིས་ཀྱི་ལྷའི་རྣམས་ཀྱི་ནང་དུ་ཕྱིན་ཏེ། དེ་ནས་དགེ་སློང་དེས་ཚངས་རིས་པའི་ལྷ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་བ་དང། མ་ལུས་པར་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་བདག་ཅག་གིས་ཀྱང་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར ཡོངས་སུ་འགག་པར་འགྱུར་བ་དང། མ་ལུས་པར་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་བ་མི་ཤེས་ཤིང་མ་མཐོང་མོད་ཀྱི། འོན་ཀྱང་བདག་ཅག་བས་ཆེས་ཁྱད་པར་དུ་འཕགས་པ། ཆེས་མཆོག་ཏུ་གྱུར་པ། ཚངས་པ་ཚངས་པ་ཆེན་པོ། དབང་ཕྱུག་བྱེད་པ་པོ། སྤྲུལ་པ་པོ འབྱིན་པར་བྱེད་པ། འབྱིན་པ་པོ། དངོས་པོ་རྣམས་ཀྱི་ཕ་ལྟ་བུར་འགྱུར་བ་ཚངས་པ་ཆེན་པོ་ཡོད་ཀྱི་དེས་མི་ཤེས་པ་དང། མི་མཐོང་བ་དང། མི་རིག་པ་དང། རྣམ་པར་མི་ཤེས་པ་ཅུང་ཟད་ཙམ་ཡང་མེད་ཀྱི། དེས་འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་བ་དང་མ་ལུས་པར་ནུབ་པ་དང་གཏུགས་པ་ཤེས་སོ། །ཚངས་པ་དེ་གང་ན་འདུག་ཅིང་གང་དུ་གནས། དགེ་སློང་བདག་ཅག་གིས་ཀྱང་ཚངས་པར་གང་ན་འདུག་ཅིང་གང་དུ་གནས་པ་མི་ཤེས་ཤིང་མི་མཐོང་མོད་ཀྱི། འོན་ཀྱང་སྣང་བ་ཡོད་ན་ཚངས་པ་མཐོང་བར་འགྱུར་རོ། །དེ་ནས་འཁོར་དེ་དག་ལ་སྣང་བ་བྱུང་སྟེ། ཚངས་པ་གཞོན་ནུ་གདོང་པ་ལྔ་པོ་བྱིས་པ་གཞོན་ནུ་ལྟ་བུའི་མདོག་ཅན་དུ་མངོན་པར་གྱུར་ཏོ། །དེ་ནས་དགེ་སློང་དེས་ཚངས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་འདི་ལྟ སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞིང། མ་ལུས་པར་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར། ཞེས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ་།། བྱེད་པ་པོའོ། །སྤྲུལ་པའོ། །འབྱིན་པར་བྱེད་པ་པོའོ། །འབྱིན་པ་པོའོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པའོ། །ཚངས་པ་ཁྱོད་ཚངས་པ་མ་ཡིན་ནམ་མ་ཡིན་ཡང་རུང། དབང་ཕྱུག་དང་བྱེད་པ་པོ་ཡིན་ནམ་མ་ཡིན་ཡང་རུང། སྤྲུལ་པ་པོ་ཡིན་ནམ་སྤྲུལ་པ་པོ་མ་ཡིན་ཡང རུང། འབྱིན་པར་བྱེད་པ་དང་འབྱིན་པ་པོ་དང་དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པ་ཡིན་ནམ་འབྱིན་པར་བྱེད་པ་དང་འབྱིན་པ་པོ་དང་དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པ་མ་ཡིན་ཡང་རུང་ཁྱོད་ལ་དེ་དྲིས་པ་མ་ཡིན་གྱིས། བདག་ཁྱོད་ལ་འདི་ལྟ་སྟེ། འབྱུང་བ ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར། མ་ལུས་པར་ནུབ་པ་དང་ཟད་པ་དང་གཏུགས་པར་འགྱུར་ཞེས་དྲིས། ལན་གཉིས་ལན་གསུམ་དུ་ཚངས་པས་དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་བདག་ནི་ཚངས པ། ཚངས་པ་ཆེན་པོ་ཞེས་བྱ་བ་ནས། རྒྱས་པར་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བའི་བར་དུའོ། །དེ་ནས་ཚངས་པས་དགེ་སློང་དེའི་ལག་པ་ནས་བཟུང་སྟེ། དབེན་པའི་ཕྱོགས་གཅིག་ཏུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཚངས་པའི་འཁོར་འདི་དག་ཐམས་ཅད བདག་ལ་ཚངས་པས་མི་ཤེས་པ་དང། མི་མཐོང་བ་དང། མི་རིག་པ་དང། རྣམ་པར་མི་རིག་པ་ཅུང་ཟད་ཀྱང་མེད་དེ་ཞེས་རྣམ་པར་ཤེས་ལ། འོན་ཀྱང་བདག་གིས་ནི་འདི་ལྟ་སྟེ་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་མ་ལུས་པར་གང་དུ་ཡོངས་སུ་འགག པར་འགྱུར་བ་དང། མ་ལུས་པར་ནུབ་པ་དང། ཟད་པ་དང་གཏུགས་པར་འགྱུར་བ་མི་ཤེས་ཤིང་མ་མཐོང་ངོ། །འོན་ཀྱང་དགེ་སློང་ཁྱོད་རང་གིས་ཉེས་ཤིང་ཉེས་པར་བྱས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས བཞག་ནས་དོན་འདི་ལྟ་བུའི་བདག་ལ་ཡོངས་སུ་འདྲི་སྙམ་དུ་སེམས་སམ། དགེ་སློང་འོན་ཀྱང་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དགེ་སློང་འདོད་ན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར སོང་སྟེ་ཉེ་བར་སོང་ནས། བཅོམ་ལྡན་འདས་ལ་དོན་འདི་ལྟ་བུ་ཡོངས་སུ་དྲིས་ཤིག་།ཇི་ལྟ་བ་བཞིན་ཐེ་ཚོམ་མེད་པར་བཅོམ་ལྡན་འདས་དེ་ལུང་སྟོན་པར་འགྱུར་རོ། །དེ་ནས་དགེ་སློང་དེ་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཏེ། མཉན་ཡོད་དུ་འོངས་ནས་གང ན་བ་དེར་སོང་སྟེ། ཉེ་བར་སོང་ནས་ང་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟ་སྟེ། འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་རླུང་བཞི་པོ་འདི་དག་གང་དུ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་མ་ལུས་པར་ཡོངས་སུ་ནུབ་པ་དང། ཟད་པ་དང། གཏུགས་པར་འགྱུར། དེ་ལ་འདི་སྐད་ཅེས བཀའ་སྩལ་ཏོ། །དགེ་སློང་སྐྱེས་བུ་མཁས་པ་ཁ་ཅིག་ནི་དཔེས་བཤད་པའི་དོན་ཤེས་པར་འགྱུར་བས་དཔེ་ཉོན་ཅིག་།དགེ་སློང་སྔོན་བྱུང་བ་འཛམ་བུའི་གླིང་གིས་ཚོར་བ་མང་པོ་རྒྱ་མཚོ་ལ་བརྒལ་བའི་གྲུར་ཞུགས་ཤིང་ཕ་རོལ་གྱི་འགྲམ་མཐོང་བའི་བྱ་ཁྱེར་ཏེ་ནོར་གྱི་ཕྱིར་རྒྱ་མཚོ ཆེན་པོ་བརྒལ་བ་ན། ཇི་སྲིད་དུ་འགྲོ་བ་དེ་སྲིད་དུ་ཕ་རོལ་གྱི་འགྲམ་མཐོང་བའི་བྱ་གཏོང་བར་བྱེད་དོ། །གལ་ཏེ་ཕ་རོལ་གྱི་འགྲམ་མཐོང་ནས་བྱ་དེ་གནས་སུ་ཕྱིར་མི་ལྡོག་པར་ཕ་རོལ་གྱི་འགྲམ་དུ་འགྲོ་བར་བྱེད་དོ། །གལ་ཏེ་ཕ་རོལ་གྱི་འགྲམ་མ་མཐོང་ན་བྱ་དེ་དེ་བཞིན་དུ་གནས་སུ ལྡོག་ཅིང་ཕ་རོལ་འགྲམ་དུ་འགྲོ་བར་མི་བྱེད་དོ། །དེ་བཞན་དུ་དགེ་སློང་ཁྱོད་ཕ་རོལ་གྱི་འགྲམ་མ་མཐོང་བའི་བྱ་བཞིན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་ཕྱིན་ནས་ལུང་བསྟན་པ་མ་ཐོབ་སྟེ། སླར་ངའི་དྲུང་དུ་འོངས་སོ། །འོན་ཀྱང་དགེ་སློང་དྲི་བ་འདི་འདི་ལྟ་བུར་དྲི་བར་མི་བྱ་ཞིང། དྲི་བ་འདི་འདི་ལྟ་བུར་འདྲི་ན་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། ཇི་ལྟར་དྲི་བ་དྲི་བར་བྱ་བ་དང། ཇི་ལྟར་དྲི་བ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །གང་དུ་ས་ཆུ་མེ་དང་ནི། །རླུང་དག་རྗེས་སུ་མི་འཇུག་དང། །གང་དུ་རིང དང་ཐུང་བ་དང། །ཕྲ་སྦོམ་དགེ་དང་མི་དགེ་དང། །གང་དུ་མིང་དང་གཟུགས་དང་ནི། །མ་ལུས་པ་དག་འགག་པར་འགྱུར་རོ། །དེ་ལ་ཇི་ལྟ་ཇི་ལྟར་ཆོས་རྣམ་པར་ཤེས་ནས་ལུང་བསྟན་པར་འགྱུར་བ་འགོག་པ་སྟེ། རྣམ་པར་ཤེས་པ་བསྟན་དུ་མེད་པ་མཛའ་ཡས་པ་ཐམས་ཅད་དུ ཁྱབ?་ཅིང་ཁྱབ་པ་དེ་འབྱུང་བར་མི་འགྱུར་གྱི། འོན་ཀྱང་ས་དང་ཆུ་དང་མེ་དང་རླུང་ཡང་འཇུག་པར་མི་འགྱུར་ལ། རིང་བ་དང་ཐུང་ངུ་དང། ཕྲ་བ་དང་སྦོམ་པ་དང། དགེ་བ་དང་མི་དགེ་བ་དང། མིང་དང་གཟུགས་མ་ལུས་པར་ཡང་འདི་འགག་པར་འགྱུར་རོ། །བཙུན་པ་དགེ་སློང དེའི་མིང་ཅི་ཡིན། ཁྱིམ་བདག་གི་བུ་རྟ་ཐུལ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །བདག་ལ་བལྟོས་ནས་ཉེས་པ་རྣམས་ཀྱིས་མི་འཛེམ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དབང་དུ་བྱ་བ་ནི་རྣམ་པ་གསུམ་སྟེ། དབང དུ་བྱ་བ་གསུམ་གང་ཞེ་ན། འཇིག་རྟེན་གྱི་དབང་དུ་བྱ་བ་དང། བདག་གི་དབང་དུ་བྱ་བ་དང། ཆོས་ཀྱི་དབང་དུ་བྱ་བའོ། །འཇིག་རྟེན་གྱི་དབང་དུ་བྱ་བ་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་དགོན་པ་འམ། ཤིང་དྲུང་ངམ། ཁང་པ་འདི་ལྟར་ཡང་དག་པར་སློབ་སྟེ། འཇིག་རྟེན་འདི་ནི་རབ་ཏུ་མང་ངོ། །འཇིག་རྟེན་འདིའི་དབྱིབས་ནི་རབ་ཏུ་མང་ངོ། །འཇིག་རྟེན་རབ་ཏུ་མང་པོ་དང། འཇིག་རྟེན་གྱི་དབྱིབས་རབ་ཏུ་མང་པོ་འདི་ནི་རྫུ་འཕྲུལ་དང་ལྡན་ཞིང་མཐུ་ཆེན་དང། ལྷའི་མིག་དང། གཞན་གྱི་སེམས་རིང་པོ་ན་འདུག་པ་མཐོང ཞིང་དེ་དག་གིས་དེ་མི་མཐོང་བ་སེམས་ཀྱིས་སེམས་ལ་ཁྱབ་པར་བྱས་ཏེ། ཡིད་ཀྱིས་ཡིད་རབ་ཏུ་ཤེས་པ་ཡོད་དོ། །འདི་ན་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་རྫུ་འཕྲུལ་དང་ལྡན་ཞིང་མཐུ་ཆེ་བ་ལྷའི་མིག་དང། གཞན་གྱི་སེམས་ཤེས་པས་རིང་པོ་ན འདུག་པ་མཐོང་ཞིང་དེ་དག་གིས་དེ་མི་མཐོང་བ་སེམས་ཀྱིས་སེམས་ལ་ཁྱབ་པར་བྱས་ཏེ་ཡིད་ཀྱིས་ཡིད་རབ་ཏུ་ཤེས་པ་ཡང་ཡོད་དོ། །གལ་ཏེ་ང་ཆགས་སེམས་དང་འདྲེས་པ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པས་རྟོག་པར་བྱེད་ན་དེས་བདག་ཤེས་ཤིང ངེས་བདག་མཐོང་བར་འགྱུར་ལ་ཤེས་ཤིང་མཐོང་ནས་བརྗོད་པར་འགྱུར་རོ། །རིགས་ཀྱི་བུ་ཁྱིམ་ནས་ཁྱིམ་མེད་པར་དད་པས་རབ་ཏུ་བྱུང་ནས་ཆགས་སེམས་དང་འདྲེས་པའི་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་རྟོག་པར་བྱེད་དོ་ཞེས་མཐོང་ཞིང་སྨྲ་བར་འགྱུར་རོ། །གང ཡང་དེ་དག་གིས་བདག་ཤེས་ཤིང། གང་ཡང་དེ་དག་གིས་བདག་མཐོང་ལ། གང་ཡང་བདག་གིས་བདག་ཉིད་ཀྱིས་བདག་ཉིད་ཤེས་ཤིང་བདག་ཉིད་མཐོང་ནས། གང་ཡང་བདག་གི་བདག་ཉིད་ཀྱིས་བདག་ཉིད་ཤེས་ཤིང་བདག་གི་བདག་ཉིད་ཀྱིས་བདག་ཉིད་མཐོང ལ་རྣམ་པར་ཤེས་སོ་ཞེས་སྨྲ་བར་འགྱུར་རོ། །དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་བརྩོན་འགྲུས་བརྩོམ་པར་འགྱུར་རོ། །མི་ཞུམ་པ་དང་ལུས་ཤིན་ཏུ་སྦྱངས་པ་དང་བརྟུན་ཅིང་དྲན་པ་ཉེ་བར་འཇོག་པར་འགྱུར་རོ། །ཤེས་བཞིན་དང་སེམས་མཉམ་པར་འཇོག་པ་དང་རྩེ་གཅིག་པར འགྱུར་ཏེ། དེ་འཇིག་རྟེན་ཉིད་ཀྱི་དབང་དུ་བྱས་ཏེ། མི་དགེ་བ་སྤོང་ཞིང་དགེ་བ་བསྒོམ་པར་འགྱུར་ཏེ། འདི་ནི་འཇིག་རྟེན་གྱི་དབང་དུ་བྱས་པ་ཞེས་བྱའོ། །བདག་གིས་དབང་དུ་བྱས་པ་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པར་འདི་ལྟར ཡང་དག་པར་རྗེས་སུ་སློབ་སྟེ། དགོན་པ་དབེན་པ་དེ་དང་དེར་སྐད་ཅིག་སྐད་ཅིག་གིས་རྟོགས་པ་ཁྱད་པར་དུ་འགྲོ་བར་འགྱུར་ཏེ། གལ་ཏེ་བདག་ཆགས་སེམས་དང་འདྲེས་པའི་སྡིག་པའི་མི་དགེ་བའི་རྣམ་པར་རྟོག་པ་རྟོག་པར་བྱེད་པ་ན། དེ་བདག་གི་ཚུལ་དང་མི་མཐུན ཞིང་ཆོས་འདི་ལྟ་བུ་རྣམ་པར་མི་ཤེས་སོ་ཞེས་དེ་དེ་ལྟར་མཐོང་ནས་བརྩོན་འགྲུས་རྩོམ་པར་འགྱུར་རོ། །མི་ཞུམ་པ་དང་ལུས་ཤིན་ཏུ་སྦྱངས་པ་དང་བརྟུན་ཅིང་དྲན་པ་ཉེ་བར་འཇོག་པར་འགྱུར་རོ། །ཤེས་བཞིན་དང་སེམས་མཉམ་པར་འཇོག་པ་དང་རྩེ་གཅིག་པར འགྱུར་ཏེ། དེ་བདག་གི་དབང་དུ་བྱས་ནས་མི་དགེ་བ་སྤོང་ཞིང་དགེ་བ་བསྒོམ་པར་འགྱུར་ཏེ། འདི་ནི་བདག་གི་དབང་དུ་བྱ་བ་ཞེས་བྱའོ། །ཆོས་ཀྱི་དབང་དུ་བྱ་བ་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པར་འདི་ལྟར་ཡང དག་པར་སློབ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ་ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོང་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱི་སོ་སོར་རང་གི་རིག་པར་བྱ་བ་སྟེ། གལ་ཏེ་བདག་ཆགས སེམས་དང་འདྲེས་པ་སྡིག་པ་མི་དགེ་བའི་རྣམ་པར་རྟོག་པ་རྟོག་པར་བྱེད་ན། དེ་བདག་གི་ཚུལ་དང་མི་མཐུན་ཞིང་ཆོས་འདི་ལྟ་བུ་རྣམ་པར་མི་ཤེས་སོ་ཞེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་བརྩོན་འགྲུས་རྩོམ་པར་འགྱུར་རོ། །མི་ཞུམ་པ་དང་ལུས་ཤིན་ཏུ སྦྱངས་པ་དང་བརྟུན་ཅིང་དྲན་པ་ཉེ་བར་འཇོག་པར་འགྱུར་རོ། །ཤེས་བཞིན་དུ་སེམས་སྙམ་པར་བཞག་པ་དང་རྩེ་གཅིག་པར་འགྱུར་ཏེ། དེ་ཆོས་ཀྱི་དབང་དུ་བྱས་ནས་མི་དགེ་བ་སྤོང་བ་དང་དགེ་བ་བསྒོམ་པར་འགྱུར་རོ། །འདི་ནི་ཆོས་ཀྱི་དབང་དུ བྱས་པ་ཞེས་བྱའོ། །སྡིག་པའི་ལས་རྣམས་བྱེད་པ་ལ། །དབེན་པའི་གནས་ནི་ཡོད་མ་ཡིན། །བདེན་ནམ་ཡང་ན་བརྫུན་ཡང་རུང། །བདག་ཉིད་ཀྱི་ནི་རྣམ་པར་ཤེས། །བདག་ཉིད་ཕ་རོལ་བརྙེས་མི་བྱེད། །དབང་པོའི་མཆོག་ནི་འདི་ཡིན་ནོ། །བདག་ལ་ཡོད་པའི་སྡིག་པ་དག་། རབ་ཏུ་གསང་བར་མི་བྱའོ། །འཇིག་རྟེན་བྱིས་པ་རྣམས་ནི་དཀར་སྤྱོད་པ། །ལྷ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་གཟིགས། །བློ་དང་དྲན་ལྡན་འཇིག་རྟེན་འདི་ཉིད་ཀྱི། །དབང་དུ་བྱས་ཏེ་བདག་གི་སྡིག་པ་སྤོངས། །ཆོས་སྤྱོད་བདེན་པ་ཕ་རོལ་གདོན་པ་ཡི།། ཐུབ་པ་ཆོས་ཀྱི་དབང་བྱས་ཉམས་མི་འགྱུར། གང་ཞིག་བདུད་སྤངས་གཤིན་རྗེ་རབ་བཅོམ་ཞིང། །སྤངས་པར་ལྡན་པ་སྐྱེ་བ་ཟང་ལ་རེག་།དེ་ནི་ཞི་ཞིང་འདོད་པ་སྡིག་པ་སྤངས། །སྐྱེ་དང་རྒ་ལས་བརྒལ་བར་ང་སྨྲའོ་ཞེས་བཀའ་སྩལ་ཏོ། །མདོ་ལས་རྟོག་པ་དང་དཔྱོད་པ དག་ནི་དག་མངོན་པར་འདུ་བྱེད་པ་ཡིན་པར་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་བཤད་ཅེ་ན། དགེ་སློང་མ་ཆོས་སྦྱིན་གྱི་མདོ་སྔར་བཤད་པ་དང། འདོད་པ་ཅན་གྱི་མདོ་ལས་ཉེ་བར་བསྟན་པ་མ་བྱས་པར་བཤད་དོ། །རྣམ་པར་ཤེས་པ་རྣམ་པར ཤེས་པའོ་ཞེས་བྱ་བ་ལ། མཛོད་ཀྱི་གནས་དང་པོར་ཕུང་པོ་ལས་སྡོམ་གྱི་ཚིགས་སུ་བཅད་པའི་མཛའ་ཨི་མདོ་ལས་གཟུགས་སུ་རུང་བས་ན་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་བཞིན་ནོ། །མི་སློབ་པའི་ཆོས་བཅུ་པོ་འདི་དག་ཅེས་བྱ་བ་ལ་སོགས་པ ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཅུ་པོ་འདི་དག་ནི་མི་སློབ་པའི་ཆོས་ཏེ། བཅུ་གང་ཞེ་ན། མི་སློབ་པའི་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང་ཡང་དག་པའི འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་དང། ཡང་དག་པའི་རྣམ་པར་གྲོལ་བ་དང། ཡང་དག་པའི་ཡེ་ཤེས་སོ། །མི་སློབ་པའི་ཆོས་བཅུ་པོ་འདི་སྐྱེ་ཅིང་ཐོབ་པ་ཀུན་ཏུ་ལྡན་པ་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར འགྱུར་རོ། །ཡན་ལག་དྲུག་དང་ལྡན་པ་དང། བསྲུང་བ་གཅིག་པ་དང། བརྟེན་པ་བཞི་པ་དང། རང་སངས་རྒྱས་ལས་རབ་ཏུ་འདས་པ་དང། ཀུན་འབྱུང་བ་སྤངས་པ་དང། རྣམ་པར་རྟོག་པ་མེད་པ་དང། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་པ་དང། སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་དང། ཕ་ཅིག་ཏུ་ཚངས་པར་སྤྱོད་པ་དང། སྐྱེས་བུའི་མཆོག་ཅེས་བྱའོ་ཞེས་བཀའ་སྩལ་ཏོ། དགེ་སློང་དག་འཁོར་ལོས་སྒྱུར་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། ལུང་བར་མའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས པ་ལས་རྒྱས་པ་བྱིས་པ་དང་མཁས་པའི་མདོ་ལས་འདོན་ཏེ། དེ་ལུས་ཀྱི་ལེགས་པར་སྤྱད་པ་སྤྱད། ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་སྤྱད་ནས་དེའི་རྒྱུ་དད་དེའི་རྐྱེན་གྱིས་ལུས་ཞིག་པའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དགེ་སློང དག་ཡང་ཡང་དག་པར་སྨྲ་བས་སྨྲ་ཏེ། དབེན་པ་ནི་འདོད་པ། དབེན་པ་ནི་སྡུག་པ། དབེན་པ་ནི་དགའ་བ། དབེན་པ་ནི་ཡིད་དུ་འོང་བ་སྟེ། མཐོ་རིས་སོ་ཞེས་ཟེར་བ་དེ་ནི་ཡང་དག་པར་སྨྲ་བས་སྨྲ་བ་སྟེ། དགེ་སློང་དག་མཐོ་རིས་ནི་འདོད་པ་མཐོ་རིས་ནི་སྡུག་པ། མཐོ་རིས་དགའ་བ་མཐོ་རིས ནི?་ཡིད་དུ་འོང་བའོ། །དེ་ནས་དགེ་སློང་གཞན་ནི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཐོ་རིས་ཇི་ཙམ་དུ་བདེ། དགེ་སློང་ངས ཁྱོད་ཀྱི་སླར་རྟོགས་པའི་ཕྱིར་བཤད་པར་བྱའོ། །བཙུན་པ་དཔེ་ཆུང་ཞིག་མཆིས་སམ། དགེ་སློང་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ མི་བཞི་པོ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པ། གླིང་བཞིའི་རྒྱལ་པོ་དང། དབང་ཕྱུག་དང། བདག་པོ་བྱེད་པ་མཆོག་ཏུ་བདེ་བ་དང་ལྡན་ནམ། ཡིད་བདེ་བ་དང་ལྡན་ནམ། བཙུན་པ་རེ་ཞིག་རིན་པོ་ཆེ་གཅིག་དང་ལྡན་པ་དང། མི་གཅིག་ལ་དབང་བ་དང། གླིང་གཅིག་གི་རྒྱལ་པོ་དང། དབང་ཕྱུག་དང། བདག་པོ་བྱེད་པ་ཡང་མཆོག་ཏུ་བདེ་བ་དང་ཡིད་བདེ་བ་དང་ལྡན་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་ཅི་སྨོས་དེ་ནས་བཅོམ་ལྡན་འདས་ཀྱི་སེན་མོའི་རྩེ་མོར་རྡུལ་གཅིག་བསྣམས་ཏེ། དགེ་སློང་དེ་ལ་ཐོས་ཏེ་དགེ་སློང་འདི་ཇི། སྙམ་དུ་སེམས། ངའི་སེན་པོའི་རྩེ་མོ་ལ་ཡོད་པའི་རྡུལ་འདི་མང་ངམ། ས་ཆེན་པོ་ལ་གནས་པའི་རྡུལ་གང་མང། བཙུན་པ་སེན་མོའི་རྩེ་མོ་ལ་ཡོད་པའི་རྡུལ་འདི་ཉུང་ཞིང་རབ་ཏུ་ཉུང་བ་ཤིན་ཏུ་རབ་ཏུ་ཉུང་སྟེ། བཅོམ་ལྡན་འདས་ས་ཆེན་པོའི་རྡུལ་གྱི་དཔེར་ཡང་མི་འགྲོ་ལ། བརྒྱའི ཆར་ཡང། སྟོང་གི་ཆར་ཡང། བརྒྱ་སྟོང་གི་ཆར་ཡང་གྲངས་སུ་ཡང། བགྲང་བར་ཡང། དཔེར་ཡང། རྒྱུར་ཡང་ཉེ་བར་མི་འགྲོའོ། །དགེ་སློང་ཇི་ལྟར་སེན་མོའི་རྩེ་མོ་ལ་བརྟེན་པའི་རྡུལ་ས་ཆེན་པོ་ལ་བརྟེན་པའི་རྡུལ་གྱི་དཔེར་ཉེ་བར་མི་འགྲོ་ལ། བརྒྱའི་ཆར་ཡང། སྟོང་གི་ཆར ཡང། བརྒྱ་སྟོང་གི་ཆར་ཡང། གྲངས་སུ་ཡང། བགྲང་བར་ཡང། དཔེར་ཡང། རྒྱུར་ཡང་ཉེ་བར་མི་འགྲོ་བ་དེ་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ། གླིང་བཞི་དབང་ཕྱུག་དང། རྒྱལ་པོ་དང། བདག་པོ་བྱེད་པའི་བདེ་པ་དེ་ལྷའི་བདེ་བའི་དཔེར་ཡང མི་འགྲོ་ལ་བརྒྱའི་ཆར་ཡང། སྟོང་གི་ཆར་ཡང། བརྒྱ་སྟོང་གི་ཆར་ཡང། གྲངས་སུ་ཡང། བགྲང་བར་ཡང། དཔེར་ཡང། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རེག་པའི་སྐྱེ་མཆེད་དྲུག་ཅེས་བྱ་བའི་མཐོ་རིས་ཡོད་དེ། སྐྱེས་པའི་སེམས་ཅན་དེ་དག་མིག་གིས་གཟུགས གང་མཐོང་བ་ཡིད་དུ་འོང་བ་མཐོང་བར་འགྱུར་གྱི། ཡིད་དུ་མི་འོང་བ་མཐོང་བར་མི་འགྱུར་ལ། ཡིད་དགའ་བར་འགྱུར་གྱི་མི་དགའ་བར་མི་འགྱུར། དགའ་བའི་གཟུགས་སུ་འགྱུར་གྱི། མི་དགའ་བའི་གཟུགས་སུ་མི་འགྱུར། རབ་ཏུ་དགའ་བའི་གཟུགས་སུ་འགྱུར་གྱི་མི་དགའ་བའི གཟུགས་སུ་མི་འགྱུར་ཏེ། དེའི་རྒྱུས་གཅིག་ཏུ་བདེ་བ་དང་ཡིད་བདེ་བ་སོ་སོར་རིག་པར་འགྱུར་རོ། །རྣ་བས་སྒྲ་དང། སྣས་དྲི་དང། ལྕེས་རོ་དང། ལུས་ཀྱིས་རེག་བྱ་དང། ཡིད་ཀྱིས་ཆོས་རྣམ་པར་ཤེས་ན་ཡིད་དུ་འོང་བ་ཤེས་པར་འགྱུར་གྱི། ཡིད་དུ་མི་འོང་བ་མ་ཡིན་ལ། དགའ་བའི་གཟུགས སུ་འགྱུར་གྱི། མི་དགའ་བའི་གཟུགས་མ་ཡིན། རབ་ཏུ་དགའ་བའི་གཟུགས་སུ་འགྱུར་གྱི། རབ་ཏུ་མི་དགའ་བའི་གཟུགས་སུ་མ་ཡིན་ཏེ། དེའི་རྒྱུས་གཅིག་ཏུ་བདེ་བ་དང་ཡིད་བདེ་བ་སོ་སོར་མྱོང་བར་འགྱུར་རོ། །དགེ་སློང་གལ་ཏེ་མཁས་པའི་རང་བཞིན་ཅན་དེ་གནས་དེ་ལས་གལ ཏེ་འཆི་འཕོ་བ་ཞིང་འདིར་མི་རྣམས་དང་སྐལ་པ་མཉམ་པར་འོང་ན་ཡང་རིགས་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང། བདོག་པ་མང་བ་དང། རང་དབང་དང་བཅས་པར་འགྱུར་བ་དང། ནོར་དང་འབྲུ་དང། རིན་པོ་ཆེ་དང། གསེར་གྱི་མཛོད གང་བ་དང། བྲན་ཕོ་བྲན་མོ་དང་ལས་བྱེད་པའི་སྐྱེས་བུ་མང་བ་དང། གྲོགས་པོ་དང་མཛའ་བོ་དང་གཉེན་བཤེས་དང། སྣག་གི་གཉེན་མཚམས་མང་བར་འགྱུར་བ་དེ་ལྟ་བུ་དང་སྐལ་པ་མཉམ་པའི་རིགས་སུ་སྐྱེ་བར་འགྱུར་རོ། །ཐོབ་པ་རྙེད་དང་ལྡན་པའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཆོས་གཅིག་དང་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པའི་སྐལ་བ་མེད་དེ། འདི་ལྟ་སྟེ་མ་རྙེད་པའོ། །དགེ་སློང་དག་མ་རྙེད་པ་དང་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་བསྟེན་པའི་སྐལ་པ་མེད་དོ། །དགེ་སློང་དག་ཆོས གཅིག་དང་ལྡན་པ་དྲན་བ་ཉེ་བར་གཞག་པ་བཞི་སྒོམ་པའི་སྐལ་པ་ཡོད་དེ་རྙེད་པའོ། རྙེད་པ་དང་ལྡན་ན་དྲན་པ་ཉེ་བར་གཞག་པ་བཞི་བསྟེན་པའི་སྐལ་བ་ཡོད་དོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བརྒྱ་ལ་མི་རྣམས་དང་སྐལ་པ་མཉམ་པར་འདི་ལྟ་བུ ཉིད་དུ་འོང་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རེ་ཞིག་བྱིས་པ་དང་མཁས་པའི་མདོ་ལས་གོ་རིམ་ལས་ཟློག་སྟེ་གཉིས་པར་བཤད་པ་ལྟ་བུ་དང། དེའི་རྗེས་ཐོགས་ལ་ཚངས་པའི་དྲ་བའི་མིང་དེ་དང་དེ་ལས་འདོན་པ་ལྟ་བུའོ། །མདོ་ལས་སེམས་ཅན་དེ་དག་ཡུན རིང་པོར་འདུག་སྟེ་ཤེས་སྐྱེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕུང་པོའི་ཞབས་སུ་ཚངས་པའི་དྲ་བ་ལས་བཤད་པ་དང། མཛོད་ཀྱི་གནས་གསུམ་པར་ལྟ་བ་དྲུག་ཅུ་རྩ་གཉིས་ཇི་ལྟར་ཚངས་པའི་དྲ་བ་ལས་བཤད་པ་དེར་འདོན་པ་ལྟ་བུ་སྟེ། དགེ སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཛའ་ཨི་བསྐལ་བར་འདི་ལྟ་སྟེ་དངོས་པོ་གཉིས་པོ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ཞིང་རྒྱུ་མེད་པ་ལས་སྐྱེས་པར་སྨྲ་ཞིང་མངོན་པར་སྨྲ་བ་དག་ཡོད་དེ། དགེ་སྦྱོང་དང་བྲམ་ཟེ་དེ་དག་གང་ཞིག་རྟོགས་ཤིང་གང་ལ་བརྟེན་ནས འདི་ལྟ་སྟེ། དངོས་པོ་གཉིས་པོ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ཞིང་རྒྱུ་མེད་པ་ལ་སྐྱེ་བར་མངོན་པར་སྨྲ་ཞིང་སྨྲ་ཞེ་ན། དགེ་སློང་དག་གཟུགས་ཀྱི་ཁམས་ལ་འདུ་ཤེས་མེད་པའི་སེམས་ཅན་ཞེས་བྱ་བའི་ལྷ་ཡོད་དེ། ཡང་སེམས་ཅན་དེ་དག་འདུ་ཤེས་སྐྱེས་ནས་གནས་དེ ནས་འཆི་འཕོ་བར་འགྱུར་རོ། །དེ་ནས་སེམས་ཅན་གཞན་ཞིག་ཚེ་ཟད་དེ་ལས་ཟད་དེ་གནས་དེ་ནས་འཕོས་ཏེ་བརྒྱ་ལ་མི་རྣམས་དང་སྐལ་པ་མཉམ་པ་འདི་ལྟ་བུ་ཉིད་དུ་འོངས་ཏེ། ཆེར་སྐྱེས་ཤིང། དབང་པོ་ཡོངས་སུ་སྨིན་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་བགོས་ཤིང དད?་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་དགོན་པ་འམ་ཤིང་དྲུང་ངམ། ཁང་པ་སྟོང་པར་ཡོངས་སུ་གདུང་བའི་རྒྱུ་དང། སྤངས་པའི་རྒྱུ་དང། ལན་མང་དུ་བྱས་པའི་རྒྱུ་དང་ཡང་དག་པར་ཡིད་ལ་བྱས་པའི་རྒྱུས་ཇི་ལྟར་སེམས་མཉམ་པར་བཞག་པ སྔོན་གྱི་འདུ་ཤེས་རྗེས་སུ་དྲན་པ་སེམས་དེ་ལྟ་བུར་ཞི་བའི་ཏིང་ངེ་འཛིན་གྱིས་མཐོང་སྟེ། དེ་འདི་སྙམ་དུ་གྱུར་ཏེ། བདག་དང་འཇིག་རྟེན་འདི་ནི་རྒྱུ་མེད་པ་ལས་རབ་ཏུ་བྱུང་ལ། དེ་བཞིན་དུ་བདག་དང་འཇིག་རྟེན་འདི་ནི་རྒྱུ་མེད་པ་ལས་རབ་ཏུ་སྐྱེས་སོ། །བདག་སྔོན་མ་བྱུང་ལ ད་ལྟར་ཡང་དག་པར་བྱུང་ཞེས་དགེ་སློང་དང་པོའི་དངོས་པོ་གང་རྟོགས་ཤིང་གང་ལས་བརྟེན་ཅིང་གང་ཞིག་དམིགས་ནས་སྔོན་གྱི་མཛའ་ཨི་བསྐལ་པར་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་བྱུང་ཞིང། བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་སྐྱེས་སོ་ཞེས་མངོན་པར སྨྲ་ཞིང་མངོན་པར་སྨྲའོ། །རེ་ཞིག་སྐྱིལ་མོ་ཀྲུང་མི་བ་ཤིག་གོ་སྙམ་པའི་བསམ་པ་འདི་མི་ལྡང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ། དགེ་འདུན་དབྱེན་གྱི་གཞིའི་མདོ་དྲུབ་པའི་གཞི་ལས་འདི་ལྟར་འདོན་ཏེ། བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་ནག་པོས་ཡང་དག་པར་བསྟོད་ནས་རྡོ རྗེའི་གདན་དུ་མངོན་པར་ཕྱོགས་ཏེ་བཞུགས་ན་འདི་སྙམ་དུ་དགོངས་ཏེ། རྩཝ་བཏིང་བ་ལ་འདུག་པར་བྱའོ་ཞེས་རྟོག་ཅིང་རྩཝ་དགོས་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ཨི་ཐུགས་སེམས་ཀྱིས་ཤེས་ནས་སྤོས་ཀྱི་རི་ལས་རེག་ན་འཇམ་པའི་རྩཝ་ཁུང་དུ་བླངས་ཏེ བདག་ཉིད་རྩཝ་འཚོང་བཀྲ་ཤིས་ཀྱིས་གཟུགས་སུ་མངོན་པར་སྤྲུལ་ནས་བྱང་ཆུབ་སེམས་དཔའ་ཨི་མདུན་དུ་འདུག་གོ་། བྱང་ཆུབ་སེམས་དཔས་སྨྲས་པ། རབ་ཏུ་བཟང་པོའི་གདོང་ལ་བདག་ལ་རྩཝ་བྱིན་ཅིག་།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ཨི་ཞབས་ལ གཏུགས་ཏེ་གུས་པ་དང་བཅས་པས་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ས་རྩཝ་འཚོང་བཀྲ་ཤིས་ལས་རྩ་བླངས་ནས་ལྷས་བྱིན་གྱིས་བརླབས་པའི་ལམ་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་གཤེགས་སོ། །ཉེ་བར་གཤེགས་ནས། མ་འདྲེས་ཤིང་མ་འདྲེས་པའི་རྩཝའི སྟན་འདིང་བར་རྩོམ་པ་ན། དེ་ནས་རྩཝ་དེ་དག་མ་འདྲེས་པར་ལྷུང་བར་གྱུར་པ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ། ཇི་ལྟར་རྩཝ་འདི་དག་ལྷུང་བ་ལས་ན་བདག་ངེས་པར་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ། །དེ་ནས་རྡོ་རྗེའི་གནས་ན་ཀླུའི་རྒྱལ་པོ་ལྟར་སྐུ་བསྐྱིལ་ཏེ སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲང་ནས་དྲན་པ་ཉེ་བར་གཞག་པ་མངོན་དུ་ཕྱོགས་ཤིང་སེམས་བསྐྱེད་ཅིང་ཚིག་དུ་ཡང་བརྗོད་པ། ཇི་སྲིད་དུ་ཟག་པ་མེད་པ་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་འདི་མི་བཤིག་པར་བྱའོ་ཞེས་བརྗོད་དོ། །ཅི་འདི་དག་ལ་སྐྱེས་ནས་ཡོངས སུ་ཉམས་པ་ཡོད་དམ་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ལུང་བར་མ་འཆར་བྱེད་ཀྱི་མདོ་ལས་བདུན་པའི་མཛའ་ཨི་སྡོམ་གྱི་ཚིགས་སུ་བཅད་པའི་དང་པོར་འདི་ལྟར་འདོན་ཏེ། ཚེ་དང་ལྡན་པ་དག་འདི་ནི་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན་ཏིང་ངེ་འཛིན་ཕུན སུམ་ཚོགས་པ་ཡང་ཡིན་ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་ལ། དེ་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་ཡང་དག་པར་ཇི་ལྟ་བུ་བཞིན་རབ་ཏུ་ཤེས་སོ། །དེ་མཐོང་བའི་ཆོས་ཁོ ན་ལ་དང་པོར་ཉིད་དུ་ཀུན་ཤེས་པ་ཡང་ཐོབ་པར་མི་བྱེད་ཅིང། འཆི་བའི་དུས་ཀྱི་ཚེ་ཡང་མ་ཡིན་ལ་ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བའི་ལྷ་ལས་འདས་ཏེ། ཡིད་ལ་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེའི་ཚེ་ཚེ་དང་ལྡན་པ་འཆར་བྱེད་འཁོར་འདུས་པ་དེའི་ནང་ན་འདུག་པར་གྱུར་ཏེ། དེ་ནས་ཚེ་དང་ལྡན་པ་འཆར་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ འདི་སྐད་ཅེས་སྨྲས་སོ། །དགེ་སློང་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བ་འདི་ནི་གནས་མེད་ཅིང་ཡང་དག་པ་ཇི་ལྟ་བ བཞིན་ཤེས་པ་འདི་ནི་གནས་མེད་དོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་བདག་གིས་བཤད་པ་ལ་དགེ་སློང་འདི་ལན་གསུམ་གྱི་བར་དུ་ཕྱིར་ཟློག་པར་བྱེད་ཁྲོ་བར་བྱེད་ཅིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས ཀྱང་བདག་གི་བཤད་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་པས་ན། བདག་བཅོམ་ལྡན་འདས་གང་ན་བ་དེར་འགྲོ་བར་བྱའོ་སྙམ་དུ་སེམས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས ལ?་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་ཞེས་བས་ནས་ཚེ་དང་ལྡན་པ་འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡིན། ཤེས་རབ་ཕུན སུམ་ཚོགས་པ་ཡང་ཡིན་ལ། དེ་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་དེའི་ཚེ་དེའི་དུས་ན་ཚེ་དང་ལྡན་པ་འཆར་བྱེད་འཁོར་དེའི་ནང་ན འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་འཆར་བྱེད་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་ཚོར་བ་དང་འགོག་པ་ལ་སྙོམས་པར འཇུག་པ་དང་ལྡན་པ་འདི་ནི་གནས་མེད་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འདི་ནི་གནས་མེད་དོ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་སྟོན་པའི་མདུན་དུ་ཡང་བདག་གིས་བཤད་པ་ལ་དགེ་སློང་འདི་ཕྱིར་ཟློག་པར་བྱེད་ཁོང་ཁྲོ་བར བྱེད་ཅིང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱང་བདག་གིས་བཤད་པ་ལ་རྗེས་སུ་ཡི་རང་བར་མི་བྱེད་པས་བདག་ཅང་མི་སྨྲ་བར་བྱའོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཅར་མི་སྨྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་ལ་བོས་ཏེ། འཆར་བྱེད ཁྱོད་ཀྱིས་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་གང་ཡིན་པར་ཤེས། བཙུན་པ་ཇི་སྲིད་གཟུགས་ཅན་མ་ཡིན་པ་ལྷ་འདུ་ཤེས་ཅན་དེ་དག་མ་ལེགས་སམ། སྐྱེས་བུ་རྨོངས་པ་ལོང་བ་ཁྱོད་མིག་ལྡན་པ་དགེ་སློང་ཤཱ་རིའི་བུ་དང་ལྷན་ཅིག་ཆོས་མངོན་པ་དང་འདུལ་བའི་གཏམ བྱ་བར་སེམས་སམ་ཞེས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་ལ་མངོན་སུམ་དུ་སྤྱོས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བོས་ཏེ། ཀུན་དགའ་བོ་ཁྱོད་ཀྱང་དགེ་སློང་གནས་བརྟན་རྣམས་ལ་རྣམ་པར་གཅོས་པ་བཏང་སྙོམས་སུ་བྱེད་དམ། སྐྱེས་བུ་ཆེན་པོ་དགེ སློང་གནས་བརྟན་གཙེས་པ་ལ་སྙིང་རྗེ་ཡང་མ་སྐྱེས་སམ་ཞེས་དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་བྱེད་དང། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་མངོན་སུམ་དུ་སྤྱོས་ན། དགེ་སློང་རྣམས་ལ་བོས་ཏེ། འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་ལ་དེ་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྔད?་པའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་མཐོང བའི་ཆོས་ཁོ་ན་ལ་དང་པོ་ཉིད་དུ་ཀུན་ཤེས་པ་ཐོབ་པར་ཡང་མི་བྱེད་ཅིང་འཆི་བའི་དུས་ཀྱི་ཚེ་ཡང་ཡིན་ལ། ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བ་རི?་ལྷ་ལས་འདས་ཏེ་ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་ཡང་དང་ཡང དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དེ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་གི་ཕྱིར་གདན་ལས་བཞེངས་ཏེ་གཙུག་ལག་ཁང་དུ་ཞུགས་སོ མདོ་ལས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ནི་དགུ་པོ་འདི་རྣམས་ཏེ། འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས ལས་དཔེ་ན་བ། རྟོག་པ་དང་བཅས་པ་དང་དཔྱོད་པ་དང་བཅས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་སྒྲུབས་ཤིང་གནས་ཏེ། འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་པོའོ། །དེ་རྟོག་པ་དང་དཔྱོད་པ་ཉེ་བར ཞི་ནས་ནད་ཡོངས་སུ་དར་སྟེ། སེམས་གཅིག་ཏུ་གྱུར་ནས་རྟོག་པ་དང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་པའི་གནས་ཏེ། འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་གཉིས་པའོ།། དེ་དགའ་བ་ལ་འདོད་ཆགས་དང་བྲལ་ནས། བཏང་སྙོམས་སུ་གནས་ཏེ། དྲན་པ་དང་ཤེས་བཞིན་ཅན་བདེ་བ་ལུས་ཀྱིས་སོ་སོར་མྱོང་ལ་གང་འཕགས་པ་རྣམས་ཀྱིས་བཏང་སྙོམས་པའོ་ཞེས་བརྗོད་པ་དྲན་པ་ཅན་བདེ་བ་དང་ལྡན་པ་བསམ་གཏན་གསུམ་པ་ཉེ་བར་སྒྲུབས ཏེ་གནས་ཏེ། འདིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་གསུམ་པའོ། །དེ་བདེ་བ་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔར་ཉིད་དུ་ནུབ་ཅིང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བཏང་སྙོམས་ཡོངས་སུ་དག་པའི་བསམ་གཏན བཞི་པ་ཉེ་བར་སྒྲུབས་ཏེ་གནས་སོ། །འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་ནུབ་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཛའ་ཡས་སོ་ཞེས ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཉེ་བར་སྒྲུབས་ཏེ་གནས་པ་འདི་ནི་ལྔ་པའོ། །དེ་ནས་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེད་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཛའ་ཡས་སོ་ཞེས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་དྲུག་པའོ། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་ནི་ཡང་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་བརྒྱད་པའོ དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་དགུ་པ་སྟེ། འདི་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པའོ། ཞེས་བཀའ་ སྩལ་ཏོ། ། །།གསུམ་འདུས་པའི་རེག་པ་དང། རེག་པ་ལས་བྱུང་པའི་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རེ་ཞིག་མཛོད་ཀྱི་གནས་དང་པོར་ལག་པ་བརྟགས་པའི་དཔེའི་མདོ་དེ་དང་དེ་ལས་འདོན་པ་བཞིན་ནོ། །མ་རིག་པའི་འདུས་ཏེ་རེག་པ་ལས་བརྟེན་ཏེ་སྐྱེས བ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཉན་ཡོད་དུ་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་མཛད་ནས། གསོལ་ཟིན་པའི་འོག་ཏུ་ལྷུང བཟེད་རྒྱུ?་སྟེ། དགེ་སློང་གི་དགེ་འདུན་གྱིས་མ་མཐོང་ཞིང་ཉེ་བར་གནས་པའི་དགེ་སློང་ལ་མ་སྦྲན་པར་ཚེས་གོས་དང་ལྷུང་བཟེད་བསྣམས་ཏེ། ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཨན་དྲཝའི་ཚལ་གང་ན་བ་དེར་གཤེགས་སོ། །དགེ་སློང་གཞན་ཞིག་ཨན་དྲའི་ཚལ ན་གནས་ཤིང་འགྲོ་བ་དེས་བཅོམ་ལྡན་འདས་གཅིག་པུ་གཉིས་སུ་མེད་པ་ཉེ་བར་གནས་པ་མེད་པ་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཨན་དྲའི་ཚལ་དུ་བྱོན་ཏེ་ཨ་མྲའི་ཚལ་དུ་ཞུགས་པ་མཐོང་ངོ། །མཐོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གང ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ཀྱིས་ཤེས་སམ། འདི་ན་བདག་ཨན་དྲའི་ཚལ་གནས་ཤིང་འགྲོ་བ་ན་བཅོམ་ལྡན་འདས་གཅིག་པུ་གཉིས་སུ་མེད་པ་ཉེ་བར་གནས་པ་མེད་པར་ཆོས གོས་དང་ལྷུང་བཟེད་བསྣམས་ཏེ། ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཨན་དྲའི་ཚལ་དུ་བྱོན་ཏེ་ཨ་མྲའི་ཚལ་དུ་བཞུགས་པ་མཐོང་ངོ། །དགེ་སློང་གང་གི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་མ་མཐོང་ཞིང་ཉེ་བར་གནས་པའི་དགེ་སློང་ལ་མ་སྦྲན་པར་ཆོས་གོས་དང་ལྷུང བཟེད་བསྣམས་ཏེ་གཤེགས་པ་དེའི་ཚེ་ན་དགེ་སློང་སུ་ཡང་བཅོམ་ལྡན་འདས་ཀྱི་ཞབས་ནས་མི་འབྲེད་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་དུས་ན་བཅོམ་ལྡན་འདས་ཐུགས་ལས་ཆུང་ངུར་བཞུགས་ཤིང་ཐུགས་ལས་བསྐྱུངས་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བྱང་ཕྱོགས ཀྱི་ལྔ་ལེན་དུ་ལྗོངས་རྒྱུ་ཞིང་གཤེགས་ཏེ། ཤིང་སཱ་ལ་བཟང་པོ་གཞན་ཞིག་གི་དྲུང་དུ་བསྟེན་ཏེ་བཞུགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང?་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བཞུགས་པ་ཐོས་སམ། ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ནུབ་ཕྱོགས་སུ་ལྗོངས་རྒྱུ་ཞིང་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཤིང་སཱ་ལ་བཟང་པོའི་དྲུང་ན་བཞུགས་སོ་ཞེས་ཐོས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ མི་ཤེས་སམ། བདག་ཅག་ཡུན་རིང་པོར་བཅོམ་ལྡན་འདས་མཐོང་བར་འདོད་པས་སྒོམ་པས་གདུངས་ཏེ། བདག་ཅག་བཅོམ་ལྡན་འདས་མཐོང་ཞིང་བལྟ་བར་འདོད་པས། ཚེ་དང་ལྡན་པ་ཀུན་དགའ་བོ་གལ་ཏེ་ཁྱོད་ལ་མི་གནོད་ན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འགྲོ་བས་ཐུགས བརྩེ་བར་མཛད་དུ་གསོལ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རབ་ཏུ་མང་བོ་དེ་དག་ལ་ཅད་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དགེ་སློང་རབ་ཏུ་མང་པོ་དེ་དག་དེ་ཉིད་ཀྱི་མཚན་མོ་འདས་པ་དང། སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས ཏེ་བསོད་སྙོམས་ཀྱི་ཕྱིར་མཉན་ཡོང་དུ་ཞུགས་ཏེ། བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཟོས་པའི་འོག་ཏུ་ལྷུང་བཟེད་གྱུར་ཏེ། ཇི་ལྟར་ལོངས་སུ་སྤྱོད་པའི་མལ་ཆ་དག་བསྡུས་ཏེ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། ལྗོངས་རྒྱུ་ཞིང་ཨན་དྲའི་ཚལ་གང་ན་བ་དེར་སོང་ངོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང། དགེ་སློང་རབ་ཏུ་མང་པོ་དག་བྱང་ཕྱོགས་ཀྱི་ལྔ་ལེན་དུ་ལྗོངས་རྒྱུ་ཞིང་པ་ཏ་ལའི་ཚལ་གང་ན་བ་དེར་ཕྱིན་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང། དགེ་སློང་རབ་ཏུ་མང་པོ་དེ་དག་ཆོས་གོས་དང་ལྷུང་བཟེད་ཕྱོགས་གཅིག་ཏུ བཞག་ནས་རྐྱད?་པ་བཀྲུས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། ཉེ་བར་སོང?་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི གཏམ་གྱིས་ཡང་དག་བར་བསྟན། ཡང་དག་པར་བགོད། ཡང་དག་པར་བཙུད། ཡང་དག་པར་དགའ་བར་བྱས་སོ། །དེ་ནས་དགེ་སློང་གཞན་ཞིག་འཁོར་དེས་ན་ཚོགས་ཤིང་འདུས་པ་དེ་འདི་ལྟ་བུའི་སེམས་ལ་སེམས་ཀྱི་རྗེས་སུ་རྟོག་པ་སྐྱེས་ཏེ། ཇི་ལྟར་ཤེས་ཤིང་ཇི་ལྟར མཐོང་བའི་རྗེས་ལ་ཟག་པ་ཐམས་ཅད་ཟད་བར་འགྱུར་སྙམ་མོ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་དགེ་སློང་དེ་དག་ལ་པོས་ཏེ། དགེ་སློང་དག་ལས་ཏེ་འཁོར་འདིར་འདུས་ཤིང་ཚོགས་ཏེ་འདུག་པའི་རིགས་ཀྱི་བུ་འབའ་ཞིག ལ་འདི་ལྟ་བུའི་སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་སྐྱེ་བའི་གནས་ཡོད་ཅིང་གོ་སྐབས་ཡོད་དེ། ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་བའི་རྗེས་དེ་ལ་ཟག་པ་ཟད་པར་འགྱུར་ཞེས་བྱ་བའོ། །ངས་ཁྱེད་ལ་ཕུང་པོ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་བཤད བར་བྱ་སྟེ། འདི་ལྟ་སྟེ་དྲན་པ་ཉེ་བར་གཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་དེ། དགེ་སློང་དག་དེ་ལྟར་ངས?་ཕུང པོ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཆོས་བསྟན་ཏོ། །ཅི་སྟེ་ཡང་རིགས་ཀྱི་བུ་འདུན་པ་དྲག་པོ་མ་ཡིན་པ་དང། གདུང་བ་དྲག་པོ་མ་ཡིན་པ་དང། དགའ་བ་དྲག་པོ་མ་ཡིན་པ་དང། དང་པ་དྲག་པོ་མ་ཡིན་ན་མྱུར་བ་མ་ཡིན་པར་འདི་ལྟ་སྟེ། ཟག་པ་ཐམས་ཅད་ཟད་པ བླ་ན་མེད་པ་རྗེས་སུ་འཐོབ་པར་འགྱུར་རོ། །དགེ་སློང་དག་དེ་ལྟར་ངས་ཕུང་པོ་རབ་ཏུ་འབྱེད་པ་ཞེས་བྱ་བའི་ཆོས་བསྟན་པ་དེ་ལ་ཅི་སྟེ་རིགས་ཀྱི་བུ་འདུན་པ་དྲག་པོ་དང། གདུང་བ་དྲག་པོ་དང། དགའ་བ་དྲག་པོ་དང། དད་པ་དྲག་པོ་ཡོད་ན་མྱུར་དུ་འདི་ལྟ་སྟེ། ཟག་པ ཐམས་ཅད་ཟད་པ་བླ་ན་མེད་པ་རྗེས་སུ་འཐོབ་པར་འགྱུར་རོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་གཟུགས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་སྟེ། དེའི་ཡང་དག་པར་མཐོང་བ་དེ་ནི་འདུས་བྱས་ཏེ། དགེ་སློང་དུ་བྱེད་གང?་གི་རྒྱུ ཅན་དང། གང་ལས་ཡང་དག་པར་བྱུང་བ་དང། གང་ལས་སྐྱེས་པ་དང། གང་ལས་རབ་ཏུ་བྱུང་ཞེ་ན། དགེ་སློང་དག་མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང། ལས་ལ་བརྟེན་ཏེ་སྲེད་པ་དང། དེ་ལས་བྱུང་བའི་འདུ་བྱེད་རྣམས་འབྱུང་ངོ། །དགེ་སློང་དག སྲེད་པ་གང་གི་རྒྱུ་ཅན་དང། གང་ལས་ཡང་དག་པར་བྱུང་བ་དང། གང་ལས་སྐྱེ་བ་དང། གང་ལས་རབ་ཏུ་བྱུང་ཞེ་ན། དགེ་སློང་དག་སྲིད་པ་ནི་ཚོར་བའི་རྒྱུ་ཅན། ཚོར་བ་ལས་ཡང་དག་པར་བྱུང་བ་དང། ཚོར་བ་ལས་སྐྱེས་པ་དང། ཚོར་བ་ལས་རབ་ཏུ་བྱུང་བའོ། །དགེ་སློང དག་ཚོར་བ་གང་གི་རྒྱུ་ཅན་དང། གང་ལས་ཡང་དག་པར་བྱུང་བ། གང་ལས་སྐྱེས་པ། གང་ལས་ཡང་དག་པར་བྱུང་ཞེ་ན། དགེ་སློང་དག་ཚོར་བ་ནི་རེག་བའི་རྒྱུ་ཅན། རེག་པ་ལས་ཡང་དག་པར་བྱུང་བ། རེག་པ་ལས་སྐྱེས་པ་རིག་པ་ལས་བྱུང་བའོ། །དགེ་སློང་དག་རེག་པ་གང་གི་རྒྱུ་ཅན དང། གང་ལས་ཡང་དག་པར་བྱུང་བ་དང། གང་ལ་སྐྱེས་པ་དང། གང་ལས་ཡང་དག་པར་བྱུང་ཞེ་ན། དགེ་སློང་དག་རེག་པ་ནི་སྐྱེ་མཆེད་དྲུག་གི་རྒྱུ་ཅན་དང། སྐྱེ་མཆེད་དྲུག་ལས་ཡང་དག་པར་བྱུང་བ། སྐྱེ་མཆེད་དྲུག་ལས་སྐྱེས་པ། སྐྱེ་མཆེད་དྲུག་ལས་རབ་ཏུ་བྱུང་བའོ། །དགེ་སློང་དག ལས་སྐྱེ་མཆེད་དྲུག་དང། མིང་དང་གཟུགས་ནི་མི་རྟག་པ་དང་འདུ་བྱས་པ་སེམས་ལས་བྱུང་བ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའོ། །རེག་བ་དང། ཚོར་བ་དང། སྲེད་པ་དང། འདུས་བྱས་ཀྱང་མི་རྟག་པ་དང། འདུས་བྱས་པ་དང། སེམས་ལས་བྱུང་བ་དང། རྟེན་ཅིང་འབྲེལ པར་འབྱུང་བར་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་ལ་གཟུགས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། བདག་གཟུགས་དང་ལྡན་ནོ། །ཞེས་ཡང་དག་པར་རྗེས་སུ་མཐོང་དོ། །དེ་བདག་གཟུགས་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། བདག ལ་གཟུགས་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་བདག་ལ་གཟུགས་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་གཟུགས་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་གཟུགས་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ཚོར་བ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་དོ། །དེ་བདག་ཚོར་བ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི འོན་ཀྱང་བདག་ལ་ཚོར་བ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་བདག་ལ་ཚོར་བ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་ཚོར་བ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་ཚོར་བ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ མི་མཐོང་མོད་ཀྱི། འོན་ཀྱང་འདུ་ཤེས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་འདུ་ཤེས་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་འདུ་ཤེས་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་བདག་འདུ་ཤེས དང་ལྡན་ནོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ལ་འདུ་ཤེས་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་བདག་ལ་འདུ་ཤེས་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་འདུ་ཤེས་ལ་བདག་ཡོད་དོ་ཡང་དག་པར་རྗེས་སུ་མཐོང ངོ། །འདུ་ཤེས་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི་།འོན་ཀྱང་འདུ་བྱེད་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་འདུ་བྱེད་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་འདུ་བྱེད་དང་ལྡན་ནོ་ཞེས་ཡང་དག པ་རྗེས་སུ་མཐོང་ངོ། །དེ་བདག་འདུ་བྱེད་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ལ་འདུ་བྱེད་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་བདག་ལ་འདུ་བྱེད་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་འདུ་བྱེད་ལ་བདག ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་འདུ་བྱེད་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་རྣམ་པར་ཤེས་པ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་རྣམ་པར་ཤེས་པ་བདག་ཡིན་ནོ། །ཞེས་ཡང་དག་པར་རྗེས་སུ་མི་མཐོང མོད་ཀྱི། འོན་ཀྱང་བདག་རྣམ་པར་ཤེས་པ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་བདག་རྣམ་པར་ཤེས་པ་དང་ལྡན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ལ་རྣམ་པར་ཤེས་པ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ།། དེ་བདག་ལ་རྣམ་པར་ཤེས་པ་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་རྣམ་པར་ཤེས་པ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་ངོ། །དེ་རྣམ་པར་ཤེས་པ་ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང ཆད་བར་ལྟ་བ་དང། མེད་པར་ལྟ་བར་འགྱུར་རོ། །དེ་ཆད་པར་ལྟ་བ་དང་མེད་པར་ལྟ་བར་མི་འགྱུར་གྱི། འོན་ཀྱང་དོགས་པ་དང་སོམ་ཉི་དང་བཅས་པར་འགྱུར་རོ། །དེ་དོགས་པ་དང་སུ་མ་ཉི་དང་བཅས་པར་མི་འགྱུར་གྱི། འོན་ཀྱང་འདི་ནི་དེའི་བདག་ཡིན་ནོ་ཞེས་འདི་ནི་དེའི་བདག་ཏུ་ཡང་དག་པར་རྗེས མཐོང་བ་དང། དེའི་བདག་ཏུ་རྟོག་པར་གྱུར་ཏེ། འདི་ནི་ངའི?་བདག་གི་ཞེས་ཡང་དག་པར་རྗེས་སུ་མཐོང་བ་དེ་ཡང་འདུས་བྱས་ཏེ། དགེ་སློང་དག་འདུས་བྱས་ཏེ་དག་རྒྱུ་གང་ལས་བྱུང། གང་ལས་ཡང་དག་པར་བྱུང་ཞེས་སྔ་མ་བཞིན་དུ་རྟེན་ཅིང་འབྱུང་བའི་བར་དུའོ། །སློང་དག་འདི་ལྟར་ཞེས བཞིན་འདི་ལྟར་མཐོང་བའི་རྗེས་ཐོགས་སུ་ཟག་པ་ཐམས་ཅད་ཟད་པར་འགྱུར་རོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། །གཟུགས་རྟག་པ་འམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་སྡུག་བསྔལ་བ་འམ་སྡུག་བསྔལ་བ་མ་ཡིན། བཙུན་པ་སྡུག བསྔལ་བ་ལགས་སོ། །གང་ཡང་མི་རྟག་བ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་དེ་དག་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དང། ལྡན་པ་བདག་ཏུ་ཉེ་བར་རྟོག་པ་དང། འདི་ནི་ངའི?་བདག་ཡིན་ནོ་ཞེས་རྟོག་གམ། བཙུན་པ་མ་ལགས་སོ། །དགེ་སློང་དག་འདི་ཇི སྙམ་དུ་སེམས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང་རྣམ་པར་ཤེས་པ་བརྟག་པ་འམ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྟོག་གམ་ཞེས་བྱ་བའི་བར་དུའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་རབ་ཏུ་མང་པོ་དེ་དག་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས སེམས་རྣམ་པར་གྲོལ་ལོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་དྲོད་དང་རྣམ་ཤེས་འདིས་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་བཤད་པ་རྒྱས་པར་དགེ་སློང་མ་ཆོས་སྦྱིན་མདོ་ལས་བལྟ་བར་བྱའོ།། །།མདོ་ལས་ལུས་ཐོབ་པའི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། གླེང གཞི་ནི་མཉམ་དུ་ཡོད་པ་ན་ལོ། ལུས་ཐོབ་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། ལུས་ཐོབ་པ་གང་ཞིག་བདག་ཉིད་འཆི་བར་འགྱུར་གྱིས་གསོད་པ་མ་ཡིན་པ་ཡང་ཡོད། ལུས་ཐོབ་པ་གང་ཞིག་གཞན་གྱིས་གསོད་ཀྱི་བདག་ཉིད་འཆི་བ་མ་ཡིན་པ་ཡང་ཡོད། ལུས་ཐོབ་པ་གང ཞིག་རང་ཉིད་འཆི་ཞིང་གཞན་གྱིས་ཀྱང་གསོད་བ་ཡང་ཡོད། ལུས་ཐོབ་པ་གང་ཞིག་བདག་ཉིད་ཀྱང་མི་འཆི་ལ་གཞན་གྱིས་ཀྱང་མོ་གསོད?་པ་ཡང་ཡོད་དེའི་དུས་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་འཁོར་འདུས་པ་ངའི་ནང?་ན་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་ལ་ལུས་ཐོབ་པ་གང་ཞིག་བདག་ཉིད་འཆི་བར་འགྱུར་གྱི། གཞན་གྱིས་གསོད་པ་མ་ཡིན པ་ནི་བདག་ཉིད་ཀྱི་རྐྱེན་གྱིས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་བ་རྣམས་སོ། །ལུས་ཐོབ་པ་གང་ཞིག་གཞན་གྱིས་གསོད་ཀྱིས། བདག་ཉིད་འཆི་བ་མ་ཡིན་པ་ནི་གཞན་གྱི་རྐྱེན་གྱིས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་བ་རྣམས་སོ། །ལུས་ཐོབ་པ གང་ཞིག་བདག་ཉིད་ཀྱང་འཆི་ཞིང་གཞན་གྱིས་ཀྱང་གསོད་པ་ནི་བདག་ཉིད་དང་གཞན་གྱི་རྐྱེན་གྱིས་གནས་དེ་ནས་འཆི་འཕོ་བར་འགྱུར་བ་རྣམས་སོ། །བཙུན་པ་དེ་ལ་ལུས་ཐོབ་པ་གང་ཞིག་བདག་ཉིད་ཀྱང་མི་འཆིལ?་གཞན་གྱིས་ཀྱང་མི་གསོད་པའི་སེམས་ཅན་དེ་དག་གང་དུ་བལྟ་བར བགྱི། ཤཱ་རིའི་བུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སོ། །བཙུན་པ་སེམས་ཅན་དེ་དག་ཐམས་ཅད་བདག་ཉིད་གནས་དེ་ནས་འཆི་འཕོ་བར་འགྱུར་རམ་འོན་ཏེ་ཁ་ཅིག། ཤཱ་རིའི་བུ་སེམས་ཅན་དེ་དག་ལས་ཁ་ཅིག་ནི་བདག་ཉིད་གནས་དེ་ནས་འཆི་འཕོ་བར འགྱུར་ལ། དེ་དག་ལས་ཁ་ཅིག་ནི་འདི་ལྟར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །བཙུན་པ་ཅིའི་རྐྱེན་གྱིས་སེམས་ཅན་དེ་དག་ལས་ཁ་ཅིག་ནི་བདག་ཉིད་གནས་ད་ནས་འཆི་འཕོ་བར་འགྱུར་ལ། དེ་དག་ལས་ཁ་ཅིག་ནི་འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། ཤཱ་རིའི བུ་འདི་ན་ཁ་ཅིག་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་ཤིང། དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་རོ་མྱོང་ཞིང་ངེས་པ་དང བཅས་པ་དང་ཞེན་པ་དང་ལྷག་པར་ཞེན་ཅིང་གནས་ཏེ། དེ་བླ་མ་དང་ངེས་པར་འབྱུང་བ་དང། འདི་ཉིད་བླ་ན་མེད་པ་དང་ངེས་པར་འབྱུང་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ལུས་ཞིག་པའི་འོག་ཏུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་དང་སྐལ་པ མཉམ་པར་སྐྱེ་བར་འགྱུར་རོ། །དེར་ཇི་སྲིད་དུ་ཚོའི་ཚང་ཡོད་པར་གནས་ཏེ། ཇི་སྲིད་དུ་ཚེ་གནས་པའི་འདུ་བྱེད་དེ་དག་ཡོངས་སུ་ཟད་པ་དང་གནས་དེ་ནས་ཡོངས་སུ་འཆི་འདོད་བར་འགྱུར་རོ། །ཤཱ་རིའི་བུ་འདི་ན་ཁ་ཅིག་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་ཤིང་དེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་རོ་མི་མྱོང་ཞིང་ངེས་པར་མི་བྱེད་ལམ་ཞེན་ཅིང་ལྷག་པར་མ་ཞེན་པར་གནས་ལ་བླ་མ་དང་བཅས་པ་དང། ངེས་པར་འབྱུང་བ་མ་ཡིན་པའོ ཞེས་ཡང་དག་པའི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། ལུས་ཞིག་པའི་འོག་ཏུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་དང་སྐལ་པ་སྙམ་པར་སྐྱེ་བར་འགྱུར་རོ། །དེ་དེར་ཚོའི་ཚད་ཇི་སྲིད་པར་གནས་ཏེ། ཇི་སྲིད་དུ་ཚེ་གནས་པའི་འདུ་ཤེས་དེ་དག་ཟད་པ་དང་དེ་བཞིན་དུ དེ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །ཤཱ་རིའི་བུ་འདིའི་རྒྱུ་དང་འདིའི་རྐྱེན་གྱིས་སེམས་ཅན་དེ་དག་ལས་ཁ་ཅིག་གི་བདག་ཉིད་གནས་དེ་ནས་འཆི་བར་འགྱུར་ལ། སེམས་ཅན་དེ་དག་ལས་ཁ་ཅིག་ནི་འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བཀའ་སྩལ ཏོ། ། །།རྩེད་མོས་མྱོས་པ་རྣམས་དང་ཡིད་རབ་ཏུ་འཁྲུགས་པ་རྣམས་ཞེས་བྱ་བ་ལ། དགེ་སློང་དག་འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་པ་ཞེས་བྱ་བ་ཡོད་དེ། དེ་དག་གི་དུས་ན་རྩེད་མོའི་དགའ་བ་དང་ལྡན་ཞིང་གནས་པ་དེ་དག་རྩེད་མོའི་དགའ་བ་མང་པོ་དང་ལྡན་ཞིང གནས་པས་ལུས་ངལ་བ་དང་དྲན་པ་ཉམས་པར་འགྱུར་ཞེས་དྲན་པ་ཡང་དག་པར་ཉམས་པས་སེམས་ཅན་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་རོ། །དགེ་སློང་དག་འདོད་པའི་ཁམས་ན་ཡང་རབ་ཏུ་འཁྲུག་པ་པ་ཞེས་བྱ་བའི་ལྷ་ཡོད་དེ། དེ་དག་གང་གི་ཚེ་མིག་གིས་མིག་ཚུག སུ་མང?་དུ་བལྟ་བར་འགྱུར་ཏེ། དེ་དག་ནི་མིག་གིས་མིག་ཚུགས་སུ་ལྟ་བ་ན་ཡིད་རབ་ཏུ་འཁྲུག་པར་འགྱུར་རོ། །དེ་དག་ཡིད་རབ་ཏུ་འཁྲུགས་པས་གནས་དེ་ནས་འཆི་འཕོ་བར་འགྱུར་ཞེས་མཛོད་ཀྱི་གནས་གསུམ་པར་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོར་ཚངས་པའི དྲ་བ་ལས་བཤད་པར་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་ཡང་ཡིན་པར་བརྗོད་པར་བྱ་ཞེས་བྱ་ལ། ཇི་སྐད་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་སྲོག་གི་འདུ་བྱེད་བཏང་ངོ་ཞེས་དབང་པོའི་སྐབས་སུ་སྲོག་ནི རྣམ་སྨིན་ཞེས་བྱ་བ་དེར་བྲིས་པ་བཞིན་ནོ། །སྐུ་ཚེའི་སུམ་ཚ་བཏང་ནས་ཡོངས་སུ་མྱ་ངན་ལས་འདའ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཡིན་ནོ། །སྟོན་པ་ནི་དུག་དང་མཚོན་དང་མཚོན་ཆ་དང་སྔགས་དང་འཁྲུལ་དང་གནོད་པའི་ཐབས་རྣམ་པ་སྣ་ཚོགས་དང། ལྷ་དང་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱིས་ཀྱང་བཀྲོངས་པར་མི་ནུས་པ་འདི་ནི་ཆོས་ཉིད་ཡིན་ནོ། །མཐོང་བའི་ལམ་དང་ཞེས་བྱ་བ་ལ། རྣམ་པར་འབྱེད་པའི་མདོའི་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་ཕུང་པོ་ལས་བསླབ་པའི་སྡོམ་རབ་ཏུ་དགའ་བའི་ཆེད་དུ་བརྗོད་བ་རྣམ་པར འབྱེད་པ་ལས་ཇི་སྐད་དུ་དགེ་སློང་དག་ཆོས་འདི་ལ་ཤེས་རབ་ཆུང་ངུས་བསྒོམ་པར་བཟོད་པ་ནི་དང་པའི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ས་ནོན་ཅིང་སོ་སོའི་སྐྱེ་བོའི་ས་ལས་རྣམ་པར་འདས་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཐོབ་པར་བར་མ་དོར་མི་འཆིའོ།། དགེ་སློང་དག་ཆོས་འདི་ལ་ཤེས་རབ་ཆུང་ངུས་བསྒོམ་པར་བཟོད་པ་ནི་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། ཡང་དག་པ་ཉིད་དུ་ངེས་པའི་ས་ནོན་ཅིང་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མ་ཐོབ་པར་བར་མ་དོར་མི་མཆིའོ་ཞེས་བྱ་བའི་བར་དུའོ། །མདོ་འདི ཡང་མཛོད་ཀྱི་གནས་དང་པོར། འདུ་བྱེད་ཕུང་པོ་བཞི་ལས་གཞན་ཞེས་བྱ་བར་བཅོམ་ལྡན་འདས་ཀྱི་མདོ་དྲུག་བ་ལས་ཇི་སྐད་དུ་བཤད་པར་དེས་བྲིས་པ་བཞིན་ནོ།། །།བྱམས་པ་ལ་སྙོམས་པར་ཞུགས་པ་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་བད་ས་ལའི་རྒྱལ་པོ འཆར་བྱེད་ཀྱི་བཙུན་མོ་དཔེ་མེད་མ་དང་སྔོ་བསངས་མ་མི་མཐུན་པར་སྔོ་བསངས་མ་ལ་རབ་ཏུ་ཁྲོས་སོ། ། །།འཇིག་རྟེན་ན་མཛའ་བ་དང་མི་མཛའ་བ་དང་བར་མ་དག་ཡོད་པས་ཁ་ཅིག་ཁྱེད་ལ་ལྷ་ཁྲོས་སོ་ཞེས་སྔོ་བསངས་མ་ལ་སྨྲས་སོ། །སྔོ་བསངས་མས་རང་གི་འཁོར་རྣམས་ལ བོས་ཏེ། སྲིད་མོ་དག་བདག་ཅག་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་དེ་ཐམས་ཅད་བྱམས་པ་ལ་སྙོམས་པར་ཞུགས་པ་དང། བད་སའི་རྒྱལ་པོ་འཆར་བྱེད་ཀྱིས་གཞུ་བཀང་ནས་མངའ་འཕངས་སོ། །མངའ་དེ་ལམ་ཕྱེད་དུ་ཕྱིན་པ་དང་ས་ལ་ལྟུང་བར་གྱུར་ཏོ། །ཡང གཉིས་པ་བཀང་བ་དང་སྔོ་བསངས་མས་སྨྲས་པ། ལྷ་མ་འཕེན?་མཛོད་རྣམ་པ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་འཕོག་པར་མི་འགྱུར་རོ། །རྒྱལ་པོས་སྨྲས་གཅི་ཁྱོད་ལྷ་མོ་འམ། ཀླུ་མོ་འམ། གནོད་སྦྱིན་མོ་འམ། དྲི་ཟ་མོ་འམ། མི་འམ་ཅི་མོ་འམ། ལྟོ་འཕྱེ་ཆེན་མོ?་ཞིག?་ཡིན་ནམ། བདག ལྷ་མོ་ཡང་མ་ཡིན། ཀླུ་མོ་དང། གནོད་སྦྱིན་མོ་དང། དྲི་ཟ་མོ་དང། མི་འམ་ཅི་མོ་དང། ལྟོ་འཕྱེ་ཆེན་མོ་མ་ཡིན་གྱི། འོན་ཀྱང་བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཕྱིར་མི་འོང་བ་ཡིན་ནོ་ཞེས་རྒྱས་པར་འདུལ་བ་ལས་འདོན་པ་ལྟ་བུའོ།། །།འགོག་པ་ལ་སྙོམས་པར་འཇུག པ་ཞེས་བྱ་བ་ལ། དབྱངས་དང་བཅས་པས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་བདུད་བསྡིགས་པའི་མདོ་ལས། གནས་བརྟན་མཽངྒལ་གྱི་བུ་ཆེན་པོས་བདུད་ལས་བཅོམས་ཏེ་ཇི་སྐད་དུ། སྡིག་ཅན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དགེ་སློང འཚོ་བྱེད་དང་མཁས་པ་ཞེས་བྱ་བ་མཆོག་ཟུང་གཅིག་ཟུང་མཆོག་དང་ཟུང་བཟང་པོ་བྱུང་བར་གྱུར་ཏོ། །གཅིག་ནི་རྫུ་འཕྲུལ་ཅན་གྱི་མཆོག་།གཉིས་པ་ནི་ཤེས་རབ་ཅན་གྱི་མཆོག་གོ་།སྡིག་ཅན་རྒྱུ་གང་དང་རྐྱེན་གང་གིས་ཚེ་དང་ལྡན་པ་འཚོ་བྱེད་ལ་འཚོ་བྱེད་འཚོ་བྱེད་མིང་གང་གི་ཕྱིར་བྱས ཞེ་ན། སྡིག་ཅན་ཚེ་དང་ལྡན་པ་འཚོ་བྱེད་གྲོང་དམ་གྲོང་ཁྱེར་གང་དུ་བརྟེན་ཅིང་ཉེ་བར་གནས་ཏེ། སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་གྲོང་དང་གྲོང་ཁྱེར་གང་དུ་བསོད་སྙོམས་ཀྱི་ཕྱིར་ལུས་ཤིན་ཏུ་བསྡམས་པ་དང། དབང་པོ་ཤིན་ཏུ་བསྡམས་པ་དང། དྲན་པ་ཉེ་བར་ཡང དག་པར་བཞག་པ་བཞིན་དུ་ཞུགས་ཏེ། དེ་གྲོང་ངམ་གྲོང་ཁྱེར་གང་དུ་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ། ཟས་ཟོས་པའི་འོག་ཏུ་ལྷུང་བཟེད་གྱུ་ནས། དགོན་པའི་གནས་སུ་མྱུར་བ་མྱུར་བར་འགོག་པ་ལ་སྙོམས་པར་འཇུག་གོ་།དེ་བ་ལང་རྫི་དང། ཕྱུག་རྫི་དང། རྩཝ་ཐུ་བ་དང། ཤིང་ཐུ་བ་དང། ལམ་གྱི་འཚོ་བ་དང། ལམ་ན་གནས་པའི་མི་དག་གིས་མཐོང་ནས་དེ་དག་འདི་སྙམ་དུ་འཕགས་པ་འདི་ནི་འདུག་བཞིན་དུ་དུས་ལས་འདས་སོ། །གང་བདག་ཅག་གི་རྩཝ་སྐམ་པོ་དང། ཤིང་སྐམ་པོ་དང། བ་ལང་གི་ལྕི་བ་སྐམ་པོ་བསྡུས་ཏེ་སྤར་བར བྱ་བ་སྤར་ནས་བསྲེག་པར་བྱའོ་སྙམ་ནས། དེ་ནས་རྩཝ་སྐམ་པོ་དང་ཤིང་སྐམ་པོ་དང། བ་ལང་གི་ལྕི་བ་སྐམ་པོ་བསྡུས་ཏེ་སྤར་བར་བྱ་བ་སྤར་ནས་མེ་འབར་བ་དང་སོང་ངོ། །དེ་ནས་ཚེ་དང་ལྡན་པ་འཚོ་བྱེད་ཉིན་ཞག་དེ་ལ་སྙོམས་པར་འཇུག་པ་ལས་ལངས་ཏེ། ཆོས་གོས་སྤྲུགས་ཏེ སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། གྲོང་ངམ་གྲོང་ཁྱེར་དུ་བསོད་སྙོམས་ཀྱི་ཕྱིར་ལུས་ཤིན་ཏུ་བསྡམས་པ་དང། དབང་པོ་ཤིན་ཏུ་བསྡམས་པ་དང། དྲན་པ་ཡང་དག་པར་ཉེ་བར་གཞག་ནས་ཞུགས་པ་དང། བ་ལང་རྫི་དང། ཕྱུག་རྫི་དང། རྩཝ་ཐུ་བ་དང། ཤིང་ཐུ་བ་དང། ལམ གྱི་མཚོ་བ་དང། ལམ་ན་གནས་པའི་མི་དེ་དག་གིས་མཐོང་ནས་འདི་སྙམ་དུ་བདག་ཅག་གིས་འཕགས་པ་འདི་འདུག་བཞིན་དུས་ལས་འདས་པར་མཐོང་ནས་རྩཝ་སྐམ་པོ་དང། ཤིང་སྐམ་པོ་དང། བ་ལང་གི་ལྕི་བ་སྐམ་པོ་བསྡུས་ཏེ་སྤར་བར་བྱ་བ་སྤར་ནས། མེ་སྤར་ཏེ་འོངས་ན། ཚེ་དང ལྡན་པ་འཕགས་པ་འདི་ད་རུང་ཡང་འཚོ་འམ་སྙམ་མོ། །སྡིག་ཅན་རྒྱུ་འདི་དང་རྐྱེན་འདིས་ཚེ་དང་ལྡན་པ་འཚོ་བྱེད་ལ་འཚོ་བྱེད་ཅེས་མིང་དུ་བྱས་སོ་ཞེས་འབྱུང་ངོ། །ཚེ་དང་ལྡན་པ་ཉེ་བར་འཁོར་མུ་ལ་ཕལ་སུ་ནའི་མཆོད་རྟེན་གྱི་རྡོའི་གོས་ཀྱི་རྙེད་པ་ལས་དགེ་སློང་མ་ཁབ་དང མཚོན་ཐོགས་ཏེ་གནོད་པའི་སེམས་སྐྱེས་པ་དང། ཆོས་གོས་བྱིན་གྱིས་མ་བརླབས་པ་ཉིད་དུ་འགོག་པ་ལ་སྙོམས་པར་ཞུགས་སོ། །དེས་ཆོས་གོས་ལ་ཁབ་དང་མཚོན་ཆ་བརྒྱབ་ནས་ཤིའོ་སྙམ་དུ་བྱས་སོང་ངོ། །དེ་ཡང་ཏིང་ངེ་འཛིན་ལས་ལངས་ཏེ་རྒྱལ་བྱེད་ཚལ་དུ་སོང་ནས གཏམ་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་གོ་བར་བྱས་ཞེས་ཕྲན་ཚེགས་ཀྱི་སྒོ་བརྒྱད་པའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་ལས་དེ་ལྟར་འདོན་ཏོ། །མཁས་པ་རྣམས་ཀྱིས་མཐོང་བའི་ལམ་ལ་སྙོམས་པར་ཞུགས་པ་ལ་སོགས་པ་སེམས་རྩེ་གཅིག་པ་དང་སེམས་པ་ལ་རྩེ་གཅིག་སེམས མེད་པ་ལ་དེ་མེད་ཅེས་མཛོད་ཀྱི་གནས་གསུམ་བར་འཆི་འཕོ་ཞིང་སྐྱེ་བ་བཀག་སྟེ། དེ་ལྟ་བུའི་སྤྲོས་པ་འཆད་པར་འགྱུར་བར་རིག་པར་བྱའོ།། །།རྒྱལ་པོའི་དྲང་སྲོང་ཞེས་བྱ་བ་ལ་གང་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་སྟེ་རབ་ཏུ བྱུང་བའོ། །འདི་ལྟ་སྟེ་རྒྱལ་པོ་དང་ཡང་དག་པར་ལྡན་པ་ལས་འདོན་ཏེ། ལྷ་ཆེན་པོ་བཅུ་གཉིས་པའི་མདོ་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། མི་རྣམས་ཀྱི་ཚེ་ལོ་སྟོང་ཕྲག་བརྒྱད་ཅུ་ཐུབ་པ་ན་ལྷ་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བ་མཛའ་བཞི་ལས་རྣམ་པར་རྒྱལ་བ། ཆོས་དང ལྡན་ཞིང་ཆོས་ཀྱི་རྒྱལ་པོ་ཆེན་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་བྱུང་སྟེ། དེའི་རིན་པོ་ཆེ་འདི་ལྟ་བུའི་གཟུགས་ཅན་གྱི་རིན་པོ་ཆེ་སྣ་བདུན་བྱུང་སྟེ། འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། དམག་དཔོན་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང་བདུན་ནོ། །དེ་ལ་བུ་དཔའ་བ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་དུ་ཚང་བ་ཡང་བྱུང་བར་གྱུར་ཞིང། ས་ཆེན་པོ་འདི་རྒྱ་མཚོ་ལ་ཐུག་བར་མ་ལུས་པར་གནོད་པ་མེད་ཅིང འཚེ་བ་མེད་པ་དང་དབྱུག་པ་མེད་ཅིང་མཚོན་ཆ་མེད་པས་ཆོས་ཀྱི་རྣམ་པར་རྒྱལ་ཏེ་གནས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ལྷ་ཆེན་པོ་དུས་གཞན་ཞིག་ན་འདྲེག་མཁན་གྱི་སྐྱེས་བུ་སྐྲ་དང་ཁ་སྤུ་བྲེགས་པ་ན། འདྲེག་མཁན་གྱི་སྐྱེས་བུ་ལ་བོས་ཏེ། སྐྱེས་བུ་ཁྱོད་ཀྱིས་གང་གི་ཚེ་དའི མགོ་བོ་ལ་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བ་མཐོང་བ་དེའི་ཚེ་ཁྱོད་ང་ལ་སྨྲོས་ཤིག་། འདྲེག་མཁན་གྱི་སྐྱེས་བུས་རྒྱལ་པོ་ལྷ་ཆེན་པོས་སྨྲས་པ་ཐོས་ནས་ལྷ་དེ་བཞིན་ནོ་ཞེས་གསོལ་ཏོ། །དུས་གཞན་ཞིག་གི་ཚེ་འདྲེག་མཁན་གྱི་སྐྱེས་བུ་རྒྱལ་པོ་ལྷ་ཆེན་པོ་སྐྲ་དང་ཁ་སྤུ འདྲེག་པ་ན། རྒྱལ་པོ་ལྷ་ཆེན་པོ་ལ་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བར་གྱུར་པ་མཐོང་ངོ། །མཐོང་ནས་རྒྱལ་པོ་ལྷ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷའི་དབུ་ལ་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བར་གྱུར་པ་མཁྱེན་པར་མཛོད་ཅིག། དེ་ངས?་སྨྲས་པ། ཀྱི?་སྐྱེས་བུ ཁྱོད་ཀྱི་སྐྲ་དཀར་དེ་གསེར་གྱི་ཚོར་གཟུངས་ཀྱི་དལ་བུ་དལ་བུས་བྱུང་ལ་དའི་ལག་པར་བྱིན་ཅིག་། ལྷ་དེ་བཞིན་ནོ་ཞེས་འདྲེག་མཁན་གྱི་སྐྱེས་བུས་རྒྱལ་པོ་ལྟ་ཆེན་པོའི་མགོ་ལས་སྐྱེས་པའི་སྐྲ་དཀར་གསེར་གྱི་ཚོར་གཟུངས་ཀྱི་དལ?་བུ་དལ?་བུས་བཏོན་ཏེ་རྒྱལ་པོ་ལྷ་ཆེན་པོའི ཕྱག་དུ་ཕུལ་ལོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་ཕྱག་གཉིས་ཀྱིས་སྐྲ་དཀར་དེ་བསྣམས་ནས་བརྐྱང་ཞིང་རབ་ཏུ་བརྐྱང་ནས་ཆེད་དུ་བརྗོད་པ། བདག་གི་ཡན་ལག་མཆོག་སྤྱི་བོར། །ན་ཚོང་འཕྲོག་པ་དང་པོར་སྐྱེས། །ལྷ་ཡི་ཕོ་ཉ་བྱུང་གྱུར་པས། །རབ་ཏུ་བྱུང་བའི་དུས་ལ་བབ།། བདག་གིས་མི་རྣམས་ཀྱི་བདེ་བ་ནི་ལོངས་སྤྱད་ཀྱིས་ལྷའི་བདེ་བ་བཙལ་བའི་དུས་ལ་བབ་བོ། །གང་བདག་གིས་རྒྱལ་བུ་གཞོན་ནུ་བུ་ཐུ་བོ་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ནས་རྒྱལ་པོ་དང་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །དེ་ནས་རྒྱལ་པོ་ལྷ ཆེན་པོས་རྒྱལ་བུ་གཞོན་ནུ་ཐུ་བོ་ལ་ཕོ་ཉ་བཏང་སྟེ་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །བུ་གཞོན་ནུ་ངའི?་མགོ་བོ་ལ་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བ་ཤེས་པར་གྱིས་ཤིག་།རབ་ཏུ་བྱུང་བའི་དུས་ལ་བབ་བོ། །བདག་གིས་མི་རྣམས་ཀྱི་འདོད་པ་ནི་ཡོངས་སུ་སྦྱད་ཀྱིས་ང?་ནི ལྷའི་བདེ་བ་བཙལ་བའི་དུས་ལ་བབ་པས། བུ་གཞོན་ནུ་ཁྱོད་ལ་ས་ཆེན་པོ་རྒྱ་མཚོ་ལ་ཐུག་པ་འདི་ཁྱོད་ལ་སྦྱིན་གྱིས། དེ་དག་ལ་ཁྱོད་ཀྱིས་ཆོས་དང་ལྡན་པས་ཡང་དག་པར་རྗེས་སུ་བསྟན་པར་བྱ་སྟེ། ཆོས་མ་ཡིན་པས་ནི་མ་ཡིན་ནོ། །གང་ཁ་ཅིག་ཆོས་མ་ཡིན་པས་སྤྱོད ཅིང་མི་མཐུན་པར་སྤྱོད་ན་ཡུལ་ལས་སྐྲོད?་ཅིག་བུ་གཞོན་ནུ་ཁྱོད་ལ་ཡང་གང་གི་ཚེ་ལྷའི་ཕོ་ཉ་སྐྲ་དཀར་སྐྱེས་ཤིང་བྱུང་བར་གྱུར་པ་དེའི་ཚེ་ཁྱོད་ཀྱང་རྒྱལ་བུ་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ལ། རྒྱལ་པོ་དྲང་སྲོང་གི་ཚངས་པར་སྤྱོད་པ སྤྱོད་ཅིང། ཇི་ལྟར་ཡང་བུ་གཞོན་ནུ་ཁྱོད་འདི་ལྟ་བུར་ངེས་པའི་དགེ་བའི་ལམ་ལ་འཇུག་པ་དང། རྗེས་སུ་འཇུག་པར་བྱའོ། །སྐྱེས་བུ་ཐ་ཆད་དང། སྐྱེས་བུ་ཐ་མར་མ་གྱུར་ཅིག། བུ་གཞོན་ནུ་གང་ཁ་ཅིག་འདི་ལྟ་བུའི་ངོ་བོའི་སྐྱེས་བུ་བཟང་པོའི་ཟུང་ལ་འཇུག་པ་དང། འདི་ལྟ་བུའི་ངོ་བོའི་ངེས་པ་དང་དགེ་བའི ལམ་ལ་མི་འཇུག་ཅིང་རྗེས་སུ་མི་འཇུག་པར་འགྱུར་བ་དེ་སྐྱེས་བུ་ཐ་ཆད་དུ་འགྱུར་ཞིང་སྐྱེས་བུ་ཐ་མར་འགྱུར་རོ། །དེས་ན་བུ་གཞོན་ནུ་ཁྱོད་ལ་ང་འདི་སྐད་དུ་ཇི་ལྟར་ཁྱོད་འདི་ལྟ་བུའི་ངོ་བོ་སྐྱེས་བུ་བཟང་པོའི་ཟུང་ལ་འཇུག་ཅིང། འདི་ལྟ་བུའི་ངོ་བོའི་ངེས་པ་དང། དགེ་བའི་ལམ་ལ་འཇུག་པ་དང རྗེས་སུ་འཇུག་པར་བྱའོ། །ཁྱོད་སྐྱེས་བུ་ཐ་མར་མ་གྱུར་ཅིག་ང་སྨྲའོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོ་སྲས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་བྱེད་དུ་བཅུག་ནས་རྒྱལ་པོའི་དྲང་སྲོང་གིས་ཚངས་པར་སྤྱོད་པ་སྤྱད་དོ། །ཀུན་དགའ་བོ་རྒྱལ་པོ་ལྷ་ཆེན་པོ་རྒྱལ་བུ་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག ལ་དབང་བྱེད་དུ་བཅུག་སྟེ། དེ་ཡང་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བ་མཛའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེན་ས་བདུན་དང་ཡང་དག་པར་ལྡན་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་གནས་སོ་ཞེས་བྱ་བའི་བར་དུའོ། །ཀུན་དགའ་བོ་དེའི ཡང་བུ་དང་བུའི་བུ་དང། ཚ་བོའི་ཚ་བོར་རྒྱལ་པོར་ལྷ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་མེ་ཏེ་ལེའི་གཞི་འདི་ཉིད་དུ་རྒྱལ་པོ་དྲང་སྲོང་གིས་ཚངས་པར་སྤྱད་པ་སྤྱོད་དོ། །ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོས་གཉི་གས་འཆི་བ་མ་ཡིན་པ་དེ་བཞིན་དུ་འཁོར་ལོས་སྒྱུར་བ་བཏང ནས་རབ་ཏུ་བྱུང་བ་ཡང་རིག་པར་བྱའོ། །།རྒྱལ་བའི་ཕོ་ཉ་ཞེས་བྱ་བ་ལ་རྒྱལ་བ་ནི་བཅོམ་ལྡན་འདས་ཏེ་དེའི་དྲུང་དུ་ཕྲིན་སྐྱེལ་བའོ། །དེ་ནི་ཕྲིན་སྐྱེལ་བའི་དོན་མ་བྱས་པར་ཚེ་ཐུང་ངུར་འགྱུར་བ་འམ། གཉིས་ཀའི་རྐྱེན་གྱིས་མི་འཆི་སྟེ། ཨ་མྲ་སྐྱོང་མའི་ནེ་ཙོ་བཞིན་ནོ། །བཅོམ ལྡན་འདས་སྐྱེ་བ་འཕེལ་བའི་ལྗོངས་ན་རྒྱུ་ཞིང་ཆུ་བོ་ཅན་དུ་ཕྱིན་ཏེ། ཆུ་བོ་ཅན་ན་བཞུགས་སོ་ཞེས་ཨ་མ་སྐྱོང་མས་ཐོས་ནས། དེ་ལ་ནེ་ཙོ་བཞིན་རྒྱས་ཞེས་བྱ་བ་མི་སྐང་སྨྲ་བ་དང་གོ་བ་ཞིག་ཡོད་ནས། ནེ་ཙོ་བཞིན་རྒྱས་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་རྒྱས་ཁྱོད་བཅོམ་ལྡན་འདས གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་དེའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བགྱིས་ལ། གནོད་བ་ཉུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོ་བ་དང་སྟོབས་དང་ལྡན་ནམ། ཟོ་མདོག་བ་དེ་འམ། བདེ་བ་ལ་རེག་པར གནས་སམ། ཞེས་སྨྲའོ། །བཙུན་པ་ཨ་མྲ་སྐྱོང་མ་བཙུན་པ་ལ་འདི་སྐད་དུ་གང་གི་ཚེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་ཐོག་མར་ཨ་མྲའི་ཚལ་དུ་ཐུགས་བརྩེ་བར་དགོངས་ནས་གཤེགས་སུ་གསོལ་ཞེས་སྨྲོས་ཤིག་།དེ་ནས་ནེ་ཙོ་བཞིན་རྒྱས་ཨ་མྲ་སྐྱོང་མས? སྨྲས་པ་ཐོས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཆས་སོ། །དེ་ལི་ཙ་བྱི་གཞོན་ནུ་རྣམས་ཀྱིས་མཐོང་ནས་ཇི་ལྟར་བདག་གིས་སྨད་འཚོང་མའི་ནེ་ཙོ་འགྲོ་ཡིན་འདུག་གིས་ཞེས་མངའ་འཕངས་པར་བརྩམས་པ་དང། དེ་དག་གི་སྤྱི་བོར་མངའ་དེ་དག་ལྷུང་བ་བརྩམས་པ་དང། དེ་ནས་ནེ་ཙོས་ཚིགས་སུ་བཅད་པ་སྨྲས་པ། གཞན་གྱི་ཡུལ་ནི་མིས་གནོད་བ་ལ། །ཕོ་ཉ་བཅིངས་པ་མིན་ཞེས་ཐོས། །བདག་ནི་རྒྱལ་བའི་ཕོ་ཉ་སྟེ། ལུས་ཅན་ཀུན་གྱི་གནོད་མ་ཡིན། །དེ་དག་གིས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་ཚིག་ལ་བདག་ཅག་གི་།མངའ་ཡང་ཆད ཅིང་ལྟུང་བར་གྱུར། །དྲང་སྲོང་ཆེན་པོས་རབ་སྲུངས་པས། །ཁྱོད་ནི་འཇིགས་པ་མེད་པར་སོང་།དེ་ནས་ནེ་ཙོ་བཞིན་རྒྱས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྦྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས ལ་འདི་སྐད་ཅས་གསོལ་ཏོ། ། མྲ་སྐྱོང་མ་བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྦྱི་བོས་ཕྱག་བྱེད་ཅིང་གནོད་པ་ཉུང་དམ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་བདེ་བ་ལ་རེག་པར་གནས་སམ་ཞེས་བྱ་བའི་བར་དུ་འདྲིའོ། །བཞིན་རྒྱས་ཁྱོད་དང་ཨ་མྲ་སྐྱོང་མ་བདེ་བར གྱུར་ཅིག་། ཨ་མྲ་སྐྱོང་མ་བཙུན་པ་ལ་འདི་སྐད་དུ་གང་གི་ཚེ་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པ་དེའི་ཚེ་ཐོག་མར་ཨ་མྲའི་ཚལ་དུ་ཐུགས་བརྩེ་བར་དགོངས་ནས་གཤེགས་སུ་གསོལ། བཅོམ་ལྡན་འདས་ནེ་ཙོ་བཞིན་རྒྱས་ལ་ཅང་མི་གསུང་བས་གནད བར་མཛད་དོ། །དེ་ནས་ནེ་ཙོ་བཞིན་རྒྱས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནད་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་སེམས་དང་ཞིང་རིང་པོ་མ་ལོན་པར་ཁྲ་བ་ཚིག?་གི སྲོག་དང་ཕྲལ་བར་གྱུར་ཏོ། །དེ་འཆི་བའི་དུས་བྱས་པའི་འོག་ཏུ་རྒྱལ་ཆེན་བཞིའི་རི་ས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །འདི་ནི་ཆོས་ཉིད་དེ་ལྟ་བུ་སྐྱེས་ནས་རིང་པོ་མ་ལོན་པར་ལྟ་དེ་ལ་སེམས་རྣམ་པ་གསུམ་མངོན་དུ་གྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས ཞེས་སྐྱེ་བར་འགྱུར་རོ། །དེ་བལྟས་ན་དུད་འགྲོ་ལས་འཆི་འཕོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ནང་དུ་སྐྱེས་ཤིང་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་པའི་རྒྱུ་ལས་སོང་སྙམ་མོ། །དེ་ནས་ནེ་ཙོའི་སྔོན་གྱི་སྐྱེ་བའི་ལྷའི་བུ་འདི་སྙམ་དུ་བདག་ཞག་ལོན་ནས་བཅོམ་ལྡན་འདས་ཀྱི དྲུང་དུ་ཞལ་བལྟ་བའི་ཕྱིར་འགྲོ་བ་ནི་ཚུལ་དང་མཐུན་བ་མ་ཡིན་ནོ། །བདག་ཞག་མ་ལོན་པ་ཉིད་དུ་བཅོམ་ལྡན་འདས་ཀྱི་ཞལ་བལྟ་བར་བྱ་བའི་ཕྱིར་ཉེ་བར་འགྲོ་བར་བྱའོ་སྙམ་ནས་སྔོན་ནེ་ཙོར་སྐྱེས་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དྲི་མ་མེད་པ་གཡོ་ཞིང་མུ་ཏིག་དང་མུ་ཏིག་གི་དྲ་བ་ཕྱེད་བས བརྒྱན་ཅིང་ཉིན་ཞག་དེ་ཉིད་ལ་ལྷའི་མེ་ཏོག་ཨཽཏཔ་ལ་དང། པདྨ་དང། པུཎྜ་རི་ཀ་དང། མན་དྷ་ར་བ་དག་ཐོགས་ཏེ་འོད་ཞིང་ཉེ་བར་འོངས་ནས་བཅོམ་ལྡན་འདས་གང་ན་བ་དེར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ། བཅོམ་ལྡན་འདས་ཀྱི དྲུང་དུ་ཆོས་ཉན་པའི་ཕྱིར་འདུག་གོ་། ད་དུང་དུ་ཡང་སྔོན་ནེ་ཙོར་སྐྱེས་པའི་འོད་ཀྱིས་གནས་རྒྱས་པར་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་ནེ་ཙོར་སྐྱེས་པའི་ལྷའི་བུའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་མཁྱེན་པར་མཛད་ནས འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུ་ཆོས་བསྟན་བར་མཛད་པ་སྔོན་ནེ་ཙོར་སྐྱེས་པའི་ལྷའི་བུས་ཐོས་ནས་འཇིག་ཚོགས་ལ་ལྟ་བ་ཉི་ཤུའི་རིའི་རྩེ་མོ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་བདེན་པ མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། བཙུན་པ་བདག་ཅག་ལ་འདི་ལྟ་བུ་ཕས་མ་བྱས་མས་མ་བྱས། མཛའ་བཤེས་དང། གཉེན་འདུན་དང། རྒྱལ་པོ་དང། ལྷ་རྣམས་ཀྱིས་ཀྱང་མ་བྱས། སྔོན་གྱི་མཛའ་བོ་དང། དགེ་སློང་དང་བྲམ་ཟེས་ཀྱང མ་བྱས་པ་བཅོམ་ལྡན་འདས་ཀྱིས་མཛད་དེ། དམྱལ་བ་དང་ཡི་དགས་དང་དུད་འགྲོ་ལས་བཏོན་ཏེ། ལྷ་དང་མིའི་གོ་འཕང་ལ་བཞག་གོ་།འཁོར་བ་མཐར་བྱས་སོ། །ཁྲག་དང་མཆི་མའི་རྒྱ་མཚོ་བསྐམ་མོ། །རུས་པའི་རི་བོ་ལས་བསྒྲལ་ལོ། །ངན་སོང་གི་སྒོ་བཀག་གོ། མཐོ་རིས་ཀྱི་སྒོ་ཕྱེ་ཞིང་སྣང བར་མཛད་དོ། །འཇིག་ཚོགས་ལ་ལྟ་བའི་བྲམ་ཡེ་ཤེས་ཀྱི་རྔ་རྫས་བཅོམ་ནས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཙུན་པ་བདག་ནི་མངོན་པར་འཕགས་སོ། །མངོན་པར་འཕགས་སོ། །བདག་བཅོམ་ལྡན་འདས་ལ་སྐྱབས་སུ་འཆི་ཞིང་ཆོས་དང་དགེ་འདུན་ལ་སྐྱབས་སུ འཆི་ཞིང་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་གྱི་སྡོམ་པ་འཛིན་ཅིང་སྲོག་གི་ཕྱིར་མངོན་པར་དད་པས་སྐྱབས་སུ་འགྲོའོ། །དེ་ནས་སྔོན་ནེ་ཙོར་སྐྱེས་པའི་ལྟའི་བུ་ཐོབ་པར་བྱ་བ་ཐོབ་ཅིང་བསྒྲུབ་པར་བྱ་བ་བསྒྲུབས་ཏེ། ཞིང་པ་དང་དཔའ་བོ་གཡུལ་ལས་རྒྱལ་བ་ལྟ་བུ་དང། ནང་པ་ནང་ལས ཐར་བ་ལྟ་བུས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་འབྱོར་བ་གང་གིས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འོངས་པའི་འབྱོར་བ་དེ་ཉིད་དང་རང་གི་གནས་སུ་སོང་ངོ། ། །།རྒྱལ་བས་བསྟན་པ་དང་ཞེས་བྱ་བ་ལ། རྒྱལ་བ་ཞེས བྱ་བ་ནི་བཅོམ་ལྡན་འདས་ཏེ། ངེས་པར་བྱིན་གྱིས་བརླབས་པ་ནི་རྒྱལ་བས་བསྟན་པའོ། །བཀའ་ལུང་ནི་རྣམ་པ་གཉིས་ཏེ། རིགས་པས་ངེས་པ་དང་ལུང་བསྟན་པའོ། །དེ་ལ་རིགས་པས་ངེས་པ་ནི་བཀའ་ལུང་སྩལ་བའོ། །ལུང་བསྟན་པ་ནི་འདི་དང་འདི་ལྟ་བུར་འགྱུར་བར་འགྱུར ཞེས་བྱ་བ་སྟེ། རེ་ཞིག་རིག་པས་ངེས་པ་ནི་ཁྱིམ་བདག་གཟི་བརྗིད་ཀྱི་བུ་རབ་ཏུ་འབར་བའི་ནང་ན་གནས་པ་བཅོམ་ལྡན་འདས་ཀྱིས་འཚོ་བྱེད་ལ་བཀའ་ལུང་སྩལ་ཏེ། དེ་བཞིན་དུ་བྱས་པ་དང། དེ་ལ་གནོད་པ་ཅུང་ཟད་ཀྱང་མ་གྱུར་པ་ཇི་སྐད་དུ་རོ་བསྲེག་པའི་ནང་མེ་འབར བའི་ནང་ན་གནས་པའི་གཞོན་ནུ་རྒྱལ་བས་བཀའ་སྩལ་ཏེ་བླངས་པ་དང། རྒྱལ་བའི་མཐུས་ནུས་པ་བཅོམ་ནས་སྐད་ཅིག་གིས་མེ་དེ་ཁ་བའི་འདམ་བུར་གྱུར་ཏེ་ཞེས་འབྱུང་བ་བཞིན་ནོ། །ལུང་བསྟན་པ་ནི་རྒྱལ་བས་བསྟན་པ་སྟེ། ཁྱིམ་བདག་གཟི་བརྗིད་ཀྱི་བུ་འདི་ལྷ་དང་མིའི་དཔའ་ ཉམས་སུ་མྱོང་ནས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དེ་མའི་ལྟོ་ན་གནས་པ་ནའང་འཆི་བའི་རྐྱེན་དུ་མ་ལས་འདས་ཤིང་མ་ཤི་ལ་རོ་སྲེག་པའི་ནང་དུ་བཅུག་ཀྱང་མ་ཚིག་ཅིང་དེ་བཞིན་གཤེགས་པ་ཇི་ལྟར་གསུང་བ་དབང་པོར མཐོང་ནས་ཞེས་བྱ་བ་ལ་སོགས་པ་ཁྱིམ་བདག་གཟི་བརྗིད་ཀྱི་བུའི་རྟོག་པ་བརྗོད་པ་འདུལ་བ་ཕྲན་ཚེགས་ལས་རྒྱས་པར་བལྟ་བར་བྱའོ། །ཡང་ན་རྒྱལ་བས་བསྟན་པ་ཞེས་བྱ་བ་ལ། རྒྱལ་བས་བསྟན་པ་ཞེས་བྱ་བ་ནི་རབ་ཏུ་ཕྱུག་པོའི་མིང་ཡིན་པར་གཟུང་བར་བྱ་སྟེ། ཇི་ལྟར བརྗོད་པར་བྱ་ཞེ་ན། མཉན་ཡོད་ན་དེད་དཔོན་གཞན་ཞིག་ཡོད་དེ། དེ་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དང་ལྷན་ཅིག་བརྩེ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་ལས། སེམས་ཅན་སྲིད་པ་ཐ་མ་གཞན་ཞིག་དེའི་ཆུང་མའི་མངལ་དུ་ཞུགས་སོ། །དེད་དཔོན་དེ་ཡང་ཟོད་ཐོགས ཏེ་གཞན་དུ་སོང་ངོ། །དེ་ཡུལ་གཞན་དུ་སོང་བ་དང་དེའི་ཆུང་མ་ལ་ཁྱེའུ་ཞིག་བཙས་སོ། །དེ་འཇིག་རྟེན་གྱི་གནོད་པ་སྤང་བའི་ཕྱིར་ཇི་ལྟར་འགའ་ཞིག་གིས་ཀྱང་ཤེས་པར་མི་གྱུར་བ་དེ་ལྟ་བུའི་ལས་དང་སྦྱོར་བས་ཁྱོད་ཀྱི་འདི་བསད་པར་བྱའོ། །ཞེས་ཁོལ་མོའི་ལག་ཏུ་གཏང་ངོ།། དེ་བཞིན་དུ་དེས་ཁྱིའི་ཚང་གི་ནང་དུ་བསྐྱུར་རོ། །དེ་ཁྱི་རྣམས་ཀྱིས་ཉིན་མཚན་རྟག་ཏུ་བསྲུང་བར་བྱེད་དོ། །ཇི་ཙམ་ན་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་དགེ་སློང་གིས་དགེ་འདུན་གྱིས་མདུན དུ་བྱས་ཏེ་མཉན་ཡོད་དུ་གཤེགས་སོ། །རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱང་མཉན་ཡོད་དུ་འོངས་ཏེ་བཅོམ་ལྡན་འདས་མཐོང་བ་དང། བཅོམ་ལྡན་འདས་ཀྱི་ཁྱི?་བཞིན་དུ་འབྲངས་སོ། །དེ་བཞིན་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་དགེ་བསྙེན་ལྔ་བརྒྱ་དང་ལྷན་ཅིག་འཁོར སྐྱེ་བོ་སྟོང་ཕྲག་དུ་མ་དང་ཕྱོགས་དེད་འོངས་སོ། །ཁྱི་རྣམས་ཀྱིས་བཅོམ་ལྡན་འདས་མཐོང་བ་དང་སོ་སོར་བྱེར་ཏེ་སོང་སྟེ་ཇི་ཙམ་ན་བཅོམ་ལྡན་འདས་ཀྱི་ཕྱག་དཔུང་བ་གཡས་པ་བརྐྱང་ཏེ། གཞོན་ནུ་དེ་ལ་གཟིགས་ཏེ་བཀའ་སྩལ་པ། གཞོན་ནུ་འདི་མཉན་ཡོད་ན ཕྱུག་པོ་རྣམས་ཀྱི་མཆོག་བྱེད་པར་འགྱུར་རོ། །དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཇི་ཙམ་ན་ཁྱིམ་བདག་ཕྱུག་པོའི་མཆོག་ཅེས་བྱ་བ་ཞིག་གིས་རྒྱལ་པོ་ལ་ཞུས་པ། བདག་གིས་འདི་གཟུང་བར བགྱིའོ་ཞེས་རྒྱལ་བས་བསྟན་པ་ཞེས་བྱ་བའི་མིང་བཏགས་པར་གྱུར་ཞེས་བྱ་བ་ནས། རྒྱས་པར་བླངས་ཏེ་ཆུང་མ་ལ་རིག་པར་བྱས་པའི་བར་དུ་སྟེ། དེ་ལ་བུ་གསུམ་དང་བུ་མོ་སྨད་མ་ཞེས་བྱ་བ་ཡོད་དེ། ཆུང་མས་སྨྲས་པ། རྗེའི་སྲས་བུ་འདི་བདག་ཅག་གི་ཁྱིམ་གྱི་ལས བྱེད་པར་འགྱུར་རམ། ཕྱུག་པོས་སྨྲས་པ། འདི་ད་ཇི་ལྟར་བྱ། ཆུང་མས་སྨྲས་པ། གསང་བར་བྱའོ། །ཞེས་བྱས་པ་བདུག་གི་སྦྱོར་བ་བརྩམས་ཀྱང་གསང་པར་མ་ནུས་ཤིང་མེར་བཅུག་ཀྱང་མ་ཚིག་གོ་།མཚོན་གྱིས་གཏུབས་ཀྱང་ཆོད་པར་མ་གྱུར་ཏོ། །དེ་ནས་དེ་དང་ཐག་མི་རིང བ་ཞིག་ན་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་བླང་པོ་ཆེའི་བྲེས་ཡོད་དེ་དེའི་ནང་དུ་བསྐྱུར་རོ། །དེར་ཡང་གླང་པོ་ཆེ་རྣམས་ཀྱིས་ཉིན་མཚན་རྟག་ཏུ་བསྲུང་ཞིང་འདུག་གོ་།དེ་བཞིན་དུ་ཡང་ཕྱུག་པོས་སླར་བླངས་པའི་བར་དུའོ། །དེ་བཞིན་དུ་རྒྱས་པར་ཁྱིའི་ནང་དུ་བསྐྱུར་བ་དང་དེ་དག ཀྱང་ང་བཞིན་དུ་བསྲུང་བ་དང་ཕྱུག་པོས་སླར་བླངས་པའི་བར་དུ་དང། ཆུང་མས་སྨྲས་པ། ལམ་པོ་ཆེའི་བཞི་མདོར་བཞག་པར་བྱའོ་ཞེས་ལམ་པོ་ཆེའི་བཞི་མདོར་བཞག་པའི་བར་དུའོ། །དེ་ནས་ལྗོངས་གཞན་ཞིག་ན་འབྲས་ཀྱི་ཕྱུག་པོ་ཞེས་བྱ་བ་ཟོད?་གི་འཚོ་བ་རྟོ།། ཅིང་བ་ནས་སོ། །དེའི་མིང་འབྲས་ཕྱུག་པོ་ཞེས་བྱ་བ་བཏགས་སོ། །ངེས་འབྲས་ཤིང་རྟ་ལྔ་བརྒྱ་བཀང་ནས། མཉན་ཡོད་དུ་འོངས་སོ། །དེས་ཁྱེའུ་དེ་མཐོང་ནས་ཤིང་རྟ་འགྲོར་མ་བཏུབ་པ་དང། དེ་འབྲས་ཕྱུག་པས་ཁྱེའུ་བླངས་པའི་བར་དུ་འོ། །ཁྱིམ་བདག་ཕྱུག་པོའི མཆོག་དེ་ཡང། ཉེ་བའི་ཕྱིར་དེའི་གན་དུ་འོངས་པ་དང། ཕྱུག་པོའི་མཆོག་གིས་ཁྱེའུ་མཐོང་བའི་བར་དུ་ནས་སྨྲས་པ། ཁྱེའུ་འདི་གང་ནས་འོངས། དེས་སྨྲས་པ། ལམ་པོ་ཆེའི་བཞི་མདོ་ནས་རྙེད་དོ།། །།ཕྱུག་པོའི་མཆོག་གིས་སྨྲས་པ། ཁྱེའུ་འདི་རྒྱལ་པོ་དང བློན་པོ་དང་ཡུལ་མའི་མདུན་བདག་ཅག་གིས་རིག་བཞིན་དུ་བླངས་ཤིང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཉན་ཡོད་ཀྱི་ཕྱུག་པོའི་མཆོག་ཏུ་འགྱུར་རོ། །ཞེས་རྒྱལ་བས་བསྟན་པ་ཡིན་གྱིས། ཁྱེའུ་འདི་བདག་ལ་བྱིན་ཅིག་ཅེས་སྨྲས་སོ། །དེ་དག་གིས་ཀྱང་བྱིན་ཏོ། །གང་གི་ཚེ་ཚར་སྐྱེས དེའི་ཚེ་ཁྱེའུ་ཡི་གེ་བཟུང་སྟེ་འོང་བ་འདི་ཁྱོད་ཀྱིས་ཟུང་ལ་རྫ་མཁན་གྱི་སྲག་པའི་ནན་གདུ་སྲེག་པར་བྱའོ་ཞེས་རྫ་མཁན་གྱི་དྲུང་དུ་བཏང་ངོ། །དེ་ཇི་སྲིད་དུ་ཡི་གེ་བཟུང་སྟེ་ར་བར་ཕྱིན་པ་དང་ཕྱུག་པོའི་མཆོག་གི་བུ་གསུམ་པོ་དེ་ན་འདུས་ཏེ་འདུག་པས་འདི་སྐད་ཅེས་རྒྱལ་བས བསྟན་གང་དུ་འགྲོ་། དེས་སྨྲས་པ། རྫ་མཁན་གྱི་དྲུང་དུའོ། །ཇི་སྲིད་རྒྱས་པར་ཕྱུག་པོའི་མཆོག་གི་བུས་དེ་ལས་ཡི་གེ་བླངས་ཏེ་རྫ་མཁན་གྱི་ཁང་པར་སང་སྟེ། རྫ་མཁན་གྱིས་བསང་པར་གྱུར་ཏོ། །དགོངས་ཀའི་དུས་ན་རྒྱལ་བས་བསྟན་པ་ཁང་པར་ཞུགས་པ་དང། ཕྱུག་པོའི མཆོག་གིས་ཡི་གེ་གར་སོང་ཞེས་སྨྲས་སོ། །དེས་ཕོ་བོས་བླངས་ཏེ་སོང་ངོ་ཞེས་སྨྲས་པ་ནས། ཕྱུག་པོའི་མཆོག་གིས་རྟ་པ་གཉིས་བཏང་ངོ་ཞེས་བྱ་བའི་བར་དུ་རྒྱས་པར་དང། དེ་ནས་ཡང་ཇི་ལྟར་འགའ་ཞིག་གིས་ཀྱང་ཤེས་པར་མི་འགྱུར་བ་དེ་ལྟ་བུའི་ལས་དང་སྦྱོར་བས ཡི་གེ་ཁྱེར་ནས་འོང་བའི་གཞོན་ནུ་འདི་ཁྱིའི་ཚད་དུ་གཞུག་པར་བྱའོ་ཞེས་བཏང་བ་དང། དེ་ཡི་གེ་བཟུང་སྟེ་ར་བར་ཕྱིན་པ་དང། ཞེས་པ་ནས་རྒྱས་པར་ཕྱུག་པོའི་མཆོག་གི་བུ་གཉིས་པར་བར་ཁྱིས་ཟོས་པའི་བར་དུ་རྒྱས་པར་བྱ་སྟེ། བྱ་བའི་གནས་དུ་བཏང་སྟེ ཁྱོད་ཀྱི་འདི་ཐབ་ཀྱི་ནང་དུ་བཅུག་སྟེ་ཚིག་པར་བྱའོ་ཞེས་བང་སྟེ་བུ་གཅིག་པོ་སྒོར་བཅིངས་ཏེ་བཞག་པ་དང་ཞེས་རྒྱས་པར་ནན་གྱིས་རྒྱལ་བས་བསྟན་པ་ལས་ཡི་གེ་བླངས་ཏེ་བྱ་བའི་གན་དུ་སད་བ་དང། བྱ་བས་མེ་དོང་དུ་བཅུག་ནས་བསད་པ་དང། ཐམས་ཅད་དུ རྟ་པ་གཉིས་བཏང་བ་དང། དེ་དག་གིས་མ་སླབ་པར་བསད་དོ། །དེ་ནས་རང་ཉིད་མཚོན་ཐོགས་ཏེ་རྒྱལ་བས་བསྟན་པ་གསོལ་བར་རྩོམ་པ་ཁང་པ་ནང་?་མིས?་གང་བར་མཐོང་ནས་ལས་ཀྱི་མཛའ་ཨི་གནས་སུ་སོང་བ་དང། དེར་ཡང་ཕྱི་རོལ་གྱི་སྐྱེ་བོས་གང་བར་? ནས། རྒྱལ་བས་བསྟན་པ་མི་ཡིད་ཆེས་བཞིག་གི་དྲུང་དུ་གང་ཁྱེའུ་ཡི་གེ་བཟུང་བ་འདི་མཐོང་མ་ཐག་ཏུ་ས་བརྐོས་པའི་ནང་དུ་གསང་པར་གྱིས་ཞེས་ཡི་གེ་བསྐུར?་ཏེ་བཏང་ངོ། །ཇི་སྲིད་དུ་རྒྱལ་བས་བསྟན་པ་མཉན་ཡོད་དུ་ཕྱིན་ཏེ། ལྟས་མཁན་གྱིས་མཐོང་ནས་འདི་སྐད་ཅེས གཞོན་ནུ་འདི་ཕུན་སུམ་ཚོགས་པ་དང་རྒྱུད་པ་མྱོང་བར་འགྱུར་རོ་ཞེས་སྨྲས་སོ། །གཟུགས་འཚོད་མས་བལྟས་མཁན་ལ་དྲིས་པ་དང་དེས་སྨྲས་པ་གཞོན་ནུ་འདི་དེ་རིང?་ཕྱུག་པོའི་མཆོག་ཏུ་འགྱུར་བ་འམ། འཆི་བའི་གནས་སྐབས་ཀྱི་ཁྱིམ་དུ་འཇུག་པར་འགྱུར་རོ། །དེ་ནས་དེ་ཁྱིམ་དུ ཞུགས་ཏེ་ཉལ་བར་འགྱུར་རོ། །དེ་ནས་དེ་གཟུགས་འཚོད་མས་དེའི་སོར་མོའི་བར་ནས་ཤོག་བུ་བླངས་ཏེ། ཡོངས་སུ་བསྒྱུར་ཏེ་དེའི་སོར་མོའི་བར་དུ་བཞག་པར་གྱུར་ཏོ། །འདི་ལྟར་བྲིས་ཏེ། རྒྱལ་བས་བསྟན་པ་འདི་ལ་འདྲེག་མཁན་གྱིས་སྐྲ་དང་ཁྲ་སྤུ་བྲེགས་ཏེ། བུ་མོ་གཟུགས འཚོད་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། ལྗོངས་འདི་ཙམ་དང་རྒྱལ་པོ་དང་བློན་པོ་དང་ཡུལ་མིས་རིག་ཅིང་ཚོར་བར་ཆུང་མའི་དོན་དུ་སྦྱིན་པར་བྱའོ། །ཇི་སྲིད་རྒྱལ་བས་བསྟན་པ་གཉིད་སང?་ནས་ཡིད་ཆེས་པ་ལ་ཤོག་བུ་བྱིན་པ་དང། དེས་ཀྱང་ཐམས་ཅད་མ་ལུས་པར དེ་བཞིན་དུ་བྱས་སོ། །ཇི་ཙམ་ན་ཕྱུག་པོའི་མཆོག་འོངས་ཏེ་དྲིས་པ་ཁྱོད་ཀྱིས་ཇི་ལྟར་ངས་སྨྲས་པ་དེ་བཞིན་དུ་བྱས་སམ། དེའི་ཉིས་ལྟབ་དུ་བྱས་སོ་ཞེས་ངེས་སྨྲས་སོ། །ཇི་ཙམ་ན་ཕྱུག་པོའི་མཆོག་ཁ་ནས་ཁྲག་དྲོན་མོ་སྐྱུག་ཅིང་དུས་ལས་འདས་པར་གྱུར་བའི་བར་དུའོ། །དེ ནས་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱིས་རྒྱལ་བས་བསྟན་པ་ཕྱུག་པོའི་མཆོག་ཏུ་བཞག་པར་གྱུར་པའི་བར་རྒྱས་པར་བྱུང་སྟེ། དེས་སངས་རྒྱས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་བལྟས་ཏེ་སྟོན་མོ་ལ་སྤྱན་དྲངས་ཤིང་ཕྱུག་པོའི་མཆོག་བྱས་ནས་བཅོམ་ལྡན་འདས་ཀྱི བསྟན་པ་ལ་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །དེ་སྐད་ཅེས་ཐོབ་པ་དང། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚེ་དང་ལྡན་པ་རྒྱལ་བས་བསྟན་པ་ལས་ཅི་ཞིག་བྱས་ནས་གཞན་གྱི་གནོད་པས་མ་གནོད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་བ། དེའི་ཕྱིར་དགེ་སློང་དག་ཉོན་ཅིག་།སྔོན་བྱུང་བ་འདས་པའི་དུས་ན་བ་ར་ཎཱ་སིའི་གྲོང་ཁྱེད་དུ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བྱུང་བར་གྱུར་ཏེ། །དེ་ལ་བུ་གདུག་པའི་བསམ་པ་ཅན་ཞིག་སྐྱེས་སོ། །དེའི་མདུན་ན་འདོན་ལ་བུ་སྙིང་རྗེའི་བསམ་པ་ཅན་ཞིག་སྐྱེས་སོ་ཞེས་བྱ་བ་ནས རྒྱས་པར་རྒྱལ་པོ་ཚངས་པས་བྱིན་དུས་ལས་འདས་པར་གྱུར་ནས་དེའི་བུ་རྒྱལ་སྲིད་ལ་བཞག་པར་གྱུར་ཏོ། །ཇི་ཙམ་ན་མདུན་ན་འདོན་ཡང་དུས་ལས་འདས་ཏེ། རྒྱལ་པོས་ཚོད་ནས་སོང་ལ་དེའི་ཐུང?་འདི?་དེ་ཤོག་དང་མདུན་ན་འདོན་དུ་གཞུག་པར་བྱའོ་ཞེས་བཀའ་སྩལ་ཏོ། ། ཇི་ཙམ་ན་དེ་འོངས་པ་མཐོང་ནས་སྨྲས་པ། དགང་གི་ཚེ་རྒྱལ་སྲིད་བྱད་པ་དག་ཚེ་ཁྱོད་འགའ་རེ་ཞིག་ངའི་དྲུང་དུ་འོད?་དམ་ཞེས་རྒྱལ་པོས་མདུན་འདོན་དུ་གཞུག་གོ་།དེས་སྨྲས་པ། དེས་བ་ཞིག་བྱས་ཏེ་གང་འགའ་ཞིག་དགུམ་པར་འོས་པ་དེ་བདག་གིས་རིག་བཞིན་དུ་འགུམ་པར མཛོད་ཅིག་། རྒྱལ་པོས་སྨྲས་པ་དེ་བཞིན་ནོ། །ཇི་ཙམ་ན་སྲོག་ཆགས་བརྒྱ་སྟོང་དུ་མ་རྒྱལ་པོ་ལ་ཞུས་ཏེ་སྲོག་ལས་ཐར་བར་བྱས་སོ། །ཇི་ཙམ་དུས་བཞན?་ཞིག?་ང་རྒྱལ་པོའི་གསང་བར་བྱ་བ་ཞིག་གནས་པ་ན། ངེས་སྨྲས་པ། མདུན་ན་འདོན་ཁྲིད་ལ་ཤོག་ཅིག་དང། དེ་ལ་སྨྲས་ཤིང བལྟར་གཞུག་གོ་། ཇི་ཙམ་ན་རྒྱལ་པོ་སྐྱེས་བུ་དེའི་ཁང་པར་ཞུགས་ཏེ། མདུན་ན་འདོན་གང་ན་འདུག་ཅེས་སྨྲས་པ་དང། ཕྱི་རོལ་དུ་བྱུང་སྟེ་སོང་ངོ་ཞེས་སྨྲས་སོ། །ཇི་ཙམ་ན་རྒྱལ་པོས་གསང་བར་བྱ་བ་མདུན་ན་འདོན་གྱིས་རྒྱལ་པོ་ལ་ཞུས་པ་དང། རྒྱལ་པོས་སྨྲས་པ། ཁྱོད་ལ སྦྱིན་ནོ་ཞེས་བྱ་བ་ནས། རྒྱས་པར་དེ་སྐྱོ་བོ་སྐྱེས་ནས་རབ་ཏུ་བྱུང་སྟེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱས་སོ། །མདུན་ན་འདོན་གྱིས་ཇི་སྲིད་འཚོའི་བར་དུ་ཉེ་བར་སྤྱད་པ་ཀུན་གྱིས་བསྙེན་བཀུར་བྱས་ནས་སྨོན་ལམ་བཏང་པའི་མདུན་ན་འདོན་དེ་ནི་རྒྱལ་བས་བསྟན་པ འདི་ཡིན་ནོ། །ལས་དེའི་རྣམ་པར་སྨིན་པས་གནོད་པའི་རྒྱུ་རྣམ་པ་དུ་མ་ལས་གྲོལ་ཞིང་གཞན་གྱིས་ཉེ་བར་གནོད་པས་མ་གནོད་དོ། །ཕྱུག་པོ་མཆོག་གི་བུ་ལས་ཅི་ཞིག་བྱས་ནས་གཅིག་ནི་རྫ་མཁན་གྱི་ཁྱིམ་དུ་བསྲེགས། གཉིས་པ་ནི་ར་བའི་ནང་དུ་ཁྱིས་ཟོས། གསུམ་པ་ནི་བྱ་བས་བསྲེགས། དགེ་སློང་དག་དེའི་ཕྱིར་ཉོན་ཅིག་སྔོན་བྱུང་བ་འདས་པའི་དུས་ན་ཁུར་བུས་ཚོད་བྱེད་པ་གཉིས་ཞིག་པར་ཏཱ་སེར་འོངས་སོ། །དེའི་འོག་ཏུ་ཡང་གཉིས་འོངས་སོ་ཞེས་བྱ་བ་ནས། རྒྱས་པར་མིང་དུ་བྲིས་ཏེ་མཐུན་ཞིང་ནོར་གཅིག་པར་གྱུར་ཏོ། །གཅིག་ནི་བ་ར ཏཱ་སེང་སོང་ནས་ཟས་ཀྱི་འཚོ་བ་བྱེད་ལ། གསུམ་ནི་ཚོད་བྱེད་དོ། །ཇི་ཙམ་ན་དེས་རང་སངས་རྒྱས་ལ་བསོད་སྙོམས་གཅིག་འབུལ་བ་དེ་དག་གིས་ཁྲོས་ཏེ་སྨྲས་པ། གལ་ཏེ་རབ་ཏུ་བྱུང་བ་དེའི་དབང་དུ་གྱུར་ན་རྫ་མཁན་གྱི་རྫ་མའི་གནས་སུ་བསྲེག་པར་བྱའོ། །གཉིས་པས་སྨྲས་པ། གལ་ཏེ་རབ་ཏུ་བྱུང་བ་དེའི་དའི་དབང་དུ་གྱུར་ན་གསོན་བཞིན་ར་བར་ཁྱི་ལ་སྦྱིན་པར་བྱའོ། །གསུམ་པས་སྨྲས་པ། ངས་བྱ་བའི་ཐབ་ཏུ་བསྲེག་པར་བྱའོ་ཞེས་གང་གིས་ཚིག་སྨྲས་པ་དེ་བཞིན་དུ་རྣམ་པར་སྨིན་པ་ཡོངས་སུ་སྨིན་ཏོ། །གང་གིས་རང་སངས་རྒྱས་ལ་བསོད་སྙོམས་འབུལ བ་དེ་ནི་རྒྱལ་བས་བསྟན་པ་ཡིན་ནོ། །ཆོས་ལེན་པ་དང་ཞེས་བྱ་བ་ལ། ཆོས་ལེན་པ་ཡང་རྒྱལ་བས་བསྟན་པ་ལྟར་མས་དུར་ཁྲོད་དུ་བསྐྱུར་ཡང་བདེན་པ་མཐོང་བར་འོས་པ་ཡིན་བསམ་ཤི་བ་ལྟ་བུའོ། །མཆོག་ཅན་དང་ཞེས་བྱ་བ་ལ། རྒྱལ་པོའི་ཁབ་ན་ཚེ་དང་ལྡན་པ་མཆོག་ཅན་ཞེས བྱ་བ་དང། ཚེ་དང་ལྡན་པ་ཤཱ་རིའི་བུ་ལྷན་ཅིག་གནས་སོ། །དེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་རྒྱལ་པོའི་ཁབ་ན་ཕྱུག་པོའི་མཆོག་ཅེས་བྱ་བ་ཞིག་ཡོད་དེ། དེ་ལ་འབངས་པོ་ཡིད་ཆེས་པ་རྐུན་མ་ཞེས་བྱ་བ་ཡོད་དེ་ཕྱུག་པོས་བསྐྱེད་མོས་ཚལ་དུ་སོང་སྟེ་འབངས་པོ་ཡིད ཆེས་པ་རྐུན་མ་ལ་བསྐུལ་ཅིང་སྨྲས་པ། སོང་ལ་ཁྱིམ་ནས་ཅུང་ཟད་ཅིག་ཁྱེད་ལ་ཤོག་ཅིག་ཅེས་སྨྲས་སོ། །དེ་སྨད་འཚོང་མས་བསླུས་ཏེ་ཕྱུག་པོའི་ཆུང་མའི་དཔུང་པ་གཉིས་གདུ་བུའི་ཕྱིར་གཅད་དོ། །དེ་མི་རྣམས་ཀྱིས་བདས་པ་དང་དེའི་ལྷུང་བཟེད་དུ་དཔུང་པ་གཉིས་པོ་དེ བཅུག་གོ་། དེ་ཇི་སྲིད་དུ་རྒྱལ་པོ་མ་སྐྱེས་དགྲས་མཆོག་ཅན་གསལ་ཤིང་ལ་བསྐྱོན་པའི་བར་དུའོ། །ཇི་ཙམ་ན་འཕགས་པ་ཤཱ་རིའི་བུས་གསལ་ཤིང་ལ་གནས་བཞིན་དུ་གདམ་ངག་ཕོགས་ཏེ་ཡང་དག་པར་སྐྱོ་ནས་དགྲ་བཅོམ་པ་ཉིད་ཐོབ་སྟེ། གསལ་ཤིང་ཁྱེར་ནས་ནམ་མཁའ་ལ་མངོན་པར འཕགས་སོ་ཞེས་རྒྱས་པར་འབྱུང་བ་དང། འདམ་བུ་ཅན་གྱི་གྲོང་ཁྱེར་ན་ཕྱུག་པོ་ཞིག་ལ་བུ་ཅིག་དང་བུ་མོ་ཞིག་དང་གཉིས་སྐྱེས་སོ། །དེ་གཉིས་ཕན་ཚུན་དུ་ཤིན་ཏུ་མཐུན་མོ་ཇི་ཙམ་དེ་གཉིས་རྩེ་བ་ལས་ལྟོགས་ཏེ་མའི་དྲུང་དུ་སོང་ནས་སྨྲས་པས། མ་བདག་ཅག་བཀྲེས་ཀྱིས་ཟན་བྱིན་ཅིག་།དེ གཉེན་རྣམས་ལ་ཡོངས་སུ་འདྲིམ་པས་ངལ་བས་ཁྱོད་ཅག་རང་གཉིས་ལོང་ལ་ཟོ་ཤིག་སྨྲས་སོ། །བུས་སྨྲས་པ། ཁྱོད་གསལ་ཤིང་ལ་སྐྱོན་ནམ་ཅེས་སྨྲས་སོ། །བུ་མོས་སྨྲས་པ། ཁྱོད་ཀྱིས་དཔུང་པ་གཉིས་བཅད་དམ། བདག་ཅག་གཉིས་ལ་མི་སྦྱིན་པ་ཅི་སྟེ་ཞེས་སྨྲས་སོ་ཞེས་རྒྱས་པར བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་མཆོག་ཅན་རབ་ཏུ་བྱུང་བས་ཞེས་བྱ་བའི་བར་དུའོ། ། །།གངྒཱ་ལེན་པ་ཞེས་བྱ་བ་ལ་བ་ར་ཎཱ་སེར་གངྒཱ་ལེན་པ་ཞེས་བྱ་བ་ཕྱུག་པོའི་བུ་ནོར་གྱིས་ཕྱུག་ཅིང་ཡངས་པར་གྱུར་པ། སྐྱེ་བོ་མངོན་པར་དགའ་བ་དཔལ་དང། གྲགས་པ དང། སྙན་པ་དང། བློ་ཡོངས་སུ་དག་པ་དང། མི་དང། གློ་བུར་དུ་འོངས་པ་དང། རང་གི་མི་དང། ལྷ་དང། དགེ་སློང་དེ་དང། བྲམ་ཟེ་རྣམས་ཀྱིས་མིང་ཐོས་པ་ཞིག་བྱུང་བར་གྱུར་ཏོ། །དེ་དུས་རེས་འགའ་ཞིག་ན་སྐྱེད་མོས་ཚལ་གྱི་དགའ་བ་ཡིད་ཀྱིས་མྱོང་བར་བྱ་བའི་ཕྱིར་བེ་ར ཏཱ་སེར་སོང་སྟེ། ཕྱི་རོལ་ན་ཀུན་ཏུ་འཁྱམ་པ་ལས་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་དགའ་ཞིང་རབ་ཏུ་ཉམས་དགའ་བ་དྲང་སོང་ཆེན་པོའི་ཚོགས་ཀྱིས་འཁོར་ལོ་བསྐོར་བ་ཞེས་བྱ་བར་ཕྱིན་ནོ། །དེ་ཤིན་ཏུ་ངོ་མཚར་ཤིང་རྨད་དུ་བྱུང བས་དགའ་བ་ཆེན་པོའི་སྤྱོད་པ་མགོ་དང། ཤ་དང་ཁྲག་དང། མིག་དང། ལག་པ་དང། རྐང་པ་དང། རྟ་དང། གླང་པོ་ཆེ་དང། བུ་དང། བུ་མོ་དང། རྒྱལ་སྲིད་ལ་སོགས་པ་དུ་མས་སློང་བའི་སྐྱེ་བོ་རྣམས་ལ་རྣམ་པར་འགྱེད་ཅིང་དགའ་བར་བྱེད་པ། བརྟུལ་ཞུགས་དང་ངེས པ་ཨ་དང་སྡོམ་པ་ཡང་དག་པར་བདེན་པས་མི་དགེ་བའི་རྩ་བ་ལས་ངེས་པར་བྱུང་ཞིང་རྣམ་པ་དུ་མ་སྣ་ཚོགས་ཀྱིས་དཀའ་བ་མང་པོ་སྤྱོད་པ་ལས་སྐྱེས་པའི་ཆེ་བའི་བདག་ཉིད་སྲོག་ཆགས་གཞན་རྣམས་ཀྱིས་བསྒྲུབ་ཅིང་རྟོགས་པར་བྱ་བ་མ་ཡིན་པའི་ཕ་རོལ ཏུ་ཕྱིན་པ་ཤེས་བྱ་མང་པོའི་མ་ལུས་པའི་དྲ་བའི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པའི་གཞིར་གྱུར་པ། ཤེས་བྱའི་རྒྱ་མཚོ་ཆེན་པོ་ཡང་དག་པར་བསྲུང་བ་ལས་ཡང་དག་པར་བྱུང་བ། བདག་མེད་པའི་ཡེ་ཤེས་རིན་པོ་ཆེ་རགས་པ་དང། ཕྲ་བ་དང། ནང་དང། ཕྱི་རོལ་དང། ཐག་རིང་བ་དང། ཉེ་བ་དང། རང་དང་གཞན་གྱི་རྒྱུད་ལ་བརྟེན་པའི་སྒྲ་དང་དོན་གྱི་བདག་ཉིད་དུ་མའི་དེ་ཁོ་ན་ཉིད་རབ་ཏུ་རིག་པ། ཐམས་ཅད་རིག་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་ཆོས་ཉེ་བར་བསྟན་པ་ཡིད་ཡང་དག་པར་བྱུང་སྟེ། འཁོར་བར་གནས་པའི ཉེ་བར་སྤྱོད་པ་ཕབ་པ་ལ་མི་བལྟོས་ཤིང། རབ་ཏུ་བྱུང་བའི་བདེ་བ་མཆོག་ལ་བལྟོས་ཤིང་ཡིད་ལ་བྱེད་པར་གྱུར་ཀྱང་ཕ་དང་མ་ལས་སྣང་བ་མ་ཐོབ་པ་རབ་ཏུ་བྱུང་བའི་དངོས་པོ་མི་འཐོབ་པར་ཡིད་ལ་བྱས་ཏེ། ཕ་དང་མས་རྗེས་སུ་གནང་བར་བྱས་པའི་ཕྱིར་ཡིད་ལ་འཆི་བར ཐེ་ཚོམ་ཟ་བ་ཙམ་གྱིས་གནས་སྐབས་གཞན་ཐོབ་ཀྱང་རྗེས་སུ་སྣང་བ་མ་ཐོབ་ནས་རིམ་གྱིས་སྲུངས་མ་རྣམས་སྙོམས་ལས་བྱེད་པར་གྱུར་པའི་ཚེ་གཉེན་དང་ཁྱིམ་སྤངས་ཏེ། གང་དང་གང་ན་བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་ཚོགས་དང་ཐབས་གཅིག་ཏུ་བཞུགས་པ། གཞན་གང་ཡང་རུང་བ་དགེ་སློང་དག་བཞུགས་པའི་ས་དེ་དང་དེར་སོང་ངོ། །དེ་དང་དེར་བདག་ཉིད་ཀྱི་དགོས་པ་སྨྲས་པ་དང། ཕ་དང་མས་མ་གནང་བར་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་འཇུག་ཅིང་ཡོན་ཏན་གྱི་ཚོགས་སུ་གྱུར་པའི་རབ་ཏུ་བྱུང་བ་མ་རྙེད་པར་སེམས་ལ བསམས་ཏེ། སྐྱེ་བ་འདི་ལ་བདག་གིས་རིག?་ལ?་སླ་ཡིས་རབ་ཏུ་བྱུང་བས་མ་ཐོབ་ཀྱིས་སྐྱེས་གཞན་དུ་ཡང་འདི་དག་ངའི་བར་ཆད་དུ་མ་གྱུར་ཅིག་ཅེས་གང་བདག་ཤི་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་རྒྱུས་སྨོན་ལམ་སྔོན་དུ་བཏང་སྟེ་བདག་ཉིད་བཏང་བར བྱའོ?་ཞེས་དེ་དུག་ཟོས་ཀྱང་མ་ཤིའོ། །མཚོན་གྱིས་བཏུབས་ཀྱང་མཆོད་ཅིང། གཡང་དུམ་ཚེངས?་པ་དང། རི་དང་གླང་པོ་སྨྱོན་པ་དང། གང་འབྲོག་དགོན་པར་ལྕུག་མས་བདག་ཉིད་བཅིངས་པ་དང། དེ་ལྟ་བུ་ལ་སོགས་པ་སྲོག་གི་བར་ཆད་དུ་མ་ལས་འོངས་ཏེ། གཤིན་རྗེའི་མཆེ་བའི་བར་དུ ཞུགས་པར་མ་གྱུར་ནས་དབུགས་དྲོན་མོ་རིང་པོ་འབྱིན་ཞིང་འདུག་གོ་། ཡང་སྨྲས་པ། གང་ལས་ལྷ་དང་ལྷ་མིན་མིའི་འཇིག་རྟེན་སྡུག་བསྔལ་ཐོབ། །འཇིག་རྟེན་གསུམ་མགོན་རིང་ན་གནས་ཀྱང་དྲུང་དུ་དྲངས་ཏེ་འཇོམས། །དེ་ནི་བདག་གིས་མཛའ་གྲོགས་བཞིན་དུ་བཙལ་ཀྱང མ་རྙེད་བ། །འཆི་ལ་འཆི་པ་གཞན་ཞིག་ཡོད་དམ་ཅིས་ནི་མི་མངོན་གྱུར། །ཡང་འདི་སྙམ་དུ་རྣམ་པ་ཐམས་ཅད་དུ་འཆི་བའི་ཐབས་ཁྱད་པར་ཅན་གཞན་ཞིག་ཡོད་ཀྱིས་དེ་ནི་དེ་བ་རྩམ་པར་བྱ་སྟེ། རྒྱལ་པོའི་ཁབ་ཏུ་སོང་ལ་གཞན་གྱི་རྫས་མ་བྱིན་པར་བླངས་ན་དེའི་འབྲས་བུ གནས་པར་འགྱུར་ཏེ། མ་ག་དྷ་ན་རྒྱལ་པོ་མ་སྐྱེས་དགྲ་ཆད་པ་དྲག་པོ་བྱེད་པ་ཡོད་དེ། ངེས་ཐོས་ནས་རྐུན་མ་ཞེས་མཐར་བྱེད་ཅིང?་གཤིན་རྗེའི་ཁྱིམ་དུ་འཇུག་པར་འགྱུར་རོ་ཞེས་དེ་རྒྱལ་པོའི་ཁབ་དུ་ཕྱིན་ནས་སྐྱེ་བོ་མང་པོས་མཐོང་བ་ཉིད་དུ་རྐུ་བར་བརྩམས་པ་དང། རྐུན་མ རྐུན་མ་ཞེས་སྲུང་མ་རྣམས་ཀྱིས་གངྒཱ་ལེན་བཟུང་སྟེ་ལྷ་འདི་ནི་རྗེས་སུ་མི་མཐུན་ཞིང་གྲོང་ཁྱེར་གྱི་རྐུན་མ་སྟེ། རྒྱལ་པའི་ཁབ་ཀྱི་ཕྱུག་པོ་རྣམས་རྟོགས་པར་བྱེད་པར་ཡིད་ཆེས་པ་རྣམས་ཡིད་མི་ཆེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་རྒྱལ་པོ་ལ་ཕུལ་ལོ། །དེ་ཡང་རྒྱལ པོས་ཁྱོད་རྐུན་མ་ཡིན་ནམ་ཞེས་བཀའ་སྩལ་པ་དང། དེས་ཡིན་ནོ་ཞེས་སྨྲས་སོ། །རྒྱལ་པོས་སྨྲས་པ། རྒྱལ་པོའི་ཁབ་ཀྱི་ཚད?་པ་དྲག་ཅིང་ཆེ་བ་མ་ཐོས་སམ། ངེས་སྨྲས་པ། མ་ཐོས་པ་ཡང་མ་ཡིན་མོད་ཀྱིས། འོན་ཀྱང་མི་རིག་པ་ལ་ཆགས་པ་དང། དེ་ལ འཇིགས་པར་མི་གཟུང་བས། དེས་ན་བདག་གིས་འཇིགས་མེད་པར། །རྐུན་མ་བྱ་བར་བརྩམས་པ་ཡིན་ཞེས་པ་དང་ལྷ་འོན་ཀྱང། གང་ལ་གང་ཞིག་མངོན་འདོད་བའོ། །དངོས་པོ་དེ་ལ་དེ་སྦྱར་བྱ། ཉིད་ནི་བསྲུང་བར་བཞེད་པ་སྟེ། བདག་ནི་རྐུ་བར་འདོད་པ་ཡིན། དེ་ནས་རྒྱལ་པོ་སྤོས་ཀྱི་གླང་པོ་ཆེ་མྱོས་པའི་རྡུལ་གྱིས་དྲི་བསྣམ་ཞིང་ཡང་དག་པར་ཚོར་བ་ཤིན་ཏུ་ཁྲོ་བའི་སྙིགས་མས་བཞིན་བསྒྱུར་ཏེ། གང་གལ་ལེན་ལ་ཁང་པ་དེར་སྡིགས་མཇུག་སྟེ་སྨིན་མ་ཁྲོ་གཉེར་བསྐྱེད་དེ། གཤེད་མ་ལ་ཚིག་འདི་སྐད་དུ་སྡིག་པ བྱེད་པ་འདི་ཉེས་པར་སྤྱོད་པ་འདི་མྱུར་དུ་རྒྱལ་པོའི་ཁབ་པ་ཐམས་ཅད་ཀྱིས་ཐོས་པར་གསལ་ཤིང་ལ་བསྐྱོན་ཅིག་ཅེས་བཀའ་སྩལ་ཏོ། །གཤེད་མའི་སྐྱེས་བུ་དེ་དག་གིས་ཀ་ར་བཱི་རའི་མེ་ཏོག་མགུལ་བར་བཏགས་ཏེ། གསལ་ཤིང་བསྟན་པ་དང། རྒྱ་ཆེ་ཞིང་མཐོབ་ཕྲག་པ ལ་བཀལ་ཏེ། རྒྱལ་པོའི་ཁབ་ཀྱི་ཚོང་དུས་དང། འདུན་ས་དང། བཞི་མདོ་དང། སུམ་མདོ་དང། ར་བ་ཐ་དད་པ་དུ་མ་རྣམས་སུ་ཐོས་པར། ཀྱེ་མི་དག་འདི་ནི་རྐུན་མ་སྟེ་མེ་ཏོག་ནང་གི་སྦྲུལ་ནག་པོ་ལྟར་ཕྱུག་པ་ཐམས་ཅད་དངུལ་པོར་བྱེད་པ་རྒྱལ་པོའི་ཆོས་ལུགས་ལས འདས་པ་དེ་རྒྱལ་པོའི་བཀའ་ལུང་གིས་སྡིག་པ་བྱེད་པ་འདི་གསལ་ཤིང་ལ་བསྐྱོན་པ་ཁྱོད་ཅག་བལྟོས་ཤིག་ཅེས་སྨྲས་སོ། །དེས་སྨྲས་པ། བཞིན་བཟད་དག་མྱུར་བར་གསལ་ཤིང་རྩེ་མོ་ལ་རྒྱལ་པོའི་བཀའ་ལུང་བསྒྲུབས་ཤིག་།དེ་དག་གིས་སྨྲས་པ། རིམ་པ་འདི་ལྟ བུས་བྱ་བ་བརྩན་པ་མ་ཡིན་ནམ། དེས་ཡང་སྨྲས་པ། འཆི་བའི་བགེགས་སུ་མི་འགྱུར་བར་མྱུར་དུ་གྱིས་ཤིག་།དེ་དག་གིས་སྨྲས་པ། ཁྱོད་གསོན་པའི་དོན་དུ་རྐུན་མ་བྱེད་པ་མ་ཡིན་ནམ། ཇི་ལྟར་འཚོ་བ་ཡོངས་སུ་བཏང་བར་ལན་མང་དུ་སེམས་སམ། དེས་སྨྲས་པ། འགྲོ་བ་འདི་ལས་གཞན་མེད་དོ། །ཡང་སྨྲས་པ་བུད་མེད་བྱིས་པ་གཞོན་ནུ་རྒན་པ་ལང་ཚོར་བབས་མདུན་དུ། །རྐུན་མ་ཉིད་དུ་རིག་པར་བྱས་ཤིང་དཔུང་པ་རབ་བཅིངས་ནས། །རྒྱལ་པོས་བསད?་པར་བཀའ་ལུང་སྩལ་པ་ཁྱོད་ཀྱི་ལག་གནས་པ། །འཆི་བདག་ཡུལ་ལས་འགྲོ བ་གཞན་མེད་འདི་ནི་ངེས་པ་ཡིན། །ཕན་ཚུན་དུ་སྨྲས་པ། འདིས་ནི་མ་ག་དྷའི་ཡུལ་པ་ཐམས་ཅད་ཀྱི་རྫས་འཕྲོག་པར་ནུས་སོ། །ཅི་སྟེ་ཞེ་ན། འཚོ་བས?་ཡང་བལྟོས་མེད་པར། གཟུ་ལུམ་སུ་ནི་འདུག་པའི་མི། །འདི་ལ་བསོད་ནམས་ཡང་ན་ནི། །རྟོགས་པར་བྱ་བ་ཅུང ཟད་མེད་པར་མེ་སྡིག་པ་སྤྱད་པ་བདག་ཅག་གིས་བསད་པར་བྱ་བ་ནི་མང་དུ་མཐོང་སྟེ། ཁ་ཅིག་མྱོས་འགྱུར་འདོད་ཅིང་ངོ་གཞན་དག་ཟས་ལ་གཞན་ནི་ཆུ། །གཞན་ནི་གཉེན་མཐུན་མཐོང་བའི་བདེ་བ་འདོད་ཅིང་གཞན་ནི་ཆང། །བསང?་བྱའི་སྐྱེ་བོ་ཕལ་ཆེར་གཞན་ནི་སྐད་ཅིག་གསོན་པ་ཚེ་ལ། །ཁྱོད་ནི སྲོག་ཉམས་འདོད་པ་འདི་ཅི་རྣམ་པ་འདི་གང་ལས། །དེས་སྨྲས་པ། གང་གིས་གང་ལ་དཔལ་དུ་རྟོགས་པ་དེས་དེ་དོན་དུ་གཉེར་པར་བྱེད་པ་འདི་ནི་འཇིག་རྟེན་གྱི་ལུགས་ཡིན་ལ། བདག་ཀྱང་འཆི་བ་ལ་དཔལ་དུ་རྟོགས་ནས་དོན་དུ་གཉེར་བ་ཡིན་ཀྱིས། མྱུར་དུ་བདག་གི་ཡིད་ལ་རེ་ཞིང་དོན དུ་གཉེར་བ་ཡོངས་སུ་རྫོགས་པར་གྱིས་ཤིག་། གཞན་དུ་ན་བདག་རྐུན་མ་ཞེས་བསྟན་པ་དོན་མེད་པར་འགྱུར་རོ། །ཡང་སྨྲས་པ། གསལ་ཤིང་ལ་བསྐྱོན་སྐྲ་གྲོལ་ལུས་ལས་ཁྲག་འཛག་ཅིང། །མིག་གི་འབྲས་བུ་བྱ་རོག་གིས་བཏོན་འོག་ཏུ་འཇོག་པ་དང། །སྤྱང་ཀི་ཀངཀ་སྟག་གིས ཤ་དང་ཁྲག་དག་ཡོངས་སུ་བགྲེང་གྱུར་ནས། སྲོག་གི་སྦྱིན་པ་བཏང་སྟེ་དུར?་ཁྲོད་གནས་སུ་བདག་སྲོག་དོར་བ་བལྟོས། །དེ་དག་ཕན་ཚུན་དུ་བརྟགས་ཏེ་སྨྲས་པ། རྣམ་པ་དུ་མའི་བརྗོད་པ་འདི་ནི་ངོ་མཚར་ཏེ། སླར་རྒྱལ་པོས་མ་ཐོས་ཀྱི་བར་དུ་བདག་ཅག་གིས་དེ་གསལ་ཞིང་ལ བསྐྱོན་པར་མི་ནུས་སོ། །དེ་ནས་གཤེད་མའི་སྐྱེས་བུ་ཞིག་ལོག་སྟེ་རྒྱལ་པོ་ལ་ཞུས་སོ། །རྒྱལ་པོས་བཀུག་ནས་དྲིས་པ་ཁྱོད་ཀྱིས་འདི་སྐད་དུ་བརྗོད་པ་བདེན་ནམ། དེས་ལྷ་མང་ལགས་སོ་ཞེས་སྨྲས་སོ། །རྒྱལ་པོས་སྨྲས་པ་ཤི་སྟེ་དོན་ཅི་ཞིག་འགྲུབ་པར་འགྱུར། དེས་སྨྲས་པ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའོ། །རྒྱལ་པོས་སྨྲས་པ། གསོན་བཞིན་སྟོན་པ་མ་ཐོབ་ན། །ཤི་ནས་ཇི་ལྟར་ཐོབ་པར་འགྱུར། །གང་ལས་ངེས་པ་འདི་སྐྱེས་པ། །ཅི་ཡི་དོན་དུ་བདེན་པར་སྨྲོས། །དེས་རྒྱལ་པོ་ལ་སྨྲས་པ། ལྷ་གལ་ཏེ་བདག་སྨྲ་ན་རབ་ཏུ་བྱུང་བའི་ཕྱིར་བདག ཤི་བར་འདོད་དོ། །རྒྱལ་པོས་སྨྲས་བ། ཁྱོད་ཀྱིས་གོ་རིམ་བཞིན་དུ་མ་བསྟན་གྱིས། །དེ་ཇི་ལྟར་གོ་རིམ་བཞིན་དུ་རྒྱས་པར་སྨྲོས་ཤིག་།ངེས་ཇི་ལྟར་བརྗོད་པ་བཞིན་དུ་རང་གི་གཏམ་རྒྱས་པར་སྨྲས་ནས་གསོལ་པ། ལྟ་གཟིགས་མཛོད་ཅིག་།གང་ལས་སྲོག་སྦྱིན་ལ་སོགས ཐུབ་པ་སྡུག་བསྔལ་མྱོང་གྱུར་པ། །དེ་ཡི་ཐམས་ཅད་གཞན་དོན་བཅས་ཤིང་རང་མིན་གཞན་དོན་འཇུག་།དེ་ལྟར་རིག་ཀྱང་གང་ཞིག་བཀའ་ལ་གནས་པར་མི་བྱེད་པ། །འདུ་ཤེས་མེད་ཅིང་རྩཝ་ཕྱུང་དང་འདྲ་ས་ཡི། བུར་བུས་ཟད། །སྟོན་པ་ཞིར་གཤེགས་དེའི་ཚོགས རི་མོ་འདྲར་ཐར་གྱུར་པའི་ལམ། །དེ་ཡི་གོ་འཕང་སེམས་རྨོངས་འཕེལ་བས་བཏུབས་ཤིང་བསྒྲིབས་པ་ན། །ཕན་པ་ཇི་ལྟར་བྱ་བར་ནུས་ཞེས་དེ་ལྟར་ངེས་པར་ནི། །མྱ་ངན་འདས་པ་ཇི་སྲིད་བལྟ་བའི་སྒྲ་ནི་སྟོབས་མེད་བྱ། །གང་ཞིག་ངན་འགྲོ་སྣ་ཚོགས་བདག་ཉིད་གང་དུ་བཀོད་པ ངད། །གནས་གཅང?་སྤངས་པའི་བདེ་འགྲོར་ཡུན་རིང་མ་སྐྱེས་གང་ཞིག་ཡོད། །རྣམ་མང་གནས་སུ་བུང་བར་མ་གྱུར་སེམས་ཅན་གང་ཞིག་ཡོད། །བློ་སྔན་རང་གཞན་དེ་ལྟར་མཐོང་བ་འགྲོ་བའི་ཕྲ་རྒྱས་འགྲོལ། །རྒྱལ་པོས་དེའི་ཚིག་ཐོས་ནས་པདྨའི་སྦུབས་ལྟར་དེ་མཚང་བའི་སྤྱན གྱིས་སྨྲས་པ། ཀྱེ་བདག་གིས་གཟུ་ལུམས་སུ་དཔྱད་པ་སྔོན་དུ་མ་བཏང་པར་གཤེད་མ་ལས་བཀའ་ལུང་སྩལ་ལོ། །ཕྱིར་རྒོལ་སྨྲ་བར་གྱུར་པ་སྣ་ཚོགས་ཀྱི། །ལས་དང་འབྲས་བུ་ལྐོག་གྱུར་མ་མཐོང་ངམ། །ཁྱོད་ཀྱིས་བདེན་པ་མཐོང་བར་གྱུར་ཏམ་ཅི། །ཐུབ་ཅེས་ཐེ་ཚོམ་བསམས པ་འདི་ཅིས་འཕགས། །སེམས་ལ་སངས་རྒྱས་རྗེས་སུ་དྲན་བཅས་ཁྱོད་བསད?་ཅིང། །འཇིག་རྟེན་གནོད་བཅས་བདག་གིས་འགྲོ་བ་གང་ཞིག་འགྱུར། །བུ་གཅིག་དགའ་བར་མཛོད་ཅིག་སེམས་དང་བཀའ་ཡི་གནོད་བསལ་ཏེ། །རིམ་གྱིས་ལུང་བསྟན་རབ་བྱུང་དངོས་པོ ཐོབ་ལ་ཤེས་པར་འགྱུར། །གསང་བྱ་གསང་བྱ་མ་ཡིན་གནོད་དང་ཞི་འབྲས་དཀའ་ལུང་ཅན། །འདི་ལ་ཕ་དང་མ་བཞིན་རྒྱལ་འབངས་ཀུན་ལ་མངའ་བདག་སྟེ། །ཁྱོད་ནི་ང་ཡིས་སྲོག་སྦྱིན་བུ་ཡི་མཆོག་ཡིན་ཏེ། རྗེས་སུ་གནང་ནས་རབ་བྱུང་ཞི་ཐོབ་ཐེ་ཚོམ་མ་བྱེད་ཅིག། བུ མཐོང་ངམ། སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་མཆོག་གི་སྤྱོད་པ་སྣ་ཚོགས་མདའ་བ། བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་དང། དབང་པོ་ཡོངས་སུ་སྨིན་པ་དང། དགེ་བའི་རྩ་བ་དང། དུས་དང། དུས་མ་ཡིན་པའི་གནས་སྐབས་ལ བལྟོས་ནས་གདུལ་བྱ་ལ་འཇུག་སྟེ། ང་འདི་སྙམ་དུ་ཁྱོད་ལ་རྣམ་པར་སྨིན་པའི་ངེས་པའི་ལས་ཀྱིས་འཕངས་པ་ཡོད་པས་ཐུགས་རྗེས་བཏང་སྙོམས་སུ་མཛད་དོ་ཞེས་དགོངས་སོ། །དྲང་སྲོང་ཆེན་པོ་གང?་ལ་དུས་མིན་དང། །སྣོད་མིན་མི་འབབ་བཏང་སྙོམས་མི་མཛད་པ། །དེའི་ཕྱིར་རྣམ་པ འདིས་ནི་བཏང་སྙོམས་མཛད། །དུས་དང་སྣོད་དང་ཕན་པར་གཟིགས་ནས་གསུང། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་བོས་ཏེ་སྨྲས་པ། རྒྱལ་པོའི་ཁབ་པ་རྣམས་ལ་འདི་རྒྱལ་པོའི་བུ་ཡིན་ནོ་ཞེས་ཐོབ་པར་གྱིས་ཤིག་།དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་བུ་ལ་འོས་པའི་གོས དང། རྒྱན་དང། ཕྲེང་བ་དང། བྱུག་པ་དང། གདུགས་དང། རྒྱལ་མཚན་དང། བྲན་ལ་སོགས་པ་རྣམ་པ་སྣ་ཚོགས་དང། རྒྱལ་པོ་ལ་སོགས་པའི་གླང་པོ་ཆེ་ལ་བསྐྱོན་ནས་གྲོང་ཁྱེར་དུ་བོས་པ། ཡ་མཚན་ཅན་དང། ཐོས་པ་དང་བཅས་པ་ཁྱོད་རྣམས་ཉོན་ཅིག་།འདི་ནི་ཡུལ་བ ར་ཨ་ཎཱ་སེར་ཕྱུག་པོའི་བུ་གངྒཱ་ལེན་ཞེས་བྱ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་འདོད་པ་ན་ཕ་དང་མ་ལས་སྣང་བ་མ་ཐོབ་ནས་བདག་ཅི་ནས་འཇིག་རྟེན་ཕ་རོལ་ཏུ་ཐོབ་པར་འགྱུར་ཞེས་དེ་འཆི་བའི་ཐབས་གཞན་རྟོགས་ནས་རྐུན་མར?་བསྟན་ཏེ་གསང་པར་བཀའ་ལུང སྩལ་བ་འདི་ད་ལྟར་རིགས་གཞན་གྱིས་མི་འཕྲོགས་པའི་རྟོག་མཐུའི་ཆེ་བའི་བདག་ཉིད་ས་ཆེན་པོའི་ཐིག་ལེ་གཅིག་པར་རྒྱལ་བར་བྱ་བ་ལས་རྣམ་པར་རྒྱལ་བའི་ལྷ་མ་སྐྱེས་དགྲའི་སྲས་སུ་སྐྱེས་སོ་ཞེས་ཐོས་པར་བྱ་སྟེ། དགའ་བ་དང་སྐྱོ་བ་ཡང་དག་པར་སྐྱེས་པ་མང་པོ་ཕྱི་ནས འབྲང་ཞིང་མདུན་དུ་བྱས་ཏེ། རྒྱལ་པོས་གནད་ནས་སྨྱུག་མའི་ནགས་ཚལ་གང་ན་བ་དེར་སོང་ངོ། །དེ་དེར་སྔོན་གྱི་དུས་སུ་བྱས་པའི་རྒྱུས་བར་ཆད་ཐམས་ཅད་ཟད་ཅིང་ཉེ་བར་གྲོལ་ཏེ། ཐོབ་པར་རིགས་པ་རབ་ཏུ་བྱུང་བ་ཕུན་སུམ་ཚོགས་པ་ཐོབ་བོ། །དེ་རབ་ཏུ་བྱུང་བ་ཕུན་སུམ ཚོགས་པ་ཐོབ་ནས་ཡིད་ལ་བྱེད་པ་ཕུང་པོ་དང་ཁམས་རབ་ཏུ་རྣམ་པར་དབྱེ་བ་རྟོག་པའི་རིམ་གྱིས་ཀུན་ཏུ་སྦྱོང་བ་དང། འཆིད་བ་དང། ཉེ་བའི་ཉོན་མོངས་པ་དང། ཀུན་ནས་དཀྲིས་པ་ཐམས་ཅད་བཅད་ཀྱིས་ལྕགས་སྒྲོག་གིས་འཆིང་བ་ཤེས་རབ་ཀྱི་རལ་གྲིས་ཡང་དག པར་བཅད་ནས་འཇིག་རྟེན་ཐམས་ཅད་ཀྱི་ཚ་བའི་ཆི་བར་མཆོད་པར་བྱ་བ་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །འདིར་མདོ་ལས་བསྡུས་ཏེ་བརྗོད་ཀྱི། རྒྱས་པར་ནི་རྟོག་པ་རྗོད་པ་བརྒྱའི་སྡོམ?་གྱི་ཚིགས་སུ་བཅད་པ་བཅུ་པའི་བརྒྱད་པ་ལས བལྟ་བར་བྱའོ། ། །།ཆོད་དཔོན་གྱི་བུ་གྲགས་པ་གཞོན་ནུ་ཞེས་བྱ་བ་ལ། བཅོམ་ལྡན་འདས་པ་ར་ཎཱ་སེའི་ཆུ་བོ་སྒྲིབ་མིང་ཀྱི་འགྲམ་ན་བཞུགས་སོ། །དེའི་ཚེ་བ་ར་ཎཱ་སེ་ན་གྲགས་པ་མཆོག་གི་རིགས་ཀྱི་བུ་ཞིག་ཡོད་དེ། ཉིན་པར་བུད་མེད་ཀྱི་རོལ་མོས་རྩེ་ཞིང་དགའ་ལ་ཡོངས་སུ་སྤྱོད པ་ལུས་ཆད་ཅིང་ལུས་ངལ?་ཏེ་ལུས་ལྕི་བར་གྱུར་པས་གཉིད་ལོག་པར་གྱུར་ཏོ། །བུད་མེད་དེ་དག་ཀྱང་ལུས་ཆད་ཅིང་ལུས་ངལ་ཏེ་ལུས་ལྕི་བར་གྱུར་པས་གཉིད་ལོག་པར་གྱུར་ཏོ། །གྲགས་པ་མཆོག་གི་རིགས་ཀྱི་བུས་བུད་མེད་དེ་དག་སྒྲེན?་མོར་ཁུ་ཆུ་འཛག་པ་སྐྲ་གྲོལ་བ་ལག་པ་དག ཡེངས་པ་གཞན་དང་གཞན་གྱི་བརྡོལ་སྨྲས་བྱེད་པ་དག་མཐོང་ནས། བཙུན་མོའི་འཁོར་དེ་དག་ལ་དུར་ཁྲོད་ཀྱི་འདུ་ཤེས་བྱུང་བར་གྱུར་ཏེ། དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་མལ་སྟན་ཆེན་པོ་ལས་བབས་ཏེ། བརྒྱ་སྟོང་རི་བའི་མཆིལ་ལྷམ་གཉིས་གོན་ནས་བཙུན་མོའི་གྲོང ཁྱེར་གྱི་སྒོ་ཁང་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས། ཀྱེ་གྲོགས་པོ་དག་བདག་ནི་རབ་ཏུ་གཙོས་སོ། །བདག་ནི་ཉེ་བར་གཙོས་སོ། །ཞེས་འོ་དོད?་བོས་པ་མི་མ་ཡིན་པ་རྣམས་ཀྱི་སྒོ་ཕྱེ་ནས་སྒྲ་མི་ཐོས་པར་བྱས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་ཚོང་དུས་ཀྱི་སྒོ་གང་ན བ་དེར་ཉེ་བར་སོང་སོང་སྟེ་ཉེ་བར་སོང་ནས་ཀྱེ་གྲོགས་པོ་དག་བདག་ནི་རབ་ཏུ་གཙོས་སོ་བ་ཤ?་ནི?་ཉེ་བར་གཙོས་སོ་ཞེས་འོ་དོད་བོས་པས་དེ་ནི་མ་ཡིན་པ་རྣམས་ཀྱིས་སྒོ་ཕྱེ་སྟེ་སྒྲ་མི་གྲག་པར་བྱས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་ཚོང་དུས་ཀྱི་སྒོ་གང་ན་བ་དེར་ཉེ་བར་སོང་ནས་ཀྱེ་གྲོགས་པོ་དག་བདག ནི་རབ་ཏུ་གཙོས་སོ། །བདག་ནི་ཉེ་བ་གཙོས་སོ་ཞེས་འོ་དོང་བོས་པ་དེ་མི་མ་ཡིན་པ་རྣམས་ཀྱིས་སྒོ་ཕྱེ་སྟེ་སྒྲ་མི་ཐོས་པར་བྱས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་ཆུ་བོ་སྒྲིབ་མེད་ཀྱི་འགྲམ་གང་ན་ལ་དེར་ཉེ་བར་སོང་ངོ། །དེའི་ཚེ་ན་བཅོམ་ལྡན་འདས་ཆུ་བོ་སྒྲིབ་མེད་ཀྱི་འགྲམ་། པ་ཧཡི་རོལ་བླ་གབ་མེད་པ་ན་འཆག་ཅིང་འཆག་ནས་བཞུགས་པས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་རྒྱང་རིང་པོ་ནས་འོངས་པ་གཟིགས་ཤིང་རིགས་ཀྱི་བུ་གྲགས་པ་གཞིན་ནུས་བཅོམ་ལྡན་འདས་ཆུ་བོ་སྒྲིབ་མེད་ཀྱི་ཕྱི་རོལ་བླ་ཁབ་མེད་པ་ན་འཆག་ཅིང་འཆག་པར་མཐོང་ནས་དགེ་སྤྱོད་བདག་ནི་གཙེས་སོ ཀྱེ་དགེ་སྦྱོང་བདག་ནི་རབ་ཏུ་གཙེས?་སོ་ཞེས་འོ་དོད་བོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གཞོན་ནུ་ཚུར་ཤོག་།འདི་ན་ཉེ་བར་འཚེ་བ་མེད་པ་དང། ཉེ་བར་འཚེ་བ་མེད་པའི་གནས་ཡོད་དོ། །དེ་ནས་རིགས་ཀྱི་བུ་གྲགས པ་གཞོན་ནུ་བརྒྱ་སྟོང་རི་བའི་མཆིལ་ལྷམ་བྲུར?་དག་ཆུ་བོ་སྒྲིབ་མེད་ཀྱི་ངོས་སུ་བོར་ནས་ཆུ་བོ་བརྒལ་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་བཅོམ་ལྡན་འདས རིགས་ཀྱི་བུ་གྲགས་པ་གཞོན་ནུ་དང་གཙུག་ལག་ཁང་གང་ན་བ་དེར་ཉེ་བར་གཤེགས་ཏེ། ཉེ་བར་སོང་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་རིགས་ཀྱི་བུ་གྲགས་པ་གཞོན་ནུ་བཅོམ་ལྡན་འདས་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གང་སངས་རྒྱས་བཅོམ་ལྡན འདས་ཀྱི་སྔོན་གྱི་དུས་ཀྱི་རྒྱུ་ཆོས་ཀྱི་གཏམ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང། ཚུལ་ཁྲིམས་ཀྱི་གཏམ་དང། མཐོ་རིས་ཀྱི་གཏམ་དང། འདོད་པ་རྣམས་རོ་ཆུང་ཞིང་ཉེས་དམིགས་མང་བ་དང། ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བ་དང། ཐར་པ་དང། དབེན་པ་དང། བསྔ? པ་དང། རྣམ་པར་བྱང་བའི་ཕྱོགས་རྒྱས་པར་ཡང་དག་པར་གསལ་བར་མཛད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེས་དགའ་པའི་སེམས་དང། དགེ་བའི་སེམས་དང། རབ་ཏུ་དགའ་བའི་སེམས་དང། སྒྲིབ་པ་དང་བྲལ་བའི་སེམས་དང། འཁོར་བ་ལས་ཡང་དག་པར་འདའ་ བའི་ཆོས་བསྟན་པ་ཤེས་པར་ནུས་ཤིང་རིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཁོར་བ་ལས་ཡང་དག་པར་འདས་པའི་ཆོས་བསྟན་པ་འདི་ལྟ་སྟེ། སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་སྟེ། འཕགས་པའི་བདེན་པ་བཞི་པོ རྒྱས་པར་རབ་ཏུ་གསལ་བར་མཛད་དོ། །འདི་ལྟ་སྟེ། གོས་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པ་བཙོ་བླག་མཁན་གྱི་ལག་དུ་གཏད་ན་ཡང་དག་པར་ཚན་འཛིན་པར་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་གྲགས་པ་གཞོན་ནུ་སྟན་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་མངོན་པར རྟོགས་ཏེ། འདི་ལྟ་སྟེ། སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་མོ། །རིགས་ཀྱི་བུ་གྲགས་པ་གཞོན་ནུ་ཆོས་མཐོང་བ་དང། ཆོས་ཐོབ་པ་དང། ཆོས་རིག་པ་དང། ཆོས་རྟོགས་པ་དང། ཆོས་ལ་ཐེ་ཚོམ་དང་ཡིད་གཉིས་དང་བྲལ་བ་དང། གཞན་གྱི རྐྱེན་གྱིས་བཀྲི་བར་བྱ་བ་མ་ཡིན་པ་སྟོན་པ་གཞན་གྱིས་བསྟན་པའི་དྲིང་མི་འཇོག་པ། ཆོས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་བ་བདག ནི་མངོན་པར་འཕགས་སོ། །རབ་ཏུ་འཕགས་སོ། །དེ་ནས་བདག་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །དགེ་བསྙེན་དུ་གཟུང་དུ་གསེལ། །དེ་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྔོས་ཏེ་སྐྱབས་སུ་འགྲོ་ཞིང་མངོན་པར་དང་ངོ། དེ་ནས་བཙུན་མོའི་འཁོར་གྱི་ནང་ནས་གཞན་ཞིག་གཉིད་སང་དེ་བལྟས་པ་ན་གྲགས་པ་གཞོན་ནུ་རང་གིས་མལ་སྟན་ཆེན་པོ་ལ་མི་སྣང་བ་མཐོང་ནས་ཁྱིམ་བདག་རིགས་མཆོག་གི་ཁང་པ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཁྱིམ་བདག་རིགས་མཆོག་ལ་འདི་སྐད ཅེས་ཀྱེ?་ཇོ་བོ་གྲགས?་པ་གཞོན་ནུ་རང་གི་མལ་སྟན་ཆེན་པོ་ལ་མི་སྣང་བ་མཁྱེན་པར་མཛོད་ཅིག་ཅེས་སྨྲས་སོ། །དེ་ནས་ཁྱིམ་བདག་རིགས་མཆོག་འདི་སྙམ་དུ་ཅི་གྲགས་པ་གཞོན་ནུ་རྐུན་མ་འམ་གཡོན་ཅན་གྱིས་ནོར་གྱི་ཕྱིར་ཕྱི་རོལ་ཏུ་ཁྱེར་བར་མ་གྱུར་སྙམ་དུ་རིག་པར་བྱས་ནས། ཕོ་ཉ་རྟ་བ་བཞི་བརྫངས་སོ། །རང་ཉིད་ལག་ན་མར་མེ་ཐོགས་པའི་སྐྱེས་བུ་དང་ལྷན་ཅིག་ཆུ་བོ་སྒྲིབ་མེད་གང་ན་བ་དེར་ཉེ་བར་སོང་ནས། ཁྱིམ་བདག་རིགས་མཆོག་གིས་ཆུ་བོ་སྒྲིབ་མེད་ཀྱི་འགྲམ་དུ་བརྒྱ་སྟོང་རི་བའི་མཆིལ་ལྷམ་ཟུང་ཅིག་བཞག་པ་མཐོང་ནས་དེ་ཡང་འདི་སྙམ་དུ་ཅི་གཞོན་ནུ འདི་རྐུན་མ་འམ་གཡོན་ཅན་གྱི་ནོར་གྱི་ཕྱིར་ཕྱི་རོལ་ཏུ་ཁྱེར་བར་མ་གྱུར་ཏེ། འདི་ལྟ་སྟེ་ཆུ་བོ་སྒྲིབ་མེད་ཀྱི་འགྲམ་དུ་བརྒྱ་སྟོང་རི་བའི་མཆིལ་ལྷམ་གཉིས་བོ་བཞག་པས་སོ། །གཞོན་ནུ་འཇུག་དོགས་འདི་ཉིད་ནས་ཆུ་བོ་སྒྲིབ་མེད་བརྒལ་བར་གྱུར་ཏེ། འདི་ལྟ་སྟེ། ཆུ་བོ་སྒྲིབ་མེད་ཀྱི འགྲམ་དུ་བརྒྱ་སྟོང་རི་བའི་མཆིལ་ལྷམ་གཉིས་པོ་འདི་བཞག་པར་བྱས་སོ་ཞེས་རིག་པར་བྱས་ནས་འཇུག་དོགས་དེ་ཉིད་ནས་ཆུ་བོ་སྒྲིབ་མེད་བརྒལ་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ། །བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་ཁྱིམ་བདག་རིགས་མཆོག་འོང བ་གཟིགས་ནས་འདི་སྙམ་དུ་གཞོན་ནུ་འདི་སྟན་འདི་ལས་འདུག་བཞིན་དུ་མི་མཐོང་བར་འབྱུང་བ་དེ་ལྟ་བུའི་ངས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་གྲགས་པ་གཞོན་ནུ་སྟན་དེ་ཉིད་ལ་འདུག་བཞིན་དུ་ཁྱིམ་བདག་རིགས མཆོག་གིས་མི་མཐོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །དེ་ནས་ཁྱིམ་བདག་རིགས་མཆོག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲགས་པ་གཞོན་ནུ་གང་དུ སོང་བ་གཟེགས་ལགས་སམ། ཁྱིམ་བདག་འདུག་ཅིག་དང། སྟན་འདི་ཉིད་ལ་འདུག་བཞིན་དུ་གྲགས་པ་གཞོན་ནུ་མཐོང་བར་འགྱུར་བའི་གནས་དེ་ཡོད་དོ། །དེ་ནས་ཁྱིམ་བདག་རིགས་མཆོག་འདི་སྙམ་དུ་གལ་ཏེ། བཅོམ་ལྡན་འདས་ཀྱིས་གཞོན་ནུ་མཐོང་བར་འགྱུར་རམ་སྙམ་མོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེས་ན་གང་གི་ཚེ་སྟན་འདི་ཉིད་ལ་འདུག་བཞིན་དུ་གྲགས་པ་གཞོན་ནུ་མཐོང་བར་གྱུར་པའི་གནས་དེ་ཡོད་དོ། །དེ་དེ་ལྟར་རིགས་ནས་དགའ་བ་དང། ཡིད་བདེ་བ་དང། རབ་ཏུ་དགའ་བ་དང། ཡིད་བདེ་བ་སྐྱེས་ཏེ་བཅོམ་ལྡན་འདས ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་རིགས་མཆོག་བཅོམ་ལྡན་འདས་ཀྱི་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་ཞེས་སྔ་མ་བཞིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན ཁྱིམ་བདག་རིགས་མཆོག་ཆོས?་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །གྲགས་པ་གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་བཞིན་དུ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ? མངོན་པར་འདུ་བྱ་བ་དེ་སླར་བརྟུལ་ཏེ། ཚིགས་སུ་བཅད་བ་འདི་སྐད་ཅེས་དཀའ་སྩལ་ཏོ། །བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང། །དུལ་བསྡམས་ཚངས་པར་སྤྱོད་གྱུར་ཅིང། །སེམས་ཅན་ཀུན་ལ་དབྱུག་པ་སྤངས། །བྲམ་ཟེ་དགེ་སྦྱོང་དགེ་སློང་སྟེ། །དེའི་ཚེ་དགྲ་བཅོམ་པ་དྲུག ཡོད་ལ་བདུན་པ་ནི་བཅོམ་ལྡན་འདས་ཡིན་ནོ། །ཁྱིམ་བདག་རིགས་མཆོག་གི་གྲགས་པ་གཞོན་ནུ་སྟན་དེ་ཉིད་ལ་འདུག་པ་མཐོང་སྟེ། གྲགས་པ་གཞོན་ནུ་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་མ་ལུས་དལ་བ་དང། ལུས་ཆད་པ་དང་སྨྲེ་སྔགས་འདོན་པར་འགྱུར་གྱིས་ཁྱིམ་དུ་འདོང? ངོ?། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་རིགས་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཇི་སྙམ་དུ་སེམས། གང་གིས་མི་སློབ་པའི་ཡེ་ཤེས་དང་མི་སློབ་པའི་མཐོང་བས་འཕགས་པའི་བདེན་པ་བཞི་པོ་མངོན་པར་རྟོགས་ཀྱང་ཁྱིམ་གྱི་གནས་སུ་འདུག་ཅིང ཡོངས་སུ་བསགས་པའི་འདོད་པ་ལ་ལོངས་སྤྱོད་དམ། བཙུན་པ་མ་ལགས་སོ། །ཇི་ལྟར་ཁྱིམ་བདག་ཁྱོད་སློབ་པའི་ཡེ་ཤེས་དང། སློབ་པའི་མཐོང་བས་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་པ་དེ་བཞིན་དུ་གྲགས་པ་གཞོན་ནུ་མི་སློབ་པའི་ཡེ་ཤེས་དང་མི་སློབ པའི་མཐོང་བས་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་སོ། །བཙུན་པ་གྲགས་པ་གཞོན་ནུ་ཐོབ་པར་ལེགས་པར་ཐོབ་སྟེ། མི་སློབ་པའི་ཡེ་ཤེས་དང། མི་སློབ་པའི་མཐོང་བས་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་ལགས་སོ། །བཅོམ་ལྡན་འདས་གྲགས པ་གཞོན་ནུ་ཕྱི་བཞིན་འབྲང་བའི་དགེ་སློང་དང་རིགས་མཆོག་གི་ཁྱིམ་གན?་བ་དེར་གཤེགས་པ་ཐུགས་བརྩེ་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཁྱིམ་བདག་རིགས་མཆོག་ལ་ཅད?་མི་གསུང་པར་སྣང་ངོ། །དེ་ནས་ཁྱིམ་བདག་རིགས་མཆོག་བཅོམ་ལྡན་འདས་ཀྱིས་ཅད་མི་གསུང པར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཉིན་ཞག་དེ་ཉིད་ཀྱི་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་ཕྱི་བཞིན་འབྲང་བཞིན་དགེ་སློང་གྲགས་པ་གཞོན་ནུ་དང་ཁྱིམ་བདག་རིགས་མཆོག་གི་ཁྱིམ་ག་ལ་བ་དེར་གཤེགས་སོ།། དེའི་དུས་ན་ཚེ་དང་ལྡན་པ་གྲགས་པའི་བཙུན་མོ་ཆེན་པོ་དང་གཉིས་པ་མདུན་ན་གནས་མ་ཞེས་བྱ་བ་ལམ་གྱི་བར་ན་བཅོམ་ལྡན་འདས་ནམ་གཤེགས་ཞེས་སེམས་ཤིང་འདུག་གོ་། ཚེ་དང་ལྡན་པ་གྲགས་པའི་བཙུན་མོ་ཆེན་མོ་དང། མདུན་གནས་མ་གཉིས་ཀྱིས་བཅོམ་ལྡན འདས་རྒྱང་རིང་པོ་ནས་གཤེགས་པ་མཐོང་སྟེ། མཐོང་ནས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ། འདི་ལྟར་བཅོམ་ལྡན་འདས་བདེ་བར་གཤེགས་སམ། བཅོམ་ལྡན་འདས་གདན་བཤམས་པ་འདི་ལ་བཞུགས་སུ་གསོལ་ཞེས་ཞུས་ཏེ། བཅོམ་ལྡན་འདས་གདན་བཤམས པ་ལ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་གྲགས་པའི་བཙུན་མོ་ཆེན་མོ་དང་མདུན་གནས་མ་གཉིས་ཀྱི་ཞབས་ལ་སྤྱི་བོས་ཕྱབ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་གྲགས་པའི་བཙུན་མོ་གཉིས་པོ་ཆེན་མོ་དང་མདུན་གནས་མ གཉིས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས། རྒྱས་པར་ཇི་སྲིད་དུ་འཕགས་པའི་བདེན་པ་བཞི་མངོན་པར་རྟོགས་ཏེ། སྔ་མ་བཞིན་དུ་སྐྱབས་སུ་སོང་ཞིང་སེམས་མངོན་པར་དང་བའི་བར་དུའོ། །དེ་ནས་ཚེ་དང་ལྡན་པ་གྲགས་པའི་བཙུན་མོ་ཆེན་མོ་དང་མདུན གནས་མ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་ནས་བཙུན་པ་འདིར་ཟས་ཀྱི་བྱ་བ་མཛོད་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲགས་པའི་བཙུན་མོ་གཉིས་པོ་ཆེན་མོ་དང?་མདུན་གནས་མ་གཉིས་ལ་ཅད?་མིག?་སུང་བར་གནང་ངོ།། དེ་ནས་ཚེ་དང་ལྡན་པ་གྲགས་པའི་བཙུན་མ་གཉིས་པོ་ཆེན་མོ་དང་མདུན་གནས་མ་གཉིས་ཀྱིས་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་གྲགས་པ་གཉིས་བདེ་བར་ཞུགས་པར་རིག་ནས། གཙང་ཞིང་གྱ་ནོམ་པའི་བཟའ་བ་དང་བཅའ་བ་རང་གི་ལག་ནས་བྲིམས ཞིང་ཚིམ་པར་བྱས་ཏེ། བཅོམ་ལྡན་འདས་གཙང་ཞིང་གྱ་ནོམ་པའི་བཟའ་བ་དང་བཅའ་བ་རང་གི་ལག་ནས་ཚིམ་པར་བྲིམས་པ་རིག་ཅིང། ལྷུང་བཟེད་རྒྱུ་བ་དང། སྟན་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཆོས་ཉན་པའི་ཕྱིར་འདུག་གོ་།དེ་ནས་བཅོམ་ལྡན་འདས ཀྱིས་ཚེ་དང་ལྡན་པ་གྲགས་པའི་བཙུན་མོ་ཆེན་མོ་དང། མདུན་གནས་མ་གཉིས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུལ?་ཡང་དག་པར་གཟེད་བསྟོང། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ།། མི་མ་ཡིན་པ་རྣམས་ཀྱིས་སྒོ་ཕྱེ་ཞིང་སྒྲ་མི་ཐོས་པར་བྱས་ཏེ། འདི་འགའ་ཞིག་གིས་ཀྱང་བསད་པར་མ་ནུས་ཏེ། སྐྱེ་བ་ཐ་མ་པ་ཡིན་པའི་ཕྱིར་རོ། །འཚོ་བྱེད་ཀྱང་མས་སྒྲོམ་དུ་བཅུག་སྟེ་རྒྱལ་པོའི་སྒོར་བསྐྱུར་བ་ལས་བདེན་པར་མཐོང་བར་རིག་པར་མ་ཤི་ཞེས་གཏམ རྒྱུད་རྒྱས་པར་འདུལ་བ་ལས་གོས་ཀྱི་གཞིར་བལྟ་བར་བྱའོ། །སོགས་པའི་སྒྲས་བྷ་བ་ལོབ་ཏ་ཀ་ལ་སོགས་པ་སྲིད་པ་ཐ་མ་པ་བདེན་པ་མཐོང་བར་རིགས་པ་དག་ལས་གཡང་སར་བསྐྱུར་བ་ཡང་མ་ཤི་བར་དཔེར་བྱས་པ་སྟེ། དེ་ཉིད་ཀྱི་ཕྱིར་ཇི་སྐད་བཤད་པ་ཐམས་ཅད བསྡུ་བའི་དོན་དུ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཞེས་སྨོས་སོ། །བྱང་ཆུབ་སེམས་དཔའ་ཨི་ཡུམ་དེ་ལྷུམས་ན་གནས་པ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཨི་མཐུ་དང་ལྷའི་མཐུས་རྨད་དུ་བྱུང་བའི་སེམས་མི་མངལ་དུ་ཞུགས་པ ལ་ཇི་སྐད་དུ། མ་ནི་བདེ་ཞིང་སེམས་ལ་སྡིག་བྲལ་དང། །སྐྱེས་པ་གཞན་ལ་འདོད་པ་མེད་པར་འགྱུར། །ཁྱིམ་གྱི་ཕྱོགས་བཞིར་ལག་ན་མཚོན་ཐོགས་པའི། །ལྷ་རྣམས་བསྲུང་བའི་དོན་དུ་ཁྱབ་ཅིང་གནས་ཞེས་བྱའོ། །ཡང་ཅིའི་ཕྱིར་མདོ་ལས་བཙུན་པ་ཞེས་བྱ་བ་ནི་ལུས ཐོབ་བ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་སྔར་གྱི་སྐབས་སུ་བྲིས་ཟིན་ཏོ། །བདེ་བ་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་གླེང་བཞི་ནི་མཉན་དུ་ཡོད་པ་ནའོ། །བདེ་བ་སྐྱེ་བ་ན་རྣམ་པ་གསུམ་སྟེ། འདི་དག་གི་ལུས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་མངོན་པར་ཚིམ་ཞིང་ཡོངས་སུ ཚིམ་ཞིང་ཡོངས་སུ་དགའ་ཞིང་ཡོངས་སུ་ཁྱབ་སྟེ་གནས་སོ། །དེ་དག་གི་ལུས་ལ་རྣམ་པ་ཐམས་ཅད་དུ་མི་གསལ་བ་དང་མ་ཁྱབ་པ་ཅུང་ཟད་ཀྱང་མེད་དེ། དབེན་བ་ལས་སྐྱེས་པའི་དགའ་བ་དང། བདེ་བ་དང། ཡིད་བདེ་བ་ལྡན་ཞིང་ཚེ་རིང་ཞིང་དུས་རིང་མོ་ཞིག་ཏུ་གནས་པའི་སེམས་ཅན་དེ་དག ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་རྣམས་ཏེ། འདི་ནི་བདེ་བ་སྐྱེ་བ་དང་པོ་ཡིན་ནོ། །འདི་དག་གི་ལུས་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་མངོན་པར་ཚིམ་ཞིང་ཡོངས་སུ་ཚིམ་ལ་ཡོངས་སུ་དགའ་བས་ཡོངས་སུ་ཁྱབ་སྟེ་གནས་སོ། །དེ་དག་གི་ལུས་ལ་རྣམ་པ་ཐམས་ཅད དུ་མི་གསལ་བ་དང་མ་ཁྱབ་བ་ཅུང་ཟད་ཀྱང་མེད་དེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང། བདེ་བ་དང་ཡིད་བདེ་བ་དང་ལྡན་ཞིང་ཚེ་རིང་ཞིང་དུས་རིང་མོ་ཞིག་ཏུ་གནས་པའི་སེམས་ཅན་དེ་དག་ཡོད་དེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་ཏེ། འདི་ནི་བདེ་བ་སྐྱེ་བ་གཉིས་པ་ཡིན་ནོ།། འདི་དག་གི་ལུས་དགའ་བ་མེད་པའི་བདེ་བས་མངོན་པར་ཚིམ་ཞིང་ཡོངས་སུ་ཚིམ་ལ། ཡོངས་སུ་དགའ་བས་ཡོངས་སུ་ཁྱབ་སྟེ་གནས་སོ། །དེ་དག་གི་ལུས་ལ་རྣམ་པ་ཐམས་ཅད་དུ་མི་གསལ་བ་དང་མ་ཁྱབ་པ་ཅུང་ཟད་ཀྱང་མེད་དེ། དགའ་བ་མེད་པའི་བདེ་བ་ལྡན་ཞིང་ཚེ་རིང ཞིང་དུས་རིང་མོ་ཞིག་ཏུ་གནས་པའི་སེམས་ཅན་དེ་དག་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་ཏེ། འདི་ནི་བདེ་བ་སྐྱེ་བ་གསུམ་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །སེམས་ཅན་ལུས་ཐ་དད་པ་དག་ཀྱང་ཡང་དེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་ཤེས་པ་གནས་པ་བདུན་དུ་བལྟ པར་བྱ་ཞིང། བཅུ་ལས་འཕྲོས་པ་ལས་འདོན་པ་ལྟ་བུ་དང། འདི་ཉིད་དུ་མཛོད་ཀྱི་གནས་དང་པོར་དེ་བཞིན་གཞན་ཡང་ཅི་རིགས་པར་ཞེས་བྱ་བར་སྐྱེ་མཆེད་གཉིས་པོ་ཞེས་བྱ་བའི་སྐབས་སུ་བསྟན་པ་བཞིན་ནོ། །མདོ་ལས་གསུམ་པོ་འདི་དག་གི་འདུས་བྱས་ཀྱི་མཚན་ཉིད ཡིན་ནོ་ཞེས་གསུངས་པ་མ་ཡིན་ནམ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་འདུས་བྱས་སུ་མཚོན་པར་བྱེད་པ་སྟེ། གསུམ་གང་ཞེ་ན། འདུས་བྱས་སྐྱེ་བར་ཡང་མངོན་ནོ། །འཇིགས་པ་དང་གནས་བ་ལས གཞན་དུ་འགྱུར་བར་ཡང་མངོན་ནོ། །འདུས་མ་བྱས་ནི་སྐྱེ་བར་མི་མངོན་ཞིང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བར་མི་མངོན་ནོ་ཞེས་བཀའ་སྩལ་ཏོ།། །།དཔེར་ན་སྐྱེ་བའི་འབྱུང་བ་ཞེས་བྱ་བ་དང། མི་རྟག་པ་ཉིད་ཀྱིས་འཇིག་པ་ཞེས་བྱ་བ་ལ། ཇི་སྐད་དུ་འདུ་བྱེད ཐམས་ཅད་མི་རྟག་སྟེ། །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བས་ན། དེ་དག་ཉེ་བར་ཞི་བ་བདེ་ཞེས་འབྱུང་ངོ། །དེ་ལྟ་ཡིན་པས་རིགས་ཀྱི་བུ་དཔའ་བོའི་ཚོར་བ་ནི་རིག་བཞིན་དུ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྟོབས དང་ལྡན་ཞེས་བྱ་བ་ནི། རིགས་ཀྱི་བུ་དགའ་བོ་ལ་ཡང་དག་པར་སྨྲ་བས་སྨྲའི། དགེ་སློང་དག་མཛེས་པ་དང་འདོད་ཆགས་ཤས་ཆེ་བ་ཞེས་བྱ་བ་ནི་ཚེ་དང་ལྡན་པ་དགའ་བོ་ལ་ཡང་དག་པར་སྨྲ་བས་སྨྲའི། གཞན་ལ་ནི་མ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུ་དགའ་བོ་དབང་པོའི སྒོ་ཡོངས་སུ་བསྡམས་ཤིང་གནས་པ་དང། ཟས་ཀྱི་ཚོད་ཤེས་པ་དང། ནམ་གྱི་ཆ་སྟོང་དང་ཆ་སྨད་ལ་མི་ཉལ་བར་སྦྱོར་ལ་བརྩོན་པར་གནས་པ་དང། དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་དང་ཡོངས་སུ རྫོགས་པ་སྤྱད་པར་ནུས་སོ། །དགེ་སློང་དག་དེ་ལ་རིགས་ཀྱི་བུ་དགའ་བོའི་དབང་པོ་རྣམས་ཀྱིས་ཡོངས་སུ་སྒོ་བསྡམས་པ་གང་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་དགའ་པོ་མིག་གིས་གཟུགས་རྣམས་མཐོང་ནས་མཚན་མར་མི་འཛིན་ལ། མངོན་རྟགས་སུ་མི་འཛིན་ཅིང་མིག གིས་དབང་པོ་ལྷག་པར་སྡོམ་པས་གདམས་ཤིང་གནས་ཏེ། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་སེམས་ཟབ་པ་དང་བྲལ་ཞིང་དེ་དག་ལ་འབད་པ་དང། སྡོམ་ཞིང་སྲུང་སྟེ། མིག་གི་དབང་པོ་ལ་མིག་གི་དབང་པོ་བསྡམས་ཏེ གནས་སོ། །རྣ་བས་སྒྲ་དང། སྣས་དྲི་དང། ལྕེས་རོ་དང། ལུས་ཀྱིས་རེག་བྱ་དང། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་ལ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྡོམ་ཞིང་སྲུང་སྟེ། ཡིད་ཀྱི་དབང་པོས་ཡིད་ཀྱི་དབང་པོ་བསྡམས་ཏེ་གནས པའི་བར་དུ་སྟེ། དགེ་སློང་དག་འདི་ནི་རིགས་ཀྱི་བུ་དགའ་བོའི་དབང་པོའི་སྒོ་བསྡམས་པ་ཞེས་བྱའོ། །དགེ་སློང་དག་དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ཀྱི་ཚོད་ཤེས་པ་གང་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་དགའ་བོ་ཤེས་བཞིན་དུ་ཟས་ཟ་སྟེ། རྩེ་བའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར མ་ཡིན། འཚིག་གི་ཕྱིར་མ་ཡིན། རྣམ་པར་བརྒྱན་པའི་ཕྱིར་མ་ཡིན་གྱི། ཇི་སྲིད་དུ་ལུས་གནས་ཤིང་རྟེན་པ་དང། བཀྲེས་པ་བཟློག་པ་དང། ཚངས་པར་སྤྱོད་པ། རྗེས་སུ་བཟུང་བའི་ཕྱིར་རོ། །ཚོར་བ་སྔ་མ་བཟློག་ཅིང་ཚོར་བ། གསང་པ་བསྐྱེད་པར་བྱ་བའི་ཕྱིར་དང། གང ལས་སྟོབས་དང་བདེ་བ་ལ་རེག་པས་གནས་པར་བྱ་བའི་ཕྱིར་ཏེ། འདི་ལྟ་སྟེ། ཤིང་རྟ་མཁན་གྱི་སྐྱེས་བུ་ཤིང་རྟའི་མིག་ཏུ་མར་རམ་ཏིལ་མར་སྐུད་པར་བྱེད་པ་ན་རྩེ་བའི་དོན་དུ་མ་ཡིན། རྒྱགས་པའི་དོན་དུ་མ་ཡིན། འཚིག་གི་དོན་དུ་མ་ཡིན། རྣམ་པར་བརྒྱན་པའི་དོན་དུ མ་ཡིན་གྱི། ཇི་སྲིད་དུ་ཁུར་ཐེག་པར་བྱ་བའི་དོན་དུའོ། །སྐྱེས་བུ་སྨན་ཅན་རྨ་ལ་མར་རམ་ཏིལ་མར་སྐུད་པར་བྱེད་པ་ན། རྩེ་བའི་དོན་དུ་མ་ཡིན། འཚིག་གི་དོན་དུ་མ་ཡིན། རྣམ་པར་བརྒྱན་པའི་དོན་དུ་མ་ཡིན་གྱི། ཇི་སྲིད་དུ་རྨ་ལས་ཐར་བར་བྱ་བའི་དོན་དུའོ། །དགེ་སློང་དག དེ་བཞིན་དུ་རིགས་ཀྱི་བུ་དགའ་བོ་ཤེས་བཞིན་དུ་ཟས་ཟ་བར་བྱེད་ཅེས་བྱ་བ་ནས། སྔ་མ་བཞིན་དུ་བདེ་བ་ལ་རེག་པར་གནས་པའི་ཕྱིར་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོའི་ཟས་ཀྱི་ཚོང?་ཤེས་པ་ཞེས་བྱའོ། །དགེ་སློང་དག་དེ་ལ་རིགས་ཀྱི་བུ་དགའ་བོའི ནམ་གྱི་ཆ་སྟོང་དང་ཆ་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་བརྩོན་པར་གནས་པ་གང་ཞེ་ན། དགེ་སློང་དག་རིགས་ཀྱི་བུ་དགའ་ཨབོ་ཉིན་མོ་རྒྱུ་བ་དང་གནས་པ་དག་ལ་ཆོས་རྣམས་ལ་སེམས་སྒྲིབ་པ་མེད་ཅིང་ཡོངས་སུ་དག་གོ། དེ་མཚན་མོའི་ཐུན་དང་པོ་ལ་རྒྱུ་བ་དང་གནས་བ དག་ལས་ཆོས་རྣམས་ལ་སེམས་སྒྲིབ་པ་མེད་ཅིང་ཡོངས་སུ་དག་ནས་མཚན་མོའི་ཐུན་བར་པ་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས་གློ་གཡས་པ་ཕབ་སྟེ། རྐང་པས་རྐང་པ་མནན་ནས། དྲན་པ་དང་ཤེས་བཞིན་གྱིས་སྨད་བའི་འདུ ཤེས་དང་ལྡན་པའི་འདུ་ཤེས་ཡིད་ལ་བྱེད་ཅིང་ཉལ་བར་བྱེད་དོ། །དེ་མཚན་མོའི་ཐུན་ཐ་མ་ལ་མྱུར་བ་མྱུར་བར་ལངས་ནས་རྒྱུ་བ་གནས་པ་དག་ལ་ཆོས་རྣམས་ལ་སེམས་སྒྲིབ་པ་མེད་ཅིང་ཡོངས་སུ་དག་གོ་།དགེ་སློང་དག་འདི་ནི་རིགས་ཀྱི་བུ་དགའ་བོའི་ནམ་གྱི་ཆ་སྟོང་དང་ཆ་སྨད་ལ མི་ཉལ་བར་སྦྱོར་བ་ལ་བརྩོན་པ་ཞེས་བྱའོ། །དགེ་སློང་དག་དེ་རིགས་ཀྱི་བུ་དགའ་བོའི་དྲན་པ་དང་ཤེས་བཞིན་མཆོག་གང་ཞེ་ན། དགེ་སློང་དག་དེ་རིགས་ཀྱི་བུ་དགའ་བོའི་ཤར་ཕྱོགས་སུ་བལྟ་བ་ན་སེམས་ཐམས་ཅད་དང་ལྡན་པས་བལྟ་བར་བྱེད་དོ། །དེ་གལ་ཏེ་ལྷོ་དང་ནུབ་དང བྱང་ཕྱོགས་སུ་བལྟ་བ་ན་ཡང་སེམས་ཐམས་ཅད་དང་ལྡན་པས་བལྟ་བར་བྱེད་དོ། །དེ་ལྟར་བལྟ་བས་ན་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་སྡིག་པ་མི་དགེ་བ་དག་ལས་སེམས་ཟག་པ་དང་བྲལ་བར་འགྱུར་རོ། །དགེ་སློང་དག་རིགས་ཀྱི་བུ་དགའ་བོའི་ཚོར་བ་ནི་རིག བཞིན་དུ་སྐྱེའོ། །རིག་བཞིན་དུ་གནས་སོ། །རིག་བཞིན་དུ་ནུབ་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པར་འགྱུར་བ་དེ་ཡང་དྲན་བཞིན་དུ་ཡིན་གྱིས་མ་དྲན་པར་དུ་ནི་མ་ཡིན་ནོ། །འདུ་ཤེས་དང་སྤྱོད་པ་ཡིན་བཞིན་དུ་སྐྱེ་བ་དང། རིག་བཞིན་དུ་གནས་པ་དང། རིག་བཞིན དུ་ནུབ་པ་དང། ཡོངས་སུ་ཟད་པ་དང། ཡོངས་སུ་འཇུག་པར་འགྱུར་ཏེ། དེ་ཡང་དྲན་བཞིན་དུ་ཡིན་གྱི། མ་དྲན་པར་ནི་མ་ཡིན་ནོ། །དགེ་སློང་དག་འདི་ནི་རིགས་ཀྱི་བུ་དགའ་བོའི་དྲན་པ་དང་ཤེས་བཞིན་མཆོག་ཅེས་བྱའོ། དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། འདི་ལྟ་སྟེ་རིགས་ཀྱི་བུ་དགའ་བོ་ལྟར་དབང་པོའི་སྒོ་རྣམས་ཡོངས་སུ་བསྡམས་ཏེ་གནས་པ་དང། འདི་ལྟ་སྟེ། རིགས་ཀྱི་བུ་དགའ་བོ་ཟས་ཀྱི་ཚོད་ཤེས་པ་དང། འདི་ལྟ་སྟེ་རིགས་ཀྱི་བུ་དགའ་བོ་བཞིན་དུ་ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བའི་སྦྱོར་བ་ལ་བརྩོན་པས་གནས པ་དང། རིགས་ཀྱི་བུ་དགའ་བོ་བཞིན་དུ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པར་དགེ་སློང་དང་དགའ་བོ་ལ་གདམས་ངག་འདིས་དགའ་བོ་བཞིན་དུ་བལྟ་བར་བྱའོ། །དེ་ནས་དགེ་སློང་མ་གཞན་ཞིག་གིས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །དབང་པོ་བསྡམས་ཤིང་སོ་སོར་དྲན་ལྡན་དང? དེ་བཞིན་ཟས་ཚོང་མཉམ་པོར་རིག་པ་དང། །སེམས་ཀྱི་རྒྱུ་མཚན་དེ་འདྲར་རིག་པ་དག་།ཚེ་དང་ལྡན་པ་དགའ་བོར་བཅོམ་ལྡན་གསུང་ཞེས་སྨྲས་སོ།། །།ཚིགས་བཅད་མིང་ལ་བརྟེན་པ་སྟེ་ཞེས་བྱ་བ་ལ་གླེང་གཞིའི་མཉན་དུ་ཡོད་ཕ་ནའོ། །དེ་ནས་ལྷ་གཞན་ཞིག་ཁ་དོག་མངོན་པར འཕགས་ཤིང་རབ་ཏུ་འཕགས་པ་དང་མཚན་མོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ད་དུང་ཡང་ལྷའི་ཁ་དོག་གིས་ཛེ་ཏའི་ཚལ་ཐམས་ཅད་དུ་སྣང་བ་རྒྱ་ཆེན་པོས་ཁྱབ པར་གྱུར་ཅིང་ཕྱོགས་གཅིག་ཏུ་འདུག་ནས་དེའི་ཚེ་ལྷ་དེས?་ཚིགས་སུ་བཅད་བ་འདི་སྐད་ཅེས་སྨྲས་སོ། །ཚིགས་བཅད་རྒྱུ་ནི་ཅི་ཞིག་ཡིན། །དེ་ཡི་བཀོད་པ་གང་ཞིག་ཡིན། །ཚིགས་སུ་བཅད་པ་གང་ལ་བརྟེན། །ཚིགས་བཅད་གཞི་ནི་ཅི་ཞིག་ཡིན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ ཚིགས་བཅད་རྒྱུ་ནི་འདོད་པ་སྟེ། །དེ་ཡི་བཀོད་པ་ཡི་གེ་ཡིན། །ཚིགས་བཅད་མིང་ལ་བརྟེན་པ་སྟེ། །ཚིགས་བཅད་གཞི་ནི་སྙན་ངག་མཁན། །དེ་ནས་ལྷ་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག བྱས་ཏེ་དེ་ཉིད་དུ་མི་སྣབ་བར་གྱུར་ཏོ། ། །།ཟག་པ་གང་དག་གི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཀོ་ཏུ་པ་ན་ཀོ་ཏུ་པའི་ཀལ་མ་ཤད་དམ་མྱ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཤེས་པ་དང་མཐོང པས་ཟག་པ་ཟད་པར་ང་སྨྲའི། མི་ཤེས་པ་དང་མི་མཐོང་བས་ནི་མ་ཡིན་ནོ། །དགེ་སློང་དག་འདི་ལྟར་ཅི་ཞིག་ཤེས་པ་དང་མཐོང་བས་ཟག་པ་ཟད་པར་ང་སྨྲའི?། མི་ཤེས་པས་མི་མཐོང་བས་ནི་མ་ཡིན་ཞེ་ན། འདི་ལྟ་སྟེ་ཚུལ་བཞིན་དུ་མ་ཡིན་པ་ཡིད་ལ་བྱེད་པ་དང། ཚུལ་བཞིན ཡིད་ལ་བྱེད་པའོ། །དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ན་འདོད་པའི་ཟག་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་སྐྱེས་ནས་འཕེལ་ཞིང་རྒྱས་པར་འགྱུར་ལ། སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་སྐྱེས་པ་འཕེལ བར་འགྱུར་ཞིང་རྒྱས་པར་འགྱུར་རོ། །དགེ་སློང་དག་ཚུལ་བཞིན་ཡིད་ལ་བྱེད་པས་འདོད་པའི་ཟག་པ་མ་སྐྱེས་པ་མི་སྐྱེ་ཅིང་སྐྱེས་པ་སྤོང་བར་འགྱུར་རོ། །སྲིད་བའི་ཟག་བ་དང་མ་རིག་པའི་ཟག་པ་མ་སྐྱེས་པ་མི་སྐྱེ་ཞིང་སྐྱེས་པ་སྤོང་བར་འགྱུར་རོ། །དགེ་སློང་དག་བྱིས་པ་སོ་སོའི སྐྱེ་བོ་ཐོས་པ་དང་མི་ལྡན་པ་སྐྱེས་བུ་དམ་པ་མ་མཐོང་ཞིང་འཕགས་པའི་ཆོས་ལ་མི་མཁས་ཤིང་འཕགས་པའི་ཆོས་ཀྱིས་མ་དུལ་དེ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་ཏེ། བདག་གི་ཆོས་སོ་ཞེས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་འདོད་པའི ཟག་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང། སྐྱེས་པ་འཕེལ་ཞིང་རྒྱས་པར་འགྱུར་རོ། །སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་སྐྱེས་པ་འཕེལ་ཞིང་རྒྱས་པར་འགྱུར་རོ། །འདི་ལྟར་ཡང་བདག་གིས་ཆོས་ལ་ཚུལ་བཞིན་ཡིད་ལ་བྱེད་པས འདོད་པའི་ཟག་པ་མ་སྐྱེས་པ་སྐྱེད་ཅིང་སྐྱེས་པ་སྤོང་བར་འགྱུར་རོ། །སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་མ་སྐྱེས་པ་མི་སྐྱེད་ཅིང་སྐྱེས་པ་སྤོང་བར་འགྱུར་རོ། །ཞེས་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མི་ཤེས་པས་ཆོས་གང་དག་ཡིད་ལ་བྱ་བ་མ་ཡིན་པའི ཆོས་དེ་དག་ཡིད་ལ་བྱེད་ཅིང། ཆོས་གང་དག་ཡིད་ལ་བྱ་བའི་ཆོས་དེ་དག་ཡིད་ལ་མི་བྱེད་དེ། །དེ་ཆོས་གང་དག་ཡིད་ལ་བྱ་བ་མ་ཡིན་པའི་ཆོས་དེ་དག་ཡིད་ལ་བྱེད་ཅིང། ཆོས་གང་དག་ཡིད་ལ་མི་བྱེད་པས་ནི་འདི་ལྟར་འདོད་པའི་ཟག་པ་མ་སྐྱེས་པ་སྐྱེ་བར་འགྱུར ཞིང་སྐྱེས་པ་འཕེལ་བར་རྒྱས་པར་འགྱུར་རོ། །སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་མ་སྐྱེས་པ་སྐྱེ་བར་འགྱུར་ཞིང་སྐྱེས་པ་འཕེལ་བ་དང་རྒྱས་པར་འགྱུར་རོ། །འདི་ལྟར་ཡང་བདག་གིས་ཆོས་ལ་ཡིད་ལ་བྱེད་པས་འདོད་པའི་ཟག་པ་མ་བསྐྱེད་པ་མི་བསྐྱེད ཅིང་སྐྱེས་པ་སྤོང་བར་འགྱུར་རོ། །སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་སྤོང་བར་འགྱུར་རོ་ཞེས་དེ་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པས་ཆོས་གང་དག་ཡིད་ལ་བྱ་བ་མི་བྱེད་ཅིང། ཆོས་གང་དག་ཡིད་ལ་བྱ་བའི་ཆོས་དེ་དག་ཡིད་ལ་བྱེད་དོ། །དེ ཆོས་གང་དག་ཡིད་ལ་བྱ་བ་མ་ཡིན་པའི་ཆོས་དེ་དག་ཡིད་ལ་མི་བྱེད་ཅིང། ཆོས་གང་དག་ཡིད་ལ་བྱ་བའི་ཆོས་དེ་དག་ཡིད་ལ་བྱེད་པས་འདི་ལྟར་འདོད་པའི་ཟག་པ་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་སྤོང་བར་འགྱུར་རོ། །སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་མ་སྐྱེས་པ་མི་བསྐྱེད་ཅིང སྐྱེས་པ་སྤོང་བར་འགྱུར་རོ། །དགེ་སློང་དག་ཟག་པ་དང་བཅས་པ་གེགས་སུ་གྱུར་པའི་ཡོངས་སུ་གདུང་བ་ཉེ་བར་འཁྲུག་པ་དེ་ནི་རྣམ་པ་བདུན་ཏེ། བདུན་གང་ཞེ་ན། ཟག་པ་དང་བཅས་པ་མཐོང་བས་སྤོང་བར་བྱ་བ་ཡང་ཡོད། ཟག་པ་དང་བཅས་པ་བསྡམས་པ་སྤང་བར བྱ་བ་ཡང་ཡོད། ཟག་པ་དང་བཅས་པ་སྤངས་པས་སྤང་པར་བྱ་བ་ཡང་ཡོད། ཟག་པ་དང་བཅས་པ་བསྟེན་པས་སྤང་པར་བྱ་བ་ཡང་ཡོད། ཟག་པ་དང་བཅས་པ་དུལ་བས་སྤང་བར་བྱ་བ་ཡང་ཡོད། ཟག་པ་དང་བཅས་པ་བཟོད་པས་སྤང་བར་བྱ་བ་ཡང་ཡོད། ཟག་པ་དང་བཅས པ་བསྒོམས་པས་སྤང་བར་བྱ་བ་ཡང་ཡོད་དོ། །ཟག་པ་དང་བཅས་པ་མཐོང་བས་སྤང་བར་བྱ་བ་གང་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་སྐྱེས་བུ་དམ་པ་མ་མཐོང་ཞིང་འཕགས་པའི་ཆོས་ལ་མི་མཁས་པ་འཕགས་པའི་ཆོས་ཀྱིས་མི་དུལ་བ་དེ འདི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་དོ། །བདག་འདས་པའི་དུས་མ?་བྱུང་བར་གྱུར་ཏམ། འོན་ཏེ་བདག་འདས་པའི་དུས་ན་བྱུང་བར་མ་གྱུར། བདག་འདས་པའི་དུས་ན་ཅི་འདྲ་བར་བྱུང་བདག་འདས་པའི་དུས་ན་ཇི་ལྟར་བྱུང་བར་གྱུར་ཞེས་བྱ་བ་དང། ཕྱི་མའི་མཐིལ་རྗེས་སུ འབྲང་བར་འགྱུར་ཏེ། བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར། མ་འོངས་པའི་དུས་ན་ཅི་འདྲ་བར་འབྱུང་བར་འགྱུར་མ་འོངས་པ་སྡོམ་པས་བསྡམས་པས་ཞེས་བྱའོ། །ཟག་པ་དང་བཅས་པ་སྤངས་པས་སྤང པར་བྱ་བ་གང་ཞེ་ན། དགེ་སློང་དག་འདི་ལ་གླང་པོ་ཆེ། སྨྱོན་པ་ཐག་རིང་དུ་ཡོངས་སུ་སྤང་བར་བྱ་ཞིང། ཁྱི་སྨྱོན་པ་དང། བ་བརྡུང་བ་དང། རྟ་རྒོད་དང། གནས་མི་ཤེས་པ་དང། ངམ་གྲོག་དང། མཚོ་དང། གཡངས་དང། ཤིང་རྟ་དང། ལྗན་ལྗིན སྡིག་པ་ཅན་དང། ཐ་ཆད་དང། སྡིག་པ་ཅན་གྱི་གྲོགས་པོ་དང། སྡིག་པ་ཅན་གྱི་མལ་ཆ་དང། སྟན་དང། མལ་ཆ་དང་སྟན་འདི་ལྟ་བུ་ལ་ཡོངས་སུ་ཞེན་པ་མཁས་པ་ཚངས་པར་སྤྱོད་པས་མི་སྲིད་པ་སྲིད་པར་འགྱུར་བ་དང། བརྟག་པར་བྱ་བ་མ་ཡིན་པ་རྟོག་པར་བྱད་བ་དེ་ལྟ བུའི་མལ་ཆ་དང་སྟན་རིང་དུ་ཡོངས་སུ་སྤང་པར་བྱ་སྟེ། སྤངས་ན་ཟག་པ་དང། གེགས་དང། ཡོངས་སུ་གདུང་བ་དང། འཁྲུག་པ་སྐྱེ་བར་ཡོངས་སུ་སྤང་པར་བྱ་སྟེ། འདི་ལྟར་ཟག་པ་དང། གེགས་དང་ཡོངས་སུ་གདུང་པ་དང། འཁྲུག་པ་མི་སྐྱེ་པ་འདི་ནི་སྤངས པས་སྤང་པར་བྱ་བ་ཞེས་བྱའོ། །ཟག་པ་དང་བཅས་པ་བསྟན་པས་སྤང་བར་བྱ་བ་གང་ཞེ་ན། འདི་ལ་དགེ་སློང་སོ་སོར་བརྟག་ནས་ཆོས་གོས་གོན་པར་བྱེད་ཀྱི་རྩེ་བའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། འཚག་གི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན གྱི། ཇི་སྲིད་དུ་སྦྲང་བུ་དང། ཤ་སྦྲང་དང། རླུང་དང་ཚ་བ་དང། སྡིག་སྤྲུལ་གྱི་རག་པ་གཞོམ་པར་བྱ་བའི་ཕྱིར་དང། ངོ་ཚ་བ་དང་གསང་བའི་གནས་དགབ་པར་བྱ་བའི་ཕྱིར་གོན་པར་བྱེད་དོ། །སོ་སོར་བརྟག་ནས་བསོད་སྙོམས་བསྟེན་པར་བྱེད་ཀྱི་རྩེ་བའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། འཚག་གི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི་ཇི་སྲིད་དུ་ལུས་འདི་གནས་པ་དང་མི་བསྐོམ་པ་དང། བཀྲེས་པ་བསལ་བ་དང། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བ་དང། ཚོར་བ་རྙིང་བ་རྣམས་བསལ་ཤིང་ཚོར་བ་གསང བ་བསྐྱེད་པར་བྱ་བའི་ཕྱིར་དང། འཚོ་བར་འགྱུར་བ་དང། སྟོབས་དང། བདེ་བ་ལ་རེག་པར་གནས་པར་བྱ་བའི་དོན་དུའོ། །སོ་སོར་བརྟགས་ཏེ་མལ་ཆ་དང་སྟན་ལ་ཉལ་པར་བྱེད་དེ། རྩེ་བའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། འཚག་གི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ཅི་སྲིད་དུ་ཐ་མལ་བའི་ཡོངས་སུ་འཇིག་པ་རྣམས་གཞོམ་པ་དང། མ་ཉམས་པར་བཞག་པའི་ཕྱིར་རོ། །དེ་སོ་སོར་བརྟགས་ཏེ་ན་བའི་གསོས་སྨན་བསྟན་པར་བྱེད་དེ། རྩེ་བའི་ཕྱིར་མ་ཡིན། རྣམ་པར་བརྒྱན་པའི་ཕྱིར་མ་ཡིན་གྱི། ཇི་སྲིད་དུ་ལུས་ཀྱི་ཚོར བ་སྡུག་བསྔལ་བ་དྲག་པ་རྩུབ་པ་གནད་གཅོད་པ་ཡིད་དུ་མི་འོང་སྲོག་འཕྲོག་པར་བྱེད་པ་བསལ་ཞིང་དགའ་བ་དང་ལྡན་པར་བྱ་བའི་དོན་དུའོ། །གང་ཞིག་སོ་སོར་མ་བརྟེན་པ་ཟག་པ་དང་བཅས་པ་གེགས?་ཡོངས་སུ་གདུང་བ་དང་ཉེ་བར་འཁྲུག་པ་མི་སྐྱེ་བ་འདི་ནི་སོ་སོར་བརྟན་པས་སྤང་བར་བྱ་བ ཞེས་བྱའོ། །ཟག་པ་དང་བཅས་པ་དུལ་བས་སྤང་པར་བྱ་བ་གང་ཞེ་ན། འདི་ལ་དགེ་སློང་འདོད་པའི་རྣམ་པར་རྟོག་པ་སྐྱེས་པ་མི་བཟོད་ཅིང་སྤོང་ཞིང་སྲིད་ལ་ཐག་རིང་དུ་བྱེད་པ་དང། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང། རྣམ་པར་འཚེ་བའི་རྣམ་པར་རྟོག་པ་སྐྱེས་པ་ནི་བཟོད ཅིང་སྤོང་བ་སྲིད་པ་དང་ཐག་རིང་དུ་བྱེད་ཅིང་འདུལ་བ། ཟག་པ་དང། བགེགས་དང། ཡོངས་སུ་གདུང་བ་དང། ཉེ་བར་འཁྲུག་པ་སྐྱེས་པ་འདུལ་བར་བྱེད་ཅིང་འདི་ལྟར་མི་སྐྱེ་བར་བྱེད་ལ། ཟག་པ་དང། གགས་དང། ཡོངས་སུ་གདུང་བ་དང། ཉེ་བར་འཁྲུག་པ་འདུལ་བར་བྱེད པས་སྡོམ་པ་ཞེས་བྱའོ། །ཟག་པ་དང་བཅས་པ་བཟོད་པས་སྤང་བར་བྱ་བ་གང་ཞེ་ན། འདི་ལ་དགེ་སློང་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་བརྩམས་ཤིང་གནས་ཏེ། སྟོབས་དང་ལྡན་པའི་བརྩོན་འགྲུས་དང། སྤྲོ་བ་དང། བརྟན་པ་དང། ཕ་རོལ་གནན་པ་ཁུར་མི་འདོར་བ་གང གི་པགས་པ་དང། རྩ་རྒྱུས་དང། རུས་པ་ཙམ་ཞིག་ལུས་ཤིང་ལུས་ཀྱི་ཤ་དང། ཁྲག་སྐམ་ཀྱང་དགེ་བའི་ཆོས་རྣམས་ལ་བརྩོན་འགྲུས་དང། སྤྲོ་བ་དང། བརྟན་པ་དང། ཕ་རོལ་གནོན་པ་དང་ཁུར་མི་འདོར་བ་གང་གིས་ཐོབ་པར་བྱ་བ་མ་ཐོབ་པ་དེ་སྲིད་དུ་བརྩོན་འགྲུས་བརྩོམ པར་འགྱུར་ཏེ། དེ་འདི་སྙམ་དུ་བརྩོན་འགྲུས་བརྩམས་ཤིང་གནས་ནས་ལུས་དལ་བ་སྐྱེས་སམ། སེམས་དལ་ལམ། ལུས་དང་སེམས་ལ་རིམས་ནད་བྱུང་ངམ། ལུས་དང་སེམས་ཡོངས་སུ་གདུང་བ་འམ། ལུས་དང་སེམས་ཡོངས་སུ་འཁྲུག་པ་སྐྱེས་ཀྱང་ཚེ་དང་ལྡན་པ དེ་དེའི་རྒྱུས་བརྩོན་པ་ཡོངས་སུ་མི་འདོར་རོ། །ཚེ་དང་ལྡན་པ་དེ་བཀྲེས་པ་དང་སྐོམ་པ་དང། སྦྲང་བུ་དང། ཤ་སྦྲང་དང། རླུང་དང། ཚ་བ་དང། སྡིག་སྤྲུལ་གྱིས་རེག་པ་དང། གཞན་གྱིས་ཤེས་པར་སྨྲས་པ་དང། ཉེས་པར་བརྗོད་པའི་ཚིག་གིས་ལམ རྣམས་བཟོད་ཅིང། ལུས་ཀྱི་ཚོར་བ་སྡུག་བསྔལ་པ་དྲག་པ་རྩུབ་པ་གནད་གཅོད་པ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་སྐྱེས་ཤིང་སྐྱེས་པ་བཟོད་པར་འགྱུར་ཞིང་བཟོད་པ་བསྐྱེད་དོ། །གང་ཞིག་མི་བཟོད་ན་ཟག་པ་དང་བཅས་པ་གེགས་ཡོངས་སུ་གདུང་བ་ཉེ་བར་འཁྲུག་པ་སྐྱེ བར་འགྱུར་བ་དེ་འདི་ལྟར་བཟོད་ན་ཟག་པ་དང་བཅས་པ་གེགས་ཡོངས་སུ་གདུང་བ་ཉེ་བར་འཁྲུག་པ་སྐྱེ་བར་མི་འགྱུར་བ་འདི་ནི་ཟག་པ་དང་བཅས་པ་བཟོད་པས་སྤང་བར་བྱ་བ་ཞེས་བྱའོ། །ཟག་པ་དང་བཅས་པ་བསྒོམ་པས་སྤང་པར་བྱ་བ་གང་ཞེ་ན། འདི་ལ་དགེ་སློང་ཉེ་བར ལེན་པ་དང་བཅས་པའི་ཕུང་པོ་ལྔ་རྣམས་ལ་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རྫས་སུ་བལྟ་ཞིང་གནས་ཏེ། འདི་ལྟ་སྟེ། འདི་ནི་གཟུགས་སོ། །འདི་ནི་གཟུགས་ཀུན་འབྱུང་བའོ། །འདི་ནི་གཟུགས་འགོག་པའོ། །འདི་ནི་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པ་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པ་འགོག་པའོ་ཞེས་དེ་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་པོ་འདི་ཉིད་ལ་སྐྱེ་བ་འཇིག་པའི་ཆོས་ཅན་དུ་རྗེས་སུ་བལྟ་ཞིང་གནས་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བ་སྒོམ་པར་བྱེད་དོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན དང། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་འདོད་ཆགས་དང་བྲལ་བ་ལ་གནས་པ་འགོག་པ་ལ་གནས་པ་རྣམ་པར་སྤོང་བ་ཡོངས་སུ་བསྒྱུར་བ་བསྒོམ་པར་བྱེད་དེ། གང་ཞིག་མ་བསྒོམ་ན་སྐྱེ་བར་འགྱུར་བའི་ཟག་པ་དང། གེགས་དང་ཡོངས་སུ གདུང་བ་དང་ཉེ་བར་འཁྲུག་པ་དེ་དག་འདི་ལྟར་བསྒོམ་པས་ཟག་པ་དང་གེགས་ཡོངས་སུ་གདུང་བ་དང་འཁྲུག་པ་སྐྱེ་བར་མི་འགྱུར་ཏེ། འདི་ནི་ཟག་པ་དང་བཅས་པ་བསྒོམ་པས་སྤང་བར་བྱ་བ་ཞེས་བྱའོ། །དེ་ལྟར་ན་དགེ་སློང་ཟག་པ་དང་བཅས་པ་གང་དག་མཐོང་བས་སྤང་པར་བྱ་བ་དེ་དག་མཐོང་བས སྤོང་བར་འགྱུར་རོ། །ཟག་པ་དང་བཅས་པ་གང་དག་བསྡམས་པས་སྤང་བར་བྱ་བ་དེ་དག་བསྡམས་པས་སྤོང་བར་འགྱུར་རོ། །ཟག་པ་དང་བཅས་པ་གང་དག་ཡོངས་སུ་སྤངས་པས་སྤང་བར་བྱ་བ་དེ་དག་ཡོངས་སུ་སྤངས་པས་སྤང་ངོ། །ཟག་པ་དང་བཅས་པ་གང་དག་སོ་སོར་བརྟེན པས་སྤང་བར་བྱ་བ་དེ་དག་སོ་སོར་བརྟན་པས་སྤོང་ངོ། །ཟག་པ་དང་བཅས་པ་གང་དག་དུལ་བས་སྤང་བར་བྱ་བ་དེ་དག་དུལ་བས་སྤོང་བར་བྱེད་པར་འགྱུར་རོ། །ཟག་པ་དང་བཅས་པ་གང་དག་བཟོད་པས་སྤང་བར་བྱ་བ་དེ་དག་བཟོད་པས་སྤོང་བར་བྱེད་དེ། ཟག་པ་དང་བཅས པ་གང་དག་བསྒོམ་པས་སྤང་བར་བྱ་བ་དེ་དག་བསྒོམ་པ་ཡོངས་སུ་སྤོང་བར་འགྱུར་བ་འདི་ནི་དགེ་སློང་ཟག་པ་ཐམས་ཅད་ལས་སེམས་རབ་ཏུ་བསྡམས་པ་ཞེས་བརྗོད་དེ། སྲིད་པ་ཆད་པ། ཀུན་ཏུ་སྦྱོར་བ་སྤངས་པ། ཡང་དག་པའི་ཡེ་ཤེས་ཀྱིས་སྡུག་བསྔལ་མཐར་བྱེད་པར འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་ལྟར་ན་རབ་ཏུ་བྱེད་པའི་གཞུང་ཞེས་བྱ་བ་ལ་སོགས་པ་ལ། རབ་ཏུ་བྱེད་པ་ལས་དྲི་བ་སྟོང་འབྱུང་པ་ལས་འཕགས་པའི་བདེན་པ་རྣམ་པར་དབྱེ་བའི་མདོའི་འཕགས་པའི་བདེན་བ་བཞིའི་དྲི་པ་དང་ལན་ལས་ཇི་སྐད་དུ་འཇིག་ཚོགས་ལ་ལྟ་བའི རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ནི་དུ་འཇིག་ཚོགས་ལྟ་བའི་རྒྱུ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་པ་ནི་དུ། འཇིག་ཚོགས་ལ་ལྟ་བ་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ནི་དུ། འཇིག་ཚོགས་ལ་ལྟ་བའི རྒྱུ་ཅན་ཡང་མ་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ནི་དུ་ཞེ་ན་ཞེས་དྲི་བ་བཀོད་ནས་ལན་གཏབ་ལ། གཉིས་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་ནོ། །གཉིས་ལ་ནི་བྱེ་བྲག་ཡོད་དེ་སྡུག་བསྔལ གྱི་བདེན་པ་དང། ཀུན་འབྱུང་བ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པས་དང། འགོག་པ་དང ལམ་གྱི་བདེན་པ་ནི་འཇིགས་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པས་སོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ནི་འདས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་རྣམས་དང། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏགས་པ་དང། འཇིག་ཚོགས་ལ་ལྟ་བ་དང། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་རྦ་ཁ་དང། གནས་པ་དང། མི་རྟག་པ་མ གཏོགས་པ་དེ་ལས་གཞན་པ་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་པ་འདི་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ལ་འཇིག་ཚོགས་ལྟ་བའི རྒྱུ་ཅན་ཡང་ཡིན་པ་ནི་གར་དག་མ་གཏོགས་པ་རྣམས་སོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ནི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། འདི་ལྟར་སྡུག་བསྔལ་དང ཀུན་འབྱུང་གི་བདེན་པའོ། ། །།གཟུགས་བསྐྱེད་པའི་རྒྱུ་གང་ཡིན་པ་དང། རྐྱེན་གང་དག་ཡིན་པ་དེ་དག་ཀྱང་ཞེས་བྱ་བ་ལ། གློང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གཟུགས་བསྐྱེད་པའི་རྒྱུ་གང་ཡིན་པ་དང། རྐྱེན་གང་ཡིན་པ་དེ་དག་ཀྱང་མི་རྟག་ན། རྒྱུ་དང་རྐྱེན་མི་རྟག་པ་ལས་བརྟེན་ནས་བྱུང་བའི་གཟུགས་ལ་བརྟག་པར་ག་ལ་འགྱུར། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུ་གང་ཡིན་པ་དང། རྐྱེན་གང་ཡིན་པ་དེ་དག་ཀྱང་མི་རྟག་ན རྒྱུ་དང་རྐྱེན་མི་རྟག་པ་ལས་བརྟེན་དེ་སྐྱེས་པའི་རྣམ་པར་ཤེས་པ་ལྟ་རྟག་པར་ག་ལ་འགྱུར། དགེ་སློང་དག་གཟུགས་མི་རྟག་པ་ཚོར་བ་དང། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནི་མི་རྟག་པ་སྟེ་སྡུག་བསྔལ་བ། གང་སྡུག་བསྔལ་བ་དེ་བདག་མེད་པ། གང་བདག་མེད་པ་དེ ཐམས་ཅད་དེའི་མེད་པ། ང་ཡིད་བྱ་བ་མེད་པ། བདག་གི་བདག་ཏུ་བྱ་བ་མེད་པ། འདི་ལྟ་སྟེ་ཡང་དག་པའི་ཤེས་རབ་ཀྱི་ལྟ་བར་བྱའོ། །དགེ་སློང་དག་དེ་ལྟར་མཐོང་བའི་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་གཟུགས་ལ་ཡིད་འབྱུང་ཞིང། ཚོར་བ་དང། འདུ་ཤེས་དང། འདུ་བྱེད དང། རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །གང་ཡིད་འབྱུང་བ་དེ་འདོད་ཆགས་དང་བྲལ་ལོ། །འདོད་ཆགས་དང་བྲལ་ན་གྲོལ་བར་འགྱུར་རོ། །གྲོལ་ན་རྣམ་པར་གྲོལ་བའི་ཡེ་ཤེས་དང། མཐོང་བས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བརྟེན་ཏོ། །བྱ་བ་བྱས་སོ།། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། ། །།སྡུག་བསྔལ་སྤངས་པར་འགྱུར་རོ་ཞེས་བྱ་བའི་མདོ་འདི་ཇི་ལྟར་དྲང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དབང་པོ་ལྔ་པོ་འདི་དག་ཀུན་ཏུ་བསྟེན གོམས་པར་བྱས་ལན་མང་དུ་བྱས་ནས་འདས་པ་དང། མ་འོངས་པ་དང་ད་ལྟར་བྱུང་བའི་སྡུག་བསྔལ་སྤངས་པར་འགྱུར་ཞིང་མི་འཇུག་པར་འགྱུར་རོ། །ལྔ་གང་ཞེ་ན། དགེ་སློང་དག་དད་པའི་དབང་པོ་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་འདས་པ་དང་མ་འོངས་པ་དང ད་ལྟར་བྱུང་བའི་སྡུག་བསྔལ་སྤངས་ཤིང་མི་འཇུག་པར་འགྱུར་རོ། །བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོ་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི སྡུག་བསྔལ་སྤངས་པར་འགྱུར་རོ་ཞེས་གསུངས་སོ། ། །།གཟུགས་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་ཅེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གཟུགས་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས ཤིག་། འདུན་པ་དང་འདོད་ཆགས་སྤངས་ན་ཁྱོད་ཀྱིས་གཟུགས་དེ་ལྟ་བུ་ཡང་སྤང་ན་པ་དང་ཡོངས་སུ་ཤེས་པར་ཡང་འགྱུར་ཏེ། ཤིང་རྟ་ལ་རྩ་བ་བཅད་པ་བཞིན་དུ་མི་སྣང་བ་དང་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ། །དགེ་སློང་དག་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག་།འདུན་པ་དང་འདོད་ཆགས་སྤངས་ན་ཁྱོད་ཀྱིས་འདུན་པ་དང་འདོད་ཆགས་ཡོངས་སུ་སྤངས་པར་འགྱུར་ཏེ། ཤིང་ཏཱ་ལ་རྩ་བ་བཅད་པ་བཞིན་དུ་སྣང་བ་དང་ཕྱིས་ཡོངས སུ་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་རོ་ཞེས་བཀའ་སྩལ་ཏོ། ། །།དཔེར་ན་སྲེད་པ་རྣམ་པར་སྤྱད་པ་དག་ལ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དྲ་བ་དང་འཁྲི་ཤིང་དང། མཚོ་དང། རབ་ཏུ་འཕགས་པ་དང་གང་གི་སྐྱེ་དགུ་ལ སྒྲིབ་པ། རབ་ཏུ་སྒྲིབ་པ། ཁྱབ་པར་བྱེད་པ། རབ་ཏུ་ཁྱབ་པར་བྱེད་པ། བཀབ?་པ་དང། གཡོགས་པ་དང། རབ་ཏུ་འགེབས་པ་དང། དྲུ་བུ་འཛིངས་པ་ལྟ་བུ། རྩཝ་མུན་ཛ་དང་བ་ལ་ཛ་ལྟ་བུ་དང། འགྲོ་བ་དང་འོང་བར་གྱུར་ཅིང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཉིང་མཚམས སྦྱོར་བར་བྱེད་པ་འཁོར་བར་འཁོར་ཞིང་འཇུག་པར་བྱེད་པ་བསྟན་པར་བྱ་སྟེ། དགེ་སློང་དག་སྲིད་པའི་དྲ་བ་དང། འཁྲི་ཤིང་དང་མཚོ་དང། རབ་ཏུ་འབབ་པ་དང། གང་ན་གང་དང་གང་གིས་སྐྱེ་དགུ་ལ་སྒྲིབ་པ་བྱེད་པ་ནས་ཉིང་མཚམས་སྦྱོར་བར་བྱེད་ལ་འཁོར་བར་འཁོར་ཞིང འཇུག་པར་བྱེད་པའི་བར་དུ་བྱེད་པ་དེ་གང་ཞེ་ན། དགེ་སློང་དག་ངའོ་ཞེས་བྱ་བ་བྱུང་བར་གྱུར་ཅིང། ང་འདི་ལྟ་བུའོ་ཞེས་བྱ་བ་བྱུང་བར་གྱུར་ཅིང། ང་འདི་འདྲའོ་སྙམ་དུ་བྱུང་བར་གྱུར་ཅིང། ང་དེ་ལྟ་མ་ཡིན་ནོ་སྙམ་དུ་བྱུང་བར་གྱུར་ཅིང། ང་བཟང་ངོ་སྙམ་དུ་བྱུང་བར་གྱུར་ཅིང། ང་ངན་ནོ་སྙམ་དུ་བྱུང་བར་གྱུར་ཅིང། འགྱུར་བར་བྱའོ་སྙམ་པ་དང། འགྱུར་བར་མི་བྱའོ་སྙམ་པ་དང། འདི་ལྟ་བུར་འགྱུར་བར་བྱའོ། །འདི་འདྲ་བར་འགྱུར་བར་བྱའོ། །དེ་ལྟ་མ་ཡིན་པར་འགྱུར་བར་བྱའོ་སྙམ་པ་དང། འདི་ལྟ་བུར་གྱུར་ཅིག་སྙམ་པ་དང། འདི་འདྲ་བར་གྱུར་ཅིག་སྙམ པ་དང། དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་དང། གྱུར་ཀྱང་ཅི་མ་རུང་སྙམ་པ་དང། འདི་ལྟ་བུར་གྱུར་ཀྱང་མ་རུང་སྙམ་པ་དང། འདི་འདྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང། དེ་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་ཞེས་དགེ་སློང་དག་ནང་གི་བདག་ཉིད་ལ་བརྟེན་ཏེ། སྲེད་པ་སྤྱོད་པ་བཅོ་བརྒྱད འབྱུང་བར་འགྱུར་རོ། །དགེ་སློང་དག་དེ་ལ་བདག་གོ་སྙམ་པ་བྱུང་བར་གྱུར་ཅིང། བདག་འདི་ལྟ་བུའོ་སྙམ་པ་བྱུང་ཞིང། བདག་འདི་འདྲའོ་སྙམ་པ་བྱུང་ཞིང། བདག་བཟང་པོ་སྙམ་པ་བྱུང་བར་གྱུར་ཅིང། བདག་ངན་ནོ་སྙམ་པ་བྱུང་བར་གྱུར་ལ། འགྱུར་བར་བྱའོ་སྙམ་པ་གྱུར་ཞིང་འགྱུར་བར་མི་བྱའོ སྙམ་པ་དང། འདི་ལྟ་བུར་འགྱུར་བར་བྱ་སྙམ་པ་དང། འདི་འདྲ་བ་འགྱུར་བར་བྱ་སྙམ་པ་དང། དེ་ལྟ་མ་ཡིན་པར་འགྱུར་བར་བྱའོ་སྙམ་པ་དང། གྱུར་ཅིག་སྙམ་པ་དང། འདི་ལྟ་བུར་གྱུར་ཅིག་སྙམ་པ་དང། འདྲི་འདྲ་བར་མ་གྱུར་ཅིག་སྙམ་པ་དང། དེ་ལྟ་མ་ཡིན་པར་གྱུར་ཅིག་སྙམ་པ་དང གྱུར་ཀྱང་ཅི་མ་རུང་སྙམ་པ་དང། འདི་ལྟ་བུར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང། འདི་འདྲ་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དང། དེ་ལྟ་མ་ཡིན་པར་གྱུར་ཀྱང་ཅི་མ་རུང་སྙམ་པ་ཞེས་དགེ་སློང་དག་ཕྱིའི་བདག་ཉིད་ལ་བརྟེན་ནས་སྲེད་པ་སྤྱོད་པ་བཅོ་བརྒྱད་པོ་འདི་དག་འབྱུང་བར་འགྱུར་རོ། ། དེ་གཅིག་ཏུ་བསྡུས་ན་སྲེད་པ་སྤྱོད་པ་སུམ་ཅུ་རྩ་དྲུག་འབྱུང་བར་འགྱུར་རོ། །དགེ་སློང་དག་འདས་པའི་དུས་ལ་བརྟེན་ནས་སྲེད་པ་སྤྱོད་པ་སུམ་ཅུ་རྩ་དྲུག་བྱུང་ལ། མ་འོངས་པའི་དུས་ལ་བརྟེན་ནས་སྲེད་པ་སྤྱད་པ་སུམ་ཅུ་རྩ་དྲུག་འབྱུང་ཞིང། ད་ལྟར་བྱུང་བའི་དུས་ལ་བརྟེན་ནས་སྲེད པ་སྤྱོད་པ་སུམ་ཅུ་རྩ་དྲུག་བྱུང་སྟེ། གཅིག་ཏུ་བསྡུས་ན་སྲེད་པ་སྤྱོད་པ་བརྒྱ་རྩ་བརྒྱད་འབྱུང་བར་འགྱུར་རོ། །དགེ་སློང་དག་འདི་ནི་སྲེད་པའི་དྲ་བ་དང། འཁྲི་ཤིང་དང། མཚོ་དང། རབ་ཏུ་འབགས་པ་དང། གང་དང་གང་གིས་སྐྱེ་དགུ་འདི་ལ་སྒྲིབ་པ་དང་རབ་ཏུ་སྒྲིབ་པ་ཞེས་བྱ་བ་ནས། འཁོར་བར་འཁོར་བ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་སྲེད་པའི་དྲ་བ་དང། འཁྲི་ཤིང་དང། འཚོ་དང། རབ་ཏུ་འབགས་པ་གང་དང་གང་གིས་སྐྱེ་དགུ་འདི་ལ་སྒྲིབ་པ་དང་རབ་ཏུ་སྒྲིབ་པ་ཁྱབ་པར་བྱེད་པ། རབ་ཏུ་ཁྱབ་པར་བྱེད་པ། བཀའ་བ་དང། གཡོགས་པ་དང། རབ་ཏུ་འགེབས་པ་དང། དྲུ་བུ་འཛིངས་པ་ལྟ་བུ། རྩཝ་མུན་ཛ་དང། བ་ལང་ཛ་ལྟ་བུ་དང། འགྲོ་བ་དང་འོང་བར་གྱུར་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཉིང་མཚམས་སྦྱོར་བར་བྱེད་ཅིང་འཁོར་བར་འཁོར་བར་བྱེད་པ་བསྟན་པར་བྱའོ་ཞེས་ཇི་སྐད་དུ བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་གང་དག་འདུས་བྱས་ཀྱང་རུང་འདུས་མ་བྱས་ཀྱང་རུང་བ་དེ་དག་གི་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང དག་བཏགས་པའི་མཆོག་ནི་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། བཏགས་པའི་མཆོག་སངས་རྒྱས་དང། བཏགས་པའི་མཆོག་ཆོས་དང་དགེ་འདུན་ནོ། །བཏགས་པའི་མཆོག་སངས་རྒྱས་གང་ཞེ་ན། སེམས་ཅན་གང་རྐང་པ་མེད་པ་དང། རྐང་གཉིས་པ་འམ། རྐང་མང་ངམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་འམ། འདུ་ཤེས་ཅན་ནམ་འདུ་ཤེས་མེད་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་གང་ཅི་ཡང་རུང་བ་དེ་དག་གི་ནང་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི སངས་རྒྱས་ནི་མཆོག་ཅེས་བརྗོད་དོ་ཞེས་བྱའོ། །གང་ཅུང་ཟད་སངས་རྒྱས་ལ་མངོན་པར་དང་བས་ལྷའི་ནང་ན་ལྷར་གྱུར་པ་མིའི་ནང་ན་མིང་གྱུར་པ་དེ་དག་ནི་རྣམ་པར་སྨིན་པའི་མཆོག་ལ་རེག་པར་བྱའོ། །འདི་ནི་བརྟགས་པའི་མཆོག་སངས་རྒྱས་ཞེས་བྱའོ། །བཏགས་པའི མཆོག་ཆོས་གང་ཞེ་ན། འདུས་བྱས་ཀྱང་རུང་འདུས་མ་བྱས་ཀྱང་རུང་ཆོས་གང་ཅི་ཡང་རུང་བ་དེ་དག་གིས་ན་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དེ། གང་ཅུང་ཟད་ཆོས་ལ་མངོན་པར་དད་པས་མངོན་པར་དང་བ། ལྷའི་ནང་ན་ལྟར་གྱུར་པ། མིའི་ནང ནང་ན་མིར་གྱུར་པ། དེ་དག་ནི་འདི་ལྟར་རྣམ་པར་སྨིན་པའི་མཆོག་ལ་རེ་བར་བྱ་སྟེ། འདི་ན་བཏགས་པའི་མཆོག་ཆོས་ཞེས་བྱའོ། །བཏགས་པའི་མཆོག་དགེ་འདུན་གང་ཞེ་ན། འདུས་པ་འམ་ཚོགས་སམ་ཚོགས་པ་འམ་འཁོར་གང་ཅི་ཡང་རུང་བ་རྣམས་ཀྱི་ནང་ན་མཆོག་ནི དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཡིན་པར་བཤད་དེ། གང་ཅུང་ཟད་ཆོས་དང་དགེ་འདུན་ལ་མངོན་པར་དང་བས་མངོན་པར་དད་པ། ལྷའི་ནང་ན་ལྷར་གྱུར་པ། མིའི་ནང་ན་མིར་གྱུར་པ་དེ་དག་ནི་འདི་ལྟར་རྣམ་པར་སྨིན་པའི་མཆོག་ལ་རེ་བར་བྱའོ། །འདི་ནི་བཏགས་པའི་མཆོག དགེ་འདུན་ཞེས་བྱའོ་ཞེས་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་མཆོག་རྣམ་པར་ཤེས་ནས་ནི། །ཡོན་ཏན་བླ་ན་མེད་པའོ། །སངས་རྒྱས་མཆོག་ལ་རབ་དང་བ། །འཇིག་རྟེན་མཆོག་ལ་རབ་ཏུ་དང། །ཉེར་ཞི་འདོད་ཆགས་དང་བྲལ་བའི། །ཆོས་མཆོག ལ་ནི་རབ་དང་དད། །བསོད་ནམས་ཞིང་མཆོག་བླ་མེད་པའི། །དགེ་འདུན་མཆོག་ལ་རབ་དང་ཅིང། །མཆོག་གི་སྦྱིན་པ་བྱེད་པ་ལ། །བསོད་ནམས་མཆོག་ནི་རབ་ཏུ་འཛིན། །ཚེ་དང་ཁ་དོག་མཆོག་དང་ནི། །གྲགས་དང་སྟོབས་དང་བདེ་བ་དང། །མལ་སྟན་མཆོག་དག་ཐོབ་འགྱུར་ཞིང། །ལོངས སྤྱོད་སྦྱོར་པ་ཉིད་དུ་འགྱུར། །གནས་མཆོག་ལ་ནི་གནས་པ་དང། །མཛེས་པའི་མཆོག་ནི་ཐོབ་པར་འགྱུར། །སྦྱིན་པ་མཆོག་ལ་སྦྱིན་པ་དང། །ཆོས་ཀྱི་མཆོག་དང་ལྡན་པ་དང། །ཤེས་རབ་ཕུན་སུམ་ཚོགས་བྱས་ནས། །མྱ་ངན་འདས་པར་འགྲོ་བར་འགྱུར་ཞེས་བཀའ་སྩལ་ཏོ།། །། མདོ་ལས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་དགེ་སློང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་གང་ལ་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སློང་མཐོང་བའི་ཆོས་ལས་མྱ་ངན་ལས་འདའ་བ་ཐོབ་པ་དགེ་སློང་མཐོང་བའི་ཆོས་ལས་མྱ་ངན་ལས འདས་པ་ཐོབ་པ་ཞེས་བྱ་བ། བཙུན་པ་ཇི་ཙམ་གྱིས་ན་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་དགེ་སློང་དུ་གྱུར། ཇི་ཙམ་གྱིས་ན་བདེ་བར་གཤེགས་པས་མཐོང་བའི་ཆོས་ལས་མྱ་ངན་ལས་འདས་པ་ཐོབ་པའི་དགེ་སློང་ཞེས་ཐ་སྙད་གདགས་པས་བཏགས། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ལེགས་སོ་ལེགས་སོ། །དགེ་སློང་ཁྱོད་འདི་ལྟ་བུའི་དྲི་བ་འདྲི་བ་མཐོང་བའི་ཆོས་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཐ་སྙད བཏགས་ཞེས་བྱ་བའི་བར་དུའོ། །དགེ་སློང་ཁྱོད་འདི་ལྟ་བུ་འདྲི་འམ། བཙུན་པ་དེ་བཞིན་ནོ། །དེའི་ཕྱིར་དགེ་སློང་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །དགེ་སློང་གཟུགས་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་འགོག་པ་དང་ཉེ་བར་ལེན་པ་མེད་པར་ཟག་པ ལས་སེམས་རྣམ་པར་གྲོལ་ཞིང་གནས་ན་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་དགེ་སློང་ཞེས་བརྗོད་པར་ནུས་སོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ལ་སྐྱོ་བ་དང། འདོད་ཆགས་དང་བྲལ་བ་དང། འགོག་པ་དང་ཉེ་བར་ལེན་པ དག་ལས་སེམས་རྣམ་པར་གྲོལ་ཞིང་གནས་ན་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་དགེ་སློང་ཞེས་བརྗོད་པར་ནུས་ཏེ། དགེ་སློང་འདི་ཙམ་གྱིས་ན་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་དགེ་སློང་ཞེས་བྱ་བར་འགྱུར་རོ། །དགེ་སློང་འདི ཙམ་གྱིས་ན་བདེ་བར་གཤེགས་པས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པའི་དགེ་སློང་ཞེས་ཐ་སྙད་བཏགས་སོ། །དེ་ནས་དགེ་སློང་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ སྤྱི་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་ནས་སོང་ངོ། །འདི་སྐད་དུ་སྡུག་བསྔལ་འདི་མ་ལུས་པར་སྤངས་པ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་གཅིག་པུ་དབེན་པ་ན་ནང་དུ་ཡང་དག་འཇོག་ལ་གནས པ་ན་སེམས་ལ་ཡོངས་སུ་རྟོག་པ། དགེ་སློང་ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་ཆོས་མཐོང་བར་འགྱུར་ཞེས་འདི་ལྟ་བུ་སྐྱེས་སོ། །དེ་ནས་དགེ་སློང་དེ་ནང་དུ་ཡང་དག་འཇོག་ལས་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། ཉེ་བར་སོང་ནས་ཞེས་པ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཞེས་བྱ་བའི་བར་དུའོ། །བཙུན་པ་བདག་འདི་ན་གཅིག་པུ་དབེན་པ་ན་ནང་དུ་ཡང་དག་འཇོག་ལ་གནས་པ་ན་སེམས་ལ་ཡོངས་སུ་རྟོག་པ། ཇི་ལྟར་ཤེས་ཤིང་ཇི་ལྟར་མཐོང་ན་ཆོས་མངོན་པར་འགྱུར་ཞེས་འདི་ལྟ་བུ་སྐྱེས་སོ། །དགེ་སློང་དེའི་ཕྱིར ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་གཉིས་ཤིག་བཤད་པར་བྱའོ། །གཉིས་གང་ཞེ་ན། མིག་དང། གཟུགས་དང། རྣ་བ་དང་སྒྲ་དང། ཡིད་དང་ཆོས་ཀྱི་བར་དུ་སྟེ། འདི་ནི་གཉིས་ཞེས་བྱའོ། །དགེ་སློང་གང་ཁ་ཅིག་འདི་སྐད་དུ་དགེ་སློང་གཽ་ཏ་མ་བཏགས་པ་འདི་ནི་གཉིས་མ་ཡིན གྱིས། བདག་གིས་འདི་ལྟར་གཉིས་པོ་དེ་ལས་བཟློག་པ་གཞན་གཉིས་གདགས་པར་བྱའོ། །ཞེས་སྨྲ་བ་འདི་ནི་ཚིག་ཙམ་དང། དྲིས་པའི་ལན་ཡང་དག་པར་མི་ཤེས་ཤིང་མགོ་རྨོངས་པར་བྱེད་པ་སྟེ། འདི་ལྟར་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང མིག་དང་གཟུགས་ལ་བརྟེན་ནས་སྐྱེས་པ་མིག་གི་རྣམ་པར་ཤེས་པ་དང། གསུམ་འདུས་པའི་རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང། འདུ་ཤེས་དང་སེམས་པ་ཞེས་བྱ་བ་འདི་ནི་དགེ་སློང་བདག་གི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དང། གཟུགས་ཅན་མིག གི་དབང་པོ་སྟེ། འདི་ཙམ་ལ་མི་ཞེས་བྱའོ། །དེ་ལ་སེམས་ཅན་དང་མི་དང་ཤེད་ལས་སྐྱེས་དང་ཤེད་བུ་དང་གང་ཟག་དང་སྲོག་དང་ཨེགསོ་བ་ཞེས་འདོགས་སོ། །དགེ་སློང་དེ་ལ་བདག་གི་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱ་བ་ལས། ཡིད་ཀྱིས་ཆོས་རྣམས་རྣམ པར་ཤེས་སོ་ཞེས་བྱ་བའི་བར་དུ་ཉེ་བར་འདོགས་སོ། །དེ་ལ་འདི་དག་ཀྱང་ཐ་སྙད་དེ་ཚེ་དང་ལྡན་པའི་མིང་ནི་འདི་ཞེས་བྱ། རུས་ནི་འདི་ལྟ་བུ། རིགས་ནི་འདི་ལྟ་བུ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང། ཚེ་རིང་ཞིང་ཡུན་རིང་པོ་འདི་ཙམ་ཞིག་ཏུ་གནས། ཚེའི་མཛའ་ ནི་འདི་ཙམ་ཞིག་ཏུ་གྱུར་ཅེས་བྱ་བ་འདི་ནི་དགེ་སློང་དག་འདུ་ཤེས་ཙམ་འདི་ནི་དམ་བཅས་པ་ཙམ་མོ། །ཇི་ལྟར་འདི་ཐམས་ཅད་ཐ་སྙད་ཅིག་ཙམ་ཡིན་ཞེ་ན། དགེ་སློང་ཆོས་འདི་དག་ཐམས་ཅད་ནི་མི་རྟག་པ་དང། མངོན་པར་འདུས་བྱས་པ་དང། སེམས་ལས་བྱུང་བ་དང། བརྟེན་དེ་སྐྱེས་པའོ། །གང་མི་རྟག་པ། མངོན་པར་འདུས་བྱས་པ་སེམས་ལས་བྱུང་བ་བརྟེན་དེ་སྐྱེས་པ་དེ་དག་ནི་སྡུག་བསྔལ་བ། དེ་ནི་སྡུག་བསྔལ་སྐྱེ་བ་དང། སྡུག་བསྔལ་གནས་པ་དང། མངོན་པར་འཕེལ་བ་དང། གང་སྡུག་བསྔལ་ཡང་དང་ཡང་དུ་རབ ཏུ་འབྱུང་བའོ། །གང་སྡུག་བསྔལ་འདི་མ་ལུས་པར་སྤངས་པ། བྱང་བར་གྱུར་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། རྣམ་པར་ཞི་བ། ནུབ་པ། སྡུག་བསྔལ་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ། ལེན་པ་མེད་པ། འབྱུང་བ་མེད་པ་གང་ཡིན་པ་འདི་ལྟ་བུ་སྟེ། ཕུང་པོ་ཐམས ཅད་ངེས་པར་སྤངས་པ། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པ་སྟེ། དགེ་སློང་གང་འགའ་ཞིག་ཆོས་འདི་རྣམས་ལ་སེམས་ཤིང་འཇལ་བ་དང་གནས་པ་འདི་ནི་ཕྱིས་ཡིད་ལ་ཡོངས་སུ་གདུང་བ་མི་འཇུག་ཅིང་ལེན་པ་མེད་པ་ཞེས་བྱའོ། །དགེ སློང་ཅི་སྟེ་གང་བདག་གི་ས་བདག་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་བ་དེ་ཆོས་མངོན་པར་འགྱུར་རོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང་རེག་བྱ་ལ་བརྟེན་ནས་སྐྱེས་པ་ལུས་ཀྱི་རྣམ་པར་ཤེས་པ་དང། གསུམ་འདུས་པའི་རེག་པ་དང། ལྷན་ཅིག་སྐྱེས་པའི་ཚོར་བ་དང། འདུ་ཤེས་དང། སེམས་དཔའ་ཞེས་བྱ་བ་འདི་ནི་བདག་གི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དང། གཟུགས་ཅན་ལུས་ཀྱི་དབང་པོ་སྟེ་འདི་ཙམ་ལ་མི་ཞེས་བྱའོ། །དེ་ལ་སེམས་ཅན་དང་མི་དང་ཤེས་ལས་སྐྱེས་པ་དང། ཤེད་བུ་དང་སྐྱེས་བུ་དང། གང་ཟག་དང སྲོག་དང་གསོ་བ་ཞེས་ཐ་སྙད་འདོགས་སོ། །དགེ་སློང་དག་དེ་ལ་བདག་གི་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱ་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཐ་སྙད་འདོགས་ཏེ། དེ་ལ་འདི་དག་ཀྱང་ཚེ་དང་ལྡན་པའི་མིང་འདི་ཞེས་བྱ བ་ནས། དགེ་སློང་གང་འདི་ལྟར་ཤེས་ཤིང་འདི་ལྟར་མཐོང་བ་དེ་ཆོས་མཐོང་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དགེ་སློང་ཡིད་དང་ཆོས་ལ་བརྟེན་ནས་སྐྱེས་པ་ཡིད་ཀྱི་རྣམ་པར་ཤེས་པ་དང། གསུམ་འདུས་པའི་རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང། འདུ་ཤེས དང། སེམས་པ་ཞེས་བྱ་བ་འདི་ནི་དགེ་སློང་བདག་གི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཡིན་ལ། འབྱུང་བ་ཆེན་པོ་བཞིའི་ལུས་ཏེ་འདི་ཙམ་ལ་མི་ཞེས་བྱ་བའོ། དེ་ལ་སེམས་ཅན་དང། མི་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་དང་སྐྱེས་བུ་དང་གང་ཟག་དང་སྲོག་དང་གསོ་བ་ཞེས འདོགས་སོ། །དགེ་སློང་དེ་ལ་བདག་གི་མིག་གིས་གཟུགས་རྣམས་མཐོང་ངོ་ཞེས་བྱ་བ་ནས། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཉེ་བར་འདོགས་སོ། །དེ་ལ་འདི་དག་ཀྱང་ཐ་སྙད་དོ། །ཚེ་དང་ལྡན་པའི་མིང་ནི་འདི་ཞེས་བྱ་བ་ནས། དགེ་སློང་གང་འདི་ལྟར་ཤེས་ཤིང འདི་ལྟར་མཐོང་བ་དེ་ཆོས་མཐོང་བར་འགྱུར་རོ། །ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མིག་དང་གཟུགས་དག་གཉིས་ལ་བརྟེན་ནས་ནི།། སྐྱེས་པར་གྱུར་པ་སེམས་ལས་བྱུང་བའི་ཆོས། །རྣམ་ཤེས་རེག་དང་ལྷན་ཅིག་ཚོར་བ་དང། །འདུ་ཤེས་སེམས་དཔའ་དང་ནི་རྒྱུ་དང་བཅས། །གང་ཟག་ཤེད་ལས་སྐྱེས་དང་ཤེད་བུ་དང། འདི་ན་བདག་གམ་བདག་གིར་བྱ་བ་མེད། །ཕུང་པོ་སྡུག་བསྔལ་ཡོངས་སུ་འགྱུར་བའི་ཆོས། །སྐྱེ་བའི ཆོས་ཅན་འཇིག་པའི་ཆོས་ཅན་ཡིན། །སེམས་ཅན་མི་དང་ཤེད་སྐྱེས་ཤེད་བུ་སྟེ། །འདི་དག་ཡོད་ཅེས་འདིར་ནི་བཏགས་པ་ཡིན། །ཕུང་པོའི་རྒྱུ་མཚན་རྒྱུ་ལས་དེ་དག་ལས། །གཞན་ཡང་རྣམ་མང་འདུ་ཤེས་སྐྱེ་བར་འགྱུར། །ཅི་སྟེ་དགེ་སློང་བྲམ་ཟེ་གཞན་གང་དག་།བདག་ཅག གཉིས་ལས་གཞན་གཉིས་འཆད་སྨྲས་པ། །ཚིག་གི་མངོན་པར་བརྗོད་པའི་སྐལ་བ་ཅན། །འདྲི་བའི་ལན་དག་རབ་ཏུ་མི་ཤེས་ཡིན། །ལས་དང་སྲེད་པ་དང་ནི་མ་རིག་པ། །ཕྱི་མའི་ཚེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ། །ཕུང་པོ་དག་ལས་ཕུང་པོ་གཞན་ཡང་དུ། །ཉིང་མཚམས་སྦྱོར་བ གང་ཟག་ཅེས་སྨྲའོ། །སྲེད་པ་མ་ལུས་ཉེ་བར་ཞི་བ་དང། མ་རིག་ནུབ་ཅིང་རབ་ཏུ་འགག་པ་ན། །སྲེད་པ་ཟད་པས་སྡུག་བསྔལ་རབ་ཟད་པར། །འདི་ལྟར་སྤྱན་དང་ལྡན་པའི་སངས་རྒྱས་གསུངས་ཞེས་བཀའ་སྩལ་ཏོ།། །།མར་མེ་ཤི་བར་གྱུར་པ་ལྟར་ཞེས་བྱ་བ ལ་སོགས་པ་ལ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་དང། དབྱངས་ཀྱི་ཚོགས་ཀྱི་མདོ་ལས། ཚངས་པའི་སྒོའི་མདོར་འདོན་འདོན་པ་ལྟ་བུ་སྟེ། །སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་མ་དག་པ་ཉིད་དུ་ཚེ་དང་ལྡན བ་མ་འགགས་པས་ཚིགས་སུ་བཅད་པ་སྨྲས་པ། དབུགས་རྡུབ་པ་དང། དབུགས་འབྱུང་བ་དང། །སེམས་བརྟན་པར་ནི་སྐྱོབ་པ་གནས། །མི་གཡོ་ཞི་བ་རྟོགས་ནས་ནི། །སྤྱན་ལྡན་ཡོངས་སུ་མྱ་ངན་འདས། །གང་ཚེ་རྣམ་ཀུན་སྟོབས་ལྔ་པ། །སྟོན་པ་དུས་མཛད་གྱུར པ་ན། དེ་ཚེ་འཇིགས་པའི་རྒྱུ་བྱུང་ཞིང། །བ་སྤུ་ལྡང་བ་བྱུང་བར་གྱུར། །ཞུམ་པ་མེད་པའི་སེམས་ཀྱིས་ན། ཚོར་བ་ཡོངས་སུ་བཟོད་མཛད་ཅིང། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ཀྱིས་རྣམ་པར་ཐར། །ལམ་གྱི་ཚོགས་ལས་ཀྱང་བསླབ་པའི་སྒོའི་མདོ འདི་ལྟར་ཚིགས་སུ་བཅད་པ་འདོན་ཏེ། དེ་དག་སྲོག་དང་བྲལ་གྱུར་ཅིང། །རྣམ་པར་སྲེད་ཟད་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་ལྟར། །སེམས་ནི་དེ་ཡིས་རྣམ་པར་ཐར། །ཞེས་མཛོད་ཀྱི་གནས་བརྒྱད་པར་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང བཞིན་ཞེས་མདོ་འཆད་པར་འགྱུར་རོ། །མདོ་ལས་རྐྱེན་ཉིད་ནི་བཞི་སྟེ་ཞེས་བྱ་བ་ལ་སོགས་པ་ལ། བཞི་ལས་འཕྱོས་པའི་མདོ་ལས། རབ་ཏུ་རིག་དང་རྐྱེན་དང་ནི་བྱ་བར་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཞེས་འདོན་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས ཀྱང་བསམ་གཏན་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །བཞི་པོ་འདི་ནི་བསམས་གྱིས་མི་ཁྱབ་པའི་གནས་ཏེ། བསམ་པར་བྱེད་ན་སྨྱོ་བར་འགྱུར་ཞིང་མགོ་རྨོངས བ་དང་སེམས་གཡེངས་པ་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། བདག་བསམ་པ་དང། འཇིག་རྟེན་བསམ་པ་དང། སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་དང། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ལོ་ཞེས་བཀའ་སྩལ་ཏོ།། །། མི་སྡུག་པ་དང་ལྷན་ཅིག་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མི་སྡུག་པ་བསྒོམ་པར་བྱེད་ཅིང་ཀུན་ཏུ་བརྟེན་ཅིང་ལན་མང་དུ་བྱས་ན་འབྲས་བུ་ཆེན་པོར་འགྱུར་ཞིང་བསྡགས་པ་ཆེ་བར་འགྱུར་རོ། །ཇི་ལྟར་འབྲས བུ་ཆེ་བར་འགྱུར་རོ། །ཇི་ལྟར་འབྲས་བུ་ཆེ་བ་དང་བསྡགས་པ་ཆེ་བའི་སྡུག་པ་བསྒོམ་པར་འགྱུར་ཞེ་ན། དགེ་སློང་འདི་ལ་མི་སྡུག་པ་དང་ལྷན་ཅིག་པའི་བྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ བསྒྱུར་བར་སྒོམ་པར་བྱེད་དེ། དགེ་སློང་འདི་ལ་མི་སྡུག་པ་དང་ལྷན་ཅིག་པར་གྱུར་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། དགའ་བ་དང་ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པར་བྱེད་དེ། དགེ་སློང་འདི་ལྟ་བུར་འབྲས་བུ་ཆེ་བ་དང་བསྡགས་པ་ཆེ་བའི་མི་སྡུག་བ་བསྒོམ་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཆོས་མངོན་པའི་མཛོད་ཀྱི་མདོ་དང་སྦྱར་བའི་ཊིཀྐ་ཉེ་བར་མཁོ་བ ཞེས་བྱ་བ་ལས་གནས་གཉིས་པ་ཕལ་ཆེར་མདོ་དང་སྦྱར་བའོ། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ན་ཚེ་དང་ལྡན་པ་འདོད་པ་ཅན་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཕྱོགས གཅིག་ཏུ་འདུག་པའི་བར་དུའོ། །དེ་ནས་ཚེ་དང་ལྡན་པ་འདོད་པ་ཅན་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདོད་པ་འདོད་པ་ཞེས་བགྱི་བ་འདི་ལྟ་སྟེ། འདོད་པ་འདོད་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་ལགས། འདོད་པ་འདོད་པ་ཞེས་བྱ་བ་འདི་འདོད་པའི་ཡོན་ཏན ལྔའི་ཚིག་བླ་དགས་མ་ཡིན་གྱི། འོན་ཀྱང་འདུན་པའི་འདོད་ཆགས་འདི་ལ་འདུན་པ་ཞེས་བྱའོ། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་དག་ན་སྣ་ཚོགས་དེ་བཞིན་གནས། །འོན་ཀྱང་བརྟན་རྣམས་དེ་ལ་འདུན་པ འདུལ། །བཙུན་པ་འོན་ཀྱང་ལམ་རྟོགས་ཤིང་བརྟེན་པ་དང། བསྒོམ་པ་དང་ལན་མང་དུ་བྱས་ནས་འདུན་པ་དང་འདོད་ཆགས་སྤོང་བར་འགྱུར་བ་ཡོད་དམ། འདོད་པ་ཅན་ཡོད་དེ། དི་ལྟ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག པའི་ལྟ་བ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུའོ། །བཙུན་པ་རབ་ཏུ་རྟོགས་པ་དང། བརྟེན་པ་དང། བསྒོམ་པ་དང། ལན་མང་དུ་བྱས་ན་འདོད་པ་སྤོང་བའི་ལམ་འདི་ནི་བཟང་ངོ། །དེ་ནས་ཚེ་དང་ལྡན་པ་འདོད་པ་ཅན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཞབས་དྲུང་ནས་སོང་ངོ། །འདོད་པ་ནི་འདོད་ཆགས་ཞེས་རྟོགས་པར་ནུས་ཀྱང་ཆོས་མངོན་པའི་བསྟན་བཅོས་དེ་དང་དེ་ལས་འདོད་པའི་འདོད་ཆགས་ཉིད་དུ་རྟོགས་པར་བྱ་བའི་ཕྱིར ཀུན་ཏུ་རྒྱུ་འཚོ་བྱེད་ལ། འཕགས་པ་ཤཱ་རིའི་བུས་ཇི་སྐད་དུ་ཚིགས་སུ་བཅད་པ་གཉིས་འཐད་པ་དང་བཅས་པ་བཀོད་པ་སློབ་དཔོན་གྱིས་བྲིས་པ་བཞིན་ནི་བལྟ་བར་བྱའོ། །མདོ་ལས་དཔེར་ན་ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པ་ན་ཞེས་བྱ་བ་ལ། བཅོམ་ལྡན་འདས ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འབྲམ་གྱི་གཙུག་ལག་ཁང་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་སེམས་ཅན་མ་རིག་པས་བསྒྲིབས་སྲེད་པས་ཀུན་ཏུ་སྦྱོར་ཞིང་སྲེད་པས་གཏུམས་ཤིང་ཡུན་རིང་པོར་འཁོར་བར མཚམས་སྦྱོར་ཞིང་སྡུག་བསྔལ་གྱི་སྔོན་གྱི་མཛའ་མི་ཤེས་པ་རྣམས་ཀྱི་འཁོར་བ་ཐོག་མ་དང་ཐ་མ་མེད་དེ། དཔེར་ན་ཆར་གྱི་རྒྱུན་གཉའ་ཤིང་ཙམ་འབབ་པ་ན་བར་སྣང་ལ་ཆུའི་རྒྱུན་འབབ་པ་རྣམས་ཀྱི་བར་མཚམས་མེད་དེ། དེ་བཞིན་དུ་ཤར་གྱི་ཕྱོགས་ཀྱི་འཇིག རྟེན་གྱི་ཁམས་ཆགས་པ་དང། འཇིག་པ་དང། གཞན་ཞིག་ནས་འདུག་པ་དང། གཞན་ཆགས་པ་དང། གཞན་ཆགས་ནས་གནས་པ་རྣམས་ཀྱི་བར་དང་མཚམས་མེད་དོ། །དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་འཇིག་པ དང་ཆགས་པ་དང། གཞན་འཇིག་པ་དང། ཞིག་ནས་འདུག་པ་དང། གཞན་ཆགས་པ་དང། གཞན་ཆགས་ནས་གནས་པ་རྣམས་ཀྱི་བར་དང་མཚམས་མེད་དོ། །དགེ་སློང་དག་སེམས་མ་རིག་པས་བསྒྲིབས་ཤིང་སྲེད་པས་ཀུན་ཏུ་སྦྱོར་བས་སྲེད་པས་གཏུམས་ཏེ། ཡུན་རིང་པོར འཁོར་བར་མཚམས་སྦྱོར་བ་ནི་སྡུག་བསྔལ་གྱི་མཛའ་མི་ཤེས་པ་རྣམས་ཀྱི་འཁོར་བ་ཐོག་མ་དང་ཐ་མ་མེད་དོ། །དགེ་སློང་དག་དེའི་ཕྱིར། འདི་ལྟར་བསླབ་པར་བྱ་སྟེ། གང་ལས་སྲིད་པ་ཆད་པ་དང། གང་རྟོགས་པས་སྲེད་པ་མངོན་པར་མི་གྲུབ་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར བྱའོ། ། །།འོ་ན་ཚེ་དང་ཆོས་དེ་དག་ལས་མ་གཏགས་པའི་དམྱལ་བ་མ་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་དུ་ཁ་ཆེ་བ་མདོ་འདོན་གྱིས། ཉི་འོག་པ་རྣམས་ནི་མ་ཡིན་པས་འདི་ནི་མ་རྙེད་དོ། །ཡང་སྙིགས་མ་རྣམ་པ་ལྔ་མདོ་དེ་དང་དེ་ལས་འདོན་པ་ལྟ བུ་སྟེ། རེ་ཞིག་ཇི་ལྟར་ཡང་དག་པར་ལྡན་པའི་ལས་དེའི་མདོ་ལས་བཙུན་པ་རྒྱུ་གང་དང་རྐྱེན་གང་གིས་བཅོམ་ལྡན་འདས་ཀྱིས་སྔོན་ནི་བསླབ་པའི་གཞི་ཆེས་ཆེས་ཉུང་ངུ་དག་བཅས་ཀྱང་དགེ་སློང་རབ་ཏུ་མང་པོ་དག་དགྲ་བཅོམ་པ་ཉིད་ཐོབ་ཅིང་གནས་ལ་བཅོམ་ལྡན་འདས ཀྱིས་ད་ལྟར་ནི་བསླབ་པའི་གཞི་ཆེས་མང་པོ་བཅས་ཀྱང་དགེ་སློང་ཆེས་ཉུང་ངུ་དག་དགྲ་བཅོམ་པ་ཐོབ་ཅིང་གནས་པར་གྱུར། དགའ་བྱེད་དེ་བཞིན་ནོ། །ཇི་ལྟར་ད་ལྟར་ཚེའི་སྙིགས་མ་དང། ཉོན་མོངས་པའི་སྙིགས་མ་དང། དུས་ཀྱི་སྙིགས་པ་དང། ལྟ་བའི་སྙིགས་མ་དང། ས་ཨེམས་ཅན་གྱི་སྙིགས་མ་དག་གིས་དགའ་བྱེད་སེམས་ཅན་རྣམས་ཉམས་པར་བྱས་ཤིང་དམ་པའི་ཆོས་ཀྱང་ནུབ་པའི་དུས་ན་སྟོན་པས་ཉན་ཐོས་ཀྱིས་འདུལ་བའི་བསླབ་པ་གཞི་ཆེས་མང་པོ་བཅས་ཀྱང་དགེ་སློང་ཆེས་ཉུང་ངུ་དག་དགྲ་བཅོམ་པ་ཉིད་ཐོབ་ཅིང་གནས་པར འགྱུར་རོ་ཞེས་འབྱུང་ངོ། །རྣམ་ཤེས་གནས་པ་བདུན་ཞེས་བྱ་བ་ལ། བདུན་ལས་འཕྲོས་པའི་བདུན་པའི་སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་ཅུ་པ་ལ་སོགས་པ་ལ་བལྟ་བར་བྱའོ། །འདི་ཉིད་དུ་ཡང་མཛོད་ཀྱི་གནས་དང་པོར་དེ་ལས་གཞན་ཡང་ཅི་རིགས་པར་ཞེས་བྱ་བའི སྐབས་སུ་སྐྱེ་མཆེད་གཉིས་པོ་ཞེས་བྱ་བ་འགྲེལ་པར་བྲིས་ཟིན་པ་དང། སེམས་ཅན་གྱི་གནས་འཆད་པར་འགྱུར་བ་ལས་མིང་གཞན་དུ་བྱས་པ་རྟོགས་པར་བྱའོ།། །།མདོ་ལས་སེམས་ཅན་དེ་དག་འདི་སྙམ་དུ་ཞེས་བྱ་བ་ལ་སོགས པ་ནི་མཛོད་ཀྱི་གནས་གསུམ་པ་འདི་ཉིད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ཚངས་པའི་དྲ་བ་ལས་ལྟ་བ་དྲུག་ཅུ་རྩ་གཉིས་བཤད་པ། ཇི་སྐད་དུ་ཚངས་པའི་དྲ་བ་ལས་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེ་ལ་སྔོན་གྱི་མཛའ་ལ་རྣམ་པར་རྟོགས་པ་རྣམས་ཀྱི་དང་པོའི གཞི་ལས་འདི་སྐད་དུ་འདོན་ཏེ། དགེ་སློང་དག་འཇིག་རྟེན་འཇིག་པར་འགྱུར་བའི་དུས་ཡོད་དོ། །འཇིག་རྟེན་འཇིག་པར་གྱུར་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། ཡིད་ལས་བྱུང་བའི་གཟུགས་ཅན་དབང་པོ་མ་ཚང་བ་མེད་པ། ཡན ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་དོག་དང་དབྱིབས་མཛེས་པ། རང་གི་འོད་ཅན་ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ་ཚེ་རིང་ཞིང་དུས་རིང་པོར་གནས་པར་འགྱུར་རོ། །དགེ་སློང་དག་འཇིག་རྟེན་འདི་འཆགས པར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འདི་འཆགས་པ་ན་ནམ་མཁའ་སྟོང་པ་ཚངས་པའི་གཞལ་མེད་ཁང་མངོན་པར་འགྲུབ་པར་འགྱུར་རོ། །དེ་ནས་སེམས་ཅན་གཞན་གང་ཡང་རུང་བ་ཞིག་ཚེ་ཟད་ལས་ཟད་བསོད་ནམས་ཟད་པས་འོད་གསལ་གྱི་ལྷའི་རིས་ནས་ཤི འཕོས་ནས། ཚངས་པའི་གཞལ་མེད་ཁང་སྟོང་པའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དེ་ན་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་གྱུར་པར་ཡུན་རིང་ཞིང་དུས་རིང་པོ་ཞིག་ཏུ་གནས་ཏེ། དེ་ནས་སེམས་ཅན་དེ་དུས་རིང་པོར་ན་ཀྱེ་མ་བདག་དང་སྐལ་པ་མཉམ་པའི སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲེད་པ་སྐྱེ་ཤིང་མངོན་པར་དགའ་བ་ཡང་དག་པར་སྐྱེས་སོ། །སེམས་ཅན་དེ་དེ་ལྟར་སེམས་ལ་སྨོན་ཅིང་གནས་པ་ན་སེམས་ཅན་དེ་དང་སྐལ་བ་མཉམ་པ་སེམས་ཅན་གཞན་ཞིག་ཚེ་ཟད་ཅིང ལས་ཟད་པ་བསོད་ནམས་ཟད་པས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་ཚངས་པའི་གཞལ་མེད་ཁང་དུ་སྐྱེས་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་ཅིག་པུ་ཟླ་མེད་ཅིང་གྲོགས་མེད་པས་ཚེ་རིང་ཞིང་ཡུན་རིང་བར་གནས་ཏེ། ཀྱེ་མ་བདག་དང་སྐལ་བ་མཉམ་པའི སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་དུས་རིང་པོར་སྲེད་པ་སྐྱེས་ཤིང་དགའ་བ་དང་ཡང་དག་པར་སྐྱེས་ཅིང་བདག་གི་སེམས་ལ་དེ་ལྟར་སྨོན་པས་བདག་དང་སྐལ་བ་མཉམ་པའི་སེམས་ཅན་འདིར་སྐྱེས་ལ་སེམས་ཅན་འདི་དག་ནི་བདག་གིས་སྤྲུལ་པ། བདག་ནི་སེམས་ཅན་འདི དག་གི་དབང་ཕྱུག། བྱེད་པ་པོ། བསྲུང་བ་པོ། རབ་ཏུ་འབྱིན་པ་པོ། དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་བ་པོ། སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་སེམས་ཅན་འདི་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་གྱུར་པ་ཚེ་རིང་ཞིང་ཡུན་རིང་པོར་གནས་པ་སེམས་ཅན་དེ་ཚེ་རིང་ཞིང་ཡུན་རིང་པོར གནས་ཏེ། ཀྱེ་མ་བདག་དང་སྐལ་པ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲེད་པ་སྐྱེས་ཤིང་ཡང་དག་པར་དགའ་བ་སྐྱེས་པས་སེམས་ཅན་དེའི་སེམས་ལ་འདི་ལྟར་སྨོན་པས་སེམས་ཅན་དེ་དང་སྐལ་པ་མཉམ་པ་བདག་ཅག་ཀྱང་འདིར་སྐྱེས་ཤིང་སེམས་ཅན་འདི་ནི བདག་ཅག་གི་སྤྲུལ་པ་པོ། སེམས་ཅན་འདི་ནི་བདག་ཅག་གི་དབང་ཕྱུག་།བྱེད་པ་པོ། འབྱིན་པ་པོ། རབ་ཏུ་འབྱིན་པར་བྱེད་པ། དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པའོ་ཞེས་འབྱུང་ངོ། །འོད་གསལ་གྱི་ལྷའི་རིས་དེ་ན་སེམས་ཅན་གང་དག་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཡངས བ་ཅན་སྤྲེའུའི་རྫིང་གི་འགྲམ་གྱི་གཙུག་ལག་ཁང་གི་ནང་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་འདུ་བྱེད་ཐམས་ཅད་ནི་མི་རྟག་པ་མི་བརྟན་པ་ལ་ཡིད་བརྟན་པར་བྱ་བ་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་སྤང་པར་བྱའོ།། དགེ་སློང་དག་འདུས་བྱས་ཐམས་ཅད་ལ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་འདི་ལྟ་བུར་འགྱུར་བའི་དུས་ཡོད་དེ་དུས་རིང་པོར་གྱུར་པ་ན་ལྷ་རྣམས་ཀྱི་ཆར་གྱི་རྒྱུན་མི་འབེབས་པར་འགྱུར་ཏེ། ལྷ་རྣམས་ཀྱི་ཆར་གྱི་རྒྱུན་མ་ཕབ་པས། ས ཆེན་པོའི་ས་བོན་གྱི་ཚོགས་དང། འབྱུང་པོའི་ཚོགས་དང། སྨན་དང་རྩཝ་དང་ནགས་ཚལ་ཐམས་ཅད་སྐམ་པར་འགྱུར་ཞིང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་འདུས་བྱས་འདི་དག་ནི་མི་རྟག་པ་མི་བརྟན་པ་ཡིད་བརྟན་པར་བྱ་བར་མ་ཡིན་པ་ཡོངས་སུ འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱ་བའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན་ཉི་མ་གཉིས་འཆར་བའི་དུས་ཡོད་དོ། འཇིག་རྟེན་དུ ཉི་མ་གཉིས་ཤར་བ་ན་ས་ཆེན་པོ་འདི་འམ་དམ་གྲོག་ཆུང་ངུ་དང། དམ་གྲོག་ཆེན་པོ་ཐམས་ཅད་སྐམ་པར་འགྱུར་ཅིང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ནི་འདི་ལྟར་མི་རྟག་པ་མི་བརྟན་པ་ཡིད་བརྟན་པར་བྱ་བ་མ་ཡིན་པ་ཡོངས་སུ་འགྱུར་བའི་ཆོས ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན་འཇིག་རྟེན་འདིར་ཉི་མ་གསུམ་འཆར་བར་འགྱུར་བའི དུས་དེ་ཡོད་དེ། དགེ་སློང་དག་འཇིག་རྟེན་ན་ཉི་མ་གསུམ་འཆར་བ་ན་ས་ཆེན་པོ་འདིའི་ཆུ་ཀླུང་དང་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐམས་ཤིང་མི་འབྱུང་བར་འགྱུར་ཏེ། དགེ་སློང་དག་འདུས་བྱས་འདི་དག་ནི་འདི་ལྟར་མི་རྟག་མི་བརྟན་པ། ཡིད་བརྟན་པར་མི་བྱ་བ་མ་ཡིན་པ ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་པར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན། འཇིག་རྟེན་འདིར ཉི་མ་བཞི་འཆར་བའི་དུས་ཡོད་དེ། དགེ་སློང་དག་འཇིག་རྟེན་འདིར་ཉི་མ་བཞི་འཆར་བ་ན་མཚོ་ཆུང་ངུ་དང་གང་མཚོ་ཆེན་པོ་མ་དྲོས་པ་ཞེས་བྱ་བ་དང། ཆུ་ཀླུང་ཆེན་པོ་འདི་ལྟ་སྟེ། གངྒཱ་དང། སིནདྷུ་དང། སི་ཏ་དང། པཀྵུ་ཞེས་བྱ་བ་དེ་དག་ཀྱང་དེའི་ཚེ་སྐམས་པར་འགྱུར ཞིང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་འདུས་བྱས་ཐམས་ཅད་མི་རྟག་པ་མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་པར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་དུས་རིང་པོར་གྱུར་པ་ན་འཇིག་རྟེན་འདིར་ཉི་མ་ལྔ་འཆར་བར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འདིར་ཉི་མ་ལྔ་ཤར་པ་ན་མཚོ་ཆེན་པོ་ལས་ཆུ་དཔག་ཚད་བརྒྱ་ཕྲག་གཅིག་སྐམས་པར་འགྱུར་ཞིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ།། དཔག་ཚད་བརྒྱ་ཕྲག་གཉིས་དང། གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་གྱི་ཆུ་སྐམས་ཤིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་ཆུ་དཔག་ཚད་སྟོང་ཕྲག་གཅིག་སྐམས་པར་འགྱུར་ཞིང་ཉམས་པ་དང མི་འབྱུང་བར་འགྱུར་ཞིང་དཔག་ཚད་སྟོང་ཕྲག་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་གྱི་ཆུ་སྐམས་ཤིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན། རྒྱ་མཚོ་ཆེན་པོ་ལས་དཔག་ཚད་སྟོང་ཕྲག་བདུན་གྱི་ཆུ་ལས་པར འགྱུར་ཞིང། དཔག་ཚད་སྟོང་ཕྲག་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་ཆུ་ལས་པར་གྱུར་ཏེ། དགེ་སློང་དག་ཉི་མ་ལྔ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་དཔག་ཚད་བདུན་གྱི་ཆུ་ལས་པར་འགྱུར་ཞིང་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང གཅིག་གི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་པ་ན་རྒྱ་མཚོ་ཆེན་པོ་བདུན་གྱི་ཆུ་ལས་རྒྱང་གྲགས་བདུན་གྱི་ཆུ་ལས་པར་འགྱུར་ཞིང་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་རྒྱང་གྲགས་གཅིག་གི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ ལྔ་པ་འཇིག་རྟེན་འདིར་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་ཏཱ་ལ་བདུན་ཙམ་གྱི་ཆུ་ལས་པར་འགྱུར་ཞིང་དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་ཏཱ་ལ་གཅིག་ཙམ་གྱི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་པ་ན་རྒྱ་མཚོ་ཆེན་པོ་ལས་མི་འགྲེང བདུན་ཙམ་གྱི་ཆུ་ལས་པར་འགྱུར་ཞིང། དྲུག་དང་ལྔ་དང་བཞི་དང་གསུམ་དང་གཉིས་དང་མི་འགྲེང་གཅིག་ཙམ་གྱི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་འཇིག་རྟེན་འདིར་ཉི་མ་ལྔ་ཤར་བ་ན་རྒྱ་མཚོ་ཆེན་པོ་ལས་མགུལ་པ་ཙམ་གྱི་ཆ་ལས་པར་འགྱུར་ཞིང མཆན་ཁུང་ཙམ་དང་ལྟེ་བ་ཙམ་དང། ཕྱི་ཟུར་ཙམ་དང། བརླ་ཙམ་དང། རྗེ་ངར?་ཙམ་དང། ལོང་བུ་ནུབ་པ་ཙམ་གྱི་ཆུ་ལས་པར་འགྱུར་རོ། །དགེ་སློང་དག་ཉི་མ་ལྔ་པ་འཇིག་རྟེན་འདིར་ཤར་བ་ན་བརྒྱ་མཚོ་ཆེན་པོའི་ཆུ་ཐམས་ཅད་ཀྱི་ཐམས་ཅད་དུ་སྐམས་ཤིང་ཉམས་པ་དང་མི འབྱུང་བར་འགྱུར་ཏེ། སོར་མོའི་རྩེ་མོ་ནུབ་པ་ཙམ་དུ་འགྱུར་ཏེ། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་འདི་ལྟར་མི་རྟག་མི་བརྟན་པ། ཡིད་བརྟན་པར་བྱ་བ་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན་འཇིག་རྟེན་འདིར་ཉི་མ་དྲུག་འཆར་བར་འགྱུར་བའི་དུས་ཡོད་དེ། དགེ་སློང་དག་ཉི་མ་དྲུག་ཤར་བ་ན་ས་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ ལས་དུ་བ་འབྱུང་བར་འགྱུར་ཞིང། དུ་བ་རབ་ཏུ་འཐུལ་བ་དང། རབ་ཏུ་དུ་བ་འཐུལ་བར་འགྱུར་ཏེ། འདི་ལྟ་སྟེ་རྫ་མཁན་གྱི་བསྲེག་ཁང་ལ་དང་པོ་མེ་སྦར་བར་དང་པོ་དུ་བ་འབྱུང་བར་འགྱུར་ཞིང་དུ་བ་རབ་ཏུ་འཐུལ་བ་དང། དུ་བ་ཀུན་ཏུ་འཐུལ་བར་གྱུར་པ་དེ་བཞིན་དུ་དགེ་སློང་དག་ཉི་མ དྲུག་པོ་འཇིག་རྟེན་འདིར་ཤར་པ་ན་ས་ཆེན་པོ་འདི་རིའི་རྒྱལ་པོ་རི་རབ་དང་བཅས་པ་ལ་དུ་བ་འབྱུང་བར་འགྱུར་ཞིང། དུ་བ་རབ་ཏུ་འཐུལ་བ་དང། དུ་བ་ཀུན་ཏུ་འཐུལ་བར་འགྱུར་རོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ནི་འདི་ལྟར་མི་རྟག་པ། མི་བརྟན་པ། ཡིད་བརྟན་པར བྱ་བ་མ་ཡིན་པ། ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་པས་ཡོངས་སུ་སྤང་བར་བྱའོ། །དགེ་སློང་དག་འདུས་བྱས་ཐམས་ཅད་ལ་ཡོངས་སུ་སྐྱོ་བར་བྱའོ། །འདོད་ཆགས་དང་བྲལ་བར་བྱའོ། །རྣམ་པར་གྲོལ་བར་བྱའོ། །དགེ་སློང་དག་གང་ལས་དུས་རིང་པོར་གྱུར་པ་ན འཇིག་རྟེན་འདིར་ཉི་མ་བདུན་འཆར་བར་འགྱུར་བའི་དུས་ཡོད་དེ། དགེ་སློང་དག་འཇིག་རྟེན་འདིར་ཉི་མ་བདུན་ཤར་བ་ན་ས་ཆེན་པོ་འདི་རིའི་རྒྱལ་པོ་རི་རབ་དང་བཅས་པ་འབར་ཞིང་རབ་ཏུ་འབར་ཏེ་ཀུན་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པར་བྱེད་དོ། །འདི་ལྟ་སྟེ་ཤིང་གི་ཁུར?་བུ་བཅུ་དག ཉི་ཤུ་དང། སུམ་ཅུ་དང། བཞི་བཅུ་དང་ལྔ་བཅུ་དང། ཤིང་ཁུར་དང། ཤིང་ཁུར་བརྒྱ་སྟོང་ཕྲག་དུ་མ་དང། ཤིང་གི་ཁུར་བུ་གཞན་བརྒྱ་ཕྲག་དུ་མ་དང། ཤིང་གི་ཁུར་བུ་གཞན་སྟོང་ཕྲག་དུ་མ་དང། ཤིང་གི་ཁུར་བུ་གཞན་བརྒྱ་སྟོང་ཕྲག་དུ་མ་ལས་བྱུང་བའི་མེའི་ཕུང་པོ་ཆེན་པོ་སྲེག་པར བྱེད་པ། དེ་བཞིན་དུ་དགེ་སློང་དག་འཇིག་རྟེན་འདིར་ཉི་མ་བདུན་ཤར་བ་ན་ས་ཆེན་པོ་རིའི་རྒྱལ་པོ་རི་རབ་དང་བཅས་པ་འབར་ཞིང་རབ་ཏུ་འབར་ཏེ་ཀུན་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པར་བྱེད་དོ། །དགེ་སློང་དག་ས་ཆེན་པོ་རིའི་རྒྱལ་པོ་རི་རབ་དང་བཅས་པ་འབར་ཞིང་རབ་དུ་འབར ཏེ། ཀུན་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ནས་སྲེག་པའི་རྩེ་མོ་རླུང་གིས་གཡེངས་པས་ཚངས་པའི་གཞལ་མེད་ཁང་སྟོང་པ་སྲེག་པར་བྱེད་དོ། །དགེ་སློང་དག་འོད་གསལ་གྱི་ལྷའི་རིས་དེ་ན་སེམས་ཅན་གང་དག་སྐྱེས་ནས་རིང་དུ་མ་ལོན་པ་འཇིག་རྟེན་འཇིག་པ་ལ་མི་མཁས་ཤིང འཆགས་པ་ལ་མི་མཁས་པ་དེ་དག་མེ་ལྕེ་དེ་མཐོང་ནས་མེ་ལྕེས་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་པ་འདིར་འོངས་པར་གྱུར་ན་མི་རུང་ངོ་ཞེས་སྐྲག་ནས་ཡིད་ཆད་ཅིང་སྐྱོ་བར་འགྱུར་རོ། །དགེ་སློང་དག་འདི་འོད་གསལ་གྱི་ལྷའི་རིས་དེ་ན་སེམས་ཅན་དེ་དག་སྐྱེས་ནས་རིང་དུ་ལོན་པ འཇིག་རྟེན་འཇིག་པ་ལ་མཁས་ཤིང་འཆགས་པ་ལ་མཁས་པ་དེ་དག་སེམས་ཅན་སྐྲག་པ་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག། གྲོགས་པོ་དག་མ་འཇིགས་ཤིག། མེ་ལྕེ་འདི་སྔོན་ཡང་འཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་དེ་ཉིད་དུ་མེད་པར་གྱུར་ཏོ་ཞེས དབུགས་འབྱིན་པར་བྱེད་དོ། །དགེ་སློང་དག་རིའི་རྒྱལ་པོ་རི་རབ་འབར་ཞིང་རབ་ཏུ་འབར་ཏེ་ཀུན་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་ཅིང་བསྲེགས་པ་ན་དཔག་ཚད་སྟོང་ཕྲག་གཅིག་གཞལ་མེད་ཁང་ཚིག་ཅིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །གཉིས་དང་གསུམ་དང་བཞི་དང་ལྔ དང་དྲུག་དང་དཔག་ཚད་སྟོང་ཕྲག་བདུན་གྱི་གཞལ་མེད་ཁང་ཚིག་ཅིང་ཉམས་པ་དང་མི་འབྱུང་བར་འགྱུར་རོ། །དགེ་སློང་དག་ས་ཆེན་པོ་དང་རིའི་རྒྱལ་པོ་རི་རབ་ཚིག་ཅིང་བསྲེགས་པ་ན་ཐལ་བ་ཙམ་གྱིས་ལྷག་མ་ཡང་མི་ལུས་པར་འགྱུར་རོ། །དཔེར་ན་མར་རམ ཏིལ་ལམ་ནམ་མཁའ་ལ་བསྲེག་ཅིང་ཚིག་པ་དག་ལ་རྗེས་ཙམ་ཡང་གྲིབ་མ་ཙམ་ཡང་མ་ལུས་པར་འགྱུར་བ་དེ་བཞིན་དུ། དགེ་སློང་དག་ས་ཆེན་པོ་དང་རིའི་རྒྱལ་པོ་རི་རབ་ཚིག་ཅིང་བསྲེག་པ་ན་རྗེས་ཙམ་གྱི་འམ་གྲིབ་མ་ཙམ་ཡང་མ་ལུས་པར་འགྱུར་རོ། །དགེ་སློང་དག་དེ་ལ་རྒྱ་མཚོ ཆེན་པོ་སྐམས་པར་འགྱུར་ཞིང། ཉམས་པ་དང་མི་འབྱུང་བར་འགྱུར་ཞེས་བྱ་བ་ལ་མངོན་དུ་མཐོང་བ་གཏོགས་པར་སུ་ཞིག་དང་ཡིད་ཆེས་པར་འགྱུར། དགེ་སློང་དག་དེ་ལ་གང་ཡང་རིའི་རྒྱལ་པོ་རི་རབ་ཚིག་ཅིང་རབ་ཏུ་ཚིག་པ་དང་ཉམས་པ་དང་མི་འབྱུང་བར་འགྱུར་ཞེས་བྱ་བ་ལ་མངོན་དུ མཐོང་བ་མ་གཏོགས་པ་སུ་ཞིག་དང་ཅིང་ཡིད་ཆེས་པར་འགྱུར། དགེ་སློང་དེ་དག་ལས་ཆེན་པོ་ཚིག་ཅིང་རབ་ཏུ་ཚིག་པ་དང། ཉམས་པ་དང་མི་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་མངོན་དུ་མཐོང་བ་མ་གཏོགས་པ་སུ་ཞིག་དད་ཅིང་ཡིད་ཆེས་པར་འགྱུར། དགེ་སློང་དག་སྔོན་བྱུང་བ སྟོན་པ་མིག་བཟང་ཞེས་བྱ་བ་ཕྱི་རོལ་མུ་སྟེགས་པ་རྫུ་འཕྲུལ་དང་ལྡན་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་བྱུང་སྟེ། དགེ་སློང་དག་སྟོན་པ་མིག་བཟང་གི་ཉན་ཐོས་བརྒྱ་ཕྲགས་དུ་མ་དང། ཉན་ཐོས་སྟོང་ཕྲག་དུ་མ་དང། ཉན་ཐོས་བརྒྱ་སྟོང་ཕྲག་དུ་མ་བྱུང་སྟེ། སྟོན་པ མིག་བཟང་ཉན་ཐོས་རྣམས་ལ་ཤིན་ཏུ་དྲི་མ་དང་བྲལ་བ་དང། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་སྟོན་པར་མི་བྱེད་ཀྱི། ཚངས་རིས་ཀྱི་ལྷ་དང་སྐལ་པ་མཉམ་པ་སྟོན་ཏེ། དགེ་སློང་དག་སྟོན་པ་མིག་བཟང་གི་ཉན་ཐོས་བསླབ་པ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྫོགས པ་དེ་དག་ཚངས་པའི་གནས་བཞི་བསྒོམ་ནས་འདོད་པ་ལ་འདུན་པའི་འདོད་ཆགས་སྤངས་ཤིང་ཕལ་ཆེར་གནས་ཏེ། ཚངས་པའི་འཇིག་རྟེན་གྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཏོ། །གང་གི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་དེ་དག་ལས་ཁ་ཅིག་ནི གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་ཞིང། ཁ་ཅིག་ནི་འཕྲུལ་དགའ་དང། ཁ་ཅིག་ནི་འཐབ་བྲལ་དང། ཁ་ཅིག་ནི་སུམ་ཅུ་རྩ་གསུམ་དང། ཁ་ཅིག་ནི་རྒྱལ་ཆེན་རིས་བཞི་དང། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང། བྲམ་ཟེའི་རིགས ཤིང་སཱ་ལ་ཆེན་པ་ལྟ་བུ་རྣམས་དང། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་གྱུར་ཏོ། །དེ་ནས་སྟོན་པ་མིག་བཟང་འདི་མཉམ་དུ་བདག་ཉན་ཐོས་རྣམས་དང་ལྷན་ཅིག་འགྲོ་བ་དང་སྙོམས་པར་འཇུག་པ་ནི་ཚུལ་དང་མཐུན་པ་མ་ཡིན་གྱིས་བདག གོང་མ་བསམ་གཏན་གཉིས་པ་བསྒོམས་ནས་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་སྙམ་མོ། །དེ་ནས་སྟོན་པ་མིག་བཟང་གོང་མ་བསམ་གཏན་གཉིས་པ་བསྒོམ་ནས་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །དགེ་སློང་དག་ཁྱོད་ཅག དེའི་ཚེ་དེའི་དུས་ན་སྟོན་པ་མིག་བཟང་ཞེས་བྱ་བ་ཕྱི་རོལ་མུ་སྟེགས་ཅན་རྫུ་འཕྲུལ་དང་ལྡན་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་བྱུང་བར་གྱུར་ཅིང། དེའི་ཉན་ཐོས་གཞན་བརྒྱ་ཕྲག་དུ་མ་དང། སྟོང་ཕྲག་དུ་མ་དང། བརྒྱ་སྟོང་ཕྲག་དུ་མ་བྱུང་བར་གྱུར་པ་ལ་གང་འདི་ཉན་ཐོས་རྣམས ཤིན་ཏུ་མཐར་ཐུག་པ་དང་ཤིན་ཏུ་དྲི་མ་དང་བྲལ་བ་དང། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་ཆོས་སྟོན་པར་མི་བྱེད་ཀྱི། ཚངས་པའི་འཇིག་རྟེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྟོན་པ་དེ་གཞན་ཞིག་ཡིན་སྙམ་ན། དེ་ལྟར་མི་ལྟ་སྟེ། ད་ཉིད་དེའི་དུས་ན་སྟོན་པ མིག་བཟང་ཞེས་བྱ་བ་ཕྱི་རོལ་མུ་སྟེགས་ཅན་རྫུ་འཕྲུལ་དང་ལྡན་འདོད་པ་ལས་འདོད་ཆགས་དང་བྲལ་བར་གྱུར་ཅིང་ངའི་ཉན་ཐོས་གཞན་བརྒྱ་ཕྲག་དུ་མ་དང། སྟོང་ཕྲག་དུ་མ་དང། བརྒྱ་སྟོང་ཕྲག་དུ་མ་བྱུང་བར་གྱུར་ཅིང་ང་ཉིད་དེའི་ཚེ་དེའི་དུས་ན་ཉན་ཐོས་རྣམས་ཤིན་ཏུ་མཐར ཐུག་པ་དང། ཤིན་ཏུ་དྲི་མ་དང་བྲལ་བ་དང། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་ཆོས་མི་སྟོན་གྱི། ཚངས་པའི་འཇིག་རྟེན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྟོན་པར་བྱེད་པར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་འདོད་ཆགས་དང་བཅས་པར་འགྱུར་ཅིང་ཞེ་སྡང དད་གཏི་མུག་དང་བཅས་ཤིང་མ་གྲོལ་ལ། སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དག་ལས་ཡོངས་སུ་མ་གྲོལ་ཞིང་སྡུག་བསྔལ་དང་བཅས་པར་སྨྲའོ དགེ་སློང་དག་ད་ལྟར་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་དང། ལྷ་དང་མི་རྣམས་ཀྱི་སྟོན པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ཞིང་འདོད་ཆགས་དང་བྲལ་ཞིང་ཞེ་སྡང་དང་གཏི་མུག་དང་བྲལ་བ། ཡོངས་སུ་གྲོལ་བ། སྐྱེ་བ་དང་རྒ་བ་དང། ན་བ་དང། འཆི་བ་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དང། སྡུག་བསྔལ་ལས་གྲོལ་བར་སྨྲའོ། །དགེ་སློང་དག་དང་ལྟར་ནི་ཉན་ཐོས་རྣམས་ལ་ཤིན་ཏུ་མཐར་ཐུག་པ་དང། ཤིན་ཏུ་དྲི་མ་དང་བྲལ་བ་དང། ཤིན་ཏུ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་ཆོས་བསྟན་ནས་ད་ལྟར་བདག་ཉན་ཐོས་རྣམས་བསླབ་པ་རྣམ་པ་ཐམས་ཅད ཀྱི་ཐམས་ཅད་དུ་ཡོངས་སུ་རྫོགས་པ་དེ་དག་ནི་སྡུག་བསྔལ་འདི་དག་ཡོངས་སུ་ཟད་པར་འགྱུར་རོ། །གང་གིས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་དེ་དག་ལས་ཁ་ཅིག་འོག་མའི་ཆ་དང་མཐུན་པ་ཀུན་ཏུ་སྦྱོར་བ་ལྔ་སྤངས་ཏེ། རྫུས་ཏེ་སྐྱེ་ཞིང་དེར་ཡོངས་སུ་མྱ་ངན་ལས འདའ་བ་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །གང་གིས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་དེ་ལས་ཁ་ཅིག་ནི་ཀུན་ཏུ་སྦྱོར་བ་གསུམ་པོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བསྲབས་ཏེ་ལན་ཅིག་ཕྱིར་འོང་བ་འཇིག་རྟེན་འདིར་ལན་ཅིག་ཕྱིར་འོངས་ནས་སྡུག བསྔལ་མཐར་བྱེད་པར་འགྱུར་རོ། །གང་གི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་ཡིན་པ་དེ་དག་ལས་ཁ་ཅིག་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་ཏེ་རྒྱུན་ཏུ་ཞུགས་པ་མི་ལྟུང་བའི་ཆོས་ཅན་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་སྲིད་པ་ལན་བདུན་པར་འགྱུར་ཏེ། ལྷ་རྣམས་དང མི་རྣམས་ཀྱི་ནད་དུ་ཉིང་མཚམས་སྦྱར་ནས་སྡུག་བསྔལ་གྱི་མཐར་བྱེད་པར་འགྱུར་ཏེ། དགེ་སློང་དེའི་ཚེ་ད་ལྟར་གཉིས་ཀར་ཡང་ངའི་ཉན་ཐོས་རྣམས་འབྲས་བུ་དང་བཅས་ཤིང་རབ་ཏུ་བྱུང་བས་འབྲས་བུ་བཅས་ལ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས་བཀའ་སྩལ་ཏོ། སེམས་ཅན་གྱི་ནི་གནས་དགུར་འདོད་བཅས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དགེ་སློང་དག་སེམས་ཅན་གྱི་གནས་ནི་དགུ་སྟེ། དགུ་གང་ཞེ་ན། སེམས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་ཅིག་སྟེ། འདི་ནི་སེམས་ཅན་གྱི་གནས་དང་པོའོ། །སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་དེ་དག་ལས་དང་པོར་བྱུང་བ་རྣམས་སོ། །འདི་ནི་སེམས་ཅན་གྱི་གནས་གཉིས་པའོ། ། སེམས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དོ། །འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་ཏེ། འདི་ནི་རྣམ་པར་ཤེས་པ་སེམས་ཅན་གྱི་གནས་གསུམ་པའོ། །སེམས་ཅན་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་ཏེ། སེམས ཅན་གྱི་གནས་བཞི་པའོ། །སེམས་ཅན་གཟུགས་ཅན་འདུ་ཤེས་མེད་ཅིང་འདུ་ཤེས་དང་མི་ལྡན་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འདུ་ཤེས་མེད་པ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་ལྔ་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ ས་ཧེས་ལས་ཡང་དག་པར་འདས་ཤིང་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་བྱེད་པས་ནམ་མཁའ་མཛའ་ཡས་སོ་ཞེས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ་འདི་ལྟ་སྟེ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར འགྲོ་བའི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པའི་སེམས་ཅན་གྱི་གནས་དྲུག་པའོ། །སེམས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཛའ་ཡས་སོ་ཞེས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཉེ བར་བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་སོ། །འདི་ནི་སེམས་ཅན་གྱི་གནས་བདུན་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་དོ་སྙམ་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས་སོ། །འདི་ནི་སེམས་ཅན་གྱི་གནས་བརྒྱད་པའོ། །སེམས་ཅན་གཟུགས་ཅན་མ་ཡིན་པ གང་དག་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་འགྲོ་བའི་ལྷ་རྣམས་ཏེ། སེམས་ཅན་གྱི་གནས་དགུ་པའོ་ཞེས་བཀའ་ སྩལ་ཏོ། །གནས་པ་དག་ནི་ཡང་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་ཅིང་འཚོ་བ་དང། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་སྟེ། བཞི་གང་ཞེ་ན། རགས་པ དང་ཕྲ་བའི་ལམ?་གྱི་ཟས་དང། གཉིས་པ་ནི་རེག་པའོ། །གསུམ་པ་ནི་ཡིད་ལ་སེམས་པའོ། །བཞི་པ་ནི་རྣམ་པར་ཤེས་པའི་ཟས་ཏེ། དགེ་སློང་དག་ཟས་བཞི་པོ་འདི་རྣམས་ལ་དགའ་བ་དང་འདོད་ཆགས་པར་འགྱུར་རོ། །གང་ལ་དགའ་བ་དང་འདོད་ཆགས་པ་ཡོད་པ་དེ་ལ་རྣམ་པར ཤེས་པ་གནས་པ་དེང་བརྟེན་པར་འགྱུར་རོ། །གང་ལ་རྣམ་པར་ཤེས་པ་གནས་ཤིང་བརྟན་པ་དེ་ལ་མིང་དང་གཟུགས་འབྱུང་བར་འགྱུར་རོ། །གང་ལ་མིང་དང་གཟུགས་ཡོད་པ་དེ་ལ་འདུ་བྱེད་འཕེལ་བར་འགྱུར་རོ། །གང་ལ་འདུ་བྱེད་འཕེལ་བ་དེ་ལ་མ་འོངས་པའི་ཡང་སྲིད་པ་མངོན པར་འགྲུབ་པར་འགྱུར་ཞིང་འབྱུང་བར་འགྱུར་རོ། །གང་ལ་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་ཅིང་འབྱུང་བ་དེ་ལམ་འོངས་པའི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ། །དགེ་སློང་དག་ཟས་བཞི་པོ་འདི་དག་ལ་དགའ་བ་དང་འདོད་ཆགས་མེད་པར་གྱུར་ན་གང་ལ་དགའ་བ་དང་འདོད་ཆགས་མེད་པ་དེ་ལ་རྣམ་པར་ཤེས་པ་གནས་ཤིང་བརྟན་པར མི་འགྱུར་རོ། །གང་ལ་རྣམ་པར་ཤེས་པ་གནས་ཤིང་བརྟན་པ་མེད་པ་དེ་ལ་མིང་དང་གཟུགས་འབྱུང་བར་མི་འགྱུར་རོ། །གང་ལ་མིང་དང་གཟུགས་མེད་པ་དེ་ལ་འདུ་ཤེས་འཕེལ་བར་མི་འགྱུར་རོ། །གང་ལ་འདུ་བྱེད་འཕེལ་བ་མེད་པ་དེ་ལ་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་པར མི་འགྱུར་རོ། །གང་ལ་མ་འོངས་པའི་ཡང་སྲིད་པ་མངོན་པར་འགྲུབ་པར་མི་འགྱུར་བ་དེ་ལ་མ་འོངས་པའི་སྐྱེ་བ་དང་རྩ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དག་ཉེ་བར་འགག་པར་འགྱུར་རོ། །དེ་ལྟར་ན སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་དེ་ལྟར་འགག་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པའི་གནས་བཞི་ནི་ཞིང་གི་ངོ་བོར་བསྟན་ལ། ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཟད་པར་ནི་ས་བོན་གྱི་ངོ་བོར་བསྟན་ཏེ ཞེས་བྱ་བ་ལ། ཆོས་ཀྱི་ཕུང་པོ་ལས་གཟུགས་བདག་མ་ཡིན་ཞེས་བྱ་བར་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པའི་ས་བོན་གྱི་དཔེ་ལས་བཤད་པ་དང། མཛོད་ཀྱི་གནས་དྲུག་པ་འདི་ཉིད་དུ་ཡང་ཀུན་འབྱུང་གི་བདེན་པ་བཤད་པའི་སྐབས་སུ་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་ལ། འདི་ནི་ཉེ་བ ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་རང་བཞིན་གཅིག་པར་བཤད་པ་དང། མཛོད་ཀྱི་གནས་དང་པོར་ཡང་ཕུང་པོའི་གོ་རིམ་བརྗོད་པར་ཡང་དག་པར་བཤད་པར་བལྟ་བར་བྱའོ། །ཡི་དགས་མངལ་ནས་སྐྱེ་བ་འང་ཡིན་ཞེས་བྱ་བ་ལ། སངས རྒྱས་བཅོམ་ལྡན་འདས་རྒྱལ་པོ་དང། རྒྱལ་པོའི་བློན་པོ་དང། གྲོང་མི་དང། ཡུལ་མི་དང། ཕྱུག་པོ་དང། དེད་དཔོན་དང། ལྷ་དང། ཀླུ་དང། གནོད་སྦྱིན་དང། ནམ་མཁའ་ལྡིང་དང། དྲི་ཟ་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས། བརྗེད པར་བྱས་ཤིང་མཆོད་དེ། ལྷ་དང་ཀླུ་དང་གནོད་སྦྱིན་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང། མ་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་གང་གིས་བཀུར་ཞིང་སངས་རྒྱས་བཅོམ་ལྡན་འདས་གྲགས་པ་དང། བསོད་རྣམས་ཆེན་པོ་དང། རྙེད་པ་དང། ཆོས་གོས་དང བསོད་སྙོམས་དང། མལ་ཆ་དང། སྟན་དང། ན་བའི་གསོས་སྨན་དང། ཉེ་བར་སྦྱར་བ་ཐམས་ཅད་དང་ལྡན་པ་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་གཅིག་ཏུ་རྒྱལ་པོའི་ཁབ་ཀྱི་སྨྱུག་མའི་ཚལ་བྱ?་ཀ?་ལན་དག་གནས་པ་ན་བརྟེན་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན པོ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཟོས་པའི་འོག་ཏུ་ལྷུང་བཟེད་བླངས་ནས། ལྷུང་བཟེད་དང་ཆོས་གོས་མཛའ་གཅིག་ཏུ་བཞག་ནས་ཡི དགས་རྒྱུ་བོའི་ཕྱིར་སོང་བ་དང། དེས་བྱ་རྒོད་ཕུང་པོའི་རིའི་དྲུང་དུ་སོང་ནས་ཡི་དགས་མོས་གཤིན་རྗེ་སྲིན་མོ་ལྟ་བུ་ཁྲག་གི་ཐིགས་པས་འབགས་པ། རུས་པས་ཡོངས་སུ་བསྐོར་བ། དུར་ཁྲོད་ན་གནས་པ། ཉིན་མཚན་དུ་བུ་ལྔ་ལྔ་སྐྱེ་བ་དེ་ལྟ་བུ་སྡུག་བསྔལ་ཉམས་སུ མྱོང་ཞིང་བུ་ལ་ཡོངས་སུ་གདུང་བ་དང་བཅས་ཀྱང་ལྟོགས་པའི་དབང་གིས་དེ་དག་ཡང་ཟ་བ་ཞིག་མཐོང་ངོ། །དེ་ནས་གནས་བརྟན་མཽངྒལ་གྱི་བུ་ཆེན་པོས་ཁྱོད་ཀྱིས་སྡིག་པའི་ལས་ཅི་ཞིག་བྱས་ནས་འདི་ལྟ་བུའི་སྡུག་བསྔལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་གྱུར་ཞེས་དེ ལ་དྲིས་པ་དང། ཡི་དྭགས་མོས་སྨྲས་པ། ཉི་མ་ཡོད་བཞིན་དུ་སྒྲོན་མས་དགོས་པ་ཅི་ཞིག་ཡོད་དེ་བཅོམ་ལྡན་འདས་ལ་དྲིས་དང་བདག་ཅག་གིས་ལས་ཇི་ལྟ་བུ་བསགས་པ་སྟོན་པར་འགྱུར་རོ། །དེ་ཐོས་ནས་སེམས་ཅན་སྡིག་པ་བྱེད་པ་དག་ལས་ལྡོག་པར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ངོ། །དེའི་ཚེ་ན་བཅོམ་ལྡན་འདས་ཡང་དག་པར་འཇོག་པ་ལས་བཞེངས་ཏེ། འཁོར་རྣམས་ཞིམ་ཞིང་རབ་ཏུ་ཞིམ་པ་སྦྲང་རྩི་མ་བསྐོལ་བ་ལྟ་བུའི་ཆོས་སྟོན་པར་བྱེད་དེ་འཁོར་བརྒྱ ཕྲག་དུ་མས་བཅོམ་ལྡན་འདས་ལ་དབང་པོ་མི་གཡེང་བར་ཞིམ་པའི་ཆོས་ཉན་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་མདུན་དུ་གསུང་བ་དང། དགའ་བར་གསུངས་པས་ལེགས་པར་འོངས་སམ། ཞེས་མདུན་དུ་འགྲོ་བས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ ལ་བོས་ཏེ། མཽངྒལ་གྱི་བུ་ད་ལྟར་གང་ནས་འོངས། མཽངྒལ་གྱི་བུས་སྨྲས་པ། བཙུན་པ་བཅོམ་ལྡན་འདས་བདག་ཡི་དྭགས་རྒྱུ་བ་ནས་མཆིས་ཏེ། དེར་བདག་གིས་ཡི་དྭགས་མོ་གཤིན་རྗེ་སྲིན་མོ་ལྟ་བུ་ཁྲག་གི་ཐིགས་པས་འབགས་པ། རུས་པས་ཡོངས་སུ་བསྐོར་བ། དུར་ཁྲོད? ན་གནས་པ་མཐོང་སྟེ། བདག་ལ་འདི་སྐད་དུ། བདག་གི་ཉིན་མོ་བུ་ལྔ་དང། །དེ་བཞིན་མཚན་མོ་བུ་ལྔ་དང། །སྐྱེས་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ལ་ཚིམ་པ་མེད་ཅེས་སྨྲས་སོ། །འདིས་སྡིག་པའི་ལས་ཅི་ཞིག་བྱས་ནས་མིའི་འཇིག་རྟེན་དུ་དྲག་ཅིང་རྩུབ་པའི་སྡུག་བསྔལ་རྣམ པ་དུ་མཉམས་སུ་མྱོང་ཞིང་འཇིག་པར་གྱུར། བཅོམ་ལྡན་འདས་ཀྱིས་མཽངྒལ་གྱི་བུ་སྡིག་པའི་ལས་སྦྱོར་པའི་ཡི་དྭགས་མོ་དེའི་ལས་ཅི་ཞིག་བྱས་པ་ཉན་པར་འདོད་དམ། བཙུན་པ་དེ་བཞིན་ནོ། །དེ་ནས་མཽངྒལ་གྱི་བུ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །སྔོན བྱུང་བ་འདས་པའི་དུས་བ་ར་ཎཱ་སའི་གྲོང་ཁྱེར་དུ་ཁྱིམ་བདག་ཕྱུག་པོར་གྱུར་ཅིང་ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་བྱུང་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས ཏེ། དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་པ་ལས་བུ་ཕོ་ཡང་མེད་བུ་མོ་ཡང་མེད་དོ། །དེ་ལག་པ་འགྲམ་པ་ལ་གཏད་དེ། བདག་གི་ཁྱིམ་ན་ནོར་མང་པོ་ཡོད་ཅིང་བུ་ཕོ་ཡང་མེད་བུ་མོ་ཡང་མེད་པས་བདག་གི་ནོར་ཐམས་ཅད་བུ་མེད་ཅེས་རྒྱལ་པོས ཁྱེར་བར་འགྱུར་རོ་ཞེས་སེམས་ཁོང་དུ་ཆུད་འདུག་གོ་། དེ་བུ་དང་བུ་མོ་འདོད་པའི་ཕྱིར་ཞི་བ་དང། ཆུ་ལྷ་དང། རྣམ་ཐོས་ཀྱི་བུ་དང། བརྒྱ་བྱིན་དང། ཚངས་པ་ལ་སོགས་པའི་ལྷ་ཁྱད་པར་ཅན་གཞན་དང་གཞན་དག་ལ་གསོལ་བ་འདེབས་པར་བྱེད་དེ། འདི་ལྟ་སྟེ་ཀུན་དགའ་ར་བའི ལྷ་དང། ཚལ་གྱི་ལྷ་དང། གཞི་མདོའི་ལྷ་དང། སུམ་མདོའི་ལྷ་དང། གཏོར་མ་ཟ་བའི་ལྷན་ཅིག་སྐྱེས་བའི་ཆོས་ཅན་དང། རྟག་པར་རྒྱུན་དུ་འབྲད?་བའི་ལྷ་དག་ལ་གསོལ་བ་འདེབས་པར་བྱེད་དེ། འཇིག་རྟེན་ན་གསོལ་བ་འདེབས་པའི་རྒྱུས་བུ་དང་བུ མོ་སྐྱེའོ་ཞེས་གྲགས་པ་ཡོད་མོད་ཀྱི། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་འང་བུ་སྟོང་སྟོང་ལྡན་པར་འགྱུར་རོ། །འོན་ཀྱང་གནས་གསུམ་མངོན་དུ་གྱུར་ན། བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན་ཕ་མ་གཉིས་ཆགས པར་གྱུར་ཅིང་འདུས་པ་དང། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་ཉེ་བར་གནས་པ་སྟེ། གནས་གསུམ་མངོན་དུ་གྱུར་ན། བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་གྱི། ལྷ་ལ་གསོལ་བ་འདེབས་པས་བུ་དང་བུ་མོ་དག་སྐྱེ་བ་མ་ཡིན་ནོ། །དེ་འདི་སྙམ་དུ་བློ་བྱུང་སྟེ། གལ་ཏེ སེམས་ཅན་དང་ལྡན་པར་འགྱུར་སྲིད་ཀྱིས། ཆུང་མ་གཉིས་པ་ཞིག་བླང་བར་བྱའོ་སྙམ་ནས་དེས་རིགས་མཉམ་པ་ལས་ཆུང་མ་གཉིས་བ་ཞིག་བླངས་ཏེ། དེ་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །རྩེ་བར་བྱེད་དགའ་བར་བྱེད་ཡོངས་སུ་སྤྱོད པར་བྱེད་པ་ལས་དུས་གཞན་ཞིག་ན་སེམས་ཅན་དང་ལྡན་པར་འགྱུར་རོ། །དེ་དགའ་བ་དང་ཡིད་བདེ་བ་དང་དགའ་བས་བདག་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྗེའི་སྲས་དགའ་བར་མཛོད་ཅིག་།བདག་སེམས་ཅན་དང་ལྡན་པར་གྱུར་ཏེ། ཇི་ལྟར་བདག་གིས་དཀུ?་གཡས་པར་རྟེན ཅིང་གནས་ནས་ངེས?་པར་ཁྱེའུ་རུ་འགྱུར་རོ། །དེ་དགའ་ཞིང་རབ་ཏུ་དགའ་ནས་ལུས་ཀྱི་སྟོང་བཏེག་ནས་ལག་པ་བརྐྱང?་ནས་ཆེད་དུ་བརྗོད་པ། ད་ཡུན་རིང་པོ་ནས་མངོན་པར་འདོད་པའི་བུའི་གདོད་མཐོང་ཞིང་རིགས་དང་རྗེས་སུ་མཐུན་ཞིང་མི་མཐུན་པ་མ་ཡིན་པ་དང། དའི?་བྱ བ་བྱེད་ཅིང་ཆེར་སྐྱེས་ན་ད་གསོ་བའི་བྱ་བ་བྱེད་པ་དང། ངའི་རིགས་རྒྱུད་ཡུན་རིང་དུ་གནས་ཤིང་བདག་ཅག་ཤི་ཞིང་དུས་ལས་འདས་པའི་འོག་ཏུ་ཉུང་ངུ་འམ་མང་པོ་ཡང་རུང་སྦྱིན་པ་བདག་སྦྱིན་བསོད་ནམས་དག་བྱས་ཏེ། འདི་དག་ཕ་མ་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ འབྲང་བར་གྱུར་ཅིག་ཅེས། ཡོན་བདག་སྦྱིན་པར་གྱུར་ཅིག་ཅེས་བརྗོད་དོ། །དེ་སེམས་ཅན་དང་ལྡན་པར་རིག་ནས་སྟེང་གི་ཁང་བཟངས་ཀྱི་གཞི་དང་ལྡན་པར་བཞག་སྟེ། གྲང་བ་དང་གྲང་བ་ལ་ཕན་པ་དང། དྲོ་བ་དང་དྲོ་བ་ལ་ཕན་པ་དག་རིག་པར་བྱས་ཏེ། སྨན་པས་བསྒོ་བའི་ཁ་ཟས་ཧ་ཅང ཁ་བ་མ་ཡིན་པ་དང། ཧ་ཅང་མངར་བ་མ་ཡིན་པ་དང། ཧ་ཅང་སྐྱུར་བ་མ་ཡིན་པ་དང། ཧ་ཅང་མངལ་བ་མ་ཡིན་པ་སྟེ། ཁ་བ་དང། མངར་བ་དང། སྐྱུར་བ་དང། མངལ་བ་དག་སྤངས་པའི་ཁ་ཟས་ཟ་ཞིང་གནས་ཏེ། མུ་ཏིག་དང་མུ་ཏིག་གི་ཕྲེང་བས་བརྒྱན་ཅིང་གནས་ཏེ། ལྷ་མོ དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་ཁྲི་ནས་ཁྲི་དང། ཁྲེའུ་ནས་ཁྲེའུ་རུ་འོག་གི་གཞི་ལ་མི་འབབ་ཅིང་སྒྲ་མི་སྙན་པ་ཅུང་ཟད་ཀྱང་མི་ཐོས་པར་ཇི་སྲིད་དུ་མངལ་ཡོངས་སུ་སྨིན་པར་བྱེད་དོ། །དེ་ནས་དེའི་ཚེ་ཆེན་མས་དེའི་རིམ་གྲོ་དེ་དག་མཐོང་ནས་ཕྲག་དོག་གི་སེམས་སྐྱེས་ཏེ། གལ་ཏེ་འདི་ལ ས་ཀྱེས་བུ་སྐྱེས་ན་ངེས་པར་ང་ལ་གནོད་པར་འགྱུར་གྱིས་ཐབས་ཤིག་བྱའོ་སྙམ་ནས་འདོད་པ་བསྟེན་པ་རྣམས་ནི་སྡིག་པའི་ལས་མི་བྱེད་པ་ཅུང་ཟད་ཀྱང་མེད་པས་དེས་མི་འདོད་པའི་གཡང་སར་མ?་ལྷུང་བར་བྱེད་ཅིང་འཛག་པར་བྱེད་པ་རྣམ་པ་དེ་ལྟ་བུའི་མངལ་འཇིག་པར་བྱེད་པའི་རྫས བྱིན་ཏེ། དེས?་མཐུངས་མ་ཐག་ཏུ་མངལ་རླུགས?་པར་གྱུར་ཏོ། །དེ་ནས་ཆུང་མ་གཉིས་པས་དེ་ཐམས་ཅད་བསྡུས་ནས་ཆེན་མ་ལ་སྨྲས་པ་ཁྱོད་ཀྱིས་ང་ལ་གང་གིས་ན་མངལ་རླུགས་པའི་སྨན་བྱིན་ཏོ། །དེ་ནས་ཆེན་མས་གཉེན་རྣམས་ཀྱི་ནང་དུ་མན་འདོར་བར་བརྩམས་པ། གལ་ཏེ་ངས ཁྱོད་ཀྱི་མངལ་རླུགས་པར་བྱས་ན་ང་ཡི་དགས་སུ་གྱུར་ཅིག་སྐྱེ་བ་ནས་སྐྱེ་བར་བུ་ཟ་བར་གྱུར་ཅིག་ཅེས་སྨྲས་སོ། །མཽངྒལ་གྱི་བུ་ཇི་སྙམ་དུ་སེམས། ཕྱུག་པའི་ཆུང་མ་དེ་ནི་ཡི་དྭགས་མོ་འདི་ཉིད་ཡིན་ཏེ། ཕྲག་དོག་གི་དབང་གིས་མངལ་རླུགས?་པའི་སྨན་བྱིན་ཏེ། དེ་ཡིས་ཡི་དྭགས་སུ སྐྱེས་ཤིང་གང་རྫུན་དུ་སྨྲ་བ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པས་ཉིན་མཚན་དུ་བུ་ལྔ་ལྔ་སྐྱེ་ཞིང་ཟ་བར་གྱུར་ཏོ། །མཽངྒལ་གྱི་བུ་དེའི་ཕྱིར་དག་གིས་ཉེས་པར་སྤྱད་པ་སྤང་བའི་ཕྱིར་འབད་པར་བྱ་སྟེ། མཽངྒལ་གྱི་བུ་ཇི་ལྟར་རྣམ་པ་འདི་ལྟ་བུའི་རྐྱེན་ཡི་དྭགས་སུ་སྐྱེ་བར་འགྱུར་བ སྤང་བའི་ཕྱིར་བསླབ་བར་བྱའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་མཽངྒལ་གྱི་བུ་དང། ལྷ་དང། ཀླུ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མི་འམ་ཅི་དང། ལྟོ་འཕྱེ་ཆེན་པོ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས བ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ། ། །།ཇི་ལྟར་ན་མདོ་ལས་རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གིས་རྫུས་ཏེ་སྐྱེ་བའི་ཀླུ་བཟའ་བའི་ཕྱིར་འདྲེན་ཏོ། །ཞེས་གསུངས་ཞེ་ན་ཞེས་བྱ་བ་དང། ཀླུ་ནི་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པ་དང། མངལ་ནས་སྐྱེས་པ དང། དྲོད་གཤེར་ལས་སྐྱེས་པ་དང། རྫུས་ཏེ་སྐྱེ་བའོ། །ནམ་མཁའ་ལྡིང་ཡང་རྣམ་པ་བཞི་སྟེ། སྒོ་ང་ལས་སྐྱེས་པའི་ནམ་མཁའ་ལྡིང་དང། མངལ་ལས་སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པ་དང། རྫུས་ཏེ་སྐྱེས་པའི་ནམ་མཁའ་ལྡིང་ངོ། །སྒོ་ང་ལས་སྐྱེས་བའི་ནམ་མཁའ་ལྡིང་གིས སྒོ་ང་ལས་སྐྱེས་པའི་ཀླུ་བཟའ་བའི་ཕྱིར་འབྱིན་པར་བྱེད་ཀྱིས། མངལ་ནས་སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པ་དང། རྫུས་ཏེ་སྐྱེ་བ་ནི་མ་ཡིན་ཏེ། གལ་ཏེ་འབྱིན་པར་བྱེད་ན་དེ་ཐལ་བར་བྱེད་པར་འགྱུར་རོ། །དྲོད་གཤེར་ལས་སྐྱེ་བའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེ་པ དང། མངལ་ནས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བའི་ཀླུ་བཟའ་བའི་ཕྱིར་འབྱིན་པར་བྱེད་རྫུས་ཏེ་སྐྱེ་བ་ནི་མ་ཡིན་ཏེ། གལ་ཏེ་འབྱིན་པར་བྱེད་ན་ཐལ་བར་བྱེད་པར་འགྱུར་རོ། །རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གིས་སྒོ་ང་ལས་སྐྱེ་བ་དང། མངལ་ནས་སྐྱེ་བ་དང། དྲོད་གཤེར ལས་སྐྱེ་བ་དང། རྫུས?་ཏེ་སྐྱེ་བའི་ཀླུ་བཟའ་བའི་ཕྱིར་འབྱིན་ཏེ་ཞེས་གསུངས་སོ། །མདོ་ལས་སྲིད་པ་ནི་བདུན་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ་དང། དུད་འགྲོའི་སྲིད་པ་དང་ཡི་དྭགས་ཀྱི་སྲིད་པ་དང། ལྷའི སྲིད་པ་དང། མིའི་སྲིད་པ་དང། ལས་ཀྱི་སྲིད་པ་དང། སྲིད་པ་བང?་མའོ་ཞེས་གསུངས་སོ། །དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་བྱ་བ་ལ། ཇི་ལྟར་རེ་ཞིག་མཛོད་ཀྱི་གནས་གཉིས་པ་འདི་ཉིད་དུ་མངལ་དུ་འཇུག་པའི་མདོ་ལས་བཤད་པ་དང། གོ་རིམས་ལས ཟློག་པའི་རིམ་པ་གསུམ་པ་ཡི་དགས་སྔར་བསྟན་པ་བཞིན་དང། སྲིད་པ་བར་མ་རྟ་ལེན་གྱི་བུའི་མདོ་སྡེ་དང་དེ་ལས་འདོན་པ་བཞིན་ནོ། །གལ་ཏེ་དེ་ལྟ་ན་རྟ་ལེན་གྱི་བུའི་མདོ་ཞེས་བྱ་བ་ལ། ཚངས་པ་འདུས་པའི་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་ཐམས་ཅད་ཀྱི་མཐར་བཅོམ་ལྡན་འདས རྟ་ལེན་གྱི་བུ་གཞོན་ནུ་ལས་བརྩམས་ཏེ། བྲམ་ཟེ་གཞོན་ནུ་སྔོན་བྱུང་བ་རི་འར?་གྱི་དགོན་པ་གཞན་ཞིག་ན། དྲང་སྲོང་རབ་ཏུ་མང་པོ་དག་དགོན་པ་ན་གནས་ཏེ། དེ་དག་ལ་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བ་བྲམ་ཟེ་ནི་རིགས་མཆོག་ཡིན་ཏེ། གཞན་ནི་དམན་པ་ཡིན་ནོ། །བྲམ་ཟེའི རིགས་ནི་དཀར་བ་གཞན་ནི་ནག་པོའོ། །བྲམ་ཟེས་ནི་དག་པར་བྱེད་དེ་གཞན་གྱིས་ནི་མ་ཡིན་ནོ། །བྲམ་ཟེ་ནི་ཚངས?་པའི་སྙིང་ལས་སྐྱེས། ཁ་ལས་སྐྱེས་པ། ཚངས་པ་ལས་སྐྱེས་པ་ཚངས་པས་བྱིན་པ་ཞེས་བྱ་བ་སྐྱེས་སོ། །དགོན་པ་ན་གནས་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལ སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྲམ་ཟེ་རྣམས་ནི་རིགས་མཆོག་ཅེས་བྱ་བ་ནས། ཚངས་པས་བྱིན་པའི་ཞེས་བྱ་བའི་བར་དུ་སྐྱེས་པ་ན་ལྷ་མ་ཏངྒའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་ས་ཐོས་ཏེ། ཐོས་ནས་ཆོས་གོས་གོན་ཅིང་ཆོས་གོས་སྟེང་དུ་བཀབ་སྟེ། ཆོས་གོས་ཀྱིས གཏུམས་ནས། མང་དུ་རི་བའི་མཆིལ?་ལྷམ་དང། མུ་སྟེགས་དང་ནོར་བུའི་ཡུ་བ་ཅན་གྱི་བསིལ་ཡབ་གཡོབ?་ཅིང་རང་གི་གནས་ནས་མི་སྣང་བར་གྱུར་ཏེ། དྲང་སྲོང་རབ་ཏུ་མང་པོ་དགོན་པ་ན་སྦྱིན་བསྲེག་བྱེད་པའི་གནས་སྲེག་ཁང་གང་ན་བ་དེར་སོང?་ངོ?། །དེ་ནས་དགོན་པའི་དྲང སྲོང་དེ་ལས་གཞན་ཞིག་གིས་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏས་ཆོས་གོས་གོན་ཅིང་ཆོས་གོས་སྟེང་དུ་གཡོགས་ཏེ། ཆོས་གོས་ཀྱིས་གཏུམས་ནས་མང་དུ་རི་བའི་མཆིལ་ལྷམ་དང། མུ་ཏིག་དང་ནོར་བུའི་ཡུ་བ་ཅན་གྱི་བསིལ་ཡབ་གཡོབ་ཅིང དྲང་སྲོང་རབ་ཏུ་མང་པོ་སྦྱིན་སྲེག་བྱེད་བའི་གནས་དང་སྲེག་ཁང་ན་འདུག་པ་མཐོང་ངོ། །མཐོང་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་གང་ན་བ་དེར་ཉེ་བར་སོང་སྟེ། དེ་དག་གི་དྲུང་དུ་ཉེ་བར་སོང་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །ད་ལྟར་བདག ཅག་ལ་སྦྱིན་སྲེག་བྱེད་པའི་གནས་དང། སྲེག་ཁང་ནས་ཆོས་གོས་གེན་ཅིང་ཞེས་བྱ་བ་ནས་འདུག་པ་ཞེས་བྱ་བའི་བར་དུ་སྟེ། བདག་ཅག་དེའི་དྲུང་དུ་སོང་ནས་མངོན་དུ་ཕྱོགས་ཤིང་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་དོར་བར་བྱའོ། །དེའི་ཚེ་དགོན་པའི དྲང་སྲོང་རབ་ཏུ་མང་པོ་ད་དག་ལས་གང་དང་གང་ལ་མངོན་དུ་ཕྱོགས་ཏེ། ཁྱོད་ཐལ་བར་གྱུར་ཅིག་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་བ་དོར་བ་ན་དེ་དག་ཐལ་བར་འགྱུར་རོ། །དེ་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་གང་ན་བ དེར་སོང་སྟེ་ཉེ་བར་སོང་ནས་ལྷ་མ་ཏང་གའི་རིགས་སུ་སྐྱེ་བའི་དྲང་སྲོང་ཨ་སེ་ཏ་ལ་མངོན་དུ་ཕྱོགས་ཏེ། ཁྱོད་ཐལ་པར་ཅིག་།ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པར་དོར་རོ། །ཇི་ལྟ་ཇི་ལྟར་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ ཏ་ལ་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་བོར་བ་དེ་ལྟ་དེ་ལྟར་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་ཤིན་ཏུ་གཟུགས་བཟང་བ་དང། ཤིན་ཏུ་བལྟ་བར་བྱ་བ་དང། ཤིན་ཏུ་རབ་ཏུ་དང་བར་གྱུར་ཏོ། །དེ་ནས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་འདི་སྙམ་དུ་བདག ཅག་གིས་སྔོན་གང་དང་གང་ལ་མངོན་དུ་ཕྱོགས་ཏེ། ཁྱོད་ཐལ་བར་གྱུར་ཅིག་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་བོར་བ་དེ་ཐལ་བར་གྱུར་ན་ད་ལྟ་འདི་ཅི་སྟེ། ཇི་ལྟ་ཇི་ལྟར་བདག་ཅག་གིས་མངོན་དུ་ཕྱོགས་ཏེ་ཁྱོད་ཐལ་པར་གྱུར་ཅིག་ཁྱོད་ཐལ་བར་གྱུར་ཅིག་ཅེས་དམོད་པ་དོར་བ དེ་ལྟ་དེ་ལྟར་ཤིན་ཏུ་གཟུགས་བཟང་བ་དང། ཤིན་ཏུ་བལྟ་བར་བྱ་བ་དང། ཤིན་ཏུ་རབ་ཏུ་དང་བར་གྱུར་པ་ཅི་ལས་གྱུར་ཅེས་བདག་དྲི་བར་བྱའོ། །དེས་དགོན་པའི་དྲང་སྲོང་རབ་ཏུ་མང་པོ་དེ་དག་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏ་ལ་འདི་སྐད་ཅེས་གསོལ་ཏོ། །ཁྱོད སུ་ཞིག་ཁྱོད་ཅག་གིས་ལྷ་མ?་ཏ་གའི?་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ལས་ཐོས་སམ་ཐོས་སོ། །བདག་ཡིན་ནོ། །བཟོད་པར་མཛོད་ཅིག་།བཟོད་དོ། །ཁྱེད་ཅག་ལ་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྲམ་ཟེ་ནི་རིགས་མཆོག་ཡིན་ནོ་ཞེས་བྱ་བ་ནས་ཚངས་བས་བྱིན ཞེས་བྱ་བ་སྐྱེས་པ་བདེན་ནམ། དེ་བཞིན་ནོ། །ཁྱོད་ཅག་གིས་བདག་ཅག་མ་བྲམ་ཟེ་མོ་ཡིན་ཞིང་བྲམ་ཟེ་དང་ལྷན་ཅིག་འགྲོ་ཞིང་བྲམ་ཟེ་མ་ཡིན་པ་དང། དེའི་ཡང་མ་དང། དེའི་ཡང་མ་དང་ཞེས་བྱ་བ་མའི་བདུན་རྒྱུད་ཀྱི་བར་དུ་བྲམ་ཟེ་མ་ཡིན་ཞིང། བྲམ་ཟེ་དང་ལྷན་ཅིག་འགྲོ་བ་ཡིན་ཞིང། བྲམ་ཟེ་མ ཡིན་པ་དང་མ་ཡིན་པ་དེ་ལྟ་བུ་ཤེས་སམ་ཡིན་ན། །ཡང་ཁྱེད་ཅག་གི་བདག་ཅག་གི་ཕ་བྲམ་ཟེ་ཡིན་ཞིང། བྲམ་ཟེ་མོ་དང་ལྷན་ཅིག་ཏུ་འགྲོ་ཞིང་བྲམ་ཟེ་མོ་ཡིན་པ་དང་མ་ཡིན་པ་དང། དེའི་ཡང་ཕ་དང། དེའི་ཡང་ཕ་དང། དེའི་ཡང་ཕའི་བར་དུ་ཕའི་བདུན་རྒྱུད་ཀྱི་བར་དུ་བྲམ་ཟེ་ཡིན་ཞིང་བྲམ་ཟེ མོ་དང་ལྷན་ཅིག་འགྲོ་བ་དང། བྲམ་ཟེ་མོ་མ་ཡིན་པ་དང་མ་ཡིན་པ་དེ་ལྟ་བུ་ཤེས་སམ། མ་ཡིན་ནོ། །ཁྱེད་ཅག་གི་མངལ་དུ་འཇུག་པ་ཐོས་སམ་ཐོས་སོ། །ཇི་ལྟ་ཇི་ལྟར་ཐོས་ནས་རྣམ་པ་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་འཇུག་པར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་དང་མ ཆགས་པར་གྱུར་ཅིང་འདུས་པ་དང། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་ཉེ་བར་གནས་པར་གྱུར་ན་སྟེ། གནས་རྣམ་པ་འདི་གསུམ་མངོན་དུ་གྱུར་བས་མངལ་དུ་འཇུག་པར་འགྱུར་རོ། །ཁྱེད་ཅག་གིས་དྲི་ཟ་ཉེ་བར་གནས་པ་འདི་གང་ཡིན་པ། རྒྱལ་རིགས་སམ། བྲམ་ཟེའི རིགས་སམ། རྗེ་རིགས་སམ། དམངས་རིགས་སམ། འོན་ཏེ་ཤར་ཕྱོགས་ནས་འོངས་པ་ཞིག་གམ། འོན་ཏེ་ལྷོ་དང་ནུབ་དང་བྱང་ཕྱོགས་ནས་འོངས་པ་ཞིག་ཤེས་སམ། མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཁྱོད་ཅག་གིས་བདག་གི་མ་བྲམ་ཟེ་མོ་ཡིན་ཞིང་བྲམ་ཟེ་དང་ལྷན་ཅིག་འགྲོ་ལ་བྲམ ཟེ་མ་ཡིན་པ་དང་མ་ཡིན་པ་ཞེས་བྱ་བ་ནས། རྒྱས་པར་སྔ་མ་བཞིན་དུ་བདག་ཅག་གི་ཕ་བྲམ་ཟེ་ཡིན་ཞིང་ཞེས་བྱ་བ་ནས། སྔ་མ་བཞིན་དུ་རྒྱས་པར་བྱས་ཏེ་མི་ཤེས་སམ། དྲི་ཟ་ཉེ་བར་གནས་པ་ཞེས་བྱ་བ་ནས། བྲམ་ཟེ་ཞེས་བྱ་བའི་བྱང་ཕྱོགས་ནས་འོངས་པ་ཅིའི་ཕྱིར་མི་ཤེས གལ་ཏེ་གང་ངམ་དེ་ལམ་གང་དུ་འམ་གང་དུ་འགྲོ་བ་དེ་བཞིན་ནོ། །ཅི་སྟེ་ཁྱེད་ཅག་ལ་འདི་ལྟ་བུའི་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་བྲམ་ཟེ་ནི་རིགས་མཆོག་ཡིན་ནོ་ཞེས་བྱ་བ་ནས་ཚངས་པས་བྱིན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་སྐྱེས། དེ་སྐད་ཅེས་སྨྲས་པ་དང། དགོན་པའི་དྲང་སྲོང། ། རབ་ཏུ་མང་པོ་དེ་དག་ཅང་མི་སྨྲ་བར་གྱུར་ཏེ། དེའི་ཕྱིར་རེ་ཞིག་དགོན་པའི་དྲང་སྲོང་མང་པོ་དེ་དག་རེས་ལྷ་མ་ཏང་གའི་རིགས་སུ་སྐྱེས་པའི་དྲང་སྲོང་ཨ་སེ་ཏས་བྲམ་ཟེའི་དྲི་བ་དྲིས་པ་ལན་ཡོངས་སུ་རྫོགས་པར་འདེབས་མ་ནུས་ན། ཁྱོད་ཀྱི་དགོན་པའི་དྲང་སྲོང མང་པོ་དེ་དག་ནི་དུར་བ་འཛིན་པ་ཙམ་དུ་ཡང་མི་རིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་དུར་བ་འཛིན་པའི་དཔེས་སྤྱོས་ཤིང་སྨད་ནས་ཁ་རོག་པོར་གྱུར་ཅིང་ཡི་མུག་ནས་ཕྲག་པ་སྨད་ནས་ཐུར་དུ་ལྟ་ཞིང་སྤོབས་པ་མེད་པ་དང་རབ་ཏུ་སེམས་ཤིང་གནས་པར་གྱུར་ཏེ་ཞེས འབྱུང་ངོ། །སྔར་གསུངས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ལྔ་གང་ཞེ་ན། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང། མངོན་པར འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང། གོང་དུ་འཕོ་བའོ་ཞེས་བཀའ་སྩལ་ཏོ།། །།འགྲོ་མོད་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཉེ་བར ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པར་བྱ་སྟེ། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཤིག་དང་བཤད་པར་བྱའོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་གང་ཞེ་ན། འདི་ལ་དགེ་སློང་འདི་ལྟར་བདག་མེད་དོ། །བདག་གི་མེད་དོ། །བདག འབྱུང་བར་མི་འགྱུར་རོ། །བདག་གི་འབྱུང་བར་མི་འགྱུར་རོ་ཞེས་རབ་ཏུ་བསྒྲུབས་ཏེ། གང་ཡོད་ཅིང་གང་འབྱུང་བ་དེ་སྤོང་ཞིང་བཏང་སྙོམས་ཐོབ་པར་འགྱུར་ཏེ། དེ་སྲིད་པ་འདིས་མ་གོས་ཤིང་སྲིད་པ་འདིས་མ་འབགས་པ་གཞན་ཡང་བླ་ན་མེད་པ་ཞི་བའི་གོ་འཕང་རབ་ཏུ་ཤེས ཤིང་རྟོགས་ལ། གོ་འཕང་འདི་ཉིད་ལུས་ཀྱི་མངོན་དུ་བྱས་ཏེ། འདི་ལྟར་སྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང། སྐྱེ་བ་ནི་གང། འཇིག་རྟེན་ཕ་རོལ་ནི་གང་ཞེས་ཡོངས་སུ་འདྲི་ན་དཔེར་ན་ཞོགས་མའི་མེ་ཆུང་ངུ་མངོན་པར་འགྲུབ་པ་བཞིན་དུ་འཆི་བར་འགྱུར་བ་དེ་བཞིན་རེ་ཞིག ང་རྒྱལ་གྱི་ལྷག་མ་སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དེ་དག་གང་ང་རྒྱལ་གྱི་ལྷག་མ་སྤངས་ཤིང་ཡོངས་སུ་མ་ཤེས་པས་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་སྔ་མ་རྣམས་སྤངས་ཏེ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི འགྲོ་བ་དང་པོ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མི་འགྱུར་རོ། །བདག་གི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་ཡོངས་སུ་བསྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང་སྐྱེ་བ་ནི་གང། འཇིག་རྟེན་ཕ་རོལ་ནི གང་ཞེས་ཡོངས་སུ་འདྲི་ན། འདི་ལྟ་སྟེ། ལྕགས་ཀྱི་ཚ་ཚ་གནམ་དུ་ཡང་བ་བཞིན་དུ་འཆི་བར་འགྱུར་བ་དེ་བཞིན་དུ། རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་ཤིང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་གཉིས་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས་སྔ་མ་བཞིན་བུ་ཇི་ལྟར་བསྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང སྐྱེ་བ་ནི་གང། ཕ་རོལ་ནི་གང་ཞིག་ཅེས་འདྲི་ན། འདི་ལྟ་སྟེ། དེ་བཞིན་དུ་རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང། ཡོངས་སུ་མ་ཤེས་པ་དེ་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ ཡོངས་སུ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་གསུམ་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་བསྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང། སྐྱེ་བ་ནི་གང། ཕ་རོལ་ནི་གང་ཞིག་ཅེས་འདྲི་ན། འདི་ལྟ་སྟེ། དེ་བཞིན་དུ་རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དེ་ང་རྒྱལ་གྱི་ལྷག་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་རྣམས་ཡོངས་སུ་སྤངས་ཏེ། སྐྱེས་ནས ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་དགེ་སློང་སྐྱེས་བུ་དམ་པའི་འགྲོ་བ་བཞི་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་འདི་ལྟར་བསྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང། སྐྱེ་བ་ནི་གང། ཕ་རོལ་ནི་གང་ཞིག ཅེས་འདྲི་ན་འདི་ལྟ་སྟེ། དེ་བཞིན་དུ་རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་པོ་རྣམས་ཡོངས་སུ་སྤངས་ཏེ། མངོན་པར་འདུ བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བ་འདི་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་ལྔ་པ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འདི་ལྟར་བསྒྲུབས་པའི་དགེ་སློང་གི་འགྲོ་བ་ནི་གང། སྐྱེ་ར་ནི་གང། འཇིག་རྟེན་ཕ་རོལ་ནི་གང ཞིག་ཅེས་འདྲི་ན། འདི་ལྟ་སྟེ། ལྕགས་ཀྱི་གོང་བུ་འམ། ལྕགས་ཀྱི་སྡོང་པོ་མེ་འབར་ཞིང་རབ་ཏུ་འབར་བ་དང། བརྡུངས་ཏེ་བརྡུངས་པ་ན་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བ་ཤིན་ཏུ་རྒྱ་ཆེན་པོའི་རྩཝའི་ནང་དུ་ལྷུང་ཏེ་དུ་བར་འཐུལ་ཞིང་མེ་འབར་ཞིང་དེ་དེར་དུ་བ་དག་འཐུལ་ཞིང་མེ ལྕེ་དག་འབར་ནས་ཤིན་ཏུ་རྒྱ་ཆེན་པོའི་རྩཝ་དང་ཤིང་དག་བསྲེགས་ཏེ་མ་ལུས་པར་ཡོངས་སུ་འགགས་པས་དེ་བཞིན་དུ་རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤངས་ཤིང་ཡོངས་སུ་མ་ཤེས པ་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྟ་ཡོངས་སུ་སྤངས་ཤིང་མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ནི་དགེ་སློང་དག་སྐྱེས་བུ་དམ་པའི་འགྲོ་བ་དྲུག་པ་ཡིན་ནོ་ཞེས་བཤད་དོ། །གཞན་ཡང་དགེ་སློང་འདི་ལྟར་ཞེས་བྱ་བ་ནས་སྔ་མ་བཞིན་དུ འདི་ལྟར་བསྒྲུབ་པའི་དགེ་སློང་གི་འགྲོ་བ་ནི་གང། སྐྱེ་བ་ནི་གང། འཇིག་རྟེན་ཕ་རོལ་ནི་གང་ཞིག་ཅེས་འདྲི་ན། འདི་ལྟ་སྟེ། ལྕགས་ཀྱི་གོང་བུ་འམ་ལྕགས་ཀྱི་སྡོང་བུ་མེ་རབ་ཏུ་འབར?་བ་དག་བརྡུངས་པ་ལས་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བས་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བའི་རྩཝ དང་ཤིང་དུ་ལྷུང་ནས་དུ་བ་དག་འཐུལ་ཞིང་མེ་ལྕེ་དག་འབར་ནས་ཤིན་ཏུ་ཡངས་ཤིང་རྒྱ་ཆེན་པོར་གྱུར་པའི་རྩཝ་དང་ཤིང་གི་ཕུང་པོ་དག་བསྲེགས་ཏེ། གྲོང་དང་གྲོང་གི་ཕྱོགས་གཅིག་དང་གྲོང་ཁྱེར་གྱི་ཕྱོགས་གཅིག་དང། ལྗོངས་དང་ལྗོངས་ཀྱི་ཕྱོགས་གཅིག་དང། རྩཝ་དང། ད་བ་དང། གླིང དང། ནགས་ཚལ་དག་བསྲེགས་ཏེ། གྲོང་དང། གྲོང་གི་ཕྱོགས་གཅིག་བསྲེགས་ཤིང། གྲོང་ཁྱེར་དང། གྲོང་ཁྱེར་གྱི་ཕྱོགས་གཅིག་བསྲེགས། ལྗོངས་དང་ལྗོངས་ཀྱི་ཕྱོགས་གཅིག་དང། རྩཝ་དང། ད་བ་དང། གླིང་དང། ནགས་ཚལ་དག་བསྲེགས་ཏེ། ལམ་གྱི་མཛའ་དང་ཆུའི མཐར་འོངས་ཏེ་རྩཝ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་མ་ལུས་པར་འགགས་ཤིང་ཤི་བ་དེ་བཞིན་དུ་དེ་རེ་ཞིག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་སྤང་བར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བ་དེ་དག་ང་རྒྱལ་གྱི་ལྷག་མ་ཡོངས་སུ་མ་སྤངས་ཤིང་ཡོངས་སུ་མ་ཤེས་པ་ཐ་མའི་ཆ་དང མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་ཡོངས་སུ་སྤོང་ཞིང་གྲོང་འགྲོ་བར་འགྱུར་བ་འདི་ནི་སྐྱེས་བུ་དམ་པའི་འགྲོ་བ་བདུན་པ་ཞེས་བཤད་དོ། །ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་པ་གང་ཞེ་ན། དགེ་སློང་འདི་ལྟར་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མི འགྱུར་རོ། །བདག་གི་འབྱུང་བར་མི་འགྱུར་རོ་ཞེས་སྒྲུབ་ཅིང་གང་ཡོད་ཅིང་གང་འབྱུང་བ་སྟེ་སྤང། སྤང་བར་བྱའོ་ཞེས་སོ་སོར་བཏང་སྙོམས་ཐོབ་ཅིང་དེ་སྲིད་པ་འདིས་མ?་གོས?་ལ་སྲིད་པ་འདིས་མ་འབགས་པར་གྱུར་ཏེ་ནས་གོང་མ་ཞི་བའི་གནས་ཡོངས་སུ་ཤེས་ཤིང་ཡོངས་སུ་རྟོགས་པར འགྱུར་ཏེ། གནས་དེ་འདིས་ལུས་ཀྱི་མངོན་སུམ་དུ་བྱེད་དེ་འདི་ལྟར་བསྒྲུབ་པའི་དགེ་སློང་ནི་ཤར་ཕྱོགས་སུ་འགྲོ་བར་ང་མི་སྨྲའོ། །ལྷོ་ཕྱོགས་སུ་མ་ཡིན། ནུབ་ཕྱོགས་སུ་མ་ཡིན། བྱང་ཕྱོགས་སུ་མ་ཡིན། སྟེང་དུ་མ་ཡིན། འོག་ཏུ་མ་ཡིན། ཕྱོགས་མཚམས་སུ མ་ཡིན། གཞན་དུ་ན་མཐོང་བའི་ཆོས་དེ་ཉིད་ལ་འདུན་པ་ལོག་ཅིང་ཞི་བ་དང། བསིལ་བར་གྱུར་པ་ཚངས་པར་སྤྱོད་པར་འགྱུར་རོ་ཞེས་ང་སྨྲ་སྟེ། །འདི་ནི་ཉེ་བར་ལེན་པ་མེད་པ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱའོ། །དགེ་སློང་དག་ངས་ཁྱོད་ལ་སྐྱེས་བུ་དམ་པའི འགྲོ་བ་བདུན་དང། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་བཤད་པར་བྱའོ་ཞེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ།། །།བསམ་གཏན་དག་གི་བཅུ་ཚན་བཞི་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་ཀྱི་རྣམ་པར བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་ཉི་ཤུ་པ་ལས། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང་རྟགས་གང་དང་མཚན་མ་གང་གིས་འདོད་པ་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོགས་པ་དང་བཅས་ཤིང་སྤྱོད པ་དང་བཅས་པའི་དབེན་བ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ཉིད་ཀྱི་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་པའི་གཟུགས་ཅན་རྣམ་པ འམ། ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་རྣམ་པ་འམ། འདུ་བྱེད་ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་རྣམ་པ་འམ། ཆོས་དེ་དག་འགྲོ་བ་མེད་པར་ཡིད་ལ་བྱེད་དེ། ནད་དང། འབྲས་དང། ཟུག་རྔུ་དང། གནོད་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ དང། བདག་མེད་པར་ཡིད་ལ་བྱེད་དེ། དེ་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱས་ཤིང་ནད་དང། འབྲས་དང། ཟུག་རྔུ་དང། གནོད་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་ཡིད་ལ་བྱས་པས། ཆོས་རྣམས་ལ་སེམས་སྐྱོ་བ་དང སྐྲག་པ་དང། དངངས་བར་འགྱུར་ཏེ། ཆོས་དེ་དག་ལ་སེམས་སྐྱོ་བ་དང། སྐྲག་པ་དང། དངངས་པ་དང། འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པའོ་ཞེས་འཆི་བ མེད་པའི་དབྱིངས་ལས་གཏོད་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་བཞིན་དུ་མདོ་རྒྱས་པ་འགོག་པ་མྱ་ངན་ལས་འདས་པའི་བར་དུ་བལྟའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་བའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང། སྲིད་པའི ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །མདོ་དེ་ཉིད་འགོག་པ་དང། མྱ་ངན་ལས་འདས་པའི་བར་དུའོ། །རྣམ་པར་གྲོལ་བར་མི་འགྱུར་མོད་ཀྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་ཆགས་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་མོད་ཀྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་མོད་ཀྱི། མངོན་པར་འདུ་བྱ་བ མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ མྱ་ངན་ལས་འདའ་བར་མི་འགྱུར་གྱི་གོང་ནས་གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་རབ་ཏུ་མངོན་པར་དགའ་བ་དེ་ཉིད་ཀྱིས་ཚངས་པ ཆེན་པོའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཚངས་པ་ཆེན་པོའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཚངས་པའི་མདུན་ན་འདོན་གྱི་ལྷ རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང། རྟགས་གང་དང། མཚན་མ་གང་དག་གིས་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ནས་ནད ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་ཅིང་རྟོག་པ་མེད་ཅིང་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ། གནས་པར་འགྱུར་བ་དེ་ཉིད་ཀྱི་རྣམ་པ་དེ་དག་དང་རྟགས་དེ་དག་དང མཚན་མ་དེ་དག་ཡིད་ལ་བྱེད་ཀྱི་འོན་ཀྱང་གང་དེ་ན་དམིགས་པའི་གཟུགས་ཀྱི་རྣམ་པ་འམ། ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་རྣམ་པ་འམ། འདུ་བྱེད་ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་རྣམ་པ་སྟེ། དེ་ཆོས་དེ་དག་ལས་འགྲོ་བ་མེད་པར་ཡིད་ལ་བྱེད་དེ། ནད་དང། འབྲས་དང ཟུག་རྔུ་དང། གནོད་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་ཡིད་ལ་བྱེད་དེ། ཆོས་དེ་དག་འགྲོ་བ་མེད་པར་ཡིད་ལ་བྱས་ཤིང། ནད་དང། འབྲས་དང། ཟུག་རྔུ་དང། གནོད་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད པར་ཡིད་ལ་བྱས་པས། ཆོས་རྣམས་ལ་སེམས་སྐྱོ་བ་དང། སྐྲག་པ་དང་ཡིད་འབྱུང་བར་འགྱུར་ཏེ། དེ་ཆོས་དེ་དག་ལ་སེམས་སྐྱོ་བ་དང། སྐྲག་པ་དང་ཡིད་བྱུང་ནས། འདི་ནི་ཞི་བ་འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པར་འགྱུར་རོ། །མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་ལྟར་ཤེས་ཤིང་མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར ཞིང་སྲིད་པའི་ཟག་པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ།། རྣམ་པར་གྲོལ་བར་མི་འགྱུར་མོད་ཀྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཐ་མའི་ཆ་དང་མཐུན་པའི་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་ བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་མོད་ཀྱི། འོན་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ།། གོང་དུ་འཕོ་བར་མི་འགྱུར་གྱི། དེ་ཆོས་ལ་འདུན་པ་དེ་དང། ཆོས་ལ་སྲེད་པ་དེ་དང། ཆོས་ལ་དགའ་བ་དེ་དང། ཆོས་ལ་མངོན་པར་དགའ་བ་དེ་ཉིད་ཀྱིས་འོད་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །འོད་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི འགྱུར་གྱི། ཚད་མེད་འོད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཚད་མེད་འོད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་དགེ་སློང་འདི་ན་རྣམ་པ་གང་དང། རྟགས་གང་དང། མཚན་མ་གང་གིས་དགའ་བ་ལས་འདོད་ཆགས་དང་བྲལ་ཞིང་བཏང་སྙོམས་སུ་གནས་པ་དྲན་པ་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱི་ཉམས་སུ་མྱོང་ལ། གང་འཕགས་པ་རྣམས་ཀྱི་བཏང་སྙོམས་པའོ་ཞེས་བརྗོད་པ་དྲན་པ་དང་བདེ་བར་གནས པ་བསམ་གཏན་གསུམ་པ་ཉེ་བར་སྒྲུབས་ཏེ། ཉེ་བར་གནས་པར་འགྱུར་བ་དེ་ཉིད་ཀྱི་རྣམ་པ་དེ་དང། རྟགས་དེ་དང། མཚན་མ་དེ་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་དེ་ནས་དམིགས་པའི་གཟུགས་ཀྱི་རྣམ་པ་འམ། ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་རྣམ་པ་འམ། འདུ་བྱེད ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་རྣམ་པ་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་ཅིང། ནད་དང། འབྲས་དང། ཟུག་རྔུ་དང། གནོད་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་ཡིད་ལ་བྱེད་དེ། དེ་ཆོས་དེ་དག་ལ་འགྲོ་བ་ཏྨེད་པར ཡིད་ལ་བྱེད་པ་ནས། བདག་མེད་པའི་བར་དུ་ཡིད་ལ་བྱས་པས་ཆོས་རྣམས་ལ་སེམས་སྐྱོ་བ་དང། སྐྲག་པ་དང་ཡིད་འབྱུང་བར་འགྱུར་ཏེ། དེས་ཆོས་རྣམས་ལ་སྐྱོ་བ་དང་སྐྲག་པ་དང་ཡིད་བྱུང་སྟེ། འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པ ཐམས་ཅད་ལས་ངེས་པར་འབྱུང་བ་སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ་འགོག་པའོ་ཞེས་འཆི་བ་མེད་པའི་དབྱིངས་ལ་སེམས་གནོད་པར་འགྱུར་ཏེ། མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་ལྟར་མཐོང་ཞིང་དེ་ལྟར་ཤེས་ནས་འདོད་པའི་ཟག་པ་ལས་སེམས རྣམ་པར་གྲོལ་པར་འགྱུར་ལ། སྲིད་པའི་ཟག་པ་དང། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ནོ། །བྱ་བ་བྱས་སོ། །གང་སྲིད་པ་འདིས་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ བའི་ཡེ་ཤེས་མཐོང་བར་འགྱུར་རོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། དེ་ཆོས་ལ་འདུན་པ་དེ་དང། ཆོས་ལ་སྲེད་པ་དེ་དང། ཆོས་ལ་དགའ་བ་དེ་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ མྱ་ངན་ལས་འདའ་བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་ བར་འགྱུར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་དགེ་ཆུང་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་ཆུང་གི ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། ཚད་མེད་དགེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཚད་མེད་དགེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། དགེ་རྒྱས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི ན་དགེ་སློང་རྣམ་པ་གང་དང། རྟགས་གང་དང། མཚན་མ་གང་གིས་བདེ་བ་ཡང་སྤངས། སྡུག་བསྔལ་བ་ཡང་སྤངས་ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཡང་ནུབ་ཅིང། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་བཏང་སྙོམས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཉེ བར་བསྒྲུབས་ཏེ་གནས་པར་འགྱུར་བ་དེ་ཉིད་ཀྱི་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་པའི་གཟུགས་ཀྱི་རྣམ་པ་འམ། ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་རྣམ་པ་འམ། འདུ་བྱེད་ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི རྣམ་པའི་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་པ་བྱ་བ་ནས་སྲེད་པ་ཟད་ཅིང་འདོད་ཆགས་དང་བྲལ་བ་དང། མྱ་ངན་ལས་འདས་པའི་བར་དུ་སྟེ། མདོ་དེ་ཉིད་འགོག་པ་དང། མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་ལས་སེམས རྣམ་པར་གྲོལ་བར་འགྱུར་ཞིང། སྲིད་པའི་ཟག་པ་དང། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི ཡེ་ཤེས་མཐོང་བར་འགྱུར་རོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་ཏེ། བར་མ་དོར་ཡོངས་སུ་མྱ ངན་ལས་འདའ་བར་འགྱུར་རོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི་ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང་ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་སྤྲིན་མེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །སྤྲིན་མེད་ཀྱི ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། བསོད་ནམས་འཕེལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །བསོད་ནམས་འཕེལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་གྱི། འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང། རྟགས་གང་དང། མཚན་མ་གང་གིས་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ བྱེད་པས་ནམ་མཁའ་མཛའ་ཡས་སོ་ཞེས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བའི་རྣམ་པ་དེ་དང། རྟགས་དེ་དང། མཚན་མ་དེ་ཡིད་ལ་མི་བྱེད་ཀྱི་འོན་ཀྱང་གང་ན་དམིགས་པའི་ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་རྣམ་པ་འམ། འདུ་བྱེད ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་རྣམ་པའི་ཆོས་དེ་དག་ལ་འགྲོ་བ་མེད་པར་ཡིད་ལ་བྱེད་པ་ནས། སྔ་མ་བཞིན་དུ་སྲེད་པ་ཟད་པ་དང། འདོད་ཆགས་དང་བྲལ་བ་འགོག་པའི་བར་དུ་མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར མཐོང་ནས་འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང་སྲིད་པའི་ཟག་པ་དང། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་གཞན་མི་ཤེས་སོ ཞེས་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་སྐྱེས་ནས་ཡོངས་སུ་མྱ་ངན་ལས འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི་ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང། རྟགས་གང་དང། མཚན་མ་གང་གིས་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ལས་ཡང དག་པར་འདས་ཏེ། རྣམ་ཤེས་མཛའ་ཡས་སོ་ཞེས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བའི་རྣམ་པ་དེ་དང། རྟགས་དེ་དང། མཚན་མ་དེ་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་པའི་ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར ཤེས་པའི་རྣམ་པའི་ཆོས་དེ་དག་འགྲོ་བ་མེད་པར་ཡིད་ལ་བྱེད་པ་ནས་སྔ་མ་བཞིན་དུ་སྲེད་པ་ཟད་པ་ནས་འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པའི་བར་དུ་སྟེ། མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས འདོད་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་ཞིང། སྲིད་པའི་ཟག་པ་དང། མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཏེ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །གང་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །སེམས་རྣམ་པར་གྲོལ་བར་མི་འགྱུར་གྱི། འོན་ཀྱང་ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས། ཐ་མའི ཆ་དང་འདུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་མེད་པར་ཡོངས་སུ མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི ན་དགེ་སློང་རྣམ་པ་གང་དང། རྟགས་གང་དང། མཚན་མ་གང་གིས་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་ཅུང་ཟད་མེད་དོ། །སྙམ་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་བའི་རྣམ་པ དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་གང་དེ་ན་དམིགས་པའི་ཚོར་བའི་རྣམ་པ་འམ། འདུ་ཤེས་ཀྱི་རྣམ་པ་འམ། འདུ་བྱེད་ཀྱི་རྣམ་པ་འམ། རྣམ་པར་ཤེས་པའི་ཆོས་དེ་དག་འགྲོ་བ་མེད་པའི་རྣམ་པར་ཡིད་ལ་བྱེད་པ ནས། སྔ་མ་བཞིན་དུ་སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདས་པའི་བར་དུ་སྟེ། མདོ་དེ་ཉིད་འགོག་པ་དང་མྱ་ངན་ལས་འདས་པའི་བར་དུའོ། །དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ ཞིང། སྲིད་པ་དང་མ་རིག་པའི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་ནས། སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་བྱ་བའི་བར་དུའོ། །རྣམ་པར་གྲོལ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤངས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི འགྱུར་གྱི། གོང་དུ་འཕོ་བར་འགྱུར་རོ། །གོང་དུ་འཕོ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་སློང་དག་འདི་ན་དགེ་སློང་རྣམ་པ་གང་དང་རྟགས་གང་དང་མཚན་མ་གང་གིས་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས ཏོ། གནས་པར་འགྱུར་བའི་རྣམ་པ་དེ་དང། རྟགས་དེ་དང། མཚན་མ་དེ་དག་ཡིད་ལ་མི་བྱེད་ཀྱི། འོན་ཀྱང་དེ་ན་གང་དམིགས་པའི་ཚོར་བར་གྱུར་པ་འམ། འདུ་ཤེས་སུ་གྱུར་པ་འམ། འདུ་བྱེད་དུ་གྱུར་པ་འམ། རྣམ་པར་ཤེས་པའི་ཆོས་དེ་དག་ལ་འགྲོ་བ མེད་པར་ཡིད་ལ་བྱེད་ཅིང། ནད་དང་འབྲས་དང། ཟུག?་རྔུ་དང་གནོད་པ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་ཡིད་ལ་བྱེད་ཅིང་ཆོས་དག་འགྲོ་བ་མེད་པར་ཡིད་ལ་བྱས་པ་ནས། བདག་མེད་པའི་བར་དུ་ཡིད་ལ་བྱས་པས དེ་དེ་ཆོས་རྣམས་ལ་སེམས་སྐྱོ་བ་དང། སྐྲག་པ་དང་ཡིད་འབྱུང་བར་འགྱུར་ཏེ། དེ་ལ་ཆོས་རྣམས་ལ་སེམས་སྐྱོ་བ་དང་སྐྲག་པ་དང་ཡིད་བྱུང་ནས། འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པ་ཐམས་ཅད་ལས་ངེས་པར་འབྱུང་བ། སྲེད་པ ཟད་བ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའོ་ཞེས་མདོ་དེ་ཉིད་དང་འགོག་པ་དང་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུའོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ནས་འདོད་པའི་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་བར་འགྱུར་ཞིང་སྲིད་པའི་ཟག པ་དང་མ་རིག་པའི་ཟག་པ་ལས་སེམས་རྣམ་པར་གྲོལ་བ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །རྣམ་པར་གྲོལ་བར མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་ཏེ། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྐྱེས་ནས ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ ངན་ལས་འདའ་བར་འགྱུར་རོ། །མངོན་པར་འདུ་བྱ་བ་དང་བཅས་པར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་གྱི། ཆོས་ལ་འདུན་པ་དེ་ཉིད་དང། ཆོས་ལ་སྲེད་པ་དེ་ཉིད་དང། ཆོས་ལ་དགའ་བ་དེ་ཉིད་དང། ཆོས་ལ་མངོན་པར་རབ་ཏུ་དགའ་བ་དེ་ཉིད་ཀྱི འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། ། །།དེ་ནས་བདུད་སུན་འབྱིན་བྱེད་ཅེས་བྱ་བ་ལ་སོགས་པ་ལ། དབྱངས་དང་བཅས་པར་བསྡུས་པའི སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མཐར་བདུད་བསྡིགས་པ་ལས་འདོན་པ་ལྟ་བུ་སྟེ། དེ་ནས་བདུད་སུན་འབྱིན་ཅེས་བྱ་བ་སྡིག་པ་ཅན་ཞིག་འདི་སྙམ་དུ་དགེ་སྦྱོང་མགོ་རེག་འདི་དག་འཇུག་པའི་གོ་སྐབས་མི་རྙེད་པ་དེ་ལྟར་བདག་གི་བྱ་སྟེ། གང་བདག་ཉིད་ཀྱི་ལུས་ཀྱིས་བསད པར་བྱའོ་སྙམ་མོ། །དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལྷན་ཅིག་གནས་པ་ཚེ་དང་ལྡན་པ་མཁས་པ་དང་བྲམ་ཟེ་གྲོངས་ལན་བཞུགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་བསྣམས་ཏེ། ཕྱི་བཞིན་འབྲང་བ་ཚེ་དང་ལྡན་པ་མཁས་པ་དང། བྲམ་ཟེའི་གྲོང་ས་ལར་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་བདུད་སུན་འབྱིན་བྱེད་ཀྱིས་རྡོ་བ་དང་གསེག་མ་ཐོགས་ཏེ། ཚེ་དང་ལྡན་པ་མཁས་པའི་སྤྱི་བོར་བསྣུན་ཏེ་ཁྲག་འཛག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཁས བ་ཨ་སྤྱི་བོར་བསྣུན་པའི་ཁྲག་འཛག་བཞིན་དུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཕྱི་བཞིན་དུ་གྲིབ་མ་ལྟར་རྗེས་སུ་འབྲང་བ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གླང་པོ་ཆེའི་ལྟ་བས་ལུས་ཐམས་ཅད ཀྱི་གཡས་ཕྱོགས་སུ་གཟིགས་པ་ན། ཚེ་དང་ལྡན་པ་མཁས་པའི་སྤྱི་བོར་བསྣུན་ཏེ་ཁྲག་འཛག་པར་གཟིགས་སོ། །གཟིགས་ནས་ཨེ་མ་ཞེས་གསུངས་པ་འདི་སྐད་དུ་ཀྱེ་མ་བདུད་སུན་འབྱིན་བྱེད་འདི་ནི་ཤིན་ཏུ་ཡང་ཚོད་མི་ཤེས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནས བདུད་སུན་འབྱིན་བྱེད་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་ཨེ་མ་ཞེས་གསུངས་མ་ཐག་ཏུ་རང་གིས་ལུས་དེ་ཉིད་ཀྱིས་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་གྱུར་ཏོ་ཞེས་འབྱུང་ངོ། །ད་ནི་མཚམས་མེད་པ་ལྔའི་ལས་གང་བྱས ཤིང་བསགས་ནས་དེ་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེའོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེས་བྱ་བ་ལ་མཚམས་མེད་པ་ལྔ་ནི་གླེང་གཞི་མཉན་དུ་ཡོད་པ་ནའོ། །མཚམས་མེད་པ་ལྔ་པོ་འདི་དག་གི་ལས་གང་གིས་གཅིག་ཏུ་བྱས་ཤིང་བསགས་པ་དེ་དག དེའི་རྒྱུ་དང་རྐྱེན་གྱིས་ལུས་ཞིག་མ་ཐག་ཏུ་དམྱལ་བར་སྐྱེ་བར་འགྱུར་རོ། །ལྔ་གང་ཞེ་ན། མ་གསོད་པ་དང། ཕ་གསེད་པ་དང། དགྲ་བཅོམ་པ་གསེད་པ་དང། དགེ་འདུན་གྱི་དབྱེན་བྱེད་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན བའོ་ཞེས་བཀའ་སྩལ་ཏོ། །བར་ན་ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡང་མ་ཡིན་ཞེས་གསུངས་པའི་ཚིགས་སུ་བཅད་པ་ཇི་ལྟར་དྲང་ཞེས་བྱ་བ་ལ། གླེང་བཞིན་མཉན་དུ་ཡོད་པ་ནའོ། །དེ་ནས་བྲམ་ཟེ་གཞན་ཞིག་རྒས་ཤིང་འཁོགས་པ་ནས་གཟེར་བ། སྡིག་པ་བྱས་པ། དྲག་པོ བྱས་པ། སྡིག་པ་ཅན་བསོད་ནམས་མ་ཡིན་པ་བྱས་ཤིང་དགེ་བ་མ་བྱས་པ། འཇིགས་པ་མི་འཇིགས་པར་མ་བྱས་ཤིང་སྐྱབས་མ་བྱས་པ་ཞིག་བཅོམ་ལྡན་འདས་གལ་བ་དེར་ཉེ་བར་འོངས་ནས་བཅོམ་ལྡན་འདས་དང་ཐབས་གཅིག་ཏུ་ཞེས་བྱ་བ་ནས། མི་འཇིགས་པར བྱས། ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་འདི་ན་བདག་བྲམ་ཟེ་རྒས་ཤིང་འཁོགས་པ་ནས་གཟེར་ཞིང་སྡིག་པ་བྱས་པ། དྲག་པོ་བྱས་པ། སྡིག་པ་ཅན། བསོད་ནམས་མ་བྱས་ཤིང་འཇིགས་པ་ལ་མི འཇིགས་པར་མ་བྱས་ཤིང་སྐྱབས་མ་བྱས་ཏེ། གང་བདག་འཇིག་རྟེན་ཕ་རོལ་ཏུ་ཤི་ཞིང་དུས་ལས་འདས་པ་ན་གླིང་ངམ། སྐྱབས་སམ། དཔུང་གཉེན་དུ་གྱུར་པ་དེ་ལྟ་བུའི་ཆོས་བཅོམ་ལྡན་འདས་གཽ་ཏ་མས་ལེགས་པར་བཤད་དུ་གསོལ། །བྲམ་ཟེ་ཁྱོད་རྒས་ཤིང འཁོགས་པ་ནས་གཟེར་ཞིང་སྡིག་པ་བྱས་པར་དྲག་པོ་བྱས་པ། སྡིག་པ་ཅན། བསོད་ནམས་མ་བྱས་ཤིང་དགེ་བ་མ་བྱས་པ་འཇིགས་པ་ལ་མི་འཇིགས་པར་མ་བྱས་པ་བདེན་ནོ། །བྲམ་ཟེ་འཇིག་རྟེན་འདི་འདི་དག་ནི་སེམས་ཀྱིས་འཁྲིད་དེ་འདི་ལྟ་སྟེ། རྒ་བས་སོ།། བྲམ་ཟེ་འཇིག་རྟེན་འདི་ལྟར་འཁྲིད་པར་བྱེད་པ། འདི་ལྟ་སྟེ། རྒ་བ་སྐྱེས་བུ་གང་དང་གང་གིས་རང་དབང་དུ་འགྱུར་བའི་ལུས་ཀྱི་ལེགས་པར་སྤྱད་པ་འམ། ངག་གིས་ལེགས་པར་སྤྱད་པ་འམ། ཡིད་ཀྱིས་ལེགས་པར་སྤྱད་པར་གྱུར་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ བརྟེན་ནས། གླིང་ངམ། སྐྱབས་སམ། སྐྱོ་བ་འམ། དཔུང་གཉེན་དུ་འགྱུར་བ་དེ་ལྟ་བུ་ཁྱོད་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེའི་ཕྱིར་བྲམ་ཟེ་ཁྱོད་ལུས་ཀྱི་ལེགས་པར་སྤྱད་པ་སྤྱད་པ་དང། ངག་གི་ལེགས་པར་སྤྱད་པ་སྤྱོད་པ་དང། ཡིད་ཀྱི་ལེགས་པར་སྤྱད་པ་སྤྱོད ན་ཕ་རོལ་དུ་དུས་ལས་འདས་ནས་རྟེན་ནམ་གླིང་ངམ། སྐྱབས་སམ། སྐྱོབ་པ་འམ་དཔུང་གཉེན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཞིང་བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས་སྟོན་པས་གཞན་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ན་ཚོད ཁྱེར་ཟིན་རྒ་བ་དང། །ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཞིང། །ཁྱོད་ཀྱི་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །མཁས་པའི་སྣོད་གྱུར་བརྩོན་འགྲུས་རབ་བརྩམས་ནས། དྲི་མ་བྲམ་ཞིང་ཡན་ལག་དང་བྲལ་ཏེ། །སླར་ཡང་སྐྱེ་རྒན་འཆི་མི་འབྱུང བ། །ཁྱོད་ཀྱིས་བདག་ཉིད་གླིང་དུ་གྱུར་ཏེ་བྱོས། །དེ་ནས་བྲམ་ཟེས་དེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ།། །།བྱང་ཆུབ་སེམས་དཔའ་རྣམས་ནི་དཔེར་ན་གཞོན་ནུ་ཐོར་བུ་ལྟར མཚན་དང་དཔེ་བྱ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོ་འདིའི་འགྲོ་བ་ནི་འགྲོ་བ་གཉིས་སུ འགྱུར་ཏེ། གཞན་དུ་ནི་མ་ཡིན་ཏེ། གལ་ཏེ་ཁྱིམ་གྱི་གནས་སུ་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟེ། དེ་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་འབྱུང་བར འགྱུར་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་ནི་དམག་དཔོན་རིན་པོ་ཆེའོ། །དེ་ལ་བུ་དཔའ་ཞིང་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡོངས་སུ་ཚང་པར་འབྱུང་བར་འགྱུར་ཞིང། ས་ཆེན་པོ་འདི་རྒྱ་མཚོ་ལ་ཐུག་པ་མ་ལུས་པ་ཚེར་མ་མེད་ཅིང་གནོད་པ་མེད་ལ། དབྱུག་པ་དང་མཚོན་ཆ་མེད་པར་ཆོས་ཀྱིས་རྣམ་པར་རྒྱལ་ཞིང་གནས སོ། །གལ་ཏེ་སྒྲ་དང་ཁ་སྤུ་བྲེགས་ཤིང་ཆོས་གོས་བགོས་ཏེ་དང་བཅས་ཡང་དག་པར་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇིག་རྟེན་དུ་སྒྲར་སྒྲོགས་པར འབྱུང་བར་འགྱུར་རོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་ནི་འགྲོ་བ་གཉིས་སུ་འགྱུར་རོ། །གཞན་དུ་ནི་མ་ཡིན་ཏེ། གལ་ཏེ་ཁྱིམ་གྱི་གནས་སུ་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞི་ལས་རྣམ་པར་རྒྱལ་བ་ཆོས དང་ལྡན་ཞིང་ཆོས་ཅན་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། བདུན་པ་ནི དམག་དཔོན་རིན་པོ་ཆེའོ། །དེ་ལ་བུ་དཔའ་ཞིང་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡོངས་སུ་ཚང་པར་འབྱུང་བར་འགྱུར་ཞིང། ས་ཆེན་པོ་འདི་རྒྱ་མཚོ་ལ་ཐུག་པ་མ་ལུས་པ་འཚེ་བ་མེད་ཅིང་གནོད་པ་མེད་པ། དབྱུག པ་དང་མཚོན་ཆ་མེད་པར་ཆོས་ཀྱིས་རྣམ་པར་རྒྱལ་ཞིང་གནས་ལ། གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཤིང་ཆོས་གོས་བགོས་ཏེ་དད་པས་ཡང་དག་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས པའི་སངས་རྒྱས་ཞེས་འཇིག་རྟེན་དུ་གྲགས་པ་འབྱུང་བར་འགྱུར་བ་དེ་དག་གང་ཡིན། བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་རྩ་བ་བཅོམ་ལྡན་འདས་ལས་བྱུང་བ་བཅོམ་ལྡན་འདས་ལ་བརྟེན་པ་ལགས་པས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཤད་དུ་གསོལ། དགེ་སློང་རྣམས་ཀྱིས་ཐོས་ན་འཛིན་པར་འགྱུར་རོ། །དེའི་ཕྱིར་དགེ་སློང་དག་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཞབས་ལེགས་པར་གནས་པ་ཡིན་ཏེ། སྐྱེས་བུ་ཆེན་པོའི་ཞབས་ལེགས་པར་གནས་པའི་སྐྱེས་བུ་ཆེན་པོའི ཞབས་གཉིས་མཉམ་པར་འགྲོ་སྟེ། འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །ཞབས་ཀྱི་འོག་གི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དག་ལྟེ་བ་དང་བཅས་པ། མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཡོད་དེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི མཚན་ཉིད་དེ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་རྣམས་ནི་སོར་མོ་རིང་བ་དང། ཞབས་ཀྱི་རྟིང་བ་ཡངས་པ་དང། ཕྱག་དང་ཞབས་འཇམ་པ་དང། ཕྱག་དང་ཞབས་གཞོན་ཤ་ཅན་ཡིན་ཏེ། འདི་ལྟ་སྟེ། ཤིང་བལ་གྱི་འདབ་མ་འམ་རས་བལ་གྱི་འདབ་མ་ལྟ་བུ་སྟེ། དགེ་སློང་དག་འདི ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཕྱག་དང་ཞབས་དྲ་བར་འབྲེལ་བ་སྟེ། ཕྱག་གཉིས་དང། ཞབས་གཉིས་སོར་མོ་དྲ་བར་འབྲེལ་བ་འདི་ལྟ་སྟེ། ངང་པའི་རྒྱལ་པོ་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ལོང་བུ་མི་མངོན་པ་ཡིན་ཞིང། རྗེ་དར་ཨེ་ཎེ?་ལ་ལྟ་བུར་མཐོ་བ་དང། དམའ་བ་མེད་པ་དང། སྐུའི་ཆུར་ཇི་སྲིད་པར་ཞེང་དུ་ཡང་མཉམ་པ་དང། ཕྱག་མ་བཏུང་པར་བརླ་སླེབས་པར་རེག་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་འདོམས་ཀྱི་སྦ་བ་ནུབ་པ་ཡིན་ཏེ། འདི་ལྟ་སྟེ། འདོམས་ཀྱི་སྦ་པ་སྤུབས་སུ་ནུབ་པ་རྟ་ཅང་ཤེས་སམ། གླང་པོ་ཆེ་ཅང་ཤེས་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས ནི་ཤིང་ནྱ་གྲོ་དྷ་ལྟར་སྐུའི་ཆུར་ཇི་སྲིད་པར་ཞེང་དུ་རེ་སྲིད་དེ། ཞེང་དུ་ཇི་སྲིད་པར་ཆུར་ཡང་དེ་སྲིད་དེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོ་རྣམས་ནི་ཡན་ལག་གི་སྤུ་གྱེན་དུ་ཕྱོགས་ཤིང་སྤུ་རེ་རེ་ནས་གཡས་ཕྱོགས་སུ འཁྱིལ་ཅིང་སྐྱེས་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་པགས་པ་གསེར་གྱི་འོད་ལྡན་པ་ཡིན་ཏེ། པགས་བ་སྲབ་ཅིང་གསེར་གྱི་མདོག་འདྲ་ཞིང་པགས་པ་སྲབ་ཅིང་རྡུལ་དང་དྲི་མས མི་གོས་པར་གནས་པ་ཡིན་ནོ། །དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་སྐུའི་བདུན་མཐོ་བ་ཡིན་ཏེ། ཕྱག་གཉིས་དང་ཞབས་གཉིས་དང་ཕྲག་པ་གཉིས་དང་གཅིག་ནི་ལྷག་པ་སྟེ། སྐུ་ལས་བདུན་མཐོ་བར་སྐྱེས་པ་ཡིན ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཤས་རྒྱས་ཤིང་རོ་སྟོང་སེང་གེ་ལྟ་བུར་སྐུ་རྒྱས་པ་དང་དྲང་བ་དང། དཔུང་པའི་མགོ་གཉིས་ཤིན་ཏུ་ཟླུམ་པ་དང། ཚེམས་བཞི་བཅུ་མངའ་བ་དང། ཚེམས་མཉམ པ་དང། ཚེམས་ཐགས་བཟང་བ་དང། མཆེ་བ་ཤིན་ཏུ་དཀར་བ་དང། སེང་གེའི་འགྲམ་པ་དང། རོ་བྲོ་བའི་མཆོག་དང་ལྡན་པ་ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ལྗགས་སྲབ་པ་ཡིན་ཏེ། ལྗགས་སྲབ་མོར་གྱུར་པས་ཞལ་གྱི་དཀྱིལ་འཁོར་ཁེབས་པ་སྟེ། ཞལ་གྱི་དཀྱིལ་འཁོར་སྐྲ་མཚམས་ཀྱི་མཐར་ཁེབས་པ་ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་ཚངས་པའི་དབྱངས་དང། ཀ་ལ བིངཀ་འམ། ལྷའི་རྔ་ལྟར་ཡིད་འཕྲོག་པ་ལྷའི་དབྱངས་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་རྣམས་ནི་སྤྱན་ཡངས་ཞིང་བའི་རྫི་མ་ལྟ་བུ་དང། སྤྱི་གཙུག་གཙུག་ཏོར་དང་ལྡན་པ་དང། སྨིན་མཚམས ཀྱི་བར་དུ་མཛོད་སྤུ་དཀར་པོ་དུད་ལྟ་བུ་གཡས་ཕྱོགས་སུ་འཁྱིལ་བ་སྐྱེས་པ་ཡིན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་མཚན་ཉིད་དོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་གང་ལ་ལྡན་པ་དེ་སྐྱེས་བུ་ཆེན་པོ་འགྲོ བ་གཉིས་སུ་འགྱུར་གྱི། གཞན་དུ་མ་ཡིན་ནོ། །གལ་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་དང་ལྡན་ཞིང་ཆོས་ཅན་ཆོས་ཀྱིས་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་སྟེ། འཁོར་ལོ རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན་པོ་ཆེ་དང། དམག་དཔོན་རིན་པོ་ཆེ་ནི་བདུན་པའོ། །དེ་ལ་བུ་དཔའ་ཞིང་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ འཛེམས་པ་སྟོང་ཚང་བ་འབྱུང་བར་འགྱུར་ཞིང་རྒྱ་མཚོ་ལ་ཐུག་པའི་ས་འདི་མ་ལུས་པར་འཚེ་བ་མེད་ཅིང་གནོད་པ་མེད་པར་དབྱུགས་པ་དང་མཚོན་ཆ་མེད་པར་ཆོས་ཀྱིས་མངོན་པར་རྒྱལ་ཞིང་གནས་སོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་བགོས་ནས་དད་པས ཡང་དག་པར་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་འཇིག་རྟེན་དུ་མངོན་པར་གྲགས་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ཇི་ལྟར་མདོ་ལས་སྐྱེས་བུ་ཆེན་པོའི མཚན་སུམ་ཅུ་རྩ་གཉིས་གཅིག་ཏུ་བཤད་པ་དེ་བཞིན་དུ་དཔེ་བྱད་བཟང་པོ་བརྒྱད་ཅུ་ནི་མ་བཤད་དེ། སོ་སོར་འཐོར་བ་བསྡུས་ཏེ་བརྗོད་པར་བྱའོ། །མདོ་རྣམས་ཀྱང་ཕལ་ཆེར་ནུབ་པས་སོ། །ལུང་བཞི་བ་ལས་རྙེད་པ་དང། རྒྱ་ཤུག་གི་བུའི་བསྟོད་པའི་མདོ་དེ་དང་དེ་ལས བཤད་པ་དང། རྒྱ་མཚོ་ལྟ་བུའི་བཤད་པ་ལས་མཚན་དང་དཔེ་བྱད་བརྗོད་ཅིང་བཤད་པ་རྣམ་པར་བཀོད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེན་མོའི་ཚད་ཡངས་པ་ཡིན་ཞིང། སྲབ་པ་དང། མཐོ་བ་དང། ཟངས་ཀྱི་མདོག་ལྟ་བུ་དང། སྣུམ་པ་དང། ཟླུམ་པ དང། རྒྱས་པ་དང། སོར་མོ་བྱིན་གྱིས་ཕྲ་བ་དག་ཡིན་ནོ། །རྩ་མདུད་པ་མེད་ཅིང་མི་མངོན་པ་དང། ཤིན་ཏུ་ཕྲ་བ་དང། ལོང་བུ་མཉམ་ཞིང་མི་མངོན་པ་དང། ཞབས་མཉམ་པ་དང། མ་ཡོ་བ་དང། དམར་བ་དག་ཡིན་ནོ། །སེང་གེ་དང་གླང་པོ་ཆེ དང་པའི་རྒྱལ་པོ་ལྟར་གཡས་ཕྱོགས་སུ་ཉེ་པར་གཤེགས་པ་དང། བྱིན་པ་བ་སྤུ་མེད་ཅིང་མཁྲང?་ཞིང་ཆོད་མཉམ་པ་དང། བྱིན་པ་ལེགས་པར་ཟླུམ་ཞིང་འདུས་ཤིང་འབྱོར་ལ་མི་མངོན་པ་མ་ཡིན་པའི་རྗེ་ངར་དང། བརླ་ཆུ་ཤིང་གི་སྡོང་པོ་ལྟར སྡུག་ཅིང་རས་བལ་ལྟར་ཚད་མཉམ་ཞིང་གོ་རིམ་བཞིན་རྗེས་སུ་འབྲེལ་བ་དང། གསང་བའི་གནས་ཟླ་བ་ཕྱེད་པ་ལྟར་ཡངས་ཤིང་མཐོ་ལ་བ་སྦུ་ཉུང་བ་དང། རྒྱབ་ཀྱི་སྨད་འཇམ་ཞིང་ལེགས་པར་འདུས་ལ་གྲུ་བཞི་ཧ་ཅང་མི་ཡངས་ཤིང་ཀོ་ཀོན་དྷ་ལྟར་མཛིས་པ་དག ལྟེ་བ་ཟབ་ཅིང་བུག་མེད་པ་དང། མདོག་དམར་ཞིང་གཡས་སུ་འཁྱིལ་བ་དང། ལྟོ་བ་འཇམ་ཞིང་བ་སྤུ་མེད་ལ་མཁྲིགས་ཤིང་རྗེས་སུ་མཐུན་བ་དང། ལྟོ་བའི་ནང་འབར་འབུར་མེད་ཅིང་ཀུན་དུ་ལེགས་པར་ཟླུམ་ཞིང་ཡོངས་སུ་དག་པ་དང། རྩིབ་ལོགས་མཉམ་པར་འཇུག ཅིང་ཤས་གང་ལ་ཤིན་དུ་རིང་བ་མ་ཡིན་ལ་འཇམ་པ་དང། རོ་རྒྱབ་ནུབ་པ་མ་ཡིན་ཞིང་ཤས་གང་ལ་ཅུང་ཟད་ཐུང་ལ་རྡོ་རྗེའི་དབྱིབས་ལྟར་སྐྱེས་ཤིང་རིང་བ་དང། འཇམ་པའི་རི་མོ་མཚམས་འབྱོར་ཞིང་མི་མངོན་པའི་བཀོད་པ་དང། སྟ་ཟུར་རྒྱས་ཤིང་གང་ལ་བརྟན ཅིང་མཚམས་འབྱོར་ལ་ཐུགས་ཁ་མཉམ་ལ་མཐོ་ཞིང་རྒྱ་ཆེ་བ་དང། ནུ་མ་ཤིན་དུ་རགས་པ་མ་ཡིན་ཞིང་མཐོ་བ་དང། དུང་ལྟར་གཡས་སུ་འཁྱིལ་ལ་རི་མོ་ཤིན་དུ་ཕྲ་མོ་མ་ཡེངས་པར་ཤིན་དུ་མཉམ་ཞིང་དམར་བ་དང། ཐུགས་ཀ་ཡུལ་ཤིན་དུ་སྐལ་བས་བར ཡངས་པ་དང། མཚན?་ཁུང་ཤས་རྒྱས་ཤིང་ཡངས་ལ་མཐོ་བ་མ་ཡིན་པ་དང། སྐུ་རྒྱབ་སྟོང་མཁྲད་ཞིང་རྒྱ་ཆེ་ལ་ཤས་གང་ཞིང་ཚོད་མཉམ་པ་དང། དཔུང་པ་གླང་པོ་ཆེ་ལྟར་ཅུང་ཟད་མི་མངོན་ཞིང་མཚམས་འབྱོར་ལ་མཁྲད་ཞིང་འཇམ་ལ་མཉམ་པ་དང། འགྲམ་པ་མཉམ་ཞིང་འཇམ་ལ་བ་སྤུ་མེད་ཅིང་བརྟན་ལ་སེང་གེའི་ལྟ་བུ་དང། ཕྱག་མཉམ་ཞིང་རིང་ལ་ཟངས་ཀྱི་མདོག་ལྟ་བུ་དང། ཕྱག་གི་རི་མོ་ཟབ་ཅིང་མ་འདྲེས་ལ་མི་ཡོ་ཞིང་ཐུན་ཚགས་མེད་ལ་སྲབ་ཅིང་ཟངས་ཀྱི་མདོག་ལྟ་བུ་དང། སོར་མོའི་ཚིགས ཕྲ་ཞིང་མ་འཁྲུགས་ལ་དམར་པ་དང། མཐེ་ཆུང་སྲིན་ལག་ལས་ཚང་ལྷག་པ་དང། བ་སྤུ་ཤིན་ཏུ་མང་བ་མ་ཡིན་ལ་ཕྲ་ཞིང་འཇམ་ལ་མཉེན་ལ་རྩ་བ་འབྱོར་ཅིང་མཉམ་པ་དང། པགས་པ་སྣུམ་ཞིང་མ་འཁུམས་ལ་མཉམ་པའི་སྙིང་པོ་ཅན་དང། པགས་པ་གྲང་བ་དང། ཚ་བའི་རེག་པས་མདོག་མི་འགྱུར་བ་དང། ཤ་སྣུམ་ཞིང་བརྟན་ལ་སྡུག་བསྔལ་ཧ་ཅང་རགས་པ་མ་ཡིན་ཞིང། ཧ་ཅང་ཕྲ་བ་མ་ཡིན་པ་དང། ཁྲག་བནདྷཱུ་ཛཱི་བ་ཀའི་མེ་ཏོག་ལྟ་བུ་འམ་ཟངས་མདོག་འདྲ་ཞིང་འཇམ་ལ་ཙན་དན་གྱི་དྲི་ལྟ་བུ་དང། རུས་པ་ཤས་ཡོག་ཅིང བརྟན་ལ་ཤིན་དུ་མཛེས་པ་དང། རུས་པའི་མཚམས་ཀླུ་མདུད་པ་ལྟར་མི་མངོན་པ་དང། སྐུ་གདུང་རྡོ་རྗེ་ལྟ་མི་ཤིགས་ཤིང་ལེགས་པར་འདུས་པ་དང། ཡན་ལག་ཤིན་དུ་རྣམ་པར་དབྱེས་ཤིང་མཛེས་པ་དང། སྐུ་རིམ་པར་འཚམ་ཞིང་རྒྱས་ལ་ཡོངས་སུ་དག་ཅིང བཞོན་ཤ་ཅན་དང། སྦྲང་བ་དང། སྨེ་བ་དང། གནག་བག་མེད་པ་དང། སྐུ་ལ་ནད་ཀྱིས་བྱས་པའི་ཉམ་ཆུང་བ་མེད་བ་དང། སེང་གེ་གཟིམས་ཆ་བསྟེན་པས་སྐུ་རྣམ་པར་གཡེངས་པ་དང་བྲལ་བ་དང། པགས་པ་རྡུལ་དང་དྲི་མས་ཉེ་བར་ཉོན་མོངས་པ་མང་ཅིང་དག་པ དང། མེ་དང་ནོར་བུ་དང་སྨན་ཆེན་པོ་དང། ཉི་མ་དང་ཟླ་བ་ལྟ་བུའི་འོད་ཟེར་དང། རི་རབ་ལྟ་བུ་རབ་ཏུ་ལྕི་བ་དང་ལྡན་པ་དང། དུས་སུ་རེག་ན་བདེ་བའི་རེག་པ་དང་ལྡན་པ་དང། བ་སྤུའི་བུ་གའི་དྲི་འཇམ་ཞིང་མངར་ལ་ཀུ་སུ་མ་དང། ཙན་དན་ལྟ་བུའི་བསུང་དང་ལྡན་བ དང། ཞལ་གྱི་དྲི་ཨཽཏཔ་ལ་སྔོན་པོ་སར་པ་ལྟ་བུ་རྟག་ཏུ་འབྱུང་བ་དང། འཆེ་བ་མེད་ཅིང་འགྲམ་པ་རིང་བ་དང། མཉེན་ཞིང་གོང་བུ་མ་ཡིན་པའི་དབུགས་དང། གསུང་གི་དབྱངས་ཟས་གཅོད་པ་དང། དམན་པ་ཟ་བ་དང། དུས་ཡོངས་སུ་འགྱུར་བ་དང་བྲལ་ཞིང མངོན་བར་གསལ་བའི་ཆོས་འཆད་པ་དང། ཤིན་ཏུ་འཁུམས་པ་དང་རྒྱ་ཆེ་བ་མ་ཡིན་པ་དང། སྤྱོད་པ་ཡོངས་སུ་དག་པ་དང། དཔེ་བྱང་ཡུལ་ན་གནས་ཤིང་ཡོངས་སུ་གསལ་ཞིང་རྫོགས་པ་དང། ཤིན་ཏུ་ཡོངས་སུ་དང་བའི་ཕྱིར་མཐོང་བ་རབ་རིབ་མེད་པ་དང། མགྲིན་པ་ཧ་ཅང་རིང་བ་དང་ཧ་ཅང་ཐུང་བ་མ་ཡིན་ཞིང་གཉེར་མ་གསུམ་གྱིས་རྣམ་པར་བརྒྱན་པ་དང། ཀོས་ཀོ?་ཚང་མཉམ་ཞིང་བརྟན་ལ་ཡོ་བ་མེད་ཅིང་མི་རིང་ལ་རྒྱ་ཆེ་བ་དང། མཆུ་བིམྦ?་ལྟར་དམང་ཞིང་འཇམ་ལ་མཛེས་པ་དང། རྙིལ་གྱི་ཤ བནདྷུ་ཛཱི་བ་ཀའི་མེ་ཏོག་ལྟར་འཇམ་པ་དང། ཚེམས་གཙང་ཞིང་མཉེན་ལ་དག་ཅིང་མཛེས་པ་དང། མཆེ་བ་མཉམ་ཞིང་མཚམས་འབྱོར་ལ་ཟླུམ་ཞིང་རྣོ་ལ་མཉེན་པ་དང། དགོས་པ་དང་བཅད་ན་ཚེམས་ལས་གཡས་ཕྱོགས་སུ་འོད་ཟེར་སྐད་ཅིག་གིས་སྤྲོ་བ་དང། ལྗགས་དྲི་མ་མེད་ཅིང་འཇམ་ལ་དམར་ཞིང་མཉེན་པ་དང། སྤྱི་གཙུག་གླང་པོ་ཆེའི་སྤྱི་བོའི་གཙུག་ལྟར་རྣོ་ཞིང་འཇམ་པ་དང། ཤངས་འཇམ་ཞིང་མཐོ་བ་དང། །བ་སྤུ་མི་མཐུག་ཅིང་འཇམ་ལ་རྩ་བ་བརྟན་མཉེན་ལ་ཕྲ་བ་ཀོནད་ལི་ཀ་སྔོན་པོ་ལྟ་བུ་དང། མཁུར་ཚོས ཧ་ཅང་མཐོ་བ་དང་རྣོ་བ་མ་ཡིན་ལ་ཤ་རྒྱས་ཤིང་གང་བ་དང། མི་མཉམ་པ་དང་མཉམས་པའི་ཁ་དོག་ཅན་དང། དབྲལ་བའི་མཚམས་ལེགས་པར་དབྱེས་ཤིང་དུང་དང་ཟླ་བ་འཁྱིལ་པ་ལྟ་བུ་དང། སྤྱན་ཡངས་ཤིང་མཉེན་ལ་འཇམ་ཞིང་ཡོངས་སུ་དག་པ་དང རབ་ཏུ་དང་ཞིང་མ་འཁུམས་པའི་རྫིམ་དང། མཐོང་ལ་དུལ་ཞིང་དག་ལ་མི་ཡོ་བས་ཁྱབ་པ་དང། ཤིན་ཏུ་ཆུང་བ་མ་ཡིན་པའི་སྟོབས་མངའ་བའི་ཕྱིར་མི་འཇུག་པ་དང། སྨིན་མ་རིང་བ་དང། གནག་པ་དང། འཇམ་བ་དང། རྗེས་སུ་འཚམ་པ་དང། གཉེན་པའི་དཔྲལ བ་གསེར་གྱི་བྱང་བུ་དང། ཟླ་བ་ལྟར་འཇམ་ཞིང་ཡངས་པ་དང། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལྟ་བུ་དང། དབུ་སྡུག་ཅིང་རྡོ་རྗེ་ལྟར་མཁྲེགས་པ་དང། གདུགས་ལྟར་དབུ་ཡོངས་སུ་རྒྱས་པ་དང། དབུ་སྐྲའི་བཀོད་བ་འཇམ་ཞིང་མ་འཛིངས་པ་བུང བ་ལྟར་མཉེན་ཞིང་འཇམ་ལ་རྗེས་སུ་འབྲེལ་ཅིང་དྲི་བསུང་མཆོག་དང་ལྡན་བ་དང། སངས་རྒྱས་བཅོམ་ལྡན་འདས་ལྷ་དང། ལྷ་མ་ཡིན་དང། མི་དང་ཀླུའི་འགྲོ་བས་སྤྱི་གཙུག་ལྟ་བར་མི་ནུས་པའོ། །ཁ་ཆེ་བ་རྣམས་ནི་སངས་རྒྱས་ཀྱི་སྐུ་ལ་དཔེ་བྱད་བཟང པོ་འཇིག་རྟེན་ཐམས་ཅད་ལ་བཀྲ་ཤིས་པ་འབྱུང་བར་བྱེད་པ་འདི་ལྟར་བྱེད་དེ། གནས་བརྟན་དབྱིག་བཤེས་ཀྱིས་ཇི་སྐད་དུ་ཕྲེང་བ་དང། དུང་དང་གདུགས་དང། དཔལ་གྱི་བེའུ་བཟང་པོ་དང། ལྕགས་ཀྱུ་དང། རྒྱལ་མཚན་དང། མཚོན་དང། ཟླ་བ་དང། ཆུ་དང། པདྨ རྣམས་ཀྱིས་སྐུ་རྣམ་པར་སྤྲས་པ་ཞེས་བཤད་ལ། དོན་འདི་ཉིད་ཡང་དག་པར་བརྗོད་པའི་ཕྱིར་ཇི་སྐད་དུ་ཡང་དག་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་བདེ་བར་གཤེགས་པའི་མཚན་བཟང་པོའི་འཁོར་གཞན་ཡང་ཉོན་ཅིག་།གདུགས་དང། རྒྱལ་མཚན་དང། ལྕགས ཀྱུ་དང། དཔལ་གྱི་བེའུ་དང། མུ་ཏིག་དང། བུམ་པ་དང། རྟ་དང། ཉ་དང། ཆུ་སྲིན་དང། རུས་སྤལ་དང། ནམ་མཁའ་ལྡིང་དང། སྟག་དང། གླང་པོ་ཆེ་དང། ཀ་ལ་པིངཀ་དང། ཤང་ཤང་ཏེའུ་དང། ཁུག་རྟ་དང། ནེ་ཙོ་དང། ཁུ་བྱུག་དང། རི་དྭགས་ནག་པོ་དང། རྨ་བྱ དང། རལ་གྲི་དང། རྡོ་རྗེའི་ཡན་ལག་དང། ནོར་བུ་དང། རིན་པོ་ཆེ་དང། མདུང་དང། རྩེ་གསུམ་དང། དགྲ་སྟ་དང། མངའ་དང། སྤྲིན་དང། དྲག་པོ་དང་ཚངས་པ་དང། དབང་པོ་དང། གཞོན་ནུ་དང། ཉི་མ་དང། འཕགས་སྐྱེས་པོ་དང། ཟླ་བ་དང། མིག་མི་བཟང དང། ནོར་བདག་དང། ཡུལ་འཁོར་སྐྱོང་དང། གཡུང་དྲུང་འཁྱིལ་བ་དང། པདྨ་དང། བ་དན་བཟང་པོ་དང། མེ་ལོང་དང་དུ་རྦ་གཞོན་ནུ་དང། མུ་ཏིག་དང། གསེར་དང། སྨན་ཆེན་པོ་དང། ལྟའི་རྔ་དང། དྲང་སྲོང་ཆེན་པོ་དང། བ་ལ་དང་དཔུང་རྒྱན་དང། སོར གདུབ་དང། རྣ་ཆ་དང། སེང་གེ་དང། ཁྱུ་མཆོག་དང། མེ་ཏོག་དང་བཅས་པའི་ཤིང་གི་ཡལ་ག་དང་ཞེས་བྱ་བ་ལ་སོགས་པ་ལ་བརྒྱད་ཅུ་ཇི་སྐད་དུ་བརྗོད་པ་ཐམས་ཅད་མཁྱེན་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་མཚན་ཉིད་སྟོང་དང་ལྡན་པ་མུ་སྟེགས་ཅན་རྣམས ཀྱང་མཐོང་ནས་འབྱོར་པའི་ཕྱིར་མངོན་པར་དགའ་བ་སྐྱེ་བར་བྱེད་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཀྱང་མཚན་དང་དཔེ་བྱད་ཀྱི་ལེའུ་བཞི་བཅུ་དགུ་པ་ལས་འདོན་པ་ལྟ་བུ་སྟེ། རབ་འབྱོར་དེ་བཞིན་གཤེགས་པའི དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུ་བྱེད་ཐམས་ཅད་ལས་སེམས་འདོད་ཆགས་དང་བྲལ་བའི་ཕྱིར་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས རྣམས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བའི་ཕྱིར་སེན་མོ་མདོག་སྣུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རིགས་རྒྱུད་མཐོན་པོར་སྐྱེས་པའི་ཕྱིར་སེན་མོ་མཐོ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན འདས་རྣམས་ནི་ཚུལ་ཁ་ན་མཐོ་བ་མི་མངའ་བའི་ཕྱིར་སེན་མོ་ཟླུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་ཡངས་ཤིང་རྒྱ་ཆེ་བ་བསགས་པའི་ཕྱིར་སེན་མོ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས ནི་དགེ་བའི་རྩ་བ་རིམ་གྱིས་བསགས་པའི་ཕྱིར་སེན་མོ་བྱིན་གྱིས་ཕྲ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལུས་དང་ངག་དང་ཡིད་དང་འཚོ་བ་ཡོངས་སུ་བསྲུངས་པའི་ཕྱིར་རྩ་མི་མངོན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན འདས་རྣམས་ནི་ཉོན་མོངས་པའི་མདུད་པ་ལས་གྲོལ་བའི་ཕྱིར་རྩལ་མདུད་པ་མེད་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་རྣམས་ལ་ཐུགས་ཤིན་ཏུ་མི་མངོན་པའི་ཕྱིར་ལོང་བུ་མི་མངོན་པ་དག་ཡིན་ནོ། །སངས་རྒྱས་བཅོམ ལྡན་འདས་རྣམས་ནི་དཀའ་བའི་གནས་ཐམས་ཅད་ལས་ཡོངས་སུ་སྒྲོལ་བའི་ཕྱིར་ཞབས་མཉམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིའི་སེང་གེ་ཡིན་པའི་ཕྱིར་སེང་གེའི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས བཅོམ་ལྡན་འདས་རྣམས་ནི་མིའི་གླང་པོ་ཡིན་བའི་ཕྱིར་གླང་པའི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ནམ་མཁའ་ལ་གཤེགས་པའི་ཕྱིར་དང་པའི་རྒྱལ་པའི་སྟབས་སུ་གཤེགས་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པའི་ཕྱིར་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཛེས་པའི་ཕྱིར་མཛེས་པར་གཤེགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ ལྡན་འདས་རྣམས་ནི་ཐུགས་རྟག་ཏུ་མི་གཡོ་བའི་ཕྱིར་མི་གཡོ་བར་གཤེགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚུལ་དང་ཡོན་ཏན་ཡོངས་སུ་དག་པ་སྟོན་པའི་ཕྱིར་སྐུ་འཁྲིལ་བག་དང་བཅས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས རྣམས་ནི་སྡིག་པ་མི་དགེ་བའི་ཆོས་རྣམ་པར་དག་པའི་ཕྱིར་སྐུ་བྱི་དོར་བྱས་པ་ལྟ་བུ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་གོ་རིམ་བཞིན་འཆད་པའི་ཕྱིར་སྐུ་རིམ་པར་འཚམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ གསུང་ཐུགས་ཡོངས་སུ་དག་པའི་ཕྱིར་སྐུ་གཙང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་རང་བཞིན་གྱིས་འཇམ་པའི་ཕྱིར་སྐུ་འཇམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར སྐུ་རྣམ་བར་དག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་ཡོངས་སུ་རྫོགས་པའི་ཕྱིར་དཔེ་བྱད་ཡོངས་སུ་རྫོགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཛེས་ཤིང་རྒྱ་ཆེ་བའི་ཡོན་ཏན་སྟོན་པའི་ཕྱིར་སྐུ་ཁོག་ཡངས ཤིང་བཟང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་པའི་ཕྱིར་མཉམ་པར་གཤེགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རབ་ཏུ་འཇམ་པའི་ཆོས་སྟོན་པའི་ཕྱིར་སྐུ་འཇམ་ཞིང་གཞོན་ཤ་ཅན་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཐུགས་མ་ཞུམ་པའི་ཕྱིར་སྐུ་ཞུམ་པ་མེད་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས རྣམས་ནི་དགེ་བའི་རྩ་བ་མཐོན་པོ་དང་ལྡན་བའི་ཕྱིར་སྐུ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡང་སྲིད་པའི་ཚོགས་ཡོངས་སུ་ཟད་པའི་ཕྱིར་སྐུ་ཤིན་དུ་གྲིམས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟེན་ཅིང་འབྲེལ པར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྤྱད་པའི་ཕྱིར་ཡན་ལག་ཤིན་ཏུ་རྣམ་པར་དབྱེས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཟིགས་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དག་ཡིན་ནོ། །སངས་རྒྱས་བཅོམ ལྡན་འདས་རྣམས་ནི་ཚུལ་ཕུན་སུམ་ཚོགས་པའི་སློབ་མ་མངའ་བའི་ཕྱིར་དགུ་ཟླུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཁོར་བའི་སྐྱོན་རྣམ་པར་དག་པའི་དཀུའི་སྐབས་ཕྱིན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ང་རྒྱལ་གྱི་དེའུ་བཅོམ་པའི་ཕྱིར དཀུ?་མ་རྙོངས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་རྣམས་ཟད་པར་མི་བྱེད་པའི་ཕྱིར་ཕྱལ་ཕྱང་དེ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤིན་ཏུ་ཟབ་པའི་ཆོས་རྟོགས་ཤིང་ཁོང་དུ་ཆུད་བའི་ཕྱིར་ལྟེ་བ་ཟབ་པ་དག་ཡིན་ནོ། །སངས་རྒྱས བཅོམ་ལྡན་འདས་རྣམས་ནི་རྗེས་སུ་མཐུན་ཞིང་གཟུང་བར་འོས་པའི་སློབ་མ་མངའ་བའི་ཕྱིར་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཀུན་ནས་མཛེས་པའི་སློབ་མའི་ཚོགས་མངའ་བའི་ཕྱིར་ཀུན་ནས་མཛེས་པ་དག་ཡིན་ནོ། །སངས རྒྱས་བཅོམ་ལྡན་འདས་རྣམས་ནི་ཐུགས་ཤིན་དུ་གཙང་བའི་ཕྱིར་ཀུན་དུ་སྤྱོད་པ་གཙང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་གནག་བག་མེད་པ་སྟོན་པའི་ཕྱིར་སྐུ་ལ་སྨྲེ་བ་དང་གནག་བག་མེད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ཤིང བལ་ལྟར་ཡངས་པའི་ཆོས་སྟོན་པ་བརྙེས་པའི་ཕྱིར་ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་གི་གཉེན་གྱི་ཚོགས་སྤངས་ཏེ། དགེ་སྦྱོང་ཆེན་པོའི་དངོས་པོ་བརྙེས་པའི་ཕྱིར་ཕྱག་གི་རི་མོ་མདངས་ཡོད་པ་དག་ཡིན་ནོ། །སངས་རྒྱས བཅོམ་ལྡན་འདས་རྣམས་ནི་བསླབ་པའི་གནས་ཧ་ཅང་སྤངས་པར་མི་འཆའ་བའ་ཨི་ཕྱིར་ཕྱག་གི་རི་མོ་ཟབ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ཐམས་ཅད་གཟུགས་བརྙན་ལྟ་བུར་རྟོགས་པའི་ཕྱིར་ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དག་ཡིན་ནོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉེན་པ་སྔོན་དུ་འགྲོ་བས་འདུལ་བའི་ཕྱིར་ལྗགས་མཉེན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོན་ཏན་ཕྲ་མོ་མ་ཡིན་པ་དང་ལྡན་པའི་ཕྱིར་ལྗགས་སྲབ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱིས་པའི་སྐྱེ་བོ ཆགས་པ་ཅན་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ལྗགས་དམར་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲས་ཡོངས་སུ་མི་སྐྲག་པའི་ཕྱིར་གླང་པོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ་དག་ཡིན་ནོ། །སངས་རྒྱས་བཅོམ ལྡན་འདས་རྣམས་ནི་སྙན་ཅིང་མཉེན་པ་འཇམ་པ་བརྗོད་པའི་སློབ་མ་མངའ་བའི་ཕྱིར་གསུང་སྙན་མཉེན་ལ་འཇམ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྲིད་བའི་ཀུན་དུ་སྦྱོར་བ་རྣམ་པར་ལོག་པའི་ཕྱིར་མཆི་བ་ཟླུམ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན འདས་རྣམས་ནི་སྐྱེ་བོ་རྣོན་པོ་འདུལ་བ་ལ་མཁས་པའི་ཕྱིར་མཆེ་བ་རྣོ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་འདུལ་བ་ཤིན་དུ་དཀར་བའི་ཕྱིར་མཆེ་བ་དཀར་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཉམ་པའི་སའི་ཆ་ལ་བཞུགས པའི་ཕྱིར་མཆེ་བ་མཉམ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མངོན་པར་རྟོགས་པ་རིམ་གྱིས་སྟོན་པའི་ཕྱིར་མཆེ་བ་བྱིན་གྱིས་ཕྲ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཤེས་རབ་མཐོན་པོ་སར་ཞུགས་པའི་ཕྱིར་ཤངས་མཐོ་བ་དག ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བྱ་གཙང་མའི་སྐྱེ་པོ་དང་ལྡན་པའི་ཕྱིར་ཤངས་གཙང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་ཀྱི་ཆོས་ཤིན་དུ་རྒྱ་ཆེན་པོ་དང་ལྡན་པའི་ཕྱིར་སྤྱན་ཡངས་པ་དག་ཡིན་ནོ། །སངས རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ཐམས་ཅད་ཀུན་དུ་སྟུག་པའི་ཕྱིར་རྫི་མ་སྟུག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མིག་དཀར་ནག་དབྱེས་ཤིང་པདྨའི་འདབ་མ་རངས?་པ་ལྟ་བུའི་ལྷ་དང་ལྷ་མ་ཡིན་དང། མི་གཞོན་ནུ རྣམས་ཀྱིས་མཆོག་ཏུ་དགའ་བར་བྱ་བའི་ཕྱིར་སྤྱན་དཀར་ནག་དབྱེས་ཤིང་པདྨའི་འདབ་མ་ལྟ་བུ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མདུན་ཕྱོགས་སུ་གཟིགས་པའི་ཕྱིར་སྨིན་ཆུགས་རིང་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས རྣམས་ནི་འཇམ་པར་འདུལ་བ་ལ་མཁས་པའི་ཕྱིར་རྫིམ་འཇམ་པ་དག?་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱོན་ཀུན་ཏུ་མཁྱེན་པའི་ཕྱིར་སྨིན་མའི་སྤུ་མཉམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་བའི་རྩ་བ་འཇམ་ཞིང་མཉེན བའི་སྐྱོ་བོའི་རྒྱུད་འདུལ་བར་བྱེད་པའི་ཕྱིར་སྨིན་མ་སྣུམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་མཆོག་དུ་དོན་དང་ལྡན་པ་མངའ་བའི་ཕྱིར་སྙན་ཤལ་སྡུག་ཅིང་སྙན་ཞལ་རིང་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར་སྙན་མཉན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བྱ་རྒྱུད་མཉམ་པ་མངའ་བའི་ཕྱིར་སྙན་གྱི་དབང་པོ་མ་ཉམས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྟ་བར་སོང་བ་ཐམས་ཅད ཡོངས་སུ་སྤངས་པའི་ཕྱིར་དཔྲལ་བ་ལེགས་པར་དབྱེས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དགེ་སྦྱོང་དང་བྲམ་ཟེ་དང་ཕ་རོལ་རྒོལ་བ་རྣམ་པར་གནོན་པའི་ཕྱིར་དཔྲལ་པའི་དབྱེས་ཆེ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས རྣམས་ནི་སྨོན་ལམ་ཡོངས་སུ་རྫོགས་པའི་ཕྱིར་དབུ་ཤིང་དུ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡུལ་གྱི་སྐྱེ་བོ་ལ་རྣམ་པར་ཆགས་པ་ལོག་པའི་ཕྱིར་དབུ་སྐྲ་བུད་བ་ལྟར་གནག་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས ནི་མཐོང་བ་དང་བསྒོམ་པས་སྤངས་པར་བྱ་བའི་ཕྲ་རྒྱས་སྤངས་པའི་ཕྱིར་དབུ་སྐྲ་སྟུག་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་དཀར་པོས་མ་སྐྱེས་པའི་བསྟན་པའི་རོ་དང་ལྡན་པའི་ཕྱིར་དབུ་སྐྲ་འཇམ་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག ཏུ་མ་འཛིངས་པའི་ཐུགས་དང་ལྡན་པའི་ཕྱིར་དབུ་སྐྲ་མ་འཛིངས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ཚིག་རྩུབ་སྤངས་པའི་ཕྱིར་དབུ་སྐྲ་མི་གཤོར་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐྱེ་བོ་བྱང་ཆུབ་ཀྱི་ཡན་ལག་གི་དྲི་ཞིམ་པོས རྗེས་སུ་མཐུན་པར་འཇུག་པའི་ཕྱིར་དབུ་སྐྲ་དྲི་ཞིམ་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་ཀྱི་མཐིལ་ན་དཔལ་གྱི་བེའུ་དང་གཡུང་དྲུང་འཁྱིལ་པ་མངའ་བའི་ཕྱིར་དཔལ་གྱི་བེའུ་དང་གཡུང་དྲུང་འཁྱིལ་པས་བརྒྱན་པ་དག་ཡིན་ནོ། །རབ་འབྱོར་དེ་བཞིན གཤེགས་པའི་སྐུ་དཔེ་བྱད་བཟང་པོ་འདི་དག་དང་ལྡན་ནོ། །དེ་ཉིད་དུ་གཞན་དུ་གནས་བརྟན་ཀླུ་སྒྲུབ་ཀྱིས་ཡི་གེ་གཞན་དང་ཚིག་འབྲུ་གཞན་གྱིས་རྣམ་པར་བཤད་དེ། ཇི་སྐད་དུ་སངས་རྒྱས་ཡང་དག་དཔེ་བྱད་བརྒྱད་ཅུ་བོ། །ང་ཡིས་རབ་བཤད་ཡིད་ལ་དད་སྐྱེད་ཉོན། །སངས་རྒྱས་བཅོམ ལྡན་འདས་ཞེས་རབ་བརྗོད་པ། །སེན་མོ་བཟངས་མདོག་སྣུམ་དང་སེན་མོ་མཐོ། །སྨྲ་མཆོག་རྩི་མ་མངོན་ཞིང་རྩ་ཡིས་ནི། །མདུད་པ་མི་མངོན་ལོང་བུ་མི་མངོན་པ། །རིགས་དྭགས་རྒྱལ་དང་ཀླུ་ཡི་སྟབས་དག་ཏུ། །རྣམ་པར་གཤེགས་ཤིང་ཞབས་ལ་མི་མཉམ་མེད། །ཁྱུ་མཆོག་དང་བའི རྒྱལ་པོའི་སྟབས་དང་ནི། །གཡས་སུ་ལྡོག་ཅིང་མཛེས་པར་གཤེགས་པ་དང། །བྱི་དོར་བྱས་འདྲ་རིམ་པར་འཚམ་པའི་སྐུ། །མ་ལོ་བ་དང་འཁྲིལ་བག་ཆགས་པ་དང། །ཁེ?་ལག་ཡང་ས་ཤིང་བཟང་དང་གཞན་ཡང་ནི། །དཔེ་བྱད་ཡོངས་སུ་རྫོགས་དང་གོམས་སྙོམས་དང། །སྐུ་ཞུམ་མེད་དང གཙང་ཞིང་འཇམ་པ་དང། །གཞོན་ཤ་ཆགས་ཤིང་སྐུ་ནི་རྣམ་པར་དག་།ཡན་ལག་ཉིང་ལག་ཤིན་དུ་རྣམ་དབྱེས་ཤིང། །ཐུབ་པའི་དབང་པོ་ཤིན་དུ་གྲིམས་པའི་སྐུ། །གཟིགས་པ་རབ་རིབ་མེད་ཅིང་རྣམ་བར་ནི། །དག་ཅིང་རབ་ཏུ་རྒྱས་པའི་སྐུ་མངའ་བ། །སྐུ་ནི་འབར་འབུར་མེད་ཅིང སྐབས་ཕྱིན་དང། ཕྱང་དེའི་ཕྱལ་དང་ལྟེ་བའི་བུག་པ་ཟབ། །ཤིན་ཏུ་ཀུན་ནས་བལྟ་ན་རབ་མཛེས་ཤིང། །ལྟེ་བ་གཡས་ཀྱི་ཕྱོགས་སུ་འཁྱིལ་བ་དང། །རྒྱལ་བ་ཀུན་དུ་སྦྱོད་པ་རབ་གཙང་ཤིང། །སྨེ་པ་གནག་བག་སྨད་དུ་མེད་པ་དང། །ལྗགས་མཉེན སྲབ་ཅིང་ཞལ་གྱི་གཟུགས་བརྙན་འཆར། །རྒྱལ་པའི་ཞལ་ནི་ཧ་ཅང་རིང་བ་ཡིན། །གླང་ཆེན་ང་རོ་འབྲུག་གི་སྒྲ་དང་ནི། །མཉམ་པའི་དབྱངས་ཀྱི་མཆོག་དང་ལྡན་པ་དང། །ཤིང་བལ་ལྟར་འཇམ་ཤིན་ཏུ་གཞོན་ཤ་ཅན། །ཕྱག་གི་རི་མོ་དམང་ཞིང་ཟབ་པ་དང། །ཕྱང་གི རི་མོ་ཡོ་བ་མ་ཡིན་དང། །ཕྱག་གི་རི་མོ་མཆོག་ཏུ་ཡངས་པ་དང། །ཤིན་ཏུ་སྙན་ཅིང་གཉེན་ལ་འཇམ་པའི་གསུང། །མཆེ་བ་ཟླུམ་ཞིང་མཆེ་བ་རྣོ་བ་དང། །མཆེ་བ་དགར་ཞིང་མཆི་བ་མཉམ་པ་དང། །ཐུབ་པ་སེང་གེའི་མཆེ་བ་བྱིན་གྱིས་ཕྲ། །ཚེམས་ནི་ཤིན་དུ་དཀར་ཞིང གཅང་བ་དང། །སྤྱན་ཡངས་བ་དང་རྫི་མ་སྟུག་པ་དང། །འཇམ་ཞིང་ཤིན་དུ་ཡངས་ལ་མི་དཀར་དང། །སྨིན་མའི་སྤུ་ནི་སྣུམ་ཞིང་འཇམ་པ་དང། །སྙན་ཤལ་སྡུག་ཅིང་རིང་ལ་སྙན་མཉམ་པ་དང། །བཅོམ་ལྡན་སྙན་གྱི་དབང་པོ་མཉམ་དང། །དཔྲལ་བ་ཤིན་ཏུ་ལེག པར་དབྱེས་པ་དང། །དབུ་ནི་རྒྱས་ལ་ཡོངས་སུ་རྫོགས་པ་དང། །དབུ་སྐྲ་བུད་བ་སྣུམ་ཞིང་དྲི་ཞིམ་དང། །དབུ་སྐྲ་འཇམ་ཞིང་ཡོངས་སུ་མ་འཛིངས་དང། །དཔལ་གྱི་བེའུ་དང་གཡུང་དྲུང་འཁྱིལ་པ་ཡིས། །སངས་རྒྱས་དབུ་སྐྲ་རྣམ་པར་བརྒྱན་པ་ཡིན། །གང་གིས་མཚན རྣམས་གསལ་བྱེད་པ། །སངས་རྒྱས་ཡང་དག་དཔེ་བྱད་ནི། །བཟང་པོ་བརྒྱད་ཅུ་འདི་དག་སྟེ། །བདེ་གཤེགས་ཐམས་ཅད་གསལ་བྱེད་ཡིན། །མཚན་མཆོག་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བཟང་པོ་བརྒྱད་ཅུའི་སྐུ། །སངས་རྒྱས་རྗེས་སུ་མི་དྲན་གང། །འདི་དང་ཕ རོལ་གཉིས་ཀར་ཉམས། །གཞན་ཡང་སློབ་དཔོན་སྣ་ཚོགས་བློ་གྲོས་ཀྱིས་ཇི་སྐད་དུ། །བདག་ཉིད་སྣོད་མཆོག་ཉིད་དུ་གཟིགས་ནས་ནི། །བདག་ཉིད་ཡོན་གནས་ཉིད་དུ་ཞལ་འཆེས་ཏེ། །འདི་ལྟར་ཁྱོད་ཀྱིས་རྩ་མཆོག་ཙམ་ཡང་ནི། །སྦྱིན་བདག་དབུལ་བ དེ་ཡང་མ་བཀག་གནད། །གལ་ཏེ་བགྲོས་ན་ཕྱག་གཡས་བརྐྱང་ནས་ནི། །ཕྱག་གཡས་རྗེས་སུ་གཟུང་བའི་རྗེས་མཐུན་བྱེད། །ཁྱོད་ལ་དཔེ་བྱད་བརྒྱད་ཅུས་བསྟོད་པ་ཡིས། །ཇི་ལྟར་བདག་ཀྱང་རྗེས་སུ་གཟུང་བར་མཛོད། །མངའ་བདག་ཁྱོད་ཀྱི་སྐུ་ཡི་སྟོབས་ཀྱི་ཚང།། གཞལ་ནུས་འཇིག་རྟེན་གསུམ་ན་འགའ་མང་འདོད། །གུས་པའི་རྣམ་པའི་འབྱོར་པ་འདི་འདྲ་ཞེས། །འཕགས་པ་གང་ཕྱིར་བདག་འདྲ་བ་ཡང་གནང། །ཁྱོད་ཀྱིས་སོར་མོ་རི་ཡི་སྤོར་གནས་པ། །སེན་མོ་ཟངས་ཀྱི་མདོག་འདྲ་འོད་ཟེར་ཅན། །པདྨ་རཱ་ག་མཛེས་པའི་ཟླ་ཤར ནས། །གསེར་གྱི་རང་བཞིན་སྙིང་པོ་མཛེས་པར་བྱས། །རྩེ་ལྟར་མཐོ་ཞིང་ཕྲ་ལ་མཉམ་ཞིང་འཕྲོ། །དབྱངས་བཅས་འོད་གསལ་སེན་མོ་མཛེས་པར་བྱས། །ལེགས་སྐྱེས་ཨཽཏཔལ་དམར་པོའི་འདབ་མ་ལྟར། །ལྟོ་བ་མ་གྲུམས་ན་ཆགས་མཉམ་ཞིང་མཐོ། །སྟེང་དུ་སྡུག མཉེན་དཔལ་གྱིས་བསྡམས་པ་ལྟར། །ཤིན་ཏུ་གསལ་བའི་མདངས་ཀྱིས་རྣམ་པར་མཛེས། །ལྷ་མི་ཕྱག་བྱེད་ཚེ་ན་སྐད་ཅིག་ལ། །སྐྱེས་བུ་འདུལ་བའི་སེན་མོ་མེ་ལོང་བཞིན། །ཞེས་བྱ་བ་ལ་སོགས་པ་མཚན་དང་དཔེ་བྱད་ཀྱི་བསྟོད་པ་སྙན་དངགས་ཀྱི་རྒྱན་དང་བཅས་བར་སྟོང བར་བྱའོ། །གནས་བརྟན་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་ཆོས་མངོན་པའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའ་ཨི་སར་མཚན་དང་དཔེ་བྱད་ཀྱི་ལེའུ་ལས་དཔེ་བྱད་བཟང་པོ་བརྒྱད་ཅུ་འཇིག་རྟེན་དང་ཐུན་མོང་དུ་བཤད་པ་ནི་བྱད པར་དུ་འཕགས་པ་མ་བརྗོད་པའི་ཕྱིར་མངོན་པར་དད་པར་བྱེད་པ་མ་ཡིན་པས་མི་བཟུང་ངོ། །དཔེ་བྱད་བཟང་པོ་འདི་དག་ལེགས་པ་དང། ལེགས་པ་མ་ཡིན་པ་རྣམ་པར་བཞག་པ་ནི་སློབ་དཔོན་གོ་ཆས་བྱིན་གྱིས་སྙོམས་པར་འཇུག་པའི་ཕུང་པོ་རྣམ་པར་བཤད་པ དབུགས་འབྱུང་བ་བཞི་པར་རྒྱས་པར་བཤད་པ་བལྟ་བར་བྱའོ། ། །།དཔེར་ན་རྒྱལ་པོ་ཀྲི་ཀའི་རྨི་ལམ་ཐུན་བཅུ་ཞེས་བྱ་བ་ལ་སོགས་པ་ལ། གསེར་ཕྲེང་ཅན་གྱི་རྟོགས་པ་བརྗོད་པ་ལས་འདི་ལྟར་འདོན་ཏེ། དེ་ནས་རྒྱལ་པོ་ཀྲི་ཀིའི་ཡང་དག པར་རྫོགས་པའི་སངས་རྒྱས་འོད་སྲུང་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་དུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཡང དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་པ་རྒྱལ་པོ་ཀྲི་ཀིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མདང་བདག་མཚན་མོ་རྨི་ལམ་ན་རྨི་ལམ་ཐུན་བཅུ་མཐོང་སྟེ། བཙུན་པ་གླང་པོ་ཆེ་ཆེན་པོ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་དང། སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན དུ་ཁྲོན་པ་བདའ་བ་དང། ཕྱེ་བྲེ་གང་དང་མུ་ཏིག་བྲོ་གང་བརྗེ་བ་དང། ཙན་དན་ཤིང་ཐ་མལ་པ་ལ་འཚོད་བ་དང། ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་ལ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དེ་ཐམས་ཅད་མ་བྱིན་པར་ལེན་པས་ཕྲོགས་པ་དང། གླང་པོ་ཆུང དུས་སྤོས་ཀྱི་གླང་པོ་ཆེ་བསྡིགས་པ་དང། སྤྲེའུ་མི་གཙང་བ་འབགས་པ་གཞན་ལ་སྐུད་པ་དང། སྤྲེའུ་རྒྱལ་པོར་དབང་བསྐུར་བ་དང། སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་ལ་སྣམ་བུ་ཡང་དེ་བཞིན་དུ་གནས་པ་དང། སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཏེ་ཚིག་ངན་བརྗོད་ཅིང ཆད་པ་དང་གནོད་པ་བྱེད་པ་བདག་གིས་མཐོང་ངོ། །མཐོང་ནས་བདག་རྒྱལ་སྲིད་ལས་ཉམས་པ་འམ། སྲོག་གི་བར་ཆད་དུ་འགྱུར་དུ་འོད་ཞེས་བདག་རེངས་ཤིང་འཇིགས་པ་དང། སྐྲག་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་འདི་སྐད་ཅེས་བཀའ་སྩལ ཏོ། །རྒྱལ་པོ་ཆེན་པོ་མ་འཇིགས་ཤིག་རྒྱུ་འདི་ལས་ཁྱོད་རྒྱལ་སྲིད་ལས་ཉམས་པ་དང། སྲོག་གི་བར་ཆད་དུ་མི་འགྱུར་གྱིས་མ་འཇིགས་ཤིག་།དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་མཐོང་བ་དེ་ཅིའི་སྔ་ལྟས་ཞེན། མ་འོངས་པ་ན་སྐྱེ་དགུ་ཚེ་ལོ་བརྒྱ་ཐུབ་པའི་དུས་ན་ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་ཏེ། དེའི་ཉན་ཐོས་དག་རང་གི་སྐྱེ་བོ་གཉེན་གཤེས་རྒྱ་ཆེན་པོ་སྤངས་ནས་རབ་ཏུ་བྱུང་སྟེ། དེ་ལྟར་རབ་ཏུ་བྱུང ནས་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྐྱེ་བར་འགྱུར་ཞིང། དེ་ནས་སེར་སྣ་ཀུན་དུ་བསྟན་ཅིང་ལན་མང་དུ་བྱས་པས་ལུས་ཞིག་སྟེ་ཤི་པའི་འོག་ཏུ་ངན་སོང་ངན་འགྲོ་རྣམས་སུ་ལྟུང་ཞིང་སྐྱེ་བར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི བཞིན་ཁྲོན་པས་བདའ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཞེ་ན། དེའི་ཉན་ཐོས་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པ་དེ་དག་ཉན་པར་མི་འདོད་ཅིང་གནས་པར་འགྱུར་བ་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་རྨི་ལམ་དུ་མཐོང་བ་དེ ཅིའི་སྔ་ལྟས་ཞེ་ན། དེའི་ཉན་ཐོས་ཕྱི་ཚོལ་བའི་ཕྱིར་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་གི་ཡན་ལག་ལ་སོགས་པའི་རིན་པོ་ཆེ་ཡང་དག་པར་གསལ་བར་བྱེད་དེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཙན་དན་ཤིང་ཐ་མལ་པར་མཐོང་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ ལྟས་ཞེ་ན། དེའི་ཉན་ཐོས་དག་ལུས་མ་བསྒོམས་པ་འབྱུང་བར་འགྱུར་ཞིང། ཚུལ་ཁྲིམས་མ་བསྒོམས་པ་དང། སེམས་མ་བསྒོམས་པ་དང། ཤེས་རབ་མ་བསྒོམས་པ་དག་འབྱུང་བར་འགྱུར་ལ། ལུས་མ་བསྒོམས་པ་དང། ཚུལ་ཁྲིམས་མ་བསྒོམས་པ་དང། སེམས་མ་བསྒོམས པ་དང། ཤེས་རབ་མ་བསྒོམས་པས་མུ་སྟེགས་ཀྱི་བསྟན་པ་འཛིན་ཅིང་སངས་རྒྱས་ཀྱི་གསུང་རབ་དང་མཉམ་པར་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དག་མ་བྱིན་པར་ལེན་པས་ཕྲོགས་པ་རྨི ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཞེ་ན། དེའི་ཉན་ཐོས་ཁྱིམ་ལ་བརྟེན་ཏེ་དགེ་འདུན་གྱི་མེ་ཏོག་དང་འབྲས་བུ་བཙོངས་ཤིང་བཙོངས་ཏེ་བཟུང་ནས་འཚོ་བའི་ཕྱིར་སེམས་པ་དག་འབྱུང་བར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆུང་ངུས་སྤོས ཀྱི་གླང་པོ་ཆེན་པོ་སྐྲག་པར་བྱེད་པ་དེ་རྨི་ལམ་དུ་མཐོང་ན་དེ་ཅིའི་སྔ་ལྟས་ཞེ་ན། དའི་ཉན་ཐོས་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན་དག་འབྱུང་བར་འགྱུར་ཏེ། ངས་གང་དག་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ། དེས་ཤིང་དགེ་བ་དེ་དག་བསྐྲད་ནས་གནས གཞན་ན་གནས་པར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་མི་གཙང་བས་སྤགས་པ་གཞན་ལ་སྐུད་པ་རྨིས་པ་དེ་ཅིའི་སྔ་ལྟས་ཞེ་ན། དེའི་ཉན་ཐོས་སྡིག་པའི་ཆོས་ཅན་ཚུལ་ཁྲིམས་འཆལ་པ་དེ་དག་གིས་དགེ་སློང་ཚུལ་ཁྲིམས དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་ཤིང་དགེ་བའི་ཆོས་ཅན་དག་ལ་མི་བདེན་པའི་སྐྱོན་འགེལ་བར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་རྒྱལ་པོར་དབང་བསྐུར་བ་རྨིས་པ་དེ་ཅིའི་སྔ་ལྟས་ཞེ་ན། དེའི་དུས་ན་མ་ནིང་ཡང་རྒྱལ་པོ་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་ལ་སྣམ་བུ་ཡང་དེ་བཞིན་དུ་གནས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཞེ་ན། དེའི་བསྟན་པ་ཁ་བཅོ་བརྒྱད་དུ་གྱེས་པར་འགྱུར་ལ་རྣམ་པར་གྲོལ་བའི་སྣམ་བུ་ནི་རལ་བར་མི་འགྱུར་ཏེ། དེའི་སྔ ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་གང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཤིང་ཚིག་ངན་བརྗོད་དེ་ཆད་པ་དང་གནོད་པ་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཞེ་ན། དེའི་བསྟན་པ་ལོ་སྟོང་དུ་གནས་ཤིང་ངན་པར་སྨྲ་བ་དང་ཆད་པ་བྱེད་པས་ནུབ་པར་འགྱུར་ཏེ། དེའི་སྔ་ལྟས་ཡིན ཏེ། དེའི་ཕྱིར་ཁྱོད་རྒྱལ་སྲིད་ལས་ཉམས་པ་འམ། སྲོག་གི་བར་ཆད་དུ་མི་འགྱུར་གྱི་རྒྱལ་པོ་ཆེན་པོ་མ་འཇིགས་ཤིག་།དེ་ནས་རྒྱལ་པོ་ཀྲི་ཀི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་དབུགས་ཕྱུང་ནས་མངོན་པར་རབ་ཏུ་དད་པར་གྱུར་ཏོ་ཞེས་འབྱུང་ངོ།། །། དགེ་སློང་མ་དཀར་མོ་ཡང་གོས་དང་བཅས་པར་ཡིན་ཏེ་ཞེས་བྱ་བ་ལ། བཅོམ་ལྡན་འདས་སེར་སྐྱའི་ཤིང་ནྱ་གྲ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཤཱཀྱའི་ནང་ན་ཤཱཀྱ་སྐྱེད་པ་ཞེས་བྱ་བ་ཡོད་དེ། ཕྱུག?་ཅིང་ཞེས་བྱ་བ་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར བྱེད། ཡོངས་སུ་སྤྱོད་པར་བྱེད་པ་ལ་བུ་ཡང་མེད་བུ་མོ་ཡང་མེད་ཅེས་བྱ་བའི་བར་དུའོ། །དེ་བུ་མངོན་པར་འདོད་པས་ཞི་བ་དང་ཆུ་ལྷ་དང། རྣམ་ཐོས་ཀྱི་བུ་དང་ཁྱིམ་གྱི་ལྷ་ལ་སོགས་པ་ལྷ་སྟོང་ཕྲག་དུ་མལ་གསོལ་བ་འདེབས་པར་བྱེད་ཀྱང་བུ་མ་སྐྱེས་སོ། །ཇི་ཙམ་དུ་དུས་གཞན ཞིག་ན་རྩེ་དགའ་བར་བྱེད་ཅིང་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། །དེས་ཆུང་མ་ལ་སྨྲས་པ། བཟང་མོ་གལ་ཏེ་བུ་ཕོ་སྐྱེས་ན་དེ་ལྟ་ན་ལེགས། འདི་ལྟར་བུ་མོ་སྐྱེས་ན་ལྷན་ཅིག་པ་སྐྲད་བར? བྱའོ། །ཇི་ཙམ་ན་ཟླ་བ་དབུ་འདས་པའི་འོག་ཏུ་དེའི་ཆུང་མལ་བུ་མོ་གཟུགས་བཟང་ལ་མཛེས་ཤིང་བལྟ་ན་སྡུག་པ་མིའོ་ཁ་དོག་མ་ཐོབ་པ་གོས་དཀར་པོས་གཡོགས་པ་མངལ་གྱི་ཉེས་པས་མ་གོས་པ་ཞིག་བཙས་སོ། །ཇི་ཙམ་ན་ཆུང་མ་ལ་བུ་མོ་བཙས་པ་ཐོས་ནས་ཁྲོ་བ་དང་བཅས་པས ནང་དུ་ཞུགས་པ་དང། རྐང་པ་ལྷའི་གོས་ཀྱིས་དཀྲིས་པའི་བུ་མོ་དེ་བྱིན་པ་དང། ཤཱཀྱས་བུ་མོ་དེ་མཐོང་ནས་ངོ་མཚར་སྐྱེས་པར་གྱུར་ཏོ། །དེ་བཙས་པའི་བཙས་སྟོན་དག་བྱས་ཏེ་མིང་འདོགས་པར་བྱེད་པ་ན། ཀྱེ་ཤེས་ལྡན་དག་བུ་མོ་འདིའི་མིང་ཅིང་གདགས། གཉེན་རྣམས་ཀྱིས སྨྲས་པ་གང་དག་ཕྱིར་བུ་མོ་འདི་གོས་དཀར་པོ་དང་བཅས་པར་སྐྱེས་པ་དེའི་ཕྱིར་བུ་མོ་འདིའི་མིང་དཀར་མོ་ཞེས་གདགས་སོ། །བུ་མོ་དཀར་མོ་ཇི་ལྟ་ཇི་ལྟར་ཆེར་སྐྱེས་པ་དེ་ལྟ་དེ་ལྟར་གོས་ཀྱང་སྐྱེ་ཞིང་དྲི་མ་དང་བྲལ་བར་གྱུར་ཏོ། །དེའི་ལུས་ལ་རྡུལ་དང་དྲི་མས་མི་གོས་པར་གྱུར་ཏེ།། གང་གི་ཚེ་བུ་མོ་དཀར་མོ་རིམ་གྱིས་ཆེན་པོར་གྱུར་པ་དེའི་ཚེ། དེ་ལ་རྒྱལ་པོའི་བུ་དང་བློན་པོའི་བུ་དང། ཕྱུག་པོའི་བུ་དག་གིས་སློང་དུ་འོངས་ཤིང་དེ་དེ་དག་གིས་གཙེས་པ་དང། གལ་ཏེ་ནས?་མ་བྱིན་ན་བགྲང་བར་འགྱུར་རོ་ཞེས་དེའི་ཕ་ལག་པ་འགྲམ་པ་ལ་བཏང་དེ་སེམས་ཁོང་དུ ཆུད་ཅིང་འདུག་པར་གྱུར་ཏོ། །ཇི་ཙམ་ན་བུ་མོས་ཕ་སེམས་ཤིང་འདུག་པ་མཐོང་ནས། ཕ་ཅི་ཞིག་སེམས་དེ་ལ་ངས་དོན་དེ་དག་རྒྱས་པར་བརྗོད་པ་དང། བུ་མོས་སྨྲོས་པ། ཕ་འདི་སྙད་བྱ་ཅི་དགོས། བདག་ནི་འདོད་པ་དོན་དུ་གཉེར་བ་མ་ཡིན་གྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ རབ་ཏུ་བྱུང་གིས་པ་མཁྱེན་པ་མཛོད་ཅིག་། དེ་ཇི་སྲིད་དུ་ཕ་དང་མས་གནང་ནས་རབ་ཏུ་བྱུང་སྟེ། གོས་གང་གིས་དཀྲིས་ཏེ་སྐྱེས་པ་དེ་ཉིད་ཡོངས་སུ་རྫོགས་པའི་ཆོས་གོ་བ?་ལྔ་པར་གྱུར་ཏོ། །དེས་སྦྱོར་ཞིང་བརྩོན་པ་དང་འདུན་ཅིང་འབད་པས་རྒྱུ་བ་དང་མི་རྒྱུ་བའི་འགྲོ་བ་ལྔའི་འཁོར བ་འདི་ཉིད་རབ་ཏུ་རིག་ནས་འཁོར་བའི་འདུ་བྱེད་ཐམས་ཅད་རྡུལ་བ་རིང?་ལྷུང་བ་དང་རྣམ་པར་འགྱུར་བ་དང་འཇིགས་པའི་ཆོས་ཅན་སྤངས་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ཤིང་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་གསེར?་དང་བདེ?་བ། ནམ་མཁའ་དང་ལག་མཐིལ། ཙན་དན་དང་སྟེའུ་རུ་མཚུངས་ཤིང་རིག་པ་དང། རྣམ་པར་གྲོལ་བའི་སྤོབས་པ་ཅན་རྙེད་པ་དང་བཀུར་སྟི་ལ་ཁ་ཕྱིར་ཕྱོགས་པ་ལྟའི་དབང་པོས་མཆོད་ཅིང་གུས་པར་བྱ་བ་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དཀར་མོས་ལས་ཅི་ཞིག་བྱས་ནས་གང་གིས་ན་ཕྱུག་པོའི་རིགས་སུ་སྐྱེས་ཤིང་གཟུགས་བཟང་ཞིང་མཛེས་པ་དང་བལྟ་ན་སྡུག་པར་གྱུར། ཅི་ཞིག་བྱས་པས་ན་གོས་དཀར་པོས་དཀྲིས་བཞིན དུ་སྐྱེས་ཤིང་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དཀར་མོ་ཉིད་ཀྱིས་སྐྱེ་བ་སྔ་མ་ལ་ལས་བྱས་ཤིང་བསགས་ལ་སོ་སོར་ཐོབ་པར་བྱས་པ་ནུ?་པ་བཞིན་དུ་ཉེ་བར་གནས་པ་སྟེ། གཞན་གྱིས་བྱས་ཤིང བསགས་པ་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུ་དང་མེ་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་གྱི། འོན་ཀྱང་ལས་བྱས་ཤིང་བསགས པ་ནི་ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུང་མི་ཟད། །ཚོགས་ཤིང་བུས་ལ་བབ་པ་ན། །འབྲས་བུ་རབ་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས འོད་སྲུངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བ་ར་ཎཱ་སེའི་གྲོང་ཁྱེར་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བརྟེན་ཅིང་བཞུགས་སོ། །ཇི་ཙམ་ན་ཕྱུག་པོའི་ཆུང་མ་དང་དད་པ་ཅན་རང་བཞིན་བཟང་ཞིང་དགེ་པའི་བསམ་པ་ཅན་ཞིག་།བྱ་བ་འགའ་ཞིག་གིས་ཕྱིར་དྲང་སྲོང་སྨ་བ་རི དྭགས་ཀྱི་ནགས་སུ་འོངས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་སྐྱོས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་རྣམ་པར་བརྒྱན་པ་ཉི་མ་སྟོང་པས་ལྷག་པའི་གཟི་བརྗིད་ཅན་བྱོན་པ། རིན་པོ་ཆེའི་རི་བོ་ལྟ་བུའི་འོད་ཟེར་ཀུན ནས་འབར་བ་དང་བཅས་ཞིང་བལྟ་བར་བྱ་བའི་བཅོམ་ལྡན་འདས་དེས་མཐོང་ནས་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཆོས་མཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འདུག་གོ་། དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་ཆོས་བསྟན ནས། བཅོམ་ལྡན་འདས་ལ་མངོན་པར་དང་སྟེ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་ནས་དགེ་སློང་གི་དགེ་འདུན་ལ་ཆོས་གོས་ཕུལ་ཏེ། རིམ་གྱིས་ཕ་དང་མས་རྗེས་སུ་གནད་ནས་བཅོམ་ལྡན་འདས་དེའི་བསྟན་པ་ལ་རབ་ཏུ བྱུང་ངོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཕྱུག་པོའི་ཆུང་མ་དེ་ཉིད་དགེ་སློང་མ་དཀར་མོ་ཡིན་ནོ། །དགེ་སློང་གི་དགེ་འདུན་ལ་སྤྲ?་བརྒྱད་གི་ཆོས་གོས་ཕུལ་བས་གོས་དཀར་པོས་དཀྲིས་བཞིན་དུ་སྐྱེས་ཤིང་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་ཤིང་ཡོངས་སུ་བསྲུངས པ་དེས་ན་སྐྱེ་བ་བཅོམ་ཞིང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་བ་ཞེས་པ་ཡིན་ཞིང། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ། འདྲེན་མ་རྣམས་ཀྱི་ནི་འདྲེན་མ ཡིན་པ་དེའི་ཕྱིར་དགེ་སློང་དག་ལས་གཅིག་ཏུ་གནས་པའི་ལས་རྣམས་དང། འདྲེན་མ་རྣམས་སྤང་བར་བྱ་ཞིང། གཅིག་ཏུ་དཀར་བའི་ལས་རྣམས་ཡོངས་སུ་སྤྱད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། དགེ་སློང་དག་བཅོམ་ལྡན་འདས ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ། ། །།བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་གསུངས་སོ་ཞེས་བྱ་བ་ལ། བཞི་ལས་འཕྲོས་པའི སྒོ་ལྔ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མདོ་ལས་བསམ་པར་བྱ་བ་རྣམ་གཉིས་ཏེ་བཤད་པ་དང། འདི་ཉིད་དུ་ཡང་གོ་རིམ་ལས་བཟློག་པའི་མཛོད་ཀྱི་གནས་གཉིས་པར་བཤད་པ་ལྟ་བུའོ།། །།བཏགས་པ་ལས འདི་སྐད་དུ་ཞེས་བྱ་བ་ལ། མཛོད་ཀྱི་གནས་གཉིས་པ་དབང་པོའི་རྣམ་པར་བཤད་པ་ཕྲ་རྒྱས་བཏགས་པ་ལ་བཤད་པ་བཞིན་ནོ།། །།ཕ་མའི་ནུར་ནུར་པོའི་མི་གཙང་བ་ལས་སྐྱེས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་འདི་ལྟ་སྟེ། འདི་ན་སྤྲུལ་གདུག་པ་གཟི་བརྗིད་དྲག་པ་དུག་དྲག་པ་བཞི་སྒྲོམ་གཅིག་གི་ནང་དུ་བཅུག་པར་གྱུར་ཅིང། དེ་ནས་སྐྱེས་བུ་བྱིས་པའི་རང་བཞིན་མ་ཡིན་པ། རྨོངས་པ མ་ཡིན་ཞིང་ཡང་དག་པའི་ཤེས་པ་དང་ལྡན་པ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་འཚོ་བར་འདོད་ཅིང། འཚོ་བ་དང་རྗེས་སུ་མཐུན་པ་འགའ་ཞིག་འོངས་ཏེ། དེ་ལ་གཞན་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་སྤྲུལ་གདུག་པ་གཟི བརྗིད་དྲག་ཅིང་དུག་དྲག་པ་བཞི་སྒྲོམ་གཅིག་གི་ནང་དུ་བཅུག་ཅིང་ཁྱོད་ཀྱིས་དེ་ལ་དུས་དུས་སུ་བྱུག་པར་བྱ། དུས་དུས་སུ་ཁྲུས་བྱ་ཞིང། དུས་དུས་སུ་ཟས་སྦྱིན་པར་བྱ་ཞིང། དུས་དུས་སུ་ཡང་དག་པར་བདེ་བ་ལ་སྦྱར་བར་བྱའོ། །ཀྱེ་སྐྱེས་བུ་གང་གི་ཚེ སྤྲུལ་གདུག་པ་གཟི་བརྗིད་བྲག་ཅང་དུག་དྲག་པ་བཞི་པོ་འདི་དག་ལས་གང་ཡང་རུང་བ་ཞིག་ཁྲོས་པར་གྱུར་ན་དེའི་རྒྱུས་ཁྱོད་འཆི་བ་འམ་འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ཀྱེ་སྐྱེས་བུ་ཁྱོད་བདག་ཉིད་ཀྱི་བྱ་བ་གང ཡིན་པ་དེ་བྱོས་ཤིག་ཅེས་སྨྲས་ན། དེ་ནས་སྐྱེས་བུ་དེ་སྤྲུལ་གདུག་པ་གཟི་བརྗིད་ཆེ་ཞིང་དུག་དྲག་པ་བཞི་སྒྲོམ་གྱི་ནང་དུ་བཅུག་པས་འཇིགས་ནས། གང་གིས་ན་མྱུར་བ་མྱུར་བར་འབྲོས་པར་བྱེད་པ་ན་སྐྱེས་བུ་གཞན་ཞིག་གིས་ཀྱེ་སྐྱེས་བུ་ཁྱོད་ཕྱི་ཕྱི་བཞིན་དུ་བདར་འོང་གིས དེས་ཁྱོད་ལ་གནོད་པ་འམ་གནོད་པར་འགྱུར་གྱིས་ཀྱེ་སྐྱེས་བུ་ཁྱོད་རང་གི་བྱ་བ་གང་ཡིན་པ་དེ་བྱོས་ཤིག་ཅེས་སྨྲས་པ་དང། དེ་ནས་སྐྱེས་བུ་དེ་སྤྲུལ་གདུག་པ་གཟི་བརྗིད་ཆེ་ཞིང་དུག་དྲག་པ་བཞི་སྒྲོམ་གཅིག་གི་ནང་དུ་བཅུག་པ་དང། གཤེད་མའི་སྐྱེས་བུ་ལག ན་རལ་གྲི་ཐོགས་པ་ལྔས་རབ་ཏུ་འཇིགས་ཏེ་གང་གི་ན་མྱུར་བ་མྱུར་བར་འབྲོས་པ་ན། སྐྱེས་བུ་གཞན་ཞིག་གིས་སྐྱེས་བུ་གཤེད་མའི་ཀྱེ་སྐྱེས་བུ་དྲུག་པ་ཞིག་གིས་ཕྱི་ནས་སྙེག་ཅིང་ཕྱི་ནས་ཉེ་བར་འོངས་ཞིང་འདུག་གིས། ངེས་ཁྱོད་ཀྱི་མགོ་དྲུངས་ནས་བཅད་དེ ས་ལ་བསྒྱུར་བར་འགྱུར་གྱིས། ཀྱེ་སྐྱེས་བུ་ཁྱོད་རང་གི་བྱ་བ་གང་ཡིན་པ་དེ་བྱོས་ཤིག་ཅེས་སྨྲས་པ་དང། སྤྲུལ་གདུག་པ་གཟི་བརྗིད་ཆེ་བ་བཞི་སྒྲོམ་གཅིག་གི་ནང་དུ་བཅུག་པ་དང། གཤེད་མའི་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་ལྔ་དང། གཤེད་མའི་སྐྱེས བུ་དྲུག་པ་དྲུང་ན་ཉེ་བ་དེ་དག་གིས་ཤིན་ཏུ་འཇིགས་ཏེ་མྱུར་བ་མྱུར་བ་འབྲོས་པ་དང། དེས་ན་གྲོང་པ་ཞིག་མཐོང་ངོ། །དེ་གྲོང་སྟོང་པ་དེར་ཞུགས་ཏེ། ཇི་སྲིད་དུ་ཁང་པ་སྟོང་པ་དེར་བལྟས་པ་ན་སྟོང་པ་འབའ་ཞིག་མཐོང་སྟེ། རྫུན་པ་ཉིད་དང། བསླུ་བ་ཉིད་དང སྙིང་པོ་མེད་པ་ཉིད་མཐོང་ཞིང་གང་གནོད་པ་མཐོང་བ་དེ་དག་ཀྱང་བརྫུན་པ་དང། བསླུ་བ་དང། སྙིང་པོ་མེད་པར་མཐོང་བ་ལ་སྐྱེས་བུ་གཞན་ཞིག་འདི་སྐད་ཅེས། ཀྱེ་སྐྱེས་བུ་ཁང་པ་སྟོང་པ་འདིར་གྲོང་ལ་གནོད་པའི་རྐུན་མ་འབྱུང་བར་འགྱུར་གྱིས་ངེས་ཁྱོད བཟུང་ནས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྲོག་དང་ཕྲལ་བར་འགྱུར་གྱིས། ཀྱེའི་སྐྱེས་བུ་ཁྱོད་རང་གི་བྱ་བ་གང་ཡིན་པ་དེ་བྱོས་ཤིག་ཅེས་སྨྲས་པ་དང། དེ་ནས་སྐྱེས་བུ་དེ་སྤྲུལ་གདུག་པ་བཞི་ཞེས་བྱ་བས། གཤེད་མའི་སྐྱེས་བུ་དྲུང་ན་ཉེ་བ་དང། ག་རོང་སྟོང་པ་ལ་གནོད་པའི་རྐུན་མ་དག་གིས་རབ་ཏུ་འཇིགས་ཏེ་མྱུར་བར་མྱུར་བར་བྲོས་པ་ན་དེས་དེ་ན་ཆུ་བོ་ཆེན་པོ་རི་ལས་འབར་བའི་ཆུ་བོ་རྒྱུན་རིང་ཞིང་གཏིང་ཟབ་པར་མྱུར་བར་འགྲོ་ཞིང་ཁྱེར་བར་བྱ་བ་ཁྱེར་བར་བྱེད་པ་ཚུ་རོལ་གྱི དོགས་དོགས་པ་དང་བཅས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བར་གྱུར་ཅིང། ཕ་རོལ་གྱི་དོགས་ཞི་ཞིང་བདེ་བ་གྲུབ་པ་དང། བདེ་བ་དང་བཅས་པ་དེ་ཚུ་རོལ་གྱི་དོགས་ལས་ཕ་རོལ་གྱི་དོགས་སུ་རྒོལ་བར་བྱེད་པར་གྲུ་འམ་རྫིངས་མེད་པར གྱུར་ཅིང། དེ་ལྟ་བུའི་ཆུ་བོ་ཆེན་པོ་རི་ལས་འབབ་པའི་ཆུ་བོ་རྒྱུས་རིང་ཞིང་གཏིང་ཟབ་མྱུར་བར་འགྲོ་ཞིང་ཁྱེར་བར་བྱ་བ་ཁྱེར་བར་བྱེད་པ་ཚུ་རོལ་གྱི་དོགས་དོགས་པ་དང་བཅས་པ་འཇིགས་པ་དང་བཅས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བར གྱུར་ཅིང། ཕ་རོལ་གྱི་དོགས་ཞི་ཞིང་བདེ་བ་གྲུབ་པ་དང་བདེ་བ་དང་བཅས་པ་འདི་ལས་ཆུ་ལས་ཕ་རོལ་ཏུ་བརྒལ་བར་བྱེད་པ་གྲུ་འམ། རྫིངས་གང་དག་གིས་རྩཝ་འམ་ཤིང་དམ་ཡལ་ག་དང་འདབ་མ་དག་བསྡུས་ཏེ་གཟིགས་སུ་ཞུགས་ཤིང། གཟིངས་ལ་བརྟེན ཏེ་ལག་པ་དང། རྐང་བའི་རྩོལ་བ་བརྩམ་པར་བྱའོ་ཞེས་དེ་སྙམ་དུ་བསམས་ནས། རྩ་དང་ཤིང་དང་འདབ་མ་དང་ལོ་མ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ། གཟིངས་འཆིད་བར་བྱེད་དོ། གཟིངས་བཅིངས་ཏེ། གཟིངས་ལ་ཞུགས་ཤིང་གཟིངས ལ་བརྟན་གཟིངས་ལ་གནས་ཏེ། ལག་པ་དང་རྐང་པའི་རྩོལ་བ་རྩོམ་པར་བྱེད་དེ། ཇི་ལྟར་ལག་པ་དང་རྐང་པའི་རྩལ་བརྩོམ་པར་བྱེད་པ་དེ་ལྟར་སྒྲོམ་སྤངས་ཤིང་སྤྲུལ་གདུག་པ་གཟི་བརྗིད་ཆེ་ཞིང་དུག་དྲག་པ་བཞི་སྒྲོམ་གཅིག་གི་ནང་དུ བཅུག་པ་སྤངས་པར་གྱུར་ཅིང། གཤེད་མའི་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་སྤངས་པར་གྱུར་ཅིང། གཤེད་མའི་སྐྱེས་བུ་དྲུག་པ་དྲུང་ན་ཉེ་བར་སྤངས་ཤིང། ཁང་པ་སྟོང་པ་སྤངས་ཤིང། གྲོང་འཇོམས་པའི་རྐུན་མ་སྤངས་པར་གྱུར་ཅིང ཆུ་བོ་ཆེན་པོ་རི་ལས་འབའ་ཅིང་རྒྱུན་རིང་ལ་གཏིང་ཟབ་པ་མྱུར་བར་འགྲོ་ཞིང་ཁྱེར་བར་བྱ་བ་ཁྱེར་བར་བྱེད་པ་རིང་དུ་སྤངས་པར་གྱུར་ཅིང། ཚུ་རོལ་གྱི་དོགས་དོགས་པ་དང་བཅས་པ་འཇིགས་པ་དང་བཅས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་སྤངས་ཤིང་རིང་དུ བྱས་པར་འགྱུར་ཞིང། ཕ་རོལ་གྱི་དོགས་ཞི་ཞིང་བདེ་བ་དང་གྲུབ་པ་དང་བདེ་ལེགས་སུ་བརྒལ་ནས་ཕ་རོལ་དུ་ཕྱིན་ཏེ་ཚངས་ཤིང་གནས་སོ། །དགེ་སློང་དག་འདི་ནི་ཇི་སྲིད་དུ་དོན་ཤེས་པར་བྱ་བའི་ཕྱིར་དཔེར་བྱས་པ་ཡིན་གྱི། འདིའི་དོན་ནི་གཞན་དུ་བལྟ་བར་བྱ སྟེ། དགེ་སློང་དག་སྒྲོམ་ཞེས་བྱ་བ་ནི་ལུས་ཀྱི་ཚིག་བླ་དགས་ཏེ། གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་མི་གཙང་བ་ནུར་ནུར་པོ་ལས་བརྟེན་ཏེ་སྐྱེས་པ། འབྲས་ཆན་དང་ཟན་དོན་གྱིས་གསོས་པ། རྟག་པར་རྒྱུན་དུ་བརྫུན པ་བསླུ་བ་ཡོངས་སུ་འཇིག་པའི་ཆོས་ཅན་གྱི་ཚིག་བླ་དགས་སོ། །སྤྲུལ་གདུག་པ་བཞི་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞིའི་ཚིག་བླ་དགས་སོ། །དེ་བཞི་གང་ཞེ་ན། ས་དང། ཆུ་དང། མེ་དང། རླུང་ངོ། །དགེ་སློང་དག་སའི་ཁམས་འཁྲུགས་ན་ཡང་འཆི་བ་འམ་མཆི བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་མྱོང་བར་འགྱུར་རོ། །གཤེད་མའི་སྐྱེས་བུ་ལག་ན་རལ་གྲི་ཐོགས་པ་ལྔ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཚིག་བླ་དགས་སོ། །གཤེད་མའི་སྐྱེས་བུ་དྲུག་པ་དྲུང་ན་ཉེ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཚིག་བླ་དགས་སོ།། གྲོང་སྟོང་པ་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱི་སྐྱེ་མཆེད་རྣམས་ཀྱི་ཚིག་བླ་དགས་སོ། །དགེ་སློང་དག་དགེ་སློང་རིགས་ཀྱི་བུ་མིག་ལ་སྟོང་པ་ཉིད་དུ་བལྟ་བར་བྱེད་ཅིང་དགེ་སློང་དག་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ལ་རིགས་ཀྱི་བུ་དེ་ལྟ་བས་ན སྟོང་པ་ཉིད་དུ་མཐོང་བར་འགྱུར་ཞིང་རྫུན་པ་ཉིད་དང། བསླུ་བ་ཉིད་དུ་མཐོང་བར་འགྱུར་ཞིང། དགེ་སློང་དག་རིགས་ཀྱི་བུ་མིག་ལ་ཤིན་དུ་རྫུན་པ་དང། བསླུ་བ་དང། གསོག་དང། སྙིང་པོ་མེད་པར་མཐོང་བར་འགྱུར་ཞིང། དགེ་སློང་དག་རིགས་ཀྱི་བུ་རྣ་བ་དང སྣ་དང། ལྕེ་དང། ལུས་དང། ཡིད་ལ་ཤིན་ཏུ་རྫུན་པ་དང། བསླུ་བ་དང། གསོག་དང་སྙིང་པོ་མེད་པ་ཉིད་དུ་མཐོང་བར་འགྱུར་རོ། །གྲོང་འཇོམས་པའི་རྐུན་པོ་ཞེས་བྱ་བ་ནི་ཕྱིའི་སྐྱེ་མཆེད་རྣམས་ཀྱི་ཚིག་བླ་དགས་ཏེ། གཟུགས ཡིད་དུ་འོང་བ་དང་མི་འོང་བས་མིག་འཇོམས་པར་བྱེད་དོ། །རྣ་བ་སྒྲས་སྣ་དྲེས་ལྕེ་རོས། ལུས་རེག་བྱས་དགེ་སློང་དག་ཡིད་ནི་ཆོས་ཉིད་དུ་འོང་བ་དང་མི་འོང་བ་རྣམས་ཀྱིས་འཇོམས་པར་བྱེད་དོ། །དགེ་སློང་དག་ཆུ་བོ་ཆེན་པོ་ཞེས་བྱ་བ་ནི་ཆུ་བོ་བཞི་པོ་འདོད་པའི་ཆུ་བོ་དང། སྲིད པའི་ཆུ་བོ་དང། ལྟ་བའི་ཆུ་བོ་དང། མ་རིག་པའི་ཆུ་བོའི་ཚིག་བླ་དགས་སོ། །དགེ་སློང་དག་རྒྱུན་རིང་པོ་ཞེས་བྱ་བ་ནི་སྲིད་པ་གསུམ་པོ་འདོད་པའི་སྲིད་པ་དང། གཟུགས་ཀྱི་སྲིད་པ་དང། གཟུགས་མེད་པའི་སྲིད་པ་གསུམ་གྱི་ཚིག་བླ་དགས་སོ། །ཚུ་རོལ་གྱི་འགྲམ་དོགས པ་དང་བཅས་པ་འཇིག་པ་དང་བཅས་པ་འཇིག་པ་ཐ་དད་པས་འཇིགས་སུ་རུང་བ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་ཚིག་བླ་དགས་སོ། །ཕ་རོལ་གྱི་འགྲམ་ཞི་ཞིང་བདེ་བ་གྲུབ་པ་དང་བདེ་བ་བཅས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས པའི་ཚིག་བླ་དགས་སོ། །གཟིངས་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཚིག་བླ་དགས་སོ། །ལག་པ་དང་རྐང་པའི་རྩོལ་བ་རྩོམ་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པའི་ཚིག་བླ་དགས་སོ། །ཕ་རོལ་ཏུ་ཕྱིན་ཅིང་བརྒལ་ལ་ཚངས་ཤིང་གནས་སོ་ཞེས བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་སོ། །དགེ་སློང་དག་ཉན་ཐོས་རྣམས་ཀྱི་དྲན་པར་བྱའོ་ཞེས་བྱ་བ་ནས། འདི་ནི་ངའི་རྗེས་སུ་བསྟན་པའོ་ཞེས་བྱ་བའི་བར་དུ་གསུངས་སོ། །ཀུན་དགའ་བོ་ལ་གདམས པ་ལས་ཀྱང་ཀུན་དགའ་བོ་གདམས་པ་འདི་ལྟར་འདོན?་ཏེ། སྲིང་མོ་ལུས་ཞེས་བྱ་བ་ནི་ལུས་ཀྱི་ཚིག་བླ་དགས་ཏེ། གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་ཕའི་མི་གཙང་བ་ནུར་ནུར་པོ་ལས་སྐྱེས་པ་འབྲས་ཆན་དང་ཟན་དོན་གྱིས་སྐྱེད་ཅིང་རྟག ཏུ་འདུལ་ཞིང་ཡོངས་སུ་ཉམས་པ་འཇིག་ཅིང་རྣམ་པར་འགྱུར་བའི་ཆོས་ཅན་གྱི་ཚིག་བླ་དགས་སོ། །དེ་བཞིན་དུ་གཞན་ལས་ཀྱང་ངོ། །དགེ་སློང་དག་ཁྱེད་ཀྱིས་ཡུན་རིང་པོར་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཡངས་པ་ཅན སྤྲེའུ་རྫིང་གི་གཙུག་ཁང་དུ་བཞུགས་ཏེ། དེ་ནས་ལམ་དུ་གནས་པ་བཞི་བཅུ་པོ་ཐམས་ཅད་ཀྱང་དགོན་པ་པ། བསོད་སྙོམས་པ། ཕྱིས་མི་ལེན་པ། སློབ་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགེ་སློང་ལམ་དུ་གནས་པ་བཞི་བཅུ་པ་འདི་དག་ཐམས་ཅད་ཀྱང་དགན་པ་པ། བསོད་སྙོམས་པ། ཕྱིས་མི་ལེན་པ། སློབ་པ འདོད་པ་ལས་འདོད་ཆགས་དང་བྲལ་བ་དག་ཡིན་ལ། གང་བདག་གིས་འདི་དག་འདི་ན་འདུག་བཞིན་དུ་ཇི་ལྟར་ཉེ་བར་ལེན་པ་མེད་པར་ཟག་པ་དག་ལས་སེམས་རྣམ་པར་གྲོལ་བར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པར་བྱའོ་སྙམ་དུ་དགོངས་ནས། དེ་ནས་བཅོམ ལྡན་འདས་ཀྱིས་དགེ་སློང་བཞི་བཅུའི་ཚོགས་ལ་བོས་ཏེ། དགེ་སློང་དག་སེམས་ཅན་ཐོག་མ་དང་ཐ་མ་མེད་པའི་འཁོར་བར་མ་རིག་པས་བསྒྲིབས་ཤིང་སྲེད་པ་ཀུན་ཏུ་སྦྱོར་བས། སྲེད་པས་བཅིངས་པ་ཡུན་རིང་པོ་ནས་འཁོར་བར་ཉིང་མཚམས་སྦྱོར་ཞིང་འཁོར བ་རྣམས་ཀྱི་སྡུག་བསྔལ་གྱི་མངོན་གྱི་མཛའ་མི་ཤེས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། འདི་ལྟར་ཆུ་བོ་གངྒཱ་གང་ནས་འབབ་པ་རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱིས་གངྒཱའི་ཆུ་མང་ངམ། གང་ཡང་ཁྱེད་ཅག་གི་ཡུན་རིང་པོའི་དུས་ན་འཁོར་བར ཉིང་མཚམས་སྦྱོར་བའི་ཁྲགས་ཟགས་པར་གྱུར་པ་མེད། བཙུན་པ་ཇི་ལྟར་བདག་ཅག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་འཚལ་བ་ལྟར་ན། འདི་ལྟར་ཆུ་བོ་ཆེན་པོ་གངྒཱ་གང་ནས་འབབ་པ་དང། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི ཆུ་བས་བདག་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་འཛག་པ་ཉིད་ཆེས་མང་ངོ། །དགེ་སློང་དག་ལེགས་སོ་ལེགས་སོ། །འདི་ལྟར་ཆུ་བོ་གངྒཱ་གང་ནས་འབབ་པ་དང། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གངྒཱའི ཆུ་བས་ཁྱོད་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་པའི་ཁྲག་ཟགས་པར་གྱུར་པ་ཆེས་མང་ངོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། འདི་ལྟར་ཆུ་བོ་གངྒཱའི་གང་ནས་འབབ་པ་དང། རྒྱ་མཚོ་ཆེན་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི་ཆུ་དང། གང་ཡང་ཤར ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་མང་ངམ། གང་ཡང་ཁྱེད་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་ཟག་པ་མང། བཙུན་པ་ཇི་ལྟར་བདག་ཅག་གིས་བཅོམ་ལྡན་འདས་ཀྱིས བཤད་པའི་དོན་འཚལ་བ་ལྟར་ན་འདི་ལྟར་ན་འདི་ལྟར་ཆུ་བོ་གངྒཱ་གང་ནས་འབབ་པ་དང། རྒྱ་མཚོ་ཆེན་པོ་གང་དུ་འཇུག་པ་དེའི་བར་གྱིས་གངྒཱའི་ཆུ་དང། གང་ཡང་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ཀྱི་རྒྱ་མཚོ ཆེན་པོ་བཞིའི་ཆུ་བས་བདག་ཅག་གི་ཡུན་རིང་པོར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་ཟགས་པར་གྱུར་པ་ཆེས་མང་ངོ། །དགེ་སློང་དག་ལེགས་སོ་ལེགས་སོ། །འདི་ལྟར་ཆུ་བོ་གངྒཱ་གང་ནས་འབབ་པ་དང། རྒྱ་མཚོ་ཆེན་ཕོ་གང་དུ་འཇུག་པ་དེའི་བར་གྱི་གངྒཱའི ཆུ་བོ་དང། གང་ཡང་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང། ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བོས་ཁྱེད་ཅག་གི་ཡུན་རིང་བར་འཁོར་བར་ཉིང་མཚམས་སྦྱོར་བའི་ཁྲག་ཟེགས་པར་གྱུར་པ་འདི་ཉིད་ཆེས་མང་དེ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཁྱེད་ཅག་ལུན་རིང་པོར་གླང་པོ་ཆེ་དང། སྐལ་བ་མཉམ་པར་སྐྱེས་ཏེ། གླང་པོ་ཆེར་གྱུར་ཅིང་ལག་པ་བཅད་པ་ཉམས་སུ་མྱོང་བ་དང། རྐང་བ་བཅད་པ་དང། རྣ་བ་བཅད་པ་དང། མགོ་བཅད་པ་དང། སོ་འདོན་པ་ལན་དུ་མར ཉམས་སུ་མྱོང་བར་གྱུར་ཅིང། ལན་དུ་མར་ཁྲག་ཟགས་པར་གྱུར་ཏོ། །དགེ་སློང་དག་ཁྱེད་ཅག་ཁྱི་དང། སྔ་མོ་དང། བ་ལང་དང། བོང་བུ་དང། ར་དང། རི་དགས་དང། མ་ཧེ་དང། ཕག་དང། ཁྱིམ་བྱ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཤིང་ཁྱིམ་བྱར་གྱུར་ཏེ། ལག་པ བཅད་པ་ཉམས་སུ་མྱོང་བ་དང། རྐང་པ་བཅད་པ་དང། རྣ་བ་བཅད་པ་དང། མགོ་བོ་བཅད་པ་དང། མཆུ་གཅོད་པར་གྱུར་པའི་སྡུག་བསྔལ་དུ་མ་ཉམས་སུ་མྱང་བར་གྱུར་ཅིང་ལན་མང་དུ་ཁྲག་ཟགས་པར་གྱུར་ཏོ། །དགེ་སློང་དག་ཁྱད་ཅག་ཡུན་རིང་པོར་རྐུན་མར་གྱུར་ཏེ བཟུང་བ་དང། མི་གཞན་གཞན་གྱིས་བཟུང་བ་འཕྲོག་པ་དང། གཞན་འཆིད་བ་དང། རྒྱུན་གཅོད་པ་དང། བཅིངས་བ་འགྲོལ་བ་དང། ཆོམ་རྐུན་པ་དང། གྲོད་འཇམས་པ་དང། གྲོང་ཁྱེར་འཇོམས་པ་དང། ཡུལ་འཇམས་པ་དང། ལྗོངས་འཇམས་པ་ཡིན་ནོ་ཞེས བཟུང་བ་དང། དེར་ལན་དུ་མར་ལག་པ་བཅད་པ་ཉམས་སུ་མྱོང་ཞིང། རྐང་པ་བཅད་པ་དང། རྣ་བ་བཅད་པ་དང། སྣ་བཅད་པ་དང། མགོ་བོ་བཅད་པ་ཉམས་སུ་མྱོང་ཞིང་དེར་ལན་དུ་མར་ཁྲག་ཟགས་པར་གྱུར་ཏེ། །དགེ་སློང་དགེ་སློང་དག་ཁྱེད་ཀྱིས་ཡུན་རིང་པོར སྡུག་བསྔལ་དྲག་པ་ཚ་བ་རྩུབ་པ་ཡོངས་སུ་མྱོང་ཞིང་དུར་ཁྲོད་བ་སྐྱེད་དོ། །ཁྲག་གི་ཐིགས་པ་བླངས་སོ། །ལན་ཅིག་མ་ཡིན་པར་དམྱལ་བ་དང། ལན་ཅིག་མ་ཡིན་པར་དུད་འགྲོ་དང། ལན་ཅིག་མ་ཡིན་པར་ཡི་དགས་དང། ལན་ཅིག་མ་ཡིན་པར་ངན་སོང་ངན འགྲོ་ལོག་པར་ལྟུང་བར་གྱུར་ཏོ། །དགེ་སློང་དག་གཟུགས་རྟག་པ་འམ་མི་རྟག་པ་ཡིན་སྙམ་སེམས། བཙུན་པ་འདི་ནི་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བ་ཡིན་ནམ། བཙུན་པ་འདི་ནི་སྡུག་བསྔལ་བའོ། །གང་མི་རྟག་པ་དང། སྡུག་བསྔལ་བ་དང། ཡོངས སུ་འགྱུར་བའི་ཆོས་ཅན་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གོ?་འདི་ནི་བདག་སྟེ། འདི་ནི་བདག་གིའོ་ཞེས་བདག་དུ་ཁས་ལེན་པར་བྱེད་དམ། བཙུན་པ་མ་ལེགས་སོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་རྟག་པ་འམ་མི་རྟག་པ་ཡིན་སྙམ་དུ་སེམས། བཙུན་པ་འདི་ནི་མི་རྟག་པའོ། །གང་མི་རྟག་པ་དེ་སྡུག་བསྔལ་བའམ། སྡུག་བསྔལ་བ་མ་ཡིན། བཙུན་པ་སྡུག་བསྔལ་བ། གང་མི་རྟག་པ་དང། སྡུག་བསྔལ བ་དང། ཡོངས་སུ་འགྱུར་བའི་ཆོས་ཅན་དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ནི་བདག་གོ་།འདི་ནི་བདག་སྟེ། འདི་ནི་བདག་གིའོ་ཞེས་བདག་ཁས་ལེན་པར་བྱེད་དམ། བཙུན་པ་མ་ལགས་སོ། །དགེ་སློང་དག་དེའི་ཕྱིར་གཟུགས་གང་འདས་པ་འམ མ་འོངས་པ་དང། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། དམན་པ་འམ། གྱ་ནོམ་པ་འམ། ཐག་ཉེ་བ་འམ། རྒྱང་རིང་བ་འམ། དེ་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ནོ། །འདི་ནི་བདག་མ་ཡིན་ཏེ། བདག་གི་བདག་མེད་དེ ཞེས་འདི་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ལྟ་བར་བྱའོ། །ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་གང་ཅུང་ཟད་འདས་པའམ། མ་འདས་པ་འམ། ད་ལྟ་འབྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ གྱ་ནོམ་པ་འམ། ཐག་ཉེ་བ་འམ། རྒྱང་རིང་བ་དེ?་ཐམས་ཅད་ལ་འདི་ནི་བདག་གི་མ་ཡིན་ཞིང་བདག་མ་ཡིན་ནོ། །འདི་ནི་བདག་གི་མ་ཡིན་ནོ་ཞེས་འདི་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་བལྟ་བར་བྱའོ། །དགེ་སློང་དག་དེ་ལྟར་མཐོང་བའི་འཕགས་པ ཉན་ཐོས་པ་དང་ལྡན་པ་གཟུགས་ལ་ཡིད་འབྱུང་ཞིང་མ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ནས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ནས་གྲོལ་བར་འགྱུར་རོ། །གྲོལ་ནས བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །ཡང་སྲིད་པ་མི་ཤེས་སོ་ཞེས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ་དགེ་སློང་བཞི་བཅུའི་ཚོགས་རྣམས་ཉེ་བར་ལེན་པ་མེད་པར་ཟག་པ དག་ལས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་སོ། ། །།དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལབས་ཏེ། དགེ་སློང་དག་ཡོངས་སུ་གདུང་བ་དང བཅས་པ་དང། ཡོངས་སུ་གདུང་བ་མེད་པའི་ཆོས་བསྟན་པར་བྱ་ཡི་དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ཡོངས་སུ་གདུང་བ་དང་བཅས་པའི་ཆོས་གང་ཡིན་ཞེ་ན། དགེ་སློང་དག་སྐྱེས་པ་འམ་བུར་མེད་ཚུལ་ཁྲིམས་འཆལ་བ་?་? ཆོས་ཅན་གང་ལུས་ཀྱི་ཉེས་པར་སྤྱོད་པ་འམ། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་དང་ལྡན་པ་དག་འདི་ལྟར་འགྱུར་ཏེ། དེའི་དུས་ན་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་ཞིང་ན་ལམ་ལ་སྟན་ལ་འཇུག་ཅིང་ཁྲི་དང་སྟན་གྱི་སྟོང་ན་འདུག་པ་ལ་ལུས་ཀྱི་ཚོར་བ་སྡུག་བསྔལ བ་དྲག་པ་ཚབ་རྩུབ་པ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་རྣམས་ཀྱིས་རེག་པ་ན་གང་ཡང་དེ་འདི་ལྟར་འགྱུར་ཏེ། སྔོན་གྱི་ལུས་ཀྱི་ཉེས་པར་སྤྱད་པ་དང། ངག་གི་ཉེས་པར་སྤྱད་པ་དང་ཡིད་ཀྱི་ཉེས་པར་སྤྱད་པ་དེའི་ཚེ་དེའི་དུས་ན་མངོན་དུ་འགྱུར་ཞིང་ཆེས་གསལ བར་འགྱུར་རོ། །འདི་ལྟ་སྟེ་ཉི་མ་ནུབ་པའི་དུས་ན་རིའམ་རིའི་བང་རིམ་གྱི་གྲིབ་མ་ས་ལ་ལྷགས་པར་གྱུར། རབ་ཏུ་ལྷགས་པར་གྱུར། ཆེས་གསལ་བར་ལྷགས་པ་དེ་བཞིན་དུ། དེ་འདི་ལྟར་གང་གི་ཚེ་སྔོན་གྱི་ལུས་ཀྱི་ཉེས་པར་སྤྱད་པ་དང། དག་གི་ཉེས་པར སྤྱད་པ་དང། ཡིད་ཀྱི་ཉེས་པར་སྤྱད་པ་དེའི་ཚེ་དེའི་དུས་ན་མངོན་སུམ་དུ་འགྱུར་ཏེ། རབ་ཏུ་མངོན་དུ་འགྱུར་ཞིང་ཆེས་གསལ་བར་འགྱུར་རོ། །དེ་འདི་སྙམ་དུ་ཀྱེ་མ་འདི་ལྟར་བདག་གི་ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་ཏེ། སྡིག་པ་བྱས་སོ། །དྲག་པོ་བྱས་སོ།། ཉེས་པ་བྱས་སོ། །བསོད་ནམས་མ་བྱས་སོ། །དགེ་བ་མ་བྱས་ཤིང་འཇིགས་པ་ལ་མི་འཇིགས་པའི་སྐྱབས་མ་བྱས་པས་ཕ་རོལ་དུ་འགྲོ་བར་འགྱུར་རོ་ཞེས་འགྱོད་པ་དང་བཅས་པར་འགྱུར་ཏེ། འགྱོད་པ་དང་བཅས་ཏེ་ཤི་བ་ནི་ལེགས་པ་མ་ཡིན་ཞིང་དུས་བྱེད་པ དང་ཕ་རོལ་དུ་འགྲོ་བ་ནི་ལེགས་པ་མ་ཡིན་ནོ། །འདི་ནི་འགྱོད་པ་ཡོངས་སུ་གདུང་བ་དང་བཅས་པའི་ཆོས་ཞེས་བྱའོ། །ཡོངས་སུ་གདུང་བ་མེད་པའི་ཆོས་གང་ཞེ་ན། དགེ་སློང་དག་སྐྱེས་པ་འམ་བུད་མེད་ཚུལ་ཁྲིམས་དང་ལྡན་པ་དགེ་བའི ཆོས་ཅན་གང་ལུས་ཀྱིས་ལེགས་པར་སྤྱད་པ་དང། ངག་གིས་ལེགས་པར་སྤྱད་པ་དང། ཡིད་ཀྱིས་ལེགས་པར་སྤྱད་པ་དང་ལྡན་པ་དག་འདི་ལྟར་འགྱུར་ཏེ། དེའི་དུས་ན་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་ཞིང་ན་ལ་མལ་སྟན་ལ་འདུག་ཅིང་ཁྲི་དང་སྟན་གྱི སྟེང་ན་འདུག་པ་ལ་ལུས་ཀྱིས་ཚོར་བ་སྡུག་བསྔལ་བ་དྲག་པ་ཚ་བརྩུབ་པ་ཡིད་དུ་མི་འོང་བ་སྲོག་འཕྲོག་པར་བྱེད་པ་རྣམས་ཀྱིས་རེག་པ་ན་གང་ཡང་དེ་འདི་ལྟར་འགྱུར་ཏེ། སྔོན་ལུས་ཀྱིས་ལེགས་པར་སྤྱད་པ་དང། དག་གིས་ལེགས་པར་སྤྱད་པ་དང། ཡིད ཀྱིས་ལེགས་པར་སྤྱད་པ་དེའི་ཚེ་ན་མངོན་དུ་འགྱུར་ཞིང། རབ་ཏུ་མངོན་དུ་འགྱུར་ལ། ཆེས་གསལ་བར་འགྱུར་ཏེ། འདི་ལྟ་སྟེ། ཉི་མ་ནུབ་པའི་དུས་ན་རི་འམ་རིའི་བང་རིམ་གྱི་གྲིབ་མ་ས་ལ་ལྷགས་པར་གྱུར། རབ་ཏུ་ལྷགས་པར་འགྱུར་ཆེས་གསལ བར་ལྷགས་པ་དེ་བཞིན་དུ་དེ་འདི་ལྟར་གང་གི་མངོན་ལུས་ཀྱིས་ལས་ལེགས་པར་སྤྱད་པ་དང། ངག་གིས་ལེགས་པར་སྤྱད་པ་དང། ཡིད་ཀྱིས་ལེགས་པར་སྤྱད་པ་དེའི་ཚེ་དེའི་དུས་ན་མངོན་དུ་འགྱུར་ཏེ། རབ་ཏུ་མངོན་དུ་འགྱུར་ཞིང་ཆེས་གསལ་བར འགྱུར་རོ། །དེ་འདི་སྙམ་དུ་ཀྱེ་མ་བདག་གིས་འདི་ལྟར་ལུས་དང་ངག་དང་ཡིད་ཀྱི་དགེ་བ་བྱས་ཏེ། སྡིག་པ་དྲག་པོ་མ་བྱས་སོ། །བསོད་ནམས་བྱས་སོ། །དགེ་བ་བྱས་ཤིང་འཇིགས་པ་ལ་མི་འཇིགས་པའི་སྐྱབས་བྱ་སྟེ་འཇིག་རྟེན་ཕ་རོལ་ཏུ་འགྲོ བར་འགྱུར་རོ་ཞེས་འགྱོད་པ་མེད་པར་འགྱུར་ཏེ། འགྱོད་པ་མེད་པར་ཤི་བ་ནི་ལེགས་ཤིང་དུས་བྱེད་པ་དང་ཕ་རོལ་ཏུ་འགྲོ་བ་ནི་ལེགས་པ་ཡིན་ཏེ། འདི་འགྱོད་པ་ཡོངས་སུ་གདུང་བ་མེད་པའི་ཆོས་ཞེས་བྱའོ། །དགེ་སློང་དག་ཡོངས་སུ་གདུང་བ དང་བཅས་པ་དང། ཡོངས་སུ་གདུང་བ་མེད་པའི་ཆོས་བཤད་པར་བྱའོ་ཞེས་ཇི་སྐད་དུ་བཤད་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །འགྱོད་པ་དང་བཅས་མི་རྣམས་ཀྱི། །འཚོ་བ་ཤིན་ཏུ་དཀའ་བར་གནས། །མི་དེ་རྣམས་ཀྱི་འགྲོ་བ་དག། གང་དུ འགྲོ་བ་ལེགས་པར་ཉོན། །ཡང་སོས་དང་ནི་ཐིག་ནག་དང། །བསྡུས་འཇོམས་དུ་འབོད་གཉིས་དང་ནི། །ཚ་དང་རབ་ཏུ་ཚ་བ་དང། །མནར་མེད་པ་ཞེས་བྱ་བ་སྟེ། །དེ་ལྟར་དེ་དག་དམྱལ་བ་ནི། །བརྒྱད་ཅེས་བྱ་སྟེ་རྒལ་བར་དཀའ་། །དྲག་པོའི་ལས་ཀྱིས་ཀུན་ཏུ གང། །རེ་རེ་ལ་ཡང་ལྷག་བཅུ་དྲུག་།རྩིག་པ་བཞི་དང་སྒོ་བཞི་དང། རྣམ་ཕྱ་རིས་སུ་ཆད་པ་ཡིན། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར། །ལྕགས་དག་གིས་ནི་གང་བ་ཡིན། །དེ་ནས་ལྕགས་འབར་ས་གཞི་སྟེ། །འབར་བའི་མེ་དང་ལྡན་པ་ཡིན། །དཔག་ཚད་སྟོང ཕྲག་དུ་མར་ནི། །མེ་ལྕེ་དག་གིས་ཁྱབ་པར་གནས། །སེར་སྣ་ཅན་རྣམས་འདུལ་བྱེད་པའི། །མེ་ལྕེའི་སྒྲ་ནི་བསྒྲུབ་པར་དཀའ་། །འཇོམས་ཤིང་བ་སྤུ་ལྡང་བ་དང། །འཇིགས་པར་བྱེད་ཅིང་སྡུག་བསྔལ་བྱེད། །ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས ལ་སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བར་ལྟུང་བ་དག་ཏུ་འགྱུར། །འཚེད་བཞིན་པ་ཡི་ཉ་བཞིན་དུ། །དེ་དག་དྲག་པོས་འཇོམས་ཤིང་འཚེད། །མཚོན་གྱིས་བཅོམ་པའི་སླུ་བཞིན་དུ། །དེ་དག་རྟག་ཏུ་སྨྲེ་སྔགས་འདོན། །འདི་ལྟར་ཉེས པར་སྤྱོད་པ་རྣམས། །འོ་དོད་ཆེན་པོ་སྨྲེ་སྔགས་འདོན་ཞེས་བཀའ་སྩལ་ཏོ།། །།མངལ་དུ་འཇུག་པ་གསུམ་དག་ཞེས་བྱ་བ། གླེང་བཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག མངལ་དུ་འཇུག་པ་ནི་རྣམ་པ་གསུམ་སྟེ། ཤེས་བཞིན་དུ་མའི་མངལ་དུ་འཇུག་པ་དང། ཤེས་བཞིན་དུ་གནས་པ་དང། འབྱུང་བ་ཤེས་བཞིན་མ་ཡིན་པ་དང། མའི་མངལ་དུ་འཇུག་པ་ཤེས་བཞིན་དུ་མ་ཡིན་གྱི། གནས་པ་དང། འཇུག་པ་ཤེས་བཞིན དང། མའི་མངལ་དུ་འཇུག་པ་དང། འབྱུང་བ་དང། གནས་པ་ཡང་ཤེས་བཞིན་དུ་གནས་པ་ཡོད་དོ་ཞེས་གསུངས་སོ། །འདི་རྒྱས་པ་ནི་ཕྲ་རྒྱས་བཏགས་པའི་དབུགས་འབྱུང་བ་དྲུག་པ་ལས་བལྟ་བར་བྱའོ།། །། འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལས་ནི་ཡོད་པ་རྣམ་པར་སྨིན་པ་ནི་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་སྐྱབས་སེང་གི་གྲོང་ཁྱེར་ཀལམ་ཤ་དཾ་མིན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང དག་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ་ཚངས་པར་སྤྱོད་པ། གསལ་བར་བྱེད་པ། འདི་ལྟ་སྟེ། དོན་དམ་པ། སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་རྣམ གྲངས་བསྟན་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། མི་སྐྱེ་བ་ན་གང་ནས་ཀྱང་མི་འོང། འགག་པ་གང་དུ་མི་འགྲོ་སྟེ། དགེ་སློང་དག་འདི་ལྟར་མིག་ནི མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་ཡོངས་སུ་འཇིགས་པ་སྟེ་ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་ཕུང་པོ་འདི་འདོར་བར་བྱེད་ཅིང་ཕུང་པོ་གཞན་ཉིང་མཚམས་སྦྱོར་བར་བྱེད་པ་པོ་ནི་མི་དམིགས་སོ། ། དེ་ལ་ཆོས་སུ་བརྡར་བརྟགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་ལྟར་འདི་མེད་པས་འདི་མི་འབྱུང། འདི་མ་སྐྱེས་པས་འདི་འགག་པར འགྱུར་ཏེ། མ་རིག་པ་འགགས་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག་།མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་།སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་། རེག་པ་འགགས་པས་ཚོར་བ་འགག། ཚོར་བ་འགགས་པས་སྲེད་པ་འགག། སྲེད་པ་འགག་པས་ལེན་པ་འགག་།ལེན་པ་འགགས་པས་སྲིད་པ་འགག། སྲིད་པ་འགགས་པས་སྐྱེ་བ་འགག། སྐྱེ་བ་འགགས་པས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །འདི་ནི་དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ། །དགེ་སློང་དག་ཐོག་མར་དགེ་བ། བར དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། ཡོངས་སུ་གསལ་བར་བྱེད་པ་འདི་ལྟ་སྟེ། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱའོ་ཞེས ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། ། །།དང་པོ་ནུར་ནུར་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་མ་ག་དྷར་ལྗོངས་རྒྱུ་ཞིང་གཤེགས་ཏེ་གནོད་སྦྱིན་དབང་པོའི་ཁྱིམ་དུ་མཚན་མོ་གནས་པའི་ཕྱིར གཤེགས་སོ། །དེ་ནས་གནོད་སྦྱིན་དབང་པོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱོག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་གནོད་སྦྱིན་དབང་པོས་ཚིགས་སུ བཅད་བ་འདི་སྐད་ཅེས་གསོལ་ཏོ། །སྲོག་གིས་ཅི་ཞིག་མི་ཤེས་སམ། །སྲོག་གིས་ཅི་ཞིག་མི་རྟོགས་སམ། །སྲོག་ནི་གང་དུ་བཅིངས་ཤིང་གནས། །སྲོག་གི་འཆིང་བ་ཅི་ཞིག་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྲོག་གིས གཟུགས་རྣམས་མི་ཤེས་ཏེ། །འདུ་བྱེད་ཀྱང་ནི་རྟོགས་མ་ཡིན། །སྲོག་ནི་ལུས་འདིར་བཅིང་ཤིང་གནས། །སྲོག་ནི་འཆིང་བ་སྲེད་པ་ཡིན། །སངས་རྒྱས་གཟུགས་ནི་སྲོག་མིན་གསུང། །ཇི་ལྟར་ཆང་ཚིང་འདིར་གནས་ཤིང། །ཇི་ལྟར་རིམ་གྱིས་གོང་བུར་འགྱུར།། ཇི་ལྟར་ལུས་འདི་མངོན་འཕེལ་འགྱུར། །དང་པོ་ནུར་ནུར་པོ་ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་པོ། །མེར་མེར་པོ་ལས་ནར་ནར་སྐྱེ། །ནར་ནར་པོ་ལས་མཁྲང་འགྱུར་སྐྱེ། །མཁྲང་ནས་རྐང་ལག་འབྱུང་བ་དང། །སྐྲ་སྤུ་སེན་མོ་ལ་སོགས་དང། །དབང་པོ་གཟུགས ཅན་རྣམས་དང་ནི། །མཚམས་རྣམས་རིམ་གྱིས་སྐྱེ་བར་འགྱུར། །གང་ཚེ་མ་ཡིན་བཟས་པ་དང། །བཏུང་བ་གཉིས་ཀ་ལོངས་སྤྱད་པས། །མངལ་གྱི་ནང་ན་གནས་པའི་མི། །དེས་ནི་གསོལ་ཞིང་སྐྱེ་བར་འགྱུར། །དེ་ནས་གནོད་སྦྱིན་དབང་པོ་བཅོམ་ལྡན འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ།། །།འདི་ལྟར་གླེང་གཞི་ཆེན་པོའི་རྣམ་གྲངས་ལས་ཞེས་བྱ་བ ལ་མདོར་བསྟན་པ་བརྗོད་པ་ལས་འདི་ལྟར་འདོན་ཏེ། ཀུན་དགའ་པོ་མིང་དང་གཟུགས་ལ་རྐྱེན་ཡོད་དམ་ཞེས་འདྲི་ན། །རྐྱེན་ཡོད་ད་ཞེས་ལན་གདབ་པར་བྱའོ། །ཀུན་དགའ་བོ་མིང་དང་གཟུགས་ཀྱི་རྐྱེན་གང་ཡིན་ཞེས་འདྲི་ན། རྣམ་པར་ཤེས་པ་རྐྱེན་ཡིན་ནོ ཞེས་བརྗོད་པར་བྱའོ། །ཀུན་དགའ་བོ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ་ཞེས་ངས་ཇི་སྐད་དུ་བསྟན་རྒྱས་པར་རབ་ཏུ་བཤད་དོ། །ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན། ཁུ་བ་དང་ཁྲག་གི་ནུར་ནུར པོའི་ནང་དུ་མངོན་པར་བརྒྱལ་བར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་རམ། འཕོས་པར་མ་གྱུར་ན་རྣམ་པར་ཤེས་པ་འདི་ལྟ་བུར་ཉེ་བར་འགྲོ་བར་འགྱུར་རམ། བཙུན་པ་མ་ལགས་སོ།། ཀུན་དགའ་བོ་གལ་ཏེ་བྱིས་བ་དང། གཞོན་ནུ་དང་གཞོན་ནུ་མ་དང། ལང་ཚོའི་གནས་སྐབས་ཀྱིས་རྣམ་པར་ཤེས་པ་དང་པོ་ནས་འདི་ལྟར་ཆད?་ཅིང་མ་བྱུང་བར་གྱུར་ན་མིང་དང་གཟུགས་འདི་ལྟར་རྒྱས་ཤིང་ཡང་བ་རྒྱ་ཆེན་པོར་འགྱུར་རམ། བཙུམ?་པ་མ་ལགས་སོ།། ཀུན་དཔའ་བོ་གལ་ཏེ་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་མེད་ན་མིང་དང་གཟུགས་གདགས་པར་ནུས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་གལ་ཏེ་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་མེད་ན་མིང་དང་གཟུགས་གདགས་པར་ནུས་སམ། བཙུན་བ་མ་ལགས་སོ། །ཀུན་དགའ་བོ་དེའི་ཕྱིར་རྒྱུ་མཚན་འདི་དང། རྒྱུ་འདི་དང། ཀུན་འབྱུང་བ་འདི་ལྟ་སྟེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །རྣམ་པར་ཤེས་པའི་ཅརྐྱེན་གྱིས་མིང་དང་གཟུགས་ཞེས་ངེས?་ཇི་སྐད་དུ་བསྟན་པ་དེ་རྒྱས་བར རབ་ཏུ་བཤད་དོ། །འདི་ལྟར་མདོ་དེ་ཉིད་ལས་དགེ་སློང་དག་དགེ་སློང་གིས་གང་ཕན་ཆད་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད?་པ་ནའོ། །དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དང། རྟེན་ཅིང་འབྲེལ་པར འབྱུང་བའི་ཆོས་རྣམས་བཤད་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་བར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། འདི་ལྟར་འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཞེས་བྱ་བའི་བར་དུ་སྟེ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་དེ་བཞིན་གཤེགས་པ་བྱུང་ཡང་རུང། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་བ་འདི་ནི་ཆོས་ཉིད་དོ། །ཆོས་རྣམས ཀྱི་ཆོས་ཉིད་འདི་ནི་རྟག་ཏུ་གནས་པའོ་ཞེས་རང་ཉིད་ཀྱི་མངོན་པར་ཤེས་པས་མཁྱེན་ཅིང་མངོན་པར་སངས་རྒྱས་ནས་སྟོན་པར་བྱེད། འཆད་པར་བྱེད། རབ་ཏུ་འཆད་པར་བྱེད། རྣམ་པར་འབྱེད་པར་བྱེད། འགྲེལ་བར་བྱེད། རྒྱས་པར་བྱེད། སྟོན ཅིང་ཡང་དག་པར་གསལ་བར་བྱེད་དེ། འདི་ལྟར་སྐྱེ་པའི་རྐྱེན་གྱིས་རྒ་ཤི་དང། སྲིད་པ་དང། ལེན་པ་དང། སྲེད་པ་དང། ཚོར་བ་དང། རེག་པ་དང། སྐྱེ་མཆེད་དྲུག་དང། མིང་དང་གཟུགས་དང། རྣམ་པར་ཤེས་པ་དང། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ངམ་མ་བྱུང་ཡང་རུང་ཆོས་ཉིད་དེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་རྟག་ཏུ་གནས་སོ་ཞེས་དེ་བཞིན་གཤེགས་པས་རང་ཉིད་ཀྱི་མངོན་པར་ཤེས་པས་མཁྱེན་ནས་མངོན་པར་སངས་རྒྱས་ནས་སྟོན་པར་བྱེད། འཆད་པར་བྱེད། རབ་ཏུ་འཆད་པར་བྱེད་རྣམ་པར་འབྱེད་པར་བྱེད། འགྲེལ་བར་བྱེད། རྒྱས་པར་བྱེད། བསྟེན་ཅིང་ཡང་དག་པར་གསལ་བར་བྱེད་དེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་འདི་ནི་ཆོས་རྣམས་ཀྱི་གནས་པ། ཆོས་རྣམས་ཀྱི་ངེས་པ། ཆོས རྣམས་ཀྱི་ཇི་ལྟ་བ་ཉིད། དེ་བཞིན་ཉིད། མི་འགྱུར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད་ཇི་ལྟ་བ། བདེན་པ། དེ་ཁོ་ན་ཉིད། ཇི་ལྟ་བ་བཞིན་མི་འགྱུར་བ། ཕྱིན་ཅི་མ་ལོག་པ། རྐྱེན་འདི་ཙམ་པ་སྟེ། འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གོ་རིམ་ལས ཟློག་པ་སྟེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་གང་ཞེ་ན། མ་རིག་པ་དང། འདུ་བྱེད་དང། རྣམ་པར་ཤེས་པ་དང། མིང་དང་གཟུགས་དང། སྐྱེ་མཆེད་དྲུག་དང། རེག་པ་དང། ཚོར་བ་དང། སྲེད་པ་དང། ལེན་པ་དང། སྲིད་པ་དང། སྐྱེ་བ་དང། རྒ་ཤིའི། །དགེ་སློང་དག་དེ་ལ་སྐྱེ་བ་དང་རྒ་ཤི་ནི་མི་རྟག་པ་འདུས་བྱས་བསགས་པ། རྟེན་ཅིང་འབྲེལ་པར་འབྱུང་བ། སྐྱེ་བ་དང། འཇིག་པའི་ཆོས་ཅན། འདོད་ཆགས་དང་བྲལ་བའི་ཆོས་ཅན། འགག་པའི ཆོས་ཅན་དུ་དེ་ལྟར་ཡོངས་སུ་ཤེས་པར་བྱའོ། །སྐྱེ་བ་དང། སྲིད་པ་དང། ལེན་པ་དང། སྲེད་པ་དང། ཚོར་བ་དང། རེག་པ་དང། སྐྱེ་མཆེད་དྲུག་དང། མིང་དང་གཟུགས་དང། རྣམ་པར་ཤེས་པ་དང། འདུ་བྱེད་ཀྱང་མི་རྟག་པ། འདུ་བྱས་པ། བསགས་པ། རྟེན་ཅིང་འབྲེལ པར་འབྱུང་བ། སྐྱེ་བ་དང། འཇིག་པའི་ཆོས་ཅན། འདོད་ཆགས་དང་བྲལ་བའི་ཆོས་ཅན། འགོག་པའི་ཆོས་ཅན་དུ་དེ་ཡོངས་སུ་ཤེས་པར་བྱ་སྟེ། འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །དགེ་སློང་དག་གང་ཡང་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ རྟེན་ཅིང་འབྲེལ་བར་འབྱུང་བ་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཡང་དག་པར་ཤེས་རབ་ཀྱི་ཇི་ལྟ་བ་བཞིན་ཤེས་ཤིང། རབ་ཏུ་མཐོང་ཞིང་རབ་ཏུ་རྡིག་ལ། རབ་ཏུ་རྟེན་ཅིང་རབ་ཏུ་ཡིད་ལ་བྱས་ཤིང། ལེགས་པར་སོ་སོར་རྟོགས་ན། དེ་ཅི་བདག་འདས པའི་དུས་ན་བྱུང་བར་གྱུར་རམ་འོན་ཏེ་བྱུང་བར་མ་གྱུར། བདག་འདས་པའི་དུས་ན་ཅི་ཞིག་དུ་བྱུང་བར་གྱུར། བདག་འདས་པའི་དུས་ན་ཇི་ལྟར་བྱུང་བར་གྱུར་ཞེས་སྔོན་གྱི་མཛའ་རྗེས་སུ་འབྲང་བར་མི་འགྱུར་རོ། །ཅི་བདག་མ་འོངས་པའི་དུས་ན། འབྱུང་བར་འགྱུར རམ། འོན་ཏེ་བདག་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར། བདག་མ་འོངས་པའི་དུས་ན་ཅི་ཞིག་དུ་འབྱུང་བར་འགྱུར། བདག་མ་འོངས་པའི་དུས་ན་ཇི་ལྟར་འབྱུང་བར་འགྱུར་ཞེས་ཕྱི་མ་མཛའ་ཨི་རྗེས་སུ་འབྲང་བར་མི་འགྱུར་རོ། །འདི་ཅི་ཞིག་འདི་ཇི་ལྟར ཡོད་པ་ནི་ཅི་ཞིག་འབྱུང་བར་ནི་ཅི་ཞིག་སེམས་ཅན་འདི་དག་གང་ནས་འོངས་ཤིང་འཆི་འཕོ་བ་ན་གང་དུ་འགྲོ་བར་འགྱུར་ཞེས་ནང་གི་བདག་ཉིད་ལ་ཐེ་ཚོམ་ཟ་བར་མི་འགྱུར་རོ། །གང་ཡང་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་འཇིག་རྟེན་གྱི་ལྟ་བར་གྱུར་པ་ཐ་དད་པ་འདི་ལྟ་སྟེ། བདག ཏུ་སྨྲ་བ་དང། ཡང་དག་པར་ལྡན་བ་དང། མཚམས་སྦྱོར་བ་བྱེད་པར་སྨྲ་བ་དང། ཡང་དག་པར་ལྡན་པ་དང། གསོ་བར་སྨྲ་བ་དང་ཡང་དག་པར་ལྡན་པ་དང། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང། ཡང་དག་པར་ལྡན་པ་དག་དེའི་ཚེ་ན་ཡོངས་སུ་ཤེས་ཤིང ཡོངས་སུ་སྤངས་པར་འགྱུར། རྩ་བ་བཅད་པར་འགྱུར་ཏེ། ཤིང་ཏ་ལ་རྩ་བ་བཅད་པ་ལྟར་མ་འོངས་པའི་སྐལ་བ་མི་སྐྱེ་བའི་ཆོས་ཅན་དུ་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟར་འཕགས་པ་ཉན་ཐོས་ཐོས་པ་དང ལྡན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་ཤེས་ཤིང་རབ་ཏུ་མཐོང་ཞིང་རབ་ཏུ་རིག་ལ་རབ་ཏུ་ཡིད་ལ་བྱས་ཤིང་རབ་ཏུ་རྟེན་ལ་ལེགས་པར་སོ་སོར་རྟོགས པའི་ཕྱིར་རོ། །དགེ་སློང་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དང། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་བསྟན་པར་བྱའོ་ཞེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །མ་རིག་པ་ཚུལ་བཞིན་མ་ཡིན་པ་ཡིད ལ་བྱེད་པའི་རྒྱུ་ཅན་དུ་གསུངས་ཞེས་བྱ་བ་ལ། བཅོམ་ལྡན་འདས་སྐྱབས་སེང་གེའི་གྲོང་ཁྱེར་ཀོལམ་ཤ་དཾ་མྱ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཐེག་མར་དགེ་བ། བར་དུ་དགེ་བ་ཞེས བྱ་བ་ནས་ཚངས་པར་སྤྱོད་པ་ཡོངས་སུ་གསལ་བར་བྱེད་པ་འདི་ལྟ་སྟེ། རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང་བཅས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱ་ཡིས་དེ་ལགས་པར་ཞེས་བྱ་བ་ནས་བཤད་པར་བྱ་བའི་བར་དུའོ། །དགེ་སློང་དག་རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང བཅས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་ནི་རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་མིག་གི་རྒྱུ་ནི་གང། རྐྱེན་ནི་གང་རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ལས་ནི་རྒྱུ། ལས ནི་རྐྱེན། ལས་ནི་རྒྱུ་མཚན་ནོ། །དགེ་སློང་དག་ལས་ནི་རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང་བཅས་པའོ། །དགེ་སློང་དག་ལས་ཀྱི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ལས་ཀྱི་རྒྱུ་ནི་སྲེད་པ། རྐྱེན་ནི་སྲེད་པ། རྒྱུ་མཚན་ནི་སྲེད་པའོ། །དགེ་སློང་དག་སྲེད་པ་ཡང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་སྲེད་པའི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་སྲེད་པའི་རྒྱུ་ནི་མ་རིག་པ། རྐྱེན་ནི་མ་རིག་པ་རྒྱུ་མཚན་ནི མ་རིག་པའོ། །དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས་རྐྱེན་དང་བཅས་རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་མ་རིག་པའི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ། རྐྱེན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་བ། རྒྱུ་མཚན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དགེ་སློང་དགེ?་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པའོ། །དགེ་སློང་དག་ཚུལ་བཞིན མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། མིང་དང་གཟུགས་ལ་བརྟེན་ནས་མ་རིག་པ་ལས་སྐྱེས་པ་ཡིད་ལ་བྱེད་པ་རྙོག་པ་སྐྱེས་ཏེ། གང་རྨོངས་ཤིང་ཀུན་ཏུ་རྨོངས་པ་ལ་མ་རིག་པ་དེ་སྲིད་པ་དོན་དུ་གཉེར་རོ། །སྲེད་པ དང་བཅས་ན་རྣམ་པར་རིག་བྱེད་ཀྱི་ལས་བྱེད་དེ། དགེ་སློང་དག་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུ་ཅན། མ་རིག་པ་ནི་སྲེད་པའི་རྒྱུ་ཅན། སྲེད་པ་ནི་ལས་ཀྱི་རྒྱུ་ཅན། ལས་ནི་མིག་གི་རྒྱུ་ཅན་ནོ། །དགེ་སློང་དག་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་ཡིད་ཀྱི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ཡིད་ཀྱི་རྒྱུ་ནི་ལས། རྐྱེན་ནི་ལས། རྒྱུ་མཚན་ནི་ལས་སོ། །དགེ་སློང་དག་ལས་ཀྱང་རྒྱུ དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་ལས་ཀྱི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ལས་ཀྱི་རྒྱུ་ནི་སྲེད་པ། རྐྱེན་ནི་སྲེད་པ། རྒྱུ་མཚན་ནི་སྲེད་པའོ། དགེ་སློང་དག་སྲེད་པ་ཡང་རྒྱུ་དང། རྐྱེན་དང བཅས། རྒྱུ་མཚན་དང་བཅས་པ་སྟེ། དགེ་སློང་དག་སྲེད་པའི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་སྲེད་པའི་རྒྱུ་ནི་མ་རིག་པ། རྐྱེན་ནི་མ་རིག་པ། རྒྱུ་མཚན་ནི་མ་རིག་པའོ། །དགེ་སློང་དག་མ་རིག་པ ཡང་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་དང་མཚན་དང་བཅས་པ་སྟེ། དགེ་སློང་དག་མ་རིག་པའི་རྒྱུ་དང། རྐྱེན་དང། རྒྱུ་མཚན་གང་ཞེ་ན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རྒྱུའོ། །ཚུལ་བཞིན་མ་ཡིན་བ་ཡིད་ལ་བྱེད་པ་ནི་རྒྱུ་རྐྱེན་ནོ། །ཚུལ བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་རྒྱུ་མཚན་ནོ། །དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་རྒྱུ་དང་བཅས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་རྐྱེན་དང་བཅས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་རྒྱུ་མཚན་དང་བཅས པ་སྟེ། དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ནི་གང། རྐྱེན་ནི་གང། རྒྱུ་མཚན་ནི་གང་ཞེ་ན། དགེ་སློང་དག་ཡིད་དང། ཆོས་ལ་བརྟེན་ནས་མ་རིག་པ་ལས་སྐྱེས་པའི་ཡིད་ལ་བྱེད་པ་རྙོག་པ་སྐྱེས་ཏེ། གང་རྨོངས་ཤིང་ཀུན་དུ་རྨོངས ལ། མ་རིག་པ་དེ་སྲེད་པ་དོན་དུ་གཉེར་རོ། །སྲེད་པ་དང་བཅས་ན་རྣམ་པར་རིགས་ཀྱི་ལས་བྱེད་དེ། དགེ་སློང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་མ་རིག་པའི་རྒྱུ་ཅན། མ་རིག་པ་ནི་སྲེད་པའི་རྒྱུ་ཅན། སྲེད་པ་ནི་ལས་ཀྱི་རྒྱུ་ཅན། ལས་ནི་མིག གི་རྒྱུ་ཅན་ཏེ། འདི་ནི་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་སློང་དག་རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པའི་ཆོས་བཤད་པར་བྱ་སྟེ་ཞེས་བྱ་བ་ནས། སྔ་མ་བཞིན་དུ རྒྱུ་དང་བཅས། རྐྱེན་དང་བཅས། རྒྱུ་མཚན་དང་བཅས་པའི་ཆོས་བཤད་པའི་ཆོས་བཤད་པར་བྱའོ་ཞེས་ངེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །མདོ་གཞན་ལས་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི ཚོར་བ་ཞེས་བྱ་བ་ལ་ཕུང་པོའི་སྔོན་གྱི་ཚིགས་སུ་བཅད་པ་བཞི་པའི་དང་པོའི་མདོ་མཛོད་ཀྱི་གནས་གཉིས་པར་མི་ལྡན་པའི་འདུ་བྱེད་ཀྱི་འགོག་པའི་སྙོམས་པར་འཇུག་པའི་སྐབས་སུ་བྲིས་པ་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཁྱེད་ལ་རྟེན་ཅིང་འབྲེལ་པར འབྱུང་བའི་ཆོས་རྣམས་ཀྱང་བཤད་པར་བྱའོ་ཞེས་བཀའ་སྩལ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དེ་མ་ཐག་ཁོ་ནར་དེ་དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་པར་བཤད་པར་བྱ་ཞེས་མདོ་བྲིས་པ་བལྟ་བར བྱའོ། །འདི་ནི་མདོའི་དོན་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཐེག་པ་དང། རྣམ་པར་དབྱེ་བ་བཤད་པར་བྱ་ཡིས དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དང་པོ་གང་ཞེ་ན། འདི་ཡོད་པས་འདི་འབྱུང། འདི་སྐྱེས་པའི་ཕྱིར་འདི་སྐྱེ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས པར་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་ཀུན་དུ་འབྱུང་བར་འགྱུར་ཏེ། དགེ་སློང་དག་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག ཀུན་ཏུ་འབྱུང་བར་འགྱུར་ཏེ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཞེས་བྱའོ། །རྣམ་པར་དབྱེ་བ་གང་ཞེ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་འབྱུང་བ་མ་རིག་པ་གང་ཞེ་ན། སྔོན་གྱི་མཛའ་མི་ཤེས་པ་དང། ཕྱི་མའི་མཛའ་མི་ཤེས་པ་དང། སྔོན་དང་ཕྱི་མའི་མཛའ་མི་ཤེས་པ་དང། ནང་མི་ཤེས་པ་དང། ཕྱི་མི་ཤེས་པ་དང། ནང་དང་ཕྱི་རོལ་མི་ཤེས་པ་དང། ལས་མི་ཤེས་པ་དང། རྣམ་པར་སྨིན་པ་མི་ཤེས་པ་དང། ལས་ཀྱི་རྣམ་པར་སྨིན་པ་མི་ཤེས་པ་དང། རྒྱུ་མི་ཤེས་པ་དང། འབྲས་བུ་མི་ཤེས་པ་དང། རྒྱུ་དང་འབྲས་བུ་མི་ཤེས་པ་དང། སངས་རྒྱས་མི་ཤེས་པ་དང། ཆོས་མི་ཤེས་པ་དང། དགེ་འདུན་མི་ཤེས་པ་དང། སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ་མི་ཤེས་པ་དང། རྒྱུ་ལས བྱུང་བའི་ཆོས་རྣམས་མི་ཤེས་པ་དང། དགེ་བ་དང་མི་དགེ་བ་རྣམས་དང། ཁ་ན་མ་ཐོ་བ་དང་བཅས་པ་དང། ཁ་ན་མ་ཐོ་བ་མེད་པ་རྣམས་དང། བརྟེན་པར་བྱ་བ་དང་བརྟེན་པར་བྱ་བ་མ་ཡིན་པ་རྣམས་དང། སྤང་བྱ་དང། སྤང་བྱ་མ་ཡིན་པ་རྣམས དང། དཀར་པོ་དང། ནག་པོ་རྣམས་དང། རྣམ་པར་དབྱེ་བ་དང་བཅས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་མི་ཤེས་པ་དང། འདི་ལྟར་རེག་པའི་སྐྱེ་མཆེད་དྲུག་འདི་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་མ་རིག་པ་སྟེ། གང ཡང་དེ་དང་དེ་ལ་མི་ཤེས་པ་དང། མ་མཐོང་བ་དང། མངོན་པར་མ་རྟོག་པ་དང། མུན་པ་དང། རྨོངས་པ་མ་རིག་པའི་མུན་པ་ཞེས་བྱ་བ་སྟེ་འདི་ནི་མ་རིག་པ་ཞེས་བྱའོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་གང་ཞེ་ན། འདུ་བྱེད་ནི་རྣམ་པ་གསུམ སྟེ། ལུས་ཀྱི་འདུ་བྱེད་དང། ངག་གི་འདུ་བྱེད་དང། ཡིད་ཀྱི་འདུ་བྱེད་དོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་འབྱུང་བ་རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང། སྣ་དང་ལྕེ་དང ལུས་དང། ཡིད་ཀྱི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱུང་བ་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བའི་ཕུང་པོ་དང། འདུ་ཤེས་ཀྱི་ཕུང་པོ་དང། འདུ་བྱེད་ཀྱི་ཕུང་པོ་དང། རྣམ པར་ཤེས་པའི་ཕུང་པོའོ། །གཟུགས་གང་ཞེ་ན། གཟུགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་དག་དང། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། གཟུགས་འདི་དང་སྔར་བསྟན་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་?་?་? ཞེས་བྱའོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་འབྱུང་བ་སྐྱེ་མཆེད་དྲུག་གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་སྟེ། མིག་ནང་གི་སྐྱེ་མཆེད་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ནང་གི་སྐྱེ་མཆེད་དོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས རེག་པ་ཞེས་འབྱུང་བ། རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པའོ། །རེག་པའི་རྐྱེན་གྱིས་ཚོར་བ་ཞེས་འབྱུང་བ་ཚོར་བ་གང་ཞེ་ན། ཚོར་བ་གསུམ་སྟེ། བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་འབྱུང་བ་སྲེད་པ་གང་ཞེ་ན། སྲེད་པ་གསུམ་པ་སྟེ། འདོད་པའི་སྲེད་པ་དང། གཟུགས་ཀྱི་སྲེད་པ་དང། གཟུགས་མེད་པའི་སྲེད པའོ། །སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་འབྱུང་བ་ལེན་པ་གང་ཞེ་ན། ཉེ་བར་ལེན་པ་བཞི་སྟེ། འདོད་པ་ཉེ་བར་ལེན་པ་དང། ལྟ་བ་ཉེ་བར་ལེན་པ་དང། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང། བདག་དུ་སྨྲ་བ་ཉེ་བར་ལེན་པའོ། །ལེན་པའི རྐྱེན་གྱིས་སྲིད་པ་ཞེས་འབྱུང་བ་སྲིད་པ་གང་ཞེ་ན། སྲིད་པ་རྣམ་པ་གསུམ་སྟེ། འདོད་པའི་སྲིད་པ། གཟུགས་ཀྱི་སྲིད་པ་དང། གཟུགས་མེད་པའི་སྲིད་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་འབྱུང་བ་སྐྱེ་བ་གང་ཞེ་ན། སེམས་ཅན་དེ་དང་དེ་དག སེམས་ཅན་གྱི་རིགས་མཐུན་པ་དེ་དང་དེར་སྐྱེ་ཞིང་ཡང་དག་པར་སྐྱེ་བ་དང། འཇུག་པ་དང། མངོན་པར་གྲུབ་པ་དང། རབ་ཏུ་བྱུང་བ་དང། ཕུང་པོ་ཐོབ་ཅིང་ཁམས་དང་སྐྱེ་མཆེད་ཐོབ་ལ། ཕུང་པོ་མངོན་པར་གྲུབ་ཅིང་དབང་པོ་དང་གྲོང་མངོན་པར་རབ ཏུ་བྱུང་བ་སྟེ་འདི་ནི་སྐྱེ་བ་ཞེས་བྱའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཤེས་འབྱུང་བ་རྒ་ཤི་གང་ཞེ་ན། གང་སྤྱི་བོར་སྐྲ་དཀར་དང། འཁོགས་ཤིང་གཉེར་མ་མང་བ་དང། རྒུར་པོ་རྒུ་པོ་གྲེ་བ་སྒྲ་དར་དར?་བོས་འགགས་པ། ལུས་རྒུ་ཞིང་འཁར་བ་ལ་བརྟེན་པ། སྨེ་བའི་ཐིག་ལེས་ལུས་ཉམས་པ། ལུས་བཅིངས་ཤིང་བཅིངས་པ་དང། དབང་པོ་རྣམས་ཡོངས་སུ་ཉམས་ཤིང་ཡོངས་སུ་སྨིན་པ་དང། འཇིགས་དང་འདུ་བྱེད་རྣམས་ཡོངས་སུ་སྙིངས་ཤིང་རྒས་པར གྱུར་པ་འདི་ནི་རྒ་བ་ཞེས་བྱའོ། །འཆི་བ་གང་ཞེ་ན། སེམས་ཅན་གྱི་སྐལ་བ་མཉམ་པ་དེ་དང་དེ་ལས་འཆི་འཕོ་ཞིང་འཇིག་ལ་ནུབ་ཅིང་ཚེ་དང་དྲོད་ཉམས་པ་ཕུང་པོ་འཕོས་ཤིང་དབང་པོ་རྣམས་འགགས་ཏེ། ཤི་ཞིང་དུས་བྱེད་པར་འགྱུར་བ འདི་ནི་འཆི་བ་ཞེས་བྱ་བ་སྟེ། འཆི་བ་འདི་དང་རྒ་བ་གཉིས་ཀ་གཅིག་ཏུ་བསྡུས་ནས་རྒ་ཤི་ཞེས་བྱའོ། །འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པར་དབྱེ་བ་ཞེས་བྱའོ། །དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་པོ་དང རྣམ་པར་དབྱེ་བ་བཤད་བྱའོ་ཞེས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །འདི་ལྟ་སྟེ་གླང་པོའི་རྗེས་ལྟ་བུའི་མདོ་ལས་ཞེས་བྱ་བ་ལ། གླང་པོའི་རྗེས་ལྟ་བུའི་མདོ་བར་མའི་བདུམ་པོ་ཐ་མ་ལས་བསྟན་པ་མཛོད་ཀྱི་གནས དང་པོར་བལྟ་བར་བྱའོ། །དེར་བསྟན་པ་ཕྱོགས་ཙམ་འདི་ལྟར་འདོན་ཏེ། སའི་ཁམས་གང་ཞེ་ན། ཚེ་དང་ལྡན་པ་དག་སའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་དང་ཕྱི་རོལ་གྱིའོ། །ནང་གི་སའི་ཁམས་ཀྱང་ཡོད་དོ། །ནང་གི་སའི་ཁམས་གང་ཞེ་ན། གང་ཡང་ལུས་འདི་ལ་ནང་གི་བདག་ཉིད་ཀྱི་སྐྲ?་བ་དང། མཁྲད་བ་དང། ཟིན་པ་དང། ཟིན་པར་གྱུར་པ་སྟེ། དེ་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་སྤུ་དང་སེན་མོ་དང། སོ་དང་རྡུལ་དང་དྲི་མ་དང། པགས་པ་དང་ཤ་དང་རུས་པ་དང། རྩ་དང་རྒྱུས་པ་དང། སྙིང་དང གློ་བ་དང་མཆིན་པ་དང། མཁལ་མ་དང། རྒྱུ་མ་དང་གཉེམ་དང། ཕོ་བ་དང་ལོང་ཀ་དང། གང་རགས་པར་གྱུར་པ་སྟེ། གང་ལུས་འདི་ལ་སྲ་བ་དང། མཁྲང་བ་ཟིན་པ་དང། ཟིན་པར་གྱུར་པ་འདི་ནི་ནང་གི་བདག་ཉིད་ཀྱི་སའི་ཁམས་ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་དགེ་སློང་གཞན་ཞིག་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བའི བར་དུའོ། །ཅི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་སམ། འོན་ཏེ་གཞན་ཞིག་གིས་བྱས། དགེ་སློང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ངས་ཀྱང་མ་བྱས་ལ། གཞན་གྱིས་ཀྱང་མ་བྱས་ཀྱི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ བྱུང་ཡང་རུང། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ། ཆོས་ཀྱི་དབྱིངས་ཏེ། དེ་བཞིན་གཤེགས་པ་རང་ཉིད་ཀྱིས་མཁྱེན་ཅིང་མངོན་པར་སངས་རྒྱས་ནས་འཆད་པར་བྱེད་སྟོན་པར་བྱེད། རྣམ་པར་འབྱེད་པར་བྱེད། འབྲེལ་པ་དང་སྟོན་ཅིང་ཡང་དག་པར? གསལ་བར་བྱེད་དོ། །འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང། འདི་སྐྱེས་པས་འདི་སྐྱེ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ། འདི་འབའ་ཞིག་ཀུན་ཏུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི བར་དུའོ། །འདི་ལྟར་འདི་མེད་པས་འདི་མི་འབྱུང། འདི་འགགས་པས་འདི་འགག་པར་མི་འགྱུར་ཏེ། འདི་ལྟར་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ནས་སྐྱེ་བ་དང་རྒ་ཤི་འགག་པར་འགྱུར་ཞེས་བྱ་བའི་བར་དུའོ། །ཞེས་བཀའ་སྩལ་ཏོ། །དཔེར་ན གཞན་ལས་མ་རིག་པ་ཡོད་ན་འདུ་བྱེད་རྣམས་འབྱུང་གིས་གཞན་དུ་མ་རིག་པའི་རྐྱེན་མེད་པར་འདུ་བྱེད་རྣམས་མ་ཡིན་ན་ཞེས་བྱ་བ་ལ། ཡང་དག་པར་ལྡན་པའི་གླེང་གཞི་ལས་དང་ལྡན་པ་དང། འབྲུམ་བུ་ཅན་ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ གསུམ་པའི་མདོ་ས་ཅན་ལས་འདི་ལྟར་འདོན་ཏེ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན་སྐྱེ་བ ཡོད་ན་རྒ་ཤི་འབྱུང་བར་འགྱུར་གྱིས། གཞན་དུ་ན་སྐྱེ་བའི་རྐྱེན་མེད་པར་རྒ་ཤི་འབྱུང་བར་མི་འགྱུར་རོ། །སྐྱེ་བ་དང། སྲིད་པ་དང། ལེན་པ་དང། སྲེད་པ་དང། ཚོར་བ་དང། རེག་པ་དང། སྐྱེ་མཆེད་དྲུག་དང། མིང་དང། གཟུགས་དང། རྣམ་པར་ཤེས་པ དང། མ་རིག་པ་ཡོད་ན་འདུ་བྱེད་འབྱུང་བར་འགྱུར་གྱི། གཞན་དུ་ན་མ་རིག་པ་མེད་པར་འདུ་བྱེད་རྣམས་འབྱུང་བར་མི་འགྱུར་རོ། །བཙུན་པ་སྐྱེ་བ་མེད་ན་རྒ་ཤི་འབྱུང་པར་མི་འགྱུར་གྱི། གཞན་དུ་ན་སྐྱེ་བ་འགགས་པས་རྒ་ཤི་འགག་པར་མི་འགྱུར་རོ།། སྐྱེ་བ་དང། སྲིད་པ་དང། ལེན་པ་དང། སྲེད་པ་དང། ཚོར་བ་དང། དག་པ་དང། སྐྱེ་མཆེད་དྲུག་དང། མིང་དང་གཟུགས་དང། རྣམ་པར་ཤེས་པ་དང། མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་གྱི། གཞན་དུ་ན་མ་རིག་པ་འགགས་པས འདུ་བྱེད་འགག་པར་མི་འགྱུར་རོ། །ཀུན་དགའ་པོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །སྐྱེ་བ་ཡོད་ན་རྒ་ཤི་འབྱུང་བར་མི་འགྱུར་གྱི། གཞན་དུ་སྐྱེ་བ་མེད་ན་རྒ་ཤི་འབྱུང་བར་མི་འགྱུར་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་མ་རིག་པ་འགགས་པས་འདུ བྱེད་འགག་པར་འགྱུར་ཞེས་བྱ་བའི་བར་དུའོ། །ལྟ་པ་དྲུག་ཅུ་རྩ་གཉིས་ནི་ཚངས་པའི་དྲ་བ་ལས་ཇི་སྐད་དུ་འབྱུང་བ་བཞིན་ཏེ། ཞེས་བྱ་བ་ལ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད དང་བཅུ་གསུམ་དང། དགེ་བསྙེན་སྟོང་དང། སློངས་མོ་ཟ་བ་ལྔ་བརྒྱ་དང་ལྷན་ཅིག་ཏུ་མ་ག་དྷར་ལྗོངས་རྒྱུ་ཞིང་གཤེགས་ཏེ། རྒྱལ་པོའི་ཁབ་དང་པ་ཊི་ལིའི་གྲོང་ཁྱེར་གྱི་བ་ན་རྒྱལ་པོ་བཞུགས་སྨྱུག་མའི་ལྡུམ་བུ་ཅན་དུ་མཚན་མོ་བཞུགས པའི་ཕྱིར་གཤེགས་སོ། །དེའི་ཚེ་དེའི་དུས་ན་ཀུན་ཏུ་རྒྱུ་རབ་དགའ་ཞེས་བྱ་བ་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་བསྔགས་བ་མ་ཡིན་པ་བརྗོད་ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ། །ཀུན་ཏུ་རྒྱུ་རབ་དགའ་ཨི་ལྷན་ཅིག་གནས་པ་ཚངས་པས་བྱིན ཞེས་བྱ་བ་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་བསྔགས་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་དེ། སློབ་དཔོན་དང་ཉེ་བར་གནས་པ་འདི་གཉིས་ཀ་ཡང་ལྟ་བ་གཞན་དང་གཞན་དུ་གྱུར་ཅིང། འདོད་པ་དང་བློ་ཐ་དད་པར་སྨྲ་བ་ཡང་བཅོམ་ལྡན་འདས་དེ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱི་བཞིན་དུ་འབྲང་བར་གྱུར་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་རྒྱལ་པོ་བཞུགས་ས་ན་འདུས་པར་གྱུར་ཅིང་འདུག་པ་དེ་དག་བར་སྐབས་སུ་འདི་ལྟ་བུའི་གཏམ་གླེངས་ལངས་ཏེ། ཚེ་དང ལྡན་པ་དག་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པ་ནི་ངོ་མཚར་ཏེ། གང་གི་ཕྱིར་ད་ལྟར་ཀུན་ཏུ་རྒྱུར་པ་དགའ་སངས་རྒྱས་ཀྱི་བསྔགས་པ་མ་ཡིན་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད་ལ་ཞེས་བྱ་བ་ནས་དགེ་འདུན་གྱི་བསྔགས་པ བརྗོད་ཅེས་བྱ་བའི་བར་དུའོ། །དགེ་སློང་རབ་ཏུ་མང་པོ་རྒྱལ་པོ་བཞུགས་ས་ན་འདུས་པར་གྱུར་ཅེས་འདུག་པ་དེ་དག་འདི་ལྟ་བུའི་གཏམ་བརྗོད་པ། བཅོམ་ལྡན་འདས་ཉིན་བར་གྱི་གནས་བས་ལྷའི་རྣ་བ་ཤིན་ཏུ་རྣམ་པར་དག་པ་མི་ལས་འདས་པས་གསན་ཏོ།། གསན་ནས་རྒྱལ་པོ་བཞུགས་ས་གང་ན་བ་དེར་ཉེ་བར་གཤེགས་ཏེ་དགེ་སློང་གི་དགེ་འདུན་གྱི་དབུས་སུ་གདན་བཤམས་པ་ལ་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་དགེ་སློང་རབ་ཏུ་མང་པོ་རྒྱལ་པོ་བཞུགས་ས་ན འདུས་པར་གྱུར་ཅིང་འདུག་པ་དག་པར་སྐབས་སུ་གཏམ་བརྗོད་པ་ཅི་ལྟ་བུ་གླེང་ལངས། དོན་ཅིའི་ཕྱིར་འདུས་པར་གྱུར་ཅིང་འདུག་པར་གྱུར། བཙུན་པ་བདག་ཅག་འདི་ན་དགེ་སློང་རབ་ཏུ་མང་པོ་བཞུགས་ས་ན་འདུས་པར་གྱུར་ཅིང་འདུག་པ་དག་བར་སྐབས་སུ འདི་ལྟ་བུའི་གཏམ་བརྗོད་པ་གླེང་ལངས་ཏེ། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པ་ནི་ངོ་མཚར་ཏེ། གང་གི་ཕྱིར་ད་ལྟར་ཀུན་ཏུ་རྒྱུར་བ་དགའ་སངས་རྒྱས་ཀྱི་བསྔགས་པ་མ་ཡིན་བ་བརྗོད་ལ། ཆོས་དང་དགེ་འདུན་གྱི་བསྔགས པ་མ་ཡིན་པ་བརྗོད་ཅེས་བྱ་བ་ནས་དགེ་འདུན་གྱི་བསྔགས་པ་བརྗོད་ཅེས་བྱ་བའི་བར་དུ་དང། འདི་ལྟ་བུ་བདག་ཅག་ཅེས་སྔ་མ་བཞིན་ནོ། །དགེ་སློང་དག་ངའི་བསྔགས་པ་མ་ཡིན་པ་བརྗོད་པ་དང་ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད པར་བྱེད་པ་དེ་ལ་ཁྱེད་ཅག་མི་བརྗོད་པར་མི་བྱ་བ་དང། མ་དང་ཕ་དང་སེམས་མི་དགའ་བར་མི་བྱ་བ་སྟེ། དགེ་སློང་དག་ངའི་བསྔགས་པ་མ་ཡིན་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད་པ་དེ་ལ་ཁྱེད་ཅག་མི་བཟོད་པ་དང། མ་དང་ཕ་དང་སེམས་མངོན་པར་མི་དགའ་པར་གྱུར་ན་དེ་ཉིད་ཁྱེད་ཅག་གི་བར་དུ་གཅོད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་སྲིད་དུ་ཁྲོ་བ་དང་གཏུམ་པར་འགྱུར་ཞིང་ཡིད་དུ་མི་འོང་བར་འགྱུར་ཏེ། གཞན་གྱིས་སྤས་པའི་དོན་རྣམ་པ་ཐམས ཅད་དུ་ཡོངས་སུ་རྫོགས་པར་ཤེས་པ་དང་མཐོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་ངའི་བསྔགས་པ་མ་ཡིན་བ་བརྗོད་པ་དང། ཆོས་དང་དགེ་འདུན་གྱི་བསྔགས་པ་མ་ཡིན་པ་བརྗོད པ་ཡང་དག་པ་ནི་དག་པ་ཉིད་དུ་ཤེས་པར་བྱ་ཞིང། འདི་ནི་ཡང་དག་པ་མ་ཡིན་པ་འདི་ལྟ་བུ་ནི་ཡང་དག་པ་མ་ཡིན་པ་སྟེ། །བདག་ཅག་ལ་ཆོས་འདི་མེད་དོ་ཞེས་ཡང་དག་པ་མ་ཡིན་པ་ནི་ཡང་དག་པ་མ་ཡིན་པའོ་ཞེས་ཡོངས་སུ་སྡོང་བར་བྱའོ། །དགེ སློང་དག་ངའི་བསྔགས་པ་བརྗོད་པ་དང། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་པར་བྱེད་པ་ན་དེ་ལ་ཁྱེད་དགའ་བ་དང། ཡིད་བདེ་བ་དང། སེམས་ཡེད?་ཡེད་པོར་མི་བྱ་སྟེ། དགེ་སློང་དག་དེའི་བསྔགས་པ་བརྗོད་པ་དང། ཆོས་དང་དགེ་འདུན གྱི་བསྔགས་པ་བརྗོད་པ་དེ་ལ་ཁྱེད་ཅག་དགའ་བ་དང། ཡིད་བདེ་བ་དང། སེམས་ཡེང?་ཡེང་པར་བྱེད་ན། དེ་ཉིད་ཁྱེད་ཅག་གི་བར་དུ་གཅོད་ཀྱི་བར་དུ་གཅོད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དེ་དེ་སྲིད་དུ་དགའ་བ་སྐྱེ་བ་དང། ཡིད་བདེ་བ་སྐྱེ་བ་དང། སེམས་ཡེང? ཡེང་པོར་གྱུར་ན་གཞན་གཞན་གྱིས་སྨྲས་པ་ནི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་ཤེས་པ་དང་མཐོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་དའི་བསྔགས་པ་བརྗོད་པ་དང། ཆོས་དང་དགེ་འདུན་གྱི བསྔགས་པ་བརྗོད་པ་ནི་འདི་ནི་ཡང་དག་པ་འདི་ལྟ་བུ་ནི་ཡང་དག་པ་སྟེ་ཆོས་འདི་དང་བདག་ཅག་ལྡན་ན་ཞེས་ཡང་དག་པ་ནི་ཡང་དག་པར་ཤེས་པར་བྱ་ཞིང་ཡང་དག་པ་མ་ཡིན་པ་ནི་ཡང་དག་པ་མ་ཡིན་པའོ་ཞེས་ཡོངས་སུ་སྤང་བར་བྱའོ། །བྱིས་པ་སོ་སོའི་སྐྱེ་བ ཐོས་པ་དང་མི་ལྡན་པ་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་ཅིང་སྨྲ་བ་འདི་ནི་ཤིན་ཏུ་ཆུང་སྟེ། འདི་ལྟ་སྟེ་ཚུལ་ཁྲིམས་ཙམ་ལ་འམ། འདོད་པ་ལས་དབེན་པ་ཙམ་ལའོ། །འདི་ལྟར་ན་ཚུལ་ཁྲིམས་ཙམ་ལ་ཞེ་ན། བཅོམ་ལྡན་འདས་ནི་ཚུལ་ཁྲིམས་དང་ལྡན པ། ཚུལ་ཁྲིམས་རྫོགས་པ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། ཇི་ལྟར་བྱེད་པ་དེ་བཞིན་དུ་སྨྲས་པ་ཞེས་བྱ་བ་དང། བཅོམ་ལྡན་འདས་དེ་ནི་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་ལག་པ་དབྱུག་པ་དང་མཚོན་ཆ་སྤངས་བ་ཞེས་བྱ་བ་སྤངས་པ་ཞེས བྱ་བ་ནས་རྒྱས་པར་དཔེའི་བར་དུ་དང། ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ་བ་ནས་ཕྱི་ནས་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། འདི་ལྟར་ཚུལ་ཁྲིམས་ཙམ་ལའོ། །ཇི་སྲིད་དབེན་པ་ལ་ཞེ་ན། བཅོམ་ལྡན་འདས་དེ་ནི་འཕགས་པའི་ཚུལ་ཁྲིམས ཀྱི་ཕུང་པོ་འདི་དང་ལྡན་པས་དེ་དབང་པོའི་སྒོ་བསྲུངས་ཤིང་གནས་ཞེས་བྱ་བ་ནས་དབང་པོའི་སྡོམ་པ་དང་ལྡན་པ་དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དང་ལྡན་པས་གཤེགས་པ་དང་བྱོན་པ་ཤེས་བཞིན་བཞུགས་ཤིང། གཟིགས་པ་དང། རྣམ་པར གཟིགས་པ་དང། གཟིམས་ཀྱིས་ངལ་བ་བསང་བ་དག་ལ་མི་མཁྱེན་བཞིན་དུ་བཞུགས་ཞེས་བྱ་བ་ནས་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདི་ལྟ་བུ་ནི་འདོད་པ་ལས་དབེན་པའོ། །དགེ་སློང དག་གཞན་ཡང་ཆོས་ཟབ་མོ་ཟབ་པར་སྣང་བ། ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ནི་རང་ཉིད་ཀྱིས་མངོན་པར་མཁྱེན་ཅིང་མངོན་པར་སངས་རྒྱས་ནས་བརྟེན་ཅིང་བཤད་པས་གཞན་གྱིས་དེ་བཞིན་གཤེགས་པ་ཡང་དག་པ་ཇི་ལྟ་བ་བཞིན་གྱི བསྔགས་པ་བརྗོད་ཅིང་སྨྲ་བར་འགྱུར་རོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོག་ཅིང་རྟག་པར་སྨྲ་བ་དག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་ཡོད་དེ། འདི་ལྟ་སྟེ་དངོས་པོ་བཞི་རྣམས ལའོ། །དགེ་སློང་དག་བྲམ་ཟེ་དེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས། སྔོན་གྱི་མཐར་རྟོག་ཅིང་རྟག་པར་སྨྲ་བ་དག་འདི་ལྟར་དངོས་པོ་བཞི་རྣམས་ལ་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་སྨྲ་བས་མངོན་པར་སྨྲ་བ་དག་འབྱུང ཞེ་ན། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དགོན་པ་འམ་ཤིང་དྲུང་ངམ། ཁང་པ་སྟོང་པ་ཡོངས་སུ་གདུང་བའི་རྒྱུ་དང། སྤངས་པའི་རྒྱུ་དང། བསྒོམས་པའི་རྒྱུ་དང། ལན་མང་དུ་བྱས་པའི་རྒྱུ་དང། ཡང་དག་པར་མིང་ལ་བྱས་པའི་རྒྱུ་དང། འདི་ལྟ་བུའི་སེམས་ཞི་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། ཇི་ལྟར་སེམས་མཉམ་པར་བཞག་པ་ལ་འཇིག་པ་དང་འཆགས་པའི་བར་གྱི་བསྐལ་པ་ཉི་ཤུ་རྗེས་སུ་དྲན་ཏེ། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྟག་པའོ། །བདག་དང་འཇིག་རྟེན རྟག་པ་ནི་དེ་ཁོ་ན་ལྟར་འགྱུར་ཏེ། བདག་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་ནས་འཇིག་པ་དང་ཆགས་པའི་བར་གྱི་བསྐལ་པ་ཉི་ཤུ་རྗེས་སུ་དྲན་ཏེ་བདག་དང་འཇིག་རྟེན་ནི་རྟག་པ་མ་སློང་བ་མི་འགྲོ་བ་གནོད་པ་བྱར་མེད་པ། རྟག་ཏུ་གནས་པ་རྡོ་རྗེ་ལྟར་གནས་པའོ། །སེམས་ཅན་བྱུང་བར་གྱུར་པ་འདི་དག་ཉིད་ཉིང་མཚམས་སྦྱོར་ཞིང་འཁོར་དེ་རྟག་པ་དང་མཉམ་པ་ནི་མེད་དོ་ཞེས་བྱ་བར་འགྱུར་ཏེ། དགེ་སློང་འདི་ནི་དངོས་པོ་དང་པོ་སྟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་པས སྔོན་གྱི་མཐར་རྟོག་ཅིང་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའོ། །དགེ་སྦྱོང་ངམ་བྲམ་ཟེ་གཞན་པ་ཡང་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་ཅིང་རྟག་པར་སྨྲ་བ དག་བདག་དང་འཇིག་རྟེན་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་ཞེ་ན། དགེ་སྦྱོང་དག་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྟོན་པ་འམ། ཤིང་དྲུང་ངམ་ཁང་པ་སྟོང་པར་ཡོངས་སུ་གདུང་བའི་རྒྱུ་དང། སྤངས་པའི་རྒྱུ་དང། བསྒོམས་པའི་རྒྱུ་དང། ལམ མང་དུ་བྱས་པའི་རྒྱུ་དང། ཡང་དག་པར་ཡིད་ལ་བྱས་པའི་རྒྱུ་ལས་དེ་ལྟ་བུའི་སེམས་ཞི་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། ཇི་ལྟར་སེམས་མཉམ་པར་བཞག་པ་ན་འཇིག་པ་དང། ཆགས་པའི་བར་གྱི་བསྐལ་པ་བཞི་བཅུ་ཡོངས་སུ་དྲན་ནས། དེ་འདི་སྙན དུ་བདག་དང་འཇིག་རྟེན་ནི་རྟག་པའོ། །བདག་དང་འཇིག་རྟེན་རྟག་པ་ནི་དེ་ཁོ་ན་ལྟར་འགྱུར་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཇིག་པ་དང་ཆགས་པའི་བར་དུ་བསྐལ་པ་བཞི་བཅུ་རྗེས་སུ་དྲེན་ཏེ། བདག་དང་འཇིག་རྟེན་ནི་མ་སོང་བ་མི་འགྲོ་བ་གནོད་པ བྱར་མེད་པ་རྟག་ཏུ་གནས་ཤིང་རྡོ་རྗེ་ལྟར་གནས་པའི་སེམས་ཅན་བྱུང་བར་གྱུར་པ་འདི་དག་ཉིད་ཉིང་མཚམས་སྦྱོར་ཞིང་འཁོར་དེ་རྟག་པ་དང་མཉམ་པ་ནི་མེད་དོ། །ཞེས་བྱ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་གཉིས་པ་ཞེས་བྱ་བ་ནས་སྔ་མ བཞིན་དུ་མངོན་པར་སྨྲ་བས་མངོན་པར་སྨྲའོ། །ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་གཞན་གསུམ་པ་ཡང་དག་རྟོགས་ཤེས་གང་ལ་བརྟེན་ཏེ་གང་དམིགས་མངོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་ཅེས་བྱ་བ་ནས་སྔ་མ་བཞིན་དུ་ཇི་ལྟར སེམས་མཉམ་པར་བཞག་ན་འཇིག་པ་དང་འཆགས་པའི་བར་གྱི་བསྐལ་པ་བརྒྱད་ཅུ་རྗེས་སུ་དྲན་ནས། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་རྟག་པ་སྟེ་དེ་ནི་དེ་ཁོ་ན་ལྟར་འགྱུར་ཏེ་ཞེས་བྱ་བ་ནས་རྟག་པ་དང་མཉམ་པ་གཞན མེད་དོ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་དག་འདི་ནི་དངོས་པོ་གསུམ་པ་སྟེ། གང་རྟགས་ཤིང་གང་ལ་རྟོན་ཏེ། གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའོ།། དགེ་སྦྱོང་ངམ་བྲམ་ཟེ་གཞན་ནོ་ཞིག་བཞི་བ་ཡང་གང་རྟོགས་ཤིང་གང་ལ་བརྟེན་ཏེ། གང་དམིགས་ནས་སྔོན་གྱི་མཛའ་ལ་རྟོག་པ་རྟག་པར་སྨྲ་བ་དག་ཅེས་བྱ་བ་ནས་སྔ་མ་བཞིན་སེམས་མཉམ་པར་བཞག་པ་ནི་མི་ལས་འདས་པའི་ལྷའི་མིག་རྣམ་པར དག་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང། སྐྱེ་བ་དང། ཁ་དོག་བཟང་པོ་དང། ཁ་དོག་ངན་པ་དང། དམན་པ་དང། གྱ་ནོམ་པ་དང། བདེ་འགྲོར་འགྲོ་བ་དང། བཟང་འགྲོར་འགྲོ་བ་དག་མཐོང་ནས་དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྟག་པའོ བདག་དང་འཇིག་རྟེན་རྟག་པ་ནི་དེ་ཁོ་ན་ལྟར་འགྱུར་ཏེ། བདག་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པ་ཞེས་བྱ་བ་ནས་སེམས་སྙམ་པར་བཞག་པ་ན་མི་ལས་འདས་པའི་ལྷའི་མིག་རྣམ་པར་དག་པ་ཞེས་བྱ་བ་ནས་ངན་འགྲོར་འགྲོ་བ་ཡང་མཐོང ཞེས་བྱ་བའི་བར་དུ་བདག་དང་འཇིག་རྟེན་ནི་སོང་ཞིང་མི་འགྲོ་བ་གནོད་པ་བྱ་བ་མེད་ཅིང་རྟག་ཏུ་གནས་ཤིང་རྡོ་རྗེ་ལྟར་གནས་པའི་སེམས་ཅན་འདི་དག་ཉིད་ཉིང་མཚམས་སྦྱོར་ཞིང་འཁོར་ཏེ། རྟག་པ་དང་མཉམ་པ་མེད་དོ་ཞེས་བྱ་བར་འགྱུར་ཏེ། དགེ སློང་དག་འདི་ནི་དངོས་པོ་བཞི་པ་སྟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཛའ་ལ་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲའོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ཁ ཅིག་སྔོན་གྱི་མཐར་རྟོག་པ་དག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་དངོས་པོ་བཞི་པོ་འདི་དག་ལས་གོང་མར་གྱུར་པ་མེད་ཅིང་མི་འབྱུང་ངོ། །དེ་དག་ནི་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ བཞིན་རབ་ཏུ་མཁྱེན་ཏེ། འདི་དག་ནི་ལྟ་བར་གྱུར་པ་འདི་ལྟ་བུ་འཛིན་པ་བསམ་པ་འདི་ལྟ་བུ་འགྲོ་བ། འདི་ལྟ་བུ་སྐྱེ་བ་འདི་ལྟ་བུ་འཇིག་རྟེན་ཕ་རོལ་པོ་འདི་ལྟ་བུ་ཞེས་དེ་བཞིན་གཤེགས་པས་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། འདི་དང་འདི་ལས གོང་མར་གྱུར་པ་ཡང་དེ་བཞིན་གཤེགས་པས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ནས་རྣམ་པར་མི་དཔྱོད་མི་རྟོག་ཅིང་བདག་ཉིད་སོ་སོར་མ་གྲུབ་པ་ཞེས་རྟོགས་ཤིང་ཚོར་བའི་ཀུན་འབྱུང་བ་དང། སྐྱེ་བ་མཁྱེན་ཅིང། འདི་ནི་སྡུག་བསྔལ་ཀུན་འབྱུང་བ མཁྱེན་པར་གྱུར་ཏོ། །དགེ་སྦྱོང་དག་འདི་ནི་ཆོས་ཟབ་མོ་ཟབ་པར་སྣང་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་ཅེས་བྱ་བའི་བར་དུའོ། །དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར སྨྲ་བས་མངོན་པར་སྨྲ་བ་དག་ཡོད་དེ། འདི་ལྟ་སྟེ་དངོས་པོ་བཞི་རྣམས་ལའོ། །དགེ་སྦྱོང་ངམ་བྲམ་ཟེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་ཕྱོགས་གཅིག་པར་སྨྲ་བ་དག་འདི་ལྟར་དངོས་པོ་བཞི་པ་རྣམས ལ་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའི?་འབྱུང་བར་འགྱུར་ཞེ་ན། དགེ་སློང་དག་འཇིག་རྟེན་འདི་འཇིག་ཅིང་འཇིག་པར་འགྱུར་བ་དེ་ལྟ་བུའི་དུས་ཀྱང་ཡོད་དོ། །འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ ཆེར་འོད་གསལ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། དེར་ཡིད་ལས་བྱུང་བའི་གཟུགས་ཅན་དབང་པོ་ཚང་ཞིང་ཉམ་པ་མེད་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཁ་དོག་དང་དབྱིབས་མཛེས་པ་རང་གི་འོད་ཅན་ནམ་མཁའ་ ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་དུས་རིང་དུ་གནས་པ་དག་འབྱུང་བར་འགྱུར་རོ། །དགེ་སློང་དག་གང་གི་ཚེ་འཇིག་རྟེན་འདི་ཆགས་པར་འགྱུར་བའི་དུས་ཀྱང་ཡོད་དེ། འཇིག་རྟེན་ཆགས་པ་ན་ནམ་མཁའ་སྟོང པ་ལ་ཚངས་པའི་གཞལ་མེད་ཁང་སྟོང་པ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ནས་སེམས་ཅན་གཞན་ཞིག་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པས་འོད་གསལ་གྱི་ལྷའི་རིས་དེ་ནས་འཆི་འཕོས་ཏེ་ཚངས་པའི་གཞལ་མེད་ཁང་སྟོང་བ་དེར་སྐྱེ་བར འགྱུར་ཏེ། དེ་དེ་ན་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཡུན་རིང་དུ་ཚེ་རིང་ཞིང་དུས་རིང་པོར་གནས་པར་འགྱུར་ཏེ། དེ་ནས་སེམས་ཅན་དེ་ཚེ་རིང་ཞིང་དུས་རིང་པོར་གནས་པ་ན་ཀྱེ་མ་བདག་དང་སྐལ་པ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས ན་ཅི་མ་རུང་ཞེས་སྲིད་པ་སྐྱེས་ཤིང་མངོན་པར་དགའ་བ་སྐྱེས་སོ། །སེམས་ཅན་དེ་འདི་ལྟ་བུའི་སེམས་ལ་སྨོན་པར་བྱེད་པ་ནི་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་ཅིང་བསོད་ནམས་ཟད་པ་ཞིག་འོད་གསལ་གྱི་ལྷའི་རིས་དེ་ནས་འཆི་འཕོས་ནས་ཚངས་པའི གཞལ་མེད་ཁང་དུ་སྐྱེས་པར་འགྱུར་རོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་བདག་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་ལ་ངས་ཡུན་རིང་པོར་ཀྱེ་མ་བདག་དང་སྐལ་བ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས ན་ཅི་མ་རུང་ཞེས་སྲེད་པ་སྐྱེས་ཤིང་མངོན་པར་དགའ་བར་སྐྱེད་ཅིང་འདི་ལྟར་བདག་གི་སྨོན་པས་བདག་དང་སྐལ་པ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ཏེ་སེམས་ཅན་འདི་ནི་ངས་སྤྲུལ་པ། བདག་ནི་སེམས་ཅན་འདི་དག་གི་དབང་ཕྱུག་བྱེད པ་པོ། །སྤྲུལ་པ་པོ?་འབྱིན་པ། འབྱིན་པར་བྱེད་པ་པོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུའོ། །སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་བདག་ཅག་གིས་སེམས་ཅན་འདི་གཅིག་པུ་ཟླ་མེད་ཅིང་གྲོགས་མེད་པར་ཚེ་རིང་ཞིང་དུས་རིང་པོར་གནས་ཏེ། སེམས་ཅན་དེ དུས་རིང་པོ་ཞིག་འདས་ཀྱི་བར་དུ་ཀྱེ་མ་བདག་དང་སྐལ་པ་མཉམ་པའི་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་ན་ཅི་མ་རུང་ཞེས་སྲིད་པ་སྐྱེས་ཤིང་མངོན་པར་དགའ་བ་བསྐྱེད་ཅིང། སེམས་ཅན་དེ་འདི་ལྟར་སེམས་ལ་སྨོན་པས་བདག་ཅག་ཀྱང་འདིར་སྐྱེས་ཏེ། བདག ཅག་ནི་སེམས་ཅན་འདིས་སྤྲུལ་པ། སེམས་ཅན་འདི་ནི་བདག་ཅག་གིས་དབང་ཕྱུག་བྱེད་པ་པོ། །སྤྲུལ་པ་བོ། །འབྱིན་པ། རབ་ཏུ་འབྱིན་པར་བྱེད་པ། དངོས་པོ་རྣམས་ཀྱི་ཕ་ལྟ་བུར་གྱུར་པའོ། །སྙམ་དུ་སེམས་སོ། །དེ་ནས་སེམས་ཅན་གཞན་ཚེ་ཟད་ཅིང་ལས ཟད་ལ་བསོད་ནམས་ཟད་པ་ཞིག་དེ་ན་འཆི་འཕོས་ཏེ་འདི་ལྟ་བུ་མི་རྣམས་དང་སྐལ་བ་མཉམ་པར་འོངས་ཏེ། ཆེས་སྐྱེས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་ཏེ། སྐྲ་དང་ཁ་སྤུ་བྲགས་གོས་ངུར?་སྨྲིག་དག་བགོས་ཏེ། དད་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ མེད་པར་རབ་ཏུ་བྱུང་སྟེ། དེ་དགོན་པ་འམ་ཤིང་དྲུང་དམ་ཁང་པ་སྟོང་པར་ཡོངས་སུ་གདུང་བ་དང། སྤངས་པ་དང། བསྒོམས་པ་དང། ལན་མང་དུ་བྱས་པ་དང། ཡིད་ལ་བྱས་པས་དེ་ལྟ་བུར་སེམས་ཞི་བའི་ཏིང་ངེ་འཛིན་ཐོབ་སྟེ། ཇི་ལྟར་སེམས་མཉམ་པར་བཞག པ་ན། སྔོན་གྱི་བདག་ཉིད་ཀྱིས་ཉམས་སུ་མྱོང་བ་དྲན་ནས་དེ་འདི་སྙམ་གྱུར་ཏེ། གང་འདི་དག་ནི་ཚངས་པས་སྤྲུལ་པ་སྟེ། དེ་ནི་རྟག་པ་བརྟན་པ་ཡོངས་སུ་མི་འགྱུར་བའི་ཆོས་ཅན་ཏེ། བདག་ཅག་ཚངས་པས་སྤྲུལ་པ། མི་རྟག་པ་མི་བརྟན་པ་ཡོངས་སུ་འགྱུར བའི་ཆོས་ཅན་ནོ་ཞེས་ཕྱོགས་རྟག་པ་དང། ཕྱོགས་གཅིག་རྟག་པ་མ་ཡིན་པར་སྨྲ་བ་སྟེ། དགེ་སློང་དག་འདི་ནི་དངོས་པོ་དང་པོ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་ཕྱོགས་གཅིག་རྟག་ཅིང། ཕྱོགས་གཅིག་མི རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ཕྱོགས་གཅིག་གོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲའོ། །དགེ་སློང་དག་གཞན་ཡང་གཉིས་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བསྟེན་ཏེ། གང་དམིགས་ནས་སྔོན གྱི་མཐར་རྟོག་པ་ཕྱོགས་གཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་ཞེ་ན། དགེ་སློང་དག་ཚངས་པ་འདི་ལྟར་ལྟ་ཞིང་འདི་སྐད་དུ སྨྲ་ཞིང་འདི་སྐད་དུ་སྨྲ་སྟེ་འདི་ལྟར་ས་དང། ཆུ་དང། མེ་དང། རླུང་བཞི་པོ་འདི་དག་ནི་མི་རྟག་པ་མི་བརྟེན་པ་ཡིད་བརྟན་དུ་མེད་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ་ཞེས་བྱའོ། །གང་ཡང་སེམས་ཞེས་བྱ་བའི་མི་ཡིད་ཅེས་བྱ་བ་འམ་རྣམ་པར་ཤེས་པ་ཞེས བ་པ་འདི་ནི་བརྟག་པ་བརྟན་པ་ཡིད་བརྟན་པར་བྱ་བ། ཡོངས་སུ་མི་འགྱུར་བའི་ཆོས་ཅན་ནོ་ཞེས་བྱའོ། །དེ་ནས་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་པའི་བསོད་ནམས་ཟད་པ་ཞིག་གནས་དེ་ནས་འཆི་འཕོས་ཏེ། འདི་ལྟ་བུ་མི་རྣམས་དང་སྐལ་བ་མཉམ པ་ཉིད་འོངས་ཏེ་ཆེས་སྐྱེས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པ་དང་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་ངུར་སྨྲིག་དག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནར་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང། དེ་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པར་གདུང་བ་དང སྤོང་བ་དང། སྒོམ་པ་དང། ལན་མང་དུ་བྱས་པ་དང། ཡིད་ལ་བྱས་པའི་རྒྱུ་ལས་ཞེས་བྱ་བ་ནས། སེམས་མཉམ་པར་བཞག་པ་ན་གང་གི་ཚེ་ཚངས་པའི་ལྟ་བར་གྱུར་པ་སོ་སོ་ཉམས་སུ་མྱོང་ནས་དེ་འདི་སྙམ་འདི་ལྟར་ས་དང། ཆུ་དང། མེ་དང། རླུང་བཞི་པོ འདི་དག་ནི་མི་བརྟན་པ། ཡིད་བརྟན་དུ་མེད་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཞེས་བྱའོ། །གང་ཡང་སེམས་ཞེས་བྱ་བ་འམ། ཡིད་བྱ་བ་འམ། རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་རྟག་པ། བརྟན་པ། ཡིད་བརྟན་པར་བྱ་བ། ཡོངས་སུ་མི་འགྱུར་བའི་ཆོས ཅན་ཞེས་བྱའོ་ཕྱོགས་གཅིག་རྟག་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་གཉིས་པ་གང་རྟོགས་ཤིང་གང་ལ་བརྟན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོགས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་གཞན་ཡང་གསུམ་པ་འབྱུང བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོགས་པ་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་ཅིང་བརྟན་པར་མངོན་པར་སྨྲ་བས་མངོན་པར་སྨྲ་ཞེ་ན། དགེ་སློང་འདོད་པའི་ཁམས་ན་ལྷ་རྩེད་མོས མྱོས་པ་ཞེས་བྱ་བ་ཡོད་དེ། དེ་དག་གང་གི་ཚེ་ཤིན་ཏུ་རྩེ་ཞིང་དགའ་བ་དང་ལྡན་པར་གནས་ཏེ། དེ་དག་དགེ་ཞིང་དགའ་བ་ལྡན་པར་གནས་པས་ལུས་ངལ་ཞིང་དྲན་པ་ཉམས་ཏེ་དྲན་པ་ཡང་དག་པར་ཉམས་པས་དེ་དག་གནས་དེ་ནས་འཆི་འཕོ་བར་འགྱུར་ཏེ། དེ་ནས་སེམས་ཅན་གཞན་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཇི་ལྟར་སེམས་མཉམ་པར་བཞག་པ་ནས་བདག་ཉིད་ཀྱི་སྔོན་གྱི་དངོས་པོ་སོ་སོར་ཉམས་སུ་མྱོང་ཞིང་དྲན་ནས་དེ་འདི་སྙམ་དུ་གང་དེ་དག་འདོད་པའི་ཁམས་ཀྱི་ལྷ་རྩེད་མོས་མྱོས་པས་ཞེས་བྱ བ་ཤིན་ཏུ་རྩེ་ཞིང་དགའ་བ་དང་ལྡན་པ་མ་ཡིན་པ་དེ་དག་ནི་རྟག་པ། བརྟན་པ་གཡུང་དྲུང་ཡོངས་སུ་མི་འགྱུར་བའི་ཆོས་ཅན་ནོ། །གང་དག་བདག་ཅག་ཤིན་ཏུ་རྩེ་ཞིང་དགའ་བ་དང་ལྡན་པ་དེ་དག་ནི་མི་རྟག་པ་མི་བརྟན་པ། གཡུང་དྲུང་མ་ཡིན་པ་ཡོངས སུ་འགྱུར་བའི་ཆོས་ཅན་ནི་ཞེས་ཕྱོགས་གཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་བ་སྟེ། དགེ་སློང་དག་ནི་དངོས་པོ་གསུམ་པ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ནས་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་གཞན་ཡང་བཞི་པ་འབྱུང བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟན་ནས་གང་དམིགས་ནས་སྔོན་གྱི་མཐར་རྟོགས་པ་དག་ཕྱོགས་གཅིག་རྟག་པར་སྨྲ་བ་དག་ཅེས་བྱ་བའི་བར་སྔ་མ་བཞིན་དུའོ། །དགེ་སློང་དག་འདོད་པའི་ཁམས་ན་ལྷ་ཡིད རབ་ཏུ་འཁྲུགས་པ་ཞེས་བྱ་བ་ཡོད་དེ། གང་གི་ཚེ་དེ་དག་མིག་གིས་མིག་ལ་གཏད་དེ་ལྟ་བར་འགྱུར་ཏེ་དེ་དག་མིག་གིས་མིག་ལ་གཙུགས་ཏེ་ལྟ་བས་ན་ཡིད་རབ་ཏུ་སྡང་བར་འགྱུར་ཏེ། ཡིད་རབ་ཏུ་སྔར་བས་སེམས་ཅན་དེ་དག་གནས དེ་ནས་འཕོ་བར་འགྱུར་ཏེ། དེ་ནས་སེམས་ཅན་གཞན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཇི་ལྟར་སེམས་མཉམ་པར་བཞག་པ་ན་བདག་ཉིད་ཀྱི་སྔོན་གྱི་དངོས་པོ་སོ་སོར་མྱོང་ཞིང་དྲིན་ཏེ་འདི་སྙམ་དུ་འདོད་པའི་ཁམས་ན་གང ཡིད་རབ་ཏུ་འཁྲུགས་པ་པ་ཞེས་བྱ་བའི་ལྷ་ཤིན་ཏུ་མིག་གིས་མིག་ལ་གཏད་དེ་དེ་ལྟ་མ་ཡིན་པ་དེ་དག་ནི་རྟག་པའོ། །བརྟན་པའོ། །གཡུང་དྲུང་ངོ། །ཡོངས་སུ་མི་འགྱུར་བའི་ཆོས་ཅན་ནོ། །གང་དག་བདག་ཅག་ཤིན་ཏུ་མིག་གིས་མིག་ལ་གཏད་དེ ལྟ་བ་དེ་དག་ནི་མི་རྟག་པའོ། །མི་བརྟན་པའོ། །གཡུང་དྲུང་མ་ཡིན་པའོ། །ཡོངས་སུ་འགྱུར་བའི་ཆོས་ཅན་ནོ་སྙམ་དུ་ཕྱོགས་གཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་སྟེ། དགེ་སློང་དག་འདི་ནི་དངོས་པོ་བཞི་པ་སྟེ། གང་རྟོགས ཤིང་གང་ལ་བརྟེན་ནས་གང་དམིགས་ཤིང་སྔོན་གྱི་མཐར་རྟོག་པ་ཕྱོགས་ཅིག་རྟག་ཅིང་ཕྱོགས་གཅིག་མི་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བའོ། །དགེ་སློང་དག དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོག་པ་དག་བདག་དང་འཇིག་རྟེན་ཕྱོགས་གཅིག་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ་དངོས་པོ་བཞི་པོ་འདི་དག་ལས་གཞན་མེད་ཅིང་འབྱུང་བར་མི་འགྱུར་རོ ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དེ་དག་གང་ཞེ་ན་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སློང་ངམ་བྲམ་ཟེ་སྔོན་གྱི་མཐར་རྟོག་པ་དག་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་ཞིང་རྒྱུ་མེད་པ་ལས་སྐྱེས་པར་མངོན པར་སྨྲ་བས་མངོན་པར་སྨྲ་ཏེ། འདི་ལྟ་སྟེ་དངོས་པོ་གཉིས་པོ་འདི་དག་ལའོ། །དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་རྒྱུ་མེད་པར་སྨྲ་བ་དག་།བདག་དང འཇིག་རྟེན་རྒྱུ་མེད་པ་ལས་སྐྱེས་སོ་ཞེས་མངོན་པར་སྨྲ་ཞེ་ན། དགེ་སློང་དག་གཟུགས་ཀྱི་ཁམས་ན་ལྷ་འདུ་ཤེས་མེད་པ་ཞེས་བྱ་བ་ཡོད་དེ། འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་ཏེ། དེ་ནས་སེམས་གཞན་ཞེས་བྱ་བ་ནས་སྔ་མ་བཞིན དུ་ཇི་ལྟར་སེམས་པར་བཞག་པ་སྔོན་འདུ་ཤེས་སྐྱེས་པའི་བར་ཡང་དག་པར་རྗེས་སུ་དྲན་ཏེ། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་སྟེ། རྣམ་པ་འདིས་ན་བདག་དང་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་ཞིང། བདག་སྔོན་མ བྱུང་པ་ལས་ད་ལྟར་བྱུང་བར་གྱུར་ཏེ་སྙམ་མོ། །དགེ་སློང་དག་འདི་ནི་དངོས་པོ་དང་པོ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་རྒྱུ་མེད་པར་སྨྲ་བ་དག་ཅེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག གཞན་ཡང་གཉིས་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་ཞེས་བྱ་བ་ནས་མངོན་པར་སྨྲ་བས་མངོན་པར་སྨྲའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ན་ཁ་ཅིག་གཅིག་ཏུ་རྟོག གེ་དང་སྤྱོད་པ་བར་གྱུར་ལ། རྟོག་གེ་ཡོངས་སུ་རྫོགས་པའི་ས་ལ་གནས་པར་གྱུར་ཅིང། སོ་སོ་སྐྱེ་བོ་རང་ལ་སྣང་བ་བརྗོད་ཅིང་དཔྱོད་པ་ཀུན་ཏུ་དཔྱོད་པ་དེ་འདི་སྙམ་དུ་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་ངོ། །རྣམ་པ་འདིས་ན བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་ཀུན་བྱུང་སྟེ་བདག་འདི་ན་གཅིག་ཏུ་བྱུང་སྟེ་བདག་འདི་ན་གཅིག་ཏུ་རྟོག་གེ་དང་སྤྱོད་པ་པར་གྱུར་ལ། རྟོག་གེ་ཡོངས་སུ་རྫོགས་པའི་ས་ལ་གནས་པར་གྱུར་ཅིག་།སོ་སོ་སྐྱེ་བོ་རང་ལ་སྣང་བ་ཀུན་དུ་སྤྱོད་ཅིང རྟོག་གེ་དཔྱོད་པ་ཀུན་ཏུ་དཔྱོད་པ་ན་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་ངོ་སྙམ་སྟེ། དགེ་སློང་དག་འདི་ནི་དངོས་པོ་གཉིས་པ་གང་རྟོགས་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་ཁ་ཅིག སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་ཀུན་ཏུ་འབྱུང་ཞིང་རྒྱུ་མེད་པ་ལས་ཀུན་དུ་སྐྱེ་བར་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་དག་ནི་དངོས་པོ་གཉིས་པ་འདི་ཁོ་ན་སྟེ། འདི་ལས་ལྷག་པ་མེད་ཅིང འབྱུང་བར་མི་འགྱུར་རོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དགེ་སློང་དག་ཆོས་གཞན་ཟབ་མོ་ཟབ་པར་སྣང་བ་དེ་དག་བཤད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ།། དགེ་སློང་དག་ཆོས་གཞན་ཟབ་མོ་ཟབ་པར་སྣང་བ་དེ་དག་གང་ཞེ་ན་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་བདག་དང་འཇིག་རྟེན་མཛའ་དང་བཅས་པ་དང་མཛའ་དང་བཅས པ་ཡང་ཡིན། མཛའ་མེད་པ་ཡང་ཡིན་པ་དང། མཛའ་དང་བཅས་པ་ཡང་མ་ཡིན་མཛའ་མེད་པ་ཡང་མ་ཡིན་ནོ་ཞེས་འདི་ལྟར་དངོས་པོ་བཞི་པོ་འདི་དག་ལའོ། །དགེ་སྦྱོང་ངམ་བྲམ་ཟེ་དེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས ནས་སྔོན་གྱི་མཐར་རྟོགས་པ་བདག་དང་འཇིག་རྟེན་མཛའ་དང་བཅས་པ་དང་མཛའ་མེད་པ་དང། མཛའ་དང་བཅས་པ་ཡང་མ་ཡིན། མཛའ་མེད་པ་ཡང་མ་ཡིན་པ་དང། མཛའ་མེད་པ་ཡང་མ་ཡིན་མཛའ་དང་བཅས་པ་ཡང་མ་ཡིན་པར་སྨྲ བ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་འབྱུང་བར་འགྱུར་ཞེ་ན། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སེམས་མཉམ་པར་བཞག་པ་ན་འཇིག་རྟེན འདི་ནི་མཛའ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་འདུ་ཤེས་ཅན་དུ་གྱུར་ཏེ། དེ་འདི་སྙམ་དུ་འཇིག་རྟེན་ནི་མཛའ་དང་བཅས་པ་སྟེ། རྣམ་པ་འདིས་འཇིག་རྟེན་ནི་མཛའ་དང་བཅས་ཤིང་ཡོངས་སུ་ཆད་པ་སྟེ། བདག་དགོན་པ་འམ་ཤིང་དྲུང་ངམ ཁང་པ་སྟོང་པར་བརྩོན་པ་དང་སྤངས་པ་དང་བསྒོམ་པའི་རྒྱུས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་མཉམ་པར་བཞག་པ་ན་འཇིག་རྟེན་མཛའ་དང་བཅས་པའི་འདུ་ཤེས་ཅན་དུ་གནས་ཏེ་འཇིག་རྟེན་ནི་མཛའ་དང་བཅས་མཛའ་ཆད་པའོ་ཞེས་བྱ་བ་སྟེ། དགེ་སློང་དག་འདི ནི་དངོས་པོ་དང་པོ་སྟེ་གང་རྟོགས་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །གཉིས་པ་ཡང་འབྱུང་བར་འགྱུར་ཏེ། དགེ་སྦྱོང་དང་བྲམ་ཟེ་དག་གང་རྟོགས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་འདི་ནི་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་དགོན་པ་འམ་ཤིང དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་ནས་སེམས་མཉམ་པར་བཞག་པ་ནས་འཇིག་རྟེན་ནི་མཛའ་མེད་པ་ཡིན་ནོ་ཞེས་འདུ་ཤེས་ཉེ་བར་གནས་པར་ཏེ། འཇིག་རྟེན་འདི་ནི་མཛའ་མེད་པ་དང་མཛའ་ཐུག་པ་མེད་པ་ཡིན་ནོ་ཞེས་དགེ་སློང་དག་འདི་ནི་དངོས་པོ གཉིས་པ་གང་རྟོགས་ནས་ཞེས་བྱ་བ་སྔ་མ་བཞིན་དུའོ། །གསུམ་པ་ཡང་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ནས་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་དགོན པ་འམ། ཤིང་དྲུང་ངམ་ཁང་པ་སྟོང་པར་ཇི་ལྟར་སེམས་མཉམ་པར་བཞག་པ་ན་སྟེང་དང་འོག་གི་འཇིག་རྟེན་མཛའ་དང་བཅས་པའི་འདུ་ཤེས་དང་ཐད་ཀར་མཛའ་མེད་པ་ཡིན་ནོ་ཞེས་བྱ་བའི་འདུ་ཤེས་གནས་པར་གྱུར་ནས་དེ་འདི་སྙམ་དུ་སྟེང་དང་འོག་གི་འཇིག རྟེན་མཛའ་དང་བཅས་ཤིང་ཐད་ཀར་ནི་མཛའ་མེད་པ་ཡིན་ཏེ། རྣམ་པ་འདིས་སྟེང་དང་འོག་གི་འཇིག་རྟེན་མཛའ་དང་བཅས་ཤིང་ཐད་ཀར་ནི་མཛའ་མེད་པ་ཡིན་ཏེ། བདག་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པར་ཞེས་བྱ་བ་ནས་སེམས་མཉམ་པར བཞག་པ་ན་སྟེང་དང་འོག་གི་འཇིག་རྟེན་མཛའ་མེད་ཅིང་ཐད་ཀར་མཛའ་དང་བཅས་པའི་འདུ་ཤེས་ཉེ་བར་གནས་སོ་ཞེས་སྟེང་དང་འོག་གི་འཇིག་རྟེན་མཛའ་དང་བཅས་ཤིང་ཐད་ཀར་མཛའ་མེད་པ་ཡིན་ནོ་སྙམ་ཏེ། དགེ་སློང་དག་འདི་ན་དངོས་པོ གསུམ་པ་གང་རྟོགས་ཤིང་ཞེས་བྱ་བ་སྔ་མ་བཞིན་དུའོ། །བཞི་པ་ཡང་འབྱུང་བར་འགྱུར་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་མངོན་གྱི་མཐར་རྟོགས་པ་བདག་དང་འཇིག་རྟེན མཛའ་དང་བཅས་པ་དང་མཛའ་མེད་པ་དང། མཛའ་དང་བཅས་པ་ཡང་མ་ཡིན། མཛའ་མེད་པ་ཡང་མ་ཡིན་པའོ་ཞེས་མངོན་པར་སྨྲ་བས་སྨྲ་ཞེ་ན། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དགོན་པ་འམ་ཞེས་བྱ་བ་ནས། སེམས་མཉམ པར་བཞག་པ་ན་འཇིག་རྟེན་མཛའ་དང་བཅས་པ་ཡང་མ་ཡིན་ལ་མཛའ་མེད་པ་ཡང་མ་ཡིན་ནོ་སྙམ་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་ཏེ། དེ་འདི་སྙམ་དུ་འཇིག་རྟེན་ནི་མཛའ་དང་བཅས་པ་ཡང་མ་ཡིན་ཞིང་མཛའ་མེད་པ་ཡང་མ་ཡིན ནོ། །རྣམ་པ་འདིས་འཇིག་རྟེན་མཛའ་དང་བཅས་པ་ཡང་མ་ཡིན་ཞིང་མཛའ་མེད་པ་ཡང་མ་ཡིན་ཏེ། བདག་དགོན་པ་འམ་ཤིང་དྲུང་ངམ་ཁང་པ་སྟོང་པ་ཞེས་བྱ་བ་ནས་སེམས་མཉམ་པར་བཞག་པ་ན་འཇིག་རྟེན་མཛའ་དང་བཅས་པ་ཡང་མ ཡིན་ཞིང་མཛའ་མེད་པ་ཡང་མ་ཡིན་ནོ་ཞེས་འདུ་ཤེས་ཉེ་བར་གནས་པར་གྱུར་ཏོ་ཞེས་བདག་འཇིག་རྟེན་མཛའ་དང་བཅས་པ་མ་ཡིན་མཛའ་མེད་པ་ཡང་མ་ཡིན་ནོ་སྙམ་ཏེ། དགེ་སློང་འདི་ནི་དངོས་པོ་བཞི་པོ་གང་རྟོགས་ཤིང་གང་ལ་བརྟེན ཏེ་དམིགས་ནས་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོགས་པ་བདག་དང་འཇིག་རྟེན་མཛའ་དང་བཅས་པ་དང། མཛའ་མེད་པ་དང། མཛའ་དང་བཅས་པ་ཡང་ཡིན། མཛའ་ མེད་པ་ཡང་ཡིན། མཛའ་དང་བཅས་པ་ཡང་མ་ཡིན། མཛའ་མེད་པ་ཡང་མ་ཡིན་པར་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་དངོས་པོ་བཞི་པོ་འདི་ལས་གོང་ན་མེད་ཅིང་ཞེས་བྱ་བ་བཞིན་དུའོ། །དགེ་སློང་དག་ཆོས་གཞན གང་དག་ཟབ་མོ་ཟབ་པར་སྣང་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །ཆོས་འདི་ལྟར་ཟབ་མོ་ཟབ་པར་སྣང་བ་དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སྦྱོང་དང་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོགས་པ་འཆི་བ་མེད་ཅིང་གཡེང་བ་མེད་པ་དག?་འཆི བ་མེད་པ་དང་གཡེང་བ་མེད་པའི་དྲི་བ་དྲིས་པའི་ཚིག་ལས་གཡེང་བ་སྐྱེ་བར་འགྱུར་ཏེ་འདི་ལྟ་སྟེ་དངོས་པོ་བཞི་རྣམས་ལའོ། །དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་མི་དགེ་བའི་ཆོས་རྣམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང དགེ་བའི་ཆོས་སྡུག་བསྔལ་དང། ཀུན་འབྱུང་བ་དང། འགོག་པ་དང་ལམ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་དེ་འདི་སྙམ་དུ་བདག་གིས་མི་དགེ་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་ཞེས་བྱ་བ་ནས་བདག གི་ལམ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཞེས་བྱ་བའི་བར་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་མི་དགེ་བའི་ཆོས་རྣམས་ཀྱི་དྲི་བ་འདྲི་ཞིང། དགེ་བའི་ཆོས་སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་རྣམས་ཀྱི་དྲི་བ འདྲི་བར་འགྱུར་ན། མི་དགེ་བའི་ཆོས་དྲི་བ་འདི་དག་ལ་དྲིས་པ་ལུང་སྟོན་ཅིང། དགེ་བའི་ཆོས་སྡུག་བསྔལ་བ་དང། ཀུན་འབྱུང་བ་དང། འགོག་པ་དང། ལམ་རྣམས་ཀྱི་དྲི་བ་དེ་དག་ལ་དྲིས་པ་ལུང་སྟོན་ན། དེ་ནི་བདག་གི་རྫུན་དུ་འགྱུར་རོ། །ཞེས དགེ་སྦྱོང་ངམ་བྲམ་ཟེ་དེ་རྫུན་དུ་སྨྲ་བས་འཇིགས་ཤིང་རྫུན་དུ་སྨྲ་བས་འཇིགས་པར་གྱུར་ལ་རྫུན་དུ་སྨྲ་བ་ཡོངས་སུ་སྨོད་པར་བྱེད་ཅིང་དེར་གཏོད་ཅིང་གནས་ལ། དེའི་རྟེན་དང། གླིང་དང་དཔུང་གཉེན་བྱེད་པར་གྱུར་ཅིང། འཆི་བ་དང། རྣམ་པར གཡེང་བའི་ཚིག་ལས་རྣམ་པར་གཡེང་བ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་དང་པོ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་ལ་རྟོགས་པ་ལས་མངོན་གྱི་མཛའ་ལ་རྟོགས་པ་འཆི་བ་དང་རྣམ་པར་གཡེང་བའི་དྲི་བ དྲིས་པས་རྣམ་པར་གཡེང་བ་སྐྱེ་བའོ། །གཞན་ཡང་གཉིས་པར་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་མི་དགེ་བའི་ཆོས ར་ནམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དེ་བདག་གི་རྫུན་དུ་འགྱུར་ཞིང་གང་བདག་གི་རྫུན་དེ་བདག་གི་ལོག་པར་འགྱུར་རོ་ཞེས་དགེ་སློང་ངམ་བྲམ་ཟེ་ལོག་པར་ལྟ་བས་འཇིགས་ཤིང་ལོག་པར་ལྟ་བས འཇིགས་པར་འགྱུར་ཏེ་ལོག་པར་ལྟ་བ་ཡོངས་སུ་སྨད་པར་བྱེད་པ་ན་དེར་གཏང་ཅིང་གནས་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་འདི་ནི་དངོས་པོ་གཉིས་པ་སྟེ། དགེ་སྦྱོང་ངམ་བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཅིང གང་དམིགས་ནས་ཞེས་བྱ་བ་ནས་སྔ་མ་བཞིན་ཚིག་གིས་སེམས་རྣམ་པར་གཡེང་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་གསུམ་པ་འབྱུང་བར་འགྱུར་ཏེ་དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་གང་རྟོགས་ཤིང་གང ལ་བརྟེན་ཏེ་གང་དམིགས་ནས་སྔོན་མཐར་རྟོགས་པ་འཆི་བ་མེད་པ་དང་གཡེང་བ་མེད་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་མི་དགེ་བའི་ཆོས་རྣམས་ཡང་དག་པ་ཇི་ལྟ་བ་བཞིན དུ་མི་ཤེས་ཤིང་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དེ་ནི་བདག་གི་རྫུན་དུ་འགྱུར་ཞིང་གང་བདག་གིས་རྫུན་གང་ཡིན་པ་དེ་ནི་བདག་གིས་ལོག་པ་གང་ཡིན་པ་དེ་ནི་ཡང་དག་པ་མ་ཡིན་པའོ། །ཞེས་དགེ་སྦྱོང ངམ་བྲམ་ཟེ་དེ་ཡང་དག་པ་མ་ཡིན་པའི་མི་ཤེས་པས་འཇིགས་ཤིང་ཡང་དག་པ་མ་ཡིན་པའི་མི་ཤེས་པས་འཇིགས་ནས་ཡང་དག་པ་མ་ཡིན་པའི་མི་ཤེས་པས་ཡོངས་སུ་སྨོད་ཅིང། དེར་སེམས་གཏོད་ཅིང་གནས་པ་དང། གླིང ཞེས་བྱ་བ་ནས་ཚིག་གིས་གཡེང་བ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་གསུམ་པ་སྟེ་ཞེས་བྱ་བ་ནས་རྣམ་པར་གཡེང་བ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་རོ། །གཞན་ཡང་བཞི་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་ངམ བྲམ་ཟེ་གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང་དམིགས་ནས་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་རང་བཞིན་གྱིས་སྨོངས་པར་གྱུར་ཅིང་བླུན་པར་གྱུར་པས་དེ་འདི་སྙམ་དུ་གལ་ཏེ་བདག གི་དྲུང་དུ་ཁ་ཅིག་འོངས་ནས་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་དྲི་བ་འདྲི་ན་དེ་ལ་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་ལུང་བསྟན་པར་བྱའོ། །བདག་གིས་འཇིག་རྟེན་ཕ་རོལ་ཡོད་པ་དང་འཇིག་རྟེན་ཕ་རོལ་མེད་དོ་ཞེས་དྲིས་པ་དེ་བཞིན དུ་ལུང་བསྟན་པར་བྱའོ། །ཡོད་པ་དང། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང། དེ་བཞིན་དང། མ་ཡིན་པ་དང་གཞན་དུ་དང། གཞན་དུ་མ་ཡིན་པ་དང། དེ་མ་ཡིན། དེ་མེད། དེ་མ་ཡིན་ལ་དེ་ལྟར་མ་ཡིན་ཞེས་འདི་ན་དེ་ལ་བདག གིས་དེ་མ་ཡིན། དེ་ལྟར་མ་ཡིན་ཞེས་བདག་གིས་འཇིག་རྟེན་ཕ་རོལ་དྲིས་པའི་ལུང་བསྟན་པར་བྱའོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་རྨོངས་པས་འཇིགས་ཤིང་རྨོངས་པས་འཇིགས་པར་གྱུར་རྨོངས་པར་བྱེད་ན། དེར་གཏོད་ཅིང་གནས ཏེ་གླིང་དང། སྐྱབས་དང། དཔུང་གཉེན་དུ་གྱུར་ཅིང། འཆི་བ་མེད་པ་དང་གཡེང་བ་མེད་པ་དྲིས་པའི་ཚིག་ལས་གཡེང་བ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ་བཞི་པ་སྟེ། གང་རྟོགས་ཤིང་གང་ལ་བརྟེན་ཏེ་གང དམིགས་ནས་ཞེས་བྱ་བ་ནས་གཡེང་བ་སྐྱེ་བར་འགྱུར་བའི་བར་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཐར་རྟོགས་པ་འཆི་བ་མེད་ཅིང་གཡེང་བ་མེད་པ་དག་འཆི་བ་མེད་པ་དང། གཡེང་བ་མེད་པའི་ཚིག་ལས་གཡེང་ བ་སྐྱེ་བར་འགྱུར་བ་དེ་ཐམས་ཅད་དངོས་པོ་བཞི་པོ་འདི་དག་སྟེ་འདི་ལས་གོང་ན་མེད་པ་མི་འབྱུང་སྟེ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ་ལྟ་བར་གྱུར་པ་འདི་དག་འཛིན་པ་དང་དཔྱད པ་དང་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་ཁ་ཅིག་སྔོན་གྱི་མཛའ་དང་བཅས་པའི་ལྟ་བར་གྱུར་པ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་ཐམས་ཅད་ནི་ལྟ་བར་གྱུར་པ་བཅོ་བརྒྱད་དག་ལས་གོང་ན་མེད ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཅེས་བྱ་བ་ནས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཟབ་མོ་ཟབ་པར་སྣང་བ་ཞེས་བྱ་བ་སྔ་མ་བཞིན དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཟབ་མོ་ཟབ་པར་སྣང་བ་དེ་དག་གང་ཞེ་ན་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་ཕྱི་མའི་མཛའ་རྟོག་པ་འདུ་ཤེས་ཅན་དུ་སྨྲ་བ་དག་ཕ་རོལ་ཏུ་བདག་འདུ་ཤེས་ཅན་དུ འགྱུར་རོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ། དངོས་པོ་བཅུ་དྲུག་པོ་འདི་རྣམས་ལའོ། །དགེ་སྦྱོང་ངམ་བྲམ་ཟེ་སྔོན་གྱི་མཐར་རྟོག་པ་དངོས་པོ་བཅུ་དྲུག་པོ་འདི་དག་ལ་གང་རྟོགས་ཤིང་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། ། དགེ་སློང་དག་འདི་ན་དགེ་སྦྱོང་ངམ་བྲམ་ཟེ་འདི་ལྟར་ལྟ་ཞིང་འདི་སྐད་དུ་བདག་གཟུགས་དང་ལྡན་ལ་ཕ་རོལ་དུ་འདུ་ཤེས་ཅན་དུ་གྱུར་ཞིང་གཟུགས་མེད་པ་དང། གཟུགས་དང་བཅས་པ་དང། གཟུགས་མེད་པ་དང། གཟུགས་དང་བཅས པ་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ལ། ཕ་རོལ་དུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་འདུ་ཤེས་གཅིག་པ་དང། འདུ་ཤེས་ཐ་དད་པ་དང། ཆུང་ངུའི་འདུ་ཤེས་དང། ཚད་མེད་པའི་འདུ་ཤེས་ཅན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ དང། གཅིག་ཏུ་བདེ་བ་དང། གཅིག་ཏུ་སྡུག་བསྔལ་བ་དང། བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ཞིང་བདག་ཕ་རོལ་ཏུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་སྟེ། དགེ་སློང་དག་བཞི་བཅུ་དྲུག་པོ་འདི་དག་རྟོགས ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་ཕྱི་མའི་མཐར་རྟོགས་པ་འདུ་ཤེས་ཅན་དུ་སྨྲ་བ་དག་ཅེས་བྱ་བ་ནས་མངོན་པར་སྨྲ་བས་མངོན་པར་སྨྲའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་ཕྱི་མའི་མཐར་རྟོགས་པ་དེ་ཐམས་ཅད་ནི་བཞི་བཅུ་དྲུག པོ་འདི་དག་ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅིང། དེ་ལས་བླ་མར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ་འདི་དག་ནི་ལྟ་བར་འགྱུར་བ་འཛིན་པ། འདི་ལྟར སྤྱོད་པ་འདི་ལྟར་སེམས་པ། འདི་ལྟར་རྣམ་པར་སྤྱོད་པ། འདི་ལྟར་འགྲོ་བ། གོམ་པ་འཐད་པ་དང་བཅས་པ། འདི་ལྟར་ཕ་རོལ་དུ་འགྲོ་བ་ཅན་ཡིན་ནོ་ཞེས་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ། །དེ་དག་ལས་བླ་མར གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅིང་དེ་ལས་གོང་མར་གྱུར་པ་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་པས་མངོན་པར་མི་དཔྱོད་ཅིང། དཔྱོད་པའི་བདག་ཉིད སོ་སོར་རང་གིས་རིགས་པའི་བདག་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པར་མཁྱེན་ཅིང། ཚོར་བའི་ཀུན་འབྱུང་བ་དང་འགོག་པ་མཁྱེན་ཅིང་འདི་ནི་སྡུག་བསྔལ་འདི་ནི་སྡུག་བསྔལ་ཀུན་འབྱུང་བ་ཞེས་ལྷག་པར་མཁྱེན་ཏོ། །དགེ་སློང་ཆོས་དག་ཆོས གཞན་གང་དག་ཟབ་མོ་ཟབ་པར་སྣང་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཟབ་མོ་ཟ་བ་པར་སྣང་བ་དེ་གང་ཞེ་ན་ཞེས་བྱ་བ་ནས་སྔ་མ་བཞིན་དུའོ། །དགེ་སློང་དག་མཛའ་དང་བཅས་ལ་ཕ་རོལ་ཏུ་འདུ་ཤེས་ཅན་དུ་འགྱུར ཞིང། མཛའ་མེད་པ་དང། མཛའ་དང་བཅས་པ་དང། མཛའ་མེད་པ་དང་བཅས་པ་ཡང་མ་ཡིན། མཛའ་མེད་པ་ཡང་མ་ཡིན་ལ་ཕ་རོལ་ཏུ་འདུ་ཤེས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐར་རྟོག་པ དག་ཕ་རོལ་ཏུ་བདག་འདུ་ཤེས་མེད་པ་ཅན་དུ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དག་ཡོད་དེ། འདི་ལྟ་སྟེ་དངོས་པོ་བརྒྱད་པ་འདི་དག་ལའོ། །དེ་དགེ་སྦྱོང་དང་བྲམ་ཟེ་དེ་དག་དངོས་པོ་བརྒྱད་པོ་འདི་རྟོགས་ཤིང་གང་ལ་བརྟེན་ཅིང་དམིགས་ནས་ཞེས་བྱ་བ སྔ་མ་བཞིན་ནོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་འདི་ལྟར་བལྟ་འདི་ལྟར་སྨྲ་བ་དག་ཡོད་དེ་བདག་གཟུགས་དང་ལྡན་ལ་ཕ་རོལ་ཏུ་འདུ་ཤེས་མེད་པ་ཅན་དུ་འགྱུར་རོ། །གཟུགས་མེད་པ་དང། གཟུགས་དང་བཅས་པ་དང། གཟུགས་མེད་པ་དང གཟུགས་དང་བཅས་པ་ཡང་མ་ཡིན་གཟུགས་མེད་པ་ཡང་མ་ཡིན་ལ་ཕ་རོལ་ཏུ་འདུ་ཤེས་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་དང། གང་བདག་མཛའ་དང་བཅས་ལ་ཕ་རོལ་ཏུ་འདུ་ཤེས་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་དང། མཛའ་མེད་པ་དང། མཛའ་ དང་བཅས་པ་དང། མཛའ་མེད་པ་དང་མཛའ་དང་བཅས་པ་ཡང་མ་ཡིན། མཛའ་མེད་པ་ཡང་མ་ཡིན་ལ། ཕ་རོལ་ཏུ་འདུ་ཤེས་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་སྟེ། དགེ་སློང་དག་དངོས་པོ་བརྒྱད་པོ་འདི་དག་གང་རྟོགས་ཤིང་ཞེས་བྱ་བ་སྔ་མ བཞིན་ནོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་གང་ཅུང་ཟད་ཅེས་བྱ་བ་ནས་སྔ་མ་བཞིན་དུ་ལྷག་པར་མཁྱེན་ཏོ། །ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན་གང་དག་ཅེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཕྱི མའི་མཐར་རྟོགས་པ་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་དག་བདག་ཕ་རོལ་ཏུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ་དངོས་པོ་བརྒྱད པོའི་འདི་རྣམས་ལའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་ཕྱི་མའི་མཐར་རྟོག་བ་འདུ་ཤེས་ཡོད་པ་ཡང་མ་ཡིན་པར་སྨྲ་བ་དག་དངོས་པོ་བརྒྱད་པོ་དག་ལ་བདག་ཕ་རོལ་ཏུ་འདུ་ཤེས་ཡོད་པ་ཡང མ་ཡིན?་མེད་པ་ཡང་མ་ཡིན་ནོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་ཞེས་ན། དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཕྱི་མའི་མཐར་རྟོགས་པ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། བདག་གཟུགས་དང་ལྡན་པ་ཕ་རོལ་ཏུ་འདུ་ཤེས་ཡོད་པ་ཡང་མ་ཡིན མེད་པ་ཡང་མ་ཡིན་པ་དང། གཟུགས་མེད་པ་དང། གཟུགས་དང་བཅས་པ་དང། གཟུགས་མེད་པ་དང་གཟུགས་དང་བཅས་པ་ཡང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ལ། ཕ་རོལ་ཏུ་འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར འགྱུར་རོ་ཞེས་བྱ་བ་དང། བདག་མཛའ་དང་བཅས་པར་གྱུར་ལ། ཕ་རོལ་ཏུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང། མཛའ་མེད་པ་དང། མཛའ་དང་བཅས་པ་དང། མཛའ་མེད་པ་དང་མཛའ་དང་བཅས་པ་ཡང་མ་ཡིན་མཛའ་མེད་པ་ཡང མ་ཡིན་ལ། ཕ་རོལ་ཏུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་བྱ་སྟེ། དགེ་སློང་དག་དངོས་པོ་བརྒྱད་པོ་འདི་དག་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་སྔོན་གྱི་མཐར་རྟོག་པ་འདུ་ཤེས་ཡོད་པ་ཡང་མ་ཡིན མེད་པ་ཡང་མ་ཡིན་པར་སྨྲ་བ་དག་། བདག་ཕ་རོལ་ཏུ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་མངོན་པར་སྨྲ་བས་མངོན་པར་སྨྲའོ། དགེ་སློང་དག་ཅེས་བྱ་བ་ནས་ལྷག་པར་མཁྱེན་ཏེ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན གང་དག་ཅེས་བྱ་བ་སྔ་མ་བཞིན་དུའོ། །གང་ཞེ་ན་ཞེས་བྱ་བའི་བར་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐར་རྟོག་བ་ཆད་པར་སྨྲ་བ་དག་བདག་ཕ་རོལ་དུ་ཆད་པར་འགྱུར་རོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ དག་ཡོད་དེ། འདི་ལྟ་སྟེ། དངོས་པོ་བདུན་པོ་འདི་རྣམས་ལའོ། །དགེ་སྦྱོང་དང་བྲམ་ཟེ་དེ་དག་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་ཞེས་བྱ་བ་ནས་མངོན་པར་སྨྲ་ཞེ་ན་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་དགེ་སྦྱོང་ངམ བྲམ་ཟེ་ཁ་ཅིག་སྔོན་གྱི་མཐར་རྟོག་པ་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དེ། ཇི་སྲིད་དུ་བདག་གཟུགས་ཅན་ཏེ་རགས་པ་རགས་པ་འབྱུང་བ་ཆེན་པོ་བཞིའི་རྒྱུ་ལས་བྱུང་བ་དང། གནས་པ་དང་ཉེ་བར་གནས་པ་དང་རྟས་པ་དེ་སྲིད་དུ་ནད་དང་བཅེས། འབྲས་དང་བཅས། ཟུག་རྔུ་དང་བཅས་པ། རིམས་ནད་དང་བཅས་པའོ། །གང་གི་ཚེ་བདག་རྒྱུན་ཆད་ཅིང་རྣམ་པར་ཞིག་ལ། གཅིག་ནས་གཅིག་ཏུ་མི་འབྱུང་བ་འདི་ཙམ་གྱིས་ན་བདག་ཡང་དག་པར་རྒྱུན་ཆད་པར་འགྱུར་རོ། །འདོད་པ་ན་སྤྱོད་པའི་ལྷ རྣམས་དང། གཟུགས་ན་སྤྱོད་པའི་ལྷ་རྣམས་དང། གཟུགས་མེད་པ་ནམ་མཁའ་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང། གཟུགས་མེད་པ་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང། གཟུགས་མེད་པ་ཅི་ཡང་མེད པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང། གཟུགས་མེད་པ་ཡོད་མིན་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་སུ་གསོན་པ་དང་གནས་པ་དང་རྟས་པ་དང། ཉེ་བར་གནས་པ་དེ་སྲིད་དུ་ནང་དང་བཅས། འབྲས་དང་བཅོས་ཞེས་བྱ་བ་ནས ཡང་དག་པར་རྒྱུན་ཆད་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་ནི་དངོས་པོ་བདུན་པོ་གང་རྟོགས་ཤིང་གང་ལ་བརྟེན་ཅིང་གང་དམིགས་ནས་ཕྱི་མའི་མཐར་རྟོགས་པར་ཆད་པར་སྨྲ་བ་ཅེས་བྱ་བ་ནས་མངོན་པར་སྨྲའོ་ཞེས་བྱ་བའི བར་དུའོ། །དགེ་སྦྱོང་དང་བྲམ་ཟེ་གང་ཟུང་ཟད་ཅེས་བྱ་བ་ནས་དེ་ཐམས་ཅད་ནི་དངོས་པོ་བདུན་པོ་འདི་ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་ཞེས་བྱ་བ་ནས་ལྷག པར་མཁྱེན་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ཆོས་གཞན་གང་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཕྱི་མའི་མཛའ་རྟོག་བ་མཐོང་བའི་ཆོས་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་བར མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ། དངོས་པོ་ལྔ་པོ་འདི་རྣམས་ལའོ། །དགེ་སྦྱོང་དང་བྲམ་ཟེ་དེ་དག་གང་རྟོག་ཤིང་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་ལྟར་སྨྲ་བ་དག་ཡོད་དོ། ཇི སྲིད་དུ་བདག་འདོད་པའི་ཡོན་ཏན་ལྔ་པོ་ལེན་པ་དང། ཁས་ལེན་པ་དང། ལྡན་པ་དང། རྩེ་དགའ་ཞིང་ཡོངས་སུ་སྤྱོད་པ་དེ་སྲིད་དུ་བདག་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གང་གི་ཚེ་བདག་འདོད་པ་ལས་དབེན་ཞིང སྡིག་བ་མི་དགེ་བའི་ཆོས་ལས་དབེན་ཞེས་བྱ་བ་ནས་བསམ་གཏན་བཞི་བ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདི་ཙམ་གྱིས་ན་བདག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དངོས་པོ ལྔ་པོ་གང་ལ་རྟོགས་ཤིང་གང་ལ་བརྟེན་ཏེ། གང་ལ་དམིགས་ནས་སྔོན་གྱི་མཐར་རྟོག་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་མངོན་པར་སྨྲ་བས་མངོན་པར་སྨྲའོ། །དགེ་སློང་དག་དགེ སྦྱོང་དང་བྲམ་ཟེ་གང་ཅུང་ཟད་ཅེས་བྱ་བ་ནས་དེ་ཐམས་ཅད་ནི་དངོས་པོ་ལྔ་པོ་འདི་དག་ལས་གོང་ན་མེད་ཅིང་མེད་བ་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་དག་དེ་བཞིན་གཤེགས་པས་ཞེས་བྱ་བ་ནས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུའོ། ། དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་ཕྱི་མའི་མཐར་རྟོགས་པ། ཕྱི་མའི་མཛའ་དང་བཅས་པའི་ལྟ་བར་གྱུར་པ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་དག་ཐམས་ཅད་ནི་ལྟ་བར་གྱུར་བ་བཞི་བཅུ་རྩ་བཞི་པོ་འདི་ལས་གོང་ན་མེད་ཅིང་མང་བ་མ་ཡིན་ནོ། དེ་དག་དེ་བཞིན་གཤེགས་པས་ཡང་དག་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་སྔོན་གྱི་མཐར་རྟོག་ཅིང་སྔོན་གྱི་མཛའ་དང་བཅས་པའི་ལྟ་བར་གྱུར་པ མངོན་པར་སྨྲས་པས་མངོན་པར་སྨྲ་བ་དང། ཕྱི་མའི་མཐར་རྟོག་པ་དང་ཕྱི་མའི་མཛའ་དང་ལྷན་ཅིག་པའི་ལྟ་བར་གྱུར་པ་མངོན་པར་སྨྲ་བས་མངོན་པར་སྨྲ་བ་དེ་དག་ཐམས་ཅད་ནི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་པོ་འདི་དག་ལས་གོང་ན་མེད ཅིང་མང་བ་མ་ཡིན་ནོ། །དེ་དག་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཞེས་བྱ་བ་སྔ་མ་བཞིན་དུའོ། །དགེ་སློང་དག་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་སྔོན་གྱི་མཛའ་དང་བཅས་པའི་ལྟ བར་གྱུར་པས་གཡེངས་པ་དང། གནས་པ་དང་རབ་ཏུ་གནས་པ་དང། མངོན་པར་ཞེན་པ་དང། མངོན་པར་རབ་ཏུ་ཞེན་པ་དང། ཕྱི་མའི་མཐར་རྟོག་པ་དང། ཕྱི་མའི་མཐར་རྟོག་པ་དང་བཅས་པའི་ལྟ་བར་གྱུར་པས་གཡེངས་པ་དང། རབ ཏུ་གཡེངས་པ་དང། གནས་བ་དང་རབ་ཏུ་གནས་པ་དང། མངོན་པར་ཞེན་པ་དང། མངོན་པར་རབ་ཏུ་ཞེན་པ་དེ་ཐམས་ཅད་ནི་བདུད་སྡིག་ཏོ་ཅན་གྱི་དྲི་བར་ཆུད་ཅིང་དབང་དུ་གྱུར་ཅིང། དབང་དུ་སོང་བ་ཇི་ལྟར་འདོད་པ་ལྟར་བྱེད་པ། བདུད་སྡིག ཏེ་ཅན་གྱི་འཆིང་བས་བཅིངས་ཤིང། བདུད་ཀྱི་དབང་ལས་མ་གྲོལ་བ་ཞེས་བྱའོ། །དགེ་སློང་དག་དཔེར་ན་ཉ་པ་འམ་ཉ་པའི་སློབ་མ་མཁས་པས་དྲ་བ་མིག་ཆུང་ངུ་ཆུང་བཅུག་སྟེ། འཆུ་བ་ན་དགེ་སློང་དག་དེར་སྲོག་ཆགས་རགས་པ གཡངས་ཤིང་གཡེང་བ་དེ་དག་དྲ་བའི་ནང་དུ་འགྲོ་ཞིང་ཉ་པའི་དབང་དུ་སོང་ཞིང་དབང་དུ་གྱུར་པ་ལག་པར་སོང་བ་ཅི་ལྟར་འདོད་པ་བཞིན་བྱེད་པ་ཞེས་བྱ་བར་རིག་པར་བྱའོ། །དགེ་སློང་དག་དེ་བཞིན་དུ་དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང ཟད་སྔོན་གྱི་མཐར་རྟོགས་པ་དག་ཅེས་བྱ་བ་ནས་སྔ་མ་བཞིན་དུ་བདུད་ཀྱི་ཞགས་པ་ལས། ཡོངས་སུ་མ་གྲོལ་བ་ཞེས་བྱའོ་ཞེས་བྱ་བ་ནི་བར་དུའོ། །དགེ་སློང་དག་དེ་ལས་དགེ་སྦྱོང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག དང་འཇིག་རྟེན་ནི་རྟག་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ་དངོས་པོ་བཞི་པོ་འདི་རྣམས་ལའོ། །དེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཡིད་འཁྲུག་པར་འགྱུར། མ་རིག་པར་འགྱུར། བག་མེད་པར་འགྱུར། རྣམ་པར་རྨོངས་ཤིང་སྲིད་པའི ག་ཡོ་བ་དང་བཅས་ཤིང་གནས་པར་རིག་པར་བྱའོ་ཞེས་བྱ་བ་ནས་ཕྱི་མའི་མཐར་རྟོག་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་བ་སྟེ་འདི་ལྟ་སྟེ་དངོས པོ་བཞི་པོ་འདི་རྣམས་ལའོ། །དེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཡིད་འཁྲུག་པར་འགྱུར་མ་རིག་པར་འགྱུར། བག་མེད་པར་འགྱུར། རྣམ་པར་རྨོངས་ཤིང་སྲེད་པའི་གཡོ་བ་དང་བཅས་ཤིང་གནས་པར་རིག་པར་བྱའོ་ཞེས་བྱ་བ་ནས་ཕྱི་མའི་ཐར་རྟོག་པ མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ་དངོས་པོ་ལྔ་རྣམས་ལའོ། །དེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཡིད་འཁྲུག་པར་འགྱུར། མ་རིག་པར་འགྱུར། བག་མེད་པར་འགྱུར། རྣམ་པར་རྨོངས ཤིང་སྲེད་བའི་གཡོ་བ་དང་བཅས་ཤིང་གནས་པར་རིག་པར་བྱའོ། །དགེ་སྦྱོང་དག་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་བདག་དང་འཇིག་རྟེན་རྟག་གོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ། འདི་ལྟ་སྟེ དངོས་པོ་བཞི་རྣམས་ལའོ། །དེ་དག་ནི་རྟེན་ཅིང་འདྲེལ་པར་འབྱུང་བ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པ་འདི་ནི་གནས་པ་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་བྱ་བ་ནས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ མྱ་ངན་འདས་པའོ་ཞེས་མངོན་པར་སྨྲ་བས་མངོན་པར་སྨྲ་སྟེ་འདི་ལྟ་སྟེ་དངོས་པོ་ལྔ་པོ་འདི་རྣམས་ལའོ། །འདི་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་དག་རྟེན་ཅིང་འབྲེལ་བར་མི་འགྱུར་རོ་ཞེས་བྱ་བ་འདི་མི་གནས་མ ཡིན་ཞིང་གོ་སྐབས་མེད་དོ། །དགེ་སྦྱོང་དག་དེ་ལ་དགེ་སློང་ངམ་བྲམ་ཟེ་གང་དག་སྔོན་གྱི་མཐར་རྟོག་པ་རྟག་པར་སྨྲ་བ་དག་ཅེས་བྱ་བ་ནས་མངོན་པར་སྨྲ་བས་མངོན་པར་སྨྲའོ་ཞེས་བྱ་བའི་བར་དུའོ། །འདི་ལྟར་དངོས་པོ་བཞི་པོ་འདི་རྣམས་ལའོ།། ད་ཨེ་དག་ཀྱང་རེག་པའི་རྐྱེན་ཅན་ཏེ་རེག་པའི་རྐྱེན་མ་ཡིན་པར་གཞན་དུ་ཚོར་བ་འབྱུང་བར་འགྱུར་བ་འདི་ནི་གནས་མེད་དོ་ཞེས་བྱ་བ་ནས་ཕྱི་མའི་མཐར་རྟོག་པ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་སྨྲ་བ་དག་མཐོང་བའི་ཆོས་ལ་མྱ་ངན་ལས འདས་པའོ་ཞེས་མངོན་པར་སྨྲ་བ་སྟེ་འདི་ལྟ་སྟེ་དངོས་པོ་ལྔ་པོ་གང་རྣམས་ལའོ། །དེ་དག་ཀྱང་རེག་པའི་རྐྱེན་གྱིས་གྱུར་པ་སྟེ་རེག་པའི་རྐྱེན་མ་ཡིན་པར་གཞན་དུ་ཚོར་བ་འབྱུང་བར་འགྱུར་བ་འདི་ནི་གནས་པ་མ་ཡིན་ནོ། །དགེ་སློང་དག་གང་གི་ཕྱིར རེག་པའི་སྐྱེ་མཆེད་དྲུག་པོ་དག་གི་ཀུན་འབྱུང་བ་དང། མི་སྣང་བ་དང། ཉེས་དམིགས་དང། རོ་མྱང་བ་དང། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང། དེ་ལས་བླ་མར་གྱུར་པའི་ཆོས་རྣམས་ཡང་དག་པ་ཅི་ལྟ་བ་བཞིན ཤེས་པས་གང་ཡང་ཟག་པ་དང་བཅས་ཤིང་ཉོན་མོངས་པ་དང་བཅས་པ་ཡང་སྲིད་པར་རྣམ་པར་སྨིན་པ་དང་ནད་དང་སྡུག་བསྔལ་བ་དང། མ་འོངས་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དེ་དག་དེ་བཞིན་གཤེགས་པས་སྤངས་ཤིང ཡོངས་སུ་ཤེས་ལ་ཤིང་ཏཱ་ལ་མགོ་བཅད་པ་ལྟར་རྩ་བ་ནས་བཏོན་ཅིང་ཡང་མི་སྐྱེ་བའི་ཆོས་དུ་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་ལན་གསུམ་གཡོས། རབ་ཏུ་གཡོས ཀུན་ཏུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ་ལོ། །ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་གོ་།དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་ཟུར་ན་རྔ་ཡབ་ཐོགས་ཏེ་གཡོབ་ཅིང་འདུག་སྟེ། དེ་ནས་ཚེ་དང་ལྡན་པ ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡི་མིང་ཅི་ཡིན་ཅི་ལྟར་བཟུང་བར་བྱ། ཀུན་དགའ་བོ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་རྒྱུའི་དྲ་བ་ཞེས་བྱ་བར་གཟུང་ཞིག་། དོན་གྱི་དྲ་བ་དང། ཆོས་ཀྱི་དྲ་བ་དང། ཚངས་པའི་དྲ་བ་ཞེས་བྱ་བར་ཡང་གཟུང་ཞིག་།དེའི་ཕྱིར་ཚངས་པའི་དྲ་བ་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་གྲངས་འདིའི་ཚིག་བླ་དགས་སོ། དེ་སྐད་ཅེས་བཀའ་སྩལ་པ་དང་དགེ་སློང་དེ་དག་བཅོམ་ལྡན་འདས ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡིད་རང་ངོ། །བར་སྡོམ་ལ། །རྟག་དང་ཕྱོགས་གཅིག་རྒྱུ་མེད་དང། །མཛའ་ཡོད་དེ་བཞིན་འཆི་མེད་དང། །འདུ་ཤེས་བཅས་དང་འདུ་ཤེས་མེད། །འདུ་ཤེས་ཡོད་མིན་མེད་མིན་ཆད། །མྱ་ངན་འདས དང་གཡེངས་པ་དང། ཡང་དག་རྨོངས་པ་ཞེས་བྱ་དང། །བརྟེན་ནས་བྱུང་དང་དགེ་བས་སོ། །ཇི་སྐད་དུ་གཅར་བུ་པ་རྣམས་སྒྲེན་མོ་གོས་མེད་པ་ཡིན་ནོ་ཞེས་བྱ་བ་ལ་ལུང་རིང་པོ་དང་བ་སྐྱེ་བ་མེད་པའི་མདོ་དང། མུ་བཞི་པའི་ཚོམས་ཀྱི་དཀའ་ འགྲེལ་གྱི་སྒོ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལས། བདག་ལ་ཕན་པ་ཞེས་བྱ་འདིར་ཞེས་བྱ་བ་ལས་འདི་སྐད་འདོན་ཏེ། བདག་ཉིད་གདུང་ཞིང་བདག་ཉིད་ཡོངས་སུ་གདུང་བ་དང་རྗེས་སུ་མཐུན་ཞིང་ལྡན་ལ་གཞན་མི་གདུང་ཞིང གཞན་ཡོངས་སུ་མི་གདུང་བ་དང་རྗེས་སུ་མཐུན་ཞིང་ལྡན་པའི་གང་ཟག་གང་ཞེ་ན། འདི་ལྟར་དཀའ་ཐུབ་ཅན་ཁ་ཅིག་ངན་པས་འཚ་ཞིང་སྐྱེས་པའི་དུས་བཞིན་དུ་སྒྲེན་མོར་འདུག་ཅིང། གོས་དང་བྲལ་བར་ཀུན་ཏུ་རྒྱུ་ལ་ལག་པ་གཅིག གིས་ལེན་པ་དང། དེ་ལག་པ་ན་དབྱུག་བ་ཐོགས་པའི་བསོད་སྙོམས་མི་ལེན་པ་དང། ལག་ན་མཚོན་ཐོགས་པ་དང། ལག་ན་ཆོལ་ཟངས་ཐོགས་པ་དང། ཟར་མ་ཐོགས་པ་དང། གང་གྲོང་དང་གྲོང་མ་ཡིན་པའི་བར་ན་སྦྲང བུ་བཞིན་དུ་གནས་པར་གྱུར་པའི་བསོད་སྙོམས་མི་ལེན་པ་དང། གང་གི་སྒོ་ན་ཁྱིམ་གནས་པར་གྱུར་པ་དང། གང་ན་འབྲས་འབྱུང་བ་ལས་བསོད་སྙོམས་མི་ལེན་པ་དང། གང་ན་འཐག་པ་དང། གང་ན་སྦྲུམ་མ་ཡོད་པ་དང། གང་ན་བཙའ་བ་ཡོད་ བ་དང། གང་ན་འཚོ་བ་པ་དང། གང་ན་མེད་ཅིང་སྨྲ་བ་དེར་མི་འགྲོ་བ་དང། གང་ན་འདུག་ཅེས་སྨྲ་བ་དང། སྟོན་པར་བྱེད་པ་དང། ཉེ་བར་སྟོན་པར་བྱེད་པར་མི་འགྲོ་ཞིང་ངན་པ་དང་ཤ་མི་ཟ་བ་དང། ཉ་དང་ཤིང་འབྲས་མི་ཟ་བ་དང། ཆང་མི་འཐུང་བ དང། སྨན་གྱི་བཏུང་བ་མི་འཐུང་བ་དང། ཁྱིམ་ཅིག་ཏུ་རྙེད་པ་དང། གཉིས་དང་གསུམ་དང་ཁྱིམ་བདུན་དུ་རྙེད་པ་ལེན་པ་དང། བཟའ་བ་དང་བཏུང་བ་མི་ཟ་བ་དང་རྗེས་སུ་མཐུན་ཞིང་ལྡན་པ་དང། ཁམ་བུ་གཅིག་ཟ་ཞིང་ཡོངས་སུ་ཟ་བ་དང། ཁམ་བུ་གཉིས་དང། གསུམ་དང། ཡུན་དུ་ཟ་བ་དང། བཏུང་བ་ཟ་ཞིང་འཐུང་བ་དང། དུས་གཅིག་ཏུ་ལོངས་སྤྱོད་པ་དང། གཉིས་དང། གསུམ་དང། བདུན་གྱི་མཐར་སྤྱོད་ཅིང་ཟ་བ་དང། ཟླ་བ་ཕྱེད་ནས་ཡོངས་སུ་སྤྱད་པ་དང། ཟླ་བ་ཕྱེད་ཀྱི མཐར་ཟ་བ་དང། ཟླ་བ་གཅིག་ལོན་ནས་ཟ་བ་དང། ཟླ་བ་གཅིག་ནས་ཟ་བ་དང། ཚོད་མ་ཟ་བ་དང། སྔོ་ཟ་བ་དང། རྒྱ་འབྲས་ཟ་བ་དང། གཟེགས་མ་ཟ་བ་དང། བ་ལང་གི་ལྕི་བ་ཟ་བ་དང། གར་རྡུ?་ཟ་བ་དང། དགོན་པའི་ཕྱོགས་སུ་འཛིན ནས་འབྲས་བུ་དང། ས་བོན་ལས་བྲལ་བ་དང། རྩ་བ་དང་འབྲས་བུ་དང་འཚོ་བ་དང་གཟེགས་མ་དང་བཅས་ཤིང་གནས་པ་དང། དུར་ཁྲེད་དུ་གནས་པ་དང། ཉེ་བར་ཞི་བ་ན་གནས་པ་དང་རི་ལ་གནས་པ་དང། རྒྱན་འཆད་བ་དང། རི་ དང་དུར་ཁྲོད་འཆང་བ་དང། རིལ་ལ་བ་འཆང་བ་དང། སྐྲའི་ལ་བ་འཆད་བ་དང། ར་དང་སྐྲའི་ལ་བ་འཆད?་བ་དང། པགས་པ་འཆད?་བ་དང། གཡང་གཞི་འཆད?་བ་དང། པགས་པ་དང་གཡང་གཞི་འཆད་བ་དང། དུར་བ་འཆད?་བ་དང། ཅིར་ར་ཉ་འཆད བ་དང། དུར་བ་དང་ཙིར་ར་ཉ་འཆད?་བ་དང། དྲི་མ་འཆད་བ་དང། འདམ་འཆད?་བ་དང། དྲི་མ་དང་འདམ་འཆད་པ་དང། སྐྲ་འཆད་བ་དང། ཁ་སྤུ་འཆད་བ་དང། སྐྲ་དང་ཁ་སྤུ་འཆད་བ་དང། སྐྲ་འབྱེད་པ་དང། ཁ་སྤུ་འབྱིད་པ་དང། སྐྲ་དང་ཁ་སྤུ་འབྱིད་པ དང། རྗེས་སུ་མཐུན་ཞིང་ལྟར་གནས་ཏེ། ལག་པ་གཅིག་གནམ་དུ་བསྒྲེང་བ་དང། གཡེང་བར་མི་བྱེད་པ་དང། ཙོག་ཙོག་པོར་འདུག་པ་སྤོང་བ་དང། རྗེས་སུ་མཐུན་པས་གནས་པ་དང། འབྲས་བུ་ལ་བརྟེན་ཅིང་གནས་པ་དང། འབྲས་བུ་ལ་མལ་སྟན བྱེད་པ་དང། མཚོན་ཆ་ལ་བརྟེན་པ་དང། མཚོན་ཆ་མལ་སྟན་དུ་བྱེད་པ་དང། བ་ལང་གི་ལྕི་བས་བྱུགས་མ་ཐག་པའི་ས་གཞི་ལ་ཉལ་བ་དང། ཆུའི་ནང་དུ་གནས་པ་དང། ཇི་སྲིད་དུས་གསུམ་གྱི་བར་དུ་ཆུར་གནས་པ་དང། མེལ་ཀུན་ཏུ་སྤྱོད་པ་ནས ལན་གསུམ་དུ་མེ་ལ་ཀུན་ཏུ་སྤྱོད་པའི་བར་དུའོ། །རྐང་པ་གཅིག་གིས་གནས་པ་དང། ཉི་མ་ལ་རྗེས་སུ་ཕྱོགས་དེ་ཉི་མའི་རྗེས་སུ་འཇུག་པ་དང། ཉེ་བར་གདུང་བ་དུ་མས་ལུས་ལ་གདུང་ཞིང་ཡོངས་སུ་གདུང་བར་བྱེད་ཅིང། གདུང་བ་དང་ཉེ་བར་གདུང་ བ་དང་རྗེས་སུ་མཐུན་ཞིང་གནས་པ་སྟེ། འདི་ནི་བདག་ཉིད་གདུང་ཞིང་བདག་ཉིད་ཡོངས་སུ་གདུང་བ་དང་རྗེས་སུ་མཐུན་ཞིང་ལྡན་ལ། གཞན་མི་གདུང་ཞིང་གཞེན་ཡོངས་སུ་མི་གདུང་བ་དང་མཐུན་ཞིང་ལྡན་པའི་གང་ཟག་ཅེས་བྱའོ། །ཇི་སྐད་དུ་དགེ་སློང དག་བདག་གམ་བདག་གི་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པའི་ཚོགས་ལས་དྲུག་པ་རལ་པ་ཅན་གྱི་མདོ་ལས་ཇི་སྐད་དུ་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་མ་ག་དྷེའི་དབང་ཕྱུག་གི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བོས་ནས་རྒྱལ པོ་ཆེན་པོ་གཟུགས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཏེ་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཏེ སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་དག་གཟུགས་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་རིག་ནས་གཟུགས་ཡོངས་སུ་ཤེས་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྐྱེ བ་དང་འཇིག་པའི་ཆོས་ཅན་དུ་ཡོངས་སུ་རིག་ནས་རྣམ་པར་ཤེས་པ་ཡོངས་སུ་ཤེས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་གཟུགས་ཡོངས་སུ་ཤེས་ན་བདག་གི་ཞེས་ཉེ་བར་མི་འགྲོ། ཉེ་བར་མི་ལེན། མི་གནས་ཤིང་མངོན་པར མི་ཞེན་ཏོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡོངས་སུ་ཤེས་ནས་བདག་གོ་ཞེས་ཉེ་བར་མི་འགྲོ་ཉེ་བར་མི་ལེན་མི་གནས་ཤིང་མངོན་པར་མི་ཞེན་ཏོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ གཟུགས་ལ་ཉེ་བར་མི་འགྲོ་ཉེ་བར་མི་ལེན། མི་གནས་ཤིང་མངོན་པར་མི་ཞེ་ན། བདག་གིར་མི་བྱེད་ན་ཚད་མེད་ཅིང་གྲངས་མེད་པའི་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ང་སྨྲའོ། །རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་ཚོར་བ་དང་འདུ་ཤེས་དང འདུ་བྱེད་རྣམ་པར་ཤེས་པ་ལ་ཉེ་བར་མི་འགྲོ། ཉེ་བར་མི་ལེན། མི་གནས་ཤིང་མངོན་པར་མི་ཞེན། བདག་གིར་མི་བྱེད་ན་ཚང་མེད་ཅིང་གྲངས་མེད་པའི་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ང་སྨྲའོ། །དེ་ནས་མ་ག་དྷའི་བྲམ་ཟེ་དང་ཁྱིམ་བདག རྣམས་འདི་སྙམ་དུ་གཟུགས་བདག་མ་ཡིན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་བདག་མ་ཡིན་ན་བདག་ཅི་ཞིག་ཡིན་ཏེ་སེམས་ཅན་ནམ། སྲོག་གམ། སྐྱེ་བུ་འམ། གང་ཟག་གམ། ཤེད་ལས་སྐྱེས་པ་འམ། ཤེད་བུ འམ། བྱེད་པ་པོ་འམ། བྱེད་དུ་འཇུག་པ་འམ། སྐྱེད་པ་པོ་འམ། ཡང་དག་པར་སྐྱེད་པ་པོ་འམ། སློང་བ་པོ་འམ། ཀུན་ནས་སློང་པ་པོ་འམ། ཚོར་བ་པོ་འམ། ཚོར་བར་བྱེད་པ་པོ་འམ། རབ་ཏུ་ཚོར་བ་པོ་གང་དེ་དང་དེར་དགེ་བའི་ལས་རྣམས་བྱས་ཤིང་བྱས་ནས རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་མི་ཤེས་ཤིང་མ་བྱུང་འབྱུང་བར་མི་འགྱུར་ཞིང་ད་ལྟར་མེད་དོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དང་ཁྱིམ་བདག་དེ་དག་གི་སེམས་ཐུགས་ཀྱིས་མཁྱེན་ནས། དགེ་སློང་རྣམས ལ་ཕོས་ཏེ། དགེ་སློང་དག་བདག་དང་གདག་གི་ཞེས་བྱ་བ་ནི་བྱིས་པ་སོ་སོའི་སྐྱེ་བོ?་ཐོས་པ་དང་མི་ལྡན་པ་བཏགས་པའི་རྗེས་སུ་ལྟུང་བ་རྣམས་ཀྱི་སྟེ་འདི་ལ་བདག་དང་བདག་གིར་མེད་དོ། །སྡུག་བསྔལ་སྐྱེ་བཞིན་པ་ན་སྐྱེ་ཞིང། སྡུག་བསྔལ་འགག བཞིན་པ་ན་འགག་གོ། འདུ་བྱེད་སྐྱེ་བཞིན་བ་ན་སྐྱེ་ཞིང། འདུ་བྱེད་འགག་བཞིན་པ་ན་འགག་གོ་།རྒྱུ་དེ་དང་རྐྱེན་དེ་དག་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུན་འཇུག་ཅིང་འདུ་བྱེད་ཀྱི་རྒྱུན་ཉིང་མཚམས་སྦྱོར་བར་འགྱུར་རོ། །དགེ་སློང དག་དེ་བཞིན་གཤེགས་པས་མཁྱེན་ནས་སེམས་ཅན་རྣམས་སྐྱེ་བ་དང་འཇིག་པར་འདོགས་པར་མཛད་དོ། །བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལ་འདི་སྐད་དུ་ཞེས་བྱ་བ་ལ། རེ་ཞིག་ཕུང་པོའི་མཛའ་ཨི་སྡོམ་ལས་བཙུན་པ་ཅི་ཕུང་པོ་ཉེ་བར་ལེན པ་ལགས་སམ། འོན་ཏེ་ཕུང་པོ་ལས་གཞན་ཞིག་ཉེ་བར་ལེན་པ་ཡིན། དགེ་སློང་དག་ཕུང་པོ་ཉེ་བར་ལེན་པ་མ་ཡིན་ཞིང་ཕུང་པོ་ལས་གཞན་ཡང་ཉེ་བར་ལེན་པ་མ་ཡིན་གྱི། འོན་ཀྱང་དགའ་བ་ལ་འདོད་ཆགས་པ་འདི་ནི་ཉེ་བར་ལེན་པ་ཞེས་བྱའོ།། དེ་བཞིན་དུ་སྐྱེ་མཆེད་དྲུག་གི་ཚོགས་ཀྱི་དྲག་པོའི་སྡོམ་ལས། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་དུའོ་སྟེ་འདི་ནི་ཉེ་བར་བླང་བར་བྱ་བ་ཞེས་བྱའོ། །གང་དགའ་བ་ལ་འདོད་ཆགས་པ་ནི་ཉེ་བར་ལེན་པའི་ཆོས་ཞེས་མདོ་འདི་གཉིས་མཛོད ཀྱི་གནས་ལྔ་པ་དང་བདུན་པ་དང་འཆད་པར་འགྱུར་རོ། །མདོ་ལས་ཀུན་དགའ་བོ་ཚེ་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ་ཉེ་བར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་དུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས གསོལ་ཏོ། །བཙུན་པ་འདི་ལྟ་སྟེ་སྲིད་པ་ཞེས་བརྗོད་པ། སྲིད་པ་སྲིད་པ་ཞེས་བྱ་བ་འདི་གང་གི་ཚིག་བླ་དགས་ལགས། ཀུན་དགའ་བོ་སྲིད་པ་ནི་གསུམ་སྟེ། འདོད་པའི་སྲིད་པ་དང། གཟུགས་ཀྱི་སྲིད་པ་དང། གཟུགས་མེད་པའི་སྲིད་པའོ། །ཀུན་དགའ་བོ གལ་ཏེ་འདོད་པ་དང་ཡང་དག་པར་ལྡན་པའི་ལས་མེད་ན་འགའ་ཡང་གང་དུ་འདོད་པའི་སྲིད་པ་ཞེས་འདོགས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་ལས་ཀྱི་ཞིང་དང། སྲེད་པའི་རླན་དང། རྣམ་པར་ཤེས་པའི་ས་བོན་དང། མ་རིག་པའི་མུན པ་སྟེ། ཀུན་དགའ་བོ་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་སེམས་དམན་པ་ལ་རྣམ་པར་ཤེས་པ་གནས་པར་འགྱུར་ཏེ། འདི་ལྟ་སྟེ་འདོད་པའི་སྲེད་པར་རོ། །ཀུན་དགའ་བོ་གཟུགས་དང་ཡང་དག་པར་ལྡན་པའི་ལས་མེད་ན་འགའ་ཡང གཟུགས་ཀྱི་སྲིད་པ་ཞེས་འདོགས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་ལས་ཀྱི་ཞིང་དང། སྲེད་པའི་རླན་དང། རྣམ་པར་ཤེས་པ་ནི་ས་བོན་དང། མ་རིག་པ་ནི་མུན་པ་སྟེ། ཀུན་ཏུ་རྨོངས་པར་གྱུར་པའི་སེམས་ཅན་དེ་དག་སེམས བར་མ་ལ་རྣམ་པར་ཤེས་པ་གནས་འགྱུར་ཏེ། འདི་ལྟ་སྟེ་གཟུགས་ཀྱི་སྲིད་པར་རོ། །ཀུན་དགའ་བོ་གཟུགས་མེད་པ་དང་ཡང་དག་པར་ལྡན་པའི་ལས་མེད་ན། འགའ་ཡང་གང་དུ་གཟུགས་མེད་པའི་སྲིད་པ་ཞེས་འདོགས་སམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་ལས་ཀྱི་ཞིང་དང། སྲིད་པའི་རླན་དང། རྣམ་པར་ཤེས་པའི་ས་བོན་དང་མ་རིག་པའི་མུན་པ་སྟེ། ཀུན་ཏུ་རྨོངས་པར་གྱུར་པའི་སེམས་ཀུན་དེ་དག་སེམས་མཆོག་ལ་རྣམ་པར་ཤེས་པ་གནས་པར་འགྱུར་ཏེ། འདི་ལྟ་སྟེ་གཟུགས མེད་པའི་སྲིད་པར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གང་ཡང་མ་འོངས་པའི་ལས་མངོན་པར་འབྱུང་ཞིང་མངོན་པར་འགྲུབ་པར་འགྱུར་བ་འདི་ལ་སྲིད་པ་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །མདོ་ལས་མ་རིག་པའི་ཀུན་ཏུ་སྦྱོར་བ་དང་ཞེས་བྱ་བ་དེའི་དོན་དུ་དྲིས ཏེ། ཀུན་ཏུ་སྦྱོར་བ་ནི་རྣམ་པ་དགུ་སྟེ། འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བ་དང། གནོད་སེམས་ཀྱི་ཀུན་ཏུ་སྦྱོར་བ་དང། ང་རྒྱལ་གྱི་ཀུན་ཏུ་སྦྱོར་བ་དང། མ་རིག་པའི་ཀུན་ཏུ་སྦྱོར་བ་དང། ལྟ་བའི་ཀུན་ཏུ་སྦྱོར་བ་དང། མཆོག་ཏུ་མཛིན་པའི་ཀུན་ཏུ་སྦྱོར་བ་དང། ཕྲག་དོག་གི་ཀུན་ཏུ་སྦྱོར་བ་དང། སེར་སྣའི་ཀུན་ཏུ་སྦྱོར་བ་དང། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བའོ། །འཆིང་བ་ནི་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་འཆིད་བ་དང། ཞེ་སྡང་གི་འཆིད་བ་དང། གཏི་མུག་གི་འཆིད་བ་དང། ཕྲ་རྒྱས་ནི་རྣམ་པ་བདུན་ཏེ། འདོད པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང། གནོད་སེམས་ཀྱི་ཕྲ་རྒྱས་དང། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང། ང་རྒྱལ་གྱི་ཕྲ་རྒྱས་དང། མ་རིག་པའི་ཕྲ་རྒྱས་དང། ལྟ་བའི་ཕྲ་རྒྱས་དང། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང། སྲིད་པའི་ཆུ་བོ་དང་ལྟ་བའི་ཆུ་བོ་དང། མ་རིག་པའི་ཆུ་བོའོ། །སྦྱོར་བ་ནི་བཞི་སྟེ། འདོད་པའི་སྦྱོར་བ་དང། སྲིད་པའི་སྦྱོར་བ་དང། ལྟ་བའི་སྦྱོར་བ་དང། མ་རིག་པའི་སྦྱོར་བའོ། །ཉན་ཐོས་ཀྱི་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི པ་ལས་གནས་བརྟན་ཤཱ་རིའི་བུ་ལ་ཀུན་ཏུ་རྒྱུ་འཛམ་བུའི་གྲིབ་མས་ཀུན་ཏུ་སྦྱོར་བ་ལ་སོགས་པའི་དྲི་བ་དྲིས་པའི་མདོར་བསྟན་པ་བྱས་པ་དེར་ཤེས་པར་བྱའོ། །མདོ་ལས་འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཞེས་བྱ་བ ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། ཚུལ་ཁྲིམས་ལ་བརྟེན་ཅིང་ཚུལ་ཁྲིམས་ལ་གནས་པ་དག་ཆོས་གཉིས་ཤིག་གོམས་པར་བྱ་སྟེ། ཞི་གནས་དང་ལྷག་མཐོང་ངོ། །ཞི་གནས་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས ལན་མང་དུ་བྱས་ན་དོན་ཅི་ཞིག་རྗེས་སུ་ཐོབ་པར་འགྱུར་ཞིང། ལྷ་མཐོང་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་དོན་ཅི་ཞིག་རྗེས་སུ་ཐོབ་པར་འགྱུར་ཞེ་ན། ཞི་གནས་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་ན་སེམས་བསྒོམས པར་འགྱུར་ཞིང། སེམས་བསྒོམས་ན་གང་འདོད་ཆགས་སྤོང་བར་འགྱུར་རོ། །ལྷག་མཐོང་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་ཤེས་རབ་བསྒོམས་པར་འགྱུར་ཞིང། ཤེས་རབ་བསྒོམས་ན་མ་རིག་པ་སྤོང་བར་འགྱུར་ཏེ། འདོད་ཆགས ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་འགྲོལ་ལོ། །མ་རིག་པས་ཉེ་བར་ཉོན་མོངས་པར་གྱུར་པའི་ཤེས་རབ་ནི་རྣམ་པར་མི་བདག་།དགེ་སློང་དག་འདོད་ཆགས་དང་བྲལ་བའི་སེམས་ནི་རྣམ་པར་གྲོལ་ལ། གཏི་མུག་དང་བྲལ བའི་སེམས་ནི་རྣམ་པར་གྲོལ་ལོ། །དགེ་སློང་གང་འདོད་ཆགས་སྤངས་ཤིང་སེམས་རྣམ་པར་གྲོལ་བ་དང། མ་རིག་པ་ལས་འདོད་ཆགས་དང་བྲལ་ཞིང་ཤེས་རབ་རྣམ་པར་གྲོལ་བ་གང་གིས་ལུས་ཀྱིས་མངོན་སུམ་དུ་བྱས་པར་གྱུར་པ་དེ་ནི་སྲེད་པ་ཆད ཅིང་ཀུན་ཏུ་སྦྱོར་བ་སྤངས་པ་ཡང་དག་པའི་ཡིད་ཀྱིས་མངོན་པར་རྟོགས་ནས་སྡུག་བསྔལ་མཐར་བྱས་པའི་དགེ་སློང་ཞེས་བྱའོ་ཞེས་བཀའ་སྩལ་ཏོ། །མདོ་ལས་བདག་གིས་དེ་ལྟར་མཐོང་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་རྒྱལ་པོའི?་ནས? ཀྱི་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས་པ་ན་བཞུགས་ཏེ། དེ་ནས་ཀུན་ཏུ་རྒྱུ་བེའུའི་རིགས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་བདེ་བ་དང། དགའ་བ་དང། ཡང་དག་པར རབ་ཏུ་དགའ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་ཀུན་ཏུ་རྒྱུ་བེའུའི་རིགས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། །ཀྱེ་གོའུ་ཏ་མ་དྲིས་པ་ལ་ལུང་བསྟན་པའི་སླད་དུ་སྐབས་འབྱེད ན་བདག་ཕྱོགས་འགའ་ཞིག་ཡོངས་སུ་འདྲིའོ། །བེའུ་ཐེ་ཚོམ་ཟ་བ་གང་ཡིན་པ་དྲིས་ཤིག་།ཀྱེ་གོའུ་ཏ་མ་འཇིག་རྟེན་རྟག་ཅེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་འམ། བེའུ་འཇིག་རྟེན་རྟག་ཅེས་བྱ་བ་འདི་ཉིད་བདེན གྱི་གཞན་ནི་གཏི་མུག་པའོ་ཞེས་ང་འདི་ལྟར་མི་ལྟ་ཞིང་འདི་སྐད་དུ་མི་སྨྲའོ། །ཀྱེ་གོའུ་ཏ་མ་མི་རྟག་པ་དང། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དང། མཛའ་དང་བཅས་པ་དང། མཛའ་མེད་པ་དང། མཛའ་ དང་བཅས་པ་ཡང་མ་ཡིན་མཛའ་མེད་པ་ཡང་མ་ཡིན་པ་དང། སྲོག་དེ་ཉིད་ལུས་དང། སྲོག་ལས་ལུས་གཞན་དུ་གྱུར་པ་དང། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང། མེད་ཅེས་བྱ་བ་དང། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་དང། ཡོད་པ་ཡང མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་འམ། བེའུ་འདི་ལྟ་སྟེ་འཇིག་རྟེན་མི་རྟག་ཅེས་བྱ་བ་དང། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང མ་ཡིན་པ་དང། མཛའ་དང་བཅས་པ་དང། མཛའ་མེད་པ་དང། མཛའ་དང་ཡང་བཅས་ལ་མཛའ་མེད་པ་དང། མཛའ་དང་བཅས་པ་ཡང་མ་ཡིན་མཛའ་མེད་པ་ཡང་མ་ཡིན་པ་དང། སྲོག་དེ་ཉིད་ལུས་དང། སྲོག་ལས་ལུས་གཞན་དུ་གྱུར་པ་དང། དེ་བཞིན གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང། མེད་ཅེས་བྱ་བ་དང། ཡོད་ཀྱང་ཡོད་ལ་མེད་ཅེས་བྱ་བ་དང། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ང་འདི་ལྟར་མི་ལྟ་ཞིང་འདི་སྐད་ཅེས་སྨྲའོ། །ཀྱེ་གོའུ་ཏ་མ་ལྟ་བ་འདི་དག་རྣམ་པ་ཐམས་ཅད་ཀྱི་ཐམས ཅད་དུ་ཁས་མི་ལེན་པ་ལྟ་བ་འདི་དག་ཉེས་དམིགས་དང་བཅས་པར་ཡང་དག་པར་རྗེས་སུ་མཐོང་ངམ། བེའུ་དེ་ལ་ལྟ་བ་གང་འཇིག་རྟེན་རྟག་པའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི མུག་པ་ཞེས་བྱ་བའི་ལྟ་བ་འདི་ནི་ལྟ་བར་གྱུར་པ། ལྟ་བའི་ཚད་ཚིང། ལྟ་བའི་དགོམ་པ། ལྟ་བས་གཡངས་པ། ལྟ་བས་བསྐྱེད་པ། ལྟ་བའི་ཀུན་ཏུ་སྦྱོར་བ་སྟེ། དེ་ནི་སྡུག་བསྔལ་བ། དེ་ནི་གནོད་པ། དེ་ནི་ཉེ་བར་འཚེ་བ། དེ་ནི་ཡོངས་སུ་སྲེག་པར་བྱེད་པ་སྟེ། མངོན་པར་མི་ཤེས་ཤིང་མངོན་པར་མི་རྟོགས་ཤིང་མྱ་ངན་ལས་འདས་པ་མི་ཐོབ་པར་བྱེད་པ་སྟེ། ལྟ་བ་གང་འཇིག་རྟེན་རྟག་ཅེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་བྱ་བའོ། །དེ་ལ་བེའུ་ལྟ་བ་གང་མི་རྟག་པ་དང། རྟག་ཀྱང་རྟག་ལ མི་རྟག་ཀྱང་མི་རྟག་ཅེས་བྱ་བ་དང། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དང། མཛའ་དང་བཅས་པ་དང། མཛའ་མེད་པ་དང། མཛའ་དང་ཡང་བཅས་ཤིང་མཛའ་མེད་པ་དང། མཛའ་དང་བཅས་པ་ཡང་མ་ཡིན་མཛའ་མེད་པ་ཡང་མ་ཡིན པ་དང། སྲོག་དེ་ཉིད་ལུས་དང། སྲོག་ལས་ལུས་གཞན་དུ་འགྱུར་ཞེས་བྱ་བ་དང། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང་མེད་ཅེས་བྱ་བ་དང་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་དང། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་སྨྲ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་བྱ་བ་འདི་ཡང་ལྟ་བར་གྱུར་པ། ལྟ་བའི་ཚང་ཚིང་ལྟ་བས་གཡེངས་པ། ལྟ་བས་བསྐྱེད་པ། ལྟ་བ་ལ་སྤྱོད་པ། ལྟ་བའི་ཀུན་ཏུ་སྦྱོར་བ་སྟེ། དེ་ནི སྡུག་བསྔལ་བ། དེ་ནི་གནོད་པ། དེ་ནི་ཉེ་བར་འཚེ་བ། དེ་ནི་ཡོངས་སུ་སྲེད་པར་བྱེད་པ་མངོན་པར་མི་ཤེས་ཤིང་མངོན་པར་མི་རྟོགས་པ་མྱ་ངན་ལས་འདས་པ་ཐོབ་པར་མི་བྱེད་པའོ། །གོའུ་ཏ་མ་ཁྱོད་ཀྱི་ལྟ་བ་ཅི་ཞིག་།བེའུ་དེ་བཞིན་གཤེགས་པ་ནི་ལྟ བར་གྱུར་པ་སྤངས་པ་སྟེ། འོན་ཀྱང་དེ་བཞིན་གཤེགས་པའི་ལྟ་བར་གྱུར་པ་སྤངས་པ་ཅི་ཞིག་ལྟ་བ་ཅི་ཞེ་ན། དེ་བཞིན་གཤེགས་པས་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པའི་ཤེས་རབ་ཀྱིས་ཅི་ལྟ་བ་བཞིན་མཐོང་ཞིང། འདི་ནི་སྡུག་བསྔལ ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་རྟོགས་ཤིང་འཕགས་པའི་བདེན་པ་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་མཐོང་སྟེ། བདག་གིས་དེ་ལུར་ཤེས་ཤིང་དེ་ལྟར་མཐོང་སྟེ། སྲེད་པ ཐམས་ཅད་དང། ལྟ་བ་ཐམས་ཅད་དང། འཇུག་པ་ཐམས་ཅད་དང། དར་འཛིན་པ་དང། ང་ཡིར་འཛིན་པ་དང། ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པའི་ཕྲ་རྒྱས་ཐམས་ཅད་སྤངས་ཤིང་ཡོངས་སུ་ཤེས་ནས་གྲིབ་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་སོ།། གོའུ་ཏ་མ་འདི་ལྟར་སེམས་རྣམ་པར་གྲོལ་བའི་དགེ་སྦྱོང་གང་དུ་འགྲོ་བར་འགྱུར་བར་སྨྲ། བེའུ་དེའི་ཕྱིར་ཁྱེད་ཀྱིས་ཅི་ལྟར་བཟོད་པ་དེ་བཞིན་དུ་ལུང་སྟོན་ཅིག་དང་བཤད་པར་བྱའོ། །བེའུ་འདི་ལྟ་སྟེ་འདིར་ཁྱེད་ཀྱིས་མདུན་དུ་མེ་སྤར་ནས་སྤར་རོ་ཞེས་བྱ་བར་ཤེས སམ། གོའུ་ཏ་མ་མེ་སྤར་རོ་ཞེས་བྱ་བར་འཚལ་ལགས་སོ། །དེ་ཉིད་མེ་ཤི་ན་ཤིའོ་ཞེས་བྱ་བར་ཤེས་སམ། གོའུ་ཏ་མ་ཤིའོ་ཞེས་བྱ་བར་འཚལ་ལགས་སོ། །བེའུ་གལ་ཏེ་ཁ་ཅིག་འོངས་ཏེ་ཁྱོད་ཀྱི་མདུན་དུ་མེ་སྤར་བ་དེ་ཤར་ཕྱོགས་སམ་ལྷོ་ཕྱོགས་སམ། ནུབ་ཕྱོགས་དང་བྱང་ཕྱོགས་གང་དུ་སོང་ཞེས་འདྲི་ན། བེའུ་འདི་སྐད་དུ་འདྲི་བ་ལ་འདི་སྒང་དུ་ལུང་སྟོན། གོའུ་ཏ་མ་གལ་ཏེ་ཁ་ཅིག་འོངས་ཏེ་བདག་ལ་འདི་ལྟར་འདྲིན། དེ་ལ་བདག་གིས་འདི་སྐད་དུ། གང་བདག་གིས་མདུན་དུ་མེ་སྤར་བ་དེ་གང་རྩཝ་དང། ཤིང་དང། ཡལ་ག་དང་འདབ་མ་ལ་བརྟན་ཏེ་དེ་ཙམ་དུ་འབར་ལ། དེ་དག་ཡོངས་སུ་ཟད་ཅིང་གཏུགས་ཤིང་གཞན་ཉེ་བར་ལེན་པ་མ་ཚོགས་པས་ཉེ་བར་ལེན་པ་མེད་པར་ཤི་བར་འགྱུར་ཏེ། དེ་ཤར་ཕྱོགས་སུ་མ་སོང། ལྷོ་དང། ནུབ་དང། བྱང་གི་ཕྱོགས་སུ་མ་སོང་ཞེས ལུང་བསྟན་པར་བྱའོ། །བེའུ་དེ་བཞིན་དུ་དེ་བཞིན་གཤེགས་པས་ངོ་བོ་གང་གིས་གཟུགས་སུ་འདོགས་ཤིང་ཉེ་བར་འདོགས་པའི་ངོ་བོ་དེ་སྤངས་ཤིང་ཡོངས་སུ་ཤེས་ལ་རྩ་བ་བཅད་ཅིང། ཤིང་ཏ་ལ་མགོ་བཅད་པ་ལྟར་སྐལ་བ མཉམ་པ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་ཏོ། །གང་དང་གང་གིས་ཚོར་བ་དང། གང་དང་གང་གིས་འདུ་ཤེས་དང། གང་དང་གང་གིས་འདུ་བྱེད་དང། གང་གིས་རྣམ་པར་ཤེས་པ་ཤེས་པར་འདོགས་པ་ངོ་བོ་དེ་ཉིད་ཀྱི་དེ་བཞིན་གཤེགས་པས་སྤངས་ཤིང ཡོངས་སུ་ཤེས་ཏེ། རྩ་བ་བཅད་ཅིང་ཤིང་ཏཱ་ལ་མགོ་བཅད་པ་ལྟར་སྐལ་པ་མཉམ་པར་ཕྱིས་མི་སྐྱེ་བའི་ཚེས་ཅན་དུ་འགྱུར་ཏེ། ཤར་ཕྱོགས་སུ་མ་སོང། ལྷོ་དང་ནུབ་དང་བྱང་ཕྱོགས་སུ་མ་སོང་བ་སྟེ་ཟབ་ཅིང་རྒྱ་ཆེ་ལ་ཚད་མེད་ཅིང་འགྲང་དུ་མེད པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །གོའུ་ཏ་མ་བདག་དཔེ་བཤད་པར་སྤོབས་སོ། །བེའུ་དེའི་དུས་ལ་བབ་ན་སྤོབས་པར་གྱིས་ཤིག་།གོའུ་ཏ་མ་འདི་ལྟ་སྟེ། གྲོང་དང་གྲོང་ཁྱེར་ཐག་མི་རིང་བ་ཞིག་ན་སའི་གཞི་མཛེས་པར་བྱེད་པ་སཱ་ལའི་ཚལ་ཞིག ཡོད་པར་གྱུར་ལ། སཱ་ལའི་ཚལ་དེ་ལས་གཅིག་ལ་ལོ་དུ་མ་ཞིག་ཅི་ལ་གྲངས་མང་དུ་འཕེལ་བ། དེ་ཡང་ཉིན་མཚན་དུ་ཡལ་ག་རྙིང་ཞིང་པགས་པ་བཤུས་པ་དང། ཡལ་ག་དང་འདབ་མ་རིམ་གྱི་ཉམས་ཏེ། དེ་དུས་གཞན་ན་ཤུན་པ་དང་བྲལ། པགས པ་དང་བྲལ། ཡལ་ག་དང་ལོ་འདབ་དང་བྲལ་ཏེ་དག་ཅིང་རྙིང་པོ་གནས་པར་འགྱུར་ཏེ། དེ་བཞིན་དུ་གོའུ་ཏ་མ་ཆོས་འདུལ་པ། པགས་པ་དང་ཤུན་པ་དང་བྲལ་ཞིང་ཡལ་ག་དང་ལོ་འདབ་དང་བྲལ་པའི་སྙིང་པོ་གནས་པར་འགྱུར་རོ། །གོའུ་ཏ་མ་སྐྱེ་དགུ ཀུན་གཞི་ལ་དགའ་ཞིང། ཀུན་གཞི་ལ་རབ་ཏུ་དགའ་ཞིང་།ཀུན་གཞི་ལ་མངོན་པར་དགའ་བ་རྣམས་ལ། གོའུ་ཏ་མ་ཀུན་གཞི་མེད་པར་ཆོས་རྣམས་ལས་མངོན་པར་བྱང་ཆུབ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར བྱང་ཆུབ་པ་གོའུ་ཏ་མ་མཆིའོ་ཞེས་བྱ་བ་ནས་ཞབས་དྲུངས་ནས་སོང་དེ་ཞེས་བྱ་བའི་བར་དུའོ། །འདི་ལྟར་མདོའི་ཁུངས་ཆོས་གསུམ་པོ་འདི་དག་འབྲེལ་ཅིང་འདུས་ལ་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྣམ་པ གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། གཉིས་གང་ཞེ་ན། མིག་དང་གཟུགས་དང། རྣ་བ་དང་སྒྲ་དང་སྣ་དང་དྲི་དང། ལྕེ་དང་རོ་དང། ལུས་དང་རེག་བྱ་དང། ཡིད་དང་ཆོས་དེ་འདི་ནི་གཉིས་ཞེས་བྱའོ། །དགེ་སློང་དགེ་ཁ་ཅིག་འདི་སྐད་དུ དགེ་སྦྱོང་གོའུ་ཏ་མས་གཉིས་སུ་བཏགས་པ་དེ་བདག་གིས་བསལ་ཏེ་གཞན་གཉིས་བསྟན་པར་བྱའོ། །ཞེས་སྨྲ་དེ་ནི་ཚིག་ཙམ་སྟེ་དྲིས་པའི་ལན་ཡང་དག་པར་མི་ཤེས་པ་ལན་ལ་སྨོངས་པ་བསྐྱེད་དེ། དེ་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དགེ་སློང་དག་དེ་ལ་མིག་ནི་མི་རྟག་པ། འདུས་བྱས་པ་ཚོགས་ཤིང་བརྟེན་ནས་བྱུང་བའོ། །གཟུགས་དང་མིག་གི་རྣམ་པར་ཤེས་པ་ཡང་མི་རྟག་པ་འདུས་བྱས་བ་ཚོགས ཤིང་བརྟེན་ནས་བྱུང་བ་སྟེ། ཆོས་འདི་རྣམས་ཉིད་འབྲེལ་ཅིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ཉིད་ལ་རེག་པ་ཞེས་བྱའོ། །དགེ་སློང་དག་རེག་པས་ཚོར་བར་བྱེད། རེག་པས་སེམས་པར་བྱེད། རེག་པས་འདུ་ཤེས་པར་བྱེད་དེ། ཆོས་འདི་དག་ཀྱང མི་རྟག་པ། འདུས་བྱས་པ། ཚོགས་བརྟེན་ནས་བྱུང་བ་སྟེ། འདི་ལྟ་སྟེ་རེག་པ་དང། ཚོར་བ་དང། འདུ་ཤེས་དང། སེམས་པའོ། །དགེ་སློང་དག་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། དགེ སློང་དག་དེ་ལ་ཡིད་གང་ཡིན་པ་དེ་ཡང་མི་རྟག་པ། འདུས་བྱས་པ། འདུས་ཤིང་བརྟེན་ནས་བྱུང་བ་སྟེ། ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་རྟག་པ་འདུས་བྱས་པ། ཚོགས་པ་བརྟེན་ནས་བྱུང་བ་སྟེ། དེ་ལྟར་ན་ཆོས་གསུམ་པོ་འདི་དག་ཉིད འབྲེལ་ཅིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ནི་རེག་པ་ཞེས་བྱའོ། །དགེ་སློང་དག་རེག་པས་ཚོར་བར་བྱེད། རེག་པས་སེམས་པར་བྱེད། རེག་པས་འདུ་ཤེས་པར་བྱེད་དེ། ཆོས་འདི་དག་ཀྱང་མི་རྟག་པ། འདུས་བྱས་པ། ཚོགས་པ བརྟེན་ནས་བྱུང་བ་སྟེ། འདི་ལྟ་སྟེ། རེག་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པའོ་ཞེས་བཀའ་སྩལ་ཏོ། །འདིར་མདོའི་ཁུངས་དྲུག་ཚན་དྲུག་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན་ཞེས་བྱ་བ་ལ། བཅོམ་ལྡན་འདས་སྐྱབས་སེང་ན་ཀོལ་ཤ་མ་ད་མྱ་ཞེས་བྱ་བའི གྲོང་ཁྱེར་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ངས་ཁྱེད་ལ་དྲུག་ཚན་དྲུག་ལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ། །མ་འདྲེས པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཚངས་པར་སྤྱོད་པ། ཡོངས་སུ་གསལ་བར་བྱེད་པ་བཤད་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་བཟུང་ཞིག་དང་བཤད་པར་བྱའོ། །དྲུག་ཚན་དྲུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས གང་ཞེ་ན། ནང་གི་སྐྱེ་མཆེད་དྲུག་དང། ཕྱིའི་སྐྱེ་མཆེད་དྲུག་དང། རྣམ་པར་ཤེས་པའི་སྐྱེ་མཆེད་དྲུག་དང། རེག་པའི་ཚོགས་དྲུག་དང། ཚོར་བའི་ཚོགས་དྲུག་དང། སྲེད་པའི་ཚོགས་དྲུག་གོ་།ནང་གི་སྐྱེ་མཆེད་དྲུག་གང་ཞེ་ན། མིག་ནང་གི་སྐྱེ་མཆེད་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ནང་གི་སྐྱེ་མཆེད་དེ། འདི་དག་ནི་ནང་གི་སྐྱེ་མཆེད་དྲུག་སྟེ་དྲུག་ཚན་དང་པོའོ། །ཕྱིའི་སྐྱེ་མཆེད་དྲུག་གང་ཞེ་ན། གཟུགས་ནི་ཕྱིའི་སྐྱེ་མཆེད་དང། སྐྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ནི་ཕྱིའི་སྐྱེ མཆེད་དེ་འདི་དག་ནི་ཕྱིའི་སྐྱེ་མཆེད་དྲུག་སྟེ་དྲུག་ཚན་གཉིས་པའོ། །རྣམ་པར་ཤེས་པའི་ཚོགས་དྲུག་གམ་ཞེ་ན། མིག་གི་རྣམ་པར་ཤེས་པ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་འདི་ནི་རྣམ་པར་ཤེས་པའི ཚོགས་དྲུག་ཚན་གསུམ་པའོ། །རེག་པའི་ཚོགས་དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པ་སྟེ། འདི་དག་ནི་རེག་པའི་ཚོགས་དྲུག་སྟེ་དྲུག་ཚན་བཞི་པའོ། །ཚོར་བའི་ཚོགས་དྲུག་གང་ཞེ་ན། མིག་གི་འདུས ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང། རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་སྟེ། འདི་དག་ནི་ཚོར་བའི་ཚོགས་དྲུག་སྟེ་དྲུག་ཚན་ལྔ་པའོ། །སྲེད་པའི་ཚོགས་དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པ་དང རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པ་སྟེ། འདི་དག་ནི་སྲེད་པའི་ཚོགས་དྲུག་སྟེ་དྲུག་ཚན་དྲུག་པའོ། །དགེ་སློང་དག་མིག་བདག་ཡིན་ནོ་ཞེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མིག་ནི་སྐྱེ་བ་དང འཇིག་པར་ཤེས་ལ། གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ་བར་འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོད་སྟེ་དེའི་ཕྱིར་འཐད་པ་མ་ཡིན་ནོ། །དགེ་སློང་མིག་ནི་བདག་ཅེས་སྨྲ་ཡང་བདག་མ་ཡིན་ནོ། །གཟུགས་དང་མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས ཏེ་རེག་པ་དང། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་དང། མིག་གི་འདུས་ཏེ་རེག་པ་ལས་སྐྱེས་པའི་སྲེད་པ་བདག་ཅེས་སྨྲ་བ་ནི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྐྱེ་བ་དང་འཇིག་པར ཤེས་ལ། གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ་བར་འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོང་སྟེ་དེའི་ཕྱིར་འཐད་པར་མ་ཡིན་ནོ། །དགེ་སློང་དག་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་བདག་ཅེས་སྨྲ་བ་གང་ཡིན་པ་དེ་ནི་མིག་གི་འདུས་ཏེ་རེག་པའི རྐྱེན་གྱིས་བྱུང་བའི་སྲེད་པ་བདག་མ་ཡིན་ནོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང། དགེ་སློང་ཡིད་བདག་ཅེས་སྨྲ་བ་ནི་རིགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཡིད་ནི་སྐྱེ་བ་དང་འཇིག་པར་ཤེས་ལ་གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ བར་འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོང་སྟེ། དེའི་ཕྱིར་འཐད་པ་མ་ཡིན་ནོ། །དགེ་སློང་དག་ཡིད་ནི་བདག་ཡིན་ནོ་ཞེས་སྨྲ་བ་འདི་ནི་ཡིད་ནི་བདག་མ་ཡིན་ནོ། །ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་བདག་ཡིན་ནོ་ཞེས་སྨྲ་བ་དེ་ནི་འཐད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་ནི་སྐྱེ་བ་དང་འཇིག་པར ཤེས་ལ་གང་སྐྱེ་བ་དང་འཇིག་པར་ཤེས་པ་དེ་ནི་སྐྱེ་བར་འགྱུར་ཞིང་འཇིག་པར་འགྱུར་བ་འདི་ལྟ་བུ་འོང་སྟེ་དེའི་ཕྱིར་འཐད་པ་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་བདག་ཅེས་སྨྲ་བ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སྲེད་པ་ནི་བདག མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞིང་གསུམ་འདུས་པའི་རེག་པ་དང། རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ སྟེ། དགེ་སློང་དག་དེ་ལ་གང་བདེ་བའི་ཚོར་བས་རེག་ན་མངོན་པར་དགའ་ཞིང་རབ་ཏུ་དགའ་ལ་མངོན་པར་ཞེན་ཅིང་གནས་པར་འགྱུར་ཏེ། བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །དགེ་སློང་དག་དེ་ལ་སྡུག་བསྔལ་གྱི་ཚོར་བས་རེག་ན་མི་བཟོད་ཅིང། ཁྲོ བ་དང་གནོད་སེམས་དང། ཞུམ་ཞིང་གནས་ཏེ་ཁྲོ་བ་བསགས་པར་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ། །ཞེས་ཚོར་བ་འདི་དག་གི་ཀུན་འབྱུང་བ་དང། མི་སྣང་བ་དང། རོ་མྱང་བ་དང། ཉེས་དམིགས་དང། ངེས་པར་འབྱུང་བ་ཡང དག་པའི་ཅི་ལྟ་བ་བཞིན་མི་ཤེས་པ་དེ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ། །དགེ་སློང་དག་དགེ་སློང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པ་མ་སྤངས་ཤིང། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པ་མ་སྤངས་ལ། བ་དེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པ་མ་སྤངས་ཤིང་འདི་ལྟ་བ་དང་ང་རྒྱལ་གྱི་ཕྲ་རྒྱས་འབྱུང་ཞིང་མ་རིག་པ་ལས་འདོད་ཆགས་དང་མ་བྲལ་ནས་ཡང་དག་པའི་རིག་པ་མ་སྐྱེས་པར་སྡུག་བསྔལ་མཐར་བྱེད་པར འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དགེ་སྦྱོང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་བ་སྤངས་ཤིང། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་བ་སྤངས་ཤིང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་བའི་ཚོར བ་ལ་མ་རིག་པ་རྒྱས་པར་འགྱུར་པ་སྤངས་ཏེ། འདི་ལྟ་བ་དང་ང་རྒྱལ་གྱི་ཕྲ་རྒྱས་མི་འབྱུང་ཞིང་མ་རིག་པ་ལས་འདོད་ཆགས་དང་བྲལ་ནས་ཡང་དག་པའི་རིག་པ་སྐྱེ་སྟེ་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་འདི་ནི་གནས་ཡོད་དོ། །དགེ་སློང་དག་རྣ་བ དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། གསུམ་འདུས་པའི་རེག་པ་དང། རེག་པའི་རྐྱེན་གྱིས་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ ཡིན་པ་སྐྱེ་སྟེ། དགེ་སློང་དག་དེ་ལ་གང་བདེ་པའི་ཚོར་བ་ལ་མངོན་པར་དགའ་ཞིང་རབ་ཏུ་དགའ་ལ་མངོན་པར་ཞན་ཅིང་གནས་པར་འགྱུར་ཏེ། བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །དགེ་སློང་དེ་ལ་སྡུག་བསྔལ་གྱི་ཚོར་བས་རེག་ན མི་བཟོད་པ་སྐྱེ་ཞིང་ཁྲོ་བ་དང་གནོད་སེམས་ཞུམ་ཞིང་གནས་ཏེ་ཁྲོ་བ་བསྐྱེད་ནས་སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པར་འགྱུར་རོ་ཞེས་ཚོར་བ་འདི་དག་ནི་ཀུན་འབྱུང་བ་དང། མི་སྣང་བ་དང། རོ་མྱང་བ་དང། ཉེས་དམིགས་པ་དང། ངེས་པར་འབྱུང་བ ཡང་དག་པ་ཅི?་ལྟ་བ་བཞིན་དུ་མི་ཤེས་པ་དེ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་རོ། །དགེ་སློང་དག་དགེ་སློང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པ་མ་སྤངས་ཤིང། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པ་མ སྤངས་ལ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་གཏི་མུག་རྒྱས་པར་འགྱུར་བ་མ་སྤངས་ལ། འདི་ལྟ་བ་དང་རྒྱལ་གྱི་ཕྲ་རྒྱས་འབྱུང་ཧིང་མ་རིག་པ་ལས་འདོད་ཆག་དང་མ་བྲལ་ནས་ཡང་དག་པའི་རིག་པ་མ་སྐྱེས པར་སྡུག་བསྔལ་མཐར་བྱེད་པར་འགྱུར་བ་འདི་ནི་གནས་མེད་དོ། །དགེ་སློང་དག་དགེ་སློང་དེ་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པ་སྤངས་ཤིང། སྡུག་བསྔལ་གྱི་ཚོར་བ་ལ་ཞེ་སྡང་རྒྱས་པ་སྤངས་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་མ་ཡིན་པའི་ཚོར་བ་ལ་མ རིག་པ་རྒྱས་པར་འགྱུར་བ་སྤངས་ཤིང། འདིའི་ལྟ་བ་དང་ང་རྒྱལ་གྱི་ཕྲ་རྒྱས་མི་འབྱུང་ཞིང་མ་རིག་པ་ལས་འདོད་ཆགས་དང་བྲལ་ནས་ཡང་དག་པའི་རིག་པ་སྐྱེས་ཏེ་སྡུག་བསྔལ་མཐར་བྱེད་བར་འགྱུར་བ་འདི་ནི་གནས་ཡོད་དོ། །དགེ་སློང་དག་ཅི་ལྟ་པ་བཞིན་ཞེས བྱ་བའི་ཡང་དག་པར་རྗེས་སུ་མཐོང་བ་མིག་ཏུ་གྱུར་པ་ཡེ་ཤེས་སུ་གྱུར་པ། ཉེ་བར་ཞི་བར་འཇུག་པ་མངོན་པར་ཤེས་པ། རྫོགས་པར་བྱང་ཆུབ་བ། མྱ་ངན་ལས་འདས་པར་འཇུག་པར་བྱེད་པ་ཡོད་དེ། དགེ་སློང་དག་ཇི་ལྟ་བ་བཞིན་ཞེས་བྱ་བའི་ཡང་དག་པར རྗེས་སུ་མཐོང་པ། མིག་ཏུ་གྱུར་པ། ཡེ་ཤེས་སུ་གྱུར་པ། ཉེ་བར་ཞི་བར་འཇུག་པ། མངོན་པར་ཤེས་པ། རྫོགས་པར་བྱང་ཆུབ་པ། མྱ་ངན་ལས་འདས་པར་འཇུག་པར་བྱེད་པ་དེ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་མིག་བདག་མེད་དོ་ཞེས་བྱ་བར ཡང་དག་པར་རྗེས་སུ་མཐོང་ཞིང། གཟུགས་དང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ནང་གི་བདག་ཉིད་ཀྱི་ཚོར་བ་བདེ་བ་དང། སྡུག་བསྔལ་བ་དང། བདེ་བ་ཡང་མ་ཡིན་སྡུག བསྔལ་བ་ཡང་མ་ཡིན་པ་དེ་ཡན་བདག་མེད་དོ་ཞེས་ཡང་དག་པར་རྗེས་སུ་མཐོང་སྟེ། དགེ་སློང་དག་འདི་ནི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཞེས་བྱ་བ་མིག་ཏུ་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་མྱ་ངན་ལས་འདས་པར་འཇུག་པའི་བར་དུའོ།། འདི་ནི་དྲུག་ཚན་དྲུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ། །དགེ་སློང་དགེ་ངས་ཁྱོད་ལ་དུག་ཚན་དྲུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བཤད པར་བྱའོ་ཞེས་གང་བསྟན་བ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་འབྱུང་ངོ། །རེག་པ་དང་ཚོར་བ་ཕན་ཚུན་འབྲས་བུ་ཉིད་དུ་འདོད་པ་འདི་ནི་མདོ་ལས་མི་བཞེད་དེ་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྲེད་པ་སྣ་ཚོགས་ལ་བརྟེན ནས་ཚོར་བ་སྣ་ཚོགས་འབྱུང་བ་ནི་མ་ཡིན་ཞིང། ཚོར་བ་སྣ་ཚོགས་ལ་བརྟེན་ཏེ་རེག་པ་སྣ་ཚོགས་འབྱུང་བ་མ་ཡིན་ལ། རེག་པ་སྣ་ཚོགས་ལ་བརྟེན་ནས་ཁམས་སྣ་ཚོགས་འབྱུང་བ་ནི་མ་ཡིན་གྱི། འོན་ཀྱང་ཁམས་སྣ་ཚོགས་ལ་བརྟེན་ནས་རེག པ་སྣ་ཚོགས་བར་འབྱུང་བར་འགྱུར་ཞིང་རེག་པ་སྣ་ཚོགས་ལ་བརྟེན་ནས་ཚོར་བ་སྣ་ཚོགས་ཚོར་བ་སྣ་ཚོགས་ལ་བརྟེན་ནས། སྲེད་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དགེ་སློང་དག་ཁམས་གང་ཅུང་ཟད་ཁམས་སུ་གྱུར་བ་དེ་ཐམས་ཅད་ནི་ཁམས བཅོ་རྒྱད་དེ། མིག་གི་ཁམས་དང། གཟུགས་ཀྱི་ཁམས་དང། མིག་གི་རྣམ་པར་ཞེས་པའི་ཁམས་དང། རྣ་བའི་ཁམས་དང། སྒྲའི་ཁམས་དང། རྣ་བའི་རྣམ་པར་ཤེས་པའི་ཁམས་དང། སྣའི་ཁམས་དང། དྲིའི་ཁམས་དང། སྣའི་རྣམ་པར་ཤེས པའི་ཁམས་དང། ལྕེའི་ཁམས་དང། རོའི་ཁམས་དང། ལྕེའི་རྣམ་པར་ཤེས་པའི་ཁམས་དང། ལུས་ཀྱི་ཁམས་དང། རེག་བྱའི་ཁམས་དང། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང། ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ པར་ཤེས་པའི་ཁམས་སོ། །འདི་ནི་ཁམས་རྣམས་ཀྱི་ཁམས་སྣ་ཚོགས་པ་ཞེས་བྱའོ། །དགེ་སློང་དག་ཅི་ལྟར་ཁམས་སྣ་ཚོགས་ལ་བརྟེན་ནས་རེག་པ་ཀུན་འབྱུང་བར་འགྱུར་ཞིང་རེག་པ་ལ་བརྟེན་ནས་ཚོར་བ་སྣ་ཚོགས། ཚོར་བ་སྣ་ཚོགས་ལ བརྟེན་ནས་སྲེད་བ་སྣ་ཚོགས་ཀུན་འབྱུང་བར་འགྱུར་ཞེ་ན། མིག་གི་ཁམས་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་འབྱུང་བར་འགྱུར་གྱི། མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་ཁམས་སྐྱེས་བ་ནི་མ་ཡིན་གྱི། འོན་ཀྱང མིག་གི་ཁམས་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་སྐྱེའོ། །མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྐྱེ་ཡི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་སྐྱེ་བ་ནི མ་ཡིན་ཞིང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེ་ཡི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ སྐྱེ་པ་ནི་མ་ཡིན་ནོ། །འོན་ཀྱང་མིག་གི་འདུས་ཏེ་རེག་པའི་རྐྱེན་ཡིས་ཚོར་བ་ལ་བརྟེན་ནས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེའོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱི་ཁམས་ལ་བརྟེན་ཏེ་ཡིད་ཀྱི་འདུས་ཏེ་རེག་པ་སྐྱེའི ཡིད་ཀྱི་འདུས་ཏེ་རེག་པ་ལ་བརྟེན་ནས་ཡིད་ཀྱི་ཁམས་སྐྱེ་བ་ནི་མ་ཡིན་གྱི་འོན་ཀྱང་ཡིད་ཀྱི་ཁམས་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པ་སྐྱེའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་བརྟེན་ཏེ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྐྱེའོ། །ཡིད་ཀྱི་འདུས ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པ་སྐྱེ་བ་ནི་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེའི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན གྱིས་ཚོར་བའི་སྲེད་པ་ལ་བརྟེན་ནས་ཡིད་ཀྱིས་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྐྱེ་བ་ནི་མ་ཡིན་ནོ། །འོན་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་བརྟེན་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྲེད་པ་སྐྱེའོ། །དགེ་སློང་དག དེ་ལྟར་ན་ཁམས་སྣ་ཚོགས་ལ་བརྟེན་ནས་རེག་པ་སྣ་ཚོགས་སྐྱེ་བར་འགྱུར་ཞིང་རེག་པ་སྣ་ཚོགས་ལ་བརྟེན་ནས་ཚོར་བ་སྣ་ཚོགས། ཚོར་བ་སྣ་ཚོགས་ལ་བརྟེན་ནས་སྲེད་པ་སྣ་ཚོགས་སྐྱེ་བར་འགྱུར་ཏོ་ཞེས་བཀའ་སྩལ་ཏོ། །འདི་སྐད་དུ་བཅོམ་ལྡན་འདས་ཀྱི་མདོ སྡེ་ལ་བརྟེན་པར་བྱའོ་ཞེས་གསུངས་སོ་ཞེས་བྱ་བ་ལ། མདོ་དྲུག་བའི་མཛའ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་འདི་ལྟར་འདོན་ཏེ། བཅོམ་ལྡན་འདས་ཡོངས་སུ་སྤྱོད་པའི་གྲོང་ཁྱེར་གྱི་བྱང་ཕྱོགས་ཀྱི་གྲོང་ཤིང་ཤ་བའི་ཚལ་ན་བཞུགས་ཏེ། དེ་ནས བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བོས་ཏེ། ཀུན་དགའ་བོ་དེ་ཉིད་ཀྱི་ཕྱིར་དང་པོ་དང་ཐ་མར་མདོ་སྡེ་ལ་བརྟེན་པར་བྱའི་གང་ཟག་ལ་བརྟེན་པར་མི་བྱའོ། །ཀུན་དགའ་བོ་ཇི་ལྟར་ན་དེ་དགེ་སློང་མདོ་སྡེ་ལ་བརྟེན་པར་བྱའི་གང་ཟག་ལ་བརྟེན་པར མི་བྱ་ཞེ་ན། ཀུན་དགའ་བོ་འདི་ན་དགེ་སློང་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་ལྡན་བ་དག་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པ་སྟེ་བཅོམ་ལྡན་འདས་བདག་གི་མངོན་སུམ་དུ་བཟུང་བའི་སླད་དུའོ་ཞེས་སྨྲ་ན། དེ་དགེ་སློང་དེས་བཤད་པ་ལ་སྤྲོ་བར ཡང་མི་བྱ། སྐྱོན་གདགས་པར་ཡང་མི་བྱ་བར། སྤྲོ་བ་དང་སྐྱོན་བརྗོད་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་བ་ན མདོ་སྡེ་ལ་མི་འཇུག་། འདུལ་བ་ལ་མི་སྣང། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་དགེ་སློང་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཆོས་འདི་བཅོམ་ལྡན་འདས་གྱིས་མ་བཤད་དེ། ཚེ་དང་ལྡན་པ་ཆོས་འདི་ནི་ཁྱེད་ཀྱིས་ཉེས་པར་བཟུང པ་སྟེ། འདི་ལྟར་ཆོས་འདི་ནི་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་བ་ན། ཆོས་འདི་མདོ་སྡེ་ལ་མི་འཇུག། འདུལ་བ་ལ་མི་སྣང། ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས དོང་བར་བྱའོ། །ཀུན་དགའ་བོ་ཡིད་དགེ་སློང་གཞན་ཞི་འོངས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་དགེ་སློང་གི་དགེ་འདུན་མང་པོ་གནས་ཤིང་གནས་བརྟན་དང་བཅས་པས་སོ་སོར་ཐར་པ་དང་བཅས་པ་ཡོད་དེ། ཚེ་དང་ལྡན་པ་དག་དགེ་སློང་གི་དགེ་འདུན་མང་པོ་ལས་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་བའི་ཕྱིར་རོ་ཞེས་སྨྲ་ན་དགེ་སློང་ངེས་བཤད་པ་ལ་སྤྲོ་བར་མི་བྱ། སྐྱོན་གདགས པར་ཡང་མི་བྱ་བར་སྤྲོ་པ་དང། སྐྱོན་བརྗོད་པ་མེད་པར་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་ཅིང་འདུལ་པ་ལ་བལྟས་པ་ན་མདོ་སྡེ་ལ་མི་འཇུག་འདུལ་བ་ལ་མི་སྣང། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཚེ་དང་ལྡན་པ་དགེ་སློང་གི་དགེ་འདུན་མང་པོ་དེ་དག་གིས་ཆོས་ཀྱི་ཐ་སྙད་དུ་འདུལ་བའི་ཐ་སྙད་ཀྱིས་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་བཤད་ཅིང་ཚེ་དང་ལྡན་པ ཆོས་འདི་ནི་ཁྱེད་ཀྱིས་ཉེས་པར་བཟུང་བ་སྟེ། འདི་ལྟར་མདོ་སྡེ་དང་བསྟན་ཅིང་འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་མི་འཇུག་ཅིང། འདུལ་བ་ལ་མི་སྣང་ལ་ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན པ་མ་ཡིན་ནོ་ཞེས་དོར་བར་བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གཞན་ཁ་ཅིག་འོངས་ཏེ། འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་དགེ་སློང་མདོ་སྡེ་འཛིན་པ་དང། འདུལ་བ་འཛིན་པ་དང། མ་མོ་འཛིན་པ་རབ་ཏུ་མང་པོ་དག་གནས་ཏེ། ཚེ་དང་ལྡན པ་དགེ་སློང་རབ་ཏུ་མང་པོ་དེ་དག་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་ཡང་སྤྲོས་པར་མི་བྱ། སྐྱོན་གདགས པར་ཡང་མི་བྱ་བར་སྤྲོ་བ་དང། སྐྱོན་གདགས་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལས་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལས་བལྟས་ན་མདོ་སྡེ་ལ་མི་འཇུག། འདུལ་བ་ལ་མི་སྣང། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་དེ་དག་གིས་ཆོས་ཀྱི་ཐ་སྙད་ཀྱིས་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་བཤད་ཅིང། ཚེ་དང་ལྡན་པ་ཆོས་འདི་ནི་ཁྱོད་ཀྱིས ཉེ་བར་བཟུང་བ་སྟེ། འདི་ལྟར་མདོ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་མི་འཇུག། འདུལ་བ་ལ་མི་སྣང། ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་དོར་བར་བྱའོ། །ཀུན་དགའ་བོ ཡང་དགེ་སློང་གང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་གནས་བརྟན་དང་བཅས་པ་སྟེ་གནས་བརྟན་དུ་གྲགས་པ་གཞན་དང་གཞན་དག་གནས་ཏེ། དགེ་སློང་གནས་བརྟན་དུ་གྲགས་པ་གཞན་དེ་དག་ལས་བདག་གིས་མངོན སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ། སྐྱོན་བརྗོད་པར་ཡང་མི་བྱ་སྟེ་སྤྲོ་བ་དང་སྐྱོན་གདགས་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་མི་འཇུག། འདུལ་བ་ལ་མི་སྣང། ཆོས་ཉིད་དང་འགལ་ན། དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགེ་སློང གནས་བརྟན་དེ་དག་གིས་ཆོས་ཀྱི་ཐ་སྙད་དང་འདུལ་བའི་ཐ་སྙད་ཀྱིས་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བཤད་ཅིང། ཚེ་དང་ལྡན་པ་ཆོས་འདི་ནི་ཁྱོད་ཀྱིས་ཉེས་པར་བཟུང་བ་སྟེ། འདི་ལྟར་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན་མདོ སྡེ་ལ་མི་འདུག་། འདུལ་བ་ལ་མི་སྣང། ཆོས་ཉིད་དང་འགལ་ཏེ། འདི་ནི་ཆོས་མ་ཡིན་པ། འདི་ནི་འདུལ་བ་མ་ཡིན་པ། འདི་ནི་སྟོན་པའི་བསྟན་པ་མ་ཡིན་པའོ་ཞེས་དོར་བར་བྱའོ། །ཀུན་དགའ་བོ་འདི་ན་དགེ་སློང་ཁ་ཅིག་འོངས་ཏེ་འདི་སྐད་དུ ཚེ་དང་ལྡན་པ་དག་འདི་ནི་ཆོས་འདི་ནི་འདུལ་བ་འདི་ནི་སྟོན་པའི་བསྟན་པའོ་ཞེས་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་བཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ་བར་སྤྲོ་བ་དང་སྐྱོན་གདགས་པ་མེད་པར་རྣ་གཏད་དེ ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ན་དགེ་སློང་དེ་ལ་དགེ་སློང་དག་གིས འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཚེ་དང་ལྡན་པ་ཆོས་འདི་ནི་བཅོམ་ལྡན་འདས་ཀྱིས་བཤད་ཅིང། ཚེ་དང་ལྡན་པས་ལེགས་པར་བཟུང་སྟེ། འདི་ལྟར་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ཏེ། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་ཡོངས་སུ་བཟུང་བར་བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་ན་དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་བཞུགས ཤིང་གནས་བརྟན་དང་བཅས་པ་སོ་སོར་ཐར་པ་དང་བཅས་པ་སྟེ། ཚེ་དང་ལྡན་པ་དག་དགེ་སློང་གི་དགེ་འདུན་རབ་ཏུ་མང་པོ་དེ་དག་ལས་འདི་ལྟ་སྟེ། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་མངོན་སུམ་དུ་བཟུང་བའི་ཕྱིར་རོ་ཞེས སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ། སྐྱོན་གདགས་པར་ཡང་མི་བྱ་སྟེ། སྤྲོ་བ་དང་སྐྱོན་གདགས་པ་མེད་པར་རྣ་གཏད་དེ་ཆོས་ཀྱི་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ མདོ་སྡེ་དང་བསྟུན། འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ན་དགེ་སློང་དེ་ལ་དགེ་སློང་དེ་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགེ་སློང་མང་པོ་དག་གིས་ཆོས་དང་འདུལ་བ་ཡང་དག་པར་བཤད་དེ། ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་སྟེ། འདི་ལྟར་མདོ་སྡེ་དང་བསྟུན་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ཏེ། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་བཟུང་བར་བྱའོ། །ཀུན དགའ་བོ་ཡང་དགེ་སློང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་ཆེ་གེ་མོ་ཞིག་དགེ་སློང་འདུལ་བ་འཛིན་པ་དང་མདོ་སྡེ་འཛིན་པ་དང་མ་མོ་འཛིན་པར་རབ་ཏུ་མང་པོ་དག་གནས་ཏེ། ཚེ་དང་ལྡན་པ་དགེ་སློང་རབ་ཏུ་མང་པོ་དེ་དག་གིས་འདི་ནི ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་བའི་ཕྱིར་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་ལ་སྤྲོ་བར་ཡང་མི་བྱ་སྐྱོན་གདགས་པར་ཡང་མི་བྱ་སྟེ། སྤྲོ་བ་དང་སྐྱོན་གདགས་པ་མེད་པར རྣ་གཏང་ངོ་ཆོས་ཀྱིས་ཡི་གེ་དང་ཚིག་ཡང་དག་པར་བཟུང་ནས་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ན་དགེ་སློང་དེ་ལ་དགེ སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཚེ་དང་ལྡན་པ་དགེ་སློང་རབ་ཏུ་མང་པོ་དག་གིས་ཆོས་དང་འདུལ་བ་ཡང་དག་པར་བཤད་ཅིང། ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་སྟེ་འདི་ལྟར་མདོ་སྡེ་དང་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན། མདོ་སྡེ་ལ་འཇུག་། འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ཏེ། འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་བཟུང་བར་བྱའོ། །ཀུན་དགའ་བོ་ཡང་དགེ་སློང་གཞན་ཁ་ཅིག་འོངས་ཏེ་འདི་སྐད་དུ་ཚེ་དང་ལྡན་པ་དག་གནས་ཆེ་གེ མོ་ཞིག་ན་གནས་བརྟན་དང་བཅས་ཤིང་གནས་བརྟན་དུ་གྲགས་པ་གཞན་དང་གཞན་གནས་ཏེ་ཚེ་དང་ལྡན་པ་དག་བདག་གིས་དགེ་སློང་གནས་བརྟན་དུ་གྲགས་པ་གཞན་དང་གཞན་དེ་དག་ལས་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི སྟོན་པའི་བསྟན་པའོ་ཞེས་མངོན་སུམ་དུ་ཐོས་ཤིང་བཟུང་བའི་ཕྱིར་རོ་ཞེས་སྨྲ་ན། དགེ་སློང་དེས་བཤད་པ་དེ་ལ་སྤྲོ་བར་ཡང་མི་བྱ་སྐྱོན་གདགས་པར་ཡང་མི་བྱ་སྟེ་སྤྲོ་བ་དང་སྐྱོན་གདགས་པ་མེད་པ་རྣ་གཏོང་ངོ། །ཆོས་ཀྱི་ཡེ་གེ་དང་ཚིག་དང་ཡང་དག་པར་བཟུང ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་ལ་བལྟ་བར་བྱའོ། །གལ་ཏེ་མདོ་སྡེ་དང་བསྟུན་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ན་དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང ལྡན་པ་དགེ་སློང་གནས་བརྟན་དག་གིས་ཆོས་དང་འདུལ་བ་ལེགས་པར་བཤད་ཅིང་ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བྱ་སྟེ། འདི་ལྟར་མདོ་སྡེ་ལ་བསྟུན་ཅིང་འདུལ་བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་།འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགའ་ ན་དགེ་སློང་དེ་ལ་དགེ་སློང་དག་གིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དགེ་སློང་གནས་བརྟན་དག་གིས་ཆོས་དང་འདུལ་བ་ལེགས་པར་བཤད་ཅིང་ཚེ་དང་ལྡན་པས་ཆོས་འདི་ལེགས་པར་བཟུང་སྟེ་འདི་ལྟར་མདོ་སྡེ་ལ་བསྟུན་ཅིང་འདུལ བ་ལ་བལྟས་པ་ན་མདོ་སྡེ་ལ་འཇུག་། འདུལ་བ་ལ་སྣང། ཆོས་ཉིད་དང་མི་འགལ་ཏེ་འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་བཟུང་བར་བྱའོ། །ཀུན་དགའ་བོ་དེ་ལ་སྔ་མ་བཞིན་ནི་ནག་པོ་བརྟན་པ་སྟེ། དགེ་སློང་གིས དེ་དག་ལེགས་པར་དཔྱད་དེ་རྟོགས་ནས་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ་ཞེས་དོར་བར་བྱའོ། །ཕྱི་མ་བཞིན་ནི་ཆེན་པོ་བསྟན་པ་སྟེ་དགེ་སློང་དག་གིས་དེ་དག་ལེགས་པར་དཔྱད་དེ་རྟོགས་ནས འདི་ནི་ཆོས། འདི་ནི་འདུལ་བ། འདི་ནི་སྟོན་པའི་བསྟན་པའོ་ཞེས་བཟུང་བར་བྱ་སྟེ། ཀུན་དགའ་བོ་དགེ་སློང་འདི་ལྟར་མདོ་སྡེ་ལ་བརྟེན་པར་བྱའི་གང་ཟག་ལ་བརྟེན་ནས་གནས་པར་མི་བྱའོ། །མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ ག་སུམ་འདུས་པའི་རེག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་རེ་ཞིག་སྐྱེ་མཆེད་དྲུག་ལས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་མཛའ་མའི་མདོ་སྡེ་དང་དེ་ལས་འདོན་པར་མཛོད་ཀྱི་གནས་གཉིས་པར་འགོག་པ་རྫས་མ་ཡིན་པར་སྒྲུབ པའི་སྐབས་སུ་འདུས་མ་བྱས་ལ་དེ་དག་མེད་ཅེས་བྱ་བར་བྲིས་བཞིན་དུ་བལྟ་བར་བྱའོ། །དཔེར་ན་བྱམས་པ་དང་ལྷན་ཅིག་པར་གྱུར་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག བྱམས་པ་བསྒོམ་པར་བྱ་སྟེ། བྱམས་པ་ཀུན་ཏུ་བསྟེན་གོམས་པར་བྱས་ལན་མང་དུ་བྱས་ན་འབྲས་བུ་ཆེ་ཞིང་ཕན་ཡོན་ཆེན་པོར་འགྱུར་རོ། །འབྲས་བུ་ཆེན་པོ་ཅན་དང། ཕན་ཡོན་ཆེན་པོ་ཅན་གྱི་བྱམས་པ་བསྒོམ་པ་གང་ཞེ་ན། འདི་ནི་དགེ་སློང བྱམས་པ་དང་ལྡན་པར་གྱུར་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་། དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བསྒོམ་པར་བྱེད་དོ། །བྱམས་པ་དང་ལྷན་ཅིག་པར གྱུར་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། ཏིང་ངེ་འཛིན་དང། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་རྣམ་པར སྤོང་བས་ཡོངས་སུ་སྒྱུར་བ་སྒོམ་པར་བྱེད་དེ་འདི་ལྟར་ན་འབྲས་བུ་ཆེན་པོ་ཅན་དང་ཕན་ཡོན་ཆེན་པོ་ཅན་གྱི་བྱམས་པ་སྒོམ་པར་འགྱུར་ཏེ། བྱམས་པ་ཅི་ལྟ་བ་བཞིན་དུ་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱང་བརྗོད་པར་བྱའོ་ཞེས་བཀའ་སྩལ་ཏོ།། འོ་ན་གང་མདོ་ལས་ཚོར་བ་གང་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཡང་དག་པར་ལྡན་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལས་གསུམ་པ་ལས་གསུམ་པོ་ཆེའི་མདོ་ལས་ཇི་སྐད་དུ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་གང་ཡིན་པ དང། སེམས་པ་གང་ཡིན་པ་དང། འདུ་ཤེས་གང་ཡིན་པ་དང། རྣམ་པར་ཤེས་པ་གང་ཡིན་པའི་ཆོས་འདི་དག་འདྲེས་པ་ཞིག་འམ་མ་འདྲེས་པ་ཞིག་།རྣམ་པར་དབྱེ་བའམ་རབ་ཏུ་རྣམ་པར་དབྱེ་བ་འམ་བྱེ་བྲག་གམ། མངོན་པར་འདོད་པ་འམ་རྒྱུ་ཐ་དད་པ ཡོད་དམ། ཚེ་དང་ལྡན་པ་གསུས་པོ་ཆེ་ཚར་བ་གང་ཡིན་པ་དང། སེམས་པ་གང་ཡིན་པ་དང། འདུ་ཤེས་གང་ཡིན་པ་དང། རྣམ་པར་ཤེས་པ་གང་ཡིན་པའི་ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་འདི་དག་ནི་རྣམ་པར་དབྱེ་བ འམ་རབ་ཏུ་དབྱེ་བ་འམ་བྱེ་བྲག་གམ། མངོན་པར་འདོད་པ་འམ་རྒྱུ་ཐ་དད་པར་གདགས་པ་རྙེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་མྱོང་བར་བྱེད་པ་དེ་སེམས་པར་བྱེད་དོ། །གང་སེམས་པར་བྱེད་པ་དེ་འདུས་ཏེ་ཤེས་པར་བྱེད་དོ། །གང་འདུས་ཏེ་ཤེས་པར བྱེད་པ་དེ་རྣམ་པར་ཤེས་པར་བྱེད་དེ། དེའི་ཕྱིར་ཆོས་དེ་དག་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་དེ་དག་ནི་རྣམ་དབྱེ་བ་འམ་རབ་ཏུ་དབྱེ་བ་འམ་ཁྱད་པར་འམ་མངོན་པར་འདོད་པ་འམ་རྒྱུ་ཐ་དད་པར་གདགས་པར་རྙེད་པ་མ་ཡིན་ནོ།། འདི་ནི་གསུས་པོ་ཆེའི་མདོའི་ཁུངས་སོ། །ཚེ་དང་དྲོད་དག་ལྷན་ཅིག་པ་ལ་འདྲེས་པར་གསུངས་པའི་ཕྱིར་ཞེས་བྱ་བ་ལ་འདི་ཡང་གསུས་པོ་ཆེའི་མདོ་ལས་ཤཱ་རིའི་བུ་གང་ཡང་ཚེ་དང་དྲོད་ཅེས་བྱ་བ་ཆོས་འདི་གཉིས་ནི་འདྲེས་པ་ཞིག་གམ མ་འདྲེས་པ་ཞིག་། ཆོས་འདི་གཉིས་ནི་རྣམ་པར་དབྱེ་བ་འམ་རབ་ཏུ་དབྱེ་བ་འམ་བྱེ་བྲག་གམ་མངོན་པར་འདོད་པ་འམ་རྒྱུ་ཐ་དད་པར་གདགས་པ་རྙེད་དམ། ཚེ་དང་ལྡན་པ་གསུས་པོ་ཆེ་གང་ཡང་ཚེ་དང་དྲོད་ཅེས་བྱ་བའི་ཆོས་འདི་གཉིས་ནི་འདྲེས པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ། །ཆོས་འདི་གཉིས་ནི་རྣམ་པར་དབྱེ་བ་འམ། རབ་ཏུ་དབྱེ་བ་འམ་བྱེ་བྲག་གམ་མངོན་པར་འདོད་པ་འམ་རྒྱུ་ཐ་དད་པར་གདགས་པ་རྙེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ན་ཚེ་ཡོད་པ་དེ་ན་དྲོད་ཡོད་ཅིང་གང་ན་དྲོད་ཡོད་པ་དེ་ན ཚེ་ཡོད་ཅིང། གང་ལ་ཚེ་ཡོད་པ་དེ་དྲོད་དུ་གདགས་པ་ཡོད་ཅིང་དྲོད་ཀྱང་ཚོར་རོ། །འདི་ལྟ་སྟེ། དཔེར་ན་ཚེ་དང་ལྡན་པ་གསུས་པོ་ཆེ་ཏིལ་དང། སྡོང་བུ་ལ་བརྟེན་ནས་སྒྲོན་མེ་འབྱུང་ཞིང་གང་ན་མེ་ལྕེ་ཡོད་པ་དེར་འོང་འབྱུང་ཞིང། གང་ན་འོད་ཡོད་པ་དེ་ན་མེ་ལྕེ་འབྱུང ཞིང། མེ་ལྕེ་ཡོད་ན་འོད་གདགས་སུ་ཡོད་ཅིང་འོད་ཡོད་ན་ཡང་མེ་ལྕེ་སྟེ་དེ་བཞིན་དུ་ཚེ་དང་ལྡན་པ་གསུས་པོ་ཆེ་གང་ན་ཚེ་ཡོད་པ་དེ་ན་དྲོད་ཡོད་ཅིང་གང་ན་དྲོད་ཡོད་པ་དེ་ན་ཚེ་ཡོད་ལ། གང་ལ་ཚེ་ཡོད་པ་དེ་ལ་དྲོད་གདགས་སུ་ཡོད་ཅིང་དྲོད་ཀྱང་ཚོར་རོ། །དེ་ཅིའི ཕྱིར་ཆོས་གཉིས་ནི་འདྲེས་པ་ཡིན་གྱི་མ་འདྲེས་པ་ནི་མ་ཡིན་ནོ་ཆོས་འདི་གཉིས་ནི་རྣམ་པར་དབྱེ་བ་འམ་རབ་ཏུ་དབྱེ་བ་འམ་བྱེ་བྲག་གམ་མངོན་པར་འདོད་པ་འམ་རྒྱུ་ཐ་དད་པར་གདགས་པ་རྙེད་པ་མ་ཡིན་ནོ། །དེ་ཡིད་ཉེ་བར་རྒྱུ་བ་ལས། རྣམ་པ་དག་ནི ཡང་བཅོ་བརྒྱད། ཅེས་བྱ་བ་ལ་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་པོ་འདི་དག་ནི་སྐྱེ་མཆེད་དྲུག་གི་མཛའ་སྡོམ་གྱི་ཚིགས་སུ་བཅད་པ་རྣམ་པར་དབྱེ་བ་བསྡུས་པའི་དང་པོའི་ཆུའི་ཁམས་དང། སྐྱེ་མཆེད་དྲུག་གི་མདོ་གཉིས་ལས་སྐྱེ་མཆེད་དྲུག་རྣམ་པར་དབྱེ བའི་མདོ་མཛོད་ཀྱི་གནས་དང་པོར། རེག་བྱ་རྣམ་པ་གཉིས་ཡིན་ཏེ། ཞེས་བྱའི་ཚིག་ལེའུར་བྱས་པའི་འགྲེལ་པར་དགེ་སློང་དག་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བྱ་བར་བཤད་པ་ཡིན་ནོ། །གང་དག་གི་གཉེན་པོར་རྟག་ཏུ་ཡོད་པ་དྲུག་གནས ཡིན་ཏེ་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་གི་སྡོམ་གྱི་མཛའ་ཚིགས་སུ་བཅད་པ་ལས། ཡིད་མི་བདེ་དང་ཡིད་བདེ་དང། །བཏང་སྙོམས་རྟག་ཏུ་ཡོད་པ་དྲུག་།ཅེས་མངོན་པ་མཛོད་ཀྱི་གནས་དང་པོར་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་བྱ་བར་བྲིས་པ བཞིན་ནོ། །སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་ཏུ་འགྱུར་ཏེ་ཞེས་བྱ་བ་ལ། རྣམ་པར་དབྱེ་བ་བསྡུས་པའི་མདོ་གཉིས་པ་ལས་འདི་སྐད་དུ་འདོན་ཏེ། སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་པོ་འདི་དག་ནི་ནང་གི་བདག་ཉིད་དུ་རིག་པར་བྱའོ་ཞེས ངས་ཇི་སྐད་དུ་བཤད་པ་དེ་ཅུང་ཟད་རྒྱས་པར་བཤད་པ་སྟེ། སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་གང་ཞེ་ན། ཡིད་བདེ་བཞིན་བ་ལ་བརྟེན་པ་དྲུག་དང། ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དང། ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང། ཡིད་མི བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དང། བཏང་སྙོམས་ཞེན་པ་ལ་རྟེན་པ་དྲུག་དང། བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་གོ་།ཡིད་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་གང་ཞེ་ན། དགེ་སློང་དག་མིག་གི་རྣམ་པར་ཤེས་པར་བྱ་བའི གཟུགས་ལ་བརྟེན་ནས་ཡིད་བདེ་བ་སྐྱེ་བར་འགྱུར་ལ། ཡིད་བདེ་བ་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང། ངེས་པར་འབྱུང་བ་ལ་བརྟེན་པའོ། །ཡིད་བདེ་བ་ཞེན་པ་ལ་བརྟེན་པ་གང་ཞེ་ན། མིག་གིས་རྣམ་པར་ཤེས་པར་བྱའི་གཟུགས འདོད་པ། དགའ་བ་སྡུག་པ་ཡིད་དུ་འོང་བ། འདོད་པར་འདུས་པ། དགའ་བ་སྐྱེ་བ་མ་ཐོབ་པ་ཐོབ་པ་དང། སྔོན་ཐོབ་པ་རྗེས་སུ་དྲན་ཞིང། ཡིད་བདེ་བ་སྐྱེ་བ་འདི་ལྟ་བུ་ནི་ཡིད་བདེ་བ་ཞེན་པ་ལ་བསྟན་པ་ཞེས་བྱའོ། །ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན པ་གང་ཞེ་ན། གཟུགས་ནི་མི་རྟག་པ་དང། འདོད་ཆགས་དང་བྲལ་བ་དང། ཡོངས་སུ་འགྱུར་པ་དང། འགོག་པ་དང། ནུབ་པ་དང། ཉེ་བར་ཞི་བ་ཡིན་ནོ་ཞེས་རིག་ནས་སྔོན་དང་ད་ལྟར་བྱུང་བའི་གཟུགས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་རིག་ནས་ཡིད་བདེ་བ་སྐྱེ་བ་འདི་ལྟ་བུ་ནི་ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་ལ་བརྟེན་ནས་ཡིད་བདེ་བ་སྐྱེ་བར་འགྱུར ལ་ཡིད་བདེ་བ་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང། ངེས་པར་འབྱུང་བ་ལ་བརྟེན་པའོ། །ཡིད་བདེ་བ་ཞེན་པ་ལ་བརྟེན་པ་ཞེན། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་འདོད་པ་སྡུག་པ་དགའ་བ་ཡིད་དུ་འོང་བ་འདོད་པས་བསྡུས་པ་དགའ་བ་སྐྱེད པ་མ་ཐོབ་པ་ཐོབ་པ་དང་སྔོན་ཐོབ་པ་ལ་རྗེས་སུ་དྲན་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་བ་འདི་ལྟ་བུ་ནི་ཡིད་བདེ་བ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། ཆོས་ནི་མི་རྟག་པ་དང་ཡོངས་སུ་འགྱུར་བ་དང། འདོད་ཆགས དང་བྲལ་པ་དང། འགོག་པ་དང་ཉེ་བར་ཞི་བ་དང་ནུབ་པ་ཡིན་ནོ་ཞེས་རིག་ཅིང། སྔོན་དང་ད་ལྟར་བྱུང་བའི་ཆོས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་རིག་ནས་ཡིད་བདེ་བ་སྐྱེ་བ་འདི་ལྟ་བུ་ནི་ཡིད་བདེ་བ་ངེས་པར འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་གང་ཞེ་ན། མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་བརྟེན་ནས་ཡིད་མི་བདེ་བ་སྐྱེ་བར་འགྱུར་ལ། ཡིད་མི་བདེ་བ་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང། ངེས་པར་འབྱུང་བ་ལ་བརྟེན་པའོ། །ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་གཟུགས་མི་འདོད་པ། མི་སྡུག་པ། མི་དགའ་བ་ཡིད་དུ་མི་འོང་བ། མི་འདོད་པས་བསྡུས་པ་རབ་ཏུ་དགའ་བ་མི་སྐྱེ་བ་མ་ཐོབ་པར་ཐོབ་ཅིང སྔོན་ཐོབ་པ་དང། སྔོན་འདོད་པ་དང། བྲལ་བ་དང་འགག་པ་དང་མི་ལྡན་པ་དང་ཡོངས་སུ་འགྱུར་བའི་ཆོས་ཅན་དུ་རྗེས་སུ་དྲན་ཞིང། ཡིད་མི་བདེ་བ་སྐྱེ་བར་འགྱུར་བ་འདི་ལྟ་བུ་ནི་ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །ཡིད་མི་བདེ་བ་ངེས་པར་འབྱུང བ་ལ་བརྟེན་པ་གང་ཞེ་ན། གཟུགས་རྣམས་ནི་མི་རྟག་པ། ཡོངས་སུ་འགྱུར་བ། འདོད་ཆགས་དང་བྲལ་བ་དང། འགོག་པ་དང་ཉེ་བར་ཞི་བ་དང། ནུབ་པ་ཡིན་ནོ་ཞེས་སྔོན་དང་དེ་ལྟར་གྱི་གཟུགས་ཐམས་ཅད་མི་རྟག་པ། སྡུག་བསྔལ་པ་ཡོངས་སུ་འགྱུར བའི་ཆོས་ཅན་དུ་རིག་ནས། ཐར་པ་བླ་མ་ལ་འདོད་པ་སྐྱེད་ཅིང་བདག་ནམ་ཞིག་ན་མཆོག་གི་སྐྱེ་མཆེད་བསྒྲུབས་ཤིང་ཉེ་བར་གནས་འཕགས་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཤིང་ཉེ་བར་གནས་ཞེས་བླ་ན་མེད་པའི་ཐར་པ ལ་འདོད་པ་དང་དོན་དུ་གཉེར་བ་ཡོངས་སུ་གདུང་བ་དང་ཡིད་བདེ་བ་སྐྱེ་བར་འགྱུར་བ་འདི་ནི་ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་བརྟེན་ནས ཡིད་མི་བདེ་བ་དེ་ཡང་རྣམ་པ་གཉིས་ཏེ་ཞེན་པ་ལ་བརྟེན་པ་དང། མངོན་པར་འབྱུང་བ་ལ་བརྟེན་པའོ། །ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་གང་ཞེ་ན། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་མི་འདོད་པ་མི་དགའ་བ་ཡིད་དུ་མི་འོང་བ་མི་འདོད་པས བ་སྡུས་པ་རབ་ཏུ་དགའ་བ་མི་སྐྱེ་བ་མ་ཐོབ་པ་ཐོབ་ཅིང་སྔོན་འདོད་པ་དང་བྲལ་བ་དང་འགག་པ་དང་མི་ལྡན་པ་དང་ཡོངས་སུ་འགྱུར་བའི་ཆོས་ཅན་རྗེས་སུ་དྲན་ཞིང་ཡིད་མི་བདེ་བ་སྐྱེ་བར་འགྱུར་བ་འདི་ལྟ་བུ་ནི་ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་ཞེས བྱའོ། །ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། ཆོས་རྣམས་ནི་མི་རྟག་པ། ཡོངས་སུ་འགྱུར་བ། འདོད་ཆགས་དང་བྲལ་བ། འགོག་པ་ཉེ་བར་ཞི་བ་ཡིན་ནོ་ཞེས་སྔོན་དང་ད་ལྟར་གྱི་ཆོས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ ཡོངས་སུ་འགྱུར་བའི་ཆོས་ཅན་དུ་རིག་ནས་ཐར་པ་བླ་མ་ལ་འདོད་པ་སྐྱེད་ཅིང་བདག་ནམ་ཞིག་ན་མཆོག་གི་སྐྱེ་མཆེད་ཉེ་བར་བསྒྲུབས་ཤིང་གནས་འཕགས་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་པར་འགྱུར་ཞེས། བླ་ན་མེད་པའི་ཐར་པ་ལ འདོད་པ་དང་ཡིད་མི་བདེ་བ་སྐྱེ་བར་འགྱུར་བ་འདི་ནི་ཡིད་མི་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །བཏང་སྙོམས་ཞེན་པ་ལ་བརྟེན་པ་དྲུག་གང་ཞེ་ན། མིག་གི་རྣམ་པར་ཤེས་པར་བྱ་བའི་གཟུགས་ལ་བཏང་སྙོམས་པ་སྟེ་བཏང སྙོམས་དེ་ཡང་རྣམ་པ་གཉིས་ཏེ། ཞེན་པ་ལ་བརྟེན་པ་དང། མངོན་པར་འབྱུང་བ་ལ་བརྟེན་པའོ། །བཏང་སྙོམས་ཞེན་པ་ལ་བརྟེན་པ་གང་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་གཟུགས་ལ་བཏང་སྙོམས་ཤིང། གཟུགས་ལ་ཞེན བ་དང། གཟུགས་ལ་བརྟེན་ཅིང་གཟུགས་མི་དོར་ཞིང་གཟུགས་མངོན་པར་བསྒྲུབ་པ་འདི་ལྟ་བུ་ནི་གཟུགས་ལ་བཏང་སྙོམས་པ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། གཟུགས་ནི་མི་རྟག་པ་ཡོངས་སུ་འགྱུར བ། འདོད་ཆགས་དང་བྲལ་བ། འགོག་པ་ཉེ་བར་ཞི་བ་ནུབ་པ་ཡིན་ནོ་ཞེས་སྔོན་དང་ད་ལྟར་གྱི་གཟུགས་ཐམས་ཅད་མི་རྟག་པ་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ། །ཞེས་རིག་ནས་སོ་སོར་བརྟག་ཤིང་སོ་སོར་བརྟགས་ནས་བཏང་སྙོམས་སུ་བྱེད་དེ འདི་ནི་བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བའི་ཆོས་རྣམས་ལ་བརྟེན་ནས་བཏང་སྙོམས་སྐྱེད་པར་འགྱུར་ལ། བཏང་སྙོམས་དེ་ཡང་རྣམ་པ་གཉིས ཏེ། ཞེན་པ་ལ་བརྟེན་པ་དང། མངོན་པར་འབྱུང་བ་ལ་བརྟེན་པའོ། །བཏང་སྙོམས་ཞེན་པ་ལ་བརྟེན་པ་གང་ཞེ་ན། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་མི་མཁས་ཤིང་ཐོས་པ་དང་མི་ལྡན་པ་དག་ཆོས་བཏང་སྙོམས་ཤིང་ཆོས་ལ་ཞེན་པ་དང། ཆོས་ལ བརྟེན་ཅིང་ཆོས་མི་འདོར་ལ་ཆོས་མངོན་པར་སྒྲུབ་པ་འདི་ལྟ་བུ་ནི་ཆོས་ལ་བཏང་སྙོམས་པ་ཞེན་པ་ལ་བརྟེན་པ་ཞེས་བྱའོ། །བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་གང་ཞེ་ན། ཆོས་ནི་མི་རྟག་པ། ཡོངས་སུ་འགྱུར་བ། འདོད་ཆགས་དང བྲལ་བ། འགོག་པ་ཉེ་བར་ཞི་བ་ནུབ་པ་ཡིན་ནོ་ཞེས་སྔོན་དང་ད་ལྟར་གྱི་ཆོས་ཐམས་ཅད་མི་རྟག་པ་དང་ཡོངས་སུ་འགྱུར་བའི་ཆོས་ཅན་ཡིན་ནོ་ཞེས་རིག་ནས་སོ་སོར་བརྟགས་ཤིང་སོ་སོར་བརྟགས་ནས་བཏང་སྙོམས་སུ་བྱེད་དེ་འདི་ནི་བཏང་སྙོམས ངེས་པར་འབྱུང་བ་ལ་བརྟེན་པ་ཞེས་བྱའོ། །དགེ་སློང་དག་དེ་ལ་ཡིད་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང། ཡིད་མི་བདེ་བ་ཞེན་པ་ལ་བརྟེན་པ་དྲུག་དང། ཡིད་བདེ་བ་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་དང། ཡིད་མི་བདེ་བ་ངེས་པར་འབྱུང་བ ལ་བརྟེན་པ་དྲུག་དང། བཏང་སྙོམས་ཞེན་པ་ལ་བརྟེན་པ་དྲུག་དང། བཏང་སྙོམས་ངེས་པར་འབྱུང་བ་ལ་བརྟེན་པ་དྲུག་སྟེ་གཅིག་ཏུ་བསྡུས་ན་སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །སྟོན་པའི་བཀའ་སུམ་ཅུ་རྩ་དྲུག་པོ་འདི་དག་ནི་ནང་གི་བདག ཉིད་དུ་རིག་པར་བྱའོ་ཞེས་ངས་ཇི་སྐད་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །སེམས་ཅན་ཐམས་ཅད་ནི་ཟས་ཀྱིས་གནས་སོ་ཞེས་བྱ་བ་ནི་མདོའི་ཚིག་ཡིན་ནོ་ཞེས་བྱ་བ་ལ། མདོ་དྲུག་པ་འགྲོ་བའི་རྣམ་གྲངས་ཀྱི་མདོ་ཚིག་གོ་།ཟས་རྣམས་ཀྱང གང་དག་ཅེ་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱེད་ཅིང་འཚོ་བར་བྱེད་པ། སྲིད་པ་འཚོ་བ་རྣམས་ལ་ཕན་འདོགས་པར་བྱེད་པ་སྟེ། བཞི་གང་ཞེ་ན། རགས་པ དང་ཕྲ་བའི་ཁམ་གྱི་ཟས་དང། གཉིས་པ་རེག་པ་དང། གསུམ་པ་ཡིད་ལ་སེམས་པ་དང། བཞི་པ་ནི་རྣམ་པར་ཤེས་པའི་ཟས་སོ་ཞེས་བཀའ་སྩལ་ཏོ། །མདོ་ལས་གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་པ་ནས་གནོད་པ་དང་བཅས་པའི འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། ལས་ནི་རྣམ་པ་བཞི་སྟེ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད། དཀར་ལ་རྣམ པར་སྨིན་པ་དཀར་བའི་ལས་ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་ཀྱང་ཡོད། ལས་མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་པ་ལས་དེ་དག་ཟད་པའི་ཕྱིར་འཇུག་པའི་ལས་ཀྱང་ཡོད་དོ། །གནག་ལ་རྣམ་པར སྨིན་པ་གནག་པའི་ལས་གང་ཞེ་ན། ཇི་ལྟར་གནོད་པ་དང་བཅས་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསམས་པ་དང། གནོད་པ་དང་བཅས་པའི་ངག་དང་ཡིད་ཀྱི་འདུ་བྱེད་བྱེད་ཅིང་བསགས་ཏེ། དེ་གནོད་པ་དང་བཅས་པའི་ལུས་ཀྱི་འདུ་བྱེད་བྱས་ཤིང་བསགས་ལ་གནོད པ་དང་བཅས་པ་ཉེ་བར་བསགས་ཤིང་བསགས་ནས་གནོད་པ་དང་བཅས་པ་ཉེ་བར་བསགས་ཤིང་བསགས་པས་གནོད་པ་དང་བཅས་པའི་བདག་ཉིད་ཀྱང་དངོས་པོ་མངོན་པར་འགྲུབ་པར་འགྱུར་ཞིང། གནོད་པ་དང་བཅས་པའི་བདག་ཉིད་ཀྱི་དངོས་པོ་མངོན་པར གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེས་ནས་གནོད་པ་དང་བཅས་པའི་རེག་པ་ལ་གནོད་པ་དང་བཅས་པའི་རེག་པ་རེག་ནས་གནོད་པ་དང་བཅས་པའི་ཚོར་བ་གཅིག་ཏུ་སྡུག་བསྔལ་བ། གཅིག་ཏུ་དྲག་པ་གཅིག་ཏུ་རྩུབ་པ། གཅིག་ཏུ་ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་སེམས་ཅན་དམྱལ་བ་ན་གནས་པ་རྣམས་ཀྱི་ལྟ་བུའོ། །ལས་ཀྱིས་སེམས་ཅན་རྣམས་སྐྱེད་ཅིང་སྲེད་པར་སྐྱེས་ནས་འདི་ལྟ་བུའི་ངོ་བོ་ཡིད་དུ མི་འོང་བའི་རེག་པ་རེག་པར་འགྱུར་ཏེ་དེའི་ཕྱིར་སེམས་ཅན་རྣམས་ནི་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའོ་ཞེས་ང་སྨྲ་སྟེ། འདི་ནི་གནག་ལ་རྣམ་པར་སྨིན་པ་གནག་པ་ཞེས་བྱའོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། འདི་ལྟར་གནོད་པ་མེད པའི་ལུས་ཀྱི་འདུ་བྱེད་ཅིང་བསགས་པ་དང་གནོད་པ་མེད་པའི་ངག་དང་ཡིད་ཀྱི་འདུ་བྱེད་བྱེད་ཅིང་བསགས་ཏེ་དེ་གནོད་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསགས་ལ་གནོད་པ་མེད་པ་ཉེ་བར་བསགས་ཤིང་བསགས་ནས། གནོད་པ་མེད་པ་ཉེ་བར་བསགས་ཤིང བསགས་པས་གནོད་པ་མེད་པའི་བདག་ཉིད་ཀྱི་དངོས་པོ་མངོན་པར་འགྲུབ་པར་འགྱུར་ཞིང་གནོད་པ་མེད་པའི་བདག་ཉིད་ཀྱིས་དངོས་པོ་མངོན་པར་གྲུབ་ནས་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེས་གནོད། པ་མེད་པའི་རེག་པ་རེག་པར་འགྱུར་ཞིང། གནོད་པ་མེད་པའི་རེག་པས་རེག་ནས་གནོད་པ་མེད་པའི་ཚོར་བ་མྱོང་བ་གཅིག་ཏུ་འདོད་པ། གཅིག་ཏུ་སྡུག་པ། གཅིག་ཏུ་དགའ་བ། གཅིག་ཏུ་ཡིད་དུ་འོང་བའི་ཚོར་བ་ཉམས་སུ་མྱོང་བར འགྱུར་ཏེ། འདི་ལྟ་སྟེ་ལྷ་གཞལ་ཡས་ཁང་ལ་གནས་ཀྱི་ལྟ་བུའོ། །ལས་ཀྱིས་སེམས་ཅན་རྣམས་བསྐྱེད་ཅིང་སྲེད་པར་སྐྱེད་ནས་འདི་ལྟ་བུ་ངོ་བོ་ཡིད་དུ་འོང་བའི་རེག་པ་རེག་པར་འགྱུར་ཏེ། དེའི་ཕྱིར་སེམས་ཅན་རྣམས་ནི་ལས་ཇི་ལྟ་བ་བཞིན་ཉེ་བར འགྲོ་བའོ་ཞེས་ང་སྨྲ་སྟེ། འདི་ནི་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ཞེས་བྱའོ། །དཀར་གནག་ལ་རྣམ་པར་སྨིན་པ་དཀར་ནག་གི་ལས་གང་ཞེ་ན། ཇི་ལྟར་གནོད་པ་དང་བཅས་པ་དང་གནོད་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསགས་པ་དང། གནོད པ་དང་བཅས་པ་དང་གནོད་པ་མེད་པའི་ངག་དང་ཡིད་ཀྱི་འདུ་བྱེད་བྱེད་ཅིང་བསགས་ཏེ། དེ་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་ལུས་ཀྱི་འདུ་བྱེད་བྱེད་ཅིང་བསགས་ལ། གནོད་པ་དང་བཅས་པ་དང་གནོད་པ་མེད་པར་བསགས་ཤིང་བསགས ནས། གནོད་པ་དང་བཅས་པ་དང་གནོད་པ་མེད་པ་ཉེ་བར་བསགས་པས་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་བདག་ཉིད་ཀྱིས་དངོས་པོ་མངོན་པར་འགྲུབ་པར་འགྱུར་ཞིང། གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་བདག་ཉིད་ཀྱི དངོས་པོ་མངོན་པར་གྲུབ་ནས་གནོད་པ་མེད་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང། གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་བདག་ཉིད་ཀྱི་འཇིག་རྟེན་དུ་སྐྱེས་ནས་གནས་གནོད་པ་དང་བཅས་པ་དང་གནོད་པའི་རེག་པ་རེག་པར་འགྱུར་ཞིང གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་རེག་པ་རེག་ནས་གནོད་པ་དང་བཅས་པ་དང་གནོད་པ་མེད་པའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་ཏེ་འདི་ལྟ་སྟེ་གཅིག་ཏུ་འདོད་པ་དང་མི་འདོད་པ་དང་གཅིག་ཏུ་སྡུག་པ་དང་མི་སྡུག་པ་དང། གཅིག ཏུ་དགའ་བ་དང་མི་དགའ་བ་དང། གཅིག་ཏུ་ཡིད་དུ་འོང་པ་དང་ཡིད་དུ་མི་འོང་བའི་ཚོར་བར་ཉམས་སུ་མྱོང་བར་འགྱུར་ཏེ་འདི་ལྟ་སྟེ་མི་རྣམས་དང་ལྷའི་ཕྱོགས་གཅིག་ཏུ་བཞག་སྟེ། ལས་ཀྱིས་སེམས་ཅན་རྣམས་བསྐྱེད་ཅིང་སྲེད་པར་སྐྱེས་ནས་འདི་ལྟ་བུའི ངོ་བོ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་རེག་པས་རེག་པར་འགྱུར་ཏེ་དེའི་ཕྱིར་སེམས་ཅན་རྣམས་ནི་ལས་ཇི་ལྟ་བ་བཞིན་ཉེ་བར་འགྲོ་བའོ་ཞེས་ང་སྨྲའོ། །འདི་ནི་དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་སོ། །ལས་མི་དཀར་མི་གནག་ལ་རྣམ པར་སྨིན་པ་མེད་ཅིང་ལས་ཟད་པར་བྱ་བའི་ཕྱིར་འཇུག་པའི་ལས་གང་ཞེ་ན། གང་གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་དེ་ཟད་པར་བྱེད་པའི་སེམས་པ་དང། གང་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་དེ་ཟད་པར་བྱེད་པའི་སེམས་པ་དང། གང་དཀར གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་དེ་ཟད་པར་བྱེད་པའི་སེམས་པ་སྟེ། འདི་ནི་ལས་མི་དཀར་མི་གནག་ལ་རྣམ་པར་སྨིན་པ་མེད་ཅིང་ལས་དེ་དག་ཟད་པར་བྱ་བའི་ཕྱིར་འཇུག་པའི་ལས་ཞེས་བྱའོ་ཞེས་བཀའ་སྩལ་ཏེ། མཛོད་ཀྱི་གནས་བཞི་པར དཀར་ནག་ལ་སོགས་བྱེ་བྲག་གིས། ལས་ནི་རྣམ་པ་བཞི་ཡིན་ནོ་ཞེས་བྱ་བར་མདོ་འཆད་པར་འགྱུར་རོ། །དེ་བཞིན་དུ་མདོ་ལས་ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །གང་གིས་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ་སྐྱེས པའི་ཀུན་ཏུ་སྦྱོར་བ་མ་ཡིན་པའི་གང་ཟག་ཀྱང་ཡོད། གང་གིས་སྐྱེ་བའི་ཀུན་དུ་སྦྱོར་བ་ནི་སྤངས་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་མ་ཡིན་པའི་གང་ཟག་ཀྱང་ཡོད། གང་གིས་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་སྤངས་ཤིང་སྐྱེ་བའི་ཀུན་ཏུ་སྦྱོར་བ ཡང་སྤངས་པ་ཡོད། གང་གིས་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ཡང་མ་སྤངས་ཤིང་སྐྱེ་བའི་ཀུན་ཏུ་སྦྱོར་པ་ཡང་མ་སྤངས་པའི་གང་ཟག་ཀྱང་ཡོད་དོ་ཞེས་བཀའ་སྩལ་ཏོ། །མུ་དང་པོ་ནི་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བའི་གོང དུ་འཕེལ་བའོ། །གཉིས་པ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བའ་ཨོ། །གསུམ་པ་ནི་དགྲ་བཅོམ་པའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །བཅོམ་ལྡན་འདས་ཀྱིས་ཟས་བཞི་ནི་ཞེས་བྱ་བ་ལ་སོགས་པ་ལ་གླེང་གཞི ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཟས་བཞི་པོ་འདི་དག་ནི་ནད་ཀྱི་རྩ་བ། འབྲས་ཀྱི་རྩ་བ། ཟུག་རྔུའི་རྩ་བ། རྒ་ཤིའི་རྐྱེན་ཡིན་ཏེ། བཞི་གང་ཞེ་ན། རགས་པ་དང་ཕྲ་བའི་ཁམ་གྱི་ཟས་དང། གཉིས་པ་རེག་པ་དང། གསུམ་པ་ཡིད་ལ་སེམས་པ་དང། བཞི་པ་རྣམ་པར་ཤེས་པའོ། །བཞི་པོ་འདི་དག་ནི་བསོད་ནམས་ཀྱི་རྒྱུ་མཐུན་པ། དགེ་བའི་རྒྱུ་མཐུན་པ་དང། བདེ་བའི་བཞི་སྟེ། བཞི་གང་ཞེ་ན། སངས་རྒྱས་ལ་ཤེས་ནས་དད་པ་ནི་བསོད་ནམས་ཀྱི་རྒྱུ་མཐུན་པ། དགེ་བའི་རྒྱུ་མཐུན་པ། བདེ་བའི་བཞིའོ། །ཆོས ལ་དང། དགེ་འདུན་ལ་དང། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ནི་བསོད་ནམས་ཀྱི་རྒྱུ་མཐུན་པ། དགེ་བའི་རྒྱུ་མཐུན་པ། བདེ་བའི་བཞི་ཡིན་ནོ་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་གིས་ཕྱིའི་དྲང་སོང་འདོད་པ་ལས་འདོད་ཆགས་དང་བྲལ་བ ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཁྱིམ་བདག་ངན་པ་སྦྱིན་པ་ཞེས་བྱ་བ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ཏེ་ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་དུ་འདུག་ནས་ཁྱིམ་བདག་ངན་པ་སྦྱིན་པ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཅི་ཁྱོད་དང་ཁྱིམ་ན་སྦྱིན་པ་དག་གཏོང་ངམ་བསོད་ནམས་དག་བྱེད་དམ། བཙུན་པ་དེ་བཞིན་ཏེ། བདག་གི་ཁྱིམ་ན་སྦྱིན་པ དག་གཏོང་བསོད་ནམས་དག་བྱེད་མོད་ཀྱི་ངན་པ་སྦྱིན་གྱི་མཆོག་ཏུ་གྱུར་པ་ནི་མ་ཡིན་ནོ། །ཁྱིམ་བདག་ངན་པ་ཡང་རུང་མཆོག་ཏུ་གྱུར་པ་ཡང་རུང་གཉིས་ཀ་ཡང་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་ཅན་ཏེ། ཁྱིམ་བདག་ངན་པ་ཡང་རུང་མཆོག་ཏུ་གྱུར བ་ཡང་རུང་དད་པ་མེད་པས་སྦྱིན་པར་བྱེད། མ་གུས་པ་དང། རང་གི་ལག་ནས་མ་བྱིན་པ་དང། དུས་མ་ཡིན་པར་སྦྱིན་པར་བྱེད་ན་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཁྱིམ་གྱི་ལོངས་སྤྱོད་ཆེན་པོ་ཐོབ་པར་མི་འགྱུར་རོ། །ཟས?་ཀྱི་ལོངས་སྤྱོད་ཆེན་པོ་དང། གནས ཀྱི་ལོངས་སྤྱོད་ཆེན་པོ་དང། མལ་ཆ་དང་སྟན་གྱི་ལོངས་སྤྱོད་དང། ཟས་ཀྱི་ལོངས་སྤྱོད་ཆེན་པོ་དང། ཡོངས་སུ་སྤྱོད་པ་ཆེན་པོ་ཐོབ་པར་མི་འགྱུར་ཞིང། གཟུགས་དང་སྒྲ་དང། དྲི་དང་རོ་དང་རེག་བྱ་མཆོག་ཐོབ་པར་མི་འགྱུར་ཏེ་ཁྱིམ་བདག་འདི་ལྟ་བུའི་རང བཞིན་གྱི་སྦྱིན་པ་བྱིན་ན་འདི་ལྟ་བུའི་རྣམ་པར་སྨིན་པར་འགྱུར་རོ། །ཁྱིམ་བདག་ངན་པ་ཡང་རུང་མཆོག་དུ་གྱུར་པ་ཡང་དུས་དད་པས་སྦྱིན་པར་ཡང་བྱེད། གུས་པས་དང། རང་གི་ལ་གནས་དང། དུས་སུ་རྣམ་པ་སྣ་ཚོགས་སྦྱིན་པར་བྱེད་ན། སྦྱིན་པ་དེའི རྣམ་པར་སྨིན་པ་སོ་སོར་མྱོང་བར་འགྱུར་བ་ཁྱིམ་གྱི་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་ཞིང་གོས་ཀྱི་ལོངས་སྤྱོད་ཆེན་པོ་དང། གནས་ཀྱི་ལོངས་སྤྱོད་ཆེན་པོ་དང། མལ་ཆ་དང་སྟན་གྱི་ལོངས་སྤྱོད་ཆེན་པོ་དང། ཟས་ཀྱི་ལོངས་སྤྱོད་ཆེན་པོ་དང། ཡོངས་སུ་སྤྱད་པ་ཆེན་པོ་ཐོབ་པར་འགྱུར་ཞིང། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་མཆོག་ཐོབ་པར་འགྱུར་ཏེ། ཁྱིམ་བདག་འདི་ལྟ་བུའི་རང་བཞིན་གྱི་སྦྱིན་པ་སྦྱིན་ན་རྣམ་པར་སྨིན་པ་འདི་ལྟ་བུ་ལ་རེག་པར་བྱའོ། །ཁྱིམ་བདག་སྔོན་བྱུང་བ་འདས བའི་དུས་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། དེས་བྲམ་ཟེ་རྣམས་ལ་སྦྱིན་པ་འདི་ལྟ་བུ་དག་བཏང་སྟེ། གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་གསེར་གྱིས་བརྒྱན་ཅིང་གསེར་གྱིས་སྦྲས་ལ། གསེར་གྱི་དྲ་བས་གཡོགས་ཤིན་ག། གསེར་གྱིས་བཀབ པ་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ། །རྟ་བརྒྱད་ཁྲི་བཞི་སྟོང་གསེར་གྱིས་བརྒྱན་ཅིང་གསེར་གྱིས་སྤྲས་པ། གསེར་གྱི་དྲ་པས་གཡོགས་ཤིང་གསེར་གྱིས་བཀབ་པ་དག་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ། །ཤིང་རྟ་བརྒྱད་ཁྲི་བཞི་སྟོང་ཤིང་རྟ བཞི་པོ་རྣམས་ཏེ། གསེར་གྱི་ཤིང་རྟ་རྣམས་དང། དངུལ་དང། བཻ་ཌཱུརྱ་དང། ཤེལ་གྱི་རང་བཞིན་གྱི་ཤིང་རྟ་རྣམས་ཏེ། སེང་གེའི་པགས་པས་གཡོགས་པ་དང། སྟག་གི་པགས་པས་གཡོགས་པ་དང། གུང་གི་པགས་པས གཡོགས་པ་དང། ལ་བ་དཀར་པོས་གཡོགས་ཤིན་བ་དན་གྱིས་བརྒྱན་པ་བྲམ་ཟེ་རྣམས་ལ་སྦྱིན་པ་གཏད་དོ། །གསེར་གྱི་གཞོང་པ་བརྒྱད་ཁྲི་བཞི་སྟོང་དངུལ་གྱི་ཕྱེ་མས་བཀང་བ་དང། དངུལ་གྱི་གཞོད་པ་བརྒྱར་ཁྲི་བཞི་སྟོང་གསར་གྱི་ཕྱེ་མས་བཀང པ་དག་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ། །གཞལ་ཡས་ཁང་བརྒྱད་ཁྲི་བཞི་སྟོང་གསེར་གྱི་རང་བཞིན་དང། དངུལ་དང། བཻ་ཌཱུརྱ་དང། ཤེལ་གྱི་རང་བཞིན་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་ངོ། །གདན་བརྒྱད་ཁྲི་བཞི་སྟོང་གདན་རྣམ་པ་བཞི་པོ་གསེར་གྱི་རང་བཞིན དང། དངུལ་དང། བཻ་ཌཱུརྱ་དང། ཤེལ་གྱི་རང་བཞིན་ཏེ། ཀ་ནེ་ཀ་ས་གཡོགས་པ་དང། བྱང་བུས་གཡོགས་པ་དང། རི་མོ་ཅན་གྱིས་གཡོགས་པ་དང། རྣམ་པར་འཕེལ་བས་གཡོགས་པ་དང། པ་ལ་ལེ་ཀས་གཡོགས་པ་དང། ཀ་ཤི་ཀའི་གོས་ཀྱིས་གཡོགས་པ་བ དན་གྱིས་བརྒྱན་པ་དང། ཁྱོགས་བརྒྱད་ཁྲི་བཞི་སྟོང་ཕྱོགས་རྣམས་པ་བཞི་པོ། །ཀ་ཤི་ཀའི་གོས་ཕྲ་མོས་གཡོགས་པ་དང། ཁྲི་ཀ་ཕྲ་མོ་དང། གོ་ཏམ་པ་ཕྲ་མོ་དང། དུ་གུ་ལའི་རས་ཕྲ་མོས་གཡོགས་པ་དག་གོ། བ་ལང་བརྒྱད་ཁྲི་བཞི་སྟོང་གསེར་གྱི་རྭ་དང་གདུལ གྱི་སྨིག་མ་ཅན་བེའུ་དང་འཛོ?་བའི་སྣོད་དང་མཛོམ?་ཁ་ན་དང་བཅས་པ་དང་བུ་མོ་བརྒྱད་ཁྲི་བཞི་སྟོང་གསེར་གྱི་དཔུང་རྒྱན་དང་མགུལ་རྒྱན་ཅིན་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་སྟེ། བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་ལྡག་པ་གཞན་ལྟ་སྨོས ཀྱང་ཅི་དགོས་ཏེ། ཁྱིམ་བདག་བྲམ་ཟེ་ཤིང་སུ་ལ་ཆེན་པོ་དུས་ཀྱིས་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་བྱིན་པ་བས། གང་གིས་ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་པ་བརྒྱ་ལ་ཟས་སྦྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འབྲས་བུ་ཆེའོ། ཁྱིམ བདག་གང་བྲམ་ཟེ་ཤིང་སཱ་ལ་ཆེན་པོས་དུས་ཀྱིས་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་སྦྱིན་པ་བྱིན་པ་དང་གང་གིས་ཕྱིའི་དྲང་སྲོང་འདོད་པ་ལ་འདོད་ཆགས་དང་བྲལ་བ་རྒྱ་ལ་ཟས་བྱིན་པ་བས། གང་གིས་འཛམ་བུའི་ཚལ་ན་འདུག་པའི་སྐྱེ་བོ་གཅིག་ལ་བྱིན་ན་སྦྱིན པ་དེ་བས་སྤྱིན་པ་འདི་འབྲས་བུ་ཆེའོ། །ཁྱིམ་བདག་གང་བྲམ་ཟེ་ཤིན་སཱ་ལ་ལྟ་བུ་དུས་ཀྱིས་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་བྱིན་པ་དང། གང་གིས་ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ་ཞེས་རྒྱས་པ་དང་པོ་ནས་བརྩམས་ཏེ་ཐམས་ཅད་དུ་བརྗོད་པར་བྱ་སྟེ། ཐ་མ་ནས་བརྩམས་པ་འཆད་བར་འགྱུར་རོ། །གང་གིས་རྒྱུན་དུ ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་རྒྱུན་ཏུ་ཞུགས་པ་གཅིག་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ལན ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཅིག་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས ལན་ཅིག་གིས་ལན་ཅིག་ཕྱིར་འོང་བ་གཅིག་ལ་སྦྱིན་པ་བྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་ལན་ཅིག་ཕྱིར་འོང་བ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ལན་ཅིག་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་ཕྱིར་མི་འོང་བ་ཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ།། གང་གིས་ཕྱིར་མི་འོང་བ་བརྒྱ་ལ་སྦྱིན་པ་བྱིན་པ་བས། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་སྤྱན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་བ་འདི་འབྲས་བུ་ཆེའོ། །གང་གིས་དགྲ་བཅོམ་པའི་འབྲས བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་སྦྱིན་པ་བྱིན་བ་བས། གང་གི་དགྲ་བཅོམ་པ་གཅིག་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །གང་གིས་དགྲ་བཅོམ་པ་བརྒྱ་ལ་སྦྱིན་བ་བྱིན་པ་བས་གང་གི་ཕྱོགས་བཞིའི་དགེ་འདུན་ལ ཀུན་དགའ་ར་བ་འབུལ་ན་སྦྱིན་པ་དེ་བས་འདི་འབྲས་ཆེའོ། །གང་གིས་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རབ་ཏུ་གནས་པ་བྱེད་ན་སྦྱིན་པ་དེ་བས་འདི་འབྲས་བུ་ཆེའོ། །དེ་བས་ཀྱང་གང་གིས་གཙུག་ལག་ཁང་དེ་ཉིད་དུ་མ་ལ་ཆ་དང་སྟན འབུལ་བ་འདི་ལྟ་སྟེ། ཁྲི་དང་ཁྲེའུ་དང་སྟེགས་དང་སྟན་གྲུ་བཞི་སྦྱིན་པ་དང། དེ་བས་ཀྱང་གང་གིས་གཙུག་ལག་ཁང་དེ་ཉིད་དུ་དགེ་སློང་རྣམས་ལ་རྗེས་སུ་མཐུན་པའི་འཚོ་བ་རྟག་དུ་འབུལ་བ་དང། དེ་བས་ཀྱང་གང་གིས་སངས་རྒྱས་ལ སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་བཞི་ཡང་དག་པར་བླང་སྟེ་གནས་ན་སྦྱིན་པ་དེ་བས་འབྲས་བུ་ཆེའོ། །དེ་བས་ཀྱང་གང་གིས་བྱམས་པ་དང་ལྷན་ཅིག་བའི་སེམས་ཞེས་རྒྱས་པར་སྦྱར་ཏེ། ཁྱིམ བདག་གང་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་ཀྱི་བྲམ་ཟེ་རྣམས་ལ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་བྱིན་པ་དང། གང་གིས་ཕྱིའི་དྲང་སྲོང་འདོད་པ་དག་ལས་འདོད་ཆགས་དང་བྲལ་བ་བརྒྱ་ལ་སྦྱིན་པ་བྱིན་པ་དང། གང་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་པ་དང། གང་གིས་རྒྱུན་ཏུ་ཞུགས་པ་བརྒྱ་ལ་བྱིན་པ་དང། གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་བ་དང། གང་གིས་ལན་ཅིག་ཕྱིར་འོང་བ་བརྒྱ་ལ བྱིན་པ་དང། གང་གི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་པ་དང། གང་གིས་ལན་ཅིག་ཕྱིར་མི་འོང་བ་བརྒྱ་ལ་བྱིན་པ་དང། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ལ་བྱིན་པ་དང། གང་གིས་དགྲ་བཅོམ པ་བརྒྱ་ལ་བྱིན་པ་དང། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བ་དང། གང་གིས་དེ་ཉིད་དུ་གཙུག་ལ་ཁང་རབ་ཏུ་གནས་པར་བྱེད་པ་དང། གང་གིས་མལ་ཆ་དང་སྟན་འབུལ་བ་འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་སྟན་དང་སྟེགས་དང། སྟན་གྲུ་བཞི་དག་འབུལ་བ་དང། གང་གིས་གཙུག་ལག་ཁང་དེ་ཉིད་དུ་དགེ་སློང་རྣམས་ལ་རྗེས་སུ་མཐུན་པའི་འཚོ་བ་ནར་མ་འབུལ་བ་དང། གང་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་ཡང་དག བར་བླངས་ཏེ་གནས་པ་དང། གང་གིས་བྱམས་པ་དང་ལྷན་ཅིག་པའི་སེམས་ཁོ་ན་མེད་པ་གནོད་པ་མེད་པ། རྒྱ་ཆེ་བ་ཐམས་ཅད་དུ་ཁྱབ་པ། ཚད་མེད་པར་རྒྱས་བར་བྱེད་པ་བས། གང་གིས་འདུ་བྱེད་ཐམས་ཅད་མི་རྟག་པར་རྗེས་སུ་མཐོང་ཞིང་གནས་པ་དང། འབད་རྩོལ་དང་བཅས་བར་རྗེས་སུ་མཐོང་བ་དང། འདོད་ཆགས་དང་བྲལ་བར་རྗེས་སུ་མཐོང་བ་དང། འགོག་པ་རྗེས་སུ་མཐོང་བ་དང། སོ་སོར་ནུབ་པར་རྗེས་སུ་མཐོང་ཞིང་གནས་ན། ཁྱིམ་བདག་འདི་ལྟར་བསླབ་པར་བྱའོ། ཞེས་བཀའ་སྩལ་ཏོ།། །། འོན་ཀྱང་ལྷའི་བུ་འཆི་བའི་ཆོས་ཅན་དག་ལ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་གྱི་ལྷ་ཁ་དོག་དང་ལྡན་པ་བདེ་བ་མང་བ་གཞལ་ཡས་ཁང་མཐོ་བའི་ནང་དུ་ཡུན་རིང་དུ་གནས་པ་དག་འདོད་དམ། དགེ་སློང་དག་ཉི་མ དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བས་ཀྱང་སུམ་ཅུ་རྩ་གསུམ་གྱི་འོད་མི་ཤེས་ཏེ། འོན་ཀྱང་སུམ་ཅུ་རྩ་གསུམ་པ་རང་གི་འོང་དམ?་འོད་ཟེར་རམ་སྣང་བ་ཤེས་སོ། །ལྷའི་བུ་འཆི་བའི་ཆོས་ཅན་ལ་སྔོན་དུ་འཆི་བའི་ལྟས་རྣམ་པ་ལྔ་འབྱུང་བར འགྱུར་ཏེ། གོས་སར་བ་རྙིང་པར་འགྱུར་བ་དང། མེ་ཏོག་གི་ཕྲེང་བ་མ་རྙིང་པ་རྙིངས་པར་འགྱུར་བ་དང། ལུས་ལ་དྲི་མི་ཞིམ་བ་འབྱུང་བར་འགྱུར་བ་དང། མཆན་ཁུང་གཉིས་ལ་རྡུལ་འབྱུང་བ་དང། ལྷའི་བུ་འཆི་བའི་ཆོས་ཅན རང་གི་སྟན་ལ་མི་དགའ་བ་སྟེ། སུམ་ཅུ་རྩ་གསུམ་གྱི་ལྷས་དེ་དག་གིས་ལྟའི་བུ་དེ་འཆི་བའི་ཆོས་ཅན་ཡིན་ནོ་ཞེས་རིག་ནས་ལན་གསུམ་དུ་གསོལ་བ་འདེབས་པར་བྱེད་དེ། གྲོགས་པོ་བདེ་འགྲོར་སོང་ཅིག། བདེ་འགྲོར་སོང་ནས་རྙེད་བ་ལེགས པར་རྙེད་པར་གྱུར་ཅིག། རྙེད་པ་ལེགས་པར་རྙེད་ནས་སངས་རྒྱས་ཀྱི་བསྟན་པ་ལེགས་པར་གནས་པར་གྱུར་ཅིག་ཅེས་ལན་གསུམ་དུ་གསོལ་བ་འདེབས་པར་བྱེད་དོ། །དེ་ནས་དགེ་སློང་གཞན་ཞིག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཏེ། འདི་སྐད་གསོལ་ཏོ། །བཙུན་པ་ཇི་ཙམ་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདེ་འགྲོའི་འགྲོ་ཞེས་འགྲང་བ་གང་ཞིག་ལགས། ཇི་ཙམ་གྱིས་ན་ཐོབ་པར་བྱ་བ ལེགས་པར་ཐོབ་པའི་གྲངས་སུ་འགྲོ། ཇི་ཙམ་གྱིས་ན་ལེགས་པར་གནས་པའི་གྲངས་སུ་འགྲོ། དགེ་སློང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདེ་འགྲོའི་འགྲོ་བ་ནི་མིའོ། །གང་མིར་གྱུར་ནས་དེ་བཞིན་གཤེགས་པས་མཁྱེན་ཅིང་ཆོས འདུལ་བ་ལ་དད་པ་ཐོབ་པ་ནི་ལྷ་རྣམས་ཀྱི་རྙེད་པ་ལེགས་པར་རྙེད་པ་ཞེས་བྱ་བའི་གྲགས་སུ་འགྲོའོ། །དེ་དང་པ་རྒྱས་ཤིན་རྩ་བ་སྐྱེས་ཤིང་གནས་པ་དང་དགེ་སྦྱོང?་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པར་བཅས་པའི་འཇིག་རྟེན གྱིས་མི་འཕྲོགས་པ་ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལེགས་པར་གནས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དགེ་སློང་དག་འོན་ཀྱང་མི་རྣམས་ནི་ཚེ་ཐུང་ཞིང་ལྷ་རྣམས་ནི་ཚེ་རིང་བ་སྟེ། མི་རྣམས་ཀྱི་ལོ་བརྒྱ གང་ཡིན་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཡིན་ཞིང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་ཏེ། ལྷའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །གང་གི་ཚེ་ལྷའི བུ་གཞན་ཞིག་ལྷའི་འཁོར་མང་པོ་དང་ཚོགས་ཤིང་འདུག་པ་ན། གང་ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་ཞིག་གནས་དེ་ནས་ལྟུང་ཞིང་འཆི་འཕོ་སྟེ། མི་རྣམས་དང་སྐལ་བ་མཉམ་པར་འོངས་ཏེ། ཆེར་སྐྱེས་ཤིང་དབང་པོ་ཡོངས་སུ་སྨིན་ཏེ། ལུས་ཀྱི ལེགས་པ་སྤྱད་པ་ལེགས་པར་སྤྱད། ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་ལེགས་པར་སྤྱད་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམ་ཀྱི་ནང་དུ་སྐྱེ་སྟེ། དགེ་སློང་ལྷའི་བུ་རང་གནས་སྟོང་པ་དེར་སླར་སྐྱེས་ཀྱི་བར་དུ་ལྷའི་འཁོར་དེ་སྟན་ལས་ལྡང བར་མི་འགྱུར་ཏེ། རྣམ་པར་རྟོག་པ་འདི་ལྟ་བུས་མི་རྣམས་ནི་ཚེ་ཐུང་ཞིང་ལྷ་རྣམས་ནི་ཚེ་རིང་བ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་གི་ཚེ་ཟད་ལྷ་རྣམས་ནི། །ལྷ་ཡི་རིགས་ནས་འཆི་འཕོ་ཚེ། །གྲོགས་པོ་བདེ་འགྲོ་མི་རྣམས་དང། །སྐལ མཉམ་ཉིད་དུ་ཁྱོད་སོང་ཞིག་། མིར་གྱུར་དེ་བཞིན་གཤེགས་པ་ལ། །རྟོགས་ཤིང་དད་པ་རྙེད་གྱུར་ཅིག། དད་པ་དེ་ཡང་གཏན་དུ་དང། །རྩ་བ་སྐྱེ་ཞིང་གནས་པ་དང། །ཇི་སྲིད་འཚོ་བར་མི་འཕྲོགས་དང། །དམ་པའི་ཆོས་རབ་རིག་པ་དང། །ལུས་ཀྱི་ཉེས་པར་སྤྱད སྤངས་ཤིང། །དག་གི་ཉེས་སྤྲད་སྤོང་བ་དང། །ཡིད་ཀྱི་ཉེས་སྤྱད་སྤངས་པ་དང། །ཚད་མེད་ཁྱད་པར་འཕགས་པའོ། །ལུས་ཀྱིས་དགེ་བ་བྱེད་པ་དང། །དག་གིས་དགེ་བ་བྱེད་པ་དང། །ཡིད་ཀྱི་དགེ་བ་བྱེད་པ་དང། །གཞན་ཡང་ས་སྟེང་དམ་པའི་ཆོས། །ཆངས པར་སྤྱོད་པ་བསྟེན་གྱུར་ཅེས། །ལན་གསུམ་བར་དུ་ལྷ་རྣམས་ཀྱིས་ལྷ་ལ་གསོལ་བ་འདེབས་པར་བྱེད། །མི་རྣམས་ནས་མི་འཆི་འཕོ་སྟེ། །སླར་ཡང་ཇི་ལྟར་སྔ་མ་བཞིན་ཞེས་བཀའ་སྩལ་ཏོ། །མདོ་ལས་འཁྲུལ་པ་ཅན་གྱིས་ལྟས་བསྟན་པ་ནི འདིར་མ་བསྡུས་སོ། ། །།ཕུང་པོ་གསུམ་ཞེས་བྱ་བ་ལ། ཚོགས་གསུམ་པ་ལས་དྲུག་པོ་ཡོན?་པོ་དང་སྐྱོན་དང་སྙིགས་མ་ཞེས་སྡོམ་གྱི་ཚིགས་སུ་བཅད་པ་ལམ་འདི་ལྟར་འདོན་ཏེ། ཡང་དག པ་ཉིད་དུ་ངེས་པ་གང་ཞེ་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ལོག་པ་ཉིད་དང། །ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱའོ། །ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། དམྱལ་བ་དང། ཡི་དགས་དང། དུད་འགྲོ་སྟེ་ངན་མོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། ལོག་པའི ལྟ་བ་དང། ལོག་པའི་རྟོག་པ་དང། ལོག་པའི་ལས་ཀྱིས་མཛའ་དང། ལོག་པའི་འཚོ་བ་དང། ལོག་པའི་རྩོལ་བ་དང། ལོག་པའི་དྲན་པ་དང། ལོག་པའི་ཏིང་ངེ་འཛིན་དང། ཡང་དག་པ་ཉིད་གང་ཞེ་ན། གང་འདོད་ཆགས་གཏན སྤངས་པ་དང། ཞེ་སྡང་གཏན་སྤངས་པ་དང། གཏི་མུག་གཏན་སྤངས་པ་དང། ཉོན་མོངས་པ་དང་བཅས་པ་སྤངས་པའོ། །ཡང་དག་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟ་སྟེ། ཡང དག་པའི་ལྟ་བ་ནས། ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུའོ། །དགེ་སློང་དག་ལོག་པ་ཉིད་དང་ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཞིང། ཡང་དག་པ་ཉིད་དང། ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱའོ་ཞེས ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །དགེ་སློང་དག་ལོག་པ་ཉིད་དང་ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཞིང་ཡང་དག་པ་ཉིད་དང། ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་སྟེ། དེ་ལེགས པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། དམྱལ་བ་དང། ཡི་དགས་དང། དུད་འགྲོ་རྣམས་ཀྱི་ངན་འགྲོ་རྣམས་སོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། མི་དགེ་བ་བཅུའི་ལས་ཀྱི་ལས་རྣམས་ཏེ། སྲོག་གཅོད་པ་དང། མ་བྱིན?་པར ལེན་པ་དང། འདོད་པས་ལོག་པར་སྤྱོད་པ་དང། རྫུན་དུ་སྨྲ་བ་དང། ཕྲ་མ་དང་ཚིག་རྩུབ་མོ་དང་ཚིག་ཀྱལ་པ་དང། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་བ་རྣམས་སོ། །ཡང་དག་པ་ཉིད་གང་ཞེ་ན། གང་འདོད་ཆགས་གཏན?་སྤངས་པ་དང། ཞེ་སྡང གཏན་སྤངས་པ་དང། གཏི་མུག་གཏན་སྤངས་པ་དང། ཉོན་མོངས་པ་ཐམས་ཅད་སྤང་པའོ། །ཡང་དག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང། ཡང་དགེ་བའི་རྟོག་པ་དང། ཡང་དག པའི་དག་དང། ཡང་དག་པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཞེས་ངས་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །དགེ་སློང་དག་ལོག་པ་ཉིད་དང་ལོག་པ་ཉིད་དུ འགྲོ་བའི་ལམ་བསྟན་པར་བྱ་ཞིང་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། མཚམས་མེད་པའི་ལས་རྣམས་ཏེ། འདི་ལྟ་སྟེ། མ་གསོད་པ དང། ཕ་གསོད་པ་དང། དགྲ་བཅོམ་པ་གསོད་པ་དང། དགེ་འདུན་གྱི་དབྱེན་བྱེད་པ་དང། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། ལོག་པའི་ལྟ་བ་ནས། ལོག་པའི་ཏིང་ངེ་འཛིན་གྱི་བར་དུའོ།། ཡང་དག་ཉིད་གང་ཞེ་ན། འདོད་ཆགས་གཏན་སྤངས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ཡང་དག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན་སྔ་མ་བཞིན་ནོ། །དགེ་སློང་དང། ལོག་པ་ཉིད་དང་ལོག་པ་ཉིད་དུ་འགྲོ་བའི་བསྟན་པར་བྱ་ཞིང། ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ འགྲོ་བའི་ལམ་བསྟན་པར་བྱ་ཡིས། ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། མཚམས་མེད་པ་ལྔའི་ལས་རྣམས་ཏེ། སྔ་མ་བཞིན་ནོ། །ལོག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། སྲོག་གཅོད པ་ནས་ལོག་པར་ལྟ་བའི་བར་དུའོ། །ཡང་དག་ཉིད་གང་ཞེ་ན། གང་འདོད་ཆགས་གཏན་སྤངས་པ་ལ་སོགས་པ་སྔ་མ་བཞིན་ནོ། །ཡང་དག་པ་ཉིད་དུ་འགྲོ་བའི་ལམ་གང་ཞེ་ན། སྔ་མ་བཞིན་ནོ། །དགེ་སློང་དག་ལོག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཞིང ཡང་དག་པ་ཉིད་དང་ཡང་དག་པ་ཉིད་དུ་འགྲོ་བའི་ལམ་བསྟན་པར་བྱ་ཡིས་དེ་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ་ཞེས་ངས་ཇི་སྐད་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་གསུངས་སོ། །དེ་ལྟར་དེ་དག་དམྱལ་བ་ནི་བརྒྱད་ཅེས བྱ་བ་ནི་འཇིག་རྟེན་བསྟན་པའི་མཛོད་ཀྱི་གནས་ཀྱི་གོང་དུ་བྲིས་པ་བཞིན་བལྟ་བར་བྱའོ། །ཡི་དགས་ཀྱི་རྟོགས་པ་བརྗོད་པ་ཞེས་བྱ་བ་ལ། ཕྲན་ཚེགས་ཀྱི་སྡེ་སྣོད་ལས་ཉན་ཐོས་ཀྱི་རྣམ་པར་བཤད་པ་བརྒྱ་པ་ལས་འདོན་པ་བཞི་སྟེ། ཉན་ཐོས་ཀྱི་རྣམ་པར་བཤད པ་ལས་འདི་ཉུང་པ་བས་ཆེས་གཞུང་ཉུང་བར་བཏུས་པ་སྟེ། སྡོམ་ནི། གཞལ་ཡས་ཁང་དང་རུས་ཕྲེང་དང། །འཕགས་མེད་རྣ་འཕྱང་ཤ་དུམ་དང། །ཁམ་དང་མདའ་དང་མདུང་དང་ནི། །ཕག་མིག་བུམ་པ་ལྔ་པ་ཡིན། །གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ ཚེ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང། ཚེ་དང་ལྡན་པ་ལེགས་པ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་གནས་སོ། །དེ་ནས་ཚེ་དང་ལྡན་པ་ལེགས་པ་ནང་པར་ལངས་ཏེ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་གང་ན་བ་དེར་ཉེ་བར་སོང སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོའི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ལེགས་པས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས སྨྲས་སོ། །བཙུན་པ་མོའུ་དགལ་གྱི་བུ་ཆེན་པོ་བྱ་རྒོད་ཕུང་པོའི་རི་ལས་བབས་ཏེ་བདག་ཅག་རྒྱལ་པོའི་ཁབས་སུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བའི་དུས་ལ་བབ་པོ། །དེའི་ཚེ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་ལེགས་པ་ལ་ཅང་མི་སྨྲ་བས ཁས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང་ཚེ་དང་ལྡན་པ་ལེགས་པ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། བྱ་རྒོད་ཕུང་པོའི་རི་ལས་བབས་ཏེ་རྒྱལ་པོའི་ཁབ་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི བུ་ཆེན་པོས་ཕྱོགས་གཞན་ཞིག་ན་འཛུམ་ཞིང་འདུག་གོ་། ཚེ་དང་ལྡན་པ་ལེགས་པས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་འཛུམ་པ་མཐོང་ངོ། །མཐོང་ནས་སྨྲས་པ། དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར འཛུམ་པ་མི་མཛད་ན། འཕགས་པ་མཽངྒལ་གྱི་བུ་ཆེན་པོ་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། ཚེ་དང་ལྡན་པ་ལེགས་པ་དྲི་བ་ལུང་བསྟན་པའི་དུས་ལ་འབབ?་ཀྱིས་རྒྱལ་པོའི་ཁབ་དུ་བསོད་སྙོམས་སྤྱད་ནས་སྟོན་པའི་མདུན་དུ་དྲིས ཏེ། དེ་ནས་དྲིས་པ་ལུང་བསྟན་ལ་འཆད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དང་ཚེ་དང་ལྡན་པ་ལེགས་པ་རྒྱལ་པོའི་ཁབ་དུ་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས། ཟོས་པའི་འོག་ཏུ་ལྷུང་བཟེད་གྱུ་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་གདན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ལེགས་པས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས སྨྲས་སོ། །བཙུན་པ་མཽངྒལ་གྱི་བུ་ཆེན་པོས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། ཚེ་དང་ལྡན་པ་ལེགས་པ་བདག་གིས་སེམས་ཅན་གཞལ་ཡས་ཁང་ལྟ་བུ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་དང། དྲག་ཅིག ཚ་ལ་རྩུབ་པའི་ཚོར་བ་སྡུག་བསྔལ་ཉམས་སུ་མྱོང་བ་ཞིག་མཐོང་ནས། བདག་འདི་སྙམ་དུ་འདི་ལྟ་བུའི་སེམས་ཅན། འདི་ལྟ་བུའི་བདག་ཉིད་ཀྱི་དངོས་པོ་ཐོབ་པས་འདི་ལྟ་བུའི་དྲག་ཅིང་ཚ་ལ་རྩུབ་པའི་སྡུག་བསྔལ་མྱོང་ངོ་སྙམ་མོ? དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་པའི་ཉན་ཐོས་མིག་དང་ལྡན་པར་གྱུར་པ་ཤེས་པར་གྱུར་པ། ཆོས་ཅན་དུ་གྱུར་ཅིང་གནས་པ་ལེགས་སོ་ལེགས་སོ། ང་ཡི་ཉན་ཐོས་འདི་ལྟ་བུའི་ཤེས་པ་དང་མཐོང་བར་འགྱུར པའི་གནས་ཡོད་དོ། །དགེ་སློང་དག་ངས་ཀྱང་འདི་ལྟ་བུའི་སེམས་ཅན་གཟིགས་མོད་ཀྱི་སུ་ལ་ཡང་མ་གསུངས་ཏེ། ཁ་ཅིག་ངས་བཤད་པ་ལ་མ་དད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁ་ཅིག་དེ་བཞིན་གཤེགས་པས་བཤད་པ་ལ་མ་དད་ན་སྐྱེས་བུ་རྨོངས བ་དེ་ཡུན་རིང་པོར་དོན་མ་ཡིན་པ་དང་མི་ཕན་པ་དང་སྡུག་བསྔལ་བར་འགྱུར་རོ། །དགེ་སློང་དག་སྔོན་བྱུང་བ་སེམས་ཅན་འདི་རྒྱལ་པོའི་ཁབ་ཏུ་གཤེད་མའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ལོ་བརྒྱ་ཕྲག་མང་པོ་དང། ལོ་སྟོང་ཕྲག མང་པོ་དང། ལོ་བརྒྱ་སྟོང་ཕྲག་མང་པོར་བཙོས་སོ། །ལས་དེ་ཉིད་ཀྱིས་ལྷག་མས་འདི་ལྟ་བུའི་སེམས་ཅན། འདི་ལྟ་བུའི་གནོད་སྦྱིན་འདི་ལྟ་བུའི་བདག་ཉིད་ཀྱི་དངོས་པོ་ཐོབ་སྟེ། འདི་ལྟ་བུའི་དྲག་ཅིང་ཚ་ལ་རྩུབ་པའི་སྡུག་བསྔལ་གྱི་ཚོར་བ་ཉམས སུ་མྱོང་ངོ། །དགེ་སློང་དག་དགེ་སློང་མཽངྒལ་གྱི་བུས་ལུང་བསྟན་པ་ནི་དེ་ཁོ་ན་ལྟར་ཏེ་གཞན་དུ་མ་ཡིན་ནོ་ཞེས་གཟུང་བར་བྱའོ། །གླེང་གཞི་དེ་ཉིད་ཀྱི་ལས་བྱས་ནས་བཤད་པའི་བར་དུ་སྟེ། ཚེ་དང་ལྡན་པ་ལེགས་པ་བདག་གིས་སེམས་ཅན་ཀེང རུས་ཀྱི་ཕྲད་པ་ཤ་དང་ཁྲག་དང་པགས་པ་དང་བྲལ་བ་མི་གཙང་ཞིང་དྲི་ང་ལ་རྩ་རྒྱུས་ཀྱིས་དཀྲིས་པའི་དྲི་མི་ཞིམ་པ། བྱ་རོག་གིས་ཟ་བ་ལོགས་དག་ན་བྱ་རོག་དང་ཀུན་ཏུ་རྒྱུ་བ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ དྲག་ཅིང་ཚ་ལ་རྩུབ་པའི་ཚོར་བ་སྡུག་བསྔལ་བ་ཉམས་སུ་མྱོང་བ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་དུ་གཤེད་མ་པའི་སྐྱེས་བུའི་ཁོལ་བོར་སྐྱེས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ལོ་མང་པོ་དང་ལོ་བརྒྱ་ཕྲག མང་པོར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་པགས་པ་མེད་པ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་དག་མཐོང་སྟེ་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་ཅན འདི་སྔོན་རྒྱལ་པོའི་ཁབ་དུ་བཤན་པའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པ་ལོ་མང་པོར་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཤའི་དུམ་བུ་ནམ་མཁའ་ལ་འགྲོ་བ་སློང་བའི སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཏུ་མངལ་རླུགས་པར་བྱེད་པའི་བུད་མེད་དུ་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པ་ཞེས་བྱ་བ་ནས། གཟུང་བར་བྱ་བའི་བར་དུའོ། །མངལ་རླུགས བར་བྱེད་པ་ཇི་ལྟ་བ་བཞིན་དུ་རླུགས་པར་བྱེད་དུ་འཇུག་པ་ཡང་དེ་དང་འདྲའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁབ་ཀྱི་བ་སྤུ་ཅན་ཁབ་འབར་ཞིང། རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཛུག་པ་ནམ་མཁའ་ ལ་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་དུ་གླང་པོ་ཆེ་འདུལ་བའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་ལས་ཀྱི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་བཟུང བར་བྱའོ་ཞེས་བྱ་བའི་བར་དུའོ། །གླང་པོ་ཆེ་འདུལ་བ་ཇི་ལྟ་བ་བཞིན་དུ་རྟ་འདུལ་བ་དང། བ་ལང་འདུལ་བ་དང། གནོད་པར་བྱེད་པ་ཡང་དེ་དང་འདྲའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་མདའི་བ་སྤུ་ཅན། མདའའབར་ཞིང་རབ་ཏུ འབར་ལ་འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཛུག་པ་ནམ་མཁའ་ལ་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས། དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་འདི་ཉིད་དུ རི་དགས་འཚོར་བར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པ་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངེས་སེམས་ཅན་མདུང་གི་བ་སྤུ་ཅན་མདུང་འབར་ཞིང་རབ་ཏུ་འབར་ལ་མེ་འབར་བ་གཅིག་ཏུ་གྱུར་པ་ལུས ལས་འབྱུང་ཞིང་འཛུག་པ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་ཅན་འདི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་རྔོན་པའི་ཁོལ་བོར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་འཕགས་པའི་མིག་ཅན་ཁ་དང་སྣ་གྱེན་དུ་བལྟས་པ་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་གཤེད་མར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པར་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །གཤེད་མ་ཇི་ལྟ་བ་བཞིན་དུ་སྐྲ་འཛིན་པ་ཡང་དེ་བཞིན་ནོ།། ཚེ་དང་ལྡན་པ་ལེགས་པ་ངེས་སེམས་ཅན་བུམ་པ་ཙམ་བུམ་པའི་སྟེང་ན་འདུག་པ་འགྲོ་བ་ན་ཁུར་བ་ནམ་མཁའ་ལ་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་དག་ཅེས་བྱ་བ་ནས། རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ པོའི་ཁབ་ཀྱི་གྲོང་ཁྱེར་དུ་སྒྱུ་བྱེད་པའི་སྐྱེས་བུར་གྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པ་ཞེས་བྱ་བ་ནས། གཟུང་བར་བྱའོ། །ཞེས་བྱ་བའི་བར་དུའོ། །ཁུར་པ་ལ་སྒྱུ་བྱེད་པ་ཇི་ལྟ་བ་བཞིན་དུ་སྲེད་ལ་སྒྱུ་བྱེད་པ་དང། གཞལ་བ་ལ་སྒྱུ་བྱེད་པ བགྲང་བ་ལ་སྒྱུ་བྱེད་པ་ཡང་དེ་བཞིན་ནོ། །སྡོམ་ནི་འབར་དང་གཡོ་དང་རླུང་དང་ནི། །འབྲོགས་དང་རྡུལ་དང་ཚིག་པ་དང། །མི་གཙང་བུམ་པ་བུམ་བདུན་དང། །ལྕེ་དང་ཤིང་འདྲ་ལ་སོགས་པའི། །ཚོགས་དག་ཐ་མ་ཉིད་དག་དུའོ། །སྡེ་ཚན་སྡོམ་དུ བསྡེབས་པ་ཡིན། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཛུག་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཉེ་བར་འགྱུར་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཉ་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་ཡང་དེ་བཞིན་ནོ། །ཚེ་དང་ལྡན་པ ལེགས་པ་ངེས་སེམས་ཅན་ལྕགས་ཀྱི་རང་བཞིན་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་ལ་ནམ་མཁའ་ལ་འཁྱམས་ཤིང། ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ལྟས་མཁན་གྱི་བུད་མེད་དུ་གྱུར་ཏེ། མི་བདེན་པའི་སྒྱུས་སྐྱེ་པོ་མང་པོ་བསླུས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས པ་ངེས་སེམས་ཅན་རླུང་གི་དཀྱིལ་འཁོར་ལྟར་འཁྱམས་ཤིང། ནམ་མཁའ་ལ་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ལྟས་མཁན་དུ་གྱུར་ཏེ དེ་མི་བདེན་པའི་སྒྱུས་སྐྱེ་བོ་མང་པོ་བསླུས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་འདྲེགས་ཤིང་འདྲོགས་པ་ལྟ་བུ། ཡིད་ཆད་ཅིང་ཡིད ཆད་པ་ལྟ་བུ། སྐྱེ་བོ་བསེད་བསེད་པོ། མགོ་གཏུམས་པ་ལྟ་བུ། ཙོག་ཙོག་པོར་འདུག་ནས་ནམ་མཁའ་ལ་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་བྱེ་བྱེད་པར་གྱུར་ལ་དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །བྱི་བ་བ་ལྟར་བུད་མེད་སླུ་བ་ཡང་དེ་བཞིན་ནོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་རྡུལ་ཅིང མྱགས་ལ་མི་གཙང་བ་དྲི་ངན་ཅིང་དྲི་མི་ཞིམ་པ་ནམ་མཁའ་ལས་གྱེན་དུ་འགྲོ་ཞིང་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་བ་ར་ཎཱ་སེའི་གྲོང་ཁྱེར་དུ་བུད་མེད་གཟུགས་འཚོང་མར གྱུར་ལ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་ཚུལ་མ་ཡིན་པས་སྤྱན་དྲངས་པ་དང། དེས་ཁས་མ་བླངས་ནས། དེ་མི་དགའ་ཞིང་ཁྲོས་ནས་རོ་རུལ་བསྐོལ་བའི་ཆུས་གཏོར་རོ། །དེ་ལས་དེའི་རྣམ་པར་སྨིན་པར ཞེས་བྱ་བ་ནས་འདི་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལུས་ཀྱི་སྟོང་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པས་ངེས་འཇོམས་ཤིང་ནམ་མཁའ་གྱེན་དུ་འགྲོ་ཞིང སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་བ་ར་ཎཱ་སེའི་གྲོང་ཁྱེར་དུ་རྒྱལ་པོ་ཀྲི་ཀིའི་བཙུན་མོ་དམ་པར་གྱུར་ལ། དེ་བུད་མེད་རྣམས་དང་ལྷན་ཅིག་རྒྱལ་པོ་ཀྲི་ཀིའི་གནས་ས་རྟོགས པར་བྱེད་པ་ན། དེ་ཡིད་མི་དགའ་བས་རབ་ཏུ་འབར་བའི་ཏིལ་དེ་ལ་གཏོར་རོ། །དེ་ལས་དེ་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་བཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་མི་གཙང་བའི ནང་དུ་ནུབ་པ་མདུན་དང་རྒྱབ་དང་ལེགས་སུ་མི་གཙང་བས་བསྐོར་བ། ཟས་སུ་མི་གཙང་བ་ཟབ་སློང་བའི་སྨྲེ་སྔགས་སོ་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་བ་ར་ཎཱ་སེའི་གྲོང་ཁྱེར་དུ་རྒྱལ་པོ་ཀྲི་ཀིའི་བྲམ་ཟེ་མདུན ན་འདོན་དུ་གྱུར་ལ། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་ཉན་ཐོས་ཟས་ཀྱིས་ཕྱིར་སྤྱན་དྲངས་ཏེ། མི་གཙང་བས་བཀང་བའི་གཞོད་པ་སྟེང་དུ་ཟས་ཀྱིས་གཡོགས་ཏེ། ཇི་སྲིད་དུ་དུས་ཀྱི་མཐར་ཁ་ཅིག་གིས་སྒྱུར་བར འགྱུར་བ་དང། གཞན་མི་རྙེད་པར་གྱུར་ཅིག་ཅེས་ཕྱི་ནས་འདི་སྐད་ཅེས་འཕགས་པ་དག་ཞལ་ཟས་བཟང་པོ་འདི་དག་གསོལ་ཅིག་ལོངས་སྤྱོད་ཅེས་སྨྲས་སོ། །དེའི་ཚེ་དགེ་སློང་གི་དགེ་འདུན་ཕལ་ཆེར་ཟན་བཅད་པར་གྱུར་ཏེ། དེ་ལས་དེའི་རྣམ པར་སྨིན་པས་ཞེས་བྱ་བ་ནས། སྔ་མ་བཞིན་དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་གྱི་བུམ་པ་ལྟ་བུ་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པས་རྣམ པར་གྲོལ་བ་ལྕགས་བཀོལ་བས་སྟེང་དུ་ལྡུགས་པར་བྱེད་པས། ནམ་མཁའ་ལ་གྱེན་དུ་འགྲོ་པ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད སྲུངས་ཀྱི་གསུང་རབ་ལ་དགེ་སློང་གཞི་བ་པར་གྱུར་ལ། དེའི་དུས་ན་དགེ་སློང་གི་དགེ་འདུན་ལ་ཐུན་མོང་དུ་ཏིལ་མར་གྱི་བུམ་པ་དག་རྙེད་པ་ལས་དགེ་སློང་འགྲོན་པོ་གློ་བུར་དུ་འོངས་པ་དང། དེ་ལ་སེམས་བསྐྱེད་པ་ཇི་སྲིད་དུ་དགེ་སློང་གློ་བུར་དུ་འོངས པ་འདི་མ་སོང་གི་བར་དུ་འགེད་པར་མི་བྱའོ་ཞེས་དེས་དེ་ལྟར་བྱས་པ་དང། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཞེས་བྱ་བ་ནས་དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ ཅན་ལྕགས་ཀྱི་གོང་བུ་བདུན་ལྟར་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ལུས་ལས་འབྱུང་ཞིང་འཇུག་པ་དང། ནམ་མཁའ་ལས་གྱེན་དུ་འགྲོ་ཞིང་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས པར་དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་ཚུལ་དུ་གྱུར་ལ། དེའི་དུས་ན་དགེ་འདུན་ལ་འཛམ་བུའི་འབྲས་བུ་བདུན་རྙེད་པ་ལས་དེས་སྒྱུའི་སེམས་ཀྱིས་བདག་གིར བྱས་པ་ལས། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱིས་རང་བཞིན་གྱི་སྟེའུ་ལྟ་བུ་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག ཏུ་གྱུར་བས་ལྕེ་འཇོམས་ཤིང་ནམ་མཁའ་ལས་གྱེན་དུ་འགྲོ་བ་སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་ཚུལ་དུ་གྱུར ཏེ། དགེ་འདུན་གྱི་བུ་རམ་འབགས་པའི་སྟེའུ་རྐུ་བའི་སེམས་ཀྱི་ལྕེས་བལྡགས་སོ། །དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱིས་འཁོར ལོ་ལྟ་བུ་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་འབར་ཞིང་མེ་ལྕེ་གཅིག་དུ་གྱུར་པས་མཆན་ཁུང་གཉིས་ནས་འཁོར་ལོ་འཁོར་ཞིང་ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར་དགེ་སློང དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་ཚུལ་དུ་གྱུར་ཏེ། དེའི་དུས་ན་དགེ་འདུན་ལ་སྦྲང་རྩིའི་ཁ་ཟས་ཀྱི་རྙེད་པ་བྱུང་བ་ལས། དེས་རྐུ་བའི་སེམས་ཀྱིས་སྦྲང་རྩིའི་བུམ་པ་མཆན ཁུང་དུ་བཅུག་པ་དང། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་སྣམ་བུ་གོན་པ་ལྕགས་ཀྱི་སྣམ་བུས་གཡོགས་པ་ལྕགས་ཀྱི་སྟན ལ་འདུག་པ། ལྕགས་ཀྱི་གོང་བུ་འབར་ཞིང་རབ་ཏུ་འབར་ལ་འབར་བ་གཅིག་ཏུ་གྱུར་པ་ཟས་སུ་ཟ་བ། ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་དམ་བཞག་པར་གྱུར་ལ། དེས་དགེ་འདུན་གྱི་མིང་དོན་དུ་གཉེར་ནས་དགེ་འདུན་གྱི་ལྷག་མ་རང་ཉིད་ཀྱིས་བདག་གིར་བྱས་ཏེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་ཇི་ལྟ་བ་བཞིན་དུ་དགེ་སློང་མ་དང། དགེ་ཚུལ་དང། དགེ་ཚུལ་མ་ཡང་དེ་བཞིན་ནོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ལྕགས་ཀྱི་རང་བཞིན་གྱི་ཤིང་རྟ་འཚོས་པར་བྱེད་པ་ན་ལུས ཀྱི་རྟིང་པ་ནས་ལུས་ཀྱི་ལྟག་པའི་བར་དུ་འགྲོ་བར་བྱེད་ཅིང། ལྕགས་ཀྱི་རང་བཞིན་གྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ་འབར་བ་ཅིག་ཏུ་གྱུར་པའི་ལམ་གྱིས་འཇོམས་ཤིང་རབ་ཏུ་འཇོམ་ལ་ནམ་མཁའ་ལས་སྟེང་དུ་འགྲོ་བ་སློང་བའི སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་ཤིང་རྟས་འཚོ་བ་བར་གྱུར་ལ་དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། དེ་ལྟར་གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁའི་ལྕེ་བཏོན་ཏེ་ལྕགས་ཀྱི་རང་བཞིན་གྱི་ཕུར་པ་བརྒྱས་བཏབ་སྟེ་སེམས་ཅན་དེའི་ལྕེ་ལ་ལྕགས་ཀྱི་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་རབ་ཏུ་ཁྱབ་པར་གྱུར་ཏེ། འདི་ལྟ་སྟེ། ཁྱུ་མཆོག་གི་པགས་པ ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་ཁྱབ་པ་དེ་བཞིན་དུ་སེམས་ཅན་དེའི་ལྕེ་ལྕགས་ཀྱི་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་ཁྱབ་པར་གྱུར་བ་ནམ་མཁའ་ལས་སྟེང་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས། རྒྱས་པར དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་གཞི་པ་པར་གྱུར་ཏེ། དེ་དགེ་སློང་འོངས་པ་དག་སྐྲོད་པར་བྱེད་དེ་ཚེ་དང་ལྡན་པ་དག་འདི་ན་འདུག་གནས་དང་བཟའ་བ་དང་བཏུང་བ་དང་འབྲས བུ་དག་མེད་ཀྱིས་གནས་གཞན་གང་ན་བཟའ་བ་དང་བཏུང་བ་རྙེད་པ་དེར་སོང་སྟེ་གནས་པར་གྱིས་ཤིག་། འདི་ན་ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་སྟན་དང་ན་བའི་རྐྱེན་སྨན་གྱི་ཡོ་བྱད་རྣམས་མེད་དོ་ཞེས་སྐྲོད་པར་བྱེད་དེ། དེར་དགེ་སློང་མ་འོངས བ་དག་མི་འོང་ཞིང་འོངས་པ་དག་འགྲོ་བར་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས་བྱ་བའི་བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁའི་ལྕེ་བཏོན་ཏེ། ལྕགས་ཀྱི་རང་བཞིན་གྱི་ཕུར་པ་བཏབ་སྟེ། སེམས་ཅན་དེའི་ལྕེ་ལ་ལྕགས་ཀྱི་རང་བཞིན་གྱི་ཕུར་བ་བརྒྱས་ཁྱབ་ཅིང་རྒྱས་པར་རབ་ཏུ་ཁྱབ་པར་གྱུར་ཏེ། འདི་ལྟ་སྟེ། ཁྱུ་མཆོག་གི་པགས་པ་ཕུར་པ་བརྒྱས་ཁྱབ་ཅིང་བརྒྱས་ཁྱབ་པ་དེ་བཞིན་དུ་སེམས་ཅན་དེའི་ལྕེ་ལ་ཡང་ལྕགས་ཀྱི་ཕུར་པ་བརྒྱས ཁྱབ་ཅིང་རྒྱས་པར་གྱུར་པར། ནམ་མཁའ་ལས་གྱེན་དུ་འགྲོ་བ། སློང་བའི་སྨྲེ་སྔགས་འདོན་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་གཉུང་མར་གནས པར་གྱུར་ལ། དེ་དགེ་སློང་འོངས་པ་དག་ལ་མགོ་རེག་གིས་རྡུལ་ཞེས་སྐྲོད་པར་བྱེད་དེ། དེར་དགེ་སློང་མ་འོངས་པ་མི་འོང་ལ་འོངས་པ་འགྲོ་བར་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས་དེ་ལྟར་གཟུང་བར་བྱའོ། །ཞེས་བྱ་བའི བར་དུའོ། །ཚེ་དང་ལྡན་པ་ལེགས་པ་ངས་སེམས་ཅན་ཁའི་ལྕེ་བཏོན་ཏེ་ལྕགས་ཀྱི་རང་བཞིན་གྱི་ཕུར་བ་བརྒྱས་བཏབ་སྟེ། སེམས་ཅན་དེའི་ལྕེ་ལ་ལྕགས་ཀྱི་ཕུར་པ་བརྒྱས་ཁྱབ་ཅིང་རྒྱས་པར་གྱུར་ཏེ། འདི་ལྟ་སྟེ། ཁྱུ་མཆོག་གི་པགས་པ་ཕུར་པ་བརྒྱས་ཁྱབ ཅིང་རྒྱས་པར་རབ་ཏུ་ཁྱབ་པ་དེ་བཞིན་དུ་སེམས་ཅན་དེའི་ལུས་ལ་ལྕགས་ཀྱི་ཕུར་པ་ཞེས་བྱ་བ་ནས་རྒྱས་པར། དགེ་སློང་དག་སེམས་ཅན་འདི་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་དགེ་སློང་དབང་བྱེད་པར་གྱུར་ཏེ། དེ་དགེ་འདུན ལ་མི་མཐུན་པའི་རྒྱུ་བྱེད་དེ། དེས་དགེ་འདུན་ཀུ་ཙི་དང་བཅས་པ་དང། སྨྲ་བ་དང་བཅས་པ་དང། རྩོད་པ་ཉེ་བར་འཛིན་པས་དེར་དགེ་སློང་མ་འོངས་པ་མི་འོང་ཞིང་འོངས་པ་དག་ཀྱང་འགྲོ་སྟེ། དེ་ལས་དེའི་རྣམ་པར་སྨིན་པས་ཞེས་བྱ་བ་ནས། གཟུང་བར་བྱའོ་ཞེས བྱ་བའི་བར་དུའོ་ཞེས་གསུངས་སོ། །ཤིང་ལས་མི་འདའ་བ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་བྱ་བ་ལ། གང་ལས་བཤད་ཅེ་ན། ཡོངས་འདུའི་མདོ་ལས་ཏེ། ལུང་བར་མའི་བདུན་པའི་བཞི་པ་འཇིག་རྟེན་བཏགས་པ་ལས་འདི་ལྟར་འདོན་ཏེ། སུམ་ཅུ རྩ་གསུམ་གྱི་ལྷ་རྣམས་ཀྱི་ལྷའི་གྲོང་ཁྱེར་གྱི་གཡས་ཕྱོགས་ན་ཡོངས་འདུས་བརྟོལ་ཞེས་བྱ་བ་ཡོད་དོ། ཡོངས་འདུས་བརྟོལ་དེའི་རྩ་བ་དཔག་ཚད་ལྔ་ས་ལ་ཟུག་ཅིང། སྲིད་དུ་དཔག་ཚད་ལྔ་བརྒྱ་སླེབས་པ། ཡོངས་འདུ་ས་བརྟོལ་དེ་ནི་ཡལ་ག་ལྔ་པ་སྟེ། ཡལ ག་ཅིག་ནི་ཤར་དུ་དཔག་ཚད་ལྔ་བརྒྱར་སླེབས་སོ། །ཡལ་ག་གཉིས་པ་ནི་ལྷོ་ཕྱོགས་སུ་དཔག་ཚད་ལྔ་བརྒྱར་སླེབས་སོ། །ཡལ་ག་གསུམ་པ་ནི་ནུབ་ཕྱོགས་སུ་དཔག་ཚད་ལྔ་བརྒྱར་སླེབས་སོ། །ཡལ་ག་བཞི་པ་ནི་བྱང་ཕྱོགས་སུ་དཔག་ཚད་ལྔ་བརྒྱར་སླེབ་པོ། །ཡལ ག་ལྔ་པ་ནི་ནམ་མཁའ་ལ་དཔག་ཚད་ལྔ་བརྒྱར་སླེབས་ཏེ། ཁྱབ་པར་གནས་སོ། །དཔག་ཚད་ལྔ་བརྒྱ་དང་དཔག་ཚད་ཐད་ཀར་རོ། །དཔག་ཚད་ལྔ་བརྒྱ་ནི་བརྒྱར་རོ། །དཔག་ཚད་བཅོ་ལྔ་དང་གསུམ་ནི་ཀུན་ནས་ཡོངས་སུ་འཁོར་བར་རོ། །ཤིང་ཡོངས་འདུས བརྟོལ་དེའི་དྲི་རྫི་ཕྱོགས་སུ་ནི་དཔག་ཚད་ལྔ་བརྒྱར་རོ། །རྫི་ཕྱོགས་མ་ཡིན་པར་ནི་ལྔ་བརྒྱར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པ་ན་ནང་དུ་ཡང་དག་པར་འཇོག་ལ་འདུག་པ་འདི་ལྟ་བུའི་སེམས་ལ་སེམས་ཀྱི་ཡོངས་སུ རྟོག་པ་སྐྱེས་ཏེ། དྲིའི་རིགས་གསུམ་པོ་འདི་དག་ནི་རྫི་ཕྱོགས་སུ་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་མི་འགྲོ་བ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ་རྩ་བའི་དྲི་དང། སྡོང་བུའི་དྲི་དང། མེ་ཏོག་གི་དྲིའོ། །དེ་ལས་གཞན་པའི་དྲིའི་རིག་གང་ངམ། དྲིའི་རིགས་གང ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་ཡང་མི་འགྲོ་བ་དང། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་འགྲོ་བ་ཡང་ཡོད་དམ་ཡོངས་སུ་རྟོག་པ་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ ལྡན་འདས་གང་ན་བདེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་དུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བདག་འདི་ན་གཅིག་པུ་དབེན་པ་ན་ནང་དུ་ཡང་དག་འཇོག་ལ་འདུག་པ་ན་འདི་ལྟ་བུའི་སེམས་ལ་སེམས་ཀྱི་ཡོངས་སུ་རྟོག་པ་སྐྱེས་ཏེ། དྲིའི་རིགས་གསུམ་པོ་འདི་དག་ནི་དྲིའི་རིགས་རྫི་ཕྱོགས་སུ་འགྲོ་ཞིང་ཕྱོགས་མ་ཡིན་པར་མི་འགྲོ་བ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། རྩ་བའི་དྲི་དང། སྡོང་བུའི་དྲི་དང། མེ་ཏོག་གི་དྲིའོ། །དེ་ལས་གཞན་པའི་དྲི་རིགས་གང་ངམ་དྲིའི་རིགས་གང་ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་ཡང་མི་འགྲོ་བ་དང། རྫི་ཕྱོགས་དང་རྫི ཕྱོགས་མ་ཡིན་པར་འགྲོ་བ་དེ་ཡོད་དམ་ཞེས་སེམས་ལ་ཡོངས་སུ་རྟོག་པ་སྐྱེས་སོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། དྲིའི་རིགས་གསུམ་པོ་འདི་དག་ནི་དྲིའི་རིགས་རྫི་ཕྱོགས་སུ་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་མ་འགྲོ་བ་སྟེ། གསུམ་གང་ཞེ་ན། རྩ་བའི་དྲི་དང། སྡོང་བུའི་དྲི་དང། མེ་ཏོག་གི་དྲིའོ། །ཀུན་དགའ་བོ་དེ་ལས་གཞན་པའི་དྲིའི་རིགས་གང་ངམ་དྲིའི་རིགས་གང་ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང། རྫི་ཕྱོགས་མ་ཡིན་པར་མི་འགྲོ་བ་དང། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་ཡང་འགྲོ་བ་ཡོད་དེ། ཀུན་དགའ་ བོ་དྲིའི་རིགས་གང་ངམ་དྲིའི་རིགས་གང་ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར་ཡང་མི་འགྲོ་བ་དང། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་འགྲོ་བ་དེ་གང་ཞེ་ན། ཀུན་དགའ་བོ་འདི་ནི་གྲོང་ངམ་གྲོང་ཁྱེར་གཞན་འགའ་ཞིག་ན་སྐྱེས་པ་འམ་བུད མེད་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་བཟློག་པ་དང་མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། འབྲུའི་ཆང་དང། བཅོས་པའི་ཆང་མྱོས བར་འགྱུར་བ་བག་མེད་པའི་གནས་ལས་ལྡོག་ཅིང་གནས་ན། དེ་ཕྱོགས་དང་ཕྱོགས་མཚམས་སུ་ཡང་དག་པའི་སྐྱེ་བུ་ཡིན་ནོ་ཞེས་གྲགས་པར་འགྱུར་ཏེ། གྲོང་ངམ་གྲོང་ཁྱེར་ཆེ་གེ་མོ་ཞིག་ན་སྐྱེས་པ་འམ་བུད་མེད་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ ཅན་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་ལོག་པ་དང། མ་བྱིན་པར་ལེན་པ་དང། འདོད་པ་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། འབྲུའི་ཆང་དང། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང ཞིང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་འདི་ལྟ་བུ་གནས་སོ་ཞེས་བྱ་བ་གྲགས་པར་འགྱུར་ཏེ། ཀུན་དགའ་བོ་འདི་ནི་དྲིའི་རིགས་གང་ངམ་དྲིའི་རིགས་གང་ཞིག་རྫི་ཕྱོགས་སུ་ཡང་མི་འགྲོ་ཞིང་རྫི་ཕྱོགས་མ་ཡིན་པར མི་འགྲོ་བ་དང། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་ཡང་འགྲོ་བ་དག་ཡིན་ནོ། །སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བ་འམ་རྒྱ་སྤོས་ཙན་དན་ཡང་མ་ཡིན། །མཁས་རྣམས་དྲི་ནི རྫི་ཕྱོགས་མིན་འགྲོ་སྟེ། །སྐྱེས་བུ་དམ་པ་ཕྱོགས་བཅུ་ཀུན་ཏུ་འགྲོ་། ཀ་རུ་དང་ཙན་དན་དང། །ཽཏཔལ་དང་བཅས་གསེར་མེ་ཏོག་།དྲིའི་རིགས་དེ་དག་རྣམས་ལས་ནི། །ཚུལ་ཁྲིམས་དྲི་མཆོག་བླ་ན་མེད། ། ཀ་རུ་དང་ཙན་དན་གྱི།། དྲི་ནི་ཅུང་ཟད་ཙམ་ཡིན་ཏེ། །གང་ཞིག་ཚུལ་ཁྲིམས་ལྡན་པའི་དྲི། །འདི་དང་ལྷར་བཅས་གྲགས་པར་འགྱུར། །ཚུལ་ཁྲིམས་ལྡན་པ་དེ་དག་རྣམས། །དག་མེད་པ་ནི་སྤོང་བར་འགྱུར། །བདུད་ཀྱི་ལམ་གྱིས་མི་འཕྲོགས་ཤིང། །ཡང་དག་རྗེས་གནང་རྣམ་པར་གྲོལ།། འདི་ནི་བདེ་ལེགས་ལམ་ཡིན་ཏེ། །འདི་ནི་ཤིན་ཏུ་རྣམ་དག་ལམ། །བསམ་གཏན་ལྡན་ཞུགས་བདུད་རྣམས་ཀྱི། །འཆིད་བ་རབ་ཏུ་ཟློག་པ་ཡིན་ཞེས་བཀའ་སྩལ་ཏོ།། །།འདི་ལ་འདོད་པ་སྐྱེ་བ་གསུམ་པོ་ནི། འདོད་པའི་ལྷ་དང་མིར བཅས་རྣམས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །འདོད་པ་སྐྱེ་བ་ནི་རྣམ་པ་གསུམ་སྟེ། སེམས་ཅན་འདོད་པ་ཉེ་བར་གནས་པ་རྣམས་འདོད་པ་ཉེ་བར་གནས་པ་དག་ལ་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། མི་རྣམས་དང་ལྷ་ཁ་ཅིག སྟེ། འདི་ནི་འདོད་པ་སྐྱེ་བ་དང་པོའོ། །སེམས་ཅན་འདོད་པ་སྤྱོད་པ་རྣམས་འདོད་པ་རྣམས་སྤྲུལ་ཞིང་འདོད་པ་རྣམས་ལ་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དཔེར་ན་འཕྲུལ་དགའ་ཨི་ལྷ་རྣམས་ལྟ་བུའོ། །འདི་ནི་འདོད་པ་སྐྱེ་བ་གཉིས་པའོ། ། སེམས་ཅན་འདོད་པ་གཞན་དག་གིས་སྤྲུལ་པ་རྣམས་ཀྱིས་སྤྲུལ་པ་དག་ལ་དབང་ཕྱུག་གིས་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལྟ་བུ་སྟེ། འདི་ནི་འདོད་པ་སྐྱེ་བ་གསུམ་པ་ཡིན་ནོ་ཞེས་གསུངས་སོ། །བདེ བ་སྐྱེ་བ་དག་ནི་ཡང་དག་པར་འགྲོ་བའི་རྣམ་གྲངས་ལས་འདོད་པ་སྐྱེ་བའི་རྗེས་ཐོབ་མདོ་ལས་འབྱུང་བ་མཛོད་ཀྱི་གནས་གཉིས་པར། སྲོག་ནི་ཚེ་ཡིན་ཞེས་བྱ་བར་འདིར་ལ་ལར་ནི་དང་པོར་སྨོས་པར་རྟོགས་པར་བྱའོ་ཞེས་བྲིས་པ་བལྟ་བར་བྱའོ། །གླིང་བཞི པ་དང་ཉི་ཟླ་དང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གསུམ་པོ་འདི་དག་ནི་འཇིག་རྟེན་གྱི་ཁམས་རྣམས་ཏེ། གསུམ་གང་ཞེ་ན། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་སྲིད་དུ་ཉི་མ་ཕྱོགས་གསལ་ཞིང་སྣང་བར་བྱེད་པ་དེ་སྲིད་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་སྟོང་དང། ཟླ་བ་སྟོང་དང། རི་རབ སྟོང་དང། ཤར་གྱི་ལུས་འཕགས་སྟོང་དང། ནུབ་ཀྱི་བ་ལང་སྤྱོད་སྟོང་དང། བྱང་གི་སྒྲ་མི་སྙན་སྟོང་དང། ལྷོའི་འཛམ་བུ་གླིང་སྟོང་དང། རྒྱལ་པོ་ཆེན་པོ་བཞི་སྟོང་དང། སུམ་ཅུ་རྩ་གསུམ་སྟོང་དང། འཐབ་བྲལ་སྟོང་དང། དགའ་ལྡན་སྟོང་དང། འཕྲུལ དགའ་སྟོང་དང། གཞན་འཕྲུལ་དབང་བྱེད་སྟོང་དང། ཚངས་པའི་འཇིག་རྟེན་སྟོང་རྣམས་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བརྗོད་དོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་སྲིད་དུ་ཉི་མ་ཕྱོགས་སྣང་ཞིང་བསལ བར་བྱེད་པ་དེ་སྲིད་དུ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་སྟོང་དང། ཟླ་བ་སྟོང་དང། རི་རབ་སྟོང་དང། ཤར་གྱི་ལུས་འཕགས་སྟོང་དང། ནུབ་ཀྱི་བ་ལང་སྤྱོད་སྟོང་དང། བྱང་གི་སྒྲ་མི་སྙན་སྟོང་དང། ལྷོའི་འཛམ་བུ་གླིང་སྟོང དང། རྒྱལ་པོ་ཆེན་པོ་བཞི་སྟོང་དང། སུམ་ཅུ་རྩ་གསུམ་སྟོང་དང། འཐབ་བྲལ་སྟོང་དང། དགའ་ལྡན་སྟོང་དང། འཕྲུལ་དགའ་སྟོང་དང། གཞན་འཕྲུལ་དབང་བྱེད་སྟོང་དང། ཚངས་པའི་འཇིག་རྟེན་གྱི་ཁམས་སྟོང་རྣམས་ཏེ། འདི་ནི སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། དགེ་སློང་དག་གང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ལ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། ཇི་སྲིད་ དུ་ཉི་མ་ཕྱོགས་གསལ་བར་བྱེད་པ་དེ་སྲིད་དུ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཏེ། ཉི་མ་སྟོང་དང། ཟླ་བ་སྟོང་དང། རི་རབ་སྟོང་དང། ཤར་གྱི་ལུས་འཕགས་སྟོང་དང། ནུབ་ཀྱི་བ་ལང་སྤྱོད་སྟོང་དང། བྱང་གི་སྒྲ་མི་སྙན་སྟོང་དང། ལྷོའི་འཛམ་བུ་གླིང་སྟོང་དང། རྒྱལ་པོ་ཆེན་པོ་བཞི་སྟོང་དང། སུམ་ཅུ་རྩ་གསུམ་སྟོང་དང། འཐབ་བྲལ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་དང། ཚངས་པའི་འཇིག་རྟེན་གྱི་ཁམས་སྟོང་རྣམས་ལ་ནི་སྟོང་སྤྱི་ཕུད་ཀྱི་འཇིག རྟེན་གྱི་ཁམས་ཞེས་བྱ་ལ། དགེ་སློང་དག་གང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ལ། གང་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན གྱི་ཁམས་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་ཡི་རང་ངོ།། །།ཡང་ཇི་ལྟར་སྣོད་རྣམས་ཀྱི་ཚད?་དང་བྱེ་བྲག ཡོད་པ་དེ་བཞིན་དུ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཚད?་ཀྱང་བྱེ་བྲག་ཡོད་དམ་ཞེ་ན་ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ སློང་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཅག་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཉན་པར་འདོད་དམ། བཅོམ་ལྡན་འདས་དེའི་དུས་དང་དེའི་དུས་ལ་བབ་ཀྱིས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སེམས་ཅན་རྣམས་ཀྱིས ཚེའི་ཚད་བསྟན་དུ་གསོལ། དགེ་སློང་རྣམས་ཀྱིས་ཐོས་ནས་འཛིན་པར་འགྱུར་རོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་གཟུང་ཤིག་དང་བཤད་པར་བྱའོ། །བཙུན་པ་དེ་བཞིན་ནོ་ཞེས་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་ལྟར ཉན་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་དམྱལ་བ་རྣམས་ཀྱི་ཚེ་ནང་ན་ཚེས་རིང་བ་ནི་བསྐལ་པ་སྟེ་དེ་དག་ལས་དུས་མ་ཡིན་པར་འཆི་བར་འགྱུར་བ་ནི་ཡོད་དོ། །དུད་འགྲོ་རྣམས་ཀྱི་ནང་ན་ཚེ?་ཚེས?་རིང་བ་ནི བསྐལ་པ་སྟེ། དུས་མ་ཡིན་པར་འཆི་བར་འགྱུར་བ་ནི་ཡོད་དོ། །དགེ་སློང་དག་གང་མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་ལ། ཉིན་ཞག་དེ་ཉིད་ཀྱིས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཡིན་ལ། ཟླ་བ་བཅུ་གཉིས ལ་ལོ་གཅིག་ཡིན་ཏེ། དེ་ལྟར་རྩིས་པའི་ལོ་ལྔ་བརྒྱ་ནི་ཡི་དགས་རྣམས་ཀྱི་ཚེ་ཚད་དོ། །མི་རྣམས་ཀྱི་ཚེའི་ཚད་དུ་རྩིས་ན་ལོ་སྟོང་ཕྲག་བཅོ་ལྔར་འགྱུར་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད པ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆུ་དང་མགྲིན་པ་སྐམས་ཤིང་ཤིན་ཏུ་སྡུག་བསྔལ་བ། །ལུས་ནི་བྲག་གི་རི་ལྟར་ཆེ་ཞིང་མཐོ། །རང་གིས་སྐྲ་ཡིས་གཡོགས་ཤིང་རྣམ་པར་བསྒྲིབས། །ཤིན་ཏུ་རིང་ཅིང་ཁ་ནི་ཁབ་མིག་ཙམ། གཅེར་བུ་རང་གི སྐྲ་ཡིས་རྣམ་པར་བསྒྲིབས། །རུས་པའི་འཁྲུལ་འཁོར་ཤིན་དུ་མཐོ་བ་སྟེ། །སྨྲེ་སྔགས་འདོན་ཅིང་ལག་ན་ཀར་བ་ཐོགས། །དེ་དག་བཀྲེས་སྐོམ་སྡུག་བསྔལ་གྱིས་གདུངས་ཤིང། །སློང་བའི་སྒྲ་འབྱིན་ཚོར་བ་སྡུག་བསྔལ་མྱོང། །སེར་སྣ་བསྟེན་ཅིང་ཕན ཚུན་ཕྲག་དོག་གིས། །ལས་ཀྱི་འབྲས་བུས་ཡི་དགས་འཇིག་རྟེན་སྐྱེས། །དགེ་སློང་དག་ཤར་གྱི་ལུས་འཕགས་ཀྱི་ཚེའི་ཚད་ནི་ལོ་ཉིས་བརྒྱ་ལྔ་བཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ནུབ་ཀྱི་བ་ལང་སྤྱོད་ཀྱི་མི་རྣམས་ཀྱི་ཚེའི ཚད་ནི་ལོ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་ང་ཡིར་བྱ་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་ལ། ཚེ་ངེས་ཤིང་ཚེ་འཕོས་པའི་འོག་ཏུ་འགྲོ་བ་ཁྱད་པར་ཅན་མཐོ་རིས་སུ་འགྲོ་སྟེ། དགེ སློང་དག་རྣམ་པ་འདིས་ན་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་སྟོང་ངོ། །དུས་མ་ཡིན་པར་འཆི་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕོངས?་པས སྡུག་བསྔལ་སེམས་ཅན་དག་། གཞན་གྱི་ནོར་དག་འདོད་བྱེད་ཅིང། །གཞན་དགེ་བཀོལ་ཞིང་དམན་པ་དག་།དེ་དག་དམ་པ་བསྟེན་མི་བྱེད། །ཕྱུག་ཅིང་ནོར་རྣམས་མང་པ་དང། །ཉེ་བར་ལོངས་སྤྱོད་དང་ལྡན་པས། །ནོར་དང་འབྲས་དང་གཡོགས འཁོར་ལྡན། །དེ་དག་དམ་པ་བསྟེན་པར་བྱེད། །འདི་ནི་ཇི་སྲིད་འཚོའི་བར་དུ། །བསོད་ནམས་དགེ་བའི་ལས་བྱེད་པས། །ལྷ་བཞིན་དགའ་བ་དང་ལྡན་པའི། །ཕུན་སུམ་ཚོགས་པ་ཆེན་པོ་འཐོབ། །ལྐོག་གྱུར་མ་ཡིན་འདི་དག་བལྟོས། །འཇིག རྟེན་བདེ་བ་གང་ཅུང་ཟད། །དེ་དག་སྔོན་གྱི་སྦྱིན་པའི་འབྲས། །སྒྲ་མི་སྙན་པའི་མི་རྣམས་ནི། །ང་ཡི་མེད་ཅིང་ཡོངས་འཛིན་མེད། །གོས་མཆོག་རབ་ཏུ་བསྟེན་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་དག་རྣམས་ལ་ནད་མེད་ཅིང། །དེ་ན་གྲང་དང དྲོ་བ་མེད། །གཟུགས་དང་ཁ་དོག་ཕུན་སུམ་ཚོགས། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །བྱང་གི་སྒྲ་མི་སྙན་གླིང་ན། །མ་ཚང་མེད་ཅིང་དུམ་བུ་མིན། །གཙང་བའི་འབྲུ་དག་སྐྱེ་བ་སྟེ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །ནོར་བུའི་འོད་ཀྱི་དེ་དག་རྣམས།། རྟག་དུ་གསལ་ཞིང་མཛེས་པར་བྱེད། །གང་དེ་རྣམས་ལ་གཙང་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་ན་ཚོད་མ་ཅུང་ཟད་མེད། །སྲན་མ་སོགས་ཀྱང་ཡོད་མ་ཡིན། །ཁ་དོག་དྲི་དང་རོར་ལྡན་པའི། །འབྲས་དག་རྟག་ཏུ་ལོངས་སྤྱོད་བྱེད། །རྫ་མ གཅིག་ཏུ་བཙོས་པ་ནི། །སྟན་ལས་ལངས་པར་གྱུར་གྱི་བར། །སྣོད་དུ་ཟད་པར་མི་འགྱུར་ཏེ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །ཀུ་བ་བཞིན་དུ་འབྲས་གཞན་གྱིས། །བཅད་ནས་ཡལ་ག་ལས་སླར་སྐྱེ། །མ་སྨིན་པ་ཡང་སྨིན་པར་བྱེད། །དེ་ནི་སྔོན གྱི་སྦྱིན་པའི་འབྲས། །ཡན་ལག་བརྒྱད་ལྡན་ཆུ་བོ་བཟང། །དེ་དག་ཆུ་བོ་ཤིན་ཏུ་བསིལ། །འཐུངས་ན་ནོད་པར་མི་འགྱུར་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །གླུ་གར་དག་གི་ཤིང་རྣམས་ཀྱིས། །དེ་དག་རྟག་ཏུ་དགའ་བར་བྱེད། །རྟག་ཏུ་ཡིད་ནི་བདེ་བྱེད་པ། ། དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །གླུ་གར་ཤིང་གིས་རབ་མཛེས་ཤིང། །གོས་ཀྱི་ཤིང་དག་མང་པོ་དང། །སྤོས་ཤིང་ཕུན་སུམ་ཚོགས་པ་དག་།དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །གླུ་གར་དྲི་དང་མེ་ཏོག་དང། །ཆོས་གོས་རྣམས་ལ་རྟག་ཏུ་ནི། །གང་དང་འདྲ་པ་འདོད་པ་དག་། དེ་དག་དེ་དང་འདྲ་བར་འགྱུར། །དེ་དག་ས་གཞི་འཇམ་པ་ནི། །ཤིང་བལ་དག་དང་འདྲ་བ་ལ། །རྟག་ཏུ་རབ་ཏུ་དགའ་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་དག་ཁྲོ་པོ་ཡོད་མིན་ཏོ། །ཕན་ཚུན་དག་དུ་རྩེ་ཞིང་དཔའ་། །ཕྲག་དོག་སེར་སྣ་མེད་པ་དག་།དེ་ནི་སྔོན་གྱི་སྦྱིན་པའི འབྲས། །མཚན་གྱི་ཐུན་ནི་དང་པོ་ལ། །སྐད་ཅིག་ཙམ་དུ་ཆར་བབ་པས། །རྡུལ་དག་སེལ་བར་བྱེད་བ་ནི། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །དེ་དག་ཡོངས་སུ་འཛིན་མེད་དེ། །མ་ཡིས་བུ་ཡང་ངོ་མི་ཤེས་པ་མྱ་ངན་མེད་ཅིང་དགའ་བ་སྟེ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས།། མ་ཡིས་ལམ་སྟོང་དག་དུ་ནི། །བསྐུར་ནས་འགྲོ་བར་བྱེད་པ་ན། །འཛུབ་མོའི་རྩེ་ལས་འོ་མ་འཛག། དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །འགའ་ཞིག་ཤི་ན་དེ་དག་རྣམས། །དུ་བར་མི་བྱེད་བསྐྱུར་ཏེ་འགྲོ། གླིང་དག་ཁ་ཡིས་གཙང་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས ཤིན་ཏུ་ཡོངས་སུ་བསྲུངས་པ་སྟེ། །གླུ་དང་གར་གྱི་དགའ་བར་བྱེད། རྩེད་འཇོ་དགའ་བར་བྱེད་པ་དག་།དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །མི་རྣམས་ཀྱི་ནི་ཚེ་ལོ་དག་།སྟོང་ཕྲག་རབ་ཏུ་ཟད་པ་ན། །གཞན་དག་ཏུ་ནི་འཆི་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །མི་ཡི ལུས་ཀྱི་ཕན་པ་དང། །ལོངས་སྤྱོད་རྒྱ་ཆེན་ལ་བརྟེན་ནས། །ལྷ་ཡི་ནང་དུ་སྐྱེ་བ་དག་།དེ་ནི་སྔོན་གྱི་སྦྱིན་པའི་འབྲས་།དགེ་སློང་དག་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེ་ནི་འཕེལ་བ་དང་འགྲིབ་པ་ལས་ཤེས་པར་བྱ་སྟེ། ཚེ་ཚད་དཔག་ཏུ་མེད་པ་དང། །ཚེ་ལོ སྟོང་ཕྲག་བརྒྱད་ཅུ་དང། ཚེ་ལོ་བརྒྱ་དང། ཚེ་ལོ་བཅུ་པ་ཡང་ཡིན་ཏེ། དགེ་སློང་དག་ད་ལྟར་ནི་འཛམ་བུའི་གླིང་གི་མི་རྣམས་ཡུན་རིང་དུ་འཚོ་ན་ལོ་བརྒྱ་ཐུབ་པ། །ཅུང་ཟད་ལྷག་པ་ཡང་ཡོད་དོ། །ཚད་འདི་ཙམ་དུ་ཡང་དག་པའི བདེ་བ་མྱོང་བར་བྱེད་དོ། །དགེ་སློང་དག་ལོ་བརྒྱ་འཚོ་བ་ན་གནས་སྐབས་བཅུ་ཉམས་སུ་མྱོང་བར་འགྱུར་ཏེ། སྔས་མཐོ་བ་ལ་ཉལ་བའི་བྱིས་པ་ནི་གནས་སྐབས་དང་པོའོ། །རྩེ་ཞིང་དགའ་བའི་རང་བཞིན་ཅན་གྱི་གཞོན་ནུ་ནི་གནས་སྐབས་གཉིས་པའོ།། འདོད་པ་སྤྱོད་ཅིང་ལང་འཚོ་ལ་བབ་པ་ནི་གནས་སྐབས་གསུམ་པའོ། །སྤྲོ་བ་དང་སྟོབས་དང་ལྡན་པ་ནི་གནས་སྐབས་བཞི་པའོ། །ཤེས་རབ་དང་སྤོབས་པ་དང་ལྡན་པ་ནི་གནས་སྐབས་ལྔ་པའོ། །དྲན་པ་དང་སྤྱོད་པའི་རང་བཞིན་ཅན་ནི་གནས་སྐབས་དྲུག པའོ། །ངེས་པ་དང་བཅས་པར་གྱུར་པ་གནས་སྐབས་བདུན་པའོ། །རྒྱལ་པོས་ཤེས་ཤིང་དགའ་བར་གྱུར་པ་ནི་གནས་སྐབས་བརྒྱད་པའོ། །ན་ཞིང་རྒས་པར་གྱུར་པ་ནི་གནས་སྐབས་དགུ་པའོ། །ཚེ་དང་ལྡན་ཡིད་དང་བྲལ་བར་གྱུར་པ་ན་གནས སྐབས་བཅུ་པ་སྟེ། དགེ་སློང་དག་ཚེ་ལོ་བརྒྱ་འཚོ་བ་ན་གནས་སྐབས་བཅུ་ཉམས་སུ་མྱོང་བར་འགྱུར་རོ། །དགེ་སློང་དག་ལོ་བརྒྱ་འཚོ་བ་ན་དུས་ཚིགས་སུམ་བརྒྱར་འཚོ་བར་འགྱུར་ཏེ། དུས་ཚིགས་བརྒྱ་ནི་དགུན་ནོ། །དུས་ཚིགས་བརྒྱ་ནི སོས་ཀའོ། །དུས་ཚིགས་བརྒྱ་ནི་དབྱར་རོ། །དུས་ཚིགས་སུམ་བརྒྱར་འཚོ་བ་ན་ཟླ་བ་བརྒྱ་ཕྲག་བཅུ་གཉིས་སུ་འཚོ་བར་འགྱུར་ཏེ། དགུན་ཟླ་བ་བཞི་དང། སོས་ཀ་ཟླ་བ་བཞི་དང། དབྱར་ཟླ་བ་བཞིའོ། །ཟླ་བ་བརྒྱ་ཕྲག་བཅུ་གཉིས་སུ་འཚོ་བ་ན ཟླ་བ་ཕྱེད་པ་བརྒྱ་ཕྲག་ཉི་ཤུ་རྩ་བཞིར་འཚོ་བར་འགྱུར་ཏེ། དགུན་བརྒྱད། སོས་ཀ་བརྒྱད། དབྱར་བརྒྱད་དེ། ཟླ་བ་ཕྱེད་པ་བརྒྱ་ཕྲག་ཉི་ཤུ་རྩ་བཞིར་འཚོ་བ་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་དུ་འཚོ་བར་འགྱུར་ཏེ། བཅུ་གཉིས་ནི་དགུན་ནོ། ། བཅུ་གཉིས་ནི་སོས་ཀའོ། །བཅུ་གཉིས་ནི་དབྱར་རོ། །ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་འཚོ་བ་ན་ཁ་ཟས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཟ་བར་འགྱུར་ཏེ། གཞན་ནི་ཕྱེད་ཟ་སྟེ། དེ་ལ་འདི་དག་ནི་ཟས་གཞན་ཏེ། ཁྲོས་པ་ན་ཡང་མི་ཟ། སྡུག་བསྔལ་བ་ན་ཡང་མི་ཟ། རྩོལ་བ་བྱེད་པ་ན་ཡང་མི་ཟ། གསོ་སྦྱོང་བྱེད་པ་ན་ཡང་མི་ཟ། བྱ་བ་ལ་ཆགས་པ་ན་ཡང་མི་ཟ། རྙེད་པ་ན་ཡང་མི་ཟ། མ་རྙེད་པ་ན་ཡང་མི་ཟ། གཉིད་ལོག་པ་ན་ཡང་མི་ཟ། སྨྱོ་བ་ན་ཡང་མི་ཟ། བག་མེད་པ་ན་ཡང་མི་ཟ་སྟེ། ཟ་བ་དང་མི་ཟ་བ་གཅིག་ཏུ་བསྡུས་ནས་ཟས་སྟོང ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དགེ་སློང་དག་ངས་འཛམ་བུའི་གླིང་གི་མི་རྣམས་ཀྱི་ཚེའི་ཚད་བཤད་ཅིང། འཆི་བ་དང། ཟླ་བ་དང། ཟླ་བ་ཕྱེད་པ་དག་ཉིན་ཞག་དང། ཟས་དང། ཟས་གཞན་ཡང་བཤད་ཟིན་ཏོ། །དགེ་སློང་དག་གང་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ གང་ཡིན་པ་དེ་ནི་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ན་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཟླ་བ་བཅུ་གཉིས་ལ་ལོ་འཁོར་བ་གཅིག་ཡིན་ལ། ངས་ལྷའི་ལོ་ལྔ་བརྒྱ་ནི་རྒྱལ་པོ་ཆེན་པོ་བཞིའི་ལྷ་རྣམས་ཀྱི་ཚེའི་ཚད?་ཡིན་ནོ། །མི་རྣམས་ཀྱི ལོའི་གྲངས་སུ་བརྩིས་ན་ལོ་སྟོང་ཕྲག་དགུ་བཅུར་འགྱུར་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་པ་ཡིན་ལ་ངེས་ན་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་།ཟླ་བ་བཅུ་གཉིས་ལོའི་འཁོར་གཅིག་སྟེ། དེ་ནས ལོ་ལྔ་བརྒྱ་ནི་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཚེའི་ཚད་ཡིན་ནོ། །མིའི་ཚེའི་ཚད་དུ་བགྲངས་ན་ལོ་བྱེ་བ་བརྒྱ་སྟོང་ཕྲག་བཅུ?་དང། བྱེ་བ་ཕྲག་སྟོང་ངོ། །དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་བཀའ་ སྩལ་ཏོ། །ལུས་ཀྱི་ཉེས་སྤྱད?་སྤྱོད་པ་དང། །ངག་གི་ཉེས་སྤྱད་སྤྱོད་པ་དང། །ཡིད་ཀྱི་ཉེས་སྤྱད་སྤྱོད་པ་དང། །གང་ཡང་སྐྱོན་དག་སྡུད་བྱེད་པ། །དམྱལ་བའི་ལས་ཀྱི་རྣམ་སྨིན་གྱིས། །ཡང་སོས་དག་ཏུ་སྐྱེ་འགྱུར་ཏེ། །ལོ་ནི་བྱེ་བ་སྟོང་བྲག་དུ། །ཡང སོས་དག་ཏུ་བཅོམ་པར་འགྱུར། །ཕན་ཚུན་ཁོ་ན་ལ་དགའ་བ་དང། །སྐྱེས་བུ་གནོད་པ་བྱེད་པ་དག། དམྱལ་བ་དག་གི་ལས་རྣམས་ཀྱིས། །ཡང་སོས་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་ཡང་མི་རྣམས་ཀྱི་ཚེ་ལོ་བརྒྱ་གང་ཡིན པ་དེ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཉིན་ཞག་ཅིག་ཡིན་ལ། དེ་ཉིད་ཀྱིས་བརྩིས་པའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། ངེས་ལྷའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཚེའི་ཚད་དོ། །དེ་མི་རྣམས་ཀྱི་ཚེའི ཚད་ཀྱི་གྲངས་སུ་བརྩིས་ན་ལ་བྱེ་བ་ཕྲག་གསུམ་དང་འབུམ་ཕྲག་དྲུག་ཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནི་དམྱལ་པ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་ཏུ་འགྱུར་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་།ཟླ་བ་བཅུ་གཉིས་ལ་ལོ་གཅིག ཡིན་ལ། དེ་ནས་ལོ་སྟོང་ནི་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེ་ཚང?་ཡིན་ནོ། །དེ་མི་རྣམས་ཀྱི་ཚེ་ཚད?་ཀྱི་གྲངས་སུ་བརྩིས་ན་ལོ་འབུམ་ཕྲག་བྱེ་བ་ཕྲག་བཅུ་གཉིས་དང། ལོ་སྟོང་ཕྲག་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་ད། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་དགེ་འདུན་རྣམས་དང་ནི། །ཕ་དང་མ་ལ་བརྙས་པ་དང་།ཐིག་ནག་དག་ཏུ་སྐྱེ་འགྱུར་ཏེ། །སྡུག་བསྔལ་ཚོར་བ་མྱོང་བར་འགྱུར། །གཞན དག་གནས་ནས་སྐྲོད་བྱེད་ཅིང། །སྐྱེས་བུ་མཛའ་བོ་འབྱེད་པ་དག་།ཐིག་ནག་དག་ཏུ་སྐྱེ་བར་འགྱུར། །དེ་བཞིན་དབྱེན་དང་བརྫུན་དག་དང། །དམྱལ་བ་དག་གི་ལས་རྣམས་ཀྱིས། །ཐིག་ནག་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་མི་རྣམས་ཀྱི ལོ་ཉིས་བརྒྱ་གང་ཡིན་པ་དེ་ནི་ལྷ་འཐབ་བྲལ་བ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ་དེ་ཉིད་ཀྱིས་བརྩིས་པའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དེས་ན་ལྷའི་ལོ་ཉིས་སྟོང་ནི་འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི ཚད་དོ། །དེ་མི་རྣམས་ཀྱི་ཚེའི་ཚད་ཀྱི་གྲངས་སུ་བརྩིས་ན་ལོ་བྱེ་པ་ཕྲག་བཅུ་བཞི་དང། ལོ་འབུམ་ཕྲག་བཞི་བཅུར་འགྱུར་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་ཡིན་ལ་དེས་ཉིན་ཞག་སུམ་ཅུ ལ་ཟླ་བ་གཅིག་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་ཉིས་སྟོང་ནི་དམྱལ་བ་ཆེན་པོ་བསྡུས་འཇོམས་པ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་མི་རྣམས་ཀྱི་ཚེའི་ཚད་ཀྱི་གྲངས་སུ་བརྩིས་ན་ལོ་བྱེ་བ་ཕྲག་བཅུ་གཅིག་དང། ལོ་འབུམ་ཕྲག གསུམ་དང། ལོ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་བ་རྣམ་གསུམ་མི་བྱེད་པ། །མི་དགེ་རྣམ་པ་གསུམ་བྱེད་པ། །དམྱལ་བའི ལས་ཀྱི་རྣམ་སྨིན་གྱིས། །བསྡུས་འཇོམས་དག་ཏུ་སྐྱེ་བར་འགྱུར། །ར་དང་ལུག་དང་མ་ཧེ་དང། །ཁྱིམ་བྱ་དང་ནི་ཕག་དག་དང། །དེ་བཞིན་སྲོག་ཆགས་གཞན་གསོད་པ། །བསྡུས་འཇོམས་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་མི་རྣམས་ཀྱི་ལོ་བཞི བརྒྱ་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། །དེ་ཉིད་ཀྱིས་བརྩིས་པའི་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག། དེས་ན་ལྷའི་ལོ་བཞི་སྟོང་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་ཉིད མི་རྣམས་ཀྱི་ཚེའི་ཚད་ཀྱི་གྲངས་སུ་བརྩིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང། །ལོ་འབུམ་ཕྲག་དྲུག་ཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་དམྱལ་བ་ཆེན་པོ་དུ་འབོད་ཀྱི་ཞག་གཅིག་ཡིན་ལ་ངེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་།ཟླ་བ བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་བཞི་སྟོང་ནི་སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་པ་རྣམས་ཀྱི་ཚེ་ཚད་ཡིན་ནོ། །དེ་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་ཕྲག་དྲུག་ཅུ་དང། ལོ་འབུམ་ཕྲག་བྱེ་བ་ཕྲག་སུམ་ཅུ་རྩ་གཅིག་དང། ལོ་སྟོང ཕྲག་བྱེ་བ་ཕྲག་བཞི་བཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་པ་ཁྲག་དང་བཅས་པ་ཡིས། །སྲོག་དག་གཅོད་པར་བྱེད་པ་དག་། སྡིག་པའི་ལས་དག་ཀུན་སྤྱོད་པ། །ངུ་འབོད་དག་དུ་སྐྱེ་བར་འགྱུར། །ཆགས་དང་བྲལ་བཞིན་དུ་འབོད་དུ། །ཡུན་རིངས་དག་ཏུ་བསྲེག་པར་འགྱུར། །སྒྱུ་དང་ཚུལ་འཆོས་བྱེད་པ་དག་།འཇིགས་པའི་སྐད་དག་འདོན་པར་འགྱུར། །དགེ་སློང་དག་མི་རྣམས ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་འཕྲུལ་དགའ་བའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་།ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷའི་ལོ་སྟོང་ཕྲག་བརྒྱད་ནི་འཕྲུལ་དགའ་བའི་ལྷ་རྣམས་ཀྱི་ཚེའི་ཚད ཡིན་ནོ། །དེ་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་བརྒྱ་ཕྲག་སུམ་ཅུ་དང། ལོ་འབུམ་ཕྲག་བཞི་བཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག སུམ་ཅུ་ལ་ཟླ་བ་གཅིག་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་སྟོང་ཕྲག་བརྒྱད་ནི་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་བ་རྣམས་ཀྱི་ཚེའི་ཚད་ཡིན་ནོ། །དེ་ཉིད་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་ཕྲག་དྲུག་ཅུ་རྩ་དྲུག་དང། ལོ་འབུམ ཕྲག་བྱ་བ་ཕྲག་སུམ་ཅུ་རྩ་ལྔ་དང། སྟོང་ཕྲག་བྱེ་བ་ཕྲག་ལྔ་བཅུ་རྩ་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྟ་བའི་ཐིབས་པོས་རབ་གཡོགས་ཤིང།། སྲེད་པས་ཀུན་ནས་བཏུལ་བ་དང། །སྡིག་ལས་ཀུན་ཏུ་སྤྱོད་པ་དག་།ངུ་འབོད་ཆེན་པོར་སྐྱེ་བར་འགྱུར། །གནོད་པ་སྣ་ཚོགས་བྱེད་པ་དང། །ཁྱིམ་བདག་འབིགས་པར་བྱེད་པ་དག་།འབར་ཞིང་བ་སྤུ་ལངས་པ་ཡི། །ངུ་འབོད་ཆེན་པོར་སྲེག་པར་འགྱུར།། འཛའ་བོ་འབྱེད་པར་བྱེད་པ་དག་། རལ་གྲི་བྱ་རྒོད་ཁྭ་དག་གིས། །བསྐོར་ཏེ་ཟ་ཞིང་འཇོམས་པར་འགྱུར། །དགེ་སློང་དག་གང་གིས་མི་རྣམས་ཀྱི་ལོ་སྟོང་དྲུག་བརྒྱ་གང་ཡིན་པ་དེ་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་སུམ་ཅུ་ལ ཟླ་བ་གཅིག་། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷའི་ལོ་སྟོང་ཕྲག་བཅུ་དྲུག་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ལྷའི་ཚེ་ཚང་ཡིན་ནོ། །དེ་མི་རྣམས་ཀྱི་ཚེའི་ཚད་དུ་བརྩིས་ན་ལོ་བྱེ་བ་ཕྲག་བརྒྱ་ཉི་ཤུ་རྩ་གཅིག་དང། ལོ་འབུམ་ཕྲག་དྲུག་ཅུ སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ཉིད་དམྱལ་བ་ཆེན་པོ་ཚ་བའི་དེས་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་།ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཅུ་དྲུག་ནི་དམྱལ་བ་ཆེན་པོ་ཚ་བ་པ་རྣམས་ཀྱི་ཚེའི་ཚད་ཡིན་ཏེ། དེ་མ་རྣམས་ཀྱིས་ ཚེའི་ཚད་དུ་བགྲངས་ལོ་བྱེ་བ་ཕྲག་ལྔ་བརྒྱ་དང། ལོ་བྱེ་བ་བྱེ་བ་ཕྲག་སུམ་ཅུ་དང། ལོ་འབུམ་ཕྲག་བྱེ་བ་ཕྲག་བརྒྱད་ཁྲི་དང། སྟོང་ཕྲག་བྱེ་བ་ཕྲག་དྲུག་ཅུ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སྦྱོང་དང་ནི་བྲམ་ཟེ་དང། །དམ་པ་ཕ་དང་མ་རྣམས་ལ། །རབ་ཏུ་གདུང་བར་བྱེད་པ་དག་།རྟག་ཏུ་ཚ་བར་སྐྱེ་བར་འགྱུར། །སྐྱེ་བོ་མང་པོ་རྣམས་ལ་ནི། །ཡོངས་སུ་གདུང་ཞིང་གནོད་བྱེད་པའི། །དམྱལ་བ་ཡི་ནི་ལས་དག་གིས། ཚ་བ་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་ཁྱེད་ཅག་སེམས་ཅན་དམྱལ་བ་ཆུ་བུར་ཅན་རྣམས་ཀྱི་ཚེའི་ཚད་ཉན་པར་འདོད་དམ། དེ་བཞིན་ཏེ་བཅོམ་ལྡན་འདས་དེའི་དུས་ལ་བབ་པོ། །བདེ་བར་གཤེགས་པ་དེའི་དུས་ལ་བབ་ཀྱིས། །བཅོམ་ལྡན་འདས་དགེ་སློང རྣམས་ལ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་བསྟན་དུ་གསོལ། དེ་ཐོས་ནས་དགེ་སློང་རྣམས་ཀྱིས་འཛིན་པར་འགྱུར་རོ། །དགེ་སློང་དག་དེས་ན་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་གཟུང་ཞིག་དང་བཤད་པར་བྱའོ། །དགེ་སློང་དག་འདི་ནི་ཡུལ ཀོ་ས་ལའི་ཏིལ་ཁལ་ཉི་ཤུས་གང་བའི་རྫང་པ་ཁ?་སྔམ་ཞིག་ཡོད་པར་གྱུར་ལ། དེ་ལས་སྐྱེས་བུ་འགའ་ཞིག་གིས་ལོ་བརྒྱ་ཞིང་ཏིལ་འབྲུ་རེ་རེ་བཏོན་ལ། དགེ་སློང་དག་ཡུལ་ཀོ་ས་པལའི་ཁལ་ཉི་ཤུའི་ཏིལ་སྤྱད་མཐར་ཡོངས་སུ ཟད་ཅིང་གཏུགས་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་མཛའ་ནི་མ་ཡིན་ནོ་ཞེས་ང་སྨྲའོ། །ཇི་ལྟ་ཆུ་བུར་ཅན་ཉི་ཤུ་གང་ཡིན་པ་དེ་ནི་ཆུ་བུར་རྡོལ་པ་བ་གཅིག་ཡིན་ནོ། །ཇི་ལྟར་ཆུ་བུར་རྡོལ་པ་བ་ཉི་ཤུ གང་ཡིན་པ་དེ་ནི་སོ་ཐམས་ཐམས་བ་གཅིག་ཡིན། །ཇི་ལྟར་སོ་ཐམས་ཐམས་པ་ཉི་ཤུ་གང་ཡིན་པ་དེ་ནི་ཨ་ཆུ་ཟེར་བ་གཅིག་ཡིན་ན། །ཇི་ལྟར་ཨ་ཆུ་ཟེར་བ་ཉི་ཤུ་གང་ཡིན་པ་དེ་ནི་ཀྱི་ཧུད་ཟེར་བ་གཅིག་ཡིན་ནོ། །ཇི་ལྟར་གྱི་ཧུད་ཟེར་བ་ཉི་ཤུ་གང་ཡིན་པ དེ་ནི་ཨཽཏཔལ་ལྟར་གས་པ་གཅིག་ཡིན་ནོ། །ཇི་ལྟར་ཨཽཏཔལ་ལྟར་གས་པ་ཉི་ཤུ་གང་ཡིན་པ་དེ་ནི་པདྨ་ལྟར་གས་པ་གཅིག་ཡིན་ནོ། །ཇི་ལྟར་པདྨ་ལྟར་གས་པ་ཉི་ཤུ་གང་ཡིན་པ་དེ་ནི་པདྨ་ཆེན་པོ་ལྟར་གས་པ་གཅིག་ཡིན་ནོ། །གང་གི་ཕྱིར་ལྷས་བྱིན་གྱི་ཕྱོགས པ་དགེ་སློང་ཀོ་ཀ་ལི་ཀ་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་ལ་སེམས་རབ་ཏུ་སྡང་བས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ཆེན་པོ་ལྟར་གས་པར་སྐྱེས་སོ། །དགེ་སློང་དག་དེ་ལྟ་བས་ན་ཁྱེད་ཀྱིས་ཀ་བ་ཚིག་པ་ལ་ཡང་གདུག་པའི་སེམས་སྐྱེད པར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དེ་ལྟར་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུའི་སྐྱེ་བ་ཐོབ་པ་དག་།ཁ་ནས་རྩུབ་པའི ཚིག་སྨྲ་ཞིང། །ཉེས་པར་བཤད་པ་སྨྲ་བྱེད་ཅིང། །བདག་ཉིད་རབ་ཏུ་འཇོམས་པར་བྱེད། །གང་ཞིག་སྨད་བྱ་བ་སྟོང་བྱེད་ཅིང། །བསྟོང་བྱ་སྨད་པར་བྱེད་པ་དང། །ཁ་ནས་འཐད་ཅིང་རྩོད་པ་དག་།བདེ་པ་མྱོང་བར་མི་འགྱུར་ཏེ། །སྐད་ཅིག་ཙམ་གྱི་དུས་ཀྱིས ཀྱང། །རང་གི་ནོར་དག་འཕྲོག་པར་བྱེད། །གང་གིས་དུས་ནི་མང་པོ་རྡུང། །བདེ་གཤེགས་ཡིད་རབ་སྡང་བྱེད་པ། །ཆུ་བུར་རྡོལ་དུ་སྟོང་ཕྲག་བརྒྱ། །ཆུ་བུར་ཅན་དུ་སུམ་ཅུ་དྲུག་།གང་ཞིག་འཕགས་པ་སྨོད་བྱེད་ཅིང། །ལུས་ངག་ཡིད་ཀྱི་སྡིག་པ་ཅན། །སྡིག་སེམས་མི་བདེན་སྨྲ བ་དག་། བདག་གིས་རབ་ཏུ་བསགས་ནས་ནི། །ཁ་ན་མ་ཐོ་མེད་སྟོབས་ལས། །དེ་དག་ཟད་ཅིང་སྤོང་བྱེད་འགྱུར། །དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་རྣམས་ཀྱི་ཚེའི་ཚང?་ནི་བསྐལ་པ་ཕྱེད་ཡིན་ཏེ། །དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དེ་ནས་བཅོམ ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །མི་དགེ་སྤངས་པ་འདོད་པ་ཡི། །འབྲས་བུ་མཐོ་རིས་སྐྱེ་བར་འགྱུར། །མི་འདོད་པ་ཡི་ལས་བྱེད་པ། །རབ་ཏུ་ཚ་བར་སྐྱེ་བར་འགྱུར། །དགེ་སྦྱོང་དག་དང་བྲམ་ཟེ་དང། །ཕ་དང་མ་ལ་གནོད་པ དང། དེ་བཞིན་བླ་མ་གནོད་བྱེད་པ། །རབ་ཏུ་ཚ་བར་སྐྱེ་བར་འགྱུར། །དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་རྣམས་ཀྱི་ཚེའི་ཚང?་ནི་བསྐལ་པ་གཅིག་ཡིན་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །གང་གི་ཕྱིར་སྐྱེས་བུ་རྨོངས་པ་ལྷས་བྱིན་གྱིས དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་བྱུང་བ་དང། དགེ་སློང་མ་དགྲ་བཅོམ་པ་བསང་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས བཀའ་སྩལ་ཏོ། །གང་ཞིག་འཕགས་པའི་བསྟན་པ་དང། །ཆོས་ཀྱིས་འཚོ་བའི་འཕགས་པ་ལ། །རབ་ཏུ་ཁྲོ་བར་བྱེད་པ་དང། །སྡིག་ཅན་ལོག་ལྟ་སྟོན་བྱེད་པ། །འབྲས་བུ་འགུལ་བ་གཅོད་པ་དང། །འབྲས་བུ་རང་ལ་གནོད་པར་འགྱུར། འདོད་པ་དག་ལས་མ གྲོལ་ན། །སྡིག་པ་དག་ལས་གྲོལ་མི་འགྱུར། །དགེ་བ་དག་ལས་གྲོལ་བ་དག་།སྡིག་ཅན་གདུང་ལས་གྲོལ་མི་འགྱུར། །དེ་དང་དེ་དག་མ་གྲོལ་ན། །ཕ་རོལ་དག་ཏུ་འཆིང་བར་འགྱུར། །འཕགས་པ་འཆིང་བར་མི་འགྱུར་ཏེ། །སྡིག་བཅས་བྱིས་པ་འཆིང་བར འགྱུར། །རབ་ཏུ་ཆེ་བའི་ལས་བྱས་པས། །དམྱལ་བ་དག་ཏུ་འགྲོ་འགྱུར་ཏེ། །དམྱལ་བའི་ལས་དག་བྱས་པ་ཡིས། །མནར་མེད་དག་ཏུ་སྐྱེ་བར་འགྱུར། །དགེ་སློང་དག་ཚངས་རིས་པ་རྣམས་ཀྱི་ལྷའི་ཚེའི་ཚད་ནི་བསྐལ་པ་ཕྱེད་ཡིན་ཏེ། །དུས་མ ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚངས་པའི་མདུན་ན་འདོན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་གཅིག་ཡིན་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚངས་པ་ཆེན་པོའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དང་གཉིས་ཏེ། དུས་མ ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་བ་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཞི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང དག་འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་དེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བཅུ་དྲུག་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཚད་མེད་ཆེ་བའི་ལྷ་རྣམས ཀྱི་ཚེའི་ཚད་ནི་བསྐལ་པ་སུམ་ཅུ་རྩ་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་དགེ་རྒྱས་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་ལྷག་པ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དང་སུམ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ཚེའི ཚང?་ནི་བསྐལ་པ་ལྔ་བརྒྱ་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་གཅིག་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང ཕྲག་གཉིས་ཏེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཤིན་ཏུ་མཐོང་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་བཞི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་བརྒྱད་དོ། །དུས་མ ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་འོག་མིན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་སྟོང་ཕྲག་བཅུ་དྲུག་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ནམ་མཁའ་མཛའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲི་སྟེ། དུས་མ་ཡིན པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་རྣམ་ཤེས་མཛའ་ཡས་སྐྱེ་མཆེད་ཀྱི་ཚེའི་ཚང?་ནི་བསྐལ་པ་བཞི་ཁྲི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཁྲི་སྟེ། དུས་མ་ཡིན་པར་འཆི བ་ནི་ཡོད་དོ། །དགེ་སློང་དག་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་བརྒྱད་ཁྲི་སྟེ། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །དགེ་སློང་དག་མནར་མེད་པའི་སེམས་ཅན་དམྱལ་བ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ མཆེད་ཀྱི་བར་ནི་སྲིད་པའི་མཛའ་ནི་འདི་ཙམ་སྟེ། སྲིད་པར་སྐྱེ་བ་ནི་འདི་ཙམ་སྟེ། འདི་ཙམ་གྱིས་ན་འགྲོ་བ་ལྔར་འཁོར་བའི་སེམས་ཅན་རྣམས་འགྲོ་བ་དང། འོང་བ་དང། གནས་པ་དང། འཆི་འཕོ་དང་སྐྱེ་བ་ཞེས་གདགས་སོ། །དགེ་སློང་དག་སྲིད་པ་དང་སྲིད་པར་སྐྱེ བ་ལ་མངོན་པར་དགའ་བར་མི་བྱའོ། །ཅུང་ཟད་ཙམ་དང་སྐད་ཅིག་ཙམ་དུ་ཡང་སྲིད་པ་མངོན་པར་འགྲུབ་པའི་བསྔགས་པ་ང་མི་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པར་མངོན་པར་འགྲུབ་པ་ནི་སྡུག་བསྔལ་བ་སྟེ། འདི་ལྟ་སྟེ། མི་གཙང་བ་ནི་ཆུང་ཡང་དྲི མི་ཞིམ་པར་གསལ་བ་སྟེ། དགེ་སློང་དག་དེ་བཞིན་དུ་ཅུང་ཟད་ཙམ་མམ་སྐད་ཅིག་ཙམ་དུ་སྲིད་པ་མངོན་པར་འགྲུབ་པའི་བསྔགས་པ་ང་མི་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་འགྲུབ་པ་ནི་སྡུག་བསྔལ་པའི་ཕྱིར་རོ། །བྱིས་པ་སོ་སོའི སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ནི་འགྲོ་བ་ལྔའི་འཁོར་བར་རྒྱུག་སྟེ། མངོན་པར་རྒྱུག་ཅིང་རབ་ཏུ་རྒྱུག་ལ་མི་གྲོལ་ལོ། །ཡང་དང་ཡང་དུ་དམྱལ་བ་དང། ཡང་དང་ཡང་དུ་དུད་འགྲོ་དང། ཡང་དང་ཡང་དུ་ཡི་དགས་དང། ཡང་དང་ཡང་དུ ངན་སོང་ངན་འགྲོར་ལྷུང་ངོ། །དགེ་སློང་དག་དེ་ལྟ་བས་ན་དེའི་ཕྱིར་ཁྱེད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། སྲིད་པ་དང་སྲིད་པ་མངོན་པར་འགྲུབ་པ་བཅད་པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་ སྩལ་པ་དང། དགེ་སློང་དག་དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ངོ། །དགེ་སློང་དག་ཀླུ་ཆེན་པོ་བརྒྱད་པོ་འདི་དག་ནི་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཀླུ་ཆེན་པོ་བརྒྱད་པོ་འདི དག་ནི་བསྐལ་པར་གནས་ཤིང་ས་འཛིན་པ། བྱའི་རྒྱལ་པོ་ནམ་མཁའ་ལྡིང་གིས་མི་རྫི་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཉམས་སུ་མྱོང་བར་བྱེད། སོ་སོར་ཉམས་སུ་མྱོང་བར་བྱེད་པ་སྟེ། དེ་དག་གང་ཞེ་ན། ཀླུའི་རྒྱལ་པོ་དགའ་བོ་དང། ཀླུའི་རྒྱལ་པོ ཉེ་དགའ་བོ་ལ་སོགས་པ་སྟེ། འདི་དག་ནི་མཐུ་དང་རྫུ་འཕྲུལ་རབ་ཏུ་ཆེ་བ་སྟེ། རྒྱ་མཚོ་ལ་བརྟེན་པ་ལྷ་མ་ཡིན་དང་འབབ་པ་ལྷའི་དབང་པོ་བརྒྱ་བྱིན་གྱི་དཔུང་བྱེད་པ་སྟེ། སྟོབས་ཆེ་བ། དུག་ཆེ་བ། གཟི་བརྗིད་ཆེ་བ། བྲང་གིས་འགྲོ་བ། ཐལ་མོའི་ཚུལ སྣ་ཚོགས་པའོ་ཞེས་བཀའ་སྩལ་ཏོ། །ཏིལ་རྫང་ནང་ནས་ལོ་བརྒྱ་ཞིང། །ཏིལ་གཅིག་ཕྱུང་པས་ཟད་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། གོ་རིམ་ལས་ཟློག་པར་ལེའུ་གཉིས་པའི་དེ་མ་ཐག་པའི་མདོ་ལས་ཏེ། དབྱངས་དང་ཚོམས་དང་ལྷ་ཡི་སྒོ།། བྲམ་ཟེ་ཀོ་ཀ་གློག་དང་རྒྱལ། །ཡངས་པ་ཅན་རེག་ཉོན་མོངས་དང། །ཀོ་ཀ་ལི་ཀ་སྲིད་མི་རྟག་ཅེས་འབྱུང་བའི་ཀོ་ཀ་ལི་ཀའི་སྡོམ་གྱི་ཚིགས་སུ་བཅད་པའི་མདོ་ལས་བལྟ་བར་བྱའོ། །ཉི་མ་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནི་ལུང བར་མའི་བདུན་པ་ལས་འདི་སྐད་དུ་འདོན་ཏེ། མཛོད་ཀྱི་གནས་འདི་ཉིད་དུ་སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ་ཞེས་བྱ་བ་དེར་མདོ་ཇི་ལྟ་བ་བཞིན་དུ་ཇི་ལྟར་འདུ་ཤེས་ཐ་དད་པར་བྱེད་པ་བྲིས་ཟིན་ཏོ། །འཇིག་རྟེན་གདགས་པ་ལས་ཀྱང ཚིགས་སུ་བཅད་པ་འདི་ལྟར་འབྱུང་སྟེ། དུས་མཐར་འཚོ་བའི་འཇིག་རྟེན་འདིར། །སྤྲིན་ལས་ཆུ་དག་མི་འབྱུང་སྟེ། །རྩཝ་དང་གེལ་པ་གསོ་ཤིང་ཚོགས། །ཉི་མ་གཅིག་གིས་སྲེག་པར་འགྱུར། །དེ་བཞིན་ཆུ་ཀླུང་ཆུང་ངམ་གྲོག། ཉི་མ་གཉིས་པས་ཉམས་ཤིང་སྐམས།། ཆུ་ཀླུང་ངམ་གྲོག་ཆེན་པོ་དག་། གསུམ་པའི་འབར་བས་བསྲེག་པར་འགྱུར། །ཡིད་འོང་མ་དྲོས་ཞེས་བྱའི་མཚོ། །མི་མ་ཡིན་ལྡན་རྒྱ་ཆེ་བ། །གཙང་བའི་ཆུ་ཡིས་རབ་གང་བ། །ཉི་མ་བཞི་པས་སྐམས་པར་འགྱུར། །འབྱུང་པོ་ཕལ་ཆེན་ཚོགས་ཀྱི་གནས། །རིན་ཆེན་འབྱུང གནས་འཇིགས་སྒྲ་ཅན། །ཉི་མ་བཅུ་ཕྱེད་པས་གདུངས་ཤིང། །མ་ལུས་ཡོངས་སུ་སྐམས་པར་འགྱུར། །ས་དང་རིན་ཆེན་བཞི་རང་བཞིན། །རི་རབ་དྲུག་པས་གདུངས་པ་ལས། །ཤིན་ཏུ་དུ་བ་འཐུལ་བར་འགྱུར། །བདུན་པའི་འོད་ཟེར་འབར་བ་ཡིས། །ཉི་མ་བདུན་པས སྲེགས་པར་འགྱུར། །ས་འཛིན་པ་དང་ས་རྣམས་ནི། །རབ་ཏུ་འབར་བས་བསྲེག་པར་འགྱུར། །དེ་ནས་མེ་འོད་རྣོ་ཞིང་མཐོ། །རེས་འགའ་དེ་ཡི་འོད་དག་གིས། །དམྱལ་བ་དང་ནི་ཡི་དྭགས་སུ། །ཞུགས་ཏེ་རྟག་ཏུ་གདུང་ཞིང་བསྲེག་།སྤྱོད་མེད་ཤིན་ཏུ་འོད་ཟེར་རྣོ།། གཟི་བརྗིད་ཆེན་པོ་དང་ལྡན་པ། །རྟག་ཏུ་གདུངས་པས་ཉམས་བྱེད་པའི། །རྐུན་མའི་དཔོན་པོ་བདུན་ཞེས་གྲག་།འདོད་ཆགས་གཞལ་ཡས་ཁང་རྣམས་དང། །འདོད་པའི་རྣམ་པ་ཀུན་ལྡན་པའི། །ལྷ་མ་ཡིན་གྱི་གནས་རྣམས་དང། །ཤིན་དུ་ཡི་འོང་འདོད་ལྷའི་ཚོགས ཚངས་དང་བཅས་པའང་སྲེག་པར་འགྱུར། །རི་རབ་དང་ནི་ས་ཆེན་དང། །ལྷ་གནས་ཟད་ཅིང་འགྱུར་ཤེས་ནས། །བློ་ལྡན་དམ་པ་འཕགས་རྣམས་བློ། །ཐར་པའི་གནས་ལ་རྟག་འཇུག་གིས། །མདོ་ལས་ནི་གཙོ་བོ་སྨོས་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ ལྡན་པའི་མདོ་གཉིས་པ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཇི་ལྟ་བུའི་རང་བཞིན་ཅན་གྱི་འཁོར་ལོ་རིན་པོ་ཆེ་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེ་ན། དགེ་སློང ངག་འདི་ན་རྒྱལ་པོ་རྒྱ་ལ་རིགས་སྤྱི་བོས་ནས་དབང་བསྐུར་བ་དེ་ཚེས་བཅོ་ལྔའི་ཉིན་པར་མགོ་བོས་ཁྲུས་བྱས་ཤིང་གསོ་སྦྱོང་ལ་གནས་ཏེ། ཁང་ཐོག་དུ་སོང་སྟེ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོད་ཅིང་འདུག་པ་ན། ཤར་ཕྱོགས་ནས་འཁོར་ལོ རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ལྟེ་བ་དང་མུ་ཁྱུང་དང་བཅས་པ་རྣམ་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། མཛེས་པ། བཟོ་བོས་མ་བྱས་པ། ལྷ་རྫས་ཐམས་ཅད་པ། གསེར་གྱི་རང་བཞིན་འབྱུང་བར་འགྱུར་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང བསྐུར་བ་ཚེས་བཅོ་ལྔའི་ཉིན་པར་མགོ་བོ་ཁྲུས་བྱས་ཏེ། གསོ་སྦྱོང་ལ་གནས་ཤིན་ཁང་ཐོག་ཏུ་སོང་སྟེ་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་འདུག་པ་ན། ཤར་ཕྱོགས་ནས་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལྟེ་བ་དང་མུ་ཁུང་དང་བཅས པ་རྣམ་པ་ཐམས་ཅད་རྫོགས་པ་མཛེས་པ་བཟོ་བོས་མ་བྱས་པ། ལྷ་རྫས་ཐམས་ཅད་པ་གསེར་གྱི་རང་བཞིན་དུ་འབྱུང་བར་འགྱུར་རོ་ཞེས་ཐོས་ནས་དེ་ནས་འཁོར་ལོ་སྒྱུར་བའི་རྒྱལ་པོ་འདི་སྙམ་དུ་ཅི་བདག་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡིན ནམ་ཞེས། ངེས་འཁོར་ལོ་སྒྱུར་བའི་རྒྱལ་པོ་བརྟག་པར་འདོད་དམ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཉིས་ཀྱིས་འཁོར་ལོ་རིན་པོ་ཆེ་ལེགས་པར་བླངས་ཏེ། ལག པ་གཡོན་པར་བཞག་སྟེ། ལག་པ་གསུམ་པས་འཁོར་ལོ་སྒྱུར་ཞིང་འདི་སྐད་སྨྲས་ཏེ། འཁོར་ལོ་རིན་པོ་ཆེ་བཟང་པོ་འདིས་སྔོན་གྱི་འཁོར་ལོ་སྒྱུར་བའི་ལམ་ལས་རྒྱལ་ཞིང་རྣམ་པར་རྒྱལ་བར་བྱེད་པར་གྱུར་ཅིག་ཅེས་སྨྲའོ། །དེ་ནས་འཁོར ལོ་རིན་པོ་ཆེ་དང་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཤར་ཕྱོགས་སུ་སྟེང་གི་ནམ་མཁའ་ལ་འཁོར་ལོ་རིན་པོ་ཆེས་མདུན་དུ་ལམ་དྲང་སྟེ་མངོན་པར་འཕགས་ཏེ་འགྲོ་བར་འགྱུར་རོ། །འཁོར་ལོ་སྒྱུར་བའི་རྒྱལ་པོ་འཁོར་ལོ་རིན་པོ་ཆེ་དང་ལྷན་ཅིག་དཔུང་གི་ཚོགས་ཡན ལག་བཞི་དང་འགྲོ་བ་ན་འཁོར་ལོ་རིན་པོ་ཆེ་གང་དུ་གནས་པ་དེར་འཁོར་ལོ་སྒྱུར་བའི་རྒྱལ་པོ་དཔུང་གེ་ཚོགས་ཡན་ལག་བཞི་དང་བཅས་པ་གནས་པར་བྱེད་དོ། ། །།ཁམས་མང་པོ་པའི་མདོ་ལས་ཇི་སྐད་བཤད་པ་ལྟ་བུ་སྟེ། གང་སྔ་ཕྱི མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེན་གྱི་ཁམས་གཅིག་ཏུ་འབྱུང་བ་འདི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གཅིག་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །གང་སྔ་ཕྱི་མེད་པར གླིང་གཅིག་ཏུ་འཁོར་ལོ་སྒྱར་བའི་རྒྱལ་པོ་གཉིས་འབྱུང་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གཅིག་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ་ཞེས་འབྱུང་བ་མེད་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་ལུང་རིང་པོའི་བདུན་པའི་མདོ་ལས་འདོན པ་ལྟ་བུ་སྟེ། མཛོད་ཀྱི་གནས་དང་པོར་ཕྱག་འཚལ་བའི་ཚིགས་སུ་བཅད་པ་འདི་ལྟར་དེ་དག་ལས་སངས་རྒྱས་ཀྱི་ཆོས་དང་ཞེས་བྱ་བ་དེར་བྲིས་པར་བལྟ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚངས་པའི་མདོ་ལས་ཞེས་བྱ་བ་ལ། ཏིང་ངེ་འཛིན་དང ཡང་དག་པར་ལྡན་པའི་མདོ་དྲུག་པ་ལས། དེ་ནས་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གྲོགས་པོ་དགེ་སྦྱོང་ངམ་བྲམ་ཟེ་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་གང་དེ་དག་གི་ནང་དུ་ཡང་དག་འཇོག་ཀྱང་ཁྱེད་ཅག་གི་ཚེ་དང་མཉམ་པ དག་བྱུང་སྟེ། དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ནི་ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བའི་བློ་ཅན། ངེས་པར་འབྱུང་བ་མ་ཡིན་པ་ལ་ཡང་ངེས་པར་འབྱུང་བ་མ་ཡིན་པའི་བློ་ཅན་ཏེ། དེ་དེ་ཙམ་དུ་ངེས་པར་འབྱུང་བ་ཤེས་ཤིང་མཐོང་བའི་གནས་ཏེ་ཡོད་དོ། ། གྲོགས་པོ་ཁྱེད་ནི་ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བ་མ་ཡིན་པའི་འདུ་ཤེས་ཅན། ངེས་པར་འབྱུང་བ་མ་ཡིན་པ་ལ་ངེས་པར་འབྱུང་བའི་འདུ་ཤེས་ཅན་ཏེ། ཁྱེད་ནི་ངེས་པར་འབྱུང་བ་ཤེས་པ་འམ་མཐོང་བའི་གནས་མེད་དོ། །ཡང གྲོགས་པོ་ཁྱེད་ནི་ས་ལ་མངོན་པར་དགའ་བ། ས་ལ་བསྔགས་པ། ངའི་ཉེ་བར་གནས་པ། དངོས་པོ་ལ་ཉེ་བར་གནས་པ། ངའི་ཇི་ལྟར་འདོད་པ་བཞིན་བྱེད་པ། ས་དང་ཆུ་དང་མེ་དང་རླུང་དང་ས་གཞི་དང་ལྷ་དང་སྐྱེ་དགུའི་བདག་པོ་དང་ཚངས་པ་ལ་མངོན པར་དགའ་བ་ཚངས་པས་བསྔགས་པ། ཉེ་བར་གནས་པ། དངོས་པོ་ལ་ཉེ་བར་གནས་པ། ཇི་ལྟར་འདོད་པ་བཞིན་བྱ་བའོ། །ཚངས་པ་དེ་བཞིན་ནོ། །དངོས་པོ་བདུན་པོ་དེ་དག་གང་ཡང་རུང་བ་ཞིག་བདག་གི་གྲངས་སུ་འགྲོ་འམ། དེར་མ་འགྱུར་བ་འམ། དེ་དང འདྲ་བར་རྒྱུར་བ་འམ། དེ་ལྟ་བུར་གྱུར་རམ། ཚངས་པ་ངས་ནི་བརྒྱད་པོ་དེ་དག་དང་ཁྱོད་འཁོར་དང་བཅས་པ་ཡོངས་སུ་ཤེས་སོ། །ཁྱོད་འདི་ལྟ་བུ་རྫུ་འཕྲུལ་དང་ལྡན་པའོ་ཞེས་རིག་གོ་།ཇི་ལྟར་གྲོགས་པོ་ཁྱོད་ཀྱིས་བརྒྱད་པོ་དེ་དག་དང་བདག་འཁོར་དང བཅས་པ་ཡོངས་སུ་ཤེས་སམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཇི་སྲིད་ཉི་མ་མུན་འཕྲོག་ཅིག་།ཕྱོགས་རབ་སྣང་བར་བྱེད་ཀྱི་བར། །དེ་སྲིད་སྟོང་གི་འཇིག་རྟེན་ལ། །ཇི་ལྟར་དབང་སྒྱུར་རབ ཏུ་བྱེད། །མཆོག་དང་མཆོག་མིན་རབ་ཏུ་ཤེས། །འདོད་ཆགས་བྲལ་དང་བྲལ་མིན་མིན། །འདི་ལྟའི་དངོས་པོ་འམ་དངོས་པོ་གཞན། །ཚངས་པ་ཁྱོད་ཀྱིས་ཉམས་སུ་མྱོང། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་བདག་ཉིད་ཀྱི་དབང་དུ་བྱས་ཏེ་ཚིགས་སུ་བཅད པ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཇི་སྲིད་ཉི་མ་མུན་སྲོག་ཅིང། །ཕྱོགས་རབ་སྣང་བར་བྱེད་ཀྱི་བར། །དེ་སྲིད་སྟོང་གི་འཇིག་རྟེན་ལ། །བདག་ནི་དབང་རབ་སྒྱུར་བྱེད་ལ། །མཆོག་དང་མཆོག་མིན་རབ་མཁྱེན་ཅིང། །འདོད་ཆགས་བྲལ་དང་བྲལ་མིན་མཁྱེན།། འདི་ལྟའི་དངོས་པོ་འམ་དངོས་པོ་གཞན། །ཚངས་པ་ང་ཡིས་ཉམས་སུ་མྱོང། །མདོ་ལས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ་རྒྱས་པ་དང་ཡང་དག་པར་ལྡན་པའི་མདོ་དང་པོ་དང་གཉིས་པའི་མདོ་དང་པོ་ལས་ཏེ། གླེང་གཞི་ནི་མཉན་དུ་ཡེད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས དགེ་སློང་རྣམས་ལ་པོས་ཏེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་རིན་པོ་ཆེ་སྣ་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བདུན་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ དང། ཁྱིམ་བདག་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། དམག་དཔོན་རིན་པོ་ཆེ་ནི་བདུན་པ་སྟེ། དགེ་སློང་དག་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་རབ་ཏུ་འབྱུང་བ་ན་རིན་པོ་ཆེ་བདུན་པོ་དེ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་སློང་དག་དེ་བཞིན དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་བྱུང་ན་བྱང་ཆུབ་ཀྱི་ཡན་ལག་བདུན་འཇིག་རྟེན་དུ་རབ་ཏུ་འབྱུང་བར་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན ལག་དང། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང། བརྩོན་འགྲུས་དང། དགའ་བ་དང། ཤིན་ཏུ་སྦྱངས་པ་དང། བཏང་སྙོམས་དང། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་ནི་བདུན་པ་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས རྣམས་འཇིག་རྟེན་དུ་འབྱུང་བ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དེ་དག་འཇིག་རྟེན་དུ་རབ་ཏུ་འབྱུང་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །གཞན་ཡང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཏེ། འདི་ལྟ་སྟེ། སངས་རྒྱས་བཞིན་ནོ་ཞེས་བྱ་བ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པའི་མདོ་གསུམ་པ་དང་བཞི་པ་ལས་འབྱུང་བ་མཛོད་ཀྱི་གནས་འདི་ཉིད་ཀྱི་སྲིད་པ་བར་མའི་རྣམ་པར་བཤད་པ་མཚན་དཔེ་བྱད་དང་བཅས་པ་ཞེས་བྱ་བར་བྲིས་ཟིན་ཏོ། ། །།སྔར་བྱུང་སེམས་ཅན་གཟུགས ཅན་བཞིན་ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན་ཡོད་ན་རི་དྭགས་དགྲའི་མའི་ཀུན་དགའ་ར་བ་ན་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པའི་གནས་འཇོག་དང་བ་ར་དྷཝ་ཛ་གཉིས་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་ལངས་ཏེ། བསིལ་ཁང་ནས་བབས་ཏེ་བསིལ་ཁང་གི་གྲིབ་མ་ཞིག་ལ་འཆག་ཅིང་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་གནས་འཇོག་གིས་བཅོམ་ལྡན་འདས་དགོངས་ཀ་བསིལ་ཁང་ནས་བབས ཏེ། བསིལ་ཁང་གི་གྲིབ་མ་ལ་གཅིག་པུ་འཆག་ཅིང་བཞུགས་པ་མཐོང་ངོ། །མཐོང་ནས་ཚེ་དང་ལྡན་པ་བ་ར་དྷཝ་ཛ་ལ་འདི་སྐད་ཅེས་སྨྲས་ཏེ། ཚེ་དང་ལྡན་པ་བཅོམ་ལྡན་འདས་དགོངས་ཀྱི་དུས་ན་བསིལ་ཁང་ནས་བབས་ཏེ་བསིལ་ཁང་གི་གྲིབ མ་ལ་གཅིག་པུ་འཆག་ཅིང་བཞུགས་པ་ཤེས་སམ། བདག་ཅག་བཅོམ་ལྡན་འདས་འཆག་ཅིང་གང་ན་བཞུགས་པ་དེར་བཅོམ་ལྡན་འདས་ལས་ཅུང་ཟད་ཅིག་ཆོས་ཟབ་མོ་རབ་ཏུ་སྣང་བ་ཉན་པའི་རྙེད་པ་ཐོབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ གནས་འཇོག་དང་ཚེ་དང་ལྡན་པ་བ་ར་དྷཝ་ཛ་གཉིས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་དང་ལྷན་ཅིག་འཆག་ཅིང་འགུག་གོ། དེ་ནས བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་བ་ཤེས་ཐ་ལ་བོས་ཏེ། ཁྱེད་ཅག་བྲམ་ཟེ་གནས་འཇོག་དང་བ་ར་དྷཝ་ཛ་གཉིས་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ཏེ་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ མེད་པར་རབ་ཏུ་བྱུང་ངམ། བྲམ་ཟེ་ཁ་ཅིག་འདི་ལྟར་ཡིད་དུ་མི་འོང་བ་མི་དགའ་བ་འབའ་ཞིག་ཡོངས་སུ་རྫོགས་པས་རྣམ་པར་སྨད་པས་རྣམ་པར་སྨོད་པར་བྱེད་དམ། བཙུན་པ་དེ་བཞིན་ཏེ། བྲམ་ཟེ་དག་ཡིད་དུ་མི་འོང་བ་མི་དགའ་བ་འབའ་ཞིག ཡོངས་སུ་རྫོགས་པས་རྣམ་པར་སྨོད་པས་རྣམ་པར་སྨོད་པར་བྱེད་དོ། །ཇི་ལྟར་ཁྱོད་ཅག་བྲམ་ཟེ་གཞོན་ནུ་གནས་འཇོག་དང་བ་ར་དྷཝ་ཛ་གཉིས་ལ་ཡིད་དུ་མི་འོང་ཞིང་མི་དགའ་བ་འབའ་ཞིག་ཡོངས་སུ་རྫོགས་པས་རྣམ་པར་སྨོད་པས་རྣམ་པར་སྨོད་པར་བྱེད། བཙུན་པ་བྲམ་ཟེ་རྣམས་བདག་ཅག་ལ་འདི་སྐད་དུ་སྨྲ་སྟེ། བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ། རིགས་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ནི་རིགས་དཀར་བ་སྟེ། རིགས་གཞན་ནི་གནག་པའོ། །བྲམ་ཟེ་རྣམས་ནི་ཚངས་པའི་བུ་སྟེ། ལྟོ་བ་ལས་སྐྱེས་པ། ཁ་ལས་སྐྱེས་པ། ཚངས་པ་ལས་སྐྱེས་པ། ཚངས་པས་སྤྲུལ་པ་ཚངས་པས་བྱིན་པ་ལས་ཁྱེད་ཅག་རིགས་མཆོག་གཏང་ནས་རིགས་དམན་པ་དག་ལེན་པར་བྱེད་དམ། དཀར་པོའི་རིགས་གཏང་སྟེ། ནག་པོའི་རིགས་ལེན་པར་བྱེད་དམ། གང་གིས ཕྱིར་ད་ལྟར་ཁྱེད་ཅག་དགེ་སྦྱོང་མགོ་རེག་སྡིག་པའི་གྲོགས་པོ་སྐྱེ་དགུའི་བདག་པོ་མ་ཡིན་པ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་བ་ནི་མ་ལེགས་ཤིང་མ་རུང་སྟེ། ཤེས་རབ་ཆེར་ཉམས་སོ་ཞེས་བཙུན་པ་འདི་ལྟ་བུའི་ངོ་བོ་ཡིད་དུ་མི་འོང་ཞིང་མི་དགའ་ བ་འབའ་ཞིག་ཡོངས་སུ་རྫོགས་པས་རྣམ་པར་སྨོད་པས་རྣམ་པར་སྨོད་པར་བྱེད་དོ། །གནས་འཇོག་བྲམ་ཟེ་རྣམས་ཀྱི་གང་སྨྲས་པ་དེ་ནི་མི་བདེན་པ་སོ་སོར་མ་བརྟགས་པར་སྨྲ་བ་སྟེ། ཇི་ལྟར་བྱིས་པ་རྨོངས་པ་རྣམས་འདི་སྐད་དུ་སྨྲ་སྟེ། བྲམ་ཟེ རྣམས་ནི་རིགས་མཆོག་སྟེ། གཞན་ནི་རིགས་དམན་པའོ། །བྲམ་ཟེ་རྣམས་ཀྱི་རིགས་དཀར་བ་སྟེ། གཞན་ནི་རིགས་གནག་པའོ། །བྲམ་ཟེ་རྣམས་ནི་དག་པར་བྱེད་པ། བྲམ་ཟེ་རྣམས་ཚངས་པའི་བུ་སྟེ་ཁ་ལས་སྐྱེས་པ་ལྟོ་ལས་སྐྱེས་པ་ཚངས་པ་ལས སྐྱེས་པ་ཚངས་པས་བྱིན་པའོ་ཞེས་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། གནས་འཇོག་འདི་ལྟར་བྲམ་ཟེ་རྣམས་བག་མ་ལེན་པ་དང། བག་མ་གཏོང་བ་ལ་དང། སྦྲུམ་པ་དང། བཙའ་བ་དང། འོ་མ་མཐུན་པ་དང་བྲམ་ཟེ་ལས་སྐྱེས་པ་མཐོང་ཞིང འདི་ལྟར་མངལ་ནས་སྐྱེས་པར་མཐོང་བཞིན་དུ་རྫུན་དུ་སྨྲ་བ་སྟེ། མི་བདེན་པ་བརྗོད་བྱ་མ་ཡིན་པ་རྫུན་དུ་སྨྲ་བ་འདི་སྐད་དུ་བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ། རིགས་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ཀྱི་རིགས་ནི་དཀར བ་སྟེ། རིགས་གཞན་ནི་ནག་པའོ། །བྲམ་ཟེ་རྣམས་ཚངས་པས་བྱིན་པ་ཞེས་སྨྲའོ། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྗེ་རུ་རིགས་དང་དམངས་རིགས་དག་ལུས་ཀྱི་ཉེས་པར་སྤྱོད་པ་དང། དག་གི་ཉེས་པར་སྤྱོད་པ་དང། ཡིད་ཀྱི་ཉེས་པར་སྤྱོད པར་བྱེད་ལ་འོན་ཏེ་བྲམ་ཟེ་རྣམས་མ་ཡིན་ནམ། བཙུན་པ་བྲམ་ཟེ་དང་དམངས་རིགས་དང་རྗེའུ་རིགས་དག་ཀྱང་ལུས་ཀྱི་ཉེས་པར་སྤྱོད་པ་དང། དག་གི་ཉེས་པར་སྤྱོད་པ་དང། ཡིད་ཀྱི་ཉེས་པར་སྤྱོ་པ་དག་སྤྱོད་པར་བགྱིད་དོ། །གནས་འཇོག ཇི་སྙམ་དུ་སེམས། བྲམ་ཟེ་རྣམས་ལུས་ཀྱིས་ལེགས་པར་སྤྱད་པ་དང། ངག་གིས་ལེགས་པར་སྤྱད་པ་དང། ཡིད་ཀྱིས་ལེགས་པར་སྤྱད་པར་སྤྱོད་ཅིང་འོན་ཏེ་རྗེའུ་རིགས་དང། དམངས་རིགས་དག་མ་ཡིན་ནམ། བཙུན་པ་བྲམ་ཟེ་རྣམས ལུས་ཀྱི་ལེགས་པར་སྤྱད་པ་སྤྱོད་ཅིང་དག་གི་ལེགས་པར་སྤྱད་པ་དང་ཡིད་ཀྱི་ལེགས་པར་སྤྱད་པ་སྤྱོད་ལ་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྗེའུ་རིགས་དང་དམངས་རིགས་དག་ལུས ཀ་ཡི་ཉེས་པར་སྤྱད་པ་སྤྱོད་ཅིང་དག་གི་ཉེས་པར་སྤྱད་པ་དང་ཡིད་ཀྱི་ཉེས་པར་སྤྱད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱི་ལུས་ཞིག་སྟེ་ཤི་བའི་རྐྱེན་གྱི་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཞིང་བྲམ་ཟེ་རྣམས་མ ཡིན་ནམ། འོན་ཏེ་བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་དག་ཀྱང་ལུས་ཀྱི་ཉེས་པར་སྤྱད་པ་སྤྱོད། དག་གི་ཉེས་པར་སྤྱད་པ་དང། ཡིད་ཀྱི་ཉེས་པར་སྤྱད་པ་སྤྱད་ནས་ལུས ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གནས་འཇོག་དེ་ཇི་སྙམ་དུ་སེམས་བྲམ་ཟེ་རྣམས་ལུས་ཀྱི་ལེགས་པར་སྤྱད་པ་སྤྱད་ཅིང་ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་སྤྱད་ནས་དེའི རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞིང་རྗེའུ་རིགས་དང་དམངས་རིགས་དག་མ་ཡིན་ནམ། འོན་ཏེ་རྗེའུ་རིགས་དང་དམངས་རིགས་ཀྱང་ཡིན་བཙུན་པ་བྲམ་ཟེ་དང་རྗེའི་རིགས དད་དམངས་རིགས་རྣམས་ཀྱང་ལུས་ཀྱི་ལེགས་པར་སྤྱད་པ་སྤྱད་ཅིང། ངག་དང་ཡིད་ཀྱི་ལེགས་པར་སྤྱད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །གནས འཇོག་དེ་ཇི་སྙམ་དུ་སེམས་རྗེའུ་རིགས་དང་དམངས་རིགས་དག་བརྣབ་སེམས་དང། གནོད་སེམས་དང། རྨུགས་པ་དང་གཉིད་དང། རྒོད་པ་དང་འགྱོད་པ་དང། ཐེ་རྩོམ་རྣམས་དང་ལྡན་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ ཟེ་རྣམས་ཀྱང་ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་བརྣབ་སེམས་དང། གནོད་སེམས་དང། རྨུགས་པ་དང་གཉིད་དང། རྒོད་པ་དང་འགྱོད་པ་དང། ཐེ་ཚོམ་རྣམས་དང་ལྡན་ནོ། །གནས་འཇོག་དེ་ཇི་སྙམ་དུ་སེམས བྲམ་ཟེ་རྣམས་ལ་བརྣབ་སེམས་མེད་ཅིང་གནོད་སེམས་དང། རྨུགས་པ་དང་གཉིད་དང། རྒོད་པ་དང་འགྱོད་པ་དང། ཐེ་ཚོམ་རྣམས་མེད་ཅིང་རྗེའུ་རིགས་དང་དམངས་རིགས་དག་མ་ཡིན་ནམ། འོན་ཏེ་རྗེ་རུ་རིགས་དང་དམངས་རིགས་རྣམས་ཀྱང་ཡིན ནམ་བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་བརྣབ་སེམས་མེད་པ་དང། གནོད་སེམས་དང། རྨུགས་པ་དང། གཉིད་དང། རྒོད་པ་དང་འགྱོད་པ་དང། ཐེ་ཚོམ་མེད་པ་དང་ལྡན་ནོ། །བ་སེ་སྠ་དེ་ཇི་སྙམ་དུ་སེམས། དམངས་རིགས་རྣམས་ལུས་ཀྱིས་བྱེད་ཅིང་ངག་དང་ཡིད་ཀྱིས་གཉིས་བྱེད་ཅིང་ངག་དང་ཡིད་ཀྱི་གཉིས་བྱེད་ལ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ཞིང་བྲམ་ཟེ་རྣམས་མ་ཡིན་ནམ། འོན་ཏེ་བྲམ་ཟེ་རྣམས་ཀྱང ཡིན། བཙུན་པ་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་རྣམས་ཀྱང་ལུས་ཀྱིས་གཉིས་བྱེད་ཅིང་ངག་དང་ཡིད་ཀྱིས་གཉིས་བྱེད་ལ་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་ངོ། །གནས་འཇོག་འདི་ལྟ་བུའི་རང་བཞིན་སྡིག་པ་མི་བདེ་བའི་ཆོས རྣམ་པ་དུ་མ་ཡིན་པ་དེ་དག་དང་རྗེའུ་རིགས་དང་དམངས་རིགས་དག་དང་ལྡན་ཞིང་བྲམ་ཟེ་རྣམས་མ་ཡིན་པ་དང། གང་ངས་དགེ་བའི་ཆོས་རྣམ་པ་མང་པོ་ཡོངས་སུ་བཤད་པ་དེ་དག་ལས་ཆ་ཙམ་དང་བྲམ་ཟེ་རྣམས་ལྡན་ཞིང་རྗེའུ་རིགས དང་དམངས་རིགས་དག་མ་ཡིན་ན། བྲམ་ཟེ་རྣམས་ཀྱི་རིགས་ནི་མཆོག་སྟེ་གཞན་ནི་དམན་པའོ། །བྲམ་ཟེ་རྣམས་ཀྱི་རིགས་ནི་དཀར་བ་སྟེ་གཞན་ནི་རིགས་ནག་པའོ། །བྲམ་ཟེ་རྣམས་ནི་དག་པར་བྱེད་པ་ཚངས་པའི་བུ་སྟེ་ཁ་ལས་སྐྱེས པ་སྐྱེ་བ་ལས་སྐྱེས་པ་ཚངས་པས་བྱིན་པའོ། །ཞེས་བརྗོད་པ་ལེགས་པར་འགྱུར་ན། གནས་འཇོག་གང་བྲམ་ཟེ་རྣམས་ནི་ཚངས་པའི་བུ་སྟེ་ཁ་ལས་སྐྱེས་པ་སྙིང་ལས་སྐྱེས་པ་ཚངས་པ་ལས་སྐྱེས་པས་ཚངས་པས་སྤྲུལ་པ་ཚངས་པས་བྱིན་པའོ་ཞེས་ཡང དག་པར་སྨྲ་བ་དེ་ནི་ང་ལ་ཡང་དག་པར་སྨྲ་བས་ཡང་དག་པར་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དགས་ཏེ། འདི་ལྟར་ཚངས་པ་ཞི་ཞིང་བསིལ་བར གྱུར་པ་ཞེས་བྱ་བ་ལ་སོགས་པའོ། །གནས་འཇོག་ཇི་སྙམ་དུ་སེམས་དེ་ལ་བྲམ་ཟེ་རྣམས་བག་མ་ལེན་པ་དང་གཏོང་བར་གདགས་པ་དང། ཆུ་དང་སྔགས་དང་བསམ་གཏན་དག་བྱ་བར་འོས་པ་ཡིན་ནམ། བཙུན་པ་བྲམ་ཟེ་རྣམས་བག མ་ལེན་པ་དང་གཏོང་བ་དང་ཆུ་དང་ཆུ་སྔགས་དང་བསམ་གཏན་དག་བྱ་བར་འོས་པ་ཡིན་ནོ། །གནས་འཇོག་གང་ལས་བག་མ་ལེན་པ་དང་གཏོང་བར་གདགས་པ་ཤེས་ཤིང་རིགས་སུ་སྨྲ་བ་དང་རུས་སུ་སྨྲ་བ་དང་ལང་ཚོར་སྨྲ་བ་ཡང་ཤེས་སམ། གནས་འཇོག སེམས་ཅན་གང་རིས་སུ་སྨྲ་བས་བཅིངས་པ་དང། རྩོད་པར་སྨྲ་བས་བཅིངས་པ་དག་བླ་ན་མེད་པའི་རིག་པ་དང་རྐང་པར་ལྡན་པ་མངོན་དུ་བྱས་པ་དང་མངོན་དུ་བྱེད་པར་མི་རིགས་སོ། །གནས་འཇོག་རིགས་སུ་སྨྲ་བ་དང་ལང་ཚོར་སྨྲ་བ་བཏང་སྟེ། བླ་ན་མེད པའི་རིགས་པ་དང་རྐང་པར་ལྡན་པ་མངོན་དུ་བྱས་ཤིང་མངོན་དུ་བྱེད་པར་འགྱུར་རོ། །གནས་འཇོག་འདི་ཇི་སྙམ་དུ་སེམས། རྒྱལ་པོ་གསལ་རྒྱལ་ལ་ཀོ་ས་ལ་བ་རྣམས་ཀྱིས་མངོན་པར་དགའ་བར་བྱས་ཤིང་བསྙེན་བཀུར་དང་ཕྱག་བྱ་ཞིང་ཐལ་མོ་སྦྱར་བར བྱེད་དམ། བཙུན་པ་དེ་དེ་བཞིན་ཏེ། རྒྱལ་པོ་གསལ་རྒྱལ་སྡེ་རབ་ཏུ་ཕམ་བྱེད་ལ་ཀོ་ས་ལ་བ་རྣམས་ཀྱིས་མངོན་པར་དགའ་བར་བྱ་ཞིང་བསྙེན་བཀུར་བ་དང་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་བྱེད་དོ། །བ་སེ་སྠ་འདི་ཇི་སྙམ་དུ་སེམས། ཀོ་ས་ལའི རྒྱལ་པོ་གསལ་རྒྱལ་དེ་བཞིན་གཤེགས་པ་ལ་མངོན་པར་དགའ་བ་དང་བསྙེན་བཀུར་བ་དང་ཐལ་མོ་སྦྱར་ཞིང་ཕྱག་འཚལ་བར་བྱེད་དམ། བཙུན་པ་དེ་དེ་བཞིན་ཏེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ལ་གུས་ཞིང་རབ་ཏུ་གུས་པར་བྱེད་དོ།། གནས་འཇོག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་དེ་བཞིན་གཤེགས་པ་ལ་གུས་པ་གུས་པར་འཇུག་པ་མ་ཡིན་གྱི། འདི་ལྟར་དགེ་སྦྱོང་གོའུ་ཏ་མ་ནི་རིགས་མཐོན་པོ་བདག་ནི་རིགས་དམའ་བ། དགེ་སྦྱོང་གཽའུ་ཏ་མ་ནི་གྲགས་པ་ཆེ་བ་བདག་ནི་གྲགས པ་ཆུང་བ། དགེ་སྦྱོང་གཽའུ་ཏ་མ་ནི་ནུས་པ་ཆེ་བ། བདག་ནི་ནུས་པ་ཆུང་བ། དགེ་སྦྱོང་གཽའུ་ཏ་མ་ནི་ལོངས་སྤྱོད་ཆེ་བ། བདག་ནི་ལོངས་སྤྱོད་ཆུང་བ་ཞེས་མ་ཡིན་གྱི། འོན་ཀྱང་ཆོས་ཉིད་དེ་ལ་དེ་བཞིན་གཤེགས་པ་ལ་ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ ཕམ་བྱེད་བསྙེན་བཀུར་ཞིང་བླ་མར་བྱེད་མཆོད་པར་བྱེད་དེ་གུས་པ་བས་ཀྱང་གུས་པར་འཇུག་གོ་། གནས་འཇོག་དཀྱིལ་འཁོར་གསུམ་པོ་འདི་དག་ནི་འབྲེས་ཤིང་རབ་ཏུ་འདྲེས་པ་སྟེ། གལ་ཏེ་དགེ་བ་དང་མི་དགེ་བའི ཆོས་སེམས་ཅན་རྣམས་མངོན་པའི་ང་རྒྱལ་མེད་པ་འདི་ལྟ་སྟེ་མི་ཉིད་དོ། །གསུམ་གང་ཞེ་ན། རྒྱལ་རིགས་ཀྱི་དཀྱིལ་འཁོར་དང། བྲམ་ཟེའི་དཀྱིལ་འཁོར་དང། རྗེ་རིགས་ཀྱི་དཀྱིལ་འཁོར་ཏེ། གནས་འཇོག་རྒྱལ་རིགས་ཀྱི་དཀྱིལ་འཁོར། གྱི་ཐོག་མར་བྱུང་བ་གང་ཞེ་ན། གནས་འཇོག་གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་ཡོད་དོ། །འཇིག་རྟེན་འདི་འཇིག་པར་གྱུར་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིགས་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ན་དེ་དག་གཟུགས ཅན་ཡིད་ལས་བྱུང་བ། དབང་པོ་མ་ཉམས་ཤིང་ཚང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་རྫོགས་པ། མཛེས་ཤིང་ཁ་དོག་དང་ལྡན་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་ཅན། ཚེ་རིང་ཞིང་ཡུན་རིང དུ་གནས་པ་དག་སྟེ། དེའི་དུས་ན་ས་ཆེན་པོ་འདི་ཆུས་གང་ཞིང་རྒྱ་མཚོ་དང་ཆུའི་རང་བཞིན་གཅིག་ཏུ་འགྱུར་རོ། །ས་ཆེན་པོ་འདི་རྒྱ་མཚོ་གཅིག་དུ་གྱུར་པའི་སྟེང་དུ་རླུང་གིས་མཁྲང?་ཞིང་སྤྲིས་མ་ལྟ་བུར་གྱུར་ཏེ། འདི་ལྟ་སྟེ་འོ་མ་སྐོལ་བ་བསིལ མོར་གྱུར་པ་ན་སྟེང་དུ་རླུང་གིས་སྤྲིས་མ་མཁྲང་པོར་གྱུར་པ་ལྟ་བུ་སྟེ། དེ་བཞིན་དུ་ས་ཆེན་པོ་རྒྱ་མཚོ་དང་ཆུའི་རང་བཞིན་དུ་གྱུར་པའི་སྟེང་དུ་རླུང་གིས་མཁྲང་ཞིང་སྤྲིས་མ་ལྟ་བུར་གྱུར་ཏེ། དེ་ནས་ས་ཆེན་པོ་འདི་ཁ་དོག་ཕུན་སུམ་ཚོགས བ་དྲི་དང་རོ་ཕུན་སུམ་ཚོགས་པ། འདི་ལྟ་བུའི་ཁ་དོག་དང་གཟུགས་དང་ལྡན་པ་སྟེ། འདི་ལྟ་སྟེ། སྤྲང་མའི་སྦྲང་རྩི་མ་སྐོལ་བ་ལྟ་བུའོ། །གནས་འཇོག་འཇིག་རྟེན་འདི་ཆགས་པ་ན་འཇིག་རྟེན་འདིར་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན ཚེ་ཟད་ལས་ཟད་བསོད་ནམས་ཟད་པ་ཁ་ཅིག་དེ་ནས་ཤི་འཕོས་ཏེ་མི་རྣམས་དང་སྐལ་པ་མཉམ་པ་ཉིད་དུ་འོད་པར་འགྱུར་རོ། །གཟུགས་ཅན་ཡིད་ལས་བྱུང་བ་དབང་པོ་ཚང་ཞིང་མ་ཉམས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། མཛེས་ཤིང་ཁ་དོག་དང་ལྡན པ་རང་གི་འོད་ཅན་ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་དག་གོ་།དེའི་དུས་ན་ཉི་མ་དང་ཟླ་པ་འཇིག་རྟེན་དུ་རབ་ཏུ་མ་བྱུང་སྟེ། རྒྱུ་སྐར་དང། སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་དང། ཉིན་ཞག་དང། ཟླ་བ་ཕྱེད་དང། ཟླ་བ་དང། ལོ་དག་འཇིག་རྟེན་དུ་མ་བྱུང་ཞིང་སྐྱེས་པ་དང་བུད་མེད་དུ་གདགས་པ་ཡང་མེད་དོ། །གཞན་དུ་ན་སེམས་ཅན་ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ན་སེམས་ཅན་བསྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་སོར་མོའི་རྩེ་མོས དེའི་རོ་མྱངས་སོ། །ཇི་ལྟ་ཇི་ལྟར་རོ་མྱངས་པ་དེ་ལྟ་དེ་ལྟར་འདོད་པར་གྱུར་ཏོ། །ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་གྱུར་ཏོ། །སེམས་ཅན་དེ་སོར་མོའི་རྩེ་མོས་སའི་རོ་མྱངས་པར་བྱེད་ཅིང། ཇི་ལྟ་ཇི་ལྟར་མྱངས་པ་དེ་ལྟ དེ་ལྟར་འདོད་པར་གྱུར་ཅིང་ཇི་ལྟར་འདོད་པ་དེ་ལྟར་རིམ་གྱིས་ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་བྱེད་པ་སེམས་ཅན་གཞན་དེ་རྣམས་ཀྱིས་མཐོང་སྟེ། མཐོང་ནས་སའི་རོ་ལ་སོར་མོའི་རྩེ་མོས་རོ་མྱངས་པར་བྱེད་དོ། །ཇི་ལྟ་ཇི་ལྟར་མྱངས་པ་དེ་ལྟ་དེ་ལྟར འདོད་པར་གྱུར་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རིམ་གྱིས་ཁམ་གྱི་ཟས་ཡོངས་སུ་སྤྱོད་པར་བྱེད་དོ། །གང་ཡང་སེམས་ཅན་དེ་དག་སའི་རོའི་ཁམ་གྱི་ཟས་རིམ་གྱིས་ཡོངས་སུ་སྤྱོད་པར་བྱེད་པ་ན། སེམས་ཅན་དེ་དག་གིས་ལུས་ལ་ལྕི་བ་ཉིད་དང རྩུབ་པ་ཉིད་དུ་ཞུགས་ཤིང་མཛས་པ་དང་འོད་ནུབ་ཅིང་མུན་པ་དག་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། འཇིག་རྟེན་དུ་མུན་པ་བྱུང་ན་ཉི་མ་དང་ཟླ་བ་འབྱུང་བར་འགྱུར་བ་འདི་ནི་ཆོས་ཉིད་ཡིན་ཏེ། རྒྱུ་སྐར་དང་བ་སྐད་ཅིག་དང། ཐང་ཅིག་དང། ཡུད་ཙམ་དང། ཉིན་ཞག་དང། ཟླ་བ་ཕྱེད་པ་དང། ཟླ་བ་དང། ལོ་ཡང་འཇིག་རྟེན་དུ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་དག་ཁ་ཟས་དེ་ཟ་ཞིང་ཡུན་རིང་དུ་གནས་ཏེ། དེ་དག་ལས་ཉུང་ཞིང་ཆེས་ཉུང་བར་ཟ་བ་དེ་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་པར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱོད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་པོ་ཡིན་ནོ་ཞེས ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏོ། །སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་དུ་བྱེད་པའི་རྒྱུས་སའི་རོ་དེ་དག་ནུབ་པར་གྱུར་ཏོ། །སའི་རོ་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས ནས་འདི་སྐད་དུ་ཀྱི་ཧུད་རོ། །ཀྱི་ཧུད་རོ་ཞེས་ཉམ་ཐག་པའི་སྨྲེ་སྔགས་འདོན་ཏོ། །འདི་ལྟ་སྟེ། མིའི་ནང་ན་རྔན་པ་ཅུང་ཟད་ཙམ་ཐོབ་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་དེ་སྐད་དུ་སྨྲ་བར་བྱེད་དོ། །གནས་འཇོག་འདི་ལྟར་སའི་རོ་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་སྨྲེ་སྔགས་འདོན་ཅིང་འདི་སྐད་དུ་བརྗོད་པར་བྱེད་ཀྱང་དེ་དག གིས་ངས་སྨྲ་ས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཞེས་སྒྲ་དང་དོན་ནི་མི་ཤེས་སོ། །གནས་འཇོག་སའི་རོ་དེ་ནུབ་པ་དང་སེམས་ཅན་དེ་དག་ལས་སའི་ཞག་ཅིག་བྱུང་བར་གྱུར་ཏེ། ཁ་དོག་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། འདི ལྟ་བུའི་ཁ་དོག་དང་རོ་དང་ལྡན་པ་སྟེ། འདི་ལྟ་སྟེ། དོད་ཁའི་མེ་ཏོག་ལྟ་བུ། རོ་འདི་ལྟ་སྟེ་སྦྲང་རྩི་མ་སྐོལ་བ་ལྟ་བུའོ། །དེ་དག་ཟས་དེ་ལ་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་དག་ལས་གང་ཉུང་ཞིང་ཆེས་ཉུང་བར་ཟ་བ་དེ་དག་ནི ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ཁྱད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང བ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། སེམས་ཅན་དེ་དག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་ཞག་དེ་ཡང་ནུབ་པར་གྱུར་ཏོ། །སའི་ཞག་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་ཉམ་ཐག་པའི་སྨྲེ་སྔགས་འདོན་ཏེ། འདི་ལྟ་སྟེ། ད་ལྟར་མི་རྣམས་ཀྱི་ནང་ན་རྔན་པ་ཅུང་ཟད་ཙམ་ཐོབ་ནས་སྔོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་ལྟ བུ་སྟེ། ཀྱི་ཧུད་རཱ་ས་ཀྱི་ཧུད་རཱ་ས་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །གནས་འཇོག་འདི་སའི་ཞག་དེ་ནུབ་པ་དང་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་ཀྱི་ཧུད་རོ་ཀྱི་ཧུད་རོ་ཞེས་སྨྲེ་སྔགས་འདོན་ཞིང་བརྗོད་པར་བྱེད་ཀྱང་ངས་སྨྲས པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཞེས་སྒྲ་དང་དོན་དག་ནི་མི་ཤེས་སོ། །གནས་འཇོག་སའི་ཞག་དེ་ནུབ་པ་དང་སེམས་ཅན་དེ་དག་ལ་མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། དེ་ལྟ་བུའི་ཁ་དོག་དང་རོ་དང་ལྡན་པ་སྟེ། འདི་ལྟ་སྟེ། ཀ་དཾ་བའི་མེ་ཏོག་ལྟ་བུ། འདི་ལྟ་བུའི་རོ་སྟེ་འདི་ལྟ་སྟེ་སྦྲང་མའི་སྦྲང་རྩི་མ་སྐོལ་པ་ལྟ་བུའོ། །དེ་དག་ཁ་ཟས་དེ་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། དེ་དགྲ་ལས་གང་ཉུང་ཞིང་ཆེས་ཉུང་བར་ཟ་བ་དེ་དག་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་ཞིང་ཆེས་མང་བར་ཟ་བ་དེ་དག་ནི་ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་དེ། ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་དེ་དག་ལས་ཁྱོད་ནི་ཁ་དོག་ངན་ཞིང་ང་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས བརྙས་པ་བྱེད་པར་གྱུར་ཏེ། སེམས་ཅན་དེ་དག་ཁ་དོག་གིས་མངོན་པའི་ང་རྒྱལ་གྱིས་སྡིག་པ། མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་མྱུ་གུའི་ཚལ་དེ་ཡང་ནུབ་པར་གྱུར་ཏོ། །གནས་འཇོག་མྱུ་གུའི་ཚལ་ནུབ་པ་དང་སེམས ཅན་དེ་དག་འདུས་ཤིང་ཚོགས་ནས་འདི་སྐད་དུ་མདུན་དུ་སོང་མདུན་དུ་སོང་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །འདི་ལྟ་སྟེ་ད་ལྟར་མི་རྣམས་ལ་གང་ཅུང་ཟད་ཙམ་རྩ་རྣོ་བ་དེ་དག་གིས་སྐྲོད་ཅིང་སྐྲོད་པར་བྱེད་ན་མངོན་གྱི་མི་རྣམས་ཀྱི་ཡི་གེ་དང་ཚིག་འབྲུའི་རྗེས་སུ ཐ་སྙད་འདོགས་པར་བྱེད་པ་ལྟ་བུ་སྟེ། མདུན་དུ་སོང་མདུན་དུ་སོང་ཞེས་སྨྲེ་སྔགས་འདོན་པར་བྱེད་དོ། །གནས་འཇོག་མྱུ་གུའི་ཚལ་དེ་ནུབ་པ་དང། སེམས་ཅན་དེ་དག་འདུས་ཤིང་ཚོགས་ཤིང་མདུན་དུ་སོང་མདུན་དུ་སོང་ཞེས་སྨྲེ་སྔགས་འདོན་པར་བྱེད་ཀྱང་ངས སྨྲས་པའི་སྒྲ་ནི་འདི། ངས་སྨྲས་པའི་དོན་ནི་འདི་ཡིན་ཞེས་སྨྲས་པའི་སྒྲ་དང་དོན་ནི་མི་ཤེས་སོ། །གནས་འཇོག་མྱུ་གུའི་ཚལ་དེ་ནུབ་པ་དང། སེམས་ཅན་དེ་དག་ལ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་པགས་པ་དང་ཤུན་པ་མེད་ཅིང་གཙང་ལ་དག་པ་སོར མོ་བཞིའི་ཚད་ཙམ་གྱིས་འཁྲིགས་པ་དགོངས་ཀ་བརྡས་ནས་ནད་པར་སྐྱེ་ཞིང། ནད་པར་བརྡས་ནས་དགོངས་ཀ་སྐྱེ་བ། བརྡས་ཤིང་བརྡས་ཤིང་སྐྱེ་བ། བརྡས་པ་དང་སྐྱེ་བ་ཡང་མི་ཤེས་པ་དག་བྱུང་བར་གྱུར་ཏོ། །དེ་དག་དེ་ཟ་ཞིང་ཚེ་རིང་ཞིང་ཡུན རིང་དུ་གནས་སོ། །གང་ཡང་སེམས་ཅན་དེ་དག་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟས་སུ་ཟ་བ་དང་ཡོངས་སུ་སྤྱོད་པ་ན་དབང་པོ་ཐ་དད་པ་དག་བྱུང་བར་གྱུར་ཏེ། གཅིག་ལ་ནི་ཕོའི་དབང་པོ་གཅིག་ལ་ནི་མོའི་དབང་པོ། །དེ་ནས་ཕོ་དང་མོའི་དབང པོ་དང་ལྡན་པའི་སེམས་ཅན་དེ་དག་ཕན་ཚུན་དུ་མིག་གིས་མིག་ལ་བཙུགས་དེ་ལྟ་བར་བྱེད་དོ། །ཇི་ལྟ་ཇི་ལྟར་མིག་གིས་མིག་ལ་བཙུགས་ཏེ་ལྟ་བ་དེ་ལྟ་དེ་ལྟར་ཀུན་དུ་ཆགས་སོ། །ཇི་ལྟ་ཇི་ལྟར་ཆགས་པ་དེ་ལྟ་དེ་ལྟར་སྲེད་དོ། །ཇི་ལྟ་ཇི་ལྟར་སྲེད་པ དེ་ལྟ་དེ་ལྟར་ལོག་པར་ཞུགས་སོ། །སེམས་ཅན་དེ་དག་ལོག་པར་ཞུགས་པ་སེམས་ཅན་གཞན་གྱིས་མཐོང་ནས་རྡུལ་དག་གཏོར་བར་བྱེད། གསེག་མ་དང་གྱོ་མོ་དག་འཐོར་ཞིང་འདི་སྐད་དུ། ཀྱེ་སེམས་ཅན་གྲོང་བ་བྱ་བ་མ་ཡིན་པ་བྱེད་པ། སེམས་ཅན་གྲོང པ་བྱ་བ་མ་ཡིན་པ་བྱེད་པ་ད་ལྟར་སེམས་ཅན་སུན་འབྱིན་པ་བྱེད་དམ། ཞེས་སྨྲ་བར་བྱེད་དོ། །འདི་ལྟ་སྟེ། ད་ལྟར་མའི་ནང་ནས་པག་མ་གཏོད་པ་ན་ཕྱེ་མ་དག་འཐོར་བར་བྱེད། སྤོས་དང། ཕྲེང་བ་དང། གོས་དག་ཀྱང་འཐོར་ཞིང་བུ་མོ་བདེ་བར་གྱུར་ཅིག་།བུ མོ་བདེ་བར་གྱུར་ཅིག་ཅེས་སྨྲ་བ་ལྟ་བུ་སྟེ། དེ་བཞིན་དུ་སེམས་ཅན་དེ་དག་ལོག་པར་ཞུགས་པ་སེམས་ཅན་གཞན་གྱིས་མཐོང་ནས་རྡུལ་དག་འཐོར་བར་བྱེད་ཅིང་གྱོ་མོ་དང་གསེག་མ་དག་ཀྱང་འཐོར་ཞིང་འདི་སྐད་དུ། ཀྱེ་སེམས་ཅན་གྲོང་པ་བྱ་བ་མ་ཡིན པར་བྱེད་པ་གྲོང་པ་བྱ་བ་མ་ཡིན་པ་བྱེད་པ་ད་ལྟར་སེམས་ཅན་དག་སུན་འབྱིན་པར་བྱེད་དམ་ཞེས་སྨྲ་བར་བྱེད་དོ། །གནས་འཇོག་གང་སྔོན་ཆོས་མ་ཡིན་པར་འདོད་པ་དེ་ནི་ད་ལྟར་ཆོས་སུ་མངོན་པར་འདོད་ལ། གང་སྔོན་འདུལ་བ་པ་མ་ཡིན་པ་དེ་ནི་ད་ལྟར འདུལ་བར་མངོན་པར་འདོད་ཅིང། གང་སྔོན་སྨད་པ་གང་ཡིན་པ་དེ་ནི་ད་ལྟར་རྗེས་སུ་བསྡགས་ཏེ། །ལན་ཅིག་དང་ལན་གཉིས་དང་གསུམ་དང་བདུན་གྱི་བར་དུ་བསྟེན་པར་བྱེད་དོ། །གང་ཡང་སེམས་ཅན་འདི་དག་ཆོས་མ་ཡིན་པའི་ཤིན་དུ་སྡིགས་པ་ཅན་གྱི བརྟུལ་ཞུགས་ལེན་ཅིང་གནས་པ་ན་འདི་སྐད་དུ་བདག་ཅག་ཁྱིམ་བདག་བྱས་ལ་དེར་བྱ་བ་མ་ཡིན་པ་བྱའོ། །ཞེས་ཁྱིམ་བྱ་བའི་འདུ་ཤེས་སྐྱེས་སོ། །ཁྱིམ་གྱི་ཙོམ་པ་འཇིག་རྟེན་དུ་བྱུང་བའི་དང་པོ་ནི་དེ་ཡིན་ནོ། །དེ་དག་ནི་ཆོས་དང་ཆོས་མ་ཡིན་པ་ཡིན་ལ། འདི་ནི་ཆོས་དང་ཆོས་ཏེ། མཆོག་ཏུ་གྱུར་པ་ནི་རྒྱལ་པོའི་དབང་པོའོ། །དེ་དག་ནུབ་མོ་བཟའ་བར་བྱ་བའི་སཱ་ལུ་ནུབ་མོ་ལེན་ཅིང་ནད་བར་བཟའ་བར་བྱ་བ་ནང་པར་ལེན་དུ་འགྲོ་བ་ལས། དེ་ནས་སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ ཞིག་གི་དགོངས་བ་དང་ནང་པར་གཉིས་དུས་གཅིག་ཏུ་བླངས་སོ། །དེ་ནས་སེམས་ཅན་གཞན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་བདག་ཅག་སཱ་ལུ་ལོན་པའི་ཕྱིར་ཆ་བར་བྱའོ། །དེས་འདི་སྐད་ཅེས སྨྲས་སོ། །ཀྱེ་སེམས་ཅན་དག་ཤེས་པར་གྱིས་ཤིག། བདག་གིས་དགོངས་ཀ་དང་ནང་པར་དུས་གཅིག་དུ་བླངས་སོ། །དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་གྱུར་ཏེ། ཀྱེ་མ་ཐབས་འདི་རབ་ཏུ་ལེགས་ཏེ། བདག་ཅག་གིས་ནི་ཉིན་གཅིག་ནས་ཉིན་ཞག་བདུན གྱི་བར་དུ་བླངས་པར་བྱའོ་ཞེས་སེམས་ཅན་དེ་དག་གིས་ཉིན་ཞག་གཅིག་ནས་ཉིན་ཞག་བདུན་གྱི་བར་དུ་སཱ་ལུ་བླངས་སོ། །གང་ཡང་སེམས་ཅན་དེ་དག་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་གསོག་འཇོག་གིས་སྤྱོད་ཅིང་ཉེ་བར་ལོངས་སྤྱོད་པ་ན་སཱ ལུ་དེ་དག་ཤུན་པ་དང། སྦུན་པ་ཅན་དུ་གྱུར་ཅིང་བརྡས་ཤིང་བརྡས་པ་དག་ཀྱང་ཕྱིར་མི་སྐྱེ་ལ་བརྡས་པ་དག་ཀྱང་ཤེས་པར་གྱུར་ཏོ། །སཱ་ལུ་དེ་དག་རིས་སུ་ཆད་ཅིང་རིགས་སུ་གནས་པར་གྱུར་ཏེ། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ན སྨྲེ་སྔགས་འདོན་པར་བྱེད། བདག་ཅག་སྔོན་གཟུགས་ཅན་ཡིད་ལས་བྱུང་བ། དངོས་པོ་མ་ཉམས་ཤིང་ཚང་བ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། མཛེས་ཤིང་ཁ་དོག་དང་ལྡན་པ། ནམ་མཁའ་ལ་ཐོགས་པ་མེད་པར་འགྲོ་བ། དགའ་ བ་ཟ་ཞིང་དགའ་བའི་ཟས་དང་ལྡན་པ་རིང་དུ་གནས་ཏེ། བདག་ཅག་ལ་སའི་ཞག་ཁ་དོག་ཕུན་སུམ་ཚོགས་པ་དག་བྱུང་ལ་བདག་ཅག་གིས་མའི་རོ་དེ་ཁམ་གྱི་ཟས་སུ་རིམ་གྱིས་ཡོངས་སུ་ལོངས་སྤྱད་པ་ལས་ལྕི་བ་དང་མཁྲད?་པ་ལུས་ལ་ཞུགས པས་མཛེས་པ་དང་འོང་ནུབ་ཅིང་མུན་པ་འཇིག་རྟེན་དུ་བྱུང་གྱུར་ཏོ། །བདག་ཅག་དེ་དག་ཟ་ཞིང་དུས་རིང་ཞིང་ཡུན་རིང་དུ་གནས་ཏེ། བདག་ཅག་དེ་དག་ཉུང་བར་ཟ་བ་དེ་དག་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་ཆེས་མང་བར་ཟ་བ་དེ་དག་ནི ཁ་དོག་ངན་པར་གྱུར་ཏེ། ཟས་རྣམ་བ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་པས་སེམས་ཅན་དེ་དག་ཁྱོད་ནི་ཁ་དོག་ངན་ཞིང་ངན་ནི་ཁ་དོག་བཟང་པ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། དེ་དག་བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་རོ་དེ་ནུབ་སྟེ། སའི་ཞག་བྱུང་བར་གྱུར་ཏེ། ཁ་དོག་ཕུན་སུམ་ཚོགས་པ་དྲི་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་སྟེ། བདག་ཅག་དེ་ཟ་ཞིང་ཆེའི་བཞིང་ཡུན་དུ་གནས་སོ། །བདག་ཅག་དེ་དག་ལས་ཆེས་ཉུང་བར་ཟ་བ ད་དག་ནི་ཁ་དོག་དང་ལྡན་པ་གང་ཅེས་མང་བར་ཟ་བ་དེ་དག་ནི་ཁ་དོག་དང་མི་ལྡན་པར་གྱུར་ཏེ་ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་གྱུར་ཏེ། དེ་དག་བདག་ཅག་ཁ་དོག་རྣམ་པ་གཉིས་ལས་སེམས་ཅན་སེམས་ཅན་དེ་དག་ཁྱོད་ནི་ཁ་དོག ངན་ཅིང་ད་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། ད་དག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་སའི་ཞག་དེ་ནུབ་པར་གྱུར་ཏོ། །མྱུ་གུའི་ཚལ་ཞིག་བྱུང་བར་གྱུར་ཏེ་ཁ་དོག་ཕུན སུམ་ཚོགས་པ་དྲི་ཕུན་སུམ་ཚོགས་པ་རོ་ཕུན་སུམ་ཚོགས་པ་སྟེ། བདག་ཅག་དེ་ཇ་ཞིང་དུས་རིང་ཞིང་ཚེ་རིང་དུས་རིང་དུ་གནས་ཏེ། བདག་ཅག་དེ་དག་ལས་གང་ཆེས་ཉུང་བར་ཟ་བ་དེ་དག་ནི་ཁ་དོག་དང་ལྡན་པར་གྱུར་ལ། གང་མང་བར་ཟ་བ་དེ་དག་ནི་ཁ དོག་ངན་པར་གྱུར་ཏེ། ཟས་རྣམ་པ་གཉིས་ལ་བརྟེན་ནས་ཁ་དོག་རྣམ་པ་གཉིས་སུ་འགྱུར་ཏེ། ཁ་དོག་རྣམ་པ་གཉིས་ལས་དེ་དག་ཁྱོད་ནི་ཁ་དོག་ངན་ཞིང་ད་ནི་ཁ་དོག་བཟང་བ་ཡིན་ནོ་ཞེས་ཕན་ཚུན་བརྙས་པ་བྱེད་པར་གྱུར་ཏེ། བདག་ཅག་ཁ་དོག་གི མངོན་པའི་ང་རྒྱལ་གྱིས་སྡིག་པ་མི་དགེ་བའི་ཆོས་རྟག་ཏུ་བྱེད་པའི་རྒྱུས་མྱུ་གུའི་ཚལ་དེ་དག་ནུབ་སྟེ་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་དག་བྱུང་སྟེ། སྤུན་པ་དང་ལྐོགས་མེད་ཅིང་གཙང་བ་སོར་བཞི་ཙམ་གྱིས་འཁོར་བ་ནང་བརྡས་ན་ནུབ་སྐྱེ་ཞིང་ནུབ་བརྡས་ན ནང་སྐྱེ་བ་བརྡས་ཤིང་བརྡས་ཤིང་ཡང་སྐྱེ་བ་བརྡས་པ་དང་སྐྱེས་བ་ཡང་མི་ཤེས་པ་དག་བྱུང་སྟེ། བདག་ཅག་དེ་ཟ་ཞིང་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་ཡང་བདག་ཅག་འབྲས་སཱ་ལུ་གསོག་འཇོག་ཏུ་ལོངས་སྤྱོད་པར་བྱེད་པ་ན སཱ་ལུ་དེ་དག་སྤུན་པ་དང་ཤུན་པ་དང་བཅས་པར་གྱུར་ཅིང་བརྡས་ཤིང་བརྡས་པ་དག་ཀྱང་མི་སྐྱེ་ལ། བརྡས་པ་དང་སྐྱེས་པར་ཡང་ཤེས་སོ། །རིས་དང་རིས་སུ་གནས་པར་གྱུར་ཏོ། །ད་ནི་བདག་ཅག་འདུས་ཤིང་ཚོགས་ཏེ་ཞིང་དག་བགོ་བར་བྱ། མུ་དང་མཚམས དག་གཅད་པར་བྱའོ་ཞེས་སྨྲས་ཏེ། དེ་འདུས་ཤིང་ཚོགས་ནས་ཞིང་དག་འགོད་པར་བྱེད། མུ་འདྲེན་ཅིང་མཚམས་དག་འཇོག་པར་བྱེད་དོ། །གནས་འཇོག་འདི་ནི་འཇིག་རྟེན་ན་མཚམས་བྱུང་བ་རྣམས་ཀྱི་དང་པོ་ནི་ཡིན་ཏེ། ཆོས་དང་ཆོས་མ་ཡིན་པའི་དེ་ལ ཆོས་ཀྱི་ཆོས་ནི་འདི་ཡིན་ཏེ། རྒྱལ་བའི་དབང་པོའི་ཆོས་མཆོག་གོ་།དེ་ནས་སེམས་ཅན་གཞན་གང་ཡང་རུང་བ་ཞིག་གིས་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་བླངས་སོ། །དེ་ནས་སེམས་ཅན་དེ་སཱ་ལུ་རང་ལ་ཡོད་བཞིན་དུ་མ་བྱིན་པར ལན་པ་བྱེད་པ་མཐོང་མཐོང་དོ། །མཐོང་ནས་སེམས་ཅན་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱེད་རང་ལ་སཱ་ལུ་ཡོད་བཞིན་དུ་ཅིའི་ཕྱིར་གཞན་ལ་མ་བྱིན་པར་ལེན་པར་བྱེད་པ། སེམས་ཅན་ཁྱོད་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲ་བར་བྱེད་དེ དེས་ལན་གཉིས་ལན་གསུམ་དུ་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལམ་བྱིན་བར་བླངས་པ་དང། སེམས་ཅན་དེ་དག་གིས་ལན་གཉིས་ལན་གསུམ་དུ་མཐོང་ནས་སེམས་ཅན་དེ་ལ་ཀྱེ་ཁྱད་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་ཅིའི་ཕྱིར མ་བྱིན་བར་ལེན་པ་སོང་ཞིག་ཅེས་སྨྲས་སོ། །དེ་དག་གིས་ཕར་འདྲེན་ཚུར་འདྲེན་བྱེད་ཅིང་ཚོགས་ཀྱི་ནང་དུ་སྨོས་ཅིང་གཤུང་བའི་བར་དུ་བྱེད་དོ། །ཀྱེའི་སེམས་ཅན་ཁྱོད་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་ཅིའི་ཕྱིར་མ་བྱིན་པར་ལེན་པར་བྱེད ཅེས་སྨྲས་སོ། །དེ་ནས་སེམས་ཅན་དེ་དག་ལ་སེམས་ཅན་དེས་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་དེ་དག་སེམས་ཅན་འདི་སཱ་ལུའི་ཕྱིར་ཕར་འདྲེན་ཚུར་འདྲེན་ཅིང་ཚོགས་ཀྱི་ནང་དུ་སྨད་པའི་བར་དུ་བྱས་སོ། །དེ་ནས་སེམས་ཅན་དེ་དག་གིས་སེམས་ཅན དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སེམས་ཅན་ཁྱོད་རང་ལ་སཱ་ལུ་ཡོད་བཞིན་དུ་གཞན་གྱི་ལ་ཅིའི་ཕྱིར་མ་བྱིན་པར་ལེན་ཏེ། ཁྱོད་སཱ་ལུའི་རྒྱུས་ལས་འདྲེན་པ་དང་ཚོགས་ཀྱི་ནང་དུ་སྨོད་པའི་བར་དུ་བྱུང་གིས་ཕར་སོང་ཤིག། ཕྱིན་ཆད་དེ་ལྟར་མ བྱེད་ཅེས་སྨྲས་སོ། །དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་གྱུར་ཏེ། སཱ་ལུའི་རྒྱུ་ལས་འདྲེན་པ་དང་ཕན་ཚུན་ཚོགས་ཀྱི་ནང་དུ་སྨོད་པ་བར་དུ་བྱུང་བ་མ་མཐོང་ངམ། བདག་ཅག་རྣམས་འདུས་ཤིང་ཚོགས་ཏེ་བདག་ཅག་ལས་གཟུགས་བཟང་བ མཛེས་པ་བལྟ་ན་སྡུག་པ། ནུས་པ་ཆེ་བ་ཞིག་བཏུས་ཏེ་ཞིང་གི་དཔོན་པོར་བསྐོས་ཏེ་གང་བདག་ཅག་ལས་ཆད་པས་གཅོད་པར་བྱ་བ་དེ་དག་ཆད་པས་གཅོད་ཅིང། ཕན་གདགས་པར་བྱ་བ་དེ་དག་ལ་ཕན་འདོགས་པར་བྱ་ཞིང་བདག་ཅག ག་ཨི་ཞིང་ཕུན་སུམ་ཚོགས་པར་འགྱུར་བ་དེ་ལ་ཆོས་དང་ལྡན་པའི་དབྱར?་དག་སྦྱིན་པར་བྱའོ་ཞེས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་སེམས་ཅན་དེ་དག་ལ་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་བ་སྟོབས་ཆེ་བ་ཞིག་བཏུས ཏེ་ཞིང་གི་དབོན་པོར་བསྐོས་སོ། །དེས་སེམས་ཅན་ཆད་པས་གཅད་པར་བྱ་བ་དག་ཆད་པས་གཅོད་ཅིང་ཕན་གདགས་པར་བྱ་བ་དག་ཕན་འདོགས་པར་བྱེད་ཅིང་སེམས་ཅན་དེ་དག་གི་ཞིང་ཕུན་སུམ་ཚོགས་པར་འགྱུར་བ་ཆོས དང་ལྡན་པའི་དཔྱར?་དག་འབུལ་བར་བྱེད་དོ། །སྐྱེ་བོ་མད་པས་བཀུར་ཞིང་སྐྱེ་བོ་མང་པོས་བཀུར་བས་མང་པོས་བཀུར་བ་མང་པོས་བཀུར་བ་ཞེས་བྱ་བའི་མིང་བྱུང་ངོ། །ཞིང་སྲུང་བས་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བའི་མིང་བྱུང་ངོ།། ཚུལ་ཁྲིམས་འཕེལ་ཞིང་རྒྱས་པར་སྤྱོད་པ་དང། །ཤེས་རབ་འཕེལ་ཞིང་རྒྱས་པར་སྤྱོད་པ་སྟེ། །ཆོས་ཀྱིས་སྐྱེ་དགུ་དགའ་བར་བྱེད་བས་རྒྱས་པོ་ཞེས་བྱ་བའི་མིང་བྱུང་ངོ། །གནས་འཇོག་འཇིག་རྟེན་དུ་རྒྱལ་རིགས་ཀྱི་དཀྱིལ་འཁོར བྱུང་བ་རྣམས་ཀྱི་དང་པོ་ནི་འདི་ཡིན་ནོ། དེ་ཡང་ཆོས་ཀྱི་སྟེ། ཆོས་མ་ཡིན་པས་ནི་མ་ཡིན་ཏེ། དེ་ལ་ཆོས་ནི་འདི་ཡིན་ཏེ། ཆོས་རྒྱལ་བའི་དབང་པོའི་ཆོས་སོ། །གནས་འཇོག་བྲམ་ཟེ་རྣམས་ཀྱི་དཀྱིལ་འཁོར་འཇིག་རྟེན་དུ་བྱུང་བ་རྣམ་ཀྱི་དང་པོ་གང་ཞེ་ན། དེ ནས་སེམས་ཅན་དེ་དག་ལས་སེམས་ཅན་ཁ་ཅིག་ཡོངས་སུ་འཛིན་པ་ནི་ནང། ཡོངས་སུ་འཛིན་པ་ནི་འབྲས་ཡོངས་སུ་འཛིན་པ་ནི་ཟུག་རྔུ། ཡོངས་སུ་འཛིན་པ་ནི་སྡུག་བསྔལ་གྱི་རྩ་བ་ཞེས་རིག་ནས་གྲོང་ལས་དགོན་པར་ཡོང་སྟེ། ཡལ་ག་དང་འདབ་མ་དག བསྡུས་ཏེ་ཁང་པ་བྱེད་དེ། ནད་ཟ་བ་ནད་པར་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་ཅིང་ནུབ་ཟ་བ་ནུབ་མོ་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པ་ན། དེ་ནས་སེམས་ཅན་དེ་དག་སེམས་ཅན་དེ་ལ་འདི་སྙམ་དུ་ཀྱེ་མ་སེམས་ཅན་འདི་ནི་དཀའ་བ་སྤྱོད་པ་སྟེ་ཡོངས་སུ འཛིན་པ་ནི་ནང། ཡོངས་སུ་འཛིན་པ་ནི་ཟུག་རྔུ་།ཡོངས་སུ་འཛིན་པ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཞེས་རིག་ནས་གྲོང་ལས་དགོན་པར་སོང་སྟེ་ཡལ་ག་དང་འདབ་མ་དག་བསྡུས་ཏེ་ཁང་པ་བྱེད་དོ། །དེ་ནད་པར་ཟ་བ་ནད་པར་གྲོང་དུ་བསོད་སྙོམས་ཀྱི ཕྱིར་འཇུག། དགོངས་ཀ་ཟ་བའི་ཕྱིར་དགོངས་ཀ་གྲོང་དུ་བསོད་སྙོམས་ཀྱི་ཕྱིར་འཇུག་པར་བྱེད་དེ། དེ་ལ་སྦྱིན་པར་བྱ་ཞིང་མཆོད་པར་བྱ་བ་ཡིན་ནོ་ཞེས་ཤེས་སོ། །དེ་ནས་སེམས་ཅན་ཁ་ཅིག་བསམ་གཏན་གྱི་བདེ་བ་དང་རབ་ཏུ་དབེན་པའི་བདེ་བ་མ་རྟོགས ཏེ། ཕྱོགས་གཅིག་ཏུ་སོང་ནས་སའི་ཁང་པ་བྱས་ཏེ་བདག་ཅག་འདིར་གསང་སྔགས་དག་འཆིང་པར་བྱ། རིག་བྱེད་དག་འཆིང་པར་བྱའོ་ཞེས་དེ་དག་དེ་ན་གསང་སྔགས་དག་འཆིང་ཞིང་རིག་བྱེད་དག་འཆིང་བར་བྱེད་དོ། །དེ་ནས་སེམས་ཅན་ཁ ཅིག་བསམ་གཏན་གྱི་བདེ་བ་དང། རབ་ཏུ་དབེན་པའི་བདེ་བ་དག་མངོན་པར་མ་རྟོགས་ཏེ། གསང་སྔགས་པ་དང་རིག་བྱེད་འཆིང་བ་དག་མངོན་པར་མ་རྟོགས་ན་སླར་ཡང་གྲོང་གི་མཐར་སོང་སྟེ་ཁང་པ་སྒོ་བཞི་པ་དག་བྱས་ཏེ་གནས་པར་བྱེད་དོ། །བདག ཅག་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱ་སྟེ། དགེ་སྦྱོང་དང་བྲམ་ཟེ་འགྲོ་བ་དང་འོང་བ་དག་ལ་ཇི་ལྟར་ནུས་པ་སྟོབས་ཇི་ལྟ་བར་བསོད་སྙོམས་དག་སྦྱིན་པར་བྱའོ་ཞེས་དེ་དེ་ན་སྦྱིན་པ་དག་གཏོང། བསོད་ནམས་དག་བྱེད་ཅིང་དགེ་སྦྱོང་དང་བྲམ ཟེ་འགྲོ་ཞིང་འོང་བ་ལ་ནུས་པ་ཇི་ལྟ་བ་དང་སྟོབས་ཇི་ལྟ་བར་བསོད་སྙོམས་དག་སྦྱིན་པར་བྱེད་དོ། །གྲོང་ལས་དགོན་པ་རྟེན་ཅིང་གནས་ཡིད་ཕྱིར་ཕྱོགས་ཤིང་ཡིད་ཕྱོགས་པས་བྲམ་ཟེ་བྲམ་ཟེ་ཞེས་བྱ་བའི་མིང་བྱུང་ངོ། །ཡང་དངོས་པོ་གང་བསམ་གཏན་བྱེད པ་དེ་དག་ལས་བསམ་གཏན་ཞེས་བྱ་བའི་མིང་བྱུང་ངོ། །དགོན་པ་ལས་སླར་ཡང་གྲོང་དུ་ཞུགས་པ་དེ་དག་ནི་གྲོང་པ་ཞེས་བྱ་བའི་མིང་འབྱུང་ངོ། །གནས་འཇོག་འཇིག་རྟེན་དུ་བྲམ་ཟེའི་དཀྱིལ་འཁོར་བྱུང་བ་རྣམས་ཀྱི་དང་པོ་ནི་འདི་ཡིན་ནོ། །དེ་ཡང་ཆོས་ཀྱི ཡིན་གྱི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །དེ་ལ་འདི་ནི་ཆོས་ཆོས་ཀྱི་མཆོག་རྒྱལ་བའི་དབང་པོའི་ཆོས་སོ། །གནས་འཇོག་དམངས་རིགས་ཀྱི་དཀྱིལ་འཁོར་འཇིག་རྟེན་དུ་བྱུང་བ་རྣམས་ཀྱི་དངོས་པོ་གང་ཡིན་ཞེ་ན། དེ་ནས་སེམས་ཅན་བརྩོན་འགྲུས་ཅན ཁ་ཅིག་ཁང་པ་སོ་སོར་བྱས་ནས་བཟོའི་གནས་ཀྱི་ལས་ལ་གནས་པར་བྱེད་དེ། ཀྱེ་སེམས་ཅན་འདི་དག་ནི་བརྩོན་འགྲུས་རྩམས་ཤིང་ཁང་པ་སོ་སོར་བྱས་ནས་བཟོའི་གནས་ཀྱི་ལས་ལ་གནས་པས་དེ་ཡང་རིགས་དམངས་རིགས་ཞེས་བྱ་བའི མིང་བྱུང་ངོ། །གནས་འཇོག་འཇིག་རྟེན་དུ་དམངས་རིགས་ཀྱི་དཀྱིལ་འཁོར་བྱུང་བ་རྣམས་ཀྱི་དང་པོ་ནི་འདི་ཡིན་ནོ། །དེ་ཡང་ཆོས་ཡིན་གྱི་ཆོས་མ་ཡིན་པ་ནི་མ་ཡིན་ཏེ། དེ་ལ་ཆོས་ནི་འདི་ཡིན་ཏེ་རྒྱལ་བའི་དབང་པོའི་ཆོས་སོ། །དཀྱིལ་འཁོར་རྣམ པ་གསུམ་འཇིག་རྟེན་དུ་བྱུང་བ་ནི། དཀྱིལ་འཁོར་བཞི་པ་ཡང་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །རྒྱལ་རིགས་ཀྱི་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་གོས་དུར་སྨྲིག་བགོས་ཏེ། ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ ཏུ་བྱུང་བ་ནི་རྒྱལ་རིགས་རྣམས་ཀྱིས་མངོན་པར་བརྗོད་ཅིང་ཕྱག་འཚལ་བ་དང་ཐལ་མོ་སྦྱར་བའི་ལས་བྱ་བར་རིགས་པ་ཡིན་ཞིང། བྲམ་ཟེའི་རིགས་དང་དམངས་རིགས་ཀྱིས་ཀྱང་མངོན་པར་བརྗོད་ཅིང་ཐལ་མོ་སྦྱར་བའི་ལས་བྱ་བར་རིགས་པ ཡིན་ནོ། །བྲམ་ཟེའི་རིགས་དང་རྗེའི་རིགས་དང་དམངས་རིགས་ཀྱི་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲགས་ཏེ་གོས་དུར་སྨྲིག་བགོས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་རྒྱལ་རིགས་ཀྱིས་མངོན་པར་བརྗོད་ཅིང་ཕྱག་བྱ བ་དང་ཐལ་མོ་སྦྱར་བྱ་བར་རིགས་པ་མ་ཡིན་ཞིང། བྲམ་ཟེའི་རིགས་དང་རྗེའུ་རིགས་དང་དམངས་རིགས་ཀྱི་ཀྱང་མངོན་པར་བརྗོད་ཅིང་ཕྱག་འཚལ་བ་དང་ཐལ་མོ་སྦྱར་ཞིང་འདུད་པའི་ལས་བྱ་བར་འོས་པ་ཡིན་ན། །གནས་འཇོག་རིགས་དང་རུས་དང ཚེ་འབྲང་རྣམས་ཀྱི་ནང་ན་རྒྱལ་རིགས་མཆོག་ཡིན་གྱི། བྲམ་ཟེ་ནི་མ་ཡིན་ཏེ། གནས་འཇོག་ཚངས་པ་སྟོང་གི་བདག་པོས་ཚིགས་སུ་བཅད་པ་སྨྲས་པ། རིགས་སུ་གྱུར་པའི་རྟེན་བྱེད་པའི། །རྐང་གཉིས་རྣམས་ལ་རྒྱལ་རིག་མཆོག་།རིག་པ་དང ནི་རྐང་པར་ལྡན། །ལྷ་དང་མི་ཡི་ནང་ན་མཆོག་ཅེས་ཚངས་པ་སྟོང་གི་བདག་པོས་ཚིགས་སུ་བཅད་པ་སྨྲས་པ་གང་ཡིན་པ་དེ་ནི་ལེགས་པར་བཤད་པ་ཡིན་ཞིང་ཉེས་པར་བཤད་པ་མ་ཡིན་བ་ལ། ལེགས་པར་བརྗོད་པ་ཡིན་ཞིང་ཉེས་པར བརྗོད་པ་མ་ཡིན་ཏེ། ང་ཡང་འདི་སྐད་དུ། རིགས་སུ་གྱུར་པ་རྟེན་བྱེད་པའི། །རྐང་གཉིས་རྣམས་ལ་རྒྱལ་རིགས་མཆོག། རིག་པ་དང་ནི་རྐང་པ་ལྡན། །ལྷ་དང་མི་ཡི་ནང་ན་མཆོག་ཅེས་སྨྲའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན པ་གནས་འཇོག་དང། ཚེ་དང་ལྡན་པ་བ་ར་དྷཝ་ཛ་གཉིས་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ་ཞེས་གསུངས་སོ། །བསྐལ་པ་མཚོན་དང་ནད?་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་འདུས་པ་གསུམ་པ་ལས་སྔ་མ་གྱི་ཚིགས་སུ་བཅད་པ་ལས་སྔན? གྱི་སློབ་དཔོན་མདོ་འདོན་པ་བཞིན་ཏེ། གནས་རྣམ་པ་གསུམ་གྱིས་བསྐལ་པ་མཐར་འབྱིན་པར་བྱེད་དེ། མཚོན་དང་ནད་དང་མུ་གེའོ། །གསུམ་པོ་དེ་དག་ནི་བར་གྱི་བསྐལ་པ་སྟེ། མཚོན་གྱི་བར་གྱི་བསྐལ་པ་དང། ནད་ཀྱི་བསྐལ་པ་བར་མ་དང། མུ གེའི་བསྐལ་པ་བར་མའོ། །འཇིག་པ་ནི་རྣམ་པ་གསུམ་སྟེ། མེས་འཇིག་པ་དང་ཆུས་འཇིག་པ་དང། རླུང་གིས་འཇིག་པའོ། །འཇིག་པའི་རྩེ་མོ་ནི་རྣམ་པ་གསུམ་སྟེ། འོད་གསལ་དང་དགེ་རྒྱས་དང་འབྲས་བུ་ཆེ་བ་དག་སྟེ། གང་གི་ཚེ་འཇིག་རྟེན་མེས འཇིག་པ་དེའི་ཚེ་འོད་གསལ་གྱི་ལྷ་དག་འཇིག་པའི་རྩེ་མོར་འགྱུར་རོ། །གང་གི་ཚེ་འཇིག་རྟེན་ཆུས་འཇིག་པ་དེའི་ཚེ་དགེ་རྒྱས་ཀྱི་ལྷ་དག་འཇིག་པའི་རྩེ་མོར་འགྱུར་རོ། །གང་གི་ཚེ་འཇིག་རྟེན་རླུང་གིས་འཇིག་པ་དེའི་ཚེ་འབྲས་བུ་ཆེ་བའི་ལྷ་རྣམས འཇིག་པའི་རྩེ་མོར་གྱུར་རོ། །མདོ་ལས་ཇི་སྐད་དུ་སྡུག་བསྔལ་གྱི་དབང་པོ་འགགས་སོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་ལྔ་པོ་འདི་དག་ནི་དང་པོ་ལྔ་སྟེ། ལྔ་གང་ཞེ་ན། ཡིད་མི་བདེ་བའི་དབང་པོ་དང། སྡུག་བསྔལ་གྱི་དབང་པོ དང། ཡིད་མི་བདེ་བའི་དབང་པོ་དང། བདེ་བའི་དབང་པོ་དང། བཏང་སྙོམས་ཀྱི་དབང་པོའོ། །དགེ་སློང་ཡིད་མི་བདེ་བའི་དབང་པོ་ནི་སྐྱེ་བ་ཡིན་ཞིང་ཡིད་བདེ་བའི་དབང་པོ་ནི་སྐྱེ་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ཡང་རྒྱུ་དང བཅས་ཤིང་རྐྱེན་དང་བཅས་པ་རྣམ་པ་དང་བཅས་པ་མངོན་པར་འདུ་བྱེད་པ་དང་བཅས་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་འགྱུར་ཏེ། རྒྱུ་གང་དང་རྐྱེན་གང་གིས་ཡིད་མི་བདེ་བའི་དབང་པོ་སྐྱེད་པར་བྱེད་པའི་ རྒྱུ་དེ་དང་རྐྱེན་དེ་དག་རྟག་པ་ཞིག་གང་མི་རྟག་བ་ཞིག་། ཡང་དེ་འདི་སྙམ་དུ་གྱུར་ཏེ། གང་ཡིད་མི་བདེ་བའི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པའི་ཡིད་མི་བདེ་བ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན པ་དེ་དག་གང་ལས་རྟག་པར་འགྱུར་ཞེས་དེ་ཡིད་མི་བདེ་བའི་དབང་པོ་སྐྱེས་ཤིང་བྱུང་བ་དག་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་སོ། །རྩོལ་བ་དང་བཅས་པར་རྗེས་སུ་ལྟ་བ་དང། འགོག་པར་རྗེས་སུ་ལྟ་བ་དང། སོ་སོར་རབ་ཏུ་ཞི་བར་རྗེས་སུ་ལྟ་ཞིང་གནས ཏེ། དེ་ལ་འདིའི་སེམས་ཉེ་བར་བསྡུད་དོ། །གང་དུ་འདིའི་ཡིད་མི་བདེ་བའི་དབང་པོ་སྐྱེས་ཤིང་བྱུང་བ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར། གང་དུ་འདིའི་སེམས་བསྡུད་པར་འགྱུར། གང་དུ་འདིའི་ཡིད མི་བདེ་བའི་དབང་པོ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞེ་ན། འདི་ནི་དགེ་སློང་འདོད་པ་ལས་དབེན་ཞེས་བྱ་བ་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདིར་འདིའི་སེམས་ཉེ་བར་བསྡུས་ཤིང་འདིར་འདིའི་ཡིད་མི་བདེ་བའི དབང་པོ་མ་ལུས་པར་ཡོངས་སུ་འགགས་ཤིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཏེ། འདི་ནི་དགེ་སློང་འདི་ལྟ་སྟེ་ཡིད་མི་བདེ་བའི་དབང་པོ་ངེས་པར་འབྱུང་བ་ལ་མཁས་ཤིང་ལྷག་པར་བྱའོ་ཞེས་བྱའོ། །དགེ་སློང་སྡུག་བསྔལ་གྱི་དབང་པོ ནི་སྐྱེ་བ་ཡིན་ཞིང་སྡུག་བསྔལ་གྱི་དབང་པོ་ནི་འབྱུང་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཡང་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་རྣམ་པ་དང་བཅས་པ་འདུ་བྱེད་པ་དང་བཅས་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན དུ་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་རྒྱུ་གང་དང་རྐྱེན་གང་གིས་སྡུག་བསྔལ་གྱི་དབང་པོ་སྐྱེས་པར་བྱེད་པའི་རྒྱུ་དེ་དང་རྐྱེན་དེ་དག་རྟག་པ་ཞིག་གམ་མི་རྟག་པ་ཞིག་།དེ་འདི་སྙམ་དུ་གང་སྡུག་བསྔལ་གྱི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང རྐྱེན་གང་ཡིན་པའི་སྡུག་བསྔལ་གྱི་དབང་པོ་སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པ་དེ་དག་རྟག་པར་ལྟ་ག་ལ་འགྱུར་ཞེས་དེ་སྡུག་བསྔལ་གྱི་དབང་པོ་སྐྱེས་ཤིང་བྱུང་བ་དག་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་སོ། །རྩོལ་བ་དང་བཅས་པར་རྗེས་སུ ལྟ་བ་དང། འགག་པར་རྗེས་སུ་ལྟ་བ་དང། སོ་སོར་ནུབ་པར་རྗེས་སུ་ལྟ་ཞིང་གནས་པ་སྟེ། དེ་ལ་དེའི་སེམས་ཉེ་བར་བསྡུད་དོ། །གང་འདིའི་སྡུག་བསྔལ་གྱི་དབང་པོ་སྐྱེས་ཤིང་བྱུང་བ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞིང་མ་ལུས་པར་ཡོངས སུ་ཟད་ཅིང་གཏུགས་པར་འགྱུར་བ་དང། གང་དུ་འདིའི་སེམས་ཉེ་བར་བསྡུད་ཅིང་གང་དུ་འདིའི་སྡུག་བསྔལ་གྱི་དབང་པོ་མ་ལུས་པར་ཡོངས་སུ་འགག་པར་འགྱུར་ཞེ་ན་འདི་ན་དགེ་སློང་རྟོགས་པ་དང་དཔྱོད་པ་ཉེ་བར་ཞི་ནས་ཞེས་བྱ་བ་ནས་བསམ གཏན་གཉིས་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདིར་འདིའི་སེམས་ཉེ་བར་བསྡུད་ཅིང་འདིར་འདིའི་སྡུག་བསྔལ་གྱི་དབང་པོ་མ་ལུས་པར་ཡོངས་སུ་འགགས་ཤིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་ཏེ། འདི ནི་དགེ་སློང་འདི་ལྟ་སྟེ་སྡུག་བསྔལ་གྱི་དབང་པོ་ངེས་པར་འབྱུང་བ་ལ་མཁས་ཤིང་ལྷག་པར་བྱང་བ་ཞེས་བྱའོ། །དགེ་སློང་ཡིད་བདེ་བའི་དབང་བ་ནི་སྐྱེ་བ་ཡིན་ཞིང་ཡིད་བདེ་བའི་དབང་པོ་ནི་འབྱུང་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ ཤེས་སོ། །དེ་ཡང་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པ་རྣམ་པ་དང་བཅས་པ་མངོན་པར་འདུ་བྱེད་པ་དང་བཅས་པ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་འགྱུར་ཏེ། གང་ཡིད་བདེ་བའི་དབང་པོ་སྐྱེད་པར་བྱེད པའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་དབང་པོ་བཞིན་རྒྱས་པར་བྱ་སྟེ། གང་དུ་འདིའི་སེམས་སྡུད་པར་འགྱུར་གང་དུ་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་དག་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་ཞེ་ན། འདི་ན་དགེ་སློང་དགའ་བ་ལས་འདོད་ཆགས་དང་བྲལ་ཞིང་ཞེས་བྱ་བ་ནས། བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །འདིར་འདིའི་སེམས ཉེ་བར་བསྡུད་ཅིང་འདིར་འདིའི་ཡིད་བདེ་བའི་དབང་པོ་སྐྱེས་པ་དག་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་གྱུར་ཏེ། དགེ་སློང་འདི་ལྟ་སྟེ་ཡིད་བདེ་བའི་དབང་པོ་ངེས་པར་འབྱུང་བ་ལ་མཁས་ཤིང ལྷག་པར་བྱ་བ་ཞེས་བྱའོ། །དགེ་སློང་བདེ་བའི་དབང་པོ་སྐྱེས་ཤིང་བྱུང་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་སྡུག་བསྔལ་གྱི་དབང་པོ་བཞིན་བརྗོད་པར་བྱའོ། །གང་དུ་འདིའི་སེམས་ཉེ་བར་བསྡུད་ཅིང་གང་དུ་འདིའི་སྡུག བསྔལ་གྱི་དབང་པོ་མ་ལུས་པར་ཡོངས་སུ་ཟད་ཅིང་གཏུགས་པར་འགྱུར་ཞེ་ན། འདི་ན་དགེ་སློང་བདེ་བ་སྤངས་ཤིང་ཞེས་བྱ་བ་ནས། བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདིར་འདིའི་སེམས་ཉེ་བར་བསྡུད ཅིང། འདིར་འདིའི་བདེ་བའི་དབང་པོ་མ་ལུས་པར་ཡོངས་སུ་འགག་ཅིང་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བདེ་བའི་དབང་པོའི་ངེས་པར་འབྱུང་བ་ལ་མཁས་ཤིང་ལྷག་པར་བྱེད་པ་ཞེས་བྱ་བའི་བར་དུའོ། །དགེ་སློང་བཏང་སྙོམས་ཀྱི་དབང པོ་སྐྱེས་ཤིང་བྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ཡང་རྒྱུ་དང་བཅས་པ་ཞེས་བྱ་བ་ནས། སྡུག་བསྔལ་གྱི་དབང་པོ་བཞིན་དུ་རྒྱས་པར་བྱ་སྟེ། གང་དུ་འདིའི་སེམས་ཉེ་བར་བསྡུད་ཅིང་གང་དུ་འདིའི་བཏང་སྙོམས ཀྱི་དབང་པོ་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས་པར་ཟད་ཅིང་གཏུགས་པར་འགྱུར་ཞེ་ན། འདི་ནི་དགེ་སློང་རྒྱུ་མཚན་ཐམས་ཅད་དང། ཡིད་ལ་བྱེད་པ་དང། སེམས་ཀྱི་རྒྱུ་མཚན་གྱི་ཏིང་ངེ་འཛིན་ལུས་ཀྱིས་མངོན་སུམ་དུ བྱས་ཤིང་གནས་ཏེ། འདིར་འདིའི་སེམས་ཉེ་བར་སྡུད་ཅིང་འདིར་འདིའི་བཏང་སྙོམས་ཀྱི་དབང་པོ་མ་ལུས་པར་ཡོངས་སུ་འགག་ཅིང་མ་ལུས་པར་ཟད་ཅིང་གཏུགས་པར་འགྱུར་ཏེ། དགེ་སློང་འདི་ལྟ་སྟེ་འདི་ནི་བཏང་སྙོམས་ཀྱི་དབང་པོའི་ངེས་པར་འབྱུང་བ་ལ་མཁས ཤིང་ལྷག་པར་བྱང་བ་ཞེས་བྱའོ་ཞེས་གསུངས་སོ། །བསམ་གཏན་བཞི་པ་ནི་ནད་བདག་ཉིད་ཀྱི་སྐྱོན་དང་བྲལ་བའི་ཕྱིར་ཞེས་བྱ་བ་ལ་བར་མ་ཡང་དག་པར་ལྡན་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་ལས། འཇིག་རྟེན་དང་པོ་ཞེས་བྱ་བའི་མདོ་ལས་ཏེ་འཆར བྱེད་འདོན་དགེ་སློང་འདོད་པ་ལས་དབེན་ཞེས་བྱ་བ་ནས། བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་འདིར་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་པ་སྟེ། གང་འདིར་འཕགས་པ་རྣམས་ཀྱིས་གཡོ བ་དང་བཅས་པར་གསུངས་ཞེ་ན་འདི་ན་རྟོགས་པ་དང་དཔྱོད་པ་དག་ནི་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་སོ། །གཞན་ཡང་དགེ་སློང་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་ནས་ཞེས་བྱ་བ་ནས་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་འཕགས་པ་རྣམས་ཀྱི་གཡོ་བ་དང་བཅས་པར་གསུངས་པ་སྟེ། གང་འདིར་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་ཞེ་ན། དགའ་བ་དང་བཅས་པ་ནི་འཕགས་པ་རྣམས་ཀྱིས་གཡོ བ་དང་བཅས་པར་གསུངས་སོ། །གཞན་ཡང་དགེ་སློང་དགའ་བ་ལས་འདོད་ཆགས་དང་བྲལ་ཞིང་བསམ་གཏན་གསུམ་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུ་སྟེ། འདིར་འདི་དག་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར གསུངས་པ་སྟེ། གང་འདིར་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་ཞེ་ན། འདི་ནི་བདེ་བ་འདི་ནི་བདེ་བ་ཞེས་བྱ་བ་སྟེ་འཕགས་པ་རྣམས་ཀྱིས་གཡོ་བ་དང་བཅས་པར་གསུངས་སོ། །གཞན་ཡང་བདེ་བ་སྤངས་ཏེ་བསམ་གཏན བཞི་པ་ཉེ་བར་བསྒྲུབས་ཤིང་གནས་སོ་ཞེས་བྱ་བའི་བར་དུ་སྟེ་འདི་ཙམ་ནི་འཕགས་པ་རྣམས་ཀྱིས་མི་གཡོ་བར་གསུངས་སོ། ། །།ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཉེ་བར་འཁོ་པ ཞེས་བྱ་བ་ལས་མཛོད་ཀྱི་གནས་གསུམ་པ་ཕལ་ཆེར་མདོ་དང་སྦྱར་བ་རྫོགས་སོ། ། །།ལན་ནི་གཉིས་ཏེ། སེམས་པའི་ལས་དང་བསམ་པའི་ལས་སོ་ཞེས་བྱ་བ་ནི་གཉིས་པའི་མདོ་ལས་རིག་པར་བྱ་སྟེ། རྣམ་གྲངས རྣམ་པར་བཤད་པ་མཛའ་ཨི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་ཡིད་འབྱུང་བའི་མདོ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་ལས་རིག་པར་བྱ་ཞིང་ལས་འབྱུང་བའི་རྒྱུ་དང། ལས་ཀྱི་རྣམ་པར་སྨིན་པ་དང། ལས་ཀྱི་རྣམ་པར་དབྱེ་བ་དང། ལས་འགགས་པ་དང། ལས་རྣམས་འགག་པར་འགྱུར་བ་རྟོགས་ཤིང་རིག་པར་བྱའོ། །དགེ་སློང་དག་ལས་རིག་པར་བྱའོ་ཞེས་བྱ་བ་ལ་ལས་གང་ཞེ་ན། སེམས་པའི་ལས་དང་བསམ་པའི་ལས་ཏེ། ལས་འདི་དང་ལས་འདི་འདི་ལྟར རིག་པར་བྱའོ། །ལས་འབྱུང་བའི་རྒྱུ་རིག་པར་བྱའོ་ཞེས་བྱ་བ་ལས་འབྱུང་བའི་རྒྱུ་གང་ཞེ་ན་ཞེས་བརྗོད་པར་བྱ་སྟེ། དགེ་སློང་དག་མ་རིག་པ་ནི་ལས་ཀྱིས་ཀུན་འབྱུང་བའི་རྒྱུའོ། །འདི་ནི་ལས་ཀུན་འབྱུང་བའི་རྒྱུའོ། །འདི་ལྟར་ནི་ལས ཀུན་འབྱུང་བའི་རྒྱུའོ་ཞེས་རིག་པར་བྱའོ། །ལས་ཀྱི་རྣམ་པར་སྨིན་པ་རིག་པར་བྱའོ་ཞེས་བྱ་བ་ལས་ཀྱི་རྣམ་པར་སྨིན་པ་གང་ཞེ་ན། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད་དེ། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་ཀྱང་ཡོད། མི་དཀར་མི་གནག་ཅིང་རྣམ་པར་སྨིན་པ་མེད་པ་ལས་དེ་དག་ཟད་པར་བྱེད་པའི་ལས་ཀྱང་ཡོད། འདི་ནི་ལས་ཀྱི་རྣམ་པར་སྨིན་པ་འདི་ལྟར་ལས་ཀྱི རྣམ་པར་སྨིན་པ་ཞེས་རིག་པར་བྱའོ། །ལས་ཀྱི་རབ་ཏུ་དབྱེ་བ་རིག་པར་བྱའོ་ཞེས་བྱ་བ་ལས་ཀྱི་རབ་ཏུ་དབྱེ་བ་གང་ཞེ་ན། ལས་གཞན་གྱིས་ནི་དམྱལ་བར་སྐྱེ་བ་མངོན་པར་འགྲུབ་པར་བྱེད་ལ། ལས་གཞན་གྱིས་ནི་དུད་འགྲོར་སྐྱེ་བ་དང། ལས་གཞན་གྱིས་ནི ཡི་དྭགས་སུ་སྐྱེ་བ་དང། ལས་གཞན་གྱིས་ནི་མི་རྣམས་སུ་སྐྱེ་བ་མངོན་པར་འགྲུབ་པར་བྱེད་དེ། འདི་ནི་ལས་རྣམས་ཀྱི་རྣམ་པར་དབྱེ་བ་འདི་ལྟར་ལས་རྣམས་ཀྱི་རྣམ་པར་དབྱེ་བ་ཡིན་ནོ་ཞེས་རིག་པར་བྱའོ། །ལས་འགོག་པ་རིག་པར་བྱའོ་ཞེས་བྱ བ་ལས་རྣམས་ཀྱི་འགོག་པ་གང་ཞེ་ན། མ་རིག་པ་འགགས་པ་ལས་ལས་འགག་པར་འགྱུར་ཏེ། འདི་ནི་ལས་རྣམས་ཀྱི་འགོག་པ་འདི་ལྟར་ལས་རྣམས་འགོག་གོ་ཞེས་རིག་པར་བྱའོ། །ལས་རྣམས་འགོག་པར་འགྱུར་བའི་ལམ་རིག་པར་བྱའོ་ཞེས བྱ་བ་ལས་རྣམས་འགོག་པར་འགྱུར་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པོ་འདི་ལྟ་སྟེ། ཡང་དག་པའི་ལྟ་བ་ནས་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དག་སྟེ། འདི་ནི་ལས་རྣམས་འགོག་པར་འགྲོ་བའི་ལམ་འདི་ལྟར་ལས་རྣམས འགོག་པར་འགྲོ་བའི་ལམ་ཡིན་ནོ་ཞེས་རིག་པར་བྱའོ། །གང་ཡང་དགེ་སློང་འདི་ལྟར་ལས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་ལས་ཀུན་འབྱུང་བའི་རྒྱུ་དང། ལས་ཀྱི་རྣམ་པར་སྨིན་པ་དང། ལས་ཀྱི་རབ་ཏུ་དབྱེ་བ་དང། ལས་འགོག པ་དང། ལས་འགོག་པར་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་ནི་འདི་ལྟ་སྟེ། དགེ་སློང་ལས་ཀྱི་མཚན་ཉིད་ཡང་དག་པར་མཐོང་ཞིང། ཡང་དག་པར་ཤེས་པ་ཚངས་པར་སྤྱོད་ལ་སྐྱོ་བ་དང་བཅས་པ་ཞེས་བྱའོ་ཞེས གསུངས་སོ། །མདོ་ལས་གཟུགས་རྣམ་པ་གསུམ་པ་གསུངས་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །གནས་རྣམ་པ་གསུམ་གྱིས་གཟུགས་ཀྱི་གཟུགས་བསྡུས་ཏེ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་མེད་པའི་གཟུགས་ཀྱང་ཡོད་ཅེས་བཀའ་སྩལ་ཏོ། །གཟུགས་ཟག་པ་མེད་པ་ཡང་གསུངས་ཏེ་ཞེས་བྱ་བ་ལ། ཕུང་པོ་ཅན་ལས། དད་པ་གཉིས་དང་དགའ་བོ་གཉིས། །རབ་ཏུ་འཇིག་དང་འཕོ་བ་ཅན་ས་ལ་སེར་དང་དམར་པོ་དང། །ཕུང་པོ་ཆོས་དང་ཟག་བཅས་སོ་ཞེས་སྡོམ་གྱི་ཚིགས་སུ་བཅད་པའི་མདོ་མཛོད་ཀྱི་གནས་དང་པོར། གང་དག་ཟག་བཅས་ཉེར་ལེན་པའི་ཞེས བྱ་བར་བྲིས་ཟིན་ཏོ། ། །།འཕེལ་པར་ཡང་གསུངས་ཏེ་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀོའུ་ཤཱམྦཱི་ན་སྒྲ་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་བཅོམ་ལྡན་འདས་གདན?་བ་དེར ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་ག་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན པ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་ཉན་པའི་སྐབས་རྙེད་དམ། བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐུལ་བྱེད་རྙེད་དེ་རྫས་ལས བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་ནི་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་སྟེ། གང་དང་ལྡན་ན་དད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འགྲོ་བ་དང་འདུག་པ་དང་གཉིད་ལོག་པ་དང་སང་ན་ཡང རུང་རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་སྐྱེ་ཞིང་བསོད་ནམས་ཉེ་བར་སྐྱེ་བ་དག་སྟེ། བདུན་གང་ཞེ་ན། སྐུལ་བྱེད་འདི་ན་དད་པའི་རིགས་ཀྱི་བུ་འམ་དད་པའི་རིགས་ཀྱི་བུ་མོ་ཕྱོགས་བཞིའི་དགེ་སློང་གིས་དགེ་འདུན་ལ་ཀུན་དགའ་ ར་བ་འབུལ་བར་བྱེད་པ་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་དང་པོ་སྟེ། འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་སྟེ། གང་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འགྲོ་བ་དང་འདུག་པ་དག་གཉིད་ལོག་པ་དང་སང་པ་ན ཡང་རུང་རྟག་པར་རྒྱུན་མི་འཆད་པར་བསོད་ནམས་སྐྱེ་ཞིང་བསོད་ནམས་སྐྱེ་བའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་པར་བྱེད་པ་འདི་ནི་སྐུལ་བྱེད་རྫས་ལས་བྱུང་བའི་བསོད་ནམས གཉིས་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེ་བ་དག་གོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་དད་པའི་རིགས་ཀྱི་བུ་མོ་གནས་དེ་ཉིད་དུ་མལ་ཆ་དང་སྟན་དག་འབུལ་བར་བྱེད་པ འདི་ལྟ་སྟེ། ཁྲི་དང་ཁྲིའུ་དང་སྟན་གྲུ་བཞི་པ་དག་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན ཡང་དད་པའི་རིགས་ཀྱི་བུ་མོ་གནས་དེ་ཉིད་དུ་རྗེས་སུ་མཐུན་པའི་འཚོ་བ་ནར་མ་འབུལ་བར་བྱེད་པ་འདི་ནི་སྐུལ་བྱེད་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བཞི་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ བར་སྐྱེ་བ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གློ་བུར་འོངས་པ་དག་ལ་སྦྱིན་པ་བྱིན་པར་བྱེད་པ་འདི་ནི་སྐུལ་བྱེད་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ལྔ་པ་སྟེ། འབྲས་བུ ཆེ་བ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནད་པ་དང་ནད་གཡོག་དག་ལ་སྦྱིན་པ་བྱིན་པར་བྱེད་ན། སྐུལ་བྱེད་འདི་ནི་རྫས་ལས་བྱུང པའི་བསོད་ནམས་དྲུག་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེ་བའོ་ཞེས་བྱ་བའི་བར་དུའི། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་དང་པའི་རིགས་ཀྱི་བུ་མོ་རླུང ད་མར་དང་ལྷགས་པ་དང་གྲང་པ་དེ་ལྟ་བུའི་རང་བཞིན་དག་བྱུང་བ་ན་རླུང་དམར་དང་ལྷགས་པ་དང་ཆར་འབབ་པ་དང་གྲང་བའི་དུས་སུ་དགེ་སློང་གི་དགེ་འདུན་ལ་འཕགས་པ་སྐུ་མ་གཤེར་ཞིང་ཆོས་གོས་དག་མ་གཤེར་བར་འདི་དག་བ་ཞེས ལ་བདེ་བ་ལ་རེག་པར་གནས་པར་མཛོད་ཅིག་ཅེས་བཟའ་བ་དང་སྐྱོ་མ་དང་ཐུག་པ་དག་ཕྱི་རོལ་དུ་སོང་སྟེ་འབུལ་བར་བྱེད་དོ། །སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ བ་ནས་སྔ་མ་བཞིན་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་རྣམས་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོའི་བསོད་ནམས་དང་བསོད་ནམས་ཀྱི་འབྲས་བུ་དང བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་འདི་ཙམ་ཞེས་བསོད་ནམས་ཀྱི་ཆད་བཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་མང་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་འདི་ལྟ་སྟེ། ཆུ་བོ ཆེན་པོ་ལྔ་པོ་འདི་དག་ནི་མ་འདྲེས་པར་རྒྱ་མཚོར་འབབ་པ་སྟེ། འདི་ལྟ་སྟེ། གང་གཱ་དང། ཡ་མུན་དང། སར་ཡུ་དང། ཨ་ཛེ་ར་བ་ཏི་དང། ཆེན་པོ་དག་སྟེ། དེ་ལ་ཆུ་རྫ་མ་འདི་ཙམ་དང། ཆུ་རྫ་མ་བརྒྱ་ཕྲག་དང། ཆུ་རྫ་མ་བརྒྱ སྟོང་ཕྲག་འདི་ཙམ་ཡོད་དོ་ཞེས་ཆུའི་ཚད་ཡོངས་སུ་བཟུང་བར་མི་ནུས་ཀྱི། འོན་ཀྱང་ཆུ་མང་པོ་དང་ཆུའི་ཕུང་པོ་ཆེན་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་དེ་བཞིན་དུ་གང་རྫས་ལས་བྱུང་བའི་བསོད་ནམས བྱ་བའི་དངོས་པོ་འདི་རྣམས་དང་ལྡན་པའི་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོའི་བསོད་ནམས་དང། བསོད་ནམས་ཀྱི་འབྲས་བུ་དང། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་ཡིན་ནོ་ཞེས་བསོད་ནམས་ཀྱི་ཚད་བཟུང་བར་མི་ནུས་ཀྱི། འོན་ཀྱང་བསོད་ནམས་མང་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ལན་གཉིས་སུ་ཡང་ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་རྫས་ལས་བྱུང་བ་མ་ཡིན་པའི་བསོད ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དག་མཉན་པའི་སྐབས་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་བཀའ་སྩལ་པ། སྐུལ་བྱེད་ཡོད་དེ། སྐུལ་བྱེད་རྫས་ལས་བྱུང་བ་མ་ཡིན་པའི བསོད་ནམས་བྱ་བའི་དངོས་པོ་བདུན་པོ་འདི་དག་ནི་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ། དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དང་ལྡན་པ་ན་འགྲོ་བ་འམ་འདུག་པ་འམ་གཉིད་ལོག་པ་འམ་སད་པ་ན་ཡོད་རུང་རྟག ཏུ་རྒྱུན་མི་འཆད་པར་བསོད་ནམས་ཉེ་བར་སྐྱེ་བ་ཉིད་དུ་འགྱུར་བ་དག་སྟེ། བདུན་གང་ཞེ་ན། སྐུལ་བྱེད་འདི་ན་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན གྲོང་ངམ་ཞིང་གཞན་དག་ན་རྟེན་ཅིང་བཞུགས་སོ་ཞེས་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་བསྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི དངོས་པོ་དང་པོ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས པའི་ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་འདིར་འོང་བར་བརྩོམ་པ་ཐོས་ནས་ཐར་བ་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི བསོད་ནམས་བྱ་བའི་དངོས་པོ་གཉིས་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ འམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་ལམ་དུ་ཞུགས་པ་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད ནམས་བྱ་བའི་དངོས་པོ་གསུམ་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེ་བཞིན་གཤེགས་པ་འམ་དེ བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་གྲོང་དམ་ཞིང་ཆེ་གེ་མོ་ཞིག་ཏུ་གཤེགས་ནས་བཞུགས་སོ་ཞེས་ཐོས་ནས་ཐར་པ་དག་པ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་བཞི་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་བལྟ་བའི་ཕྱིར་འགྲོ་ཞིང་མཐོང་ན་ཐར་པ་དགེ་བ་ཡང་དག་པར་སྡུད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི བསོད་ནམས་བྱ་བའི་དངོས་པོ་ལྔ་པ་སྟེ། འབྲས་བུ་ཆེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་ཉེ་བར་སྐྱེའོ་ཞེས་བྱ་བའི་བར་དུའོ། །གཞན་ཡང་སྐུལ་བྱེད་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི ཉན་ཐོས་ཀྱི་དགེ་འདུན་དེ་ཉིད་ལས་ཆོས་ཐོས་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་རབ་ཏུ་དགའ་བ་འཐོབ་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དྲུག་པ་སྟེ། འབྲས་བུ་ཆེ་བ ཞེས་བྱ་བ་ནས་སྔ་མ་བཞིན་དུ་བསོད་ནམས་སྐྱེའོ་ཞེས་བྱ་བའི་བར་དུའོ། །སྐུལ་བྱེད་གཞན་ཡང་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་འམ་དེ་བཞིན་གཤེགས་པའི་ཉན་ཐོས་དེ་ཉིད་ལས་ཆོས་ཐོས་ནས་སངས་རྒྱས ལ་སྐྱབས་སུ་འགྲོ་། ཆོས་ལ་སྐྱབས་སུ་འགྲོ་།དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གནས་ཡང་དག་པར་འཛིན་པ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་བདུན་པ་སྟེ། འབྲས་བུ་ཆེ་བ ཕན་ཡོན་ཆེ་བ་གཟི་བརྗོད་ཆེ་བ་རྒྱ་ཆེ་བ་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དང་ལྡན་ན་འགྲོ་བ་འམ་འདུག་པ་འམ་གཉིད་ལོག་པ་འམ། སད་པ་ན་ཡང་རུང་རྟག་པར་རྒྱུན་མི་ཆད་པར་བསོད་ནམས་ཉེ་བར་སྐྱེ་བར་འགྱུར་བ་དག་གོ་། སྐུལ་བྱེད་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་དག་དང་ལྡན་པའི་རིགས་ཀྱི་བཱུམ་རིགས་ཀྱི་བུ་མོའི་བསོད་ནམས་དང། བསོད་ནམས་ཀྱི་འབྲས་བུ་དང། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་ཚད་ནི གཟུང་བར་མི་ནུས་ཀྱི། འོན་ཀྱང་བསོད་ནམས་མང་པོ་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་འདི་ལྟ་སྟེ། ཆུ་བོ་ཆེན་པོ་ལྔ་པོ་འདི་དག་ནི་འདྲེས་ཤིང་རྒྱ་མཚོར་འབབ་པ་དག་སྟེ། འདི་ལྟ་སྟེ། གངྒཱ་དང། ཡ་མུ ན་དང། མར་ཡུ་དང། ཨ་ཛེ་ར་བ་ཏི་དང། ཆེན་པོ་དག་སྟེ། དེ་དག་ལ་ཆུ་རྫ་མ་འམ། ཆུ་རྫ་མ་བརྒྱ་འམ། ཆུ་རྫ་མ་སྟོང་ངམ་ཆུ་རྫ་མ་སྟོང་ཕྲག་འདི་ཙམ་ཡོད་དོ་ཞེས་ཆུའི་ཚད་གཟུང་བར་མི་ནུས་ཀྱི། འོན་ཀྱང་ཆུ་མང པོ་དང་ཆུའི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྐུལ་བྱེད་དེ་བཞིན་དུ་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་འདི་དག་དང་ལྡན་པའི་དེའི་བསོད་ནམས་དང། བསོད ནམས་ཀྱི་འབྲས་བུ་དང། བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་འདི་ཙམ་མོ་ཞེས་བསོད་ནམས་ཀྱི་ཚད་གཟུང་བར་མི་ནུས་ཀྱི། འོན་ཀྱང་བསོད་ནམས་མང་པོ་དང་བསོད་ནམས་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །འདིར སྨྲས་པ། ཇི་ལྟར་གཙང་དག་འཇུག་དོགས་བདེ། །རིན་ཆེན་འབྱུང་གནས་བཀྲ་ཤིས་མཚོར། །མི་དང་རི་དགས་ཚོགས་དག་གིས། །བསྟེན་པའི་ཆུ་བོ་སོ་སོར་འབབ། །དེ་བཞིན་མལ་སྟན་གདིང་བའི་དངོས། །སྦྱིན་པའི་མི་ལ་བསོད་ནམས རྒྱུན། །ཇི་ལྟར་རྒྱ་མཚོའི་ཆུ་བཞིན་འབབ། །ཅེས་བཀའ་སྩལ་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་རྟོགས་པར་བྱ་ཞེས་བྱ་བ་ལ་སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པའི མཐར་འདི་ལྟར་འདོན་ཏེ། ཐམས་ཅད་ཐམས་ཅད་ཡོད་དོ་ཞེས། །ཆོས་རྣམས་ཐམས་ཅད་དྲིས་པ་དང། །བྲམ་ཟེ་དགེ་སློང་ཀུན་དགའ་བོ། །སྟོན་པས་དགེ་སློང་རྣམས་ལ་ནི། །ལོགས་པར་བཤད་པ་གོ་བྱས་ནས། །ཚིགས་སུ་ཡང་དག སྡེ་བས་པ་ཡིན་ཞེས་མཛོད་ཀྱི་གནས་དང་པོར། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་པ་རྣམས་ཞེས་བྱ་བ་དེར་བྲིས་ཟིན་ཏོ། །གང་འདི་སྐད་དུ་ཤེས་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས ཀོ་ཏུ་བ་ན་ཀལམ་ཤ་མྱ་ཞེས་བྱ་བའི་ཀོ་ཏུ་པའི་གྲོང་ཁྱེར་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ཐོག་མར་དགེ་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཚངས་པར་སྤྱོད་པ་ཡོངས་སུ་གསལ་བར་བྱེད་པའི་སྐྱེ མཆེད་དྲུག་གི་ཚོགས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ཞེས་བྱ་བ་ནས་བཤད་པར་བྱ་བའི་བར་དུའོ། །སྐྱེ་མཆེད་དྲུག་གི་ཚོགས་ཀྱི་རྣམ་གྲངས་གང་ཞེ་ན། དགེ་སློང་དག་མིག་དང་གཟུགས་ཡང་དག་པར ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང་བ་དང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང་ན། མིག་དང་གཟུགས་ལ་ཡང་དག་པར་དགའ་ཞིང་མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བ་དང། སྡུག བསྔལ་བ་འམ། བདེ་བ་ཡང་མ་ཡིན་པ་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ཡང་དག་པར་དགའ་བར་འགྱུར་རོ། །དེ་ལ་ཡང་དག་པར་ཆགས་ཤིང་རྨོངས་ལ་སོ་སོར་རྟོག་པ་དང་སེམས་བཅིངས་ཤིང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་སོགས་པར་འགྱུར ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲིད་པ་ལས་ཡང་སྲིད་པར་འགྲོ་བ་དེ་དང་དེར་དགའ་བའི་འདོད་ཆགས་འཇུག་ཅིང་དེ་དེ་དག་དུ་སྐྱེ་བར་འགྱུར་ཏེ། ལུས་ངལ་བ་དང། སེམས་ངལ་བ་དང། ལུས་ཀྱི་རིམས་ནད་དང། སེམས་ཀྱི་རིམས་ནད་དང ལུས་ཡོངས་སུ་སྲེག་པ་དང། སེམས་ཡོངས་སུ་སྲེག་པ་དང། ལུས་ཀྱི་འབད་རྩོལ་དང། སེམས་ཀྱི་འབད་རྩོལ་དང། ལུས་ཀྱི་སྡུག་བསྔལ་བ་སོ་སོར་ཉམས་སུ་མྱོང་བ་དང། སེམས་ཀྱི་སྡུག་བསྔལ་བ་སོ་སོར་ཉམས་སུ་མྱོང་བར་ཡང་འགྱུར ཞིང་དེ་ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བས་འདི་ལྟར་མ་འོངས་པའི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ། །དགེ་སློང་དག་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང ལ། ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་དང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ཤིང་མ་མཐོང ན། དེ་ལ་ཡང་དག་པར་དགའ་བར་འགྱུར་རོ། །དེ་དེ་ལ་ཡང་དག་པར་ཆགས་ཞིང་རྨོངས་ལ་སོ་སོར་རྟོག་ཅིང་སེམས་བཅིངས་པ་དང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་སོགས་པར་འགྱུར་ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་ལས་ཡང སྲེད་པར་འགྲོ་བ་དེ་དང་དེར་སྐྱེ་བར་འགྱུར་ཏེ། ལུས་ངལ་བ་དང། སེམས་ངལ་བ་དང། ལུས་ཀྱི་རིམས་ནད་དང། སེམས་ཀྱི་རིམས་ནད་དང། ལུས་ཡོངས་སུ་སྲེག་པ་དང། སེམས་ཡོངས་སུ་སྲེག་པ་དང། ལུས་ཀྱི་འབད་པ་དང། སེམས་ཀྱི་འབད་པ དང། ལུས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བ་དང། སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བར་ཡང་འགྱུར་ཞིང་དེ་ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བས་འདི་ལྟར་མ་འོངས་པའི་སྐྱེ་བ་དང། རྒ་བ་དང རྣ་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ། །དགེ་སློང་དག མིག་དང་གཟུགས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང། མིག་གི་རྣམ་པར་ཤེས་པ་དང། མིག་གི་འདུས་ཏེ་རེག་པ་དང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག བསྔལ་བ་ཡང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ན། དེ་ལ་ཡང་དག་པར་དགའ་བར་འགྱུར་རོ། །དེ་དང་དེ་ལ་ཡང་དག་པར་མི་ཆགས་ཤིང་མི་རྨོངས་ལ་སོ་སོར་མི་རྟོག་ཅིང་སེམས་མི་འཆིད་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར མི་སོགས་ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་ལས་འགྲོ་བ་དེ་དང་དེར་སྐྱེ་བར་མི་འགྱུར་ཞིང། ལུས་ཀྱི་ངལ་བ་དང། སེམས་ཀྱི་ངལ་བ་དང། ལུས་ཀྱི་རིམས་ནད་དང། སེམས་ཀྱི་རིམས་ནད་དང། ལུས་ཀུན་ཏུ་སྲེག་པ་དང། སེམས་ཀུན་ཏུ་སྲེག་པ་དང། ལུས་ཀྱི་འབད་རྩོལ་དང། སེམས་ཀྱི་འབད་རྩོལ་དང། ལུས་ཀྱི་སྡུག་བསྔལ་སོ་སོར་མྱོང་བ་དང། སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བར་ཡང་མི་འགྱུར་ཞིང་ལུས་དང་སེམས་ཀྱི་སྡུག་བསྔལ་སོ སོར་མྱོང་བས་མ་འོངས་པའི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་མི་འགྱུར་ཏེ། དེ་ལྟ་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི འབའ་ཞིག་འབྱུང་བར་མི་འགྱུར་རོ། །དགེ་སློང་དག་རྣ་བ་དང། སྣ་དང། ལྕེ་དང། ལུས་དང། ཡིད་དང། ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཤིང་མཐོང་ལ། ཡིད་ཀྱི་རྣམ་པར་ཤེས་པ་དང། ཡིད་ཀྱི་འདུས་ཏེ་རེག་པ་དང། ཡིད་ཀྱི་འདུས ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་མཐོང་ན། དེ་དེ་ལ་ཡང་དག་པར་དགའ་བར་མི་འགྱུར་རོ། །དེ་དེ་ལ་མི་ཆགས ཤིང་མི་རྨོངས་ལ་སོ་སོར་མི་རྟོག་ཅིང་སེམས་མི་འཆིང་ལ་ཉེ་བར་ལེན་པའི་ཕུང་པོ་ཉེ་བར་མི་སོགས་ཏེ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་ལས་ཡང་སྲེད་པར་འགྲོ་བ་དེ་དང་དེར་སྐྱེ་བར་མི འགྱུར་ཞིང་ལུས་ངལ་བ་དང། སེམས་ངལ་བ་དང། ལུས་ཀྱི་རིམས་ནད་དང། སེམས་ཀྱི་རིམས་ནད་དང། ལུས་ཡོངས་སུ་སྲེག་པ་དང། སེམས་ཡོངས་སུ་སྲེག་པ་དང། ལུས་ཀྱི་འབད་རྩོལ་དང། སེམས་ཀྱི་འབད་རྩོལ་དང། ལུས་ཀྱི་སྡུག་བསྔལ་སོ་སོར་མྱོང པ་དང། སེམས་ཀྱི་སྡུག་བསྔལ་སོ་སོར་ཉམས་སུ་མྱོང་བར་ཡང་མི་འགྱུར་ཏེ། ལུས་དང་སེམས་ཀྱི་སྡུག་བསྔལ་སོ་སོར་མྱོང་བས་མ་འོངས་པའི་སྐྱེ་བ་དང། རྒ་བ་དང། ན་བ་དང། འཆི་བ་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་མི་འགྱུར་རོ། །དེ་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་ན་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པ་ཡོངས་སུ་རྫོགས་པར འགྱུར་ཏེ། ཡང་དག་པའི་ལྟ་བ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞིང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར ཏེ། འདིའི་ཡང་དག་པའི་ལས་ཀྱི་མཛའ་དང། འཚོ་བ་ངག་ནི་སྔོན་ཉིད་དུ་ཡོངས་སུ་དག་ཅིང་བྱང་བར་གྱུར་ཏེ། དེ་ལྟར་ན་གོ་རིམ་ལས་ཟློག་པར་འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དྲན་པ་ཉེ་བར་བཞག་པ་བཞི བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ལན་ལག་བདུན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞི་གནས་དང་ལྷག་མཐོང་འདྲིས་ཤིང མཉམ་པར་འཇུག་སྟེ། དེ་ཆོས་གང་དག་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ཤིང་ཡོངས་སུ་ཤེས་སོ། །ཆོས་གང་མངོན་པར་ཤེས་ནས་སྤང་བར་བྱ་བ་དེ་དག་མངོན་པར་ཤེས་ནས་རབ་ཏུ་སྤོང་ངོ། །ཆོས གང་དག་མངོན་པར་ཤེས་ནས་མངོན་སུམ་དུ་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་མངོན་དུ་བྱེད་དོ། །ཆོས་གང་དག་མངོན་པར་ཤེས་ནས་བསྒོམ་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་སྒོམ་པར་བྱེད་དོ། །ཆོས་གང་དག་མངོན་པར་ཤེས པར་བྱ་བ་དང། ཡོངས་སུ་ཤེས་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལྟ་སྟེ། མིང་དང་གཟུགས་སོ། །འདི་ནི་ཆོས་གང་དག་མངོན་པར་ཤེས་པ་དང་ཡོངས་སུ་ཤེས་པར་བྱ་བའི་ཆོས་དེ་དག་མངོན་པར ཤེས་ཤིང་ཡོངས་སུ་ཤེས་པ་ཞེས་བྱའོ། །ཆོས་གང་དག་མངོན་པར་ཤེས་ནས་ཡོངས་སུ་སྤང་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་ཡོངས་སུ་སྤོང་བ་གང་ཞེ་ན། མ་རིག་པ་དང་སྲིད་པའི་སྲེད་པ་སྟེ། འདི་ནི་ཆོས་གང་མངོན་པར་ཤེས་ནས་ཡོངས་སུ སྤང་བའི་ཆོས་དེ་དག་མངོན་པར་ཤེས་ནས་ཡོངས་སུ་སྤོང་བ་ཞེས་བྱའོ། །ཆོས་གང་དག་མངོན་པར་ཤེས་ནས་མངོན་སུམ་དུ་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་མངོན་དུ་བྱེད་པ་གང་ཞེ་ན། རིག་པ་དང་རྣམ་པར་གྲོལ་བ་སྟེ། འདི་ནི་མངོན་པར ཤེས་ནས་མངོན་དུ་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་མངོན་དུ་བྱེད་པ་ཞེས་བྱའོ། །ཆོས་གང་དག་མངོན་པར་ཤེས་ནས་བསྒོམ་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་བསྒོམ་པར་བྱེད་པ་གང་ཞེ་ན། ཞི་གནས་དང་ལྷག་མཐོང་སྟེ། འདི ནི་ཆོས་གང་དག་མངོན་པར་ཤེས་ནས་བསྒོམ་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་བསྒོམ་པར་བྱེད་པའོ། །དགེ་སློང་དག་དགེ་སློང་གང་དག་མངོན་པར་ཤེས་པར་བྱ་བ་དང་ཡོངས་སུ་ཤེས་པར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ཤིང་ཡོངས་སུ་ཤེས པར་འགྱུར་བ་དང། ཆོས་གང་དག་མངོན་པར་ཤེས་ནས་སྤང་བར་བྱ་བའི་ཆོས་དེ་དག་མངོན་པར་ཤེས་ནས་ཡོངས་སུ་སྤོང་བར་འགྱུར་བ་དང། ཆོས་གང་དག་མངོན་པར་ཤེས་ནས་མངོན་དུ་བྱེད་པའི་ཆོས་དེ་དག་མངོན་པར་ཤེས ནས་མངོན་སུམ་དུ་བྱེད་པར་འགྱུར་བ་དང། ཆོས་གང་དག་མངོན་པར་ཤེས་ནས་སྒོམ་པར་བྱ་བའི་ཆོས་དེ་དག་སྒོམ་པར་འགྱུར་བ་འདི་ནི་དགེ་སློང་ཞེས་བརྗོད་དོ། དགེ་སློང་སྲེད་པ་ཆད་པ། ཀུན་ཏུ་སྦྱོར་བ་སྤངས་པ། ཡང་དག་པའི་མངོན་པར་རྟོགས་པས སྡུག་བསྔལ་མཐར་བྱེད་པ་ཞེས་བྱའོ། །འདི་ནི་སྐྱེ་མཆོད་དྲུག་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཏེ། དགེ་སློང་དག་ཐོག་མར་དགེ་བ་ཅེས་བྱ་བ་ནས་ཚངས་པར་སྤྱོད་པ་ཡོངས་སུ་གསལ་བར་བྱེད་པའི་ཆོས་བཤད་པར་བྱ་སྟེ། འདི་ལྟ་སྟེ། སྐྱེ་མཆེད་དྲུག་བསྟན པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སོ་ཞེས་པས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ། །སྤོང་བ་ཆུ་ལོན་དུ་ཡོད་པ་སྟེ་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང དག་ལོག་པ་ཉིད་དང་ཡང་དག་པ་ཉིད་ཀྱིས་ཆོས་དག་བཤད་པར་བྱ་སྟེ། དེ་ལེགས་པར་ཉོན་ལ་ཡིད་ལ་བཟུང་ཞིག་དང་བཤད་པར་བྱའོ། །ལོག་པ་ཉིད་གང་ཞེ་ན། ལོག་པའི་ལྟ་བ་དང། ལོག་པའི་རྟོག་པ་དང། ལོག་པའི་ངག་དང། ལོག་པའི་ལས ཀྱི་མཛའ་དང། ལོག་པའི་འཚོ་བ་དང། ལོག་པའི་རྩོམ་པ་དང། ལོག་པའི་དྲན་པ་དང། ལོག་པའི་ཏིང་ངེ་འཛིན་ཏོ། །འདི་ནི་ལོག་པ་ཉིད་ཅེས་བྱའོ། །ཡང་དག་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང། ཡང་དག་པའི་ངག་དང། ཡང་དག པའི་ལས་ཀྱི་མཛའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཡང་དག་པའི་ལྟ་བ་གང་ཞེ་ན། ཡང་དག་པའི་ལྟ་བ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པར་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་སྒྲུབ་པ་ཡང་ཡོད། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། ལྟ་བ་གང་སྦྱིན་པ་ཡོད་དོ། །མཆོད་སྦྱིན་ཡོད་དོ། །ལེགས་པར་སྤྱད་པ་ཡོད་དོ། །ཉེས་པར་སྤྱད་པ་ཡོད་དོ། །ལེགས་པར སྤྱད་པ་དང། ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ། །འཇིག་རྟེན་འདི་ཡོད་དོ། །འཇིག་རྟེན་ཕ་རོལ་ཡོད་དོ། །ཕ་ཡོད་དོ། །མ་ཡོད་དོ། །སེམས་ཅན་རྫུས་ཏེ་བྱུང་བ་ཡོད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡོད་དོ། །ཡང་དག་པར་འགྲོ་བ་དང། ཡང་དག་པར་རྟོག་པ་ཡོད་དོ་ཞེས་ལྟ་བ་འདི་འཇིག་རྟེན་པའི་ལྟ་བ་སྟེ། འདི་ལྟར་ཆོས་རྣམས་ལ་རང་ཉིད་ཀྱི་མངོན་པར་ཤེས་པ་མངོན་དུ་བྱ་བ་ཕུན་སུམ་ཚོགས་པ་རབ་ཏུ་རིག་པ་སྟེ། སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་དག་གོ་།འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ་ཉེ་བར་ ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང། འགེག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ བྱེད་དེ། ཡིད་ལ་བྱེད་པ་ཟག་པ་མེད་པ་དང་ཡང་དག་པར་ལྡན་པ་རྣམས་འབྱེད་ཅིང་རབ་ཏུ་འབྱེད་པ་དང། རྣམ་པར་བྱེད་པ་དང། མཚོན་པ་དང། ཡང་དག་པར་མཚོན་པ་དང། སྟེན་པ་དང། རབ་ཏུ་ཤེས་པ་དང། ཤེས་རབ་དང། བློ་དང། རིག་པ་དང་། མཁས་པ་དང། ཡོངས་སུ་ཤེས་པ་དང། དཔྱོད་པ་དང། ལྟ་བ་འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་རྟོག་པ་ཟག་པ་མེད་པ་ཉེ་བར་ལེན་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ།། ཡང་དག་པའི་རྟོག་པ་གང་ཞེ་ན། ཡང་དག་པའི་རྟོག་པ་མེད་པ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་རྟོག་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་མཐོ་རིས་སྒྲུབ་པར་བྱེད་པ་ཡང་ཡོད། །འཇིག་རྟེན་ལས་འདས པའི་ཡང་དག་པའི་ལྟ་བ་ཟག་པ་མེད་པ། ཉེ་བར་ལེན་པ་མེད་པ། སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་རྟོག་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ གང་ཞེ་ན། ཐར་པའི་རྣམ་པར་རྟོག་པ་དང། གནོད་སེམས་མེད་པའི་རྣམ་པར་རྟོག་པ་དང། རྣམ་པར་འཚེ་བ་མེད་པའི་རྣམ་པར་རྟོག་པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་རྟོག་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་བདེ་འགྲོ་སྒྲུབ པར་བྱེད་པ་དག་གོ་། འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་རྟོག་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག བསྔལ་དུ་ཡིད་ལ་བྱེད་ཅིང། ཀུན་འབྱུང་ལ་ཀུན་འབྱུང་དང། འགོག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ་བྱེད་ཅིང་ཟག་པ་མེད་པའི་ཡིད་ལ་བྱེད་པ་ཡང་དག་པར་ལྡན་པའི་སེམས་ཀྱིས་དཔྱོད་པ་དང། རབ་ཏུ་སྤྱོད་པ་དང། རྣམ པར་དཔྱོད་པ་དང། མངོན་པར་རབ་ཏུ་སྤྱོད་པ་དང། རྟོག་པ་དང། རྣམ་པར་རྟོག་པ་དང། བགྲང་བ་དང། ཡང་དག་པར་རྟོག་པ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་རྟོག་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱེད་པ་ཞེས་བྱའོ། །ཡང་དག་པའི་ངག་གང་ཞེ་ན། ཡང་དག་པའི་ངག་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་ངག་ཟག་པ་དང་བཅས་པ། ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན ལས་འདས་པའི་ཡང་དག་པའི་ངག་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ངག་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་བསྒྲུབ་པར་བྱེད་པ་གང་ཞེ་ན་། རྫུན་དུ་སྨྲ་བ་སྤོང་བ་དང། ཕྲ་མ་སྤོང་བ་དང། ཚིག་རྩུབ་པོ་སྤོང་བ་དང། ཚིག་བཀྱལ་པ་སྤོང་བ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ངག་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཕགས་པའི་འཇིག་རྟེན ལས་འདས་པའི་ཡང་དག་པའི་ངག་ཟག་པ་མེད་པ་ཉེ་བར་ལེན་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པ་གང་ཞེ་ན། འདི་ནི་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང། འགོག་པ་ལ འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ་ལོག་པར་འགྲོ་བའི་ངག་གི་ཉེས་པར་སྤྱོད་པ་རྣམ་པ་བཞི་སྤངས་ཤིང་དེ་ལས་གཞན་པའི་ངག་ཉེས་པར་སྤྱད་པས་སོ་སོར་མ་རྟགས་ཤིང་ཟག་པ་མེད་པ་དང་བྲལ་བ་དང། རབ་ཏུ་བྲལ་བ་དང། རྣམ་པར བྲལ་བུ་དང། བཏོན་པ་དང། མི་བྱེད་པའི་སྡོམ་པ་དང། མི་བྱེད་པ་དང། ཆད་པ་དང། ཆུ་ལོན་དང། མི་འཐོབ་པ་དང། ཡང་དག་པར་མི་འཐོབ་པ་དང། འདའ་བ་དང། ཡང་དག་པར་འདའ་བ་འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་གང་ཟག་པ་མེད པ་ཉེ་བར་ལེན་པ་མེད་པ། སྡུག་བསྔལ་ཟད་ཅིང། སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་ལས་ཀྱི་མཛའ་གང་ཞེ་ན། ཡང་དག་པའི་ལས་ཀྱི་མཛའ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཛའ་ཟག་པ་དང བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་དང། འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལས་ཀྱི་མཛའ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཛའ་འབྱིན པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཛའ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། སྲོག་གཅོད་པ་སྤོང་བ་དང། མ་བྱིན་པར་ལེན་པ་སྤོང་བ་དང། འདོད་པ་ལས་ལོག་པར་གཡེམ་པ སྤོང་བ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ལས་ཀྱི་མཛའ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལས་ཀྱི་མཛའ་ཟག་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ ཟག་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ནི་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་བ་ལ་ཀུན་འབྱུང་དང། འགོག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ལོག་པའི་ཚོར་བར འགྲོ་བའི་ལུས་ཀྱི་ཉེས་པར་སྤྱོད་པ་རྣམ་པ་གསུམ་སྤངས་ཏེ། དེ་ལས་གཞན་པའི་ལུས་ཀྱི་ཉེས་པར་སྤྱོད་པ་དག་སོ་སོར་བརྟག་པ་དང། ཟག་པ་མེད་པ་དང་བྲལ་བ་དང། རབ་ཏུ་བྲལ་བ་དང། རྣམ་པར་བྲལ་བ་དང་ཡང་དག་པར་འདས་པའི་བར་དུ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལས་ཀྱི་མཛའ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ། སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་འཚོ་བ་གང་ཞེ་ན། ཡང་དག་པའི འཚོ་བ་དེ་ནི་རྣམ་པ་གཉིས་སྟེ། འཇིག་རྟེན་པའི་ཡང་དག་པའི་འཚོ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་དག་པའི་འཚོ་བ་ཟག་པ་མེད་པ་ཉེ་བར་ལེན པ་མེད་པ་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་འཚོ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། གང་འདི་སོ་སོར་བརྟགས་ནས་ཚེས་དང་ལྡན་པས་ཆོས་གོས་ངག ཚོལ་བར་བྱེད་དོ། །ཆོས་མ་ཡིན་པས་ནི་མ་ཡིན་ནོ། །ཆོས་དང་ལྡན་པས་མལ་ཆ་དང། སྟན་དང། ན་བའི་གསོ་སྨན་དང། འཚོ་བའི་ཡོ་བྱད་དག་འཚོལ་བར་བྱེད་ཀྱི། ཆོས་མ་ཡིན་པས་ནི་མ་ཡིན་པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་འཚོ་བ ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་དག་ཅེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་འཚོ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པར་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་དང། འགོག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ལོག་པའི་འཚོ་བ་སོ་སོར་མ་བརྟགས་ཤིང་ཟག་པ་མེད་པ་དང་བྲལ་བ་དང རབ་ཏུ་བྲལ་བ་ཞེས་བྱ་བ་ནས་ཡང་དག་པར་འདས་པའི་བར་དུ་སྟེ། འདི་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་འཚོ་བ་དག་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་བྱེད་པ་ཞེས་བྱའོ། །ཡང་དག པའི་རྩོལ་བ་གང་ཞེ་ན། ཡང་དག་པའི་རྩོལ་བ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་རྩོལ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་འདས་པའི་ཡང་དག པའི་རྩོལ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་དང་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་རྩོལ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་ པར་བྱེད་པ་གང་ཞེ་ན། གང་འདུན་པ་དང། བརྩོན་པ་དང། རྩོལ་བ་དང། གནོད་པ་དང། ཕ་རོལ་གནོན་པ་དང། བརྟན་པ་དང། རྩོམ་པ་དང། སྤྲོ་བ་དང། ཆོག་པར་མི་འཛིན་པ་དང། སེམས་ཡང་དག་པར་འཛིན་པ་དང། རྟག་ཏུ་བྱེད་པ སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་རྩོལ་བ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡང་དག་པའི་རྩོལ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང། འགོག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ་ཟག་པའི་ཡིད་ལ་བྱེད་པ་དང་ཡང དག་པར་ལྡན་པས་འདུན་པ་དང་ཞེས་བྱ་བ་ནས་རྟག་ཏུ་བྱེད་དོ་ཞེས་བྱ་བའི་བར་ཏུ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་རྩོལ་བ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས བྱའོ། །ཡང་དག་པའི་དྲན་པ་གང་ཞེ་ན། ཡང་དག་པའི་དྲན་པ་དེ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཡང་དག་པའི་དྲན་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཇིག་རྟེན་ལས་འདས་པའི་དྲན་པ ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད་དོ། །འཇིག་རྟེན་པའི་ཡང་དག་པའི་དྲན་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། གང་དྲན པ་དང། རྗེས་སུ་དྲན་པ་དང། སོ་སོར་དྲན་པ་དང། རབ་ཏུ་དྲན་པ་དང། མི་བརྗོད་པ་དང། ཆོས་ཉིད་མི་བརྗོད་པར་སེམས་ལ་མངོན་པར་བརྗོད་པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་དྲན་པ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ བདེ?་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་དྲན་པ་ཟག་པ་མེད་པར་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་སྡུག་བསྔལ ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང། འགོག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ཟག་པ་མེད་པའི་ཡིད་ལ་བྱེད་པ་དང། ཡང་དག་པར་ལྡན་པས་འདུན་པ་དང་ཞེས་བྱ་བ་ནས་རྟག་པར་བྱེད་ཅེས་བྱ་བའི་བར དུ་སྟེ། འདི་ནི་འཕགས་པའི་འཇིག་རྟེན་ལས་འདས་པའི་དྲན་པ་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། ཡང་དག་པའི་ཏིང་ངེ་འཛིན་དེ་ནི་རྣམ་པ་གཉིས་ཏེ། འཇིག རྟེན་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཡང་ཡོད། འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཡང་ཡོད། འཇིག་རྟེན་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་གང་ཞེ་ན། གང་སེམས་གནས་པ་དང། ཡང་དག་པར་གནས་པ་དང། རབ་ཏུ་གནས་པ་དང། ཀུན་ཏུ་གནས་པ་དང། ཉེ་བར་གནས་པ་དང། ཡིད་རྣམ་པར་མི་གཡེང་བ་དང། ཞི་གནས་ལ་སེམས་སྡུད་པ་དང། ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པ་སྟེ། འདི་ནི་འཇིག་རྟེན་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་ཉེ་བར ལེན་པ་དང་བཅས་པ་བདེ་འགྲོ་སྒྲུབ་པར་བྱེད་པ་ཞེས་བྱའོ། །འཕགས་པའི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་གང་ཞེ་ན། འདི་ནི་འཕགས པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་ཅིང་ཀུན་འབྱུང་ལ་ཀུན་འབྱུང་དང། འགོག་པ་ལ་འགོག་པ་དང། ལམ་ལ་ལམ་དུ་ཡིད་ལ་བྱེད་དེ། ཟག་པ་མེད་པའི་ཡིད་ལ་བྱེད་པ་དང། ཡང་དག་པར་ལྡན་པས སེམས་གནས་པ་དང། ཡང་དག་པར་གནས་པ་དང། རབ་ཏུ་གནས་པ་དང། ཀུན་ཏུ་གནས་པ་དང། ཉེ་བར་གནས་པ་དང། ཡིད་རྣམ་པར་མི་གཡེང་བ་དང། ཞི་གནས་ལ་སེམས་སྡུད་པ་དང། ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་པ་སྟེ། འདི་ནི་འཕགས་པ འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཏིང་ངེ་འཛིན་ཟག་པ་མེད་པ་ཉེ་བར་ལེན་པ་མེད་པ་སྡུག་བསྔལ་ཟད་པར་བྱེད་ཅིང་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་ཞེས་བྱའོ། །འདི་ནི་ལོག་པ་ཉིད་དང་ཡང་དག་པ་ཉིད་ཅེས་བྱའོ། །དགེ་སློང་དག་ལོག་པ་ཉིད་དང ཡང་དག་པ་ཉིད་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བསྟན་པ་དེ་རྒྱས་པར་རབ་ཏུ་བཤད་དོ་ཞེས་བཀའ་སྩལ་ཏོ། །གང་ཡང་མདོ་ལས་ཇི་སྐད་དུ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། ཞེས་བྱ་བ་སྐྱེ་མཆེད་དྲུག་གི་ཚོགས་ཀྱིས་བསྡུས་པའི་སྡོམ་དང པོ་ལས་རྟོགས་པར་བྱ་སྟེ། དེའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་མཛའ་ལས་བསྟན་པ་མཛོད་ཀྱི་གནས་དང་པོར་ཟག་པ་དང་བཅས་པ་འདི་ཉིད་ནི་རྣམ་པ་གསུམ་སྟེ། ཞེས་བྱ་བ་དེར་བྲིས་ཟིན་ཏོ། །མདོ་ལས་འདི་ཅིའི་ཕྱིར་ཁྱད་པར་དུ་མཛད ཅེ་ན་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་དྲུག་པོ་འདི་དག་ནི་སེམས་ཀྱི་སྤགས་པ་དང། ཐ་བའི་གཞི་སྟེ། དྲུག་གང་ཞེ་ན། དགེ་སློང་དག་གཟུགས་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་སེམས་ཀྱི་སྤགས པ་དང་ཐ་བའི་གཞིའོ། །སྒྲ་དང། དྲི་དང། རོ་དང། རེག་བྱ་དང། ཆོས་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་སེམས་ཀྱི་སྤགས་པ་དང། ཐ་བའི་གཞིའོ་ཞེས་གསུངས་སོ། །དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཞེས བྱ་བ། བཅོམ་ལྡན་འདས་པའི་རུ་འདུ་འདམ་བུ་ཅན་གྱི་རྩ་བར་དབྱར་གནས་པའི་ཕྱིར་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་དྲུང་ན་དགེ་སློང་རབ་ཏུ་མང་པོ་དག་དབྱར་གནས་པའི་ཕྱིར་དགོན་པར་མཚམས་བཅད་དེ་འདུག་གོ་།དེ་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་དབྱར་ཟླ་བ གསུམ་འདས་ནས་ཆོས་གོས་བྱས་པ་བྱིན་གྱིས་བརླབས་ཏེ། ཆོས་གོས་དང་ལྷུང་བཟེད་ཐོགས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་དབྱར་གནས་ལགས་ཏེ་མཚམས་དག་བཤིག་ལགས་སམ། དགེ་སློང་དག་ཁྱེད་ཅག་མཚམས་མ་བཤིག་ཅིག་།དེ་ཅིའི་ཕྱིར་ཞེ་ན། དགེ་སློང དག་ཇི་སྲིད་དུ་མཚམས་གནས་པ་དེ་སྲིད་དུ་སྦྱིན་བདག་གི་བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་ཞིང་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་རོ། །དགེ་སློང་དག་བཞི་པོ་འདི་དག་ནི་བསོད་ནམས་ཀྱི་རྒྱུ་མཐུན་དགེ་བའི་རྒྱུ་མཐུན་བདེ་བ་ཐུན་མོང པ་ཉིད་དུ་སྦྱིན་བདག་གིས་རེ་བར་བྱ་སྟེ། བཞི་གང་ཞེན། གང་གི་གཙུག་ལག་ཁང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚད་མེད་པ་དང་སེམས་ཀྱི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ། ཡོངས་སུ་ལོངས་སྦྱད ན་དེའི་གཞི་ལས་སྦྱིན་པ་པོ་ལ་ཚད་མེད་པའི་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་དགེ་བའི་རྒྱུ་མཐུན་བདེ་བ་ཐུན་མོང་མ་ཡིན་པ་ཉིད་དུ་རིག་པར་བྱའོ། །ཚད་མེད་པ་དང་སེམས་ཀྱི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། ཆོས་གོས དང་བསོད་སྙོམས་དང་མལ་ཆ་དང་སྟན་ཡོངས་སུ་ལོངས་སྤྱད་ན་གཞི་དེ་ལས་སྦྱིན་བདག་ལ་དེ་ལས་ཚད་མེད་པའི་བསོད་ནམས་ཀྱི་རྒྱུ་མཐུན་པ་དང། དགེ་བའི་རྒྱུ་མཐུན་པ་དང་བདེ་བ་ཐུན་མོང་བ་ཉིད་དུ་རེ་བར་བྱ་སྟེ། དགེ་སློང་བསོད་ནམས་ཀྱི་རྒྱུ་མཐུན པ་དང་དགེ་བའི་རྒྱུ་མཐུན་པ་དང། བདེ་བ་ཐུན་མོང་པ་བཞི་པོ་འདི་རྣམས་དང་ལྡན་པའི་སྦྱིན་བདག་གི་བསོད་ནམས་ཀྱི་ཚད་ནི་འདི་ཙམ་བསོད་ནམས་ཀྱི་འབྲས་བུ་ནི་འདི་ཙམ་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི ཙམ་ཞེས་བཟུང་བར་མི་ནུས་ཏེ། བསོད་ནམས་མང་ཞིང་གཞན་དུ་བསོད་ནམས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། འདི་ལྟ་སྟེ། ཆུ་བོ་ཆེན་པོ་བཞི་པོ་འདི་དག་ནི་འདྲེས་ཤིང་རྒྱ་མཚོ་ཆེན་པོར་འབབ་པ་དག་སྟེ། འདི་ལྟ་སྟེ། གངྒཱ་དང། ཡ་མུ་ན དང། མ་ར་ཡུ་དང། ཨ་ཛེ་ར་བ་ཏི་དང། ཆེན་པོ་སྟེ། དེ་དག་ལ་ཆུ་འདི་ཙམ་འམ་ཆུ་རྫ་མ་འདི་ཙམ་དང། ཆུ་རྫ་མ་བརྒྱ་ཕྲག་འདི་ཙམ་དང། ཆུ་རྫ་མ་སྟོང་ཕྲག་འདི་ཙམ་དང། ཆུ་རྫ་མ་བརྒྱ་སྟོང་ཕྲག་འདི་ཙམ་ཡོད་དོ་ཞེས་ཚད་བཟུང་བར་མི་ནུས་ཀྱི། གཞན དུ་ན་ཆུ་མང་པོ་དང་ཆུའི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། ། །།དགེ་སློང་དག་དེ་བཞིན་དུ་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་དགེ་བའི་རྒྱུ་མཐུན་པ་དང་བདེ་བ་ཐུན་མོང་བ་བཞི་པོ་འདི་རྣམས་དང་ལྡན་པའི་བསོད་ནམས ཀྱི་ཚད་ནི་གཟུང་བར་མི་ནུས་ཏེ། གཞན་དུ་ན་བསོད་ནམས་མང་བ་དང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཇི་ལྟར་གཙང་དག་འཇུག་དོགས་བ་དེ། །རིན་ཆེན་འབྱུང་གནས་བཀྲ་ཤིས་མཚོར། །མི་དང་རི་དགས ཚོགས་དག་གིས། །བསྟེན་པའི་ཆུ་བོ་སོ་སོ་འབབ། །དེ་བཞིན་མལ་ཆ་སྟན་གདིང་དངོས། །སྦྱིན་པའི་མི་ལ་བསོད་ནམས་རྒྱུན། །ཇི་ལྟར་རྒྱ་མཚོ་ཆུ་བཞིན་འབབ་ཅེས་གསུངས་སོ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །འཇིག་རྟེན་གྱི་ཆོས ནི་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། རྙེད་པ་དང་མ་རྙེད་པ་དང། གྲགས་པ་དང་མ་གྲགས་པ་དང། བསྟོད་པ་དང། སྨད་པ་དང། བདེ་བ་དང། སྡུག་བསྔལ་བའོ། །ཞེས་གསུངས་སོ། །ལོག་པར་ལྟ་བ་དང། ལོག་པར་རྟོག་པར་འབྱུང་བར་འགྱུར་རོ ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མ་རིག་པ་སྔོན་དུ་འགྲོ་ཞིང་རྒྱུ་སྔ་མ་ལས་སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་ཡང་དག་པར་འབྱུང་ཞིང་སོགས་པར་འགྱུར་ཏེ། དགེ་སློང་དག་ངོ་ཚ་མེད་པ་དང། ཁྲེལ་མེད་པ་ལས་ལོག་པའི ལྟ་བ་འབྱུང་བར་འགྱུར་རོ། །ལོག་པའི་ལྟ་བ་དེ་ལས་ལོག་པའི་རྟོག་པ་འབྱུང་བར་འགྱུར་ཞིང་ལོག་པའི་ངག་དང་ལོག་པའི་ལས་ཀྱི་མཛའ་དང། ལོག་པའི་འཚོ་བ་དང། ལོག་པའི་རྩོལ་བ་དང། ལོག་པའི་དྲན་པ་དང། ལོག་པའི་ཏིང་ངེ་འཛིན་རབ་ཏུ འབྱུང་བར་འགྱུར་རོ། །རིག་པ་དང་ངོ་ཚ་ཤེས་པ་དང། ཁྲེལ་ཡོད་པ་སྔོན་དུ་འགྲོ་ཞིང་སྔོན་གྱི་རྒྱུ་མཚན་ལས་དགེ་བའི་ཆོས་རྣམ་པ་དུ་མ་ཡང་དག་པར་སྐྱེ་ཞིང་སོགས་པར་འགྱུར་ཏེ། དགེ་སློང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལས་ཡང་དག་པའི ལྟ་བ་འབྱུང་བར་འགྱུར་ཞིང་ཡང་དག་པའི་ལྟ་བ་དེ་ལས་ཡང་དག་པའི་རྟོག་པ་འབྱུང་ཞིང་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་དུ་འབྱུང་བར་འགྱུར་ཏེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དང་ལྡན་པ་ཡང་དག་པར་ལྡན་པ་མཉམ་པར བཞག་པ་འདི་ལྟ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ལས་སེམས་རྣམ་པར་གྲོལ་བ་ཞེས་བྱའོ། །དེ་ལྟར་འཕགས་པ་ཉན་ཐོས་སེམས་ཡང་དག་པར་རྣམ་པར་གྲོལ་བ་ཡང་དག་པ་ཉིད་དུ་ཤེས་པར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ ཞེས་བྱ་བ་ནས། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུའོ་ཞེས་གསུངས་སོ། །ཇི་སྐད་དུ་མདོ་ལས་གླང་ཆེན་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་མཉན་ཡོད་ཀྱི་ཤར་གྱི་ཀུན་དགའ་ར་བ་ན་རི་དགས་དགྲ་མའི་མ་དད་པར་ལྷན ཅིག་གནས་པ་ཚེ་དང་ལྡན་པ་འཆར་ཀ་དང་ཐབས་གཅིག་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ། ཚེ་དང་ལྡན་པ་འཆར་ཀ་ལ་བོས་ནས་ཚུར་ཤོག་ཤར་ཕྱོགས་ཀྱི་རྫིང་བུར་སྐུ་བཀྲུ བའི་ཕྱིར་བདག་ཅག་འགྲོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས་ཚེ་དང་ལྡན་པ་འཆར་ཀ་བཙུན་པ་དེ་བཞིན་ནོ་ཞེས་གསོལ་ཏེ། དེ་ནས་བཅོམ་ལྡན་འདས་ཕྱི་བཞིན་འབྲང་བའི་དགེ་སློང་འཆར་ཀ་དང་ཤར ཕྱོགས་ཀྱི་རྫིང་བུ་གང་ན་བ་དེར་ཉེ་བར་གཤེགས་ཏེ། ཉེ་བར་གཤེགས་ནས་ཆོས་གོས་དག་དགོན་པའི་མཛའ་ཞིག་ཏུ་བཞག་ནས་ཤར་ཕྱོགས་ཀྱི་རྫིང་བུ་ནས་བྱུང་སྟེ་ཆོས་གོས་བརྐྱང་བ ཞིག་སྐུ་སྐེམས་པར་མཛད་ཅིང་བཞུགས་སོ། །དེའི་ཚེ་གོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་གླང་པོ་ཆེ་སེ་ག་ཏོ་ཞེས་བྱ་བ་གླང་པོ་ཆེའི་རྒྱལ་པོ་ཆེན་པོ་རོལ་མོའི་ཆ་བྱད་སྣ་ཚོགས་ཀྱི་སྒྲ་དང་ཤར་ཕྱོགས་ཀྱི་རྫིང་བུར་འོངས་ནས་ཁྲུས་བྱས ཤིང་འཐུངས་ནས་འགྲོ་བ་སྐྱེ་བོ་རྣམས་ཀྱིས་མཐོང་བ་ན་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་བཟང་ངོ་ཞེས་སྨྲའོ། །ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱི་གླང་པོ་ཆེ་སེ་གཏོ་ཞེས་བྱ་བ་གླང་པོ་ཆེའི་རྒྱལ་པོ་ཆེན་པོ་རོལ་མོའི་ཆ་བྱད ས་ན་ཚོགས་ཀྱི་སྒྲ་དང་ཤར་ཕྱོགས་ཀྱི་རྫིང་བུར་འོངས་ནས་ཁྲུས་བྱས་ཤིང་འཐུངས་ནས་འགྲོ་བ་ན་སྐྱེ་བོ་དག་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་བཟང་ངོ་ཞེས་སྨྲ་བ་ཚེ་དང་ལྡན་པ་འཆར་བྱེད་ཀྱིས་མཐོང་ནས་བཅོམ་ལྡན་འདས་ལ འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱིས་གླང་པོ་ཆེ་སེ་ག་ཏོ་ཞེས་བྱ་བ་ནས་གླང་པོ་ཆེ་རབ་ཏུ་བཟུང་ངོ་ཞེས་བྱ་བའི་བར་དུ་སྟེ། ཅི་བཙུན་པ་གླང་པོ་ཆེ་གཅིག་པུ་ལུས་སྐྱེས་པ། མཐོང་ནས་སྐྱེ་བོ་དག གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་བཟང་ངོ་ཞེས་སྨྲ་འམ། འོན་ཏེ་གཞན་ཅུང་ཟད་ཅིག་ལ་ཡང་སྨྲ། གླང་པོ་ཆེ་ལུས་ཆེན་པོར་སྐྱེས་པ་སྐྱེ་བོ་དག་གིས་མཐོང་ནས་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་རབ་ཏུ་བཟང་ངོ་ཞེས་སྨྲ་ཞིང རྟ་དང་ཁྱུ་མཆོག་དང་མ་ཧེ་དང་ར་དང་ལུག་དང་སྤྲུལ་དང་སྐྱེས་བུ་དང་ཤིང་གི་ཕུང་པོ་ཆེན་པོ་མངོན་པར་འཕེལ་བ་སྐྱེ་བོ་རྣམས་ཀྱིས་མཐོང་ནས་འདི་སྐད་དུ་ཀྱེ་མ་གླང་པོ་ཆེ་གླང་པོ་ཆེ་གླང་པོ་ཆེ་ཆེན་པོ་རབ་ཏུ་བཟང་ངོ་ཞེས་སྨྲ་མོད་ཀྱི། འོན་ཀྱང་འཆར་བྱེད་ལྷ་དང བཅས་པའི་འཇིག་རྟེན་དང། བདུད་དང་བཅས་པ་དང། ཚངས་པ་དང་བཅས་པ་དང། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་ལྟ་བ་དང་མིའི་འཇིག་རྟེན་ན་ལུས་དང་ངག་དང་ཡིད་དང་ཡིད་ཀྱི་ཉེས་པར་སྤྱད་པ་མི་བྱེད་པར་གླང་པོ་ཆེ་ཞེས་པ་སྨྲ་སྟེ། འཆར་བྱད དེ་ལ་དེ་བཞིན་གཤེགས་པ་ནི་ལྷ་དང་བཅས་པ་དང། བདུད་དང་བཅས་པ་དང། ཚངས་པ་དང་བཅས་པ་དགེ་སྦྱོང་དང་བྲམ་ཟེར་བཅས་པ་ལྷ་དང་མིའི་འཇིག་རྟེན་ན་ཉེས་པར་སྤྱད་པ་མི་བྱེད་པས་གླང་པོ་ཆེ་ཞེས་བྱའོ། །དེ་ནས་ཚེ་དང་ལྡན་པ་འཆར ཀ་འདི་སྙམ་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་མངོན་སུམ་དུ་གླང་པོ་ཆེའི་དཔེ་ཚིགས་སུ་བཅད་པས་བསྟོད་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་འཆར་གས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ལགས་སུ་ཐལ མོ་སྦྱར་ནས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྤོབས་ལགས་སོ། །བདེ་བར་གཤེགས་པ་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་འཆར་ཀ་སྤོབས་པར་གྱིས་ཤིག་ཅེས་བཀའ་སྩལ་པ དང། དེའི་ཚེ་ཚེ་དང་ལྡན་པ་འཆར་ཀས་ཚིགས་སུ་བཅད་པ་འདི་སྐད་གསོལ་ཏོ། །མིར་གྱུར་རྫོགས་པའི་སངས་རྒྱས་ནི། །དུལ་ཞིང་མཉམ་པར་བཞག་པ་སྟེ། །ཚངས་སྤྱོད་ལམ་གྱི་སྤྱོད་ལམ་དང། །ཐུགས་ནི་ཤིན་ཏུ་ཉེ་བར་ཞི། །ཆོས་ཀུན་ཕ་རོལ ཕྱིན་པ་ལ། །གང་ཡང་མི་རྣམས་ཕྱག་བྱེད་ཅིང། །ལྷ་རྣམས་ཀྱིས་ཀྱང་ཕྱག་བྱས་ཏེ། །དགྲ་བཅོམ་པ་དག་གིས་འདི་ལྟར་ཐོས། །ཀུན་སྤྱོར་ཀུན་ལས་རབ་འདས་ཤིང། །མྱ་ངན་འདས་པའི་ཕ་རོལ་ཕྱིན། །གསེར་རི་རྡོ་ལས་གྲོལ་བ་ལྟར། །འདོད་པ་ཀུན་ལས ངེས་པར་འབྱུང། །རྫོགས་པའི་སངས་རྒྱས་སྒྲ་དབྱངས་ནི། །ཉི་མ་བཞིན་དུ་རབ་ཏུ་གྲགས། །གླང་ཆེན་རྣམས་ཀྱི་ནད་དག་ཏུ། །བདེན་པ་བླ་ན་མེད་པ་ཡིན། །ལེགས་པར་བསྔགས་དང་རྣམས་མི་འཚེ། །གླང་ཆེན་རྐང་པ སྔ་མ་གཉིས། །དཀའ་ཐུབ་ཚངས་པར་སྤྱོད་པ་དག་།གླང་ཆེན་རྐང་པ་ཕྱི་མ་གཉིས། །དད་པ་དང་ནི་བཏང་སྙོམས་དག་།གླང་ཆེན་ཆེན་པོའི་མཆེ་བ་དག་།དྲན་པ་མགྲིན་པ་ཤེས་རབ་མགོ། ཆོས་ལ་སེམས་པ་དཔུང་པ་སྟེ། །རྣམ་པར་འབྱེད་པ་རྒྱབ་ཡིན ཏེ། །བདེན་པ་རྩི་བ་ལོག་ཁོག་པ་ཆོས། །དབུགས་དབྱུང་རྡུབ་པ་བསམ་གཏན་ཏེ། །ནང་གི་བདག་ཉིད་མཉམ་གཞག་པ། །གླང་ཆེན་གཤེགས་ནའང་མཉམ་པར་བཞག་།བཞུགས་ནའང་མཉམ་པར་བཞག་པ་སྟེ། །གླང་ཆེན་མནལ་ནའང་མཉམ པར་བཞག་། བཞེངས་ནའང་མཉམ་པར་བཞག་པ་ཡིན། །ཐམས་ཅད་དུ་ནི་གླང་ཆེན་དག་།གླང་ཆེན་གྱིས་ནི་རབ་ཏུ་བསྡུས། །ཁ་ན་མ་ཐོ་རབ་སྤངས་ཤིང། །ཁ་ན་མ་ཐོ་མེད་པར་སྤྱོད། །གླང་ཆེན་སྤྱོད་ཅིང་རབ་སྤྱོད་དེ། །རྣམ་པར་མ་དཔྱད་པར་མ་ཡིན། །གསོག འཇོག་རབ་ཏུ་སྤངས་ནས་ནི། །འཚོ་བ་དང་ནི་མནབས་པར་མཛད། །གཞན་གྱིས་བྱིན་པ་ཐམས་ཅད་དང། དད་པས་བྱིན་པ་སྤྱོད་པར་མཛད། །འཆིད་བ་ཐམས་ཅད་ཡོངས་བཅང་ཅིང། །ཕྲ་རྒྱས་ཐམས་ཅད་རྣམ་པར་སྤངས། །གང་དང་གང་གིས་རབ་བྱུང་བ། ལྟོས་པ་མེད་པར་རབ་ཏུ་འགྲོ། །ཇི་ལྟར་ཡིད་འོང་དྲི་ལྡན་པ། །པདྨ་དཀར་པོ་མཛེས་པ་དག་།ཆུ་ལས་རབ་ཏུ་བྱུང་ཡང་ནི། །ཆུ་ཡིས་རབ་ཏུ་མ་གོས་པ། །དེ་བཞིན་རྫོགས་སངས་འཇིག་རྟེན་སྐྱེས། །འཇིག་རྟེན་སྐྱོན་གྱིས་མ་གོས་ཏེ། །ཇི་ལྟར་འདམ སྐྱེས་པདྨ་བཞིན། །ཇི་ལྟར་མེ་དག་འབར་བ་ན། །ཤིང་དང་བྲལ་ན་ཉེ་བར་ཞི། །རྣམ་པར་ཞི་ཞིང་ངེས་འབྱུང་བ། །མྱ་ངན་འདས་པ་ཞེས་བརྗོད་དོ། །རྣམ་པར་ཤེས་བྱའི་དོན་འདི་དག་།སྒྲ་དབྱངས་རྣམ་པར་བཤད་ནས་ཤེས། །གླང་ཆེན་གླང་ཆེན་ཞེས བརྗོད་པ། །གསལ་བར་བསྟན་པ་གོ་བར་འགྱུར། །འདོད་ཆགས་སྤངས་ཤིང་ཞེ་སྡང་སྤངས། །གཏི་མུག་སྤངས་ཤིང་ཟག་པ་མེད། །ཕུང་པོ་ཡོངས་སུ་སྤངས་པ་ན། །གླང་ཆེན་མྱ་ངན་འདས་ཞེས་བརྗོད་ཅེས་གསུངས་སོ། །ལུས་ལ་ཡོངས་སུ་གདུང་མེད་པས། །ཚུལ་ཁྲིམས་ཡང་དག བླངས་པ་བདེ། །གཏིང་ལོག་པའང་བདེ་བ་སྟེ། །སད་པའང་འཕེལ་བར་འགྱུར་ཞེས་གསུངས་སོ། །གང་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་བྱ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་ལོ་བཅུ་གཉིས་སྐྱོན་མ་བྱུང་གི་བར་དུ་དགེ་སློང་གི་དགེ་འདུན་ལ་ཚིགས་སུ བཅད་པ་གསུམ་གྱིས་སོ་སོར་ཐར་པའི་མེད་སྟོན་ཏེ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་བྱ། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྐྱེས་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །རག་རྣམས་བསྲུང་ཞིང་ཡང་རྣམས་རབ་བསྡམས་ཏེ། །ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང། །ལས་ལམ་གསུམ་པོ་འདི་དག རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་རྟོགས་པར་འགྱུར། །ཞེས་གསུངས་སོ། །མིག་གི་དབང་པོ་སྡོམ་པས་བསྡམས་ཤིང་གནས་སོ་ཞེས་བྱ་བ་ལ། །ཇི་ལྟར་རེ་ཞིག་ཚུལ་ཁྲིམས་ཀྱིས་དང་པོའི་ཚོགས་ཀྱི་རྒྱུད་ཆགས་གསུམ་པའི་མདོ་དེ་དང། དེ ལས་འདོན་པ་ལྟ་བུ་སྟེ། དེ་ཚུལ་ཁྲིམས་ཀྱི་ཕུང་པོ་འདི་དག་ཡང་དག་པར་ལྡན་ཞིང་ཡིད་དང་དབང་པོའི་སྒོ་བསྲུངས་ཤིང་གནས་ཏེ། དྲན་པས་བསྲུངས་པ་དང། དྲན་པས་ཤིན་ཏུ་བསྲུངས་པ་དང་དྲན་པས་རབ་ཏུ་བསྲུངས་ཏེ། མི་གཡེངས་པར་སྤྱོད་དོ། ། མ་ཨིག་གིས་གཟུགས་དག་མཐོང་ནས་མཚན་མར་འཛིན་མངོན་རྟགས་སུ་མི་འཛིན་ཅིང་ལྷག་པར་མིག་གི་དབང་པོ་སྡོམ་པས་བསྡམས་ཤིང་གནས་ཏེ་སྡིག་པ་མི་དགེ་བའི་ཆོས་འཇིག་རྟེན་གྱི་བརྣབ་སེམས་དང་གནོད་སེམས་དང་ཡིད་མི་བདེ་བ་ལས སེམས་ཟག་པ་དང་བྲལ་ཞིང་དེ་དག་ལས་སྡོམ་ཞིང་མིག་གི་དབང་པོ་བསྲུངས་ཏེ། མིག་གི་དབང་པོ་སྡོམ་པས་བསྡམས་ཤིང་གནས་སོ། །རྣ་བས་སྒྲ་དང། སྣས་དྲི་དང། ལྕེས་རོ་དང། ལུས་ཀྱིས་རེག་བྱ་དང། ཡིད་ཀྱིས་ཆོས རྣམ་པར་ཤེས་པ་ནས་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཅིང་ལྷག་པར་དབང་པོའི་སྒོ་སྡོམ་པས་བསྡམས་ཤིང་གནས་ཏེ། སྡིག་པ་མི་དགེ་བའི་ཆོས་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་དག་ལ་སེམས་ཟག་པ་དང་བྲལ་ཞིང དེ་དག་ལ་སྡོམ་པས་བསྡམས་ཤིང་ཡིད་ཀྱི་དབང་པོ་བསྲུངས་ཏེ། ཡིད་ཀྱི་དབང་པོ་སྡོམ་པས་བསྡམས་ཤིང་གནས་སོ་ཞེས་གསུངས་སོ། །།བླ་མའི་ཆོས་ཁས་བླངས་པས་ནི་སྐྱེ་དགུ་བདག་མོ་ཞེས་བྱ་བ་ལ། རྣམ་གྲངས རྣམ་པར་བཤད་པའི་མཐར་སྐྱེ་དགུ་བདག་མོ་ཆེན་མོའི་མདོ་ལས་འདོན་ཏེ། ཀུན་དགའ་བོ་འོན་ཀྱང་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་བ་དང། ཡོངས་སུ་མི་འདའ་བ་དང། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད པར་འགྱུར་བ་བླ་མའི་ཆོས་རྣམ་པ་བརྒྱད་བཅའ་བར་བྱ་སྟེ། ཀུན་དགའ་བོ་དཔེར་ན། ཁྱིམ་བདག་ཞིང་པ་དག་དབྱར་འདས་པའི་འོག་ཏུ་སྟོན་གྱི་དུས་ན་ཆུ་ཡོངས་སུ་བསྲུང་ཤིང་ཡོངས་སུ་མི་འདའ་བར་བྱ་བའི་དོན་དུ་ཆུ་བའི་འགྲམ་འམ་གཙང་པོའི འགྲམ་དུ་ཆུ་ལོན་དག་འཆིད་བར་བྱེད་དེ། ཀུན་དགའ་བོ་དེ་བཞིན་དུ་ངས་བུད་མེད་ཀྱི་ཚོགས་རྣམས་ཡོངས་སུ་བསྲུང་བ་དང། ཡོངས་སུ་མི་འདའ་བ་དང། གང་གིས་བུད་མེད་ཀྱི་ཚོགས་རྣམས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས རྣམ་པ་བརྒྱད་བཅའ་བར་བྱ་སྟེ། བརྒྱད་གང་ཞེ་ན། ཀུན་དགའ་བོ་བུད་མེད་ཀྱི་ཚོགས་དག་གི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་དགེ་སློང་དག་ལས་བླང་བར་བྱ་སྟེ། ཀུན་དགའ་བོ་འདི་ངས་ནི་བུད་མེད་ཀྱི་ཚོགས་ཡོངས་སུ བསྲུང་བ་དང་ཡོངས་སུ་མི་འདའ་བར་བྱ་བ་དང། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་དང་པོའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་མ་དག་ཟླ་བ་ཕྱེད་ཕྱེད་ཞིང་གདམས་ངག་དང་རྗེས་སུ་བསྟན་པས་བླང བར་བྱ་སྟེ། འདི་ནི་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བ་དང། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་གཉིས་པའོ། །ཀུན་དགའ་བོ་དགེ་སློང་མེད་པའི་གནས་སུ དགེ་སློང་མ་དབྱར་གནས་པའི་ཕྱིར་འགྲོ་བར་མི་བྱ་སྟེ། འདི་ནི་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་བ་དང། ཡོངས་སུ་མི་འདའ་བ་དང། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་གསུམ་པའོ། །དབྱར གནས་པའི་འོག་ཏུ་དགེ་སློང་མས་མཐོང་བ་དང། ཐོས་པ་དང། དྲན་པའི་གནས་རྣམ་པ་གསུམ་གྱིས་གཉིས་ཀའི་དགེ་འདུན་ལ་དགག་དབྱེ་བྱ་བ་སྟེ། ཀུན་དགའ་བོ་ངས་འདི་ནི་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང། ཡོངས་སུ་མི་འདའ་བ་དང། གང ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་བཞི་པའོ། །ཀུན་དགའ་བོ་དགེ་སློང་མས་དགེ་སློང་ལ་རྩོད་པར་མི་བྱ་བ་དང། ཚུལ་ཁྲིམས་ཀྱི་སྐྱོན་དང། ལྟ་བའི་སྐྱོན་དང། སྤྱོད་པའི་སྐྱོན་དང། འཚོ་བའི་སྐྱོན དྲན་པར་མི་བྱ་བ་དང། དགེ་སློང་མས་དགེ་སློང་མ་རྩོད་པ་དང་ཚུལ་ཁྲིམས་ཀྱི་སྐྱོན་དང། ལྟ་བའི་སྐྱོན་དང། སྤྱོད་པའི་སྐྱོན་དང། འཚོ་བའི་སྐྱོན་དྲན་པར་བྱེད་པ་ནི་དགག་པར་བྱ་བ་དག་གོ་།དགེ་སློང་གིས་དགེ་སློང་མ་ལ་རྩོད་པ་དང། ཚུལ་ཁྲིམས་ཀྱི་སྐྱོན དང་ལྟ་བའི་སྐྱོན་དང་དཔྱོད་པའི་སྐྱོན་དང་འཚོ་བའི་སྐྱོན་དྲན་པར་བྱེད་པ་ནི་དགག་པ་མ་ཡིན་ནོ། །ཀུན་དགའ་བོ་འདི་ནི་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བ་དང་གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་ལྔ་པའོ། །ཀུན་དགའ་བོ་དགེ་སློང་ལ་དགེ་སློང་མས་ཁྲོ་བར་མི་བྱ་ཞིང་སྨྲ་བར་མི་བྱ་སྟེ། དགེ་སློང་ལ་དགེ་སློང་མས་རྩོད་ཅིང་ཁྲོ་ལ་སྨྲ་བར་ཕྱེད་པ་བཀག་པ་སྟེ། ཀུན་དགའ་ བོ་འདི་ནི་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བར་བྱ་བ་དང། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་དྲུག་པའོ། །ཀུན་དགའ་བོ་དགེ་སློང་མ་བླ་མའི་ཆོས ལ་འདས་ནས་ཟླ་བ་ཕྱེད་དུ་གཉི་གའི་དགེ་འདུན་མགུ་བར་སྤྱད་པར་བྱ་བ་སྟེ། ཀུན་དགའ་བོ་འདི་ནི་ངས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བར་བྱ་བ་དག་ལས་གང་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར བ་བླ་མའི་ཆོས་བཅས་པ་བདུན་པའོ། །དགེ་སློང་མ་ལོ་བརྒྱ་ལོན་པས་ཀྱང་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་ལ་མངོན་པར་བརྗོད་ཅིང་ཕྱག་འཚལ་བ་དང། སྟན་ལས་ལྡང་བ་དང། འདུད་པའི་ལས་དག་བྱ་བ་སྟེ། ཀུན་དགའ་བོ་འདི་ནི་ངས་བུད མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བ་དང། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད་འཚོའི་བར་དུ་སློབ་པར་བྱེད་པར་འགྱུར་བ་བླ་མའི་ཆོས་བཅས་པ་བརྒྱད་པའོ། །ཀུན་དགའ་བོ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མ་གལ་ཏེ བླ་མར་གྱུར་པའི་ཆོས་བརྒྱད་པོ་འདི་དག་ཡང་དག་པར་སྒྲུབ་ན་དེ་ཉིད་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་མའི་དངོས་པོར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ན་སོང་སྟེ། སྐྱེ་དགུའི་བདག་མོ་གཽ་ཏ་མ་གང་ན་བ་དེར་སོང་སྟེ་ཉེ་བར་སོང་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མ་ལ་འདི སྐད་ཅེས་སྨྲས་སོ། །གཽ་ཏ་མ་བུད་མེད་ཀྱི་ཚོགས་ཀྱི་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་མའི་དངོས་པོ་རྙེད་མོད་ཀྱི་འོན་ཀྱང་བཅོམ་ལྡན་འདས་ཀྱིས་བུད་མེད་ཀྱི་ཚོགས་ཡོངས་སུ་བསྲུང་ཞིང་ཡོངས་སུ་མི་འདའ་བར་བྱ་བ་དང། གང་ལས་བུད་མེད་ཀྱི་ཚོགས་ཇི་སྲིད འཚོའི་བར་དུ་སློབ་པར་འགྱུར་བ་བླ་མའི་ཆོས་བརྒྱད་བཅས་པ་དེ་ཉོན་ཅིག་དང་བཤད་པར་བྱའོ་ཞེས་གསུངས་སོ། །ཕོ་ཉས་ནི་ཆོས་སྦྱིན་ནོ་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །མཉན་ཡོད་ན་ཁྱིམ་བདག་རི་དྭགས་དང་སྦྱིན་པ་ཞེས་བྱ་བ་གཉིས་གནས ཏེ། དེ་གཉིས་བཤེས་པོར་གྱུར་པ་ནས། ཇི་སྲིད་དུ་མ་སྐྱེས་པའི་གཉེན་འབྲེལ་བྱས་པའི་བར་དུ་སྟེ། རི་དྭགས་རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་པར་བྱེད་པ་ལས་བུ་ཕོ་གཅིག་རྩལ་ཏེ། དེས་དེའི་མིང་ས་ག་ཞེས་བཏགས་སོ། །སྦྱིན་པས་རི་དྭགས ལ་བུ་ཕོ་ཅིག་སྐྱེས་སོ་ཞེས་ཐོས་ནས་བདག་གི་བཤེས་པོ་ལ་བུ་ཕོ་སྐྱེས་པ་དེ་བདག་གི་མིག་པར་འགྱུར་བའི་གནས་ཡོད་དོ་ཞེས་ཡང་དག་པར་རིག་ནས་དེས་དེ་ལ་གོས་དང་རྒྱན་དག་བསྐུར་རོ། །སྤྱིན་པ་རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་པར་བྱེད པ་ལས་བུ་མོ་ཞིག་བཙས་སོ། །གང་གི་ཚེ་དགེ་སློང་མ་དག་དེར་ཞུགས་ཏེ་ཆོས་སྟོན་པར་བྱེད་པ་དེའི་ཚེ་བུ་མོ་དེ་རྣ་བ་གཏད་དེ་ཆོས་ཉན་པར་བྱེད་དོ། །དེའི་གཉེན་གྱི་ཚོགས་དག་འདུས་ཏེ། བུ་མོ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ ན་བུ་མོ་འདི་ཆོས་འདོད་ཅིང་རྣ་བ་གཏད་དེ་ཆོས་ཉན་པར་བྱེད་ལ་ཁྱིམ་བདག་སྦྱིན་པའི་ཁྱིམ་དུ་སྐྱེས་པས་ཆོས་སྦྱིན་ཞེས་གདགས་སོ་ཞེས་ཆོས་སྦྱིན་དུ་བཏགས་སོ། །ཁྱིམ་བདག་སྦྱིན་པ་ལ་བུ་མོ་ཞིག་སྐྱེས་སོ་ཞེས་རི་དྭགས་ཀྱིས་ཐོས་ན་བདག གི་བཤེས་པོ་ལ་བུ་མོ་སྐྱེས་པ་གང་ཡིན་པ་དེ་ནི་བདག་གི་མནའ་མར་འགྱུར་བའི་གནས་ཡོད་དོ་ཞེས་ཡང་དག་པར་རིག་ནས་དེས་དེ་ལ་གོས་དང་རྒྱན་དག་བསྐུར་རོ། །ཆོས་སྦྱིན་གསོས་ཤིང་བསྐྱེད་པ་ལས་ཆེར་སྐྱེས་པ་དང། དེ་ཕ་དང་མའི དྲུང་དུ་སོང་ནས་སྨྲས་པ། ཡབ་ཡུམ་མཁྱེན་པར་མཛོད་ཅིག་།བདག་ནི་དད་པས་ཡང་དག་པར་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ། །དེ་གཉིས་ཀྱིས་སྨྲས་པ། ཁྱེད་མ་སྐྱེས་པར་དེད་ཅག་གིས་རི་དྭགས་ཀྱི བུ་ལ་སྦྱིན་ཟིན་གྱི་ཁྱོ་རང་ལ་དབང་མེད་དོ། །དེ་ན་དགེ་སློང་མ་ཨཽཏཔ་ལའི་མདོག་ཡང་དང་ཡང་དུ་ཆོས་སྟོན་པར་བྱེད་དེ། དེ་ལ་ཆོས་སྦྱིན་གྱིས་སྨྲས་པ། འཕགས་མ་བདག་དང་པས་ཡང་དག་པ་ཁོ་ནར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་འདོད་ན་ཕ་དང མས་མ་གནང་གིས། ཁྱོད་ཀྱིས་བདག་འདི་ཉིད་དུ་མཚོར་བར་རབ་ཏུ་དབྱུང་དུ་གསོལ། དེས་སྨྲས་པ། བཅོམ་ལྡན་འདས་ལ་དྲིའོ་ཞེས་ངེས་རྣམ་པ་དེ་དག་དགེ་སློང་རྣམས་ལ་བསྙད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལའོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཨཽཏཔ་ལའི་ཕོ་ཉས་ཆོས་སྦྱིན་རབ་ཏུ་དབྱུང་བར་བྱ་ཞེས་ཆོས་སྦྱིན་གནས་དེ་ན་གནས་བཞིན་དུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་དགེ་བསྙེན་གྱི་སྡོམ་པ་སྦྱིན་པར་བྱའོ། །དེས་ཁྱོད ལ་དགེ་འདུན་གྱིས་གསུམ་ལ་སྐྱབས་སུ་འགྲོ་བ་སྦྱིན་ཞིང་དགེ་བསྙེན་གྱི་སྡོམ་པ་དག་བྱིན་གྱིས་ཁྱོད་གོ་རིམ་བཞིན་དུ་རབ་ཏུ་བྱུང་བ་ཉིད་དུ་འགྱུར་རོ་ཞེས་སྨྲས་སོ། །དེ་ལ་ཆོས་གོས་བསྐོན་ནས་ཨཽཏཔ་ལའི་མདོག་གིས་ཆོས་བསྟན་པ་དང རབ་ཏུ་བྱུང་བ་ཙམ་གྱིས་ཆོས་སྦྱིན་གྱི་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཽཏཔ་ལའི་མདོག་གིས་བཅོམ་ལྡན་འདས་ལ་ཞུས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨཽཏཔ་ལའི་མདོག་ཕོ་ཉར་བྱས་ཏེ་ཆོས་སྦྱིན་ལ བསླབ་པ་སྦྱིན་པར་བྱ་ཞིང་ཆོས་སྦྱིན་གནས་དེ་ན་གནས་པ་ཉིད་དུ་བསླབ་པ་སྦྱིན་པར་བྱའོ། །ཽཏཔ་ལའི་མདོག་སོད་ནས་ཆོས་སྦྱིན་ལ་སྨྲས་ཤིང་བསླབ་པ་བྱིན་ཏེ་ཆོས་བསྟན་པ་དང། དེས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ དུ་བྱས་སོ། །ཽཏཔ་ལའི་མདོག་གིས་བཅོམ་ལྡན་འདས་ལ་ཆོས་སྦྱིན་གྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཞེས་སྨྲས་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨཽཏཔ་ལའི་མདོག་ཕོ་ཉར་བྱས་ཏེ། ཆོས་སྦྱིན་ལ་ཚངས་པར་སྤྱོད་པ་ཡོངས་སུ རྫོགས་པ་སྦྱིན་པར་བྱ་ཞིང་ཆོས་སྦྱིན་གནས་དེ་ཉིད་ན་གནས་བཞིན་དུ་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་བ་སྦྱིན་པར་བྱའོ། །ཽཏཔ་ལའི་མདོག་སོང་སྟེ་སྨྲས་ཤིང་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱིན་ཞིང་ཆོས་བསྟན་པ་དང། དེས་ཕྱིར་མི་འོང པའི་འབྲས་བུ་མངོན་སུམ་དུ་བྱའོ། །ཽཏཔ་ལའི་མདོག་གིས་བཅོམ་ལྡན་འདས་ལ་ཆོས་སྦྱིན་གྱིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨཽཏཔ་ལའི་མདོག་ཕོ་ཉར་བྱས་ཏེ་ཆོས་སྦྱིན ལ་བསྙེན་པར་རྫོགས་པ་སྦྱིན་པར་བྱ་ཞིང་ཆོས་སྦྱིན་ཁྱིམ་གྱི་གནས་དེ་ཉིད་ན་གནས་བཞིན་དུ་བསྙེན་པར་རྫོགས་པར་བྱའོ། །ཽཏཔ་ལའི་མདོག་སོང་ནས་དགེ་འདུན་གྱིས་ཁྱོད་ལ་བསྙེན་པར་རྫོགས་པར་བྱིན་ནོ་ཞེས་ཆོས་སྦྱིན་ལ་སྨྲས་ཤིང་ཆོས་བསྟན་པ དང། དེས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དགྲ་བཅོམ་པ་ཁྱིམ་གྱི་ནང་དུ་གནས་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་ལ་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་ཅིང་འདོད་པ་སྤྱོད་པ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད པ་དེས་ཕ་དང་མ་ལ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། མཆི་ལགས་སོ་ཞེས་སྨྲས་སོ། །བུ་མོ་རེ་ཞིག་སྡོད་གོ་རིམ་བཞིན་བྱ་ཞེས་ནས་སྦྱིན་པས་སངས་རྒྱས་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་ཏེ། ས་ག་ལ ཡང་ཕྲིན་སྐུར་བ། འདི་ནས་ཆོས་སྦྱིན་འགྲོ་ཞིང་འདུག་པ། གལ་ཏེ་ནུས་པ་ཡོད་ན་ཟུང་ཞིག་།དེ་ཡང་འཁོར་དང་བཅས་པ་འོངས་ཏེ་སྒོ་དྲུང་ནས་འདུག་གོ་།བཅོམ་ལྡན་འདས་གདུགས་ཚོད་གསོལ་ནས་ཆོས་བསྟན་ཏེ་གཤེགས་སོ། །ཆོས་སྦྱིན་ཕྱིན་ནས་ཆ པར་བརྩམས་པ་དང། ས་གས་ཆོས་སྦྱིན་གཟུང་བར་བྱ་བའི་ཕྱིར་ལག་པ་བརྐྱང་བ་དང། དེ་ནས་མཁའ་ལ་མངོན་པར་འཕགས་ཏེ། འབར་བ་དང་སྲེག་པ་དང་གློག་འབྱིན་པ་དང་འཆར་འབེབས་པ་དང་རྫུ་འཕྲུལ་བྱ་བར་བརྩམས པ་དང། དེ་སེམས་མངོན་པར་དད་ནས་འཕགས་མ་ཁྱོད་འདི་ལྟ་བུའི་ཡོན་ཏན་གྱིས་ཆོས་ལྷག་པར་རྟོགས་སམ་ཞེས་སྨྲས་ཏེ། དེས་དེ་ལ་ཇི་སྲིད་འཚོའི་བར་དུ་ཉེ་བར་མཁོ་བ་ཐམས་ཅད་ཕུལ་ལོ། །རང་བྱུང་གིས་བསྙན་པར་རྫོགས་པ་ན དཔེ་བརྗོད་གསལ་པོ་མ་རྙེད་པས་མ་བྲིས་སོ། །དགེ་སློང་འོད་སྲུང་ཆེན་པོ་ནི་འདུལ་བ་ལས་བཤད་དོ། །ལེགས་སྦྱིན་ནི་སྙིགས་མ་ལྔའི་མདོ་ལས་སོ། །སྡེ་བཟང་དྲུག་ཅུའི་ཚོགས་ན་རེག་པ་དྲུག་པ་ལས་འདོན་ཏེ། དེའི་དྲུག་པ་དང་བཞི་པའི་མདོ ལས་སོ། །ཉིན་ཞག་གཅིག་པ་ནི་མདོ་ལས་བཤད་དེ་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་འཕགས་པའི་ལམ་ཡན་ལག་བརྒྱད་དང་ཡང་དག་པར་ལྡན་པའི་གསོ་སྦྱོང་ངག་ཡང་དག་པར་བསྟན་པར་བྱ་ཡིས། དེ་ལེགས པར་ཉོན་ཞེས་བྱ་བ་ནས། བཤད་པར་བྱའོ་ཞེས་བྱ་བའི་བར་དུའོ། །འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་གང་ཞེ་ན། འདི་ན་འཕགས་པ་ཉན་ཐོས་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་བཅས? པར་འདོང་བ་དག་ལ་ཡན་ལག་བརྒྱད་པ་སྦྱིན་པར་བྱ་སྟེ། བརྒྱད་གང་ཞེ་ན། ཇི་ལྟར་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་ལོག་པ་དང། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ཏེ་ངོ་ཚ་བ་དང བཅས་པས་སེམས་ཅན་སྲོག་ཆགས་འབྱུང་པོར་གྱུར་པ་ཡན་ཆད་ཀྱི་སྲོག་ཉེ་བར་བཟུང་སྟེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་དུས་འདི་ནས་བཟུང་སྟེ། མཚན་མོ་འདས་ཤིང་ཉི་མ་མ་ཤར་གྱི་བར་དུ སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལོག་སྟེ། ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ་རྗེས་སུ་བསྒྲུབ་པོ། །གཞན་ཡང་ཇི་ལྟར་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ སྤངས་ཤིང་མ་བྱིན་པར་ལེན་པ་ལས་ལོག་། སྦྱིན་པ་པའི་སྦྱིན་པ་དང་སྦྱིན་པ་བར་པ་དག་ལ་འདོད་ཅིང་མི་རྒྱུ་ལ་སེར་སྣ་མེད་ཅིང་དག་ཅིང་གཙང་ལ་བདག་ཉིད་ཡོངས་སུ་བསྲུངས་ཏེ། མ་བྱིན་པར་ལེན་པ་སྤངས་ཏེ་མ་བྱིན་པར་ལེན་པ་ལས་ལོག་པ་དེ་བཞིན་དུ བདག་མིང་འདི་ཞེས་བྱ་བ་མ་བྱིན་པར་ལེན་པ་སྤངས་ཤིང་མ་བྱིན་པར་ལེན་པ་ལས་ལོག་སྟེ། ཡན་ལག་གཉིས་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གིས་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་བསྒྲུབ་པོ། །གཞན་ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི བ་ཨར་དུ་མི་ཚངས་པར་སྤྱོད་པ་སྤངས་ཤིང་མི་ཚངས་པར་སྤྱོད་པ་ལས་ལོག་ཅིང་ཚངས་པར་སྤྱོད་པ་དགའ་བར་སྤྱོད་ཅིང་དག་པ་དང་ཚངས་པར་སྤྱོད་པ་དང་ལྡན་པ་འགྲོ་བའི་ཆོས་སྤངས་ཤིང་ལོག་པར་གཡེམ་པ་དང་བྲལ་བ་དང་མི་ཚངས་པར་སྤྱོད་པ་སྤངས ཏེ་མི་ཚངས་པར་སྤྱོད་པ་ལས་སླར་ལོག་པ་དེ་བཞིན་དུ་ཞེས་བྱ་བ་ནས་བདག་མིང་འདི་ཞེས་བྱ་བ་ཞེས་བྱ་བ་ནས། ཡན་ལག་གསུམ་པའོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུའོ། །གཞན་ཡང་དགྲ་བཅོམ་པ་དག་རྫུན་དུ་སྨྲ་བ་སྤངས་ཤིང་རྫུན་དུ་སྨྲ་བ་ལས སླར་ལོག་པ་དད་པ་དང། ཡིད་ཆེས་པ་དང་བསྟན་པ་འཇིག་རྟེན་ལ་སྒྲོ་མི་འདོགས་ཤིང་རྫུན་དུ་སྨྲ་བ་སྤངས་ཤིང་རྫུན་དུ་སྨྲ་བ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་ཞེས་བྱ་བ་ནས་ཡན་ལག་བཞི་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །གཞན ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཤིང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་ཞེས་བྱ་བ་ནས། ཡན་ལག་ལྔ་པ་ཡིན་ནོ་ཞེས་བྱ་པའི བར་དུ། གཞན་ཡང་ཇི་ལྟར་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་དང། དྲི་དང་ཕྲེང་པ་དང། གར་དང་ཁ་དོག་སྒྱུར་བ་སྤངས་ཏེ་ཞེས་བྱ་བ་ནས། ཡན་ལག་དྲུག་པ་འདིས་ཞེས བྱ་བའི་བར་དུ་སྔ་མ་བཞིན་དུའོ། །གཞན་ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུ་གླུ་གར་དང་རོལ་མོ་སྤངས་ཏེ་གླུ་གར་དང་རོལ་མོ་ལས་སླར་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་ནས། ཡན་ལག་བདུན་པ་ཡིན་ནོ་ཞེས་བྱ་བའི བར་དུའོ། །གཞན་ཡང་དགྲ་བཅོམ་པ་དག་ཇི་སྲིད་འཚོའི་བར་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས་ལས་ལོག་པ་དེ་བཞིན་དུ་བདག་མིང་འདི་ཞེས་བྱ་བ་ནས་དུས་མ་ཡིན་པའི་ཁ་ཟས་སྤངས་ཏེ་དུས་མ་ཡིན་པའི་ཁ་ཟས ལས་སླར་ལྡོག་སྟེ། ཡན་ལག་བརྒྱད་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་རྗེས་སུ་སློབ་པོ་རྗེས་སུ་བསྒྲུབ་པོ། །ལན་གཉིས་ལན་གསུམ་དུ་བརྗོད་པར་བྱ་སྟེ། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པའི་གསོ སྦྱོང་ཞེས་བྱའོ་ཞེས་གསུངས་སོ། ། །།བཤན་པ་དང་བྱི་བ་བྱེད་པ་ཉིན་པར་དང་མཚན་མོ་ཞེས་བྱ་བ་ལ། འདུལ་བའི་ཀོ་ལྤགས་ཀྱི་གཞི་ལས་འདོན་པ་ལྟ་བུ་སྟེ། རྒྱ་མཚོའི་ངོས་སུ་དོན་མཐུན་དང་བྲལ ཞིང་ཉམས་པའི་རྣ་བ་བྱེ་བ་རི་ཡི་དྭགས་ཀྱི་གྲོང་གཉིས་སུ་ཞུགས་ཤིང་དེ་ལས་ཡང་དག་པར་འདས་པ་ནས་ཇི་སྲིད་དུ་ཉི་མ་ཙུབ་ན་གཞལ་ཡས་ཁང་ཅིག་མཐོང་སྟེ། དེ་ན་བུད་མེད་མཛེས་པ་གཟུགས་བཟང་བ་བཞི་དང། སྐྱེས་བུ་མཛེས པ་གཟུགས་བཟང་བ་ལྟ་ན་སྡུག་པ་ཡན་ལག་གི་བརྒྱན་དང་རྣ་ཆ་དང་ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཀླུབས་པ་འདུག་སྟེ། །དེ་དག་དང་ལྷན་ཅིག་རྩེ་ཞིང་དགའ་ལ་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་དག་གིས་དེ་རིང་པོ་ནས་འོང་བ་མཐོང ནས་དེ་ལ་སྨྲས་པ། བྱེ་བ་རི་བདེ་བར་འོངས་པ་ལེགས་སོ། །མི་ལྟོགས་སམ་མི་སྐོམ་མམ་ཞེས་སྨྲས་སོ། །དེ་འདི་སྙམ་དུ་ཅི་འདི་ངེས་པར་ན་ལྷ་འམ་ཀླུ་འམ་གནོད་སྦྱིན་ཞིག་ཡིན་སྙམ་ནས། སྨྲས་པ་བདག་ལྟོགས་ཤིང་སྐོམ་མོ། །དེ་དག་གིས་དེ་ལ་ཁྲུས བྱས་ཤིང་ཟན་བྱིན་ཏེ། དེ་གཞལ་ཡས་ཁང་དེ་ཉིད་ན་འདུག་པ་ནས་ཅི་ཙམ་ན་ཉི་མ་ཤར་བའི་དུས་ན། དེ་དག་གིས་དེ་ལ་སྨྲས་པ། བྱེ་བ་རི་སོང་ཤིག་འདིར་གནོད་པ་དག་འབྱུང་བར་འགྱུར་རོ། །དེ་དེ་ནས་བྱུང་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདུག་པ་དང་། དེའི་རྗེས་ལ་ཉི་མ་ཤར་བའི་དུས་ན། གཞལ་ཡས་ཁང་དེ་ནུབ་པར་གྱུར་ཅིང་བུད་མེད་བཞི་པོ་ནུབ་ནས་ཁྲོ་ཞིང་སྲེ་བའི་ཁྱི་བཞི་བྱུང་བར་གྱུར་ཏེ། དེ་དག་གིས་དེའི་མགོ་ཐུར་དུ་བསྟན་ཏེ་ཇི་སྲིད་དུ་སོས་བཅད་ཅིང་དུམ་བུ་དུམ་བུར་ཟོས་པ་ནས་ཇི་ཙམ དགོངས་ཀ་ཉི་མ་ནུབ་པའི་དུས་ན་གཞལ་ཡས་ཁང་ཡང་ཕྱིར་བྱུང་ཞིང་བུད་མེད་བཞི་པོ་ཡང་བྱུང་བར་གྱུར་ཏེ། སྐྱེས་བུ་དེ་ཡང་མཛེས་པ་གཟུགས་བཟང་པ་བལྟ་ན་སྡུག་པ་ཡན་ལག་གི་རྒྱན་དང་རྣ་ཆ་དང་ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཀླུབས པར་གྱུར་ཏེ། དེ་དེ་དག་དང་ལྷན་ཅིག་རྩེ་ཞིང་དགའ་བ་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་དེ་དག་གི་དྲུང་དུ་སོང་སྟེ། ཀྱེ་ཁྱོད་ཅག་གིས་ལས་ཅི་ཞིག་བྱས་ནས་འདིར་སྐྱེས་དེ་དག་གི་སྨྲས་པ། བྱེ་བ་རི་འཛམ་བུའི་གླིང་གི་མི་རྣམས་ནི་ཡིད་ཆེས་པར་དཀའ་ བ་ཡིན་པས་དད་པར་མི་འགྱུར་རོ། །ངེས་སྨྲས་པ། ངས་མངོན་སུམ་དུ་མཐོང་ན་ཅིའི་ཕྱིར་དད་པར་མི་འགྱུར། དེ་དག་གིས་སྨྲས་པ། བྱེ་བ་རི་བདག་གྲོང་གི་བཤན་པར་གྱུར་ནས་ལུག་དག་བསད་ཅིང་བཙོངས་ཤིང་བསྒྱུར་ཏེ་འཚོ་བར་བྱེད་པ་ལས འཕགས་པ་ཀཱ་ཏྱཱ་ཡ་ན་བདག་ལ་ཐུགས་བརྩེ་བས་འོངས་ཏེ་སྨྲས་པ། བཞིན་བཟངས་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་འདིའི་འབྲས་ཨོབུ་རྣམ་པར་སྨིན་པ་ནི་མི་འདོད་ཅིང་མི་སྡུག་པ་ཡིན་ནོ་ཞེས་སྨྲས་ཀྱང་བདག་གིས་དེའི་ཚིག་མ་མཉན་ནོ།། དེ་ཡང་ཡང་དགོངས་ཤིང་བསྐུལ་ཏེ། བཞིན་བཟངས་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་འདིའི་འབྲས་བུ་ནི་མི་འདོད་པ་ཡིན་ནོ་ཞེས་སྨྲས་ཀྱང་བདག་གི་དེའི་ཚིག་མ་མཉན་པ་དང་དེས་སྨྲས་པ། བཞིན་བཟངས་ཁྱོད ལུག་དག་ཉིན་པར་གསོད་དམ་འོན་ཏེ་མཚན་མོ། །བདག་གིས་སྨྲས་པ། འཕགས་པ་ཉིན་པར་རོ་ཞེས་སྨྲས་སོ། །དེས་སྨྲས་པ། མཚན་མོ་བདག་ལ་ཚུལ་ཁྲིམས་དག་ལོང་ཅིག་།བདག་གིས་དེ་ལ་མཚན་མོ་ཚུལ་ཁྲིམས་དག་བླངས་སོ།། དེ་ལས་དེའི་རྣམ་པར་སྨིན་པ་ནི་མཚན་མོ་འདི་ལྟ་བུའི་བདེ་བ་དག་ཉམས་སུ་མྱོང་ངོ། །གང་ཉིན་པར་ལུག་དག་བསད་པའི་ལས་དེའི་རྣམ་པར་སྨིན་པས་ཉིན་པར་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་དག་ཉམས་སུ་མྱོང་ངོ་ཞེས་ཚིགས་སུ བཅད་པ་སྨྲས་པ། ཉིན་པར་གཞན་གྱི་སྲོག་གཅད་ཅིང། །མཚན་མོའི་ཚུལ་ཁྲིམས་ཡོན་ཏན་ལྡན། །དེ་དག་ལས་དེའི་འབྲས་བུ་ནི། །བདེ་དང་མི་བདེ་ཉམས་སུ་མྱོང། །བྱ་བ་རི་ཁྱོད་གྲོང་དུ་འགྲོ་བ་ན། །དེ་ན་ང་ཡི་བུ་བཤན་པ་ཡོད་ཀྱིས་དེ ལ་འདི་སྐད་ཅེས་སྨྲོས་ཤིག་། ངས་ཁྱེད་ཅག་གི་ཕ་མཐོང་སྟེ། དེ་ལ་འདི་སྐད་དུ་ཆོས་མ་ཡིན་པ་སྡིག་པ་ཅན་གྱིས་ལས་འདིའི་འབྲས་བུ་ནི་མི་འདོད་པ་དང་མི་སྡུག་པ་ཡིན་ནོ་ཞེས་སྨྲའོ། །དེས་སྨྲས་པ། ཀྱེ་སྐྱེས་བུ་ཁྱོད་འདི་སྐད་སྨྲ་བ་ལ འཛམ་བུ་གླིང་གི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་དད་པར་མི་འགྱུར་རོ། །དེ་དག་གིས?་སྨྲས་པ། གལ་ཏེ་དད་པར་མི་འགྱུར་ན་འདི་སྐད་དུ་སྨྲ་བར་བྱ་སྟེ། ཁྱོད་ཀྱི་ཕའི་གདང?་བུའི་འོག་ན་གསེར་གྱི་བུམ་པ་གང་བ ཅ་ཨིག་འདུག་གིས་དེ་ཐོན་ལ་ཁྱེད་ཅག་རང་ཡང་བདེ་བར་གནས་ཤིང་དུས་དུས་སུ་འཕགས་པ་ཀཱ་ཏྱཱ་ཡན་ལ་ཡང་བསོད་སྙོམས་ཕུལ་ཅིག་བདག་གི་མིང་གིས་ཡོན་དག་ཕུལ་ཞིང་ཆོས་བཤད་པར་བྱས་ན་ལས་དེ་མ་ལུས་པར ཟད་ཅིང་ཡོངས་སུ་བྱང་བ་དང་གཏུགས་པར་འགྱུར་རོ་ཞེས་སྨྲའོ། །དེ་དེ་ལས་ཡང་དག་པར་འདས་པ་ནས་ཇི་ཙམ་ན་ཉི་མ་འཆར་བའི་དུས་ན་གཞལ་ཡས་ཁང་ཞིག་གི་ནང་ན་བུད་མེད་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་དང་སྐྱེས་བུ་མཛེས་པ གཟུགས་བཟང་བ་བལྟ་ན་སྡུག་པ་ཞིག་ཡན་ལག་གི་རྒྱན་དང། རྣ་ཆ་དང། ཕྲེང་བ་སྣ་ཚོགས་ཀྱིས་བརྒྱན་ཅིང་ཀླུབས་པ་ཞིག་མཐོང་སྟེ། དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་ཡོངས་སུ་སྤྱོད་པ་མཐོང་ངོ། །དེ་དག་གིས་དེ་རྒྱང་རིང་པོ་ནས་མཐོང་ནས གུས་པས་སྨྲས་པ། བྱེ་བ་རི་འོངས་པ་ལེགས་སོ། །མི་ལྟོགས་སམ། མི་སྐོམ་མམ་ཞེས་སྨྲས་སོ། །དེ་འདི་སྙམ་དུ་ཅི་འདི་ངེས་པར་ལྷ་འམ། ཀླུ་འམ་གནོད་སྦྱིན་ཞིག་སྙམ་ནས་སྨྲས་པ། བདག་སྐོམ་མོ། །ལྟོགས་སོ། །དེ་དག་གི་ང་ལ་ཁྲུས་བྱས་ཤིང ཟན་བྱིན་ཏེ། དེ་གཞལ་ཡས་ཁང་དེ་ཉིད་ན་གནས་སོ། །ཇི་ཙམ་ན་ཉི་མ་ནུབ་པའི་དུས་ན་དེ་དག་གིས་སྨྲས་པ། འདིར་གནོད་པ་དག་འབྱུང་བར་འགྱུར་གྱིས་བྱེ་བ་རི་སོང་ཞིག་།དེ་སའི་ཕྱོགས་གཅིག་མཐོང་ས་གཅིག་བྱུང་སྟེ་འདུག་པ་དང། དེའི་འོག ཏུ་དགོངས་ཀ་ཉི་མ་ནུབ་པའི་དུས་ན་གཞལ་ཡས་ཁང་དེ་ཡང་ནུབ་ཅིང་བུད་མེད་དེ་ཡང་ནུབ་སྟེ། སྲིན་བུ་རྐང་པ་བརྒྱ་པ་ཆེན་པོ་ཞིག་བྱུང་སྟེ། དེ་སྐྱེས་བུ་དེའི་ལུས་ངག་ལན་བདུན་དུ་གཡོགས་ཤིང་དཀྲིས་ཏེ། སྐྲ་ནས་རྐང་པའི་བར་དུ་ཟོས་སོ།། ཇི་ཙམ་དུ་ཉི་མ་འཆར་བའི་དུས་ན་གཞལ་ཡས་ཁང་དེ་ཡང་ཕྱིས་བྱུང་ཞིང་བུད་མེད་ཀྱང་བྱུང་ཞིང་སྐྱེས་བུ་དེ་ཡང་མཛེས་པ་གཟུགས་བཟང་བ་བལྟ་ན་སྡུག་པ་ཡན་ལག་གི་རྒྱན་དང། རྣ་ཆ་དང་ཕྲེང་བ་སྣ་ཚོགས་གྱིས་ཀླུབས་པར་གྱུར་ཏེ། དེ་དེ་དང ལྷན་ཅིག་རྩེ་ཞིང་དགའ་བ་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་དེ་དག་གི་དྲུང་དུ་སོང་སྟེ། ཀྱེ་ཕྱེད་ཅག་གིས་ལས་ཅི་ཞིག་བྱས་པས་འདིར་སྐྱེས། དེས་སྨྲས་པ། བྱེ་བ་རི་འཛམ་བུའི་གླིང་གི་མི་རྣམས་ཡིད་ཆེས་པར་དཀའ་བ་ཡིན་པས་དད་པར་མི་འགྱུར་རོ།། དེས་སྨྲས་པ། ངས་མངོན་སུམ་དུ་མཐོང་ན་ཅིའི་ཕྱིར་དད་པར་མི་འགྱུར། དེས་སྨྲས་པ། བདག་སྔོན་གྲོང་གི་བྲམ་ཟེ་བྱི་བོ་བྱེད་པར་གྱུར་ལ། འཕགས་པ་ཀཱ་ཏྱཱ་ཡ་ན་བདག་ལ་ཐུགས་བརྩེ་བས་འོངས་ཏེ། སྨྲས་པ་བཞིན་བཟངས ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་དེའི་འབྲས་བུ་ནི་མི་འདོད་པ་དང་ཡིད་དུ་མི་འོང་བ་ཡིན་ནོ་ཞེས་སྨྲས་ཀྱང་བདག་གིས་དེའི་ཚིག་མ་མཉན་ནོ། །དེ་ཡང་དང་ཡང་དུ་འོངས་ཏེ་བསྐུལ་བར་བྱེད་དེ། བཞིན་བཟངས་ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ལས་འདིའི འབྲས་བུ་ནི་མི་འདོད་ཅིང་ཡིད་དུ་མི་འོང་བ་ཡིན་ནོ་ཞེས་སྨྲས་ཀྱང་བདག་གིས་དེའི་ཚིག་མ་མཉན་པ་དང་ངེས་སྨྲས་པ། བཞིན་བཟངས་ཁྱོད་བྱི་བ་ཉིན་པར་བྱེད་དམ། འོན་ཏེ་མཚན་མོ་བྱེད། ངས་སྨྲས་པ། འཕགས་པ་མཚན་བྱེད་དོ། །དེས་སྨྲས་པ་བཞིན བཟངས་དེ་ལྟ་ན་ཉིན་པར་ཚུལ་ཁྲིམས་ཀྱི་སྡོམ་པ་དག་བུར?་ཅིག་། ངས་དེ་ལས་ཉིན་པར་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ཏེ། ལས་དེའི་འབྲས་བུ་རྣམ་པར་སྨིན་པས་ཉིན་པར་རྣམ་པ་འདི་ལྟ་བུའི་བདེ་བ་ཉམས་སུ་མྱོང་ལ། གང་མཚན་མོ་བྱི་བ་བྱས པའི་ལས་དེའི་འབྲས་བུ་རྣམ་པར་སྨིན་པས་མཚན་མོ་རྣམ་པ་འདི་ལྟ་བུའི་སྡུག་བསྔལ་དག་ཉམས་སུ་མྱོང་ངོ་ཞེས་ཚིགས་སུ་བཅད་པ་སྨྲས་པ། མཚན་མོ་བྱི་པོ་བྱེད་པས་མྱོས། །ཉིན་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །དེ་དག་ལས་དེའི་འབྲས་བུ་ནི།། བདེ་དང་མི་བདེ་ཉམས་སུ་མྱོང། །བྱེ་བ་རི་ཁྱོད་གྲོང་དུ་འགྲོ་ན་བྲམ་ཟེ་བྱི་བོ་བྱེད་པ་བདག་གི་བུ་ཡོད་ཀྱིས་དེ་ལ་འདི་སྐད་དུ་སྨྲ་བར་བྱ་སྟེ། ཁྱོད་ཅག་གི་པ་བདག་གིས་མཐོང་སྟེ་དེ་ལ་འདི་སྐད་དུ། ཆོས་མ་ཡིན་པ་སྡིག་པ་ཅན་གྱི་ཆོས་འདིའི་རྣམ པར་སྨིན་པ་ནི་མི་འདོད་ཅིང་ཡིད་དུ་མི་འོང་བ་ཡིན་ནོ་ཞེས་སྨྲོས་ཤིག་། ཀྱེ་སྐྱེས་བུ་ཁྱོད་འདི་སྐད་སྨྲ་བ་ལ་འཛམ་བུའི་གླིང་གི་མི་རྣམས་ནི་ཡིད་ཆེས་པར་དཀའ་བ་ཡིན་པས་དད་པར་མི་འགྱུར་རོ། །དེས་སྨྲས་པ། བྱེ་བ་རི་གལ་ཏེ་མི་དག་ནི་འདི་སྐད་དུ་ཁྱོད ཀྱི་ཕ་ཧོམ?་ཁུང་འོག་ན་གསེར་གྱིས་བུམ་པ་གང་བ་ཞིག་འདུག་གིས་དེ་ཐོན་ལ་བདག་ཉིད་ཀྱང་བདེ་བར་གྱིས་ལ་འཕགས་པ་ཀཱ་ཏྱཱ་ཡ་ན་ལ་ཡང་བསོད་སྙོམས་ཕུལ་ཞིང་བདག་ཅག་གི་མིང་གིས་ཡོན་ཕུལ་ཞིང་ཆོས་བསྟན་བ་དག་གིས་དང། ལས་དེ་མ་ལུས་པར ཟད་ཅིང་ཡོངས་སུ་བྱད་བ་དང་གཏུགས་པར་འགྱུར་རོ། །ཞེས་སྨྲའོ་ཞེས་གསུངས་སོ། །དེ་ལྟར་མ་ཡིན་ན་སྔར་གསོ་སྦྱོང་བ་མདོ་ནས་ཇི་སྐད་གསུངས་པ་བཞིན་ན་མདོའི་འདོན་པ་འདི་མི་རིགས་སོ། །གང་ཡང་མིང་ཆེན་གྱི་མདོ་ལས་ཞེས་བྱ་བ་ལ། བཅོམ་ལྡན་འདས སེར་སྐྱའི་གཞི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཤཱཀྱ་མིང་ཆེན?་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཇི་ཙམ་གྱིས་ན་དགེ་བསྙེན་དུ་འགྱུར་ལགས། མིང་ཆེན ཁྱིམ་པ་གོས་དཀར་པ་ཅན་སྐྱེས་པོ་ཕའི་དབང་པོ་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་ལ་སྐྱབས་སུ་འགྲོ། དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བདག་དགེ་བསྙེན་དུ་བཟུང་དུ་གསོལ་ཞེས་ཚིག་ཏུ་ཡང་སྨྲ་བར་བྱེད་ན། མིང་ཆེན་འདི་ཙམ་གྱིས་ན་དགེ བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་ན་དགེ་བསྙེན་དུ་འགྱུར་རམ། བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་ལ་སློབ་པར་བྱེད་པའི་དགེ་བསྙེན་དུ་འགྱུར། མིང་ཆེན་དགེ་བསྙེན་གང་ཞིག་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པར་བྱེད་ན། འདི་ཙམ་གྱི་སྣ་གཅིག་ལ་སློབ་པར་བྱེད་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱི་སྣ་གཅིག་ལ་སློབ་པའི་དགེ་བསྙེན་དུ་འགྱུར་བ་ལགས་སམ། བཙུན་པ་ཇི་ཙམ་གྱིས་ན་བསླབ་པ་ཕྱོགས་ཅིག་བསྲུང་བའི་དགེ་བསྙེན་དུ་འགྱུར་ཞེ་ན། མིང་ཆེན དགེ་བསྙེན་གང་ཞིག་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པར་བྱེད་པ། མ་བྱིན་པར་ལེན་པ་སྤོང་ཞིང་མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱེད་ན་མིང་ཆེན་འདི་ཙམ་གྱིས་ན་ཕྱོགས་གཅིག་ལ་སློབ་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན་པ འདི་ཙམ་གྱིས་ཕྱོགས་གཅིག་ལ་སློབ་པའི་དགེ་བསྙེན་དུ་འགྱུར་རམ། བཙུན་པ་ཇི་ཙམ་གྱིས་ན་ཕལ་ཆེར་སློབ་པའི་དགེ་བསྙེན་དུ་འགྱུར། མིང་ཆེན་དགེ་བསྙེན་གང་སྲོག་གཅོད་པ་སྤང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པ དང། མ་བྱིན་པར་ལེན་པ་སྤོང་ཞིང་མ་བྱིན་པར་ལེན་པ་ལས་སླར་ལྡོག་པ་དང། འདོད་པས་ལོག་པར་གཡེམ་པ་སྤོང་ཞིང་འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་བྱེད་ན་མིང་ཆེན་འདི་ཙམ་གྱིས་ན་ཕལ་ཆེར་སློབ་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན པ་འདི་ཙམ་གྱིས་ན་ཕལ་ཆེར་སྤྱོད་པའི་དགེ་བསྙེན་དུ་འགྱུར་རམ། བཙུན་པ་ཇི་ཙམ་གྱིས་ན་བསླབ་པ་ཡོངས་སུ་རྫོགས་པའི་དགེ་བསྟན་དུ་འགྱུར་ཞེ་ན། དགེ་བསྙེན་གང་ཞིག་སྲོག་གཅོད་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་སླར་ལྡོག་པ་དང་མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བྱེད་ན། མིང་ཆེན་འདི ཙམ་གྱིས་ན་སློབ་བ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་རོ། །བཙུན་པ་འདི་ཙམ་གྱིས་བསླབ་པ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་རམ། དེ་ནས་ཤཱཀྱཱ་མིང་ཆེན་ཞེས་བྱ་བ་ནས། ལངས་ཏེ་སོང་ངོ་ཞེས་བྱ་བའི་བར་དུའོ། །འཇིགས་པས་སྐྲག པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང། །ཞེས་བྱ་བ་ལ་ཆོ་འཕྲུལ་ཆེན་པོའི་མདོ་ལས་འདི་སྐད་དུ་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་གཡས་དང་གཡོན་གྱི་ལོགས་ནས་པདྨ་ངག་བྱུང་སྟེ། དེ་དག་ལ་སངས་རྒྱས་ཀྱི་སྤྲུལ་བའི་སྐུ་དག་བཞུགས ཏེ། དེ་དག་གི་ཡང་གཡས་དང་གཡིན་གྱི་ལོགས་དག་ནས་པདྨ་དག་བྱུང་སྟེ་ཞེས་བྱ་བ་ནས་འོག་མིན་གྱི་བར་དུ་དེ་བཞིན་དུ་སྟེ། དེ་དག་ལ་བཅོམ་ལྡན་འདས་ཁ་ཅིག་ནི་འབར་བར་བྱེད་ལ་སྲེག་པ་དང་ཆར་འབེབས་པ་དང། བློག་འབྱིན་པ་བྱེད་ལ། ཁ་ཅིག་ནི ལུང་སྟོན་པར་མཛད། ཁ་ཅིག་ནི་དྲི་བ་འདྲི་བར་མཛད། ཁ་ཅིག་ནི་ལན་འདེབས་པར་མཛད། ཁ་ཅིག་ནི་གཤེགས་པར་མཛད། ཁ་ཅིག་ནི་བཞུགས་པར་མཛད། ཁ་ཅིག་ནི་གཟིགས་པར་མཛད་པ་ལྟ་བུར་སྣང་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། བརྩོམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འདུག་པར་བྱ། །འཛམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་པར་འགྱུར།། སྐྱེ་བའི་འཁར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཁྱེའུ་དང་བུ་མོས་ཀྱང་འོག་མིན་གྱི་བར་དུ་སངས་རྒྱས་ཀྱི་སྤྲུལ་པ་བསྒྲིབས་པ་མེད་པར་མཐོང་བ་དེ་བཞིན་དུ་བྱིན་བརླབས་མཛད་དོ། །དེ་ནས བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་མཚན་མ་འདི་དག་ཟུང་ཞིག་ཅེས་ནས་མི་སྣང་བར་གྱུར་ཏེ། དེ་ནས་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཀྱིས་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བཅོམ་ལྡན་འདས་ཀྱིས་མིའི་ཆོས ལས་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་དག་དང། མི་ཆོས་ལས་བླ་ན་མེད་པའི་རྫུ་འཕྲུལ་དག་བསྟན་པ་མཐོང་ངམ། ང་ནི་ཁྱེད་ཅག་གི་རེས་ལ་བབ་ཀྱིས་ཁྱེད་ཅག་གིས་ཀྱང་མིའི་ཆོས་ལས་ཁྱད་པར་དུ་འཕགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ དག་སྟོན་ཅིག་ཅེས་སྨྲས་པ་དང། འོད་སྲུངས་རྫོགས་བྱེད་དང། ཀུན་ཏུ་རྒྱུ་བ་དག་ལས་ཀྱི་བུ་དང། སྨྲ་འདོད་ཀྱི་བུ་ཡང་དག་པར་རྒྱལ་བ་ཅན་དང། མི་འཕམ་སྐྲའི་ལ་བ་ཅན་དང། ཀཱ་ཏྱཱའི་བུ་ནོག་ཅན་དང། གཅེར་བུ་པ་གཉེན་གྱི་བུ་རྣམས་ཕན་ཚུན་དཔུང་བ དག་བསྣུན། འགྱེལ་ཏེ་ཁ་རོག་པར་གྱུར། དཔའ་ཞུམ་པར་གྱུར། འཕྲག་ཞུམ་པར་གྱུར། སྤོབས་པ་མེད་པར་གྱུར་ཏེ་སེམས་པ་ལ་ཞུགས་ཏེ་གནས་སོ། །སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏེ། །ཇི་སྲིད་ཉི་མ་མ་གྱུར་པ། །དེ་སྲིད་སྲིན་བུས་སྣང་བར་བྱེད། ཉི་མ་ཤར་བར་གྱུར་པ་ན། །སྣང་བ་མེད་ཅིང་ནག་པོར་གྱུར། །ཇི་སྲིད་དེ་བཞིན་གཤེགས་པ་ནི། མ་བྱུང་བར་དུ་རྟོག་གེ་སྣང། །རྫོགས་སངས་འཇིག་རྟེན་སྣང་བ་ན། །རྟོག་གི་མི་སྣང་ཉན་ཐོས་མིན། །དེ་ནས་ཕྱག་ན་རྡོ་རྗེ་འདི་སྙམ་དུ་སྐྱེས་བུ་རྨོངས བ་འདི་དག་དེ་བཞིན་གཤེགས་པ་ལ་ཡུན་རིང་པོ་ན་ཉེ་བར་འཚེའོ་སྙམ་པས་གང་གིས་ན་མུ་སྟེགས་ཅན་གྱི་རྫུ་འཕྲུལ་གྱི་ཁང་པ་མི་སྣང་བར་གནས་པར་འགྱུར་བའི་རླུང་དམར་དང་ཆར་པ་དག་བཏང་བ་དང། དེ་ལས་ཁ་ཅིག་ནི་འཇིགས་ནས་རི་ཕུག་ཏུ་ཞུགས་སོ། །ཁ་ཅིག ནི་རྩཝའི་པུག་དུ། ཁ་ཅིག་ནི་ནགས་ཀྱི་ཕུག་ཏུ། ཁ་ཅིག་ནི་ཀུན་དགའ་ར་བར་ཁ་ཅིག་ནི་ལྷ་ཁང་དུ། ཁ་ཅིག་ནི་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཁང་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་དང་སངས་རྒྱས་ཀྱི་རྫུ་འཕྲུལ་ཆེན་པོ་དང་ལྷ་དང་ལྷ རྣམས་མཐུ་ཆེན་པོས་ཇི་ལྟར་རྫུ་འཕྲུལ་གྱི་ཁང་པ་ལ་ཆར་ཐིགས་པ་ཅིག་ཙམ་ཡང་མི་འབབ་པ་རྣམ་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇིགས་པས་སྐྲག་པའི མི་རྣམས་ནི་ཞེས་བྱ་བ་ནས། སྡུག་བསྔལ་ཀུན་ལས་གྲོལ་མི་འགྱུར་ཞེས་བྱ་བའི་བར་དུའོ། །གང་ཡང་འདི་ལྟར་འདོན་ཏེ་ཞེས་བྱ་བ་ལ། རེ་ཞིག་རེག་པ་བཞི་པའི་མདོ་དེ་དང་དེ་ལས་ཏེ། དེ་ནས་ཁྱིམ་བདག་རིགས་མཆོག་གྲགས་པའི་བུ་ཆོས་མཐོང་བ། ཆོས ཐོབ་པ། ཆོས་རིག་པ། ཆོས་ཀྱི་རྣམ་གྲངས་རྟོགས་པ། ཆོས་ལ་ཐེ་ཚོམ་ལས་བརྒལ་ཞིང་སོམ་ཉི་ལས་བརྒལ་བ། གཞན་གྱི་རྐྱེན་གྱིས་མི་འགྲོ་བ་ཆོས་ལ་མི་འཇིགས་པ་ཐོབ་པ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། བཅོམ་ལྡན འདས་གང་ན་པ་དེར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་འཕགས་སོ། །རབ་ཏུ་འཕགས་སོ། །བཙུན་པ་བདག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། ། དགེ་བསྙེན་དུ་བཟུང་དུ་གསོལ། འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་ཞིང་སྐྱབས་སུ་འགྲོ་སྟེ་མངོན་པར་དང་ངོ་ཞེས་གསུངས་ཏེ། འདི་ཡང་མཛོད་ཀྱི་གནས་གཉིས་པར་ཚེ་ཟད་པས་འཆི་བ་ཞེས་བྱ་བ་ལ་སོགས་པས་བྲིས་ཟིན་ཏོ། །གང་ཡང མདོ་ལས་ཇི་སྐད་དུ་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ཡང་སྐྱབས་སུ་སོང་ཞིག་ཅེས་བྱ་བ་ལ་རེག་པ་བཞི་པའི་མདོ་དེ་ལས་འདི་སྐད་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་བ་ག་གོན་དང་བཟང་པོ་གཉིས་ལ་བོས་ཏེ། ཁྱེད་ཅག་སངས་རྒྱས་ལ་སྐྱབས་སུ་སོང ཞིག། ཆོས་ལ་སྐྱབས་སུ་སོང་ཞིག་མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ལ་ཡང་སྐྱབས་སུ་སོང་ཞིག། དེ་དག་གིས་སྨྲས་པ། བཙུན་པ་དེ་བཞིན་ཏེ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །མ་འོངས་པའི་དུས་ན དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ལ་ཡང་སྐྱབས་སུ་མཆིའོ་ཞེས་གསུངས་སོ། །བསྟན་བཅོས་ལས་འདི་སྐད་དུ་ཞེས་བྱ་བ་ལ་ཡེ་ཤེས་ལ་འཇུག་པ་ལས་གང་ཇི་སྐད་དུ་གང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ཅི་ཞིག་ལ་སྐྱབས་སུ་འགྲོ་ཞེ་ན། ཆོས་གང་དག དང་ལྡན་ནས་སངས་རྒྱས་ཞེས་བརྗོད་པ་དང་འདོགས་པ་དང་མིང་དང་ཐ་སྙད་དུ་བྱ་བ་སྟེ། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་ཞེས་གསུངས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་འདུལ་བ་ཕྲན་ཚོགས་ཀྱི་སྒོ་བཞི པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པར་རྫུ་འཕྲུལ་གྱི་རྣམ་པ་འདི་ལྟར་འདོན་ཏོ། །བཙུན་པ་ཇི་ལྟར་ནད་པ་ཞེས་བྱ་བ་ལ་འདུལ་བ་ཕྲན་ཚོགས་ཀྱི་སྒོ་བཞི་པའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི་བ་ལས། ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་བཅོམ་ལྡན འདས་ལ་དྲིས་པ། བཙུན་པ་བཅོམ་ལྡན་འདས་ཇི་སྐད་དུ་ནད་པ་བསྐྱང་ཞིང་ཇི་ལྟར་ནད་པ་གསོ་བར་བགྱི། ཉེ་བར་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་གཏོགས་པར་ཇི་ལྟར་བདེ་བར་ནད་པ་བསྐྱང་བར་བྱའོ་ཞེས་གསུངས་སོ། །ཤཱཀྱ་ནད་པ་རྣམས་ཞེས བྱ་བ་འདུལ་བ་མུ་ཏིག་གི་སྒོ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་པ་ལ་སྟེ། དེ་ལས་ཇི་སྐད་དུ་མོས་པར་འགྱུར་བའི་ཆོས་བཞི་པོ་འདི་དག་དང་ལྡན་པ་ནི་བྱིས་པ་རྨོངས་པ་མི་གསལ་བ་སྐྱེས་བུ་དམ་པ་མ ཡིན་པ་ཉིད་དུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གཅོད་པ་མ་སྤངས་ཤིང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། འབྲུའི་ཆད་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་མ་སྤངས་པའོ། །ཆོས་བཞི་པོ་འདི་རྣམས་དང ལྡན་པ་ནི་མཁས་པ་གསལ་བ་སྐྱེས་བུ་དམ་པ་ཞེས་བྱ་སྟེ། བཞི་གང་ཞེ་ན། སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་སླར་ལོག་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། འབྲུའི་ཆང་དང་བཅོས་པའི་ཆང་མྱོས པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པའོ། །གླེང་གཞི་ནི་མཉམ་དུ་ཡོད་པ་ནའོ། །ཆོས་བཞི་པོ་འདི་དག་དང་ལྡན་པ་ནི་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པ་སྐྱེས་བུ་དམ་པ་མ་ཡིན་པ་ཞེས་བྱ་སྟེ། རྫུན་དུ་སྨྲ་བ་དང། ཕྲ མའི་ཚིག་དང། ཚིག་རྩུབ་མོ་དང། ཚིག་བཀྱལ་བ་མ་སྤངས་པའོ། །ཆོས་བཞི་པོ་འདི་རྣམས་དང་ལྡན་པ་ནི་མཁས་པ་བསལ་བ་སྐྱེས་བུ་དམ་པ་སྟེ། བཞི་གང་ཞེ་ན། རྫུན་དུ་སྨྲ་བ་སྤངས་པ་དང། ཕྲ་མ་དང། ཚིག་རྩུབ་པོ་དང། ཚིག བཀྱལ་པ་སྤངས་པའོ་ཞེས་གསུངས་སོ། །ལུས་དང་ངག་གི་ཉེས་པར་སྤྱོད་པའི་ཚོམས་ལས་འདོན་པས་སྲོག་གཅོད་པ་དང་ཕྲ་མ་བཞིན་དུ་མྱོས་པར་འགྱུར་བ་འཐུང་བ་ཡང་ཉེས་པར་སྤྱོད་པ་ཞེས་བྱའོ། །གང་ཡང་བཅོམ་ལྡན་འདས་ཀྱིས ཇི་སྐད་དུ་ཞེས་བྱ་བ་འདུལ་བའི་རབ་ཏུ་འབྱུང་བའི་གཞི་ལས་འདི་ལྟར་འདོན་ཏེ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག་།བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང གཟིགས་པ་དེས་འདི་ལྟར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་གསུངས་ཏེ། དེ་དག་ལས་གང་ཡང་རུང་བ་ཞིག་གི་ལྟུང་བས་དགེ་སློང་ལྟུང་བ་དང་བཅས་པར་གྱུར་ན། དགེ་སློང་མ་ཡིན། དགེ་སྦྱོང?་མ་ཡིན། ཤཱཀྱའི་བུ་མ་ཡིན་ཏེ། དགེ་སློང་གི་དངོས་པོ་ཉམས་ཤིང་བཅོམ་པར་འགྱུར་ཏེ། དགེ་སྦྱོང་གི་དངོས་པོ་ཞིག་ཅིང་ལྟུང་བ་དང་ཕམ་པ་དང་ཕྱིར་གསོར་མི་རུང་བར་འགྱུར་ཏེ། འདི་ལྟ་སྟེ། ཤིང་ཏཱ་ལའི་མགོ་བཅད་པ་བཅོས་སུ་མེད་ཅིང་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་ཞིང་རྒྱས་པ་དང་སྤངས་པར འགྱུར་དུ་མི་རུང་བ་དེ་བཞིན་དུ་དགེ་སློང་འདི་ལྟ་བུའི་ངོ་བོའི་མྱོས་པར་འགྱུར་བ་འཐུང་ན་ཡང་དགེ་སློང་མ་ཡིན། དགེ་སློང་མ་ཡིན། ཤཱཀྱའི་བུ་མ་ཡིན་ཏེ། དགེ་སློང་གི་དངོས་པོ་ལ་སྙམས་ཤིང་བཅོམ་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་དངོས་པོ་ཞིག་ཅིང་ལྟུང་བ་དང། ཕམ་པ་དང། ཕྱིར་བཅོས་སུ་མི་རུང་བར་འགྱུར་རོ་ཞེས་གསུངས་སོ། །འདི་དག་ནི་འདུལ་བ་ལས་བསྟན་ཏེ་ཞེས་བྱ་བ་ལ། རྣམ་པར་འབྱེད་པའི་ཕམ་པོ་དང་པོ་ལས་འདི་སྐད་དུ་འདོན་ཏེ། ཡང་དགེ་སློང་གང་ཞེས་བྱ་བ་ནས། དགེ་སློང་ནི་རྣམ་པ་བཞི་སྟེ། མིང་གི་དགེ་སློང དང། ཁས་འཆིས་པའི་དགེ་སློང་དང། སློང་བས་ན་དགེ་སློང་དང། ཉོན་མོངས་པ་བཅོམ་པའི་དགེ་སློང་ངོ། །མིང་གི་དགེ་སློང་གང་ཞེ་ན། གང་མིང་དང་མིང་དུ་བརྗོད་པ་དང། ངེས་ཚིག་དང་བཏགས་པ་དང་རིག་བྱེད་དང། ཐ་སྙད་དུ་དགེ་སློང་ཞེས་བྱ་བ་དང། དགེ སློང་གི་རིགས་དང། སྤྱིར་དགེ་སློང་ཞེས་བརྗོད་པ་སྟེ། འདི་ན་མིང་གི་དགེ་སློང་ཞེས་བྱའོ། །ཁས་འཆེས་པའི་དགེ་སློང་གང་ཞེ་ན། དགེ་སློང་མ་ཡིན་བཞིན་དུ་དགེ་སློང་ཞེས་བདག་ཉིད་ཁས་འཆེ་ཞིང་རྐུན་མར་གནས་བཞིན་དུ་བདག་ཉིད་དགེ་སློང་ཞེས་ཁས འཚ་བ་སྟེ། འདི་ནི་ཁས་འཚ་བའི་དགེ་སློང་ཞེས་བྱའོ། །སློང་བས་ན་དགེ་སློང་གང་ཞེ་ན། གང་ཆོས་དང་ལྡན་པར་སློང་ཞིང་འཚ་བར་བྱེད་པ་སྟེ། འདི་ནི་སློང་བས་དགེ་སློང་ཞེས་བྱའོ། །ཉོན་མོངས་པ་བཅོམ་པའི་དགེ་སློང་གང་ཞེ་ན། གང་གི་ཟག་པ་དང་བཅས པའི་ཀུན་ནས་ཉོན་མོངས་པ་ཡང་སྲིད་པར་ནང་དང་སྡུག་བསྔལ་ཀུན་འབྱུང་བ་དང། མ་འོངས་པའི་སྐྱེ་བ་དང་རྒས་པ་དང་ན་བ་དང། འཆི་བ་དེ་དག་སྤངས་ཤིང་ཡོངས་སུ་ཤེས་པར་གྱུར་ཅིང་རྩ་བ་ནས་བཅད་དེ། ཤིང་ཏཱ་ལ མགོ་བཅད་པ་བཞིན་དུ་མ་འོངས་པའི་སྐལ་པ་མཉམ་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་སྟེ། འདི་ནི་ཉོན་མོངས་པ་བཅོམ་པས་ན་དགེ་སློང་ཞེས་བརྗོད་དོ། །དོན་འདི་ལ་ནི་གསོལ་བ་དང་བཞིའི་ལས་ཀྱི་བསྙེན་དང་རྫོགས་པའི་དགེ་སློང་ཡིན་པར་དགོངས ཏེ། དེ་ཡང་ཁྲོ་བ་མེད་པ་དང་གནས་པར་བྱའོ་ཞེས་གསུངས་སོ། །དགེ་འདུན་གྱི་ལོངས་སྤྱོད་པས་ཁམ་བུ་གཅིག་ཀྱང་མ་གནང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །མུ་སྟེགས་ཅན་གྱི་ཉན་ཐོས་དགེ་འདུན་པས་དོན་དུ་གཉེར་ནས་བྱ་བ་བྱེད པ་ཁྱིམ་བདག་མགོན་མེད་པས་སྦྱིན་གྱིས་མཐོང་ཞིང་རིག་ནས་འདི་སྙམ་དུ་མུ་སྟེགས་ཅན་གྱི་ཉན་ཐོས་དགེ་འདུན་པས་དོན་དུ་གཉེར་ནས་ཉེས་པར་བཤད་པའི་ཆོས་ལ་མུ་སྟེགས་ཀྱི་བྱ་བ་བྱེད་ན། བདག་ཀྱང་སྐྱེ་བོ་མང་པོ་དགེ་འདུན་ལ་ཡོན་དབུལ བར་བྱའོ་སྙམ་མོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་མཁྱེན པར་མཛོད་ཅིག་། བདག་ཀྱང་སྐྱེ་བོ་མང་པོའི་ཚོགས་བདག་དགེ་འདུན་ལ་ཡོན་དག་འབུལ་བར་འགྱུར་བ་དེ་ལྟར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གནང་གིས་བསྐུལ་བར་གྱིས་ཤིག། ཁྱིམ་བདག་གིས་བསྐུལ་ནས་འདི་སྐད དུ་འཕགས་པ་བདག་ཉིད་ཀྱིས་ཀྱང་བསྐུལ་བར་མཛོད་ཅིག་དང་དེ་ལྟར་ན་བདག་ཅག་གི་མཛེས་པར་འགྱུར་རོ་ཞེས་པའི་སྐབས་དེ་ལྟ་བུ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང དག་གིས་དེ་ལ་གྲོགས་དག་སྦྱིན་པར་བྱའོ། །ཁྱིམ་བདག་གིས་སྨྲས་པ། གལ་ཏེ་སྒྲོགས་པར་བྱེད་ན་བདག་ཅག་ལས་བསོད་ནམས་མང་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བསྒྲགས་པར་བྱའོ། །ཁྱིམ་བདག་འདི་ལྟ་བུའི་ཞེས བསྒྲགས་པར་བྱའོ། །དེས་འདི་སྐད་ཅེས་འཕགས་པ་རྣམས་ཀྱིས་བསྒྲགས་ན་བདག་ཅག་ལ་བསོད་ནམས་ཆེན་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་བསྒྲག་པར་བྱ་ཞིང་གཙུག་ལག་ཁང་དུ་འོངས་པ་ཡང་བསྒྲག་བར་བྱའོ།། དེར་སྒྲིབ་པ་དང་བཅས་ནས་འཁོར་ལོ་ལ་འཛགས་པར་བྱའོ། །དེར་ཆད་པ་དང་ཆད་པས་གནོད་ན་གཙུག་ལག་ཁང་བྱའོ། །དེར་སྐྱེ་བོ་མང་པོའི་ཚོགས་འདུས་པས་བསྒྲིབས་ཤིང་མི་མཐོང་ན་སྒྲོ་བཞི་གདོད་པར་བྱ་ཞིང་སྒྲོ་བཞིའི་སྟེང་དུ་འཇིགས་ཏེ བསྒྲག་པར་བྱའོ། །གོས་ཀྱི་རྙེད་པ་མང་དུ་བྱུང་བས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་རྒྱལ་བྱེད་ཀྱི་ཚལ་གང་བར་བྱས་སོ། །དེར་མ་བྱིན་པར་ལེན་པ་དག་གིས་ཕྲོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟླེག་པ་བྱའོ། །གཞན་གྱི་ལྟུང་བ དག་སྡུད་པ་ཡང་འགེགས་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་གྲོགས་པ་དག་ཟློག་པར་བྱའི་གང་བཅིངས་པ་དག་ནི་ཟློག་པར་མི་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི དགེ་འདུན་ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ། འདུད་པར་བྱ་བ། རབ་ཏུ་འདུད་པར་བྱ་བ། ཐལ མོ་སྦྱར་པར་བྱ་བ། འདུན་པར་བྱ་བ། འཇིག་རྟེན་གྱི་བླ་ན་མེད་པའི་ཡོན་གནས་དེ་དག་ལ་གོས་ཀྱི་ཕྲེང་བ་འདི་དག་བདག་འབུལ་ལོ་ཞེས་སྨྲས་སོ། །དེ་ནས་སོ་སོའི་སྐྱེ་བོ་དག་འདི་སྐད་དུ་བདག་ཅག་འཆིང་བ་མཛའ་དག་པ་རྣམས་ཀྱིས་འདི་མི་འཐོབ་པོ་ ཞེས་སྨྲས་སོ། །དེ་ནས་སློབ་པ་དག་འདི་སྐད་དུ། བདག་ནི་ཀུན་ཏུ་སྦྱོར་བ་དག་གིས་ལྷག་མ་དང་བཅས་པས་བདག་ཅག་གིས་ཀྱང་མི་འཐོབ་པོ་ཞེས་སྨྲས་སོ། །མི་སློབ་པ་དག་འདི་སྙམས་སུ་ཞེས་བྱ་བ་ནས། སྐབས་དེ་བཅོམ་ལྡན་འདས ལ་གསོལ་བ་ཞེས་བྱ་བ་ནས་རྒྱས་པར་རོ། །ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་འདི་སྐད་དུ་ཁྱེད་ཅག་དེའི་དྲུང་ན་བསམ་པ་ཐག་པ་ནས་མྱ་ངན་ལས་འདས་པའི་བསམ་པས་ཚངས་པར་སྤྱད་པ་སྤྱོད་དམ་ཞེས་སྨྲོས་ཤིག་།དེ་ནས་ཚེ་དང་ལྡན་པ་ཀུན དགའ་བོས་དགེ་སློང་རྣམས་ལ་སྨྲས་པ་དང། དེ་དག་གིས་སྨྲས་པ། བཙུན་པ་ཀུན་དགའ་བོ་དེ་བཞིན་ནོ། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་གིས ངའི་དྲུང་ན་བསམ་པ་ཐག་པ་ནས་མྱ་ངན་ལས་འདས་པ་འདོད་ཅིང་ཚངས་པར་སྤྱད་པ་སྤྱོད་པ་དག་ལ་ཁ་ཟས་རོ་བརྒྱ་པ་དང། བརྒྱ་སྟོང་རི་བའི་གོས་དང། གཞལ་ཡས་ཁང་ལྔ་བརྒྱ་དག་གནད?་མོད་ཀྱི། འོན་ཀྱང་དགེ་སློང་དག་ཡོངས་སུ་ལོངས་སྤྱོད་པ་ནི ལྔ་སྟེ། བདག་པོས་ཡོངས་སུ་ལོངས་སྤྱོད་པ་དང། སྐལ་པས་ཡོངས་སུ་ལོངས་སྤྱོད་པ་དང། རྗེས་སུ་གནང་བས་ཡོངས་སུ་ལོངས་སྤྱོད་པ་དང། བུ་ལོན་གྱིས་ཡོངས་སུ་ལོངས་སྤྱོད་པ་དང། རྐུ་བས་ཡོངས་སུ་ལོངས་སྤྱོད་པ་རྣམས་སོ། །དེ་ལ་བདག པོས་ཡོངས་སུ་ལོངས་སྤྱོད་པ་ནི་དགྲ་བཅོམ་པའོ། །སྐལ་བས་ཡོངས་སུ་ལོངས་སྤྱོད་པ་ནི་སློབ་པའོ། །རྗེས་སུ་གནད?་བས་ཡོངས་སུ་ལོངས་སྤྱོད་པ་ནི་སོ་སོ་སྐྱེ་བོ་དགེ་བའི་ཆོས་ཅན་རྣམས་སོ། །བུ་ལོན་གྱིས་ཡོངས་སུ་ལོངས་སྤྱོད་པ་ནི་ཡང་ཡང་ལྟུང བ་འབྱུང་བ་དག་གོ་། རྐུ་བས་ཡོངས་སུ་ལོངས་སྤྱོད་པ་ནི་ཚུལ་ཁྲིམས་འཆལ་བ་རྣམས་ཏེ། རྩ་བའི་ལྟུང་བ་བྱུང་ཞིང་དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་ཁས་འཆེ་བ་རྣམས་ལ་ནི་རྗེས་སུ་མ་གནང་སྟེ། དགེ་སློང་ཚུལ་ཁྲིམས་འཆལ་པ་དགེ་འདུན གྱིས་ཟས་ལ་ཁམ་བུ་ཅིག་ཙམ་དང། གནས་ས་ཕྱི་རྟིང་གང་ཙམ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་རྗེས་སུ་གནང་གིས་བྱུང་བ་དག་ཡང་དག་པར་བགོ་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ་བཅོམ་ལྡན་འདས་ཀྱིས ཚུལ་ཁྲིམས་འཆལ་བ་བསྐྲད་པར་བྱའོ་ཞེས་གསུངས་ན་གང་གིས་བསྐྲད་པར་བགྱི། ཉེ་བར་འཁོར་དགེ་འདུན་གྱིས་སོ། །ཇི་ལྟར་བསྐྲད་པར་བགྱི། དེའི་སྣོད་དག་གདོན་པར་བྱའོ། །འདུག་རྟེན་དག་གཞན་དུ་བསྐུར་བར་བྱ་ཞིང། ལྷུང་བཟེད་ཀྱི་གཞི་རྟེན་ཡང་ལ? གཞན་དུ་བསྐུར་ཞིང། བར་བུར་གྱི་སྣོད་ཀྱང་གཞན་དུ་བསྐུར་བར་བྱའོ། །བཙུན་པ་གལ་ཏེ་སྐྲོང་པ་ན་ཀ་བ་ལ་འཇུ་ན་ཇི་ལྟར་བསྐུར་བར་བྱ། ཀ་བ་བཅད་པར་བྱའོ། །དེ་དག་གིས་སླར་བསབ་པར་བྱ། དགེ་འདུན་གྱིས་སོ། །གལ་ཏེ་དེ་སྒོ་སྐྱེས་ལ་འཇུ་ན་སྒོ་སྐྱེས བཏོན་བར་བྱའོ། །གང་གིས་དེ་སླར་བསབ་པར་བྱ། དགེ་འདུན་གྱིས་སོ། །འདུལ་བའི་གླེང་གཞི་གཉིད་པའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་དང་པོ་ལས་དེ་སྐད་དུ་འདོན་ཏོ།། །།ཤིང་རུལ་དག་ནི་གསལ་བར་བགྱི་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཙམ་པ་ནི་རྫིང་གི་འགྲམ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་ཇི་ལྟ་བ་བཞིན་བཤམས་པ་ལ་བཞུགས་ཏེ། དགེ་སློང་གི་དགེ་འདུན་ལ་གཟིགས་ཏེ་ཅང མི་གསུང་བར་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ན་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ སློང་གི་དགེ་འདུན་འདུས་ཤིང་ཚོགས་ནས་མཆིས་ལགས་ཏེ། བཅོམ་ལྡན་འདས་སོ་སོ་ཐར་པའི་མདོ་འདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་གདོན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཅང་མི་གསུང་བར བཞུགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་རང་གི་རྟན་ལ་ཇི་ལྟ་བ་བཞིན་འདུག་གོ་།དེ་ནས་མཚན་མོའི་ཐུན་དང་པོ་འདས་ཤིང་ཐུན་པར་བ་ལ་བབ་པ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི སྐད་ཅེས་གསོལ་ཏོ། །བཙུན་པ་མཚན་མོའི་ཐུན་དང་པོ་འདུས་ཤིང་ཐུན་པར་བ་ལ་བབ་ལགས་ཀྱིས། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་གདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་གདོན་དུ་གསོལ། དེ་སྒང་ཅེས་གསོལ་ཀྱང་བཅོམ་ལྡན འདས་ཅང་མི་གསུང་བར་བཞུགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་རང་གི་སྟན་ལ་འདུག་གོ་།དེ་ནས་མཚན་མོ་ཐུན་དང་པོ་འདས་ཤིང་བར་མ་ཡང་འདས་ལ། ཐུན་ཐ་མ་སྣང་བ་བྱུང་བར་ཆོས་ཤིང་རིང་པོ་མ་ཐོགས་པར་སྐྱ་རེང་འཆར་བའི་དུས་ན་ཚེ་དང་ལྡན པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མཚན་མོའི་ཐུན་དང་པོ་འདས་ཤིང་བར་མ་ཡང་འདས་ལ། ཐུན་ཐ་མ་ལ་བབ་སྟེ་སྣང་བ་བྱུང་བར་ཆས་ཤིང་ང་ནི་རིང་པོ་མི་ཐོགས་པར་སྐྱ་རེངས་འཆར་བའི དུས་ལ་བབ་ཀྱིས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ཡུན་རིང་དུ་བཞུགས་ཀྱིས། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་གདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་གདོན་དུ་གསོལ། ཀུན་དགའ་བོ་དགེ་སློང་གི་དགེ་འདུན གྱི་འཁོར་ཡོངས་སུ་མ་དག་པ་དེ་སྲིད་དུ་དགག་གིས་ཁྱོད་རང་གི་སྟན་ལ་ཇི་ལྟ་བ་བཞིན་འདུག་ཅིག་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རང་གི་སྟན་ལ་ཇི་ལྟ་བ་བཞིན་འདུག་གོ་།དེའི་ཚེ་ན་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་འཁོར་འདུས་པ་དེའི་ནང་ན འདུས་ཤིང་འདུག་པར་གྱུར་ཏེ། དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་གང་ལ་དགོངས་ནས། ཀུན་དགའ་བོ་དགེ་སློང་གི་དགེ་འདུན་གྱི་འཁོར་ཡོངས་སུ་མ་དག་པ་དེ་སྲིད་དུ་དགག་གིས་ཁྱོད་རང་གི་སྟན་ཇི ལྟ་བ་བཞིན་འདུ་གཅིག་ཅེས་གསུངས། བདག་གིས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་བལྟ་བར་བྱའོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་སེམས་ཏིང་ངེ་འཛིན་གང་ལ་མཉམ་པར་བཞག་ན་དགེ་སློང་གི་དགེ་འདུན་ཐམས་ཅད་སྣང་བར་འགྱུར་བ་དེ་ལྟ བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་བལྟས་པ་ན་དགེ་སློང་གཞན་ཞིག་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན་ནང་རུལ་པ་དུང་གི་སྒྲ་ལྟར་ཀུན་ཏུ་སྦྱོད་པ། དགེ་སྦྱོང་མ་ཡིན་པར་དགེ སྤྱོད་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་མཆེ་བ་ཞིག་དགེ་སློང་གི་དགེ་འདུན་གྱི་ནང་དུ་འདུག་པ་མཐོང་ངོ། །མཐོང་ནས་སྟན་ལས་ལངས་ཏེ་དགེ་སློང་དེའི་དཔུང་པ་ནས་བཟུང་སྟེ། སྒོའི་ཕྱི་རོལ་ཏུ་བཏོན་ཏེ། འདི་སྐད་ཅེས་སྐྱེས་བུ རྨོངས་བ་ཉམས་པ་ཁྱོད་ཕར་སོང་འདི་ནི་ཁྱེད་ཀྱི་དགེ་སློང་གི་ཐ་མ་སྟེ། དེ་ནས་བཟུང་སྟེ་དགེ་སློང་གི་གནས་ཁང་ངམ་ལོངས་སྤྱོད་ལ་ཇི་ལྟར་སྔར་བཞིན་དུ་ལོངས་སྤྱོད་པར་མ་བྱེད་ཅིག་ཅེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་དགེ་སློང་དེ་སྒོའི་ཕྱི རོལ་ཏུ་གཏོན་ནས་སྒོ་ལྕགས་བཅུག་ཅིང་ལྡེ་མིག་དག་བསྡམས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གང་ལ་དགོངས་ནས་ཚེ་དང་ལྡན་པ་ཀུན དགའ་བོ་ལ་འདི་སྐད་ཅེས་ཀུན་དགའ་བོ་དགེ་སློང་གི་དགེ་འདུན་ཡོངས་སུ་མ་དག་པ་དེ་སྲིད་དུ་དགག་གིས་ཞེས་བཀའ་སྩལ་པའི་དགེ་སློང་དེ་བདག་གི་དཔུང་པ་ནས་བཟུང་སྟེ། སྒོའི་ཕྱི་རོལ་ཏུ་བཏོན་ལགས་སོ། །འདི་སྐད་ཅེས་སྐྱེས་བུ་རྨོངས་པ་ཉམས་པ་ཁྱོད ཕར་སོང། འདི་ནི་ཁྱོད་ཀྱི་དགེ་སློང་གི་ཐ་མ་སྟེ། དེ་ནས་བཟུང་སྟེ་དགེ་སློང་གི་གནས་ཁང་ངམ་ལོངས་སྤྱོད་ལ་ཇི་ལྟར་སྔར་བཞིན་དུ་ལོངས་སྤྱོད་པར་མ་བྱེད་ཅིག་ཅེས་སྨྲས་ཏེ། དེ་སྒོའི་ཕྱི་རོལ་ཏུ་བསྐྲད་ནས་སྒོ་ལྕགས་བཅུག་སྟེ་ལྡེ་མིག་བསྡམས་ཏེ་མཆིས ལགས་ཀྱིས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་བཞུགས་ནས་རིང་དུ་ལོན་གྱིས། བཅོམ་ལྡན་འདས་སོ་སོར་ཐར་བའི་མདོ་གདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་གདོན དུ་གསོལ། མཽངྒལ་གྱི་བུ་སྐྱེས་བུ་རྨོངས་པ་ངེས་བསོད་ནམས་མ་ཡིན་པ་མང་དུ་བསགས་པ་མཐོང་ངམ་སྟོན་པ་དང། དགེ་སློང་གི་དགེ་འདུན་མཚན་ཐོག་གཅོས་པ་མཐོང་ངམ། ཇི་ལྟར་ད་ལྟ་སྐྱེས་བུ་རྨོངས་བ་དེས་བསོད་ནམས་མ་ཡིན་པ མིང་དུ་བསགས་ནས་སོང་ངོ། །མཽངྒལ་གྱི་བུ་དེ་ལྟ་བས་ན་ཁྱེད་ཅག་ཉིད་ཀྱིས་དང་པོར་ཟླ་བ་ཕྱེད་ཕྱེད་ཞིང་སོ་སོར་ཐར་པའི་མདོ་གདོན་པར་བྱ་ཞིང་དེ་བཞིན་གཤེགས་པས་ཕྱིས་ཟླ་བ་ཁྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། མཽངྒལ་གྱི་བུ་དགེ་སློང་འཁོར་ཡོངས་སུ་མ་དག་པར་དེ་བཞིན་གཤེགས་པས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཏོན་ན་སྐྱེས་བུ་རྨོངས་པ་དེའི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །མཽངྒལ་གྱི་བུ་འདི ལྟ་སྟེ། འདི་ནི་དགེ་སློང་ཚངས་པར་སྤྱོད་པ་གཞོན་ཞིང་རབ་ཏུ་གཞོན་པ་རྣམས་དང་དེ་འདི་ལྟར་འགྲོ་བ་དང་འདས་པ་དང་ལྟ་བ་དང་རྣམ་པར་ལྟ་བ་དང། བསྐུམ་པ་དང་བརྐྱང་པ་དང་ཆོས་གོས་སྣམ་སྦྱར་ལེན་པ་དང། ལྷུང་བཟེད་ལེན་པ ལ་འདྲ་སྟེ། ཇི་ཙམ་ན་དགེ་འདུན་གྱི་སྤོངས་པའི་ལྟུང་བ་གང་རུང་བ་ཞིག་འགལ་བར་བྱེད་པ་ན། དེ་ཡང་དགེ་འདུན་གྱི་སྤོམ་པོ་གང་ཡང་རུང་བ་དག་གསལ་བར་བྱེད་པར་འགྱུར་རོ། །དེ་ལ་དགེ་སློང་རྣམས་འདི་སྙམ་དུ་དགེ་སྦྱོང་སུན འབྱིན་པར་བྱེད་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་གི་སྲེད་དེ་སྡེ་དེས་དགེ་སློང་འདུས་པ་འདི་དག་ཡང་དག་པར་རངས་པ་ལྟ་བུས་ཉམས་པར་བྱས་ཤིང་དགེ་སྦྱོང་སུན་འབྱིན་པར་མ་གྱུར་ཅིག་སྙམ་སྟེ། འདི་ལྟ་སྟེ། ཞིང་པའི་ཁྱིམ བདག་དག་ནས་ཀྱི་ཞིང་ཕུན་སུམ་ཚོགས་པར་བ་བའི་ཕྱིར་ནས་ཀྱི་སྐྱོན་དུ་གྱུར་པ་དེ་དང་འདྲ་བའི་སྲེད་རྩ་བ་ནས་འདོན་པར་བྱེད་དེ། འདི་ལྟ་སྟེ། ནས་གཞན་དང་སྡོང་བུ་དང་འདབ་མ་དང། ཡལ་ག་དག་འདྲ་ཞིང། འདི་ལྟ་སྟེ། ཇི་སྲིད་དུ་མགོ་བོ་མ་བྱུང་གི་བར་དུ་ནས་གཞན དང་འདྲ་ཞིང། མགོ་བོ་བྱུང་བར་གྱུར་པ་ན་ཞིང་པའི་ཁྱིམ་བདག་དེ་འདི་སྙམ་དུ་འདི་ནི་ནས་བརླག་པར་བྱེད་པ་སྟེ་ནས་ཀྱི་སྲེད་བྱུང་ངོ་སྙམ་ནས་ཁྱིམ་བདག་ཞིང་པ་དེས་ཞིང་པ་གཞན་དག་ཀྱང་བརླག་པར་བྱེད་པར་འགྱུར་དུ་འོང་ངོ་ཞེས་འདི་དག་རྩ་བ་ནས་བཅད ཅིང་སྒྱུར་འགྱུར་ཏེ། དེ་བཞིན་དུ་དེ་འགྲོ་བ་དང་འོང་བ་དང་ཆོས་གོས་སྣམ་སྦྱར་དང་ལྷུང་བཟེད་ལེན་པ་དག་ལ་འདྲ་བར་འགྱུར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་པ་གཞན་ཀྱང་སུན་འབྱིན་པར་འགྱུར་ཏུ་འོང་ཞེས་བྱ་བའི་བར་དུའོ། །འདི་ལྟ སྟེ་ཞིང་པའི་ཁྱིམ་བདག་དག་དབྱར་འདས་ཏེ་སྟོན་གྱི་དུས་ན་ཆུ་འགྲམ་གྱི་ཡུར་བ་དག་འཆོས་པར་འདོད་ན། སྟ་རེ་རྣོན་པོ་དག་ཐོགས་ཏེ་ནགས་ཀྱི་ནང་དུ་ཞུགས་ནས་དེ་དེ་ན་ཤིང་དག་བརྡུང་བར་བྱེད་རབ་ཏུ་བརྡུང་བར་བྱེད། ཀུན་ཏུ་བརྡུང་བར་བྱེད་དེ། དེ་ན་ཤིང གང་དག་བརྡུངས་ཤིང་རབ་ཏུ་བརྡུངས་པ་ཀུན་ཏུ་བརྡུངས་པ་ན། སྒྲ་སྙན་ཞིང་སྒྲ་ཟབ་ལ་རྔའི་སྒྲ་ལྟ་བུ་དེ་དག་ཁྱིམ་བདག་ཞིང་པ་དེས་འདོར་བར་བྱེད་དོ། །དེ་ན་ཤིང་གང་དག་བརྡུངས་རབ་ཅུ་བརྡུངས་ཀུན་ཏུ་བརྡུངས་པ་ན་སྒྲ་མི་བརྟན་ཞིང་སྒྲ་མི་ཟ་བ་ལ་རྔའི སྒྲ་ལྟ་བུ་མི་འདོན་པ་དེ་དག་ཁྱིམ་བདག་ཞིང་བ་དེས་རྩ་བ་ནས་བཅད་དེ་མགོ་བོ་དག་བླངས་ཏེ། གང་ཡང་རུལ་ཅིང་སྙིང་པོ་མེད་པར་གྱུར་པ་དག་དོར་ནས་ཆུའི་ཡུར་བ་དག་འཆོས་པར་བྱེད་དོ། །དེ་བཞིན་དུ་ལེན་པ་དག་ལས་འདྲ་སྟེ་ཞེས་བྱ་བ་ནས། སྔ་མ བཞིན་དུ་དགེ་སྦྱོད་སུན་འབྱིན་པར་བྱེད་པ་བྱུང་ཞིང། དགེ་སྦྱོང་གི་སྲེད་དེ་དང་དགེ་སྦྱོང་གི་ཤིང་རུལ་པ་ལྟ་བུའོ། །ཞེས་བྱ་བ་ནས་འདིས་དགེ་སློང་གཞན་དག་ཀྱང་སུན་འབྱིན་པར་གྱུར་ཅེས་བྱ་བའི་བར་སྔ་མའི་བཞིན་འགྲོ་བ་དང་འོང་བ་དང་སྣམ་སྦྱར གྱི་བར་དུའོ། །འདི་ལྟ་སྟེ། ཁྱིམ་བདག་ཞིང་བདག་འབྲས་ཀྱིས་ཕུང་པོ་འཕྱར་བར་བྱེད་པ་ན། འབྲས་གང་དག་བརྟན་པར་གནས་ཤིང་སྙིང་པོ་དང་བཅས་པ་དེ་དག་ཕྱོགས་ཅིག་གནས་པར་འགྱུར། གང་ཕུབ་མ་དང་སྙིང་པོ་མེད་པ དེ་དག་རླུང་གིས་ཕྱོགས་ཅིག་ཏུ་བྱེད་པར་འགྱུར་ཏེ། འདིས་གཞན་དག་ཀྱང་རླག་པར་བྱེད་པར་འགྱུར་རོ། །ཞེས་ཁྱིམ་བདག་ཞིང་པ་དེས་བཙས་ཤིང་བསྲུངས་ནས་འཇིག་པར་བྱེད་དོ། །དེ་བཞིན་དུ་ལྷུང་བཟེད་ལེན་པ་དག་ལ་འདྲ་བར་འགྱུར་ཞེས་བྱ་བ་ནས། དགེ སྦྱོང་སུན་འབྱིན་པར་བྱེད་པ་འབྱུང་ངོ། །དགེ་སློང་གི་སྲེད་དང། དགེ་སློང་ཤིང་རུལ་པ་ལྟ་བུ་དང། དགེ་སློང་སྙིང་པོ་མེད་པ་ཞེས་བྱ་བ་ནས་གཞན་དག་ཀྱང་སུན་འབྱིན་པར་འགྱུར་དུ་འོང་ངོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུའོ། །སྟོན་པས་གཞན་ཡང་འདི སྐད་ཅེས་བཀའ་སྩལ་ཏོ། །ཁ་ན་མ་ཐོ་བཅས་ཤིང་འཁྱོག་།སྒྱུ་དང་སེར་སྣ་དང་བཅས་ཤིང། །བདེན་པར་སོང་སྟེ་ཉེ་བར་སྤྱོད། །སྡིག་པར་ལྟ་ཞིང་མ་གུས་པ། །རྫུན་དུ་སྨྲ་ཞིང་མི་ཤེས་པ། །སྡིག་པ་འདོད་ཅིང་ཁྲོ་བ་དང། ལྷན་ཅིག་གནས་པ་ཤེས་བྱས ནས། །དེ་དག་འདྲེ་ཞིང་འགྲོགས་པ་དག་།རྟག་ཏུ་རབ་ཏུ་སྤང་བར་བྱ། །དགེ་སློང་མིན་པ་དགེ་སློང་དུ། །སྨྲ་བ་སྲེད་བསལ་བར་གྱིས། །ཤིང་རུལ་དག་ནི་གསལ་བར་གྱིས། །སྙིང་པོ་མེད་པ་དོར་བར་གྱིས། །སྡིག་འདོད་རྣམ་པར་སྤངས་ནས་ནི། །སྤྱོད་ལམ ཕུན་སུམ་ཚོགས་པ་དང། །དག་ཅིང་རབ་ཏུ་དག་པ་དང། །ལྷན་ཅིག་གནས་པར་སེམས་པ་ན། །དེ་དག་འདུས་ཤིང་ཚོགས་པ་རྣམས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར་ཞེས་གསུངས་སོ། །འདི་ལྟར་དགེ་སྦྱོང་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། དྲུག་ནི་དྲུག་པའི་མདོའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་ལས་འདི་ལྟར་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཕྲེང་བ་ཅན་ནས་ལྗོངས་རྒྱུ་ཞིང་སྡིག་པ་ཅན་དུ་གཤེགས་ནས་ཛ་ལོ་ཀའི་ཚལ་ན་བཞུགས་སོ། །སྡིག་པ་ཅན་གྱི་གྱད་རྣམས་ཀྱིས་བཅོམ ལྡན་འདས་ཕྲེང་བ་ཅན་ནས་ལྗོངས་རྒྱུ་ཞིང་སྡིག་པ་ཅན་དུ་གཤེགས་ཏེ། ཛ་ལོ་ཀའི་ཚལ་ན་བཞུགས་སོ་ཞེས་ཐོས་ཏེ། ཐོས་ནས་འདུས་ཤིང་ཚོགས་ཏེ། རབ་ཏུ་འདུས་ཤིང་ཚོགས་ནས་བཅོམ་ལྡན་འདས་གདན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས། སྡིག་པ་ཅན་གྱི་གྱད་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པ་དང། ཡང་དག་པར་བསྐུལ་བ་དང། ཡང་དག པར་དགའ་བ་དང། ཡང་དག་པར་གསལ་བར་མཛད་དོ། །དེའི་ཚེ་ན་འཁོར་འདུས་པ་དེའི་ནང་ནས་མགར་བའི་བུ་ཙུནད་ཞེས་བྱ་བ་འདུས་པར་གྱུར་ཅིང་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྡིག་པ་ཅན་གྱི་གྱད་རྣམས་ཆོས་ཀྱི་གཏམ་གྱིས་ཡང་དག པར་བསྟན་ཅིང་ཡང་དག་པར་བསྐུལ་ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །སྡིག་པ་ཅན་གྱི་གྱད་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་འོས ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །མགར་བའི་བུ་ཙུནད་དེ་ཉིད་དུ་འདུག་གོ་།དེ་ནས་མགར་བའི་བུ་ཙུནད་སྡིག་པ་ཅན་གྱི་གྱད་དག་སོང་ནས་ཡུན་རིང་དུ་ལོན་པ་དང། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟང་ཏེ། བཅོམ་ལྡན་འདས གང་ན་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་དགེ་གིས་ཁྱིམ་དུ་གདུགས་ཚོད་གསོལ་བར་ཅི་གནང། བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུནད ལ་ཅང་མི་གསུང་བར་གནང་བར་མཛད་དོ། །དེ་ནས་མགར་བའི་བུ་ཙུནད་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་པར་རིགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་སོང་ངོ། །དེ་ནས་མགར་བའི་བུ་ཙུནད་དེ་ཉིད་ཀྱི་མཚན་མོ ཤིང་ཐོགས་དང་འབྲུ་དག་བཙོས་ཤིང་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་གཙང་ཞིང་བསོད་པའི་ཁ་ཟས་དང་སྟོན་མོ་དག་བཤམས་ཏེ། གདན་བཤམས་ཆུ་སྣོད་དག་བཞག་ཅིང་བཙུན་པ་གདུགས་ཚོད་ཀྱི་དུས་ལ་བབ་ཀྱིས ང་ནི་བཅོམ་ལྡན་འདས་དུས་མཁྱེན་པར་མཛད་དུ་གསོལ་ཞེས་དུས་ཚོད་བརྗོད་པར་བྱེད་པའི་ཕོ་ཉ་དག་བཏང་ངོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ལྷུང་བཟད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་དགེ་སློང གི་དགེ་འདུན་གྱི་ཚོགས་ཀྱིས་མངོན་སུམ་དུ་བྱས་ཏེ། མགར་བའི་བུ་ཙུནདའི་གདུགས་ཚོད་གང་ན་བ་དེར་གཤེགས་སོ། །ཉེ་བར་གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་མགར་བའི་བུ་ཙུནདས་སངས རྒྱས་དང་དགེ་སློང་གི་དགེ་འདུན་མངོན་པར་ཕྱོགས་ཤིང་བདེ་བར་བཞུགས་པར་རིག་ནས་རྒྱ་ཤུག་གི་འབྲས་བུ་ཕུན་སུམ་ཚོགས་པ་དང་ལེགས་པར་སྦྱར་བའི་འབྲུ་དག་གིས་རང་གི་ལག་ནས་འབུལ་ཞིང་སྟོབས་པར་བྱེད་དོ། །དགེ་སློང་གི་དགེ་འདུན་ལ ཡང་གཙང་ཞིང་བསོད་པའི་ཁ་ཟས་དག་རང་གི་ལག་གིས་འབུལ་ཞིང་སྟོབས་པར་བྱེད་དོ། །དེའི་ཚེ་ན་དགེ་སློང་སྡིག་པ་ཅན་དགེ་སློང་གཞན་ཞིག་གི་རྨོག་བརྐུས་ཏེ་འཆན་ཁུང་དུ་བཙུག་སྟེ། དགེ་སློང་སྡིག་པ་ཅན་དེ་སངས་རྒྱས་ཀྱི་མཐུས་སངས་རྒྱས དང་ཙུནདས་མཐོང་ངོ། །དེ་ནས་མགར་བའི་བུ་ཙུནདས་རྣམ་གྲངས་དུ་མར་རྒྱ་ཤུག་གི་འབྲས་བུ་ཕུན་སུམ་ཚོགས་པ་དང་ལེགས་པར་སྦྱར་བའི་བཅུ?་དག་གིས་རང་གི་ལག་ནས་འབུལ་ཞིང་སྟོབས་པར་བྱེད་ཅིང་དགེ་སློང་གི་དགེ་འདུན་ལ་ཡང་གཙང་ཞིང བསོད་པའི་བཟའ་བ་དང་བཏུང་བས་རང་གི་ལག་ནས་འབུལ་ཞིང་བསྟབས་པར་བྱས་ནས་བཅོམ་ལྡན་འདས་ཀྱིས་གསོལ་ཞིང་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་མདུན་དུ་འདུག སྟེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲི་བ་ཞུས་པ། ཕ་རོལ་བརྒལ་ཅིང་སོམ་ཉི་སྤངས། །ཐུབ་པ་རབ་ཟང་རྣམ་འདྲེན་མཆོག་།ཁ་ལོ་སྒྱུར་མཆོག་འཇིག་རྟེན་ན། །དགེ་སྦྱོང་དུ་མཆིས་བདག་དྲའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགེ་སྦྱོང་བཞི་སྟེ། ལྔ་བ་མེད། །བདག་གསལ་བར་ངས་ཤེས་བྱ། །ལམ་གྱིས་རྒྱལ་དང་ལམ་སྟོན་དང། །ལམ་ཕྱིར་འཚོ་དང་ལམ་སུན་འབྱིན། །གསོལ་བ་ལམ་གྱིས་རྒྱལ་བ་གང་ལ་བརྗོད། །ཇི་ལྟར་མཚུངས་མེད་ལམ་སྟོན་ཡིན། །ལམ་ཕྱིར་འཚོ་བ་དྲིས་པས་གསུངས། ལམ་སུན་འབྱིན་བ་གསལ་པར་མཛོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་ཐེ་ཚོམ་ཟུག་རྔུ་སྤངས། །གཞན་གྱིས་བཀྲི་མིན་མྱ་ངན་འདས། །འཇིག་རྟེན་ལྷར་བཅས་སྟོན་པ་ཡིས། །སངས་རྒྱས་ལམ་གྱིས་རྒྱལ་ཞེས་བརྗོད། །བླང་དང་སྤང་བྱ མཆོག་རིག་ནས། །ཆོས་རྣམས་དེ་བཞིན་སྟོན་ཅིང་འབྱེད། །ཐུབ་པ་བཀྲི་མིན་ཐེ་ཚོམ་ཆད། །ལམ་སྟོན་དགེ་སྦྱོང་གཉིས་པ་ཡིན། །གང་ཞིག་ཆོས་གནས་ལེགས་སྟོན་ཅིང། །དྲན་པའི་བདག་ཉིད་ལམ་ཕྱིར་འཚོ། །ཁ་ན་མ་ཐོ་མེད་གནས་སློབ། །དགེ་སློང གསུམ་པ་ལམ་ཕྱིར་འཚོ། །འཕགས་པའི་རྟགས་ཀྱིས་གཡོགས་བྱས་ནས། །འགྲན་ཅིང་ཁྱིམ་སུན་འབྱིན་པ་དང། །འཆལ་ཅིང་མདུལ་རྒྱུ་དང་བཅས། །གཟུགས་བརྙན་བཞིན་སྤྱོད་ལམ་སུན་འབྱིན། །ཁྱིམ་པ་ཐོས་ལྡན་འཕགས་ཉན་ཐོས། །བློ་བཟང་འདི ལྟར་བསམས་བྱས་ནས། །ཐམས་ཅད་འདི་ལྟར་མ་ཡིན་ཞེས། །ཤེས་ནས་མ་དད་པར་མི་བྱ། །ཇི་ལྟར་གདུག་བཅས་གདུག་བཅས་མིན། །དག་དང་མ་དག་མཉམ་པར་བྱེད། །གཅིག་གིས་སྡིག་པའི་ལས་བྱས་ནས། །སྡིག་བྲལ་གཞན་ལའང་སྐྱེ་བོ་དོགས།། ཁ་དོག་གཟུགས་དང་མཚན་ཉིད་བཟང། །མཐོང་ནས་གཞན་ལ་ཆེས་མིན་བྱ། །མ་དུལ་ཕལ་ཆེར་འཇིག་རྟེན་ན། །ཤིན་ཏུ་དུལ་བའི་རྟགས་ཀྱིས་སྤྱོད། །གསེར་གྱི་གཟུགས་བསྙན་སྙིང་པོ་ལྕགས། །ཕྱི་རོལ་གསེར་གཡོགས་སུན་འབྱིན་ལྟར། ། ནང་དུ་གདུག་བཅས་ཕྱི་རོལ་ཏུ། །འཁོར་དང་བཅས་ཤིང་འཕགས་ལྟར་སྤྱོད། །དེ་ནས་བཅོམ་ལྡན་འདས་མགར་བའི་བུ་ཙུནདའི་སྦྱིན་པ་ལ་རྗེས་སུ་ཐུགས་རངས་ཤིང་ཐུགས་རངས་པར་མཛད་དེ། དུལ་ཤིང་ཁོ་ན་དང་མི་ལྡན་པའི།། སྦྱིན་བདག་བསོད་ནམས་རབ་འཕེལ་ཏེ། །དགེ་ཞིང་སྡིག་པ་རབ་སྤངས་ནས། །ཉོན་མོངས་ཟད་ཅིང་ལོག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུནད་ལ་ཚེ་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྐུལ་ཞིང་དགའ་བར་མཛད་ནས་བཞེངས ཏེ་གཤེགས་སོ་ཞེས་གསུངས་སོ། །བསླབ་པ་བྱིན་པ་ཞེས་བྱ་བ་ལ། ཕྲན་ཚེགས་ཀྱི་སྒོ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་ལས་དགའ་བྱེད་ལ་བརྟེན་དེ་བསླབ་པ་བཅས་པའི་དབང་དུ་མཛད་ནས་འདུལ་བ་ལས་ཚིག་ལེའུར་བྱས་པ་བཀོད་པ གལ་ཏེ་ཉེས་པར་གྱུར་པ་ལ། འཆབ་སེམས་ཅིག་ཀྱང་མ་སྐྱེས་ན། །ཕམ་པ་བྱུང་བར་གྱུར་ཀྱང་ནི། །ཕམ་པར་འགྱུར་བ་མ་ཡིན་ནོ། །མདོ་སྡེ་དང་འདུལ་བ་ལས་ཞེས་བྱ་བ་ལ་རེ་ཞིག་མདོ་སྡེ་ནི་སངས་རྒྱས་ཀྱི་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི པའི་དང་པོ་ལས་ཏེ། མཛོད་ཀྱི་གནས་འདི་ཉིད་དུ། གཞན་ལའང་བསྙན་གནས་ཡོད་མོད་ཀྱི། །སྐྱབས་སུ་མི་འོང་བ་ལ་མེད་ཅེས་བྲིས་པར་བལྟ་བར་བྱའོ། །འདུལ་བ་ལས་ཀྱང་དེ་ལྟ་བུ་བསྙིལ་བར་བྱའོ་ཞེས་གསུངས་སོ་ཞེས་བྱ་བ་ལ་རབ་བྱུང་བའི་གཞིའི སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་བསླབ་པའི་གནས་བཞི་པ་ལས་ཏེ། བྱ་རིག་སྐོད་དང་སུན་འབྱིན་དང། །རྐུན་མའི་གནས་དང་མ་ནིང་དང་ཞེས་འབྱུང་ལ། ཕྲན་ཚོགས་ཀྱི་སྒོ་བདུན་པ་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་ལས་ཀྱང། མཚན གཉིས་དེ་བཞིན་མཚན་གཅིག་དང་ཞེས་འབྱུང་ལ། དེ་ཉིད་ཀྱི་ཕྱིར་རབ་ཏུ་འབྱིན་པའི་དུས་ན་བརྟག་པའི་ཕྱིར་མཁན་པོས་འདི་ལྟར་དྲི་བར་བྱ་སྟེ། ཁྱོད་ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། མཚན་གཉིས་པ་མ་ཡིན་ནམ་ཞེས་དྲི་ཞིང་དེ་ཁས ལེན་ན་ཁྱོད་མི་སྐྱེ་བའི་ཆོས་ཅན་ཡིན་གྱིས་སོང་ཞིག་ཅེས་བརྗོད་པར་བྱའོ་ཞེས་འབྱུང་ངོ། ། །།གང་ཡང་མདོ་ལས་ཇི་སྐད་དུ་དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྒོ ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གནས་ནས་བྱུང་སྟེ་ཤིན་ཏུ་ཡོངས་སུ་དག་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་ཉེ་བར་གནས་པར་བྱེད་དེ། ལུས་ས་ལ་བསྐྱུད་ཅིང་གནས་ཏེ་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གང་ལ་ཡང་གནོད་པ་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་འདི་སྙམ་དུ་བདག་སྔོན་མིར་གྱུར་པ་ན་ཤིན་ཏུ་ཡོངས་སུ་དག་ཅིང་ཕུན་སུམ་ཚོགས་པའི་བསྙེན་གནས་ཡན་ལག་བརྒྱད་པ་མ་བསྲུངས་པས་ད་ལྟར་སྒོ་ང་ལས་སྐྱེས་པའི་ཀླུ་རྣམས་དང་སྐལ་པ་མཉམ པར་སྐྱེས་སོ། །གལ་ཏེ་བདག་སྔོན་མིར་གྱུར་པ་ན་ཤིན་ཏུ་དག་ཅིང་ཕུན་སུམ་ཚོགས་པའི་གསོ་སྦྱོང་ཡན་ལག་བརྒྱད་པ་དང་བཅས་ན། བདག་དེ་ལྟར་སྒོ་ང་ལས་སྐྱེས་པའི་ཀླུ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་མི་འགྱུར་རོ། །དེ་ལྟ་བས་ན་བདག་སྔོན་མིར གྱུར་བ་ན་ཕུན་སུམ་ཚོགས་ཤིང་ཤིན་ཏུ་ཡོངས་སུ་དག་པའི་གསོ་སྦྱོང་ཡན་ལག་བརྒྱད་པ་མ་བསྲུངས་པས་ད་ལྟར་བདག་སྒོ་ང་ལས་སྐྱེས་པའི་ཀླུ་རྣམས་དང་སྐལ་པ་མཉམ་པར་སྐྱེས་སོ་སྙམ་དུ་སེམས་སོ་ཞེས་གསུངས་སོ། །སྒོ་ང་ལས་སྐྱེས་པ་ཇི་ལྟ་བ བཞིན་དུ་མང་ལ་ནས་སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པ་དང་རྫུས་ཏེ་སྐྱེས་པ་ཡང་དེ་བཞིན་ནོ། །ད་ནི་མདོ་ལས་འབྱུང་བའི་ལས་རྣམས་བཤད་པར་བྱ་སྟེ་ཞེས་བྱ་བ་ལ། དགེ་བ་ལ་སོགས་པའི་ལས་རྣམས་བསྟན་པའི་དབང་དུ་མཛད་ནས་གསུམ་ཚར་གསུམ དའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་ལྷག་མ་ལས་བསྟན་པ་འཆད་པ་པ་ཉིད་ཀྱི་ཇི་ལྟར་རིགས་པར་མདོ་ལས་ཉེ་བར་བསྡུ་བར་བྱ་སྟེ། དེ་ཡང་འདི་སྐད་དུ་འདོན་ཏེ། ཡོན་སྐྱོན་སྙིགས་མ་སྙིགས་མ་ཅན། །ཉེས་པར་སྤྱད་པ་རྣམ་གསུམ་དང། །གཙང་གྲུབ་ལུས བསོད་བསོད་མིན་དང། །འདས་སོགས་བདེ་གཤེགས་གསལ་བར་མཛད། །གནས་གསུམ་གྱིས་ནི་བསྡུས་པ་དང། །ཆེད་དུ་བསམ་བརྗོད་གསུམ་དག་དང། །ལས་རྣམས་གསུམ་དང་འདས་དང་དགེ་།སློབ་དང་མཐོང་དང་འདོད་དང གཟུགས། །མཐོང་བའི་ཆོས་ལ་བདེ་བ་དང། །ཡིད་བདེ་བ་དང་སྡུག་བསྔལ་དང། །ལོག་ལྟ་སྤང་བྱ་ཆུང་ངུ་དང། །སེར་སྣ་དང་ནི་སེར་སྣ་མེད། །བརྣབ་སེམས་བརྣབ་སེམས་མེད་པ་དག་།ཚོམས་སུ་ཡང་དག་སྡེབས་པ་ཡིན། །ཡོན་པོ་ནི་རྣམ་པ་གསུམ སྟེ། ལུས་ཀྱི་ཡོན་པོ་དང། ངག་གི་ཡོན་པོ་དང། ཡིད་ཀྱི་ཡོན་པོའོ། །སྐྱོན་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་སྐྱོན་དང། ངག་གི་སྐྱོན་དང། ཡིད་ཀྱི་སྐྱོན་ནོ། །སྙིགས་མ་ཅན་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་སྙིགས་མ་ཅན་དང། ངག་གི་སྙིགས་མ་ཅན་དང། ཡིད་ཀྱི་སྙིགས མ་ཅན་ནོ། །སྙིགས་མ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་སྙིགས་མ་དང། ངག་གི་སྙིགས་མ་དང། ཡིད་ཀྱི་སྙིགས་མ་རྣམས་སོ། །ཉེས་པར་སྤྱོད་པ་ནི་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་ཉེས་པར་སྤྱོད་པ་དང། ཞེ་སྡང་གི་ཉེས་པར་སྤྱོད་པ་དང། གཏི་མུག་གི ཉེས་པར་སྤྱོད་པའོ། །གཙང་བྱེད་ནི་རྣམ་པ་གསུམ་སྟེ། ལུས་གཙང་བྱེད་དང། ངག་གཙང་བྱེད་དང། ཡིད་གཙང་བྱེད་དོ། །ཐུབ་པ་ནི་རྣམ་པ་གསུམ་སྟེ། ལུས་ཐུབ་པ་དང། ངག་ཐུབ་པ་དང། ཡིད་ཐུབ་པའོ། །འདུ་བྱེད་ནི་རྣམ་པ་གསུམ་སྟེ། ལུས ཀྱི་འདུ་བྱེད་དང། ངག་གི་འདུ་བྱེད་དང། ཡིད་ཀྱི་འདུ་བྱེད་དོ། །འདུ་བྱེད་རྣམ་པ་གསུམ་ལས་ཆོས་རྣམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་བཤད་པ། གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར་སློབ་སྟེ། གཟུགས་གང་ཅི་ཡང་རུང་བ དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་ངག་དང་འབྱུང་བ་ཆེན་པོ་བཞི་ངག་རྒྱུར་བྱས་པ་སྟེ། འབྱུང་བ་ཆེན་པོ་བཞི་གང་ཡིན་པ་དེ་ཡང་མི་རྟག་པ་འདུས་བྱས་པ་བསམས་པས་བསྒྲུབས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་རིག་ནས མི་གཡོ་བ་ལ་མོས་པ་ཅན་དུ་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་སོ། །སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་མི་གཡོ་བ་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ པར་གྲོལ་པར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་མི་གཡོ་གཡོ་བར་འགྲོ་བར་འགྱུར་བ་འདི་ནི་གནས་ཡོད་ཅིང་སྐབས་ཡོད་དེ། འདི་ནི་མི་གོམ?་བ་དེ་ཉེ་བར་འགྲོ་བའི་ལས་གཉིས་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར ཡང་དག་པར་སོ་སོར་སློབ་སྟེ། མཐོང་བའི་ཆོས་ཀྱི་འདོད་པ་གང་ཡིན་པ་དང། ཕ་རོལ་གྱི་འདོད་པ་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་གཟུགས་གང་ཡིན་པ་དང། ཕ་རོལ་གྱི་གཟུགས་གང་ཡིན་པ་མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་དང། ཕ་རོལ་གྱི་འདོད པའི་འདུ་ཤེས་དང། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་དང། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་འདི་དག་ནི་མི་རྟག་པ་འདུས་བྱས་པ་བསམས་པས་བསྒྲུབས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་རིག་ནས་མི་གཡོ་བ་ལ་མོས་པ་ཅན་དུ འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་སོ། །སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས་མངོན་པར་དད་པས་ད་ལྟར་འཕགས་པ་ཉན་ཐོས་མི་གཡོ་བ་ལ་སྙོམས་པར་འཇུག་པའི་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ།། གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་མི་གཡོ་བར་ཉེ་བར་འགྲོ་བར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། འདི་ནི་མི་གཡོ་བར་ཉེ་བར་འགྲོ་བའི་ལས་གསུམ་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར་ཡང དག་པར་སོ་སོར་སློབ་སྟེ། མཐོང་བའི་ཆོས་ཀྱི་འདོད་པ་གང་ཡིན་པ་དང། ཕ་རོལ་གྱི་འདོད་པ་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་གཟུགས་གང་ཡིན་པ་དང། ཕ་རོལ་གྱི་གཟུགས་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་གང ཡིན་པ་དང། ཕ་རོལ་གྱི་འདོད་པར་འདུ་ཤེས་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང། མི་གཡོ་བའི་འདུ་ཤེས་གང་ཡིན་པའི་འདུ་ཤེས་གང དག་ནི་མི་རྟག་པ་འདུས་བྱས་པ་བསམ་པས་བསྒྲུབས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་རིག་ནས་ཅི་ཡང་མེད་པ་ལ་མོས་པར་འགྱུར་ཞིང། དེ་དེ་ལྟར་རྟོགས་ཏེ་དེ་ལན་མང་དུ་བསྒྲུབས་ཤིང་གནས་སོ། །སྐྱེ་མཆེད་ལ་སེམས་མངོན་པར་དད་པའི སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་ཅི་ཡང་མེད་པ་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་པར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་ཅི་ཡང་མེད་པར་འགྲོ་བར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས ཡོད་དེ། འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འཐོ་བའི་ལམ་དང་པོ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར་སོ་སོར་ཡང་དག་པར་སློབ་སྟེ། བདག་འགའ་ཞིག་ཏུ་འགའ་ཡང་ཅུང་ཟད་མེད་དོ། །བདག་གི་ཞིག་ཏུ་འགའ་ཡང ཅུང་ཟད་མེད་དོ་ཞེས་རིག་ནས་ཅི་ཡང་མེད་པ་ལ་མོས་པར་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་ཏེ། སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་ཅི་ཡང་མེད་པའི སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་པར་རྣམ་པར་ཤེས་པ་ཅི་ཡང་མེད་པར་འགྲོ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཏུ་ཉེ་བར་འགྲོ་བའི སེམས་གཉིས་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འཇིག་རྟེན་ནི་སྟོང་པའོ། །འཇིག་རྟེན་ནི་སྟོང་པ་སྟེ། ཀྱེ་མ་འཇིག་རྟེན་ནི་འདི་ནི་སྟོང་པའོ་ཞེས་སོ་སོར་རབ་ཏུ་རྟག་སྟེ་འདི་ལྟ་སྟེ། རྟག་པ་དང། བརྟན་པ་དང། གཡུང་དྲུང དང། མི་འགྱུར་བའི་ཆོས་ཅན་གྱིས་སྟོང་ཞིང་བདག་དང་བདག་གི་དང་བྲལ་བའོ་ཞེས་རིག་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་མོས་པར་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་སོ། །སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་ཅི་ཡང་མེད་པ་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་ཅི་ཡང་མེད་པར་འགྲོ་བར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བའི་ལས་གསུམ་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར་ཡང་དག་པར་སོ་སོར་སློབ་སྟེ། མཐོང་བའི་ཆོས་ཀྱིས་འདོད་པ་གང་ཡིན་པ་དང། ཕ་རོལ་གྱི་འདོད་པ་གང་ཡིན་པ་དང་མཐོང་བའི ཆོས་ཀྱི་གཟུགས་གང་ཡིན་པ་དང། ཕ་རོལ་གྱི་གཟུགས་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང། ཕ་རོལ་གྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང། མི་གཡོ་བའི་འདུ་ཤེས་གང་ཡིན་པ་དང་ཅི་ཡང་མེད་པའི་འདུ་ཤེས་གང་ཡིན་པ་འདི་དག་ནི་མི་རྟག་པ་འདུས་བྱས་པ་བསམས་པས་བསྒྲུབས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་རིག ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མོས་པར་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་ཏེ། སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་འདུ་ཤེས མེད་འདུ་ཤེས་མང་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་ནས་རྣམ་པར་ཤེས་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས ཡོད་དོ། །འདི་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལས་བསྟན་པའོ། དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་རྒྱབ་ན་རྔ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་རྔ་ཡབ་གཡོ་བ་ཅིང འདུག་གོ་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་དགེ་སློང་འདི་སྙམ་དུ་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མ་གྱུར་ཅིག་བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་བཙུན་པ་དེ ལྟར་རྟོགས་པའི་དགེ་སློང་མཐོང་བའི་ཆོས་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། ཀུན་དགའ་པོ་ཅིག་ཏུ་ངེས་པ་མ་ཡིན་ཏེ། ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ་ཁ་ཅིག་ནི་མྱ་ངན་ལས་འདའ་བར་མི་འགྱུར་རོ། །བཙུན པ་འདི་ན་རྒྱུ་གང་དང་རྐྱེན་གང་གིས་འདི་ལྟར་རྟོགས་པའི་དགེ་སློང་ཁ་ཅིག་མཐོང་བའི་ཆོས་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བར་འགྱུར་བ་ལགས། ཀུན་དགའ་བོ་འདི་ན་དགེ་སློང་འདི་ལྟར རྟོགས་པར་འགྱུར་ཏེ། བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མ་གྱུར་ཅིག་།བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་གང་ཡོད་ཅིང་གང་བྱུང་བ་དེ་སྤངས་ཤིང་བཏང་སྙོམས་སུ་བྱ་བ་འཐོབ་སྟེ། དེ་བཏང་སྙོམས་ལ་ཞེན་ཅིང་ངེས་པར་བྱེད་དེ། ཀུན་དགའ་བོ་དགེ་སློང་འདི་ནི་ཉེ་བར་ལེན་པ་དང་བཅས་ཤིང་མཐོང་བའི་ཆོས་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བ་ཞེས་བྱའོ། །བཙུན་པ་ཅི་འཕགས་པ་ཉན་ཐོས་དེའི་དུས་ན་ཉེ་བར་ལེན་པ་གང་གིས་ཉེ་བར་ལེན་པ་དང་བཅས་པ་ལེགས། འདི་ལྟ་སྟེ། སྲིད་པའི་རྩེ་མོ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མས་སོ། །བཙུན་པ་འཕགས་པ་ཉན་ཐོས་དེའི་དུས་ན་ཉེ་བར་ལེན་པ་གང་གིས་ཉེ་བར་ལེན་པ་དང་བཅས་པའི་ཉེ་བར་ལེན་པ་འདི་ནི་མཆོག་།ཉེ་བར་ལེན བ་འདི་གཙོ་བོ་སྟེ། འདི་ལྟ་སྟེ། སྲིད་པའི་རྩེ་མོ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མའོ། །ཀུན་དགའ་བོ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། འཕགས་པ་ཉན་ཐོས་དེའི་དུས་ན་ཉེ་བར་ལེན་པ་གང་གིས་ཉེ་བར་ལེན་པ་དང་བཅས་པའི་ཉེ་བར་ལེན་པ དེ་ན་མཆོག་ཉེ་བར་ལེན་པ་དེ་ནི་གཙོ་བོ་སྟེ། འདི་ལྟ་སྟེ། སྲིད་པའི་རྩེ་མ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མའོ། །ཀུན་དགའ་བོ་འདི་ན་དགེ་སློང་འདི་ལྟར་རྟོགས་པར་འགྱུར་ཏེ། བདག་གི་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར མ་གྱུར་ཅིག་། བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་གང་ཡོད་ཅིང་གང་བྱུང་བ་དེ་སྤོང་ཞིང་བཏང་སྙོམས་སུ་བྱ་བ་ཐོབ་སྟེ། དེ་བཏང་སྙོམས་ལ་རོ་མི་མྱོང་ཞིང་མི་ཞེན་ཅིང་ངེས་པར་མི་བྱེད་དེ། ཀུན་དགའ་བོ་དགེ་སློང་འདི་ནི་ཉེ་བར་ལེན་པ་དང་བཅས་ཤིང་ཡོངས་སུ་མྱ་ངན ལས་འདའ་བ་ཞེས་བྱའོ། །ཀུན་དགའ་བོ་རྒྱུ་འདི་དང་རྐྱེན་འདིས་དགེ་སློང་ཁ་ཅིག་ནི་མཐོང་བའི་ཆོས་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ལ། ཁ་ཅིག་ནི་མྱ་ངན་ལས་འདའ་བར་མི་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་མི་གཡོ་བར་ཉེ་བར་འགྲོ བའི་ལམ་བསྟན་ཅིང། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་ཡང་བསྟན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་ཡང་བསྟན། ཉེ་བར་ལེན་པ་མེད་པར་མྱ་ངན་ལས་འདའ་བ་ཡང་བསྟན་ལགས་ཀྱི། བཙུན་པ་འཕགས བའི་རྣམ་པར་གྲོལ་བའི་ལམ་བསྟན་དུ་གསོལ། ཀུན་དགའ་བོ་འདི་ནི་དགེ་སློང་འདི་ལྟར་སོ་སོར་ཡང་དག་པར་སློབ་སྟེ། མཐོང་བའི་ཆོས་ཀྱི་འདོད་པ་གང་ཡིན་པ་དང་ཕ་རོལ་གྱི་འདོད་པ་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་གཟུགས་གང་ཡིན་པ་དང། ཕ་རོལ གྱི་གཟུགས་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང། ཕ་རོལ་གྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང། ཅི་ཡང མེད་པའི་སྐྱེ་མཆེད་གང་ཡིན་པ་དང། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་གང་ཡིན་པ་འདི་ཙམ་ནི་འཇིག་ཚོགས་ཏེ། ཇི་ཙམ་དུ་འཇིག་ཚོགས་ཡིན་པ་དེ་ཙམ་དུ་སྐྱེ་བར་འགྱུར། ན་བར་འགྱུར། རྒ་བར་འགྱུར། འཆི་འཕོ་ཞིང སྐྱེ་བར་འགྱུར་ཏེ། འདི་འཆི་བ་ཞེས་བྱའོ། །འཆི་བ་མེད་པ་གང་ཞེ་ན། ཉེ་བར་ལེན་པ་སྤངས་པ་ངེས་པར་བྱུང་བ། སྲིད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་སྟེ། ཀུན་དགའ་བོ་ངས་འཕགས་པའི་ཆོས་འདུལ་བ་མི་གཡོ་བར་ཉེ་བར་འགྲོ་བའི་ལམ་བསྟན ཅིང་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་ཡང་བསྟན་ཅིང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་ཡང་བསྟན་ཉེ་བར་ལེན་པ་མེད་པ་མྱ་ངན་ལས་འདས་པ་བསྟན་ཅིང། འཕགས་པའི་རྣམ་པར་གྲོལ་བ་ཡང་བསྟན་ཏེ། ཀུན་དགའ་བོ་འདི་ནི་སྟོན་པས་དགེ་སློང་རྣམས་ལ་བྱ་བ་སྟེ། ཐུགས་རྗེ་དང་རྗེས་སུ་བརྩེ་བས་དོན་དུ་འདོད་པ་དང་ཕན་པར་འདོད་པ་དེ་དག་གིས་བྱས་སོ། །དེ་ནི་ཁྱེད་ཅག་རྣམས་ཀྱིས་བྱ་བ་དགོན་པ་དང། ཤིང་དྲུང་དང། ཁང་པ་སྟོང་པ་དང། རི་དང། རིའི་ཕུག དང། སོག་མའི་སྤྱིལ་བུ་དང། བླ་གབ་མེད་པ་དང། དུར་ཁྲོད་དང། ནགས་དག་ཏུ་མལ་སྟན་རྙིང་པ་དག་ལ་དགེ་སློང་དག་བསམ་གཏན་བྱ་ཞིང་བག་མེད་པར་མི་བྱ་སྟེ། ཕྱིས་འགྱོད་པར་གྱུར་ཏེ་རེ། འདི་དེའི་རྗེས་སུ་བསྟན་པའོ་ཞེས་གསུངས་སོ། །བར སྡོམ་ལ། མི་དག་རྣམ་གསུམ་བདག་དང་ཅུང་ཟད་མེད། །མཐོང་ཆོས་བདག་སྟོང་ལྟ་དང་ཇི་ཙམ་བསྟན། །དེ་ལ་མདོ་དང་པས་ནི་བསམ་གཏན་གྱི་ལམ་བསྟན་ཅིང། མདོ་གཉིས་པ་ལ་སོགས་པས་ནི་གཟུགས་མེད་པའི་སྙོམས་པར་འཇུག་པར་ཤེས པར་བྱའོ། །མིག་གི་གཟུགས་རྣམས་མཐོང་ནས་གཟུགས་ལ་སོ་སོར་ཡང་དག་པར་རྟོག་པར་བྱེད་དོ་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྣམ་གང?་བར་གང་གིས་རྣམ་གྲངས་གང་ལ་རྟེན་ཏེ་དགེ་སློང་དང་པ་གཞན་དུ གྱུར་ཅིང། འདོད་པ་ཡང་གཞན་དུ། ཐོས་པ་ཡང་གཞན་དུ་རྣམ་པ་ཡོངས་སུ་སྤྱོད་པ་ཡང་གཞན་དུ་མཐོང་བའི་བསམ་གཏན་ལ་བཟོད་པ་ཡང་གཞན་དུ་གྱུར་ལ། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང་སྟོན་པ་དེ་ལྟ་བུ་ཡོད་དམ་བཙུན་པ བཅོམ་ལྡན་འདས་ཆོས་ཀྱི་རྩ་བ། བཅོམ་ལྡན་འདས་ཆོས་ཀྱི་སྤྱན་ཞེས་བྱ་བ་ནས་བཤད་པར་བྱའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་རྣམས་གྲངས་གང་གིས་རྣམ་གྲངས་གང་ལ་རྟེན་ཏེ་དགེ་སློང་དང་པ་གཞན་དུ་གྱུར་ཅིང་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྲེད་པ་འདི་ལས གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང་བསྟན་པ་དེ་ལྟ་བུ་ཡོད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་རྣམ་གྲངས་གང་གིས་རྣམ་གྲངས་གང་ལ་རྟེན་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང སྟོན་པར་འགྱུར་བ་དེ་གང་ཞེ་ན། དགེ་སློང་དག་འདི་ནི་དགེ་སློང་མིག་གི་གཟུགས་རྣམས་མཐོང་ནས་གཟུགས་ལ་སོ་སོར་ཡང་དག་པར་རྟོག་པར་བྱེད་ཀྱི། གཟུགས་རྣམས་ལ་འདོད་ཆགས་པར་ཡང་དག་པར་སོ་སོར་རྟོག་པར་ནི་མི་བྱེད་དེ། །ནང་གི་བདག་ཉིད་ཀྱི་མིག གི་རྣམ་པར་ཤེས་པ་གཟུགས་རྣམས་ལ་ཆགས་པ་མེད་ཅིང་ནང་གི་བདག་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་གཟུགས་རྣམས་ལ་ཆགས་པ་མེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དགེ་སློང་དག་འདི་ན་དགེ་སློང་སྣ་བས་སྒྲ་ལ། སྣས་དྲི་ལ། ལྕེས་རོ ལ་ལུས་ཀྱིས་རེག་བྱ་ལ། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་ཆོས་ལ་སོ་སོར་ཡང་དག་པར་རྟོག་པར་བྱེད་ཀྱི། ཆོས་ལ་འདོད་ཆགས་པར་སོ་སོར་ཡང་དག་པར་རྟོག་པར་མི་བྱེད་དེ། ནང་གི་བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་རྣམས་ལ་ཆགས པ་མེད་ཅིང། ནང་གི་བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་རྣམས་ལ་ཆགས་པ་མེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གང་ཡང་དགེ་སློང་དེ་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྲིད་པ་འདི་ལས གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང་སྟོན་པར་འགྱུར་བ་ཡོད་དོ་ཞེས་བྱ་བའི་བར་དུའོ། །གང་ཡང་དགེ་སློང་དེ་རྣ་བས་སྒྲ་ནས་སྔ་མ་བཞིན་དུ་ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ནས་ཆོས་སོ་སོར་ཡང་དག་པར་རྟོག་པར་བྱེད་ཀྱི། ཆོས་ལ་འདོད་ཆགས་པར་སོ་སོར་ཡང་དག་པར་རྟོག་པར་མི་བྱེད་དེ། ནང་གི་བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་རྣམས་ལ་ཆགས་པ་མེད་ཅིང། ནང་གི་བདག་ཉིད་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ལ་ཆགས་པ་མེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ ཤེས་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཆོས་འདི་དད་པ་དང། འདོད་པ་དང། ཐོས་པ་དང། རྣམ་པ་ཡོངས་སུ་དཔྱོད་པ་དང། མཐོང་བའི་བསམ་གཏན་ལ་བཟོད་པས་རིག་པར་བྱ་བ་ཡིན་སྙམ་འམ། བཙུན་པ་མ་ལགས་སོ། །ཆོས་འདི་ནི་ཡང་དག་པ་ལྟ་བ ཉིད་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་ཞིང་རིག་པར་བྱ་བ་ཡིན་ནོ། །བཙུན་པ་དེ་བཞིན་ནོ། །དགེ་སློང་དག་འདི་རྣམ་གྲངས་གང་གིས་དང་རྣམ་གྲངས་གང་ལ་བརྟེན་ནས་དད་པ་ཡང་གཞན་དུ་ཞེས་བྱ་བ་ནས། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག པ་ཉིད་དུ་ལུང་སྟོན་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ་ཞེས་གསུངས་སོ། ། །།གང་གི་ཚེ་བདེ་བའི་ཚོར་བ་མྱོང་བ་དེའི་ཚེ་ཞེས་བྱ་བ་ལ། གང་ལས་ཉེ་བར་བསྟན་ཅེ་ན། །གླེང་གཞི་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་འདོན་ཏེ། ཀུན དགའ་བོ་ཇི་ཙམ་གྱིས་ན་བདག་ཉིད་ཡང་དག་པར་རྗེས་སུ་མཐོང་ཞིང་བདག་ཉིད་ཡང་དག་པར་རྗེས་སུ་མཐོང་བ་ཞེས་བྱ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་རྩ་བ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྤྱན་ཏེ། བཅོམ་ལྡན་འདས་དགེ་སློང་རྣམས་དོན འདི་བསྟན་ན་དགེ་སློང་རྣམས་ཀྱིས་ཐོས་ནས་ལེགས་པར་འཛིན་པར་འགྱུར་རོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་པར་བྱའོ། །ཀུན་དགའ་བོ་འདི་ནི་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག པར་རྗེས་སུ་མཐོང་ངོ། །ཀུན་དགའ་བོ་གཞན་ཡང་འདི་ནི་ཁ་ཅིག་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ནི་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་ངོ། །ཀུན་དགའ་བོ་གཞན ཡ་ཨང་འདི་ན་ཁ་ཅིག་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་བདག་ནི་རིག་ཅིང་ཚོར་བའི་ཆོས་ཅན་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི་འོན་ཀྱང་བདག་ནི་སོ་སོར་མྱོང་བ་མ་ཡིན་པའོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཡང་དག་པར རྗེས་སུ་མཐོང་སྟེ། ཀུན་དགའ་བོ་དེ་ལ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་ཚོར་བ་ནི་གསུམ་པོ་འདི་དག་སྟེ། བདེ་བ་དང། སྡུག་བསྔལ་དང། བདེ་བ་ཡང་མ ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །ཚེ་དང་ལྡན་པ་དག་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བ་དེའི་ཚེ་ཚོར་བ་གཉིས་པོ་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དག་འགག་པར་འགྱུར་རོ། །ཁྱོད་གང་གི་ཚེ་བདེ་བའི་ཚོར་བ་མྱོང བ་ན་བདེ་བའི་ཚོར་བ་དེ་ཡང་མི་རྟག་སྟེ། འགག་པའི་ཆོས་ཅན་ཏེ། བདེ་བའི་ཚོར་བ་འགག་པ་ན་བདག་དང་བྲལ་ཞིང་བདག་འོང་བ་མེད་པར་གྱུར་ཏམ་ཅི། ཚེ་དང་ལྡན་པ་དག་གང་གི་ཚེ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེའི་ཚེ་ཚོར་བ་གཉིས་པོ་བདེ་བ་དང། བདེ་བ་ཡང མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དག་འགག་པར་འགྱུར་རོ། །ཁྱོད་གང་གི་ཚེ་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་ན་སྡུག་བསྔལ་གྱི་ཚོར་བ་དེ་ཡང་མི་རྟག་ཅིང་འགག་པའི་ཆོས་ཅན་ཏེ། སྡུག་བསྔལ་གྱི་ཚོར་བ་འགག་པ་ན་བདག་དང་བྲལ་ཞིང བདག་འོང་བ་མེད་པར་གྱུར་ཏམ། ཚེ་དང་ལྡན་པ་དག་གང་གི་ཚེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་དེའི་ཚེ་ཚོར་བ་གཉིས་པོ་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་གཉིས་པོ་དག་འགག་པར་འགྱུར་རོ། །ཁྱོད་གང་གི་ཚེ་བདེ་བའི་ཚོར་བ མྱོང་བ་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དེ་ཡང་མི་རྟག་ཅིང་འགག་པའི་ཆོས་ཅན་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་འགགས་པ་ན་བདག་དང་བྲལ་ཞིང་འོང་བ་མེད་པར གྱུར་ཏམ་ཞེས་སོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། དེ་འདི་ལྟར་བདེ་བ་དང་སྡུག་བསྔལ་འདྲེས་ཤིང་འཆོལ་བའི་ཚོར་བ་མྱོང་བ་ལ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་བར་དགེ་འམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་རྣམ གྲངས་འདི་ན་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟ་བ་འདི་ནི་ངས་མི་བཟོད་དོ། །ཀུན་དགའ་བོ་དེ་ལ་ཁ་ཅིག་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི་འོན་ཀྱང་བདག་ནི་རིག་ཅིང་ཚོར བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟ་བ་དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། གང་ཡང་ཚོར་བ་མེད་པ་དེ་ལ་ཚོར་བ་པོ་མི་དམིགས་སོ། །ཀུན་དགའ་བོ་གང་ཚོར་བ་མེད་པ་དེ་ལ་ཚོར་བ་པོ་མི་དམིགས་ན་བདག ནི་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་སྨྲ་བ་དེ་དག་དགེ་བ་ཡིན་ནམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་རྣམ་གྲངས་འདིས་ན་བདག་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་འདི་ནི་ངས་མི་བཟོད་དོ། །ཀུན་དགའ་བོ་དེ ལ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང། ཡང་དག་པར་རྗེས་སུ་མི་མཐོང་ལ། བདག་ནི་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང བདག་ནི་སོ་སོར་མྱོང་བ་མེད་པའོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་གང་ལ་ཚོར་བ་མེད་པ་དེ་ལ་ཚོར་བ་པོ་མི་དམིགས་སོ། །ཀུན་དགའ་བོ་གང་ལ་ཚོར་བ མེད་པ་དེ་ལ་ཚོར་བ་པོ་མི་དམིགས་ཀྱང་བདག་ཅེས་བྱ་བར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་བདག་ཏུ་རློམ་པ་ཐམས་ཅད་དུ་མི་བདེན་ན་བདག་ནི་སོ་སོར་རིག་པ་མེད་པའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་ན་དགེ་བ་ཡིན་ནམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ རྣམ་གྲངས་འདིས་ན་བདག་ནི་སོ་སོར་རིག་པ་མེད་པའོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་ངས་མི་བཟོད་དོ། །ཀུན་དགའ་བོ་འདི་ཙམ་གྱིས་ན་བདག་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་བ་ཞེས་བྱའོ། །ཇི་ལྟར དགེ་སློང་གི་དགེ་འདུན་ལ་བུད་མེད་ཅེས་བརྗོད་པ་ཞེས་བྱ་བ་ལ། གང་གི་ཚེ་བཅོམ་ལྡན་འདས་ཀྱི་གསུང་ཀཽ་ཤཱམྦཱི་པའི་དགེ་སློང་རྣམས་ཀྱིས་ལན་གསུམ་གྱི་བར་དུ་ཕྱིར་ཟློག་པ་དང། དེའི་ཚེ་དགེ་སློང་རྣམས་ཀྱིས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་སངས་རྒྱས བཅོམ་ལྡན་འདས་ལ་ཞུས་པ། དེ་བཞིན་གཤེགས་པས་ཕྲིན་ལས་ཅི་ཞིག་མཛད་ནས་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་དགེ་པའི་གསུང། ཕན་པའི་གསུང། གཟུང་བར་འོས་པའི་ཚིག་དག་ཀྱང་ཀཽ་ཤཱམྦཱི་པའི་དགེ་སློང་རྣམས་ཀྱིས་ལན་གསུམ གྱི་བར་དུ་ཕྱིར་བཟློག་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་ཏེ། སྔོན་གཞན་གྱིས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་བ་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར སྨིན་ཞེས་བྱ་བའི་པར་དུའོ། །དགེ་སློང་དག་སྔོན་བྱུང་བ་འདས་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཕམ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ན་ང?་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་དེ་ཕྱུག་པོའི་བུར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས བསྐྱེད་ཅིང་རབ་ཏུ་བྱུང་ངོ། །རབ་ཏུ་བྱུར་ནས་སྔོ་སྣོད་གསུམ་བར་གྱུར་ཏོ། །དེ་ནས་དགེ་སློང་གི་དགེ་འདུན་ལ་རྩོད་བ་བྱུང་སྟེ། དེས་རྩོད་པ་དེ་ཆེར་འཕེལ་པར་བྱས་སོ། །ཇི་ཙམ་ན་དགེ་སློང་མདོར་དེ་འཛིན་པ་ཞིག་གིས་དེ་བཏོན་ནས་རྩོད པ་དེ་ཞི་བར་བྱས་པ་དང། དེས་བུད་མེད་རྣམས་ཀྱི་རྩོད་པ་ཞི་བར་བྱས་སམ་ཞེས་དགེ་སློང་གི་དགེ་འདུན་ལ་བུད་མེད་ཅེས་སྨྲས་སོ། །ངག་གི་ཉེས་པར་སྤྱད་པ་དེས་དེའི་སྐྱེས་བའི་དབང་པོ་ནུབ་ཅིང་བུད་མེད་ཀྱི་དབང་པོ་བྱུང་བར་གྱུར་ཅིང་སྐྱེ་བ་ལྔ་བརྒྱད་བུད་མེད་དུ སྐྱེས་ཤིང་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་དེའི་བུད་མེད་ཀྱི་དངོས་པོ་བཟློག་ཅིང་སྐྱེས་པའི་དངོས་པོ་ཐོབ་པར་བྱས་སོ། །དེ་ཉིད་དེའི་ཚེ་དེའི་དུས་ན་ཕྱུག་པོའི་བུར་གྱུར་ཅིང་བྱང་ཆུབ་སེམས་དཔའ་ཨི་སྤྱད་པ་སྤྱོད་པ་ན་སྡེ་སྣོད གསུམ་པར་གྱུར་ཀྱང་ངས་དགེ་འདུན་ལ་ངག་གིས་ཉེས་པར་སྤྱོད་པ་སྨྲས་པས་ལས་དེའི་རྒྱུས་གཽ་ཤཱ་མྲཱི་པའི་དགེ་སློང་རྣམས་གྱིས་ལན་གསུམ་གྱི་བར་དུ་དེའི་ཚིག་ཕྱིར་བཟློག་གོ་། འདི་ཉིད་ཕྲན་ཚོགས་ལས་སངས་རྒྱས་མང་པོའི་རྟོགས་པ་བརྗོད་པར ཚིགས་སུ་བཅད་པར་བྱ་སྟེ། དེ་ནས་སངས་རྒྱས་མི་ཕམ་པའི། །སྔོན་བྱུང་སྡེ་སྣོད་གསུམ་པར་གྱུར། །དགེ་སློང་དགེ་འདུན་རྩོད་པ་ན། དགེ་འདུན་བུད་མེད་ཅེས་བརྗོད་པའི། །ངག་གི་ཉེས་པར་སྤྱད་བྱས་པས། །བུད་མེད་ཉིད་དུ་ཉེ་བར་སོང། །སླར་ཡང་སེམས རབ་དང་བ་ཡིས། །སྐྱེས་པའི་དངོས་པོ་ཉིད་དུ་གྱུར་ཞེས་གསུངས་སོ། །ཇི་ལྟར་ཞུང་དུ་མ་ཞེས་བྱ་བ་ལ། རྒྱལ་པོ་ཀ་ན་ཀའི་ཉུང་དུ་མ་ལོང་བ་ཞེས་བྱ་བ་ཅིག་ཡོད་དོ་ཞེས་གྲགས་སྟེ། དེ་ལམ་ན་འགྲོ་བ་ན་བ་བར་ལྔ་བརྒྱའི་ཁྱུ་ཞིག་ཁྲིད་དེ་འགྲོ་བ་མཐོང་ནས། འདི་དག་ཅི་བྱེད་ཅེས་དྲིས་པ་དང། སྨྲས་པ་དབང་པོ་དག་གདོན་པའི་ཕྱིར་རོ། དེ་འདི་སྙམ་དུ་བདག་ཀྱང་སྔོན་བྱས་པའི་ལས་ཀྱི་རྣམ་པར་སྨིན་པས་འདི་ལྟ་བུར་གྱུར་ལ། འདི་ཡང་འདི་ལྟ་བུར་གྱུར་ཏེ། མི་ངེས་ལས་འདི་བྱས་པས་སྐྱེ་བ་མང་པོར་རྣམ་པ་འདི ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བསམ་པའི་ཁྱད་པར་དྲག་པོ་མངོན་དུ་བྱས་ནས་བ་ལང་དང་ཉོས་ཏེ་གྲོལ་བྱས་སོ། །དེ་ནས་ཉུང་རུམ?་དེའི་སྐྱེས་པའི་དབང་པོ་བྱུང་བར་གྱུར་ཏོ། །རྒྱལ་པོས་ཐོས་ནས་རབ་ཏུ་དགའ་ཏེ་དེ་ཉིད་བུད་མེད་ཀྱི་བསྲུང་མར་བཞག་གོ། ཇི ལྟར་པི་ལིན?་ཏིའི་བུའི་གཏམ་རྒྱུད་ཅེས་བྱ་བ་ལ། བཅོམ་ལྡན་འདས་བཅོམ་རླག་གི་ཨ་མྲའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་མོ་པི་ལིན་ཏིའི་བུ་དྲུག་དུས་ལས་འདས་པར་གྱུར་ཏོ། །དེ་དེ་དག་དུས་བྱས་པས་སྒྲེན་མོར་བྱུང་ཏེ། སྨྱོ་ཞིང་སེམས་ཡེངས་ནས དེ་དང་དེར་འཁྱམས་ཞིང་བཅོམ་རླག་གི་ཨ་མྲའི་ཚལ་གང་ན་བ་དེར་སོང་ངོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གི་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་བཞུགས་སོ། །བྲམ་ཟེ་མོ་པི་ལིན་ཏས་ཐག་རིང་པོ་ནས་བཅོམ་ལྡན་འདས་མཐོང་ནས་ངོ་ཚ་ཞིང འཛེམས་པ་དྲང་བཅས་པས་གཟུགས་བསྡུས་ཏེ་དྲན་པ་རྙེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བྲམ་ཟེ་མོ་པི་ལིན་ཏ་རིང་པོ་ནས་གཟིག་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྲམ་ཟེ་མོ་པི་ལིན་ཏ་ལ་བླ་གོས་བྱིན་ཏེ་དགབ་པར གྱིས་ཤིག་དང་ཆོས་བཤད་པ་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བྲམ་ཟེ་མོ་པི་ལིན་ཏ་ལ་བླ་གོས་བྱིན་ཞིང་བྲམ་ཟེ་མོ་པི་ལིན་ཏ་ཆོས་གོས་ཀྱིས་གཡོགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་ཅིག་ཏུ་འདུག་གོ། ཕྱོགས་ཅིག་ཏུ་འདུག་ནས་བྲམ་ཟེ་མོ་པི་ལིན་ཏ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་པར་མཛད། ཡང་དག་པར་བསྐུལ་བ་མཛད་ཡང་དག་པར་དགའ་བར་མཛད། ཡང་དག་པར་རབ་ཏུ་གསལ་བར་མཛད། གང སངས་རྒྱས་བཅོམ་ལྡན་འདས་དུས་དང་པོར་བྱ་བ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང། ཚུལ་ཁྲིམས་ཀྱི་གཏམ་དང། མཐོ་རིས་ཀྱི་གཏམ་དང། འདོད་པ་རྣམས་རོ་ཆུང་ཞིང་ཉེས་དམིགས་དང་བཅས་པ་དང། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང། ཐར་པ དད་དབེན་པའི་རྗེས་སུ་བསྔགས་པ་དང། རྣམ་པར་བྱད་པའི་ཕྱོགས་ཀྱི་ཆོས་རྒྱས་པར་གསལ་བར་མཛད་དེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བའི་སེམས་དང། དགེ་བའི་སེམས་དང་རབ་ཏུ་དགའ་བའི སེམས་དང། སྒྲིབ་པ་དང་བྲལ་བའི་སེམས་དང། ཆོས་ཁྱད་པར་ཅན་བསྟན་པའི་སྣོད་དུ་མཁྱེན་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཁྱད་པར་ཅན་སྟོན་པར་མཛད་པ་འདི་ལྟ་སྟེ། སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང། ལམ སྟེ། འཕགས་པའི་བདེན་པ་བཞི་རྒྱས་པར་རབ་ཏུ་གསལ་བར་མཛད་དེ?། དཔེར་ནི་ཁྲུས་མཁན་ཀྱིས་གོས་ཤིན་ཏུ་དག་པ་ཆོས་སུ་བཅུག་ན་མཚོན་རྩི་ལེན་ཏེ། དེ་བཞིན་དུ་བྲམ་ཟེམ་པ་ལིན་ཏེ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན པ་བཞི་མངོན་དུ་གྱུར་ཏེ། འདི་ལྟ་སྟེ། སྡུག་བསྔལ། ཀུན་འབྱུང་བ་དང། འགོག་པ་དང། ལམ་རྣམས་མངོན་པ་རྟོགས་སོ། །དེ་ནས་བྲམ་ཟེ་མོ་པི་ལིན་ཏ་ཆོས་མོས།?་ཆོས་མཐོང། ཆོས་རིག། ཆོས་ཀྱི་རྣམ་གྲངས་ཁོང་དུ་ཆུད། ཆོས་ལ་ཐ་ཚོམ་དང་ཡིད་གཉིས་ལས་བརྒལ་ཏེ། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཛོག་ཅིང་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་ཕྱག་བྱེད་ཅིང་བཅོམ་ལྡན འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་འཕགས་སོ། །རབ་ཏུ་འཕགས་སོ། །བདག་འདི་ནས་བཟུང་སྟེ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དགེ བསྙེན་དུ་བཟུང་དུ་གསོལ། དེ་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྔོས་ཏེ་སྤོང་ཞིང་སྐྱབས་སུ་འགྲོ་ལ་མངོན་པར་དང་ངོ། །དེ་ནས་བྲམ་ཟེ་མོ་པི་ལིན་ཏ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་མོ་པི་ལིན་ཏའི་བུ་བདུན་པ་དུས་ལས་འདས་པར་གྱུར་ཏོ། དེ་དུས་ལས་འདས་པ་ན་མྱ་ངན་མི་བྱེད་དེ། སྨྲེ་སྔགས་འདོན་བ་དང། བྲང་བརྡུང་བ་དང། སྨེ་བར་མི་བྱེད་ཅིང། རྨོངས་པ་མེད་དོ། །དེ་ནས་བ་ར་དྷཝ་ཛའི་རིགས་ཀྱི་བྲམ་ཟེས་བྲམ་ཟེ་མོ་པི་ལིན་ཏ་ལ་འདི་སྐད་ཅེས་སྨྲས་སོ། །སྔོན་ནི་རབ་ཏུ་དགའ་བ་ཡི། །བུ་དག་དྲན་པར་གྱུར་པ་ན། །གདུང་བ་དང་ནི་སྡུག་བསྔལ་ཅིང། །ཉིན་མཚན་ཟས་དག གཅོད་པར་བྱེད། །འདུན་པ་དག་ནི་རྣམ་པ་ཐམས་ཅད་དུ། །ཁྱོ་རང་གིས་ནི་ཟོས་སམ་ཅི། །པི་ལིན་ཏས་སྨྲས་པ། ཅི་སྟེ་ཡང་ཡང་གདུང་བར་བྱ། །བུ་དང་ཚ་བོ་སྟོང་ཕྲག་དང། །གཉེན་བཤེས་ཚོགས་ནི་བརྒྱ་ཕྲག་དག། ཡུན་རིངས་དུས་ནས་ངས་ཟོས་ཤིང། །བྲམ་ཟེ ཁྱེད་ཀྱིས་རང་བཞིན། །བུ་དང་ཚ་བོ་ཚད་མེད་དག། །ཕན་ཚུན་དུ་ནི་ཟོས་ནས་ནི། །ཕྱིར་ཡང་སྐྱེ་བ་དག་ཏུ་འགྱུར། །མྱ་ངན་དང་ནི་སྨྲེ་བ་དང། །ཡོངས་སུ་གདུང་བ་སུ་ཞིག་བྱེད། །སྐྱེ་བ་དང་ནི་འཆི་བ་ལས། །ངེས་པར་འབྱུང་བར་ཤེས་པར་གྱིས། །ངས་ནི་སྐྱེས་དང འཆི་བ་ལས། །ངས་པར་འབྱུང་བར་རབ་ཤེས་ཤིང། །སངས་རྒྱས་ཀྱིས་ནི་རབ་བརྟན་པས། །རབ་ཏུ་གདུང་བ་མེད་པར་བྱས། །པི་ལིན་ཏ་ཁྱོད་ཅི་ཡི་ཕྱིར། །རྨད་དུ་བྱུང་བའི་གཏམ་དག་སྒྲོགས། །ཆོས་གང་ཞིག་གིས་རྟོགས་ཤིང་ཤེས། །ཅི་ཞིག་རབ་ཏུ་ཞིག་གྱུར་ནས པི་ལིན་ཏ་ཁྱོད་རྨད་བྱུང་བའི། །གཏམ་དག་རབ་ཏུ་སྨྲ་བར་བྱེད། །གྲམ་ཟེ་བཅོམ་རླག་ཨ་མྲའི་ཚལ། །རྫོགས་པའི་སངས་རྒྱས་བཞུགས་ནས་སུ། །ཐུབ་པ་སྡུག་བསྔལ་ཐམས་ཅད་དག། སྤོད་བར་བྱེད་པའི་ཆོས་རྟོགས་ཏེ། །སྡུག་བསྔལ་སྡུག་བསྔལ་ཀུན འབྱུང་དང། སྡུག་བསྔལ་ཡང་དག་འདའ་བ་དང། ཞིབ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་དང། །ཡང་དག་རྗེས་སྟོན་བཅོམ་ལྡན་འདས། །དེ་ཡི་བསྟན་པ་བདག་རབ་དགའ་། །དེ་ཡི་ཆོས་དག་ཤེས་ནས་སུ། །བུ་ཡི་མྱ་ངན་མེད པར་འགྱུར། །བདག་ཀྱང་ཨ་མྲའི་ཆལ་དུ་འགྲོ། །བདག་གི་བུ་ཡི་མྱ་ངན་དག། བཅོམ་ལྡན་འདས་ཀྱིས་སེལ་བར་འགྱུར། །བྲམ་ཟེ་རྫོགས་སངས་ཁ་བ་དང། གསེར་གྱི་མདོག་འདྲའི་ལྤགས་པ་ཅན། །རྣམ་པར་འདྲེན་པ་ཆུ་བོ བརྒལ། །མ་དུལ་བ་དག་འདུལ་བར་བྱེད། །དེ་ནས་བྲམ་ཟེ་དེ་མྱུར་དུ། །ཤིང་རྟ་རྟ་ལ་ཞོན་ནས་ནི། །དགའ་ཞིང་རབ་ཏུ་དང་བ་ཡིས། །བཅོམ་བརླག་ཨ་མྲའི་ནགས་སུ་སོང། །བྲམ་ཟེས་སངས་རྒྱས་མཐོང་ནས་ནི། །སེམས་དག་རབ་ཏུ་དང་བར་འགྱུར། ། མངོན་པར་དང་བའི་སེམས་བཅས་པས། །སྟོན་པའི་དྲུང་དུ་ཉེ་བར་སོང། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང། །སྡུག་བསྔལ་ཡང་དག་འདའ་བ་དང། །ཞི་བ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་དག་།དེ་ཡི་ཐོས་ནས་དང པའི་ཆོས། །དེ་ཉིད་དུ་ནི་མངོན་པར་རྟོགས། །དེ་ཡི་ཆོས་རྣམས་ཤེས་ནས་སུ། །རབ་ཏུ་བྱུང་བའི་དངོས་པོ་འདོད། །བྲམ་ཟེ་དེ་ནི་རབ་བྱུང་ནས། །བག་ཡོད་བཞིན་དུ་སྤྱོད་པ་ནི། །ཉིན་ཞག་གསུམ་གྱིས་གསུམ་རིག་པར། །ཐུབ་པ་ཡི་ནི་ལུང་བསྟན ཏོ། །བྲམ་ཟེ་གསུམ་རིག་གྱུར་ནས་ནི། །ཁ་ལ་སྒྱུར་བ་འདི་སྐད་སྨྲས། །ཁྱོད་མྱུར་སོང་ལ་ཤིང་རྟ་འདིས། །བྲམ་ཟེ་མོ་ལ་སྦྱིན་པར་གྱིས། །པི་ལིན་ཏ་ལ་འདི་སྐད་བརྗོད། །ཁྱོད་སེམས་རབ་ཏུ་དགའ་བར་གྱིས། །བྲམ་ཟེ་སངས་རྒྱས་མཐོང་ནས་ནི། །སེམས རབ་མངོན་པར་དང་བར་གྱུར། །སེམས་རབ་མངོན་པར་དད་བ་ཡིས། །སྟོན་པའི་དྲུང་དུ་ཉེ་བར་ཕྱིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྲེད་པ་རྣམ་པ་དྲུག་ཅེས་བྱ་བ་ལ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་སྤྱོད་པ་ནི་རྣམ་པ་དྲུག་སྟེ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལོངས་སྤྱོད་པ་དྲུག་གང་ཞེ་ན། བཤད་པ་ལ་སོགས་པ་དང། མཚམས་མེད་པ་ལྔ་དང། ཚུལ་ཁྲིམས་འཆལ་པ་རྣམ་པ་ལྔ་དང། ཚུལ་ཁྲིམས་འཆལ་པ་བདུན་དང། ཚུལ་ཁྲིམས་འཆལ་པ་རྣམ་པ་བརྒྱད དང། ཚུལ་ཁྲིམས་འཆལ་པ་བཅུ་རྣམས་སོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་སྤྱོད་པ་ནི་རྣམ་པ་བདུན་ཏེ། དཀར་བ་རྣམ་པར་སྨིན་པ་དཀར་བའི་ལས་སྤྱོད་པ་བདུན་གང་ཞེ་ན། ཚུལ་ཁྲིམས་རྣམ་པ་ལྔ་དང། ཚུལ་ཁྲིམས་རྣམ་པ་བདུན་དང། ཚུལ་ཁྲིམས རྣམ་པ་བརྒྱད་དང། ཚུལ་ཁྲིམས་རྣམ་པ་བཅུ་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པ་བཞིའོ། །མི་གནག་མི་དཀར་ལ་རྣམ་པར་སྨིན་པ་མེད་པའི་ལས་སྤྱོད་པ་བཅུ་སྟེ། གཞན་དུ་མ་བསྟན་ཏོ། །གོང་དུ་དྲིས་པ་དེ་ལས་ནག་པོ་དྲུག དཀར་པོ་བདུན། དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་པ་བཅུ། དཀར་ནག་འདྲེས་མའི་ནི་ཅུང་ཟད་ཀྱང་མ་བསྟན་ཏོ། །མདོ་ཐམས་ཅད་ལ་སྤྱད་པར་བྱའོ། །དེ་ལ་མདོ་ནི་འདི་ལྟར་བརྗོད་པར་བྱ་སྟེ། གླེང་གཞིན་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ལས་ནི་རྣམ་པ་བཞི་སྟེ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད། །དཀར་པོ་རྣམ་པར་སྨིན་པ་དཀར་བའི་ལས་ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་ཀྱང་ཡོད། དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་ལ་རྣམ་པར་སྨིན་པ་མེད་ཅིང་ལས་དེ་དག་ཟད་པར་བྱ་བའི་ཕྱིར་འཇུག་པའི་ལས་ཀྱང་ཡོད་དོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་གང་ཞེ་ན། ཚུལ་ཁྲིམས་འཆལ་བ་རྣམ་པ་བཅུའོ། །དཀར་ལ་རྣམ་པར སྨིན་པ་དཀར་བའི་ལས་གང་ཞེ་ན། གཟུགས་མེད་པ་བཞིའོ། །དཀར་ནག་ལ་རྣམ་པར་སྨིན་པ་དཀར་ནག་གི་ལས་གང་ཞེ་ན། ཇི་ལྟར་གནོད་པ་དང་བཅས་པའི་ལུས་ཀྱི་འདུ་བྱེད་ཅིང་ཉེ་བར་སོགས་པ་དང། གནོད་པ་མེད་པའི་ལུས་ཀྱི་འདུ་བྱེད་བྱེད ཅིང་ཉེ་བར་སོགས་པའོ། །དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་ལ་ལས་དེ་དག་ཟང་བར་བྱ་བའི་འཇུག་པ་གང་ཞེ་ན། །འདི་ན་དགེ་སློང་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་པའོ་ཞེས་གསུངས་སོ། །དེ་ལྟར་ན་གཟུགས་མེད་པ ན་སྤྱོད་པ་དང་གཟུགས་མེད་པས་བསྡུས་པ་ཡང་མདོ་ལས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་སུ་བཤད་པ་ཡིན་ནོ། །སྟོང་པ་ཉིད་ཆེན་པོའི་མདོ་ལས་ཞེས་བྱ་བ་ལ། ལུང་བར་མ་ལས། དགེ་སྦྱོང་དགེ་སྦྱོང་མཉམ་གཉིས་དང། དམིགས་བཅས་ཡོངས་ཤེས་རྗེས་འབྲང་དང། །ཆེན་པོ་བཞི་བཅུ་སྟོང་ཉིད་གཉིས། །ཚོམས་སུ་ཡང་དག་སྡེབས་ནས་བརྗོད་ཅེས་བྱ་བའི་སྡོམ་གྱི་མཛའ་ཨི་མདོ་ལས་འདི་ལྟར་འདོན་ཏེ། གང་གི་ཕྱིར་འཕགས་པ་ཉན་ཐོས་ཉེ་བར་ལེན་པའི་ཕུང་པོ ལྔ་རྣམས་ལ་རང་གི་སེམས་ཀྱིས་སོ་སོར་བརྟག་པར་བྱ་སྟེ། ཅི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང། བདག་ཏུ་འདུན་པའི་ཕྱག་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་མ་འགགས་ཤིང་རིང་དུ་མ་བྱས་པ་ཡོད་དམ་། འོན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང། བདག་ཏུ་འདུན་པའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་ཤིང་རིང་དུ་མ་བྱས་པ་མེད། །ཀུན་དགའ་བོ་དགེ་སློང་དེ་གལ ཏེ་འདི་ལྟར་རང་གི་སེམས་ལ་སོ་སོར་རྟོག་པར་བྱེད་པ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ། བདག་དུ་འདུན་པའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་ཡོད་དོ ཞེས་རྣམ་པར་ཤེས་ནས། འཕགས་པ་ཉན་ཐོས་དེས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་སྐྱེ་བ་དང་འཇིག་པ་ཡང་ཡང་དག་པར་རྗེས་སུ་ལྟ་ཞིང་གནས་ཏེ། འདི་ལྟ་སྟེ་འདི་ནི་གཟུགས། འདི་ནི་གཟུགས་ཀུན་འབྱུང་བ། འདི་གཟུགས་འགགས པ། འདི་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་འདི་ནི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པ་ཀུན་འབྱུང་བ། འདི་ནི་རྣམ་པར་ཤེས་པ་འགག་པ་ཞེས་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་སྐྱེ་བ་དང་འཇིག་པར་ཡང་ཡང་དག་པར་རྗེས་སུ ལྟ་ཞིང་གནས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང་བདག་ཏུ་འདུན་པའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་དེ་འབྱུང་བར་མི་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་དགེ་སློང་འདི་ལྟར་རང་གི སེམས་ལ་སོ་སོར་རྟོག་པ་ཤེས་ན་ཉེ་བར་ལེན་པའི་བུང་པོ་ལྔ་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང། བདག་དུ་འདུན་པའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་མེད་ཅིང། ཀུན་དགའ་བོ་དེ་དེ་ལ་དྲན་པ་དང་ཤེས་བཞིན དང་ལྡན་ཏེ་ཆོས་འདི་ནི་གཅིག་ཏུ་དཀར་བ། གཅིག་ཏུ་དགེ་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ། མི་འདའ་ཞིང་བདུད་སྡིག་པ་ཅན་གྱིས་ཡན་དག་པར་མི་འཕྲོགས་པ། ཀུན་ནས་ཉོན་མོངས་པ་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་ནང་དང་རྣམ་པར་སྨིན་པ་སྡུག བསྔལ་སྐྱེ་བ་དང་རྒས་པ་དང་འཆི་བས་མི་འཕྲོགས་པ་ཞེས་བྱའོ། །བསྟན་བཅོས་ལས་ཞེས་བྱ་བ་ལ་རབ་ཏུ་བྱེད་པའི་རྐང་པའི་བསྡུ་བ་བསྟན་པའི་རབ་ཏུ་བྱེད་པ་དྲུག་པའི་སྒོ་ལས། ཉེས་སྦྱར་ཡོངས་སུ་ཤེས་པར་བྱ་བ་ཞེས་བྱ་བ་ལས་སོ། །ཉེས་པར་སྤྱད པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཉེས་པར་སྤྱད་པ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་ཉེས་པར་སྤྱད་པ་དང། ངག་གི་ཉེས་པར་སྤྱད་པ་དང། ཡིད་ཀྱི་ཉེས་པར་སྤྱད་པའོ། །ལེགས་པར་སྤྱད་པ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་ལེགས་པར་སྤྱད་པ་དང། ངག་གི་ལེགས་པར་སྤྱད་པ་དང། ཡིད་ཀྱི་ལེགས་པར་སྤྱད་པའོ། །ལུས་ཀྱི་ཉེས་པར་སྤྱོད་པ་བྱས་ཤིང་ངག་གི་ཉེས་པར་སྤྱོད་པ་དང། ཡིད་ཀྱི་ཉེས་པར་སྤྱོད་པ་བྱས་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། ལུས་ཀྱི་ལེགས་པར་སྤྱོད་པ་བྱས་ཤིང་ངག་གི་ལེགས་པར་སྤྱོད་པ་དང། ཡིད་ཀྱི་ལེགས་པར་སྤྱོད་པ་བྱས་ན་ལྷ་རྣམས་སུ་སྐྱེ་པར་འགྱུར་རོ་ཞེས་གསུངས་སོ། །བསགས་པའི་ལས་མདོ་ལས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་སུ་ཡོད་བ་ནའོ། །དེ་ན བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་ལ་ཉེ་བར་བསགས་པ་དག་གི་རྣམ་པར་སྨིན་པ་ནི་སོ་སོར་མྱོང་བར་འགྱུར་རོ་ཞེས་སྨྲའོ། །དེ་ཡང་མཐོང་བའི་ཆོས་ཉིད་ལ་དང། སྐྱེས་ནས་དང། ལན་གྲངས་གཞན་ན་མྱོང་བར་འགྱུར་བའོ། །དགེ་སློང་དག་ལས་མ་བྱས་ལ་མ་བསགས་ཤིང་ཉེ་བར་མ་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་སོ་སོར་མྱོང་བར་མི་འགྱུར་རོ་ཞེས་སྨྲའོ། །དགེ་སློང་དག་དེ་ལ་ལུས་ཀྱིས་སྡིག་པ་མི དགེ་བའི་ལས་རྣམ་པ་གསུམ་དང། ངག་གི་བཞི་དང། ཡིད་ཀྱི་གསུམ་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་སྨིན་པ་སྡུག་བསྔལ་ཞིང་མི་དགེ་བ་འབྱིན་པར་འགྱུར་ཏེ། དགེ་སློང་དག་ཇི་ལྟར་ན་ལུས་ཀྱིས་སྡིག་པ་མི་དགེ་བའི་ལས རྣམ་པ་གསུམ་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་སྨིན་པ་སྡུག་བསྔལ་ཞིང་མི་དགེ་བ་འབྱིན་པར་འགྱུར་བ་གང་ཞེ་ན། ཁ་ཅིག་སྲོག་གཅོད་ཅིང་ལག་པ་ཁྲག་དང་བཅས་པ། བཅོམ་ཞིང་རབ་ཏུ་སྤོང་ལ་ངོ་ཚ་བ་མེད་ཅིང་སྙིང རྗེ་མེད་པ་གྲོ་ཀྲ་སྤུར་ཡན་ཆད་ཀྱི་སྲོགས་ཆགས་འབྱུང་པོ་ཐམས་ཅད་ཀྱི་སྲོག་ཉེ་བར་བཟུང་སྟེ། སྲོག་གཅོད་པ་ལས་མ་ལོག་པར་འགྱུར་བ་དག་གོ་།ཁ་ཅིག་མ་བྱིན་པར་ལེན་ཏེ་གྲོང་ངམ་དགོན་པར་སོང་ནས་གཞན་གྱིས་མ་བྱིན་པ་རྐུ་བའི་གྲངས སུ་གཏོགས་པ་སྟེ། མ་བྱིན་པར་ལས་མ་ལོག་པར་གྱུར་པ་དག་གོ། ཁ་ཅིག་འདོད་པས་ལོག་པར་གཡེམ་པ་མས་བསྲུངས་པ་འམ། ཕས་བསྲུངས་པ་འམ། མིང་པོས་བསྲུངས་པ་འམ། སྲིང་མོས་བསྲུངས་པ་འམ། གྱོས་པོས་བསྲུངས་པ འམ། སྒྱུག་མོས་བསྲུང་པ་འམ། གཉེན་གྱིས་བསྲུངས་པ་འམ། རིགས་ཀྱིས་བསྲུངས་པ་འམ། རུས་ཀྱིས་བསྲུངས་པ་འམ། ཆད་པ་དང་བཅས་པ་དང་སྒྲིབ་པ་དང་བཅས་པའི་གཞན་གྱི་བུད་མེད་གཞན་གྱིས་ཡོངས་སུ་བཟུང་བ་ལ་ཕྲེང་བ འཕངས་ཏེ། དེ་དང་ལྷན་ཅིག་སྟོབས་ཀྱིས་མནན་ཏེ་འདོད་པ་སྤྱོད་པར་བྱེད་ཅིང་འདོད་པས་ལོག་པར་གཡེམ་པ་ལས་མ་ལོག་པར་གྱུར་པ་དག་གོ་།དགེ་སློང་དག་ལུས་ཀྱིས་སྡིག་པ་མི་དགེ་བ་རྣམ་པ་གསུམ་པོ་འདི་དག་བྱས་ཤིང་བསགས་པས་རྣམ་པར་སྨིན་པ་སྡུག བསྔལ་ཞིང་མི་དགེ་བ་འབྱིན་པར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་དག་གིས་སྡིག་པ་མི་དགེ་བའི་ལས་རྣམ་པ་བཞི་བྱས་ཤིང་བསགས་པ་ཉེ་བར་བསགས་པས་རྣམ་པར་སྨིན་པ་མི་དགེ་ཞིང་སྡུག་བསྔལ་བ་འབྱིན་པར་འགྱུར་བ་དེ་གང་ཞེ་ན་ཁ་ཅིག་རྫུན་དུ་སྨྲ སྟེ་དེ་རྒྱལ་པོའི་ཕོ་བྲང་དུ་འགྲོ་འམ། བློན་པོའི་ཁང་པར་འགྲོའམ། ཚོགས་ཀྱི་ནང་དུ་འགྲོ་འམ། འཁོར་གྱི་ནང་དུ་འགྲོ་བ་ན་དབང་པོས་འདྲི་སྟེ། ཀྱེ་སྐྱེས་བུ་ཤེས་པ་དེ་སྨྲོས་ཤིག་།མི་ཤེས་པ་དེ་མ་སྨྲ་ཞིག་།དེ་མཐོང་བ་དེ་ལ་སྨྲོས་ཤིག་།མ་མཐོང་བ་དེ་མ་སྨྲ་ཞིག། དེས་དབང་པོས་དྲིས་པ་ན་དེ་མི་ཤེས་བཞིན་དུ་བདག་གིས་ཤེས་སོ་ཞེས་སྨྲ། མ་མཐོང་བཞིན་དུ་བདག་གིས་མཐོང་ངོ་ཞེས་བདག་གི་ཕྱིར་དང་གཞན་གྱི་ཕྱིར་དང་ཟད་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་བཞིན་དུ་རྫུན་དུ་སྨྲ་སྟེ། རྫུན་དུ་སྨྲ་བ་ལས་མ་ལོག་པར་གྱུར་པའོ།། ཁ་ཅིག་ཕྲ་མ་ཅན་དུ་གྱུར་ཏེ། རབ་ཏུ་འབྱེད་པ། དེ་ལས་ཐོས་ནས་འདི་དག་ལ་སྨྲ། འདི་དག་ལས་ཐོས་ནས་དབྱེ་བར་གྱུར་ཅིག་ཅེས་འདི་ལ་སྨྲས་ཏེ། ཚོགས་འབྱེད་པར་གྱུར་ཏེ། དད་པ་དང་མི་མཐུན་ཞིང་མ་དུལ་ལ་རྗེས་སུ་མི་མཐུན་པ་བས་ཚིག་སྨྲ་ཞིང་ཕྲ་མ་ལས མ་ལོག་པར་གྱུར་པའོ། །ཁ་ཅིག་ཚིག་རྩུབ་མོ་སྨྲ་བ་ཅན་དུ་གྱུར་ཏེ། ཚིག་གང་སྙན་པ་དང། བདེ་བ་དང་སྙིང་དུ་འོང་བ་དགའ་བ་ཕ་རོལ་མགུ་བ། གསལ་བ། རྣམ་པར་ཤེས་པར་བྱ་བ། གཉན་པར་བྱ་བ་རྗེས་སུ་མཐུན་པ། སྐྱེ་བོ་མང་པོ་དགའ་བ། སྐྱེ་བོ་མང པོ་ལ་སྡུག་པ། སྐྱེ་བོ་མང་པོ་རབ་ཏུ་དགའ་བར་བྱེད་པ། སྐྱེ་བོ་མང་པོ་ཡིད་དུ་འོང་ག?་མཉམ་པར་བཞག་པ། ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་དེ་ལྟ་བུའི་ཚིག་སྤངས་ཏེ། ཚིག་གང་བརླང་ཞིང་རྩུབ་པ། ཕ་རོལ་གྱི་གནད་གཅོད་པ། ཕ་རོལ་གྱི་རྗེས་སུ་མི་མཐུན པ། སྐྱེ་བོ་མང་པོ་མི་འདོད་པ། སྐྱེ་བོ་མང་པོ་ལ་མི་སྡུག་པ། སྐྱེ་བོ་མང་པོ་མི་དགའ་ཞིང་སྐྱེ་བོ་མང་པོའི་ཡིད་དུ་མི་འོང་པ། མཉམ་པར་མ་བཞག་པ། ཏིང་ངེ་འཛིན་མ་ཡིན་པ་སྒྲུབ་པར་བྱེད་པ་དེ་ལྟ་བུའི་ཚིག་སྨྲ་ཞིང་ཚིག་རྩུབ་མོ། ལས་མ་ལོག་པར་གྱུར་པའོ། །ཁ་ཅིག་ཚིག་བཀྱལ་པ་ཅན་དུ་གྱུར་ཏེ། དེ་ཡང་ཚིག་མ་ཡིན་པར་སྨྲ་བ། མི་བདེན་པར་སྨྲ་བ། དེ་ཁོ་ན་ཉིད་མ་ཡིན་པར་སྨྲ་བ། དོན་མ་ཡིན་པ་སྨྲ་བ། མ་ཞི་བར་སྨྲ་བ་སྟེ་འཁྲུག་ཅིང་དུས་མ་ཡིན་པར་སྨྲ་བ། ཉེ་བར་བརྟགས་པ མ་ཡིན་པ། ཆོས་མ་ཡིན་པ་དང། དོན་མ་ཡིན་པ་བསྡུད་པར་བྱེད་པ། དག་བཀྱལ་པ་ལས་མ་ལོག་པར་གྱུར་པའོ། །དགེ་སློང་དག་དེ་ལྟར་ན་དག་གི་སྡིག་པ་མི་དགེ་བའི་ལས་རྣམ་པ་བཞི་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་སྨིན་པ་མི དགའ་ཞིང་སྡུག་བསྔལ་བ་འབྱིན་པར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་ཡིད་ཀྱིས་ལས་རྣམ་པ་གསུམ་བྱས་ཤིང་བསགས་ཏེ་ཉེ་བར་བསགས་པ་རྣམ་པར་སྨིན་པ་སྡུག་བསྔལ་ཞིང་མི་དགེ་བ་གང་ཞེ་ན། ཁ་ཅིག་བརྣབ་སེམས་ཅན་དུ་གྱུར་ཏེ། འདོད་པ རྣམས་ལ་ཡང་དག་པར་ཆགས་པ་དྲག་པོ་སྟེ། གཞན་གྱི་རྫས་དང། གཞན་གྱི་ནོར་དང། གཞན་གྱི་ཉེ་བར་མཁོ་བ་རྣམས་ལ་བརྣབ་སེམས་སྐྱེ་བ་དེ་གཞན་གྱི་དེ་བདག་གིར་གྱུར་ཀྱང་ཅི་མ་རུང་ཞེས་བརྣབ་སེམས་ལས་མ་ལོག་པར་གྱུར་པའོ།། ཁ་ཅིག་གནོད་སེམས་ཅན་དུ་གྱུར་ཏེ། གདུག་པའི་ཡིད་ཀྱིས་རྣམ་རྟོག་པ་འདི་སྙམ་དུ་སེམས་ཅན་ཁྱེད་རྣམས་ཉམས་ཤིང་ཕམ་ལ་དོན་མ་ཡིན་པ་ཕོངས་པ་ཐོབ་པར་གྱུར་ཅིག་ཅེས་གནོད་སེམས་ལས་མ་ལོག་པར་གྱུར་པའོ། །ཁ་ཅིག་ལོག་པར ལྟ་བ་ཅན་དུ་གྱུར་ཏེ། དེ་ལྟ་བ་ཕྱིན་ཅི་ལོག་པས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །ལེགས་པར་སྤྱད་པ་མེད་དོ་ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་བྱུང་བ་རྣམས་མེད་དོ། །འཇིག་རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་ཞིང་ཡང་དག་པར་རྟོགས་པ་འཇིག་རྟེན་འདི་དང་ཕ་རོལ་ཏུ་མཐོང?་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས ལ་ཕུན་སུམ་ཚོགས་པ་མངོན་སུམ་དུ་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ་བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་མེད་དོ། །ཞེས་ལོག་པར་ལྟ་བ་ལས་མ་ལག་པར་གྱུར་པ་དག་གོ་།དགེ་སློང་དག་འདི་ལྟར་ཡིད་ཀྱིས་སྡིག པ་མི་དགེ་བའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་སྨིན་པ་མི་དགའ་ཞིང་སྡུག་བསྔལ་བདག་འབྱིན་པར་འགྱུར་རོ། །དགེ་སློང་དག་དེ་ལ་འཕགས་པ་ཉན་ཐོས་ལུས་ཀྱི་མི་དགེ་བའི་ཆོས་རྣམས་སྤོང་ཞིང་ལུས་ཀྱིས དགེ་བའི་ཆོས་རྣམས་སྒོམ་པར་བྱེད་དོ། །ངག་དང་ཡིད་ཀྱིས་མི་དགེ་བའི་ཆོས་རྣམས་སྤོང་ཞིང་ངག་དང་ཡིད་ཀྱིས་དགེ་བའི་ཆོས་རྣམས་སྒོམ་པར་བྱེད་དོ། །བྱམས་པ་དང་ལྷན་ཅིག་པའི་སེམས་ཁོ་ན?་མེད་པ་འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ ཐམས་ཅད་དུ་སོང་བ་ཚད་མེད་པ་ལེགས་པར་བསྒོམས་པས་ཕྱོགས་གཅིག་ཏུ་ཁྱབ་པར་བྱས་ནས་ཡོངས་སུ་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང། དེ་བཞིན་དུ་གསུམ་པ་དང། དེ་བཞིན་དུ་བཞི་པ་དང། སྟེང་དང་འོག་དང་ལོགས ཀ་ཡི་འཇིག་རྟེན་འདི་ཐམས་ཅད་ཀྱི་ཐམས་ཅད་དུ་བྱམས་པ་དང་ལྷན་ཅིག་པའི་སེམས་ཁོ་ན?་མེད་ཅིང་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་ཐམས་ཅད་དུ་སོང་བ་ཚད་མེད་པ་ལེགས་པར་བསྒོམས་པས་ཁྱབ་པར་བྱས་ནས་ཡོངས་སུ་རྫོགས་པར་བྱས ནས་གནས་སོ། །དེ་འདི་སྙམ་དུ་སྔོན་བདག་གི་སེམས་མ་བསྒོམས་ཤིང་ཆུང་ངུར་གྱུར་པ་དེ་ལྟར་བདག་གི་ཚད་མེད་ཅིང་ལེགས་པར་བསྒོམས་པར་བྱའོ་སྙམ་པའོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་བག?་མེད?་པ་མི སྲིད་ཅིང་མི་ལྟུང་ལ་མི་གནས་ཤིང་བགྲང་བར་ཡང་མི་འགྱུར་རོ། །དགེ་སློང་དག་ཁྱེའུ་དང་བུ་མོ་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་སྒོམ་པར་བྱེད་པ་ཡང་སྡིག་པ་མི་དགེ་བའི་ལས་འདི་ལྟ་སྟེ་ལུས་དང་ངག་དང་ཡིད་ཀྱི་ལས་བྱེད་ཅིང ཉེ་བར་སོགས་པར་འགྱུར་རམ། གཞན་དག་ལས་ཡུན་རིང་པོ་དོན་མ་ཡིན་པ་མི་ཕན་པ་དང་སྡུག་བསྔལ་དེ་ལྟ་དེ་ལྟར་སྟོན་པར་འགྱུར་རམ། བཙུན་པ་མ་ལགས་སོ། །དགེ་སློང་དག་ལེགས་སོ་ལེགས་སོ། །དགེ་སློང་དག་སྐྱེས་པ་འམ། བུད་མེད་དམ། ཁྱིམ་པ་འམ། རབ་ཏུ་བྱུང་བས་ཀྱང་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། སྐྱེས་པ་འམ་བུད་མེད་དང་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཀྱང་ལུས་འདི་གཏང་ནས་ཕ་རོལ་ཏུ་འགྲོ་བར་འགྱུར་ཏེ། དགེ་སློང་དག་སེམས་ཀྱི རྗེས་སུ་འགྲོ་བར་སེམས་ལ་རྟེན་པ་སེམས་ཀྱིས་བཅིངས་པ་སེམས་ལ་བརྟེན་ཏེ་འཇུག་པའོ། །དགེ་སློང་དག་འགའ་ཞིག་འདི་སྐད་དུ་ངའི་ལུས་འདི་ཉིད་ཀྱིས་སྔོན་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་ལ་ཉེ་བར་བསགས་པ་དེ་ཐམས་ཅད འདི་ལ་མྱོང་བར་གྱུར་ཅིག་སྐྱེས་ནས་རང་ལན་གྲངས་གཞན་ལ་མྱོང་བར་མ་གྱུར་ཅིག་ཅེས་དགེ་སློང་དག་དེ་ལྟར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་ན་ཕྱིར་མི་ལྡོག་པར་གནས་ཤིང་བླ་ན་མེད་པའི་ཆོས་སོ་སོར་རིག་པར་འགྱུར་ཏེ། དེ་ལ་འཕགས པ་ཉན་ཐོས་ཐོས་པ་དང་ལྡན་པ་ལུས་ཀྱི་སྡིག་པ་མི་དགེ་བ་རྣམས་སྤོང་ཞིང་ལུས་ཀྱི་དགེ་བའི་ལས་རྣམས་སྒོམ་པར་བྱེད་དོ། །ངག་དང་ཡིད་ཀྱི་སྡིག་པ་མི་དགེ་བའི་ལས་རྣམས་སྤོང་ཞིང་ངག་དང་ཡིད་ཀྱི་དགེ་བའི་ལས་རྣམས་སྒོམ་པར་བྱེད་དོ། །དེ་སྙིང ར་ཇེ་དང་དགའ་བ་དང?་བཏང་སྙོམས་དང་ལྷན་ཅིག་པའི་སེམས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་དེ་ལྟར་བཏང་སྙོམས་ཀྱི་སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་ན་ཕྱིར་མི་ལྡོག་པར་གནས་ཤིང་བླ་ན་མེད་པའི་ཆོས་སོ་སོར་རིག་པར་འགྱུར་རོ་ཞེས བྱ་བའི་བར་དུ་གསུངས་སོ། །དགེ་སློང་དགེ་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་ལས་སྐྱེས་པ་དང། གནོད་སེམས་ལས་སྐྱེས་པ་དང། གཏི་མུག ལས་སྐྱེས་པའོ། །དགེ་སློང་དག་མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་མོ་དང། ཚིག་བ་ཀྱལ་པ་དང། བརྣབ་སེམས་དང། གནོད་སེམས་དང་ལོག་པར་ལྟ་བ་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་ལས སྐྱེས་པ་དང། གནོད་སེམས་ལས་སྐྱེས་པ་དང། ལོག་པར་ལྟ་བ་ལས་སྐྱེས་པའོ། །དགེ་སློང་དག་སྲོག་གཅོད་པ་སྤོང་བ་ནི་རྣམ་པ་གསུམ་སྟེ། མ་ཆགས་པ་ལས་སྐྱེས་པ་དང། ཞེ་སྡང་མེད་པ་ལས་སྐྱེས་པ་དང། གཏི་མུག་མེད་པ་ལས་སྐྱེས་པའོ། །དགེ་སློང དག་མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་མོ་དང། ཚིག་བཀྱལ་པ་དང། བརྣབ་སེམས་མེད་པ་དང། གནོད་སེམས་མེད་པ་དང། ལོག་པར་ལྟ་བ་མེད་པ་ནི་རྣམ་པ་གསུམ་སྟེ། མ ཆགས་བ་ལས་སྐྱེས་པ་དང། ཞེ་སྡང་མེད་པ་ལས་སྐྱེས་པ་དང། གཏི་མུག་མེད་པ་ལས་སྐྱེས་པའོ་ཞེས་གསུངས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་དྲོད་དང་རྣམ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་འཁྲུག་པ་ཅན ཆུ་བོ་གངྒཱའི་འགྲམ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་འདི་ལྟ་སྟེ། ཆུ་བོ་གངྒཱའི་རྒྱུན་གྱིས་དབུ་བའི་ཕུང་པོ་ཆེན་པོ་ཁྱེར་ནས་འགྲོ་བ་དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་སྟེ། བསམ་ཤིང ཚུལ་བཞིན་དུ་བརྟགས་ཏེ། དེས་མཐོང་ཞིང་བསམས་ཏེ། ཚུལ་བཞིན་དུ་བརྟགས་པ་ནི་མི་བདེན་པར་སྣང་ཞིང། བརྫུན་སླུ་བ་གསོག་ཏུ་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། དབུ་བ་རྔོས་པ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ བཞིན་དུ་གཟུགས་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། དམན་པ་འམ། གྱ་ནོམ་པ་འམ། ཐག་རིང་བ་འམ། ཐག་ཉེ་བ་དེ་དག་དགེ་སློང གིས་མཐོང་སྟེ། བསམ་བཞིན་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ། ཚུལ་བཞིན་བརྟགས་པ་ན་མི་བདེན་པར་སྣང་ཞིང། རྫུན་པ་སླུ་བ་གསོག་ཏུ་སྣང་ངོ། །སྙིང་པོ་མེད་པ་དང། ནད་དང། འབྲས་དང། ཟུག་རྔུ་དང། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཕུང་པོ་ལ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། ལྷས་ཆར་ཆེན་པོ་ཕབ་པ་ན་ཆུ་ལས་ཆུ་བུར་དུ་བྱུང་བ་དག་གཞན། སྐྱེ་ཞིང་གཞན་འགག སྟེ། དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་སྟེ། བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་དུ་བསམས་པ་ན་མི་བདེན་པར་སྣང་ཞིང། བརྫུན་བ་སླུ་བ་གསོག་ཏུ་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཆུ་བུར་ལ སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་ཚོར་བ་གང་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱི་ཡི་འམ། རགས་པ་འམ། ཕྲ་བ་འམ། དམན་པ་འམ། གྱ་ནོམ་པ་འམ། ཐག་རིང་བ དང་ཐག་ཉེ་བའི་བར་དུ་སྟེ། དེ་དག་དགེ་སློང་དག་གིས་མཐོང་ཞིང་བསམས་ཤིང་ཚུལ་བཞིན་བརྟགས་པ་དང། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་པར་སྣང་ཞིང་བརྫུན་པ་སླུ་བ་གསོག་དང་ནང་དང། འབྲས་དང། ཟུག་རྔུ་དང། གནོད་པར་སྣང་ཞིང་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོད་པ་དང། བདག་མེད་པར་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཚོར་པའི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། སོས་ཀ་ཐ་མའི དུས་ལ་བབ་པ་ན་ནམ་མཁའ་སྤྲིན་དང་བྲལ་ཞིང། ཉི་མ་དགུང་གི་དུས་ན་བྱ་མལ་སྨིག་རྒྱུ་གཡོ་བ་དག་དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་བ་སྟེ་བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་པར་སྣང་ཞིང བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། སྨིག་རྒྱུ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་འདུ་ཤེས་གང་ཅི་ཡང་རུང་པ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། དམན པ་འམ་གྱ་ནོམ་པ་འམ། ཐག་རིང་བ་འམ། ཐག་ཉེ་བའི་བར་དུ་སྟེ། དགེ་སློང་དག་གིས་མཐོང་སྟེ་བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ། ཚུལ་བཞིན་བསམས་པ་ན་མི་བདེན་པར་སྣང་ཞིང། བརྫུན་པ་སླུ་བ་གསོག་དང་ནང་དང འབྲས་དང་ཟུག་རྔུ་དང་གནོད་པར་སྣང་སྟེ། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདུ་ཤེས་ཀྱི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། མིག་དང་ལྡན་པའི་སྐྱེས་བུ་སྙིང་པོ་དོན དུ་གཉེར་ཞིང་སྙིང་པོ་ཚོལ་བ་དག་སྟ་རེ་རྣོན་པོ་ཐོགས་ནས་ནགས་སུ་ཞུགས་ཏེ། ངེས་ཆུ་ཤིང་གི་ཕུང་པོ་ཆེན་པོ་དྲང་ཞིང་ལེགས་པར་སྐྱེས་ལ་མི་རྩུབ་པ་དག་མཐོང་ནས་ངས་རྩ་བ་ནས་བཅད་དེ་འདབ་མ་འདབ་མར་ཕྱེ་བ་ན་དེས་དེ་ལ་འབྲས་བུ་ཡང་མ་མཐོང ན་སྙིང་པོ་ལྟ་སྨོས་ཀྱང་ཅི་དགོས། སྐྱེས་བུ་མིག་དང་ལྡན་པ་དེས་མཐོང་སྟེ་བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་ཞིང་བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཆུ་ཤིང་ལ སྙིང་པོ་ཅིའང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་འདུ་བྱེད་གང་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ། ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། དམན་པ་འམ་གྱ་ནོམ་པ་འམ། ཐག་རིང་བ་དང་ཐག་ཉེ་བའི བར་དུ་སྟེ། དགེ་སློང་དག་གིས་དེ་དག་མཐོང་སྟེ་བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་པར་སྣང་ཞིང་བརྫུན་པ་སླུ་བ་གསོག་དང་ནད་དང་འབྲས་དང་ཟུག་རྔུ་དང གནོད་པར་སྣང་སྟེ། མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཀྱི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་དག ལམ་གྱི་བཞི་མདོ་ཆེན་པོར་འདུག་སྟེ། སྒྱུ་མ་བཞི་སྤྲུལ་པ་སྟོན་པར་བྱེད་དེ། འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང། རྟ་བའི་ཚོགས་དང། ཤིང་རྟའི་ཚོགས་དང། རྐང་ཐང་པའི་ཚོགས་ཏེ། དེ་དག་མིག་དང་ལྡན་པའི་སྐྱེས་བུས་མཐོང་སྟེ། མཐོང་ནས བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བསམས་པ་ན་མི་བདེན་པར་སྣང་ཞིང་བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་རྣམ་པར་ཤེས པ་གང་ཅི་ཡང་རུང་བ་འདས་པ་འམ། མ་འོངས་པ་འམ། ད་ལྟར་བྱུང་བ་འམ། ནང་གི་འམ་ཕྱིའི་འམ། རགས་པ་འམ། ཕྲ་བ་འམ། དམན་པ་འམ། གྱ་ནོམ་པ་འམ། ཐག་ཉེ་བ་འམ། ཐག་རིང་བའི་བར་དུ་སྟེ། དེ་དག་དགེ་སློང་དག་གིས་མཐོང་སྟེ་བསམས་ཤིང ཚུལ་བཞིན་བསམས་ཏེ། ངེས་ང?་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་པ། བརྫུན་པ་སླུ་བ་གསོག་དེང?་ནད་དང་འབྲས་དང་ཟུག་རྔུ་དང་གནོད་པར་སྣང་ཞིང་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པར་སྣང་སྟེ། དེ་ཅིའི ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཅིང་བདེ་པར་གཤེགས་པ་དེ་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་ནི་དབུ་བ རྔོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་ཆུ་ཤིང་ལྟ་བུ་ཡིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཇི་ལྟ་ཇི་ལྟར་ཚུལ་བཞིན་དུ། །རབ་ཏུ་རྟགས་ཤིང་བརྟགས་པ་ན། །སྐྱེ་བ་དང་ནི་འཇིག་པ དང། །སླུ་བ་དང་ནི་གསོག་ཏུ་སྣང། །ཤེས་རབ་དམན་པ་རྣམས་ལ་ནི། །ཕུང་པོ་འདི་དག་རྣམ་མ་བསྟན། །ཆོས་གསུམ་པོ་ནི་རབ་སྤངས་ན། །ལུས་དང་བྲལ་ཞིང་སྤོང་བར་འགྱུར། །ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་འདོར་བྱེད་ཅིང། །བོར་ནས་དེ་ཚེ གནས་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །འདི་ན་འདི་འདྲའི་རྒྱུད་འདི་དག་།སྒྱུ་མ་བྱིས་པ་འདྲིད་པ་སྟེ། །གནོད་པར་བྱེད་པའི་ཟུག་རྔུ་སྟེ། །མངོན་པར་རློམ་པ་ཙམ་མེད་དོ། །དགེ་སློང་དེ་ལྟར་ཕུང་པོ་རྣམས། །རབ་ཏུ་བརྟགས་ཤིང་བརྩོན་འགྲུས་རྩོམ། །ཉིན མོ་དང་ནི་མཚན་མོ་དག་། དྲན་དང་ཤེས་བཞིན་དང་ལྡན་ན། །འདུ་བྱེད་ཞི་ཞིང་རབ་ཞི་བའི། །གོ་འཕང་རབ་ཏུ་རྟོགས་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། དགེ་སློང་དེ་ངག་ཡིད་དགའ་ཞིང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ མངོན་པར་དགའ་ཨོ། །ཚིགས་སུ་བཅད་པ་འདི་དག་སྔར་དགེ་སློང་མ་ཆོས་སྦྱིན་གྱི་མདོར་སྔར་བྲིས་ཟིན་མོད་ཀྱི། །དེ་ལྟར་ནའང་བཅོམ་ལྡན་འདས་ཀྱི་གསུང་འདི་མདོའི་ཁུངས་དཔེར་ཉེ་བར་བཀོད་དོ། །ཐ་སྙད་བཅུ་དྲུག་ཅེས་བྱ་བ་ལ། མདོ་གཅིག་ནས་མི་སྣང་ངོ།། བརྒྱད་ཚན་བརྒྱད་པའི་སྒོ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་དང་བཅུ་པ་དང་བཅུ་གཅིག་པའི་མདོ་ཇི་ལྟར་བསྟན་པ་གོ་རིམ་བཞིན་དུ་འདོན་ཏོ། །མདོ་སྡེ་སྨྲ་བ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི མ་ཅན་དགོངས་ཀ་ནད་དུ་ཡང་དག་འཇོག་ལས་ལངས་ཏེ། བཅོམ་ལྡན་འདས་ག་ན་བ་དེར་ཉེ་བར་སོང་ཞིང་ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་མདོར་སྡུས་པ་དེ་ལྟར་ཆོས་ལེགས་པར་བཤད་དུ་གསོལ ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྲིད་པ་འདི་ལས་གཞན་མི་ཤས་སོ་ཞེས་བྱ་བའི་བར་དུའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོད བྱེད་ཀྱི་མ་ཅན་ཁྱོད་རྒས་པ་ན་ཚོད་དུ་བྱིན་པ་ངའི་དྲུང་ནས་མདོར་བསྡུས་པ་ཉན་པར་འདོད་ན། འདི་ན་གསར་བུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་ཆོས་འདུལ་བ་འདི་ལ་རིང་པོ་མ་ལོན་པ་དག་ཇི་ལྟར་བྱེད་པར་འགྱུར། བཙུན་བ་བདག་རྒས་ཤིང་འཁོགས ལ་ན་ཚོད་དུ་ཕྱིན་པ་ཡིན་ཡང་བཅོམ་ལྡན་འདས་ལས་མདོར་བསྡུས་པའི་གདམས་ངག་ཉན་བར་འདོད་དོ། །བཅོམ་ལྡན་འདས་བདག་ལ་མདོར་བསྡུས་པ་དེ་ལྟར་ཆོས་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནས། སྲིད་བ་འདི་ལས་གཞན་མི་ཤེས སོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་གྱིས་ལན་གཉིས་ལན་གསུམ་དུ་དེ་སྐད་ཅེས་གསོལ་པ་དང་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་ལ་ཁྱོད་རྒས་ཤིང་འཁོགས་པ་ན་ཚོད་དུ་ཕྱིན་པ་དེ་ལས གདམས་ངག་མདོར་བསྡུས་པ་ཉན་པར་འདོད་ན་འདི་ན་གསང་བུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ། ཆོས་འདུལ་བ་འདི་ལ་རིང་པོ་མ་ལོན་པ་དག་ཇི་ལྟར་བྱེད་པར་འགྱུར་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ལ་ཡང་ལན་གཉིས་ལན་གསུམ དུ་ཚེ་དང་ལྡན་པ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་རྒས་ཤིང་འཁོགས་ལན་ཚོད་དུ་ཕྱིན་པ་ཡིན་ཡང་བཅོམ་ལྡན་འདས་ལས་གདམས་ངག་ཉན་པར་འདོད་དེ། བཅོམ་ལྡན་འདས་བདག་ལ་མདོར་སྡུས་པ་དེ་ལྟར་ཆོས ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནས། སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་བྱ་བའི་བར་དུའོ། །བཀའ་སྩལ་པ། མཆོད་བྱེད་ཀྱི་མ་ཅན་ཁྱོད་ཀྱིས་ལན་གསུམ་གྱི་བར་དུ་དོན་འདི་མགོ་བས་མཆོད་བྱེད་ཀྱི་མ་ཅན་དེའི་ཕྱིར་ཁྱོད་ཉིད ལ་དྲི་བར་བྱ་སྟེ། ཇི་ལྟར་བཟོད་པ་དེ་བཞིན་དུ་ལུང་དུ་སྟོན་ཅིག་།མཆོད་བྱེད་ཀྱི་མ་ཅན་འདི་སྙམ་དུ་སེམས། ཁྱོད་ཀྱིས་མིག་གིས་གཟུགས་དག་མཐོང་ཞིང་སྔོན་མཐོང་བར་མ་གྱུར་མ་མཐོང་ན་གཞི་དེ་ལས་ཁྱོད་ལ་འདི་ལྟ་བུའི་དངོས་པོ་མཐོང་བར་བྱའོ་ཞེས་འདུན་པ འམ། ཆགས་པ་འམ། འཆུམ་བ་འམ། དགའ་བ་འམ། ཆགས་ཞེ་ན་ནམ། ལྷག་པར་ཆགས་པར་འགྱུར་བ་སྐྱེ་བ་འམ། བཙུན་པ་མ་ལགས་སོ། །མཆོད་བྱེད་ཀྱི་མ་ཅན་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱིས་རྣ་བས་སྒྲ་དང། སྣས་དྲི་དང། ལྕེས་རོ་དང། ལུས་ཀྱིས རེག་བྱ་དང་ཡིད་ཀྱིས་ཆོས་གང་རྣམ་པར་མ་ཤེས་ཤིང་སྔོན་རྣམ་པར་ཤེས་བར་མ་གྱུར་ལ་རྣམ་པར་མ་ཤེས་ན། གཞི་དེ་ལས་ཁྱོད་ལ་འདི་ལྟ་བུའི་དངོས་པོ་རྣམ་པར་ཤེས་པར་བྱའོ་ཞེས་འདུན་པ་འམ། ཆགས་པ་འམ། འཆུམ་པ་འམ། དགའ་བ་འམ། ཆགས་ཞེན་ནམ། ལྷག་པར་ཆགས་པར་འགྱུར་བ་སྐྱེ་འམ། བཙུན་པ་མ་ལགས་སོ། །མཆོད་བྱེད་ཀྱི་མ་ཅན་ལེགས་སོ་ལེགས་སོ། །འདི་ལྟར་མཐོང་བ་ནི་མཐོང་བ་ཙམ། ཐོས་པ་ནི་ཐོས་པ་ཙམ། བྱེ་བྲག་ཕྱེད་པ་ནི་བྱེ་བྲག་ཕྱེད་པ་ཙམ་མོ། རྣམ་པར་ཤེས་པ་ནི་རྣམ པར་ཤེས་པ་ཙམ་སྟེ། མཆོད་བྱེད་ཀྱི་མ་ཅན་གང་གིས་ན་དེ་དང་ངེས་ཁྱོད་མ་ཡིན་ཞིང་གང་གིས་ན་ཁྱོད་ཀྱིས་དེ་དང་དེ་ལ་མ་ཡིན་ལ་དེ་དང་དེས་ཁྱོད་ལ་མ་ཡིན་ཞིང་འདི་ན་མ་ཡིན་ཞིང་བར་བར་ན་མ་ཡིན་པ་འདི་ཉིད་སྡུག་བསྔལ་མཐར་བྱས་པ་ཞེས་བྱའོ།། བཅོམ་ལྡན་འདས་རྣམ་པར་ཤེས་སོ། །བདེ་བར་གཤེགས་པ་རྣམ་པར་ཤེས་སོ། །མཆོད་བྱེད་ཀྱི་མ་ཅན་ངས་བསྡུས་ཤིང་རྣམ་པར་ན་ཕྱེ་བར་བཤད་པས་ཇི་ལྟ་ཇི་ལྟར་དོན་རྒྱས་པར་ཤེས་པར་འགྱུར་།དེ་ནས་དེའི་ཚེ་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་གྱིས ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །གཟུགས་རྣམས་མཐོང་ནས་དྲན་ཉམས་ཤིང། །རྒྱུ་བའི་རྒྱུ་མཚན་ཡིད་བྱས་ནས། །སེམས་ནི་ཡང་དག་ཆགས་མྱོས་ནས། །དེ་ལ་རྟག་པར་ཞེན་ཅིང་གནས། །དེ་ལས་རང་བཞིན་དུ་མ་ཡི། །ཚོར་བ་རྣམས ནི་སྐྱེ་ཞིང་འབྱུང། །བརྣབ་སེམས་དང་ནི་གནོད་སེམས་ཀྱིས། །སེམས་ནི་རབ་ཏུ་བཅོམ་པར་འགྱུར། །གཟུགས་དག་ཉེ་བར་བསགས་པ་ན། །མྱ་ངན་འདས་པ་རིང་ཞེས་བརྗོད། །སྲེད་བཅས་མྱ་ངན་འདས་མིན་ཞེས། །ཉི་མའི་གཉེན གྱིས་བཀའ་སྩལ་ཏོ། །གཟུགས་ལ་མངོན་པར་མི་དགའ་ཞིང། །གཟུགས་རྣམས་མཐོང་ནས་དྲན་ལྡན་ན། །སེམས་ནི་ཡང་དག་ཆགས་མི་འགྱུར། །དེ་ལས་ལྷག་པར་ཆགས་མི་འགྱུར། །དེ་ལས་རང་བཞིན་དུ་མ་ཡི། །ཚོར་བ་སྐྱེ་ཞིང་འགྱུར་མི་འགྱུར། ། བརྣབ་སེམས་དང་ནི་གནོད་སེམས་ཀྱིས། །སེམས་འདི་རྣམ་པར་བཅོམ་མི་འགྱུར། །གཟུགས་དག་ཉེ་བར་མི་གསོག་ན། །མྱ་ངན་འདས་པ་ཞེས་བརྗོད་དོ། །སྲེད་ཟད་མྱ་ངན་འདས་པ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །གཟུགས་དང་དེ་བཞིན ཚོར་བའི་ཡང། །ཇི་ལྟར་གནས་པ་བཞིན་མཐོང་ན། །ཟད་ཅིང་ཉེ་བར་མི་སོགས་ཏེ། །དེ་བཞིན་དྲན་དང་ལྡན་པར་སྤྱོད། །དེ་བཞིན་སྒྲ་དང་དྲི་དང་ནི། །རོ་དང་རེག་བྱ་རྣམས་དང་ནི། །ཆོས་རྣམས་མཐོང་ནས་དྲན་ཉམས་ཤིང། །དགའ་བའི་རྒྱུ་མཚན ཡིད་བྱས་པས། །སེམས་ནི་ཡང་དག་ཆགས་མྱོས་ནས། །དེ་ལ་ལྷག་པར་ཞེན་པར་འགྱུར། །དེ་ལ་རང་བཞིན་དུ་མ་ཡི། །ཚོར་བ་རྣམས་ནི་སྐྱེ་ཞིང་འབྱུང། །བརྣབ་སེམས་དང་ནི་གནོད་སེམས་ཀྱིས། །སེམས་འདི་རབ་ཏུ་བཅོམ་པར་འགྱུར། །ཆོས དག་ཉེ་བར་སོགས་པས་ན། །མྱ་ངན་འདས་པ་རིང་ཞེས་བརྗོད། །སྲེད་བཅས་མྱ་ངན་འདས་མིན་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཆོས་ལ་མངོན་པར་མི་དགའ་ཞིང། །ཆོས་རྣམས་མཐོང་ནས་དྲན་ལྡན་ན། །སེམས་ནི་ཡང་དག ཆགས་མི་འགྱུར། །དེ་ལ་ལྷག་པར་ཆགས་མི་འགྱུར། །དེ་ལས་རང་བཞིན་དུ་མ་ཡི། །ཚོར་བ་འབྱུང་ཞིང་སྐྱེ་མི་འགྱུར། །བརྣབ་སེམས་དང་ནི་གནོད་སེམས་ཀྱིས། །སེམས་འདི་རྣམ་པར་བཅོམ་མི་འགྱུར། །ཆོས་དག་ཉེ་བར་མི གསོག་པ། །མྱ་ངན་འདས་པ་ཞེས་བརྗོད་དོ། །སྲེད་ཟད་མྱ་ངན་འདས་པ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །གཟུགས་དང་དེ་བཞིན་ཚོར་བའི་ཡང། །ཇི་ལྟར་གནས་པ་བཞིན་མཐོང་ན། །ཟད་ཅིང་ཉེ་བར་མི་གསོག་ཏེ། །དེ་བཞིན་དྲན་དང་ལྡན་པར སྤྱོད་དོ། །བཙུན་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་ཤིང་རྣམ་པར་མ་ཕྱེ་བར་བཤད་པའི་དོན་རྒྱས་པར་བདག་གིས་འཚལ་ཏོ། །མཆོད་བྱེད་ཀྱི་མ་ཅན་ལེགས་སོ་ལེགས་སོ། །མཆོད་བྱེད་ཀྱི་མ་ཅན་ཁྱོད་ཀྱིས་ངས་མདོར་བསྡུས་ཏེ། རྣམ་པར མ་ཕྱེ་བར་བཤད་པའི་དོན་ཁྱོད་ཀྱིས་ཤེས་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་རྣམས་མཐོང་ནས་ཞེས་བྱ་བ་ནས་དེ་བཞིན་དྲན་དང་ལྡན་པར་སྤྱོད་ཅེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་རྒྱས་པར་རོ། །དེ་ནས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ ཅན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་བཅོམ་ལྡན་འདས་ལས་མདོར་བསྡུས་པའི་གདམས་ངག་ཐོས་ནས་དགྲ་བཅོམ་པ་སེམས་རྣམ་པར་གྲོལ་བའི་བར་དུ འགྱུར་ཏོ་ཞེས་གསུངས་སོ། །མདོ་ལས་ཇི་སྐད་དུ་འདོད་པ་ལ་འདུན་པའི་དབང་དུ་བྱས་ནས་ཞེས་བྱ་བ་ལ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་དབྱུག་གུ་གསུམ་པའི་མདོ་དེ་དང་དེ་ལས་འདོན་པ་ལྟ་བུ་སྟེ། དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང། ཡང་ཟག་པར་ལྡན་ཞིང་འདིས་དབང་པོའི་སྒོ་བསྡམས་ཤིང་ཡང་དག་པའི་དྲན་པ་དང་ཤེས་བཞིན་འདི་དག་དང་ལྡན་ཞིང་རྣམ་པར་དབེན་པའི་མལ་ཆ་དང་སྟན་ལ་བརྟེན་ཏེ་དགོན་པ་དང་ཤིང་དྲུང་དང་ཁང་པ་སྟོང་བར་གནས་པ་འམ། དེ་དགོན་པ འམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་སྟེ། སྐྱིལ་མོ་ཀྲུང་བཅས་ཤིང་ལུས་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་ཕྱོགས་པར་བཞག་ནས་འདུག་སྟེ། སེམས་ལ་འཇིག་རྟེན་གྱི་བརྣབ་སེམས་སྤངས་ཏེ་བརྣབ་སེམས་དང་བྲལ་བར?་ལན་མང དུ་གནས་ཤིང་སེམས་ལ་བརྣབ་སེམས་རྣམ་པར་སྤྱོད་བར་བྱེད་དོ། །གནོད་སེམས་དང། རྨུགས་པ་དང། གཉིད་དང། རྒོང་པ་དང། འགྱོད་པ་དང། འཇིག་རྟེན་གྱི་ཐེ་ཚོམ་སྤངས་ཤིང་སོམ་ཉི་ལས་??་ལ་ཅིང་ཐེ་ཚོམ་ལས བརྒལ་ཏེ། དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་མེད་ཅིང་ཐེ་ཚོམ་ལས་སེམས་རྣམ་པར་སྤྱོད་པར་བྱེད་དེ་དེ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་གེགས་ཀྱི་ཕྱོགས་མྱ་ངན་ལས་འདས་པ་མ་ཡིན་པ་སྒྲུབ་པར་བྱེད་པའི་སྒྲིབ པ་ལྔ་པོ་སྤངས་ནས་འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནས་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། མེད་པར་ལྟ་བས་རྩ་བ་གཅོད་ཞེས་བྱ་བ་ལ། གང་གིས་དགེ་བའི་རྩ་བ ཀུན་ཏུ་གཅོད་ཅིང་ཇི་ལྟར་སྟན་ཏུ་གཅོད་ལ། རྣམ་པ་གང་གིས་ཀུན་ཏུ་གཅོད་ཅེ་ན། སྨྲས་པ། གང་ཟག་ཁ་ཅིག་གིས་ཕ་དང་མ་བསམ་བཞིན་དུ་སྲོག་དང་ཕྲལ་ནས་འགྱོད་པ་དང་ལྷན་ཅིག་པའི་སེམས་ཆ་ཙམ་ཡང་མི་སྐྱེད་ལ་ཁ་ཅིག་གིས བ་དང་མ་བསམ་བཞིན་དུ་སྲོག་དང་ཕྲལ་བར་བྱས་ནས་འགྱོད་པ་ཆ་ཤས་ཙམ་དུ་སྐྱེད་པར་བྱེད་དེ། དེ་ན་དགེ་སྦྱོང་ངམ། འཇིག་རྟེན་རྒྱང་པན་པའི་རིགས་ཅན་མེད་དེ་ཞེས་སྨྲ་བ་རྒྱུ་མེད་པར་སྨྲ་བ་དེ་དང་དེ་དག་དགེ་པ་དང་མི་དགེ་བའི་ལས་རྣམས ཞིག་ཅིང་ཆད་ནས་མེད་པ་ཡིན་ནོ་ཞེས་འདོགས་ཏེ་དེ་དེ་དང་དེའི་དྲུང་དུ་ཉེ་བར་སོང་ནས་དྲི་བ་འདི་འདྲི་སྟེ། དགེ་བ་ནི་གང་ཞིག་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ནི་གང་ཞིག་ཡིན། ཁ་ན་མ་ཐོ་བ་མེད་པ་ནི་གང་ཞིག་ཡིན། ཅི་ཞིག་བྱས་ན དགེ་བར་འགྱུར་ཞིང་སྡིག་པར་མི་འགྱུར་ཞེས་དྲིས་པ་དང། དེས་དེ་འགྱོད་པ་མ་སྐྱེས་པ་མི་སྐྱེད་ཅིང་འགྱོད་བ་སྐྱེས་བ་དག་ཀྱང་མྱུར?་དུ་སེལ་བར་བྱེད་དེ། འདི་སྐད་དུ་སྲོག་གཅོད་པ་ནི་འབྲས་བུ་དང་བྲལ་བ་སྟེ། འབྲས་བུ་མེད་པར་དོན་མེད པ། སྐྱེ་བ་མེད་པ། རོ་མེད་པ། བསྔགས་པ་མེད་པ་སྟེ། སྲོག་གཅོད་པ་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་དོ། །མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། ཕྲ་མ་དང། ཚིག་རྩུབ་མོ་དང། ཚིག་བཀྱལ་བ་དང། བརྣབ་སེམས དང། གནོད་སེམས་དང་ལོག་པར་ལྟ་བ་ནི་འབྲས་བུ་དང་བྲལ་བ་སྟེ། འབྲས་བུ་མེད་པ་དོན་མེད་པ། སྐྱེ་བ་མེད་པ་རོ་མེད་པ་བསྔགས་པ་མེད་པ་སྟེ། ལོག་པར་ལྟ་བ་མེད་ཅིང་ལོག་པར་ལྟ་བའི་འབྲས་བུ་རྣམ་པར་སྨིན་པ་མེད་དེ་ཞེས་བརྗོད་ལ། དེ་དེ་ལ་འདོད་ཅིང བཟོད་ལ་ཡང་དག་པར་གསལ་བར་བྱེད་དོ། །གང་ཚིག་ལ་འདོད་ཅིང་བཟོད་ལ་གསལ་བར་བྱེད་པ་འདི་ཙམ་གྱིས་ན་གང་ཟག་གཡོན་གྱི་ལམ་དུ་ཞུགས་པ་ཞེས་བྱ་སྟེ། འདི་ལྟ་བུ་ལོག་པར་ལྟ་བ་ཅན། ལོག་པར་རྟོག་པ་དང། ལོག་པའི་ལས་ཀྱི་མཛའ་ དང། ལོག་པའི་འཚོ་བ་ལོག་པའི་ཏིང་ངེ་འཛིན་ཅན་ཞེས་བྱའོ། །དེ་འདི་ལྟ་བུའི་གཡོན་པའི་ལམ་ལ་ཞུགས་པས་ཉེ་བར་སྤྱོད་པ་རྣམ་པ་གསུམ་འཕེལ་ཞིང་དྲག་པོར་འགྱུར་ཞིང་མང་པོར་འགྱུར་རོ། །ལེགས་པར་སྤྱོད་པ་རྣམ་པ་གསུམ་འབྲི་ཞིང སྲབ་མོར་འགྱུར་ཞིང་ཡང་བར་འགྱུར་རོ། །མི་དགེ་བའི་རྩ་བ་རྣམ་པ་གསུམ་འཕེལ་ཞིང་དྲག་པོར་འགྱུར་སྡུག་བསྔལ་མང་པོར་འགྱུར་རོ། །དགེ་བའི་རྩ་བ་རྣམ་པ་གསུམ་འབྲི་ཞིང་སྲབ་མོར་འགྱུར་ཞིང་ཡང་བར་འགྱུར་ལ་གསེང་ཚགས་ཅན་དུ འགྱུར་རོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་མངོན་པར་འཕེལ་ཞིང་དྲག་པོར་འགྱུར་ཞིང་སྟུག་ལ་མང་པོར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་ཕྲ་ཞིང་སྲབ་མོར་འགྱུར་ཞིང་གསེང་ཚགས་ཅན་དུ་འགྱུར་ཏེ། གཡོན་ཕྱོགས་ཀྱི་ལམ་འཕེལ་ཞིང དྲག་པོར་འགྱུར་ཞིང་སྟུག་ལ་མང་པོར་འགྱུར་རོ། །གཡས་ཕྱོགས་ཀྱི་ལམ་འབྲི་ཞིང་སྲབ་མོར་འགྱུར་ལ་ཡང་ཞིང་གསེང་ཚགས་ཅན་དུ་འགྱུར་རོ། །དེ་མང་དུ་སྲོག་གཅོད་པ་ཅན་དུ་འགྱུར་ཞིང་མ་བྱིན་པར་ལེན་པ་འདོད་པས་ལོག་པར་གཡེམ་པ། རྫུན་དུ་སྨྲ་བ། ཕྲ་མ་སྨྲ་བ། ཚིག་རྩུབ་མོ་སྨྲ་བ། ཚིག་བཀྱལ་བ་སྨྲ་བ། བརྣབ་སེམས་དང་གནོད་སེམས་དང་སོག་པར་ལྟ་བ་ཅན་དུ་འགྱུར་ཏེ། དེ་འདི་ལྟ་བུའི་མ་དུལ་བས་མང་དུ་གནས་པར་འགྱུར་ཞིང་མ་བསྡམས་པས མང་དུ་གནས་པར་འགྱུར་ཏེ། རེས་འགའ་ཅི་ཞིག་ལྟར་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མངོན་དུ་འགྱུར་རོ། །དེ་ནས་ཡང་མི་དགེ་བ་ཉིད་མང་དུ་ཀུན་ཏུ་སྤྱོད་དེ་གང་ཡང་ཕལ་ཆེར་གཡོན་ཕྱོགས་པ་སྟེ། དབྱར་ཕྱི་མ་སྟོན་གྱིས་དུས་ལ་བབ པ་ན་གློག་ཆེན་པོ་བྱུང་བས་སྣང་བ་དང་ཅུང་ཟད་སྣང་བ་དང། གཟུགས་མཐོང་བར་བྱས་ནས་མྱུར་དུ་ནུབ་པ་དེ་བཞིན་དུ་དེ་འདི་ལྟ་བུའི་མ་དུལ་བ་དང་མ་བསྡམས་པ་ལན་མང་དུ་གནས་པར་འགྱུར་ཏེ། བརྒྱ་ལ་རེས་འགའ་ཞིག་ན་དགེ་བའི་སེམས་དང སེམས་ལས་བྱུང་བའི་ཆོས་རྣམས་མངོན་དུ་འགྱུར་ཞིང་དེ་ནས་ཡང་མི་དགེ་བ་ཉིད་དུ་སྤྱོད་པར་འགྱུར་ཏོ། །གང་ཡང་ཕལ་ཆེར་གཡོན་ཕྱོགས་པ་སྟེ། འདི་ལྟ་སྟེ་ཚ་བས་གདུངས་ཤིང་ཚ་བས་ཉེན་པའི་སྐྱེས་བུ་སྐོམ་ཞིང་ངལ་ལ་ཚད་པས་ཉོན་པ་དག ཀ་ཧྲོན་པ་བསིལ་མོའི་ནང་དུ་ཞུགས་ཏེ་མྱུར་དུ་དེ་ནས་བྱུང་ན་དེའི་ཆུ་དང་ཆུའི་ཐིགས་པ་རགས་པ་དག་མྱུར་བ་མྱུར་བར་རྒལ?་ལྟུང་བར་འགྱུར་ཞིང་འདི་ལྟར་བ་སྤུའི་བུ་ག་ན་ཆུ་ཕྲ་མོ་དག་ཡོད་པ་དེ་བཞིན་དུ་མ་དུལ་ཞིང་མ་བསྡམས་པ་ལན་མང་དུ་གནས་པ འདིའི་བརྒྱ་ལ་རེས་འགའ་ཞིག་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མངོན་དུ་འགྱུར་རོ། །དེ་ནས་ཡང་མི་དགེ་བ་ཉིད་མང་དུ་ཀུན་ཏུ་སྤྱོད་པར་འགྱུར་ཏེ། གང་ཡང་ཕལ་ཆེར་གཡོན་ཕྱོགས་པར་འགྱུར་རོ། །དེ་སྲོག་ཆགས་བྱ་བར་ཅན་བསམས བཞིན་དུ་སྲོག་དང་བྲལ་བ་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མེད། །ཞེས་དུས་གཞན་དུ་ཡང་དེ་འགྱོད་པའི་སེམས་ཆ་ཙམ་ཡང་སྐྱེད་པར་མི་བྱེད་དེ། གང་ཡང་གང་ཟག་ཁྱད་པར་ཅན་སྲོག་དང་ཕྲལ་བ་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི རྣམ་པར་སྨིན་པ་མེད་དོ། །ཞེས་འགྱོད་པའི་སེམས་ཅུང་ཟད་ཙམ་ཡང་སྐྱེད་པར་མི་བྱེད་དེ། འདི་ཙམ་གྱིས་ན་གང་ཟག་འདིའི་ཁམས་གསུམ་པའི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ། ཞེས་བརྗོད་པར་བྱའོ། །གང་ཟག་འདིའི་དགེ་བའི་རྩ་བ་མཐོང་བའི་ཆོས་ཉིད་པ་ཉིད་?་སྦྱོད་པའི སྐལ་པ་མེད་པ་སྟེ། གང་ཟག་འདིའི་དགེ་བའི་རྩ་བ་རྣམས་དམྱལ་བ་དག་ནས་འཆི་འཕོ་བ་འམ་སྐྱེ་བ་ན་ངེས་པར་ཉིང་མཚམས་སྦྱོར་བར་འགྱུར་རོ། །གང་ཡང་འདི་ལྟ་བུ་གང་ཟག་བསམས་བཞིན་དུ་སྲོག་དང་ཕྲལ་བ་དང། གང་ཡང་སྲོག་ཆགས་གྲོག་སྤུར་དག་སྲོག་དང་ཕྲལ་ན གང་ཞིག་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། ཀུན་ནས་དཀྲིས་པ་མཉམ་ན་རྣམ་པར་སྨིན་པ་མཉམ་པར་འགྱུར་རོ། །འདི་སྐད་དུ་ཟེར་བ་ཡང་ཡོད་དེ། སྲོག་ཆགས་གྲོག་སྤུར་དག་བསམ་བཞིན་དུ་སྲོག་དང་ཕྲལ་ན་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་གྱི། །གང་ཟག་འདི་ལྟ་བུ་ནི མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྨྲས་པ་སྲོག་ཆགས་གྲོག་སྤུར་དག་གི་དགེ་བའི་རྩ་བ་ཀུན་ཏུ་མ་ཆད་ལ་གང་ཟག་འདིའི་དགེ་བའི་རྩ་བ་ཀུན་ཏུ་ཆད་པའི་ཕྱིར་རོ་ཞེས་ཕྲ་བ་རྒྱས་བཏགས་པའི་དབུགས་འབྱུང་བ་བརྒྱད་པ་དང། རྣམ་པར་ཤེས་པའི་ཚོགས་ཀྱི་ཕུང་པོ་ལྔ ལས་འདོན་ཏོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ལས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕུང་པོའི་དབྱུག་གུ་གསུམ་པའི་མདོ་ལས་འདི་ལྟར་འདོན་ཏེ། ཇི་ལྟར་ཡང་དབྱུག་གུ་གསུམ་པ་དགེ་སྤྱོད་དམ་ཕྲ་མ་ཐ་དད་པས་བྱིན་པ་ལོངས་སྤྱོད་ཅིང་རྣམ་པ་དུ་མ་ལྟ བུའི་ཕྱིར་རྗེས་སུ་སྦྱོར་བས་མངོན་པར་བརྩོན་པས་གནས་ཏེ། འདི་ལྟ་སྟེ་གླང་པོ་ཆེ་འཐབ་པ་དང། རྟ་འཐབ་པ་དང། ཤིང་རྟ་འཐབ་པ་དང། རྐང་ཐང་འཐབ་པ་དང། རྔོ་བས་འཐབ་པ་དང། ཁུ་ཚུར་འཐབ་པ་དང། ཁྱུ་མཆོག་འཐབ་པ་དང། བ་ལང་འཐབ་པ དང། ར་འཐབ་པ་དང། ལུག་འཐབ་པ་དང། ཁྱིམ་བྱ་འཐབ་པ་དང། ཆུ་སྐྱར་འཐབ་པ་དང། ཁྱིམ་བྱ་དང། ཆུ་སྐྱར་འཐབ་པ་དང། སྐྱེས་བུ་འཐབ་པ་དང། བུད་མེད་འཐབ་པ་དང། གཞོན་ནུ་འཐབ་པ་དང། གཞོན་ནུ་མ་འཐབ་པ་དང། ཁང་པ་དང། ཁང་བཟང དང། རྒྱལ་མཚན་གྱི་མཆོག་དང་དཔུང་གི་མཆོག་བཤམས་པ་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད། དགེ་སྦྱོང་དམ་བྲམ་ཟེ་དེ་དག་རྣམ་པ་འདི་ལྟ་བུའི་ལྟ་བ་ལ་བརྩོན་པའི་སྦྱོར་བས་སྦྱོར་ཞིང་གནས་པ་དང། ཁྲལ་བར་བྱའོ ཞེས་གསུངས་སོ། །གང་ཡང་གནས་བརྟན་མ་འགགས་པས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལས་རྒྱལ་པོ་དང་ཡང་དག་པར་ལྡན་པ་ལས། འཁོར་ལོ་གཉིས་དང་མཚན་གཉིས་དང། །ཆུ་རལ་ལྷ་ཡི་ཕོ་ཉ་དང། ། ཏག་བི་དྷ་ང་གི་དང་ན། །དངོས་དང ཕྱིས་ཀྱི་མོད་དག་གོ་ཞེས་བྱ་བའི་མདོ་ཐ་མ་ལས། བཅོམ་ལྡན་འདས་བ་ར་ཎཱ་སེ་ན་དྲང་སོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་ཉེ་བར་གནས་པའི་ཕྱིར་འདུས་ཤིང་ཚོགས་པར་གྱུར་ཏེ། འདུག་པ་དག་པར སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་དུ་ཉི་མ་རེ་རེ་ཞིང་ཀརཥ་པ་ཎ་བརྒྱ་རྙེད་པ་དང། གང་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པའི་དགེ་བའི་ཆོས་ཅན་ལྟུང་བ་དང་བྲལ་བ་ལ་བསོད་སྙོམས གཅིག་ཡོངས་སུ་ལོངས་སྤྱོད་པར་ཕུལ་ན་གང་ཞིག་མཆོག་ཡིན་དེ་ནས་གཅིག་གིས་སྨྲས་པ་ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་དུ་ཉི་མ་རེ་རེ་ཞིང་ཀརཥ་པ་ན་བརྒྱ་རྙེད་པས་གང་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ བའི་ཆོས་ཅན་ལྟུང་བ་དང་བྲལ་བ་ལ་བསོད་སྙོམས་གཅིག་ཡོངས་སུ་ལོངས་སྤྱོད་པར་ཕུལ་ན་མཆོག་ཏུ་འགྱུར་རོ། །གཞན་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་པ་ཅན་དུ་ཉི་མ་རེ་རེ་ཞིང་ཀརཥ་པ་ན་བརྒྱ་རྙེད་པ་བས ཀརཥ་པ་ཎ་སྟོང་རྙེད་ཀྱང་ཅི་ཞིག་བྱ། གང་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལྟུང་བ་དང་བྲལ་བ་ལ་བསོད་སྙོམས་གཅིག་ཡོངས་སུ་ལོངས་སྤྱོད་པ་ཕུལ་ན་མཆོག་ཏུ་འགྱུར་རོ། །དེའི་ཚེ་ན་ཚེ་དང་ལྡན་པ་མ་འགགས་པ་འཁོར་འདུས པ་དེའི་ནང་ན་འདུས་ཤིང་ཚོགས་པར་འགྱུར་ཏེ་འདུག་སྟེ། དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དགེ་སློང་རྣམས་ལ་བོས་ཏེ། ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་དུ་ཉི་མ་རེ་རེ་ཞིང་ཀརཥ་པ་ཎ་བརྒྱ་དང་སྟོང་དང་སྟོང་ཕྲག་བརྒྱ་རྙེད་ཀྱང་ཅི་ཞིག བྱ་གང་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལྟུང་བ་དང་བྲལ་བ་ལ་བསོད་སྙོམས་གཅིག་ཡོངས་སུ་སྤྱད་པར་ཕུལ་ན་ཆེས་མཆོག་ཏུ་འགྱུར་ཏེ། ཚེ་དང་ལྡན་པ་དག་བ་ར་ཎཱ་སེ་འདི་ཉིད་དུ་སྐྱེས་བུ་དབུལ་པོ་རྩཝ་ཐུབ་ཞིག་ཏུ་གྱུར་པ མངོན་པར་དྲན་ཏེ། དེ་ནད་པར་ལངས་ཏེ་ཟོང་བ་ཐོགས་ནས་རྩཝ་ཐུ་བའི་ཕྱིར་བ་ར་ཎཱ་སེ་ནས་འགྲོ་སྟེ། དེའི་ཚེ་ན་རང་སངས་རྒྱས་སྟེང་གནས་ཞེས་བྱ་བ་ཞིག་བ་ར་ཎཱ་སེ་ན་ཉེ་བར་རྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་སྔ་དྲོ་ཆོས་གོས་དང ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ཀྱི་ཕྱིར་པཱ་རཱ་ན་སེར་བཞུགས་སོ། །བཅོམ་ལྡན་འདས་དེ་ཞུགས་པ་དག་འགྲོ་བས་མཐོང་ཞིང་བདག་འགྲོ་བ་ཡང་བཅོམ་ལྡན་འདས་དེ་ཞུགས་པར་མཐོང་ངོ། །དེ་ནས་ང་མྱུར་བར་རྩཝ་ཁུར་བུ་གང་ཁྱེར་ནས་བཱ་རཱ་ན་སེར ཞུགས་སོ། །བཅོམ་ལྡན་འདས་དེ་ཇི་ལྟར་བ་ར་ཎཱ་སེར་ལྷུང་བཟེད་བཀྲུས་ཏེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དེ་བཞིན་དུ་ཕྱིར་བྱུང་བར་གྱུར་ཏེ། བསོད་སྙོམས་གཅིག་ཀྱང་མ་བརྙེས་སོ། །བཅོམ་ལྡན་འདས་དེ་བྱུང་ནས་གཤེགས་པས་བདག་ཞུགས་པ མཐོང་ནས་འདི་སྙམ་དུ་སྐྱེས་བུ་འདི་འགྲོ་བ་ཡང་བདག་ཞུགས་པས་མཐོང་ཞིང་ད་ལྟར་སྐྱེས་བུ་ཞུགས་པ་ཡང་བདག་འགྲོ་བས་མཐོང་བ་ལས་ན་སྐྱེས་བུ་འདི་ངེས་པར་ཟད་ཀྱི་བྱ་བ་མ་བྱས་སོ། །ཞེས་དགོངས་ནས་ངའི་ཕྱེ་བཞིན་དུ་འབྲངས་སོ། །དེ་ནས་བདག རང་གི་ཁང་པར་ཕྱིན་ནས་རྩཝའི་ཁུར་བུ་ཕྱོགས་གཅིག་ཏུ་གཞག་ནས་རྒྱབ་ཏུ་བལྟས་པ་དང། བཅོམ་ལྡན་འདས་དེ་སྒོའི་དྲུང་ནས་བཞུགས་པ་མཐོང་ངོ། །མཐོང་ནས་བདག་འདི་སྙམ་དུ་བཅོམ་ལྡན་འདས་འདི་བདག་འགྲོ་བས་མཐོང་ཞིང་བདག་འགྲོ་བ ཡང་བཅོམ་ལྡན་འདས་འདི་ཞུགས་པས་མཐོང། བདག་ཞུགས་པ་ཡང་འདི་འགྲོ་བས་མཐོང་ལ། འདི་འགྲོ་བས་ཀྱང་བདག་ཞུགས་པ་མཐོང་ལ་ད་ལྟར་འདིའི་སྒོ་དྲུང་ན་བཞུགས་པ་མཐོང་བ་ལས་ན་འཕགས་པ་འདིས ངེས་པར་ཟས་ཀྱི་བྱ་བ་མ་བྱས་ཀྱིས་གང་བདག་གི་ཕྱིར་བཞག་པའི་ཟས་དེ་དག་བཅོམ་ལྡན་འདས་འདི་ལ་བསོད་སྙོམས་དབུལ་བར་བྱའོ་སྙམ་ནས་དེ་ནས་བདག་གིས་མྱུར་བ་མྱུར་བར་བཅོམ་ལྡན་འདས་ཀྱིས་གདན་བཤམས་ཏེ། བཅོམ་ལྡན འདས་དེ་ལ་འདི་སྐད་ཅེས་བཅོམ་ལྡན་འདས་གདན་བཤམས་པ། ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ཞེས་སྨྲས་ནས་བཅོམ་ལྡན་འདས་གདན་བཤམས་པ་ཇི་ལྟ་བ་བཞིན་དུ་བཞུགས་པ་དང། དེ་ནས་ངེས་བདག་གི་ཕྱིར་བཞག་པའི་ཟས དག་བཅོམ་ལྡན་འདས་དེ་ལ་བསོད་སྙོམས་ཕུལ་བ་དང་བཅོམ་ལྡན་འདས་དེས་བདག་ལ་འདི་སྐད་ཅེས་ཀྱེ་སྐྱེས་བུ་དེ་ལས་ཕྱེད་བདག་ལ་བསོད་སྙོམས་ཕུལ་ལ་ཕྱེད་ཁྱོད་བཟའ་བར་གྱིས་ཤིག་དང། འོ་སྐོལ་གཉིས་ཀའི་བཀྲེས་པ ཟློག་པར་འགྱུར་རོ་ཞེས་སྨྲས་སོ། །བདག་གིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་ཁྱིམ་ན་གནས་ཤིང་གཞི་བ་པ་དག་སྟེ། བདག་ཅག་ལ་ཏིལ་དང་འབྲས་དང་མོང་གུ་ཡོད་ལ་མ་ཤ་ཡང་ཡོད་ཅིང། བཙུན་པ་བདག་ཅག་ནི་དུས་དང་དུས་མ ཡིན་པར་ཟ་བ་ཡང་ལགས་ཀྱིས་བཅོམ་ལྡན་འདས་ནི་དུས་སུ་གསོལ་ཞིང་དུས་སུ་བཞེད་ལ་དུས་བསྡུད་པ་ལགས་ཀྱིས་བཅོམ་ལྡན་འདས་ཐུགས་བརྩེ་བར་དགོངས་ལ་བདག་ལ་བསོད་སྙོམས་འདི་བ་ཞེས་སུ་གསོལ། །དེ་ནས བཅོམ་ལྡན་འདས་དེས་ཐུགས་བརྩེ་བར་བདག་ལ་བསོད་སྙོམས་དེ་བཞེས་སོ། །དེ་ནས་བཅོམ་ལྡན་འདས་དེ་བསོད་སྙོམས་པ་ཞེས་ཏེ། ལྷུང་བཟེད་ཐོགས་ནས་དེ་བཞིན་དུ་ནམ་མཁའ་ལ་གཤེགས་སོ། །ཚེ་དང་ལྡན་པ་དག་ངས་མངོན་པར ཤེས་ཏེ། བདག་ནི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་ལན་བདུན་གྱི་བར་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་བཟང་པོའི་རིགས་སུ་སྐྱེས་ཤིང་ལན་བདུན་གྱི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཛའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ།། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེ་ལ་བདག་གི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུའི་རང་བཞིན་དག་བྱུང་སྟེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང། གླང་པོ་རིན་པོ་ཆེ་དང། རྟ་རིན་པོ་ཆེ་དང། ནོར་བུ་རིན་པོ་ཆེ་དང། བུད་མེད་རིན་པོ་ཆེ་དང། ཁྱིམ་བདག་རིན པོ་ཆེ་དང། དམག་དཔོན་རིན་པོ་ཆེ་རྣམས་སོ། །དཔའ་བ། བརྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པའི་བུ་སྟོང་ཚང་བ་ཡང་བྱུང་བར་གྱུར་ཏེ། །རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་འདི་མ་ལུས་པར་གནོད་པ་མེད་ཅིང འཚེ་བ་མེད་པ་ལ་དབྱུག་པ་དང། མཚོན་ཆ་མེད་ལ་ཆོས་ཀྱིས་རྣམ་པར་རྒྱལ་ནས་གནས་པར་གྱུར་ཏོ། །བདག་ནི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་ད་ལྟར་ཤཱཀྱའི་རིགས་ཕྱུག་པོ་རྣམས་སུ་སྐྱེས་ཏེ། བརྒྱ་ཕྲག་དུ་མ་དང། སྟོང་ཕྲག་དུ་མ་དང བརྒྱ་སྟོང་ཕྲག་དུ་མའི་གསེར་དང་ས་ལེ་སྦྲམ་དག་བཏང་ནས་རབ་ཏུ་བྱུང་ན། དངོས་པོ་ངན་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། བདག་ནི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་?དོན་དུ་གཉེར་བ་དང་ཚོགས་ཆུང་ངུ་ཆོས་གོས་ཡོངས་སུ་ལོངས སྤྱོད་ཅིང་བསོད་སྙོམས་དང། ན་བའི་གསོས་སྨན་དང། མལ་ཆ་དང། སྟན་དང། འཚོ་བའི་ཡོ་བྱད་དག་དོན་དུ་གཉེར་བ་དང། ཚོགས་ཆུང་ངུས་ཡོངས་སུ་ལོངས་སྤྱོད་དོ། །ཚེ་དང་ལྡན་པ་དག་བདག་གིས་བཅོམ་ལྡན་འདས་དེ་དེ་ལྟར་མཐུ་དང་བྱིན་གྱིས བརླབས་ཆེ་བར་ཤེས་ནས་བྱ་བ་མང་དུ་བྱེད་པར་འགྱུར་བའི་གནས་ཡོད་ཅིང་སྐབས་ཡོད་དོ། །གང་ཡང་ཉེས་པར་སྤྱད་པ་རྣམ་པ་གསུམ་ལས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ། དབྱངས་དང་བཅས་དང་ཉེ་བར་འཁོར། །བརྒྱ་བྱིན་དྲིས་ལན་ས་ག་དང།། སུམ་ཅུ་དཔེ་དང་དེ་ཡི་ཕྱེད། །ཚོམས་སུ་ཡང་དག་སྡེབས་པ་ཡིན་ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་ཉེ་བར་འཁོར་གྱི་མདོ་ལས་ཏེ། དེ་ནས་ཁྱིམ་བདག་ཉེ་བར་འཁོར་གཅེར་བུ་པ་གཉེན་གྱི་བུས་བརྩོན་པར་བྱས་པས ན་ལཱནྡྲར?་འོངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ལྷན་ཅིག་ཡང་དག་པར་དགའ་བར་གྱུར་པ་དང། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས གཅིག་ཏུ་འདུག་ནས་ཁྱིམ་བདག་ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་གལ་ཏེ་སྐབས་འབྱེད་ན་ཕྱོགས་འགའ་ཞིག་འདྲིའོ། །ཁྱིམ་བདག་ཇི་ལྟར་བཟོད་པ་བཞིན་དུ་དྲིས་ཤིག་།གཽ་ཏ་མ་གཅེར་བུ་དཀའ་ཐུབ་ཅན ཡུན་རིང་པོ་ནས་འོངས་སམ་ཁྱིམ་བདག་འོངས་སོ། །གཽ་ཏ་མ་ཡུན་རིང་པོའི་གཅེར་བུ་དཀའ་ཐུབ་ཅན་དང་གཽ་ཏ་མ་ལྷན་ཅིག་པར་སྐབས་སུ་གཏམ་གཞན་བརྗོད་པ་དག་བྱུང་བར་གྱུར་ཏམ། ཁྱིམ་བདག་བྱུང་ངོ། །གཽ་ཏ་མ་དེའི་ཕྱིར་གཽ་ཏ་མ་དང་ཡུན་རིང་པོར གཅེར་བུ་དཀའ་ཐུབ་ཅན་ལྷན་ཅིག་པར་སྐབས་སུ་གཞན་བརྗོད་པ་བྱུང་བ་དེ་དག་ཐམས་ཅད་རྒྱས་པར་བདག་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུན་རིང་པོར་གཅེར་བུ་དཀའ་ཐུབ་ཅན་དང་བར་སྐབས་སུ་གཏམ་གཞན་བརྗོད་པ་དེ ཐམས་ཅད་ཁྱིམ་བདག་ཉེ་བར་འཁོར་ལ་རྒྱས་པར་བཤད་དོ། །བཤད་ནས་ཁྱིམ་བདག་ཉེ་བར་འཁོར་ཡིད་དགའ་ཞིང་རབ་ཏུ་དགའ་ནས་ལུས་ཀྱི་སྟོང་བརྟེག་ནས་ལག་པ་གཡས་པ་བརྐྱང་ནས་ཆེད་དུ་བརྗོད་པ་འདི་སྐད་དུ་བརྗོད་པ་འདི་སྐད་དུ་ཆེད་དུ བརྗོད་དེ། དཀའ་ཐུབ་ཅན་ལེགས་སོ། །ཇི་ལྟར་སྟོན་པའི་ཉན་ཐོས་མཁས་པ་གསལ་བ་དུལ་བ་མི་འཇིགས་པར་སྨྲ་བ། སྟོན་པའི་བསྟན་པ་བ་ཤེས་པས་ལུས་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོ་ཉིད་དུ་བཅས་ཤིང་ངག་དང ཡིད་ཀྱི་ཉེས་པར་སྤྱོད་པ་དེ་དེ་ལྟར་མ་ཡིན་ཏེ། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རོ་དང་འདྲ་བས་ཅི་ཞིག་བྱེད་པར་འགྱུར་ཞེས་ལུས་ཀྱི་ཉེས་པར་སྤྱོད་པ་ལས་བརྩམས་ཏེ་རགས་པ་ཉིད་དུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཉེ་བར་འཁོར་ལ འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཁྱིམ་བདག་ཁྱོད་བདག་དང་ལྷན་ཅིག་འདི་ན་བར་སྐབས་ཀྱི་གཏམ་བརྗོད་པ་ནི་དེ་གལ་ཏེ་ཁྱེད་ཀྱིས་བདེན་པར་རྟོག་ཅིང་བཟོད་ལ་མི་ཁྲོ་འམ། བདག་གཽ་ཏ་མ་ཁྱོད་དང་ལྷན་ཅིག་པར་སྐབས་ཀྱི་གཏམ་གཞན་བརྗོད་པ་ན བདག་བཅོམ་ལྡན་འདས་ལ་བདེན་པར་རྟོག་ཅིང་བཟོད་ལ་མི་ཁྲོའི། ཁྱིམ་བདག་འདི་ལྟ་སྟེ་གཅེར་བུ་པ་ཐུན་བཞི་པ་ཐུན་བཞི་པའི་སྡོམ་པ་ཅན་དེ་འགྲོ་བ་ན་སྲོག་ཆགས་ཕྲ་ཞིང་ཕྲ་མོའི་ཚོགས་དག་མང་པོ་དག་འཚོ་བ་དང་ཕྲལ་སྟེ། གཅེར་བུ་པ་གཉེན་གྱི་བུ དེའི་འབྲས་བུ་ནི་ཅི་ཞིག་རྣམ་པར་སྨིན་པ་ནི་ཅི་ཞིག་ཡིན་པར་ཤེས། གཽ་ཏ་མ་བསམ་བཞིན་དུ་བྱས་པས་ཁ་ན་མ་ཐོ་བ་ཆེན་པོར་མི་འགྱུར་རོ། །གལ་ཏེ་བསམས་བཞིན་དུ་ན་ནི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་རོ། །ཁྱིམ་བདག་བསམས་བཞིན་དུ་ཞེས བྱ་བ་གང་ལ་བྱ། གཽ་ཏ་མ་ཡིད་ཀྱི་ལས་སོ། །ཁྱིམ་བདག་ཡིད་ཀྱིས་བྱས་པ་ཡིད་ཀྱིས་བྱས་པ་ཞེས་ལུང་སྟོན་ན་སྔ་མ་དང་ཕྱི་མ་མི་མཐུན་ཞིང་ཕྱི་མ་དང་སྔ་མ་མི་མཐུན་པར་འགྱུར་རོ། །འཁོར་གྱི་ནང་དུ་འདི་ལྟ་བུའི་ངོ་བོ་བཤད་དེ། ལུས་ཀྱི་ཉེས་པར སྤྱོད་པ་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོ་སྟེ། ངག་གི་ཉེས་པར་སྤྱོད་པ་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། ངག་གི་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དག་གིས་ཅི་ཞིག་བྱེད་པར་འགྱུར་ཞེས ལུས་ཀྱི་ཉེས་པར་སྤྱོད་པ་ལས་བརྩམས་ཏེ་ཁ་ན་མ་ཐོ་བ་རགས་པ་ཉིད་དུ་བསྟན་ཏོ། །འདི་ལྟ་སྟེ་ཁྱིམ་བདག་གཅེར་བུ་པ་ཐུན་བཞི་པ་ཐུན་བཞིན་པའི་སྡོད་པ་ཅན་ཆུ་དྲོན་མོ་རྡེག་ཅིང་ཆུ་གྲང་མོ་མི་འདོད་པ་དེ་འཆི་བའི་དུས་ན་ཆུ་གྲང་མོ་འདོད་ཀྱང ཆུ་གྲང་མོ་མ་རྙེད་ནས་དུས་བྱེད་པར་འགྱུར་རོ། །གཅེར་བུ་པ་གཉེན་གྱི་བུ་དེའི་འགྲོ་བ་ནི་གང་སྐྱེ་བ་ནི་གང། འཇིག་རྟེན་ཕ་རོལ་ཏུ་གདགས་པ་ནི་གང་གཽ་ཏ་མ་ཡིད་ཆགས་པ་ཞེས་བྱ་བ་ནི་ལྷ་གང་ན་པ་དེར་སྐྱེ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེའི་སེམས་དེ་ལ་བཅིངས་བཞིན་དུ་དུས་ལས་འདས་པའི་ཕྱིར་རོ། །ཁྱིམ་བདག་ཡིད་ཀྱི་བྱས་པ་ཡིད་ཀྱིས་བྱས་པ་ཞེས་ལུང་སྟོན་ན་སྔ་མ་དང་ཕྱི་མ་མི་མཐུན་ཞིང་ཕྱི་མ་དང་སྔ་མ་མི་མཐུན་པར་འགྱུར་ཏེ། འཁོར་གྱི་ནང་དུ་འདི་ལྟ་བུའི རང་བཞིན་བཤད་དེ། ལུས་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོ་སྟེ། ངག་གི་ཉེས་པར་སྤྱོད་པ་དང། ཡིད་ཀྱི་ཉེས་པར་སྤྱོད་པ་ནི་ད་ལྟ་མ་ཡིན་ཏེ། ངག་གི་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དང། ཡིད་ཀྱི་ཉེས་པར་སྤྱོད་པ་རོ་དང་འདྲ་བ དག་གིས་ཅི་ཞིག་བྱེད་པར་འགྱུར་ཞེས་ལུས་ཀྱི་ཉེས་པར་སྤྱོད་པའི་ལས་བརྩམས་ཏེ་ཁ་ན་མ་ཐོ་བ་རགས་པ་ཉིད་དུ་བསྟན་ཏོ། །ཁྱིམ་བདག་འདི་ལྟ་སྟེ། ན་ལཱནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ལ། དེ་ནས་ལག་ན་རལ་གྲི་དང་ཕུབ་ཐོགས་པའི་སྐྱེས་བུ་འགའ་ཞིག་འོངས་ནས་འདི་སྐད་དུ་འདི་ལྟར་ན་ལཱནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་པོ་དང་མི་མང་པོས་གང་བ་འདི་ཉིན་ཞག་གཅིག་ལ་བརླག་ཅིང་ཉམས་པར་བྱའོ། །དོན་མ་ཡིན་ པ་ཨས་ཕོངས་པར་བྱའོ་ཞེས་སྨྲ་ན་ཁྱིམ་བདག་འདི་ལྟ་བུ་སེམས་པའི་སྐྱེས་བུ་སྟོབས་དང་ལྡན་པ་དེས་ན་ལཱནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་ཉིན་ཞག་གཅིག་ལ་བརླག་པ་དང་ཉམས་པ་དང་དོན་མ ཡིན་པས་འཕོངས་པར་བྱ་བར་ནུས་སམ། གཽ་ཏ་མ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། ན་ལཱནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་ཚོགས་ཆུང་ངུས་སྐྱེས་བུ་གཅིག་གིས་བརླག་པ་དང་ཉམས བ་དང་དོན་མ་ཡིན་པས་ཕོངས་པར་བྱ་བར་མི་ནུས་ཏེ། གཉིས་དང་གསུམ་དང་བདུན་གྱིས་ཀྱང་བརླག་པ་དང། ཉམས་པ་དང། དོན་མ་ཡིན་པས་ཕོངས་པར་བྱ་བར་མི་ནུས་ཏེ། གཞན་དུ་ན་སྐྱེས་བུ་དེ་ནི་ཕོངས་ཤིང་དུག་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ། །ཁྱིམ་བདག འདི་ལྟ་སྟེ། ན་ལཱནྡྲ་འདི་ལྟར་འབྱོར་ཅིང་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ལ་ཕྱི་རོལ་དུ་མུ་སྟེགས་པའི་དྲང་སྲོང་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་འགའ་ཞིག་འོངས་ནས་འདི་སྐད་དུ་ན་ལཱནྡྲ་འབྱོར་པ་རྒྱས་པ་བདེ་བ་ལོ ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བདེ་ཡིད་སྐད་ཅིག་ཙམ་ཁྲོས་པས་བརླག་པར་བྱའོ། །ཉམས་པ་དང་དོན་མ་ཡིན་པས་ཕོངས་པར་བྱའོ། །ཐལ་བར་བྱའོ་ཞེས་སྨྲ?་ན། ཁྱིམ་བདག་འདི་ཅི་སྙམ་དུ་སེམས། སྟོབས་དང་ལྡན་པའི་ཕྱི་རོལ་མུ་སྟེགས་པའི ད་རང་སྲོང་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེས་ན་ལཱནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་པོ་དང་མི་མང་པོས་གང་བ་འདི་སྐད་ཅིག་ཙམ་ཡིད་ཁྲོས་པས་བརླག་པ་དང་ཉམས་པ་དང་དོན་མ་ཡིན་པས་ཕོངས་པ་དང་ཐལ་བར་བྱ་བར ནུས་སམ། གཽ་ཏམ་ཕྱི་རོལ་མུ་སྟེགས་པའི་དྲང་སྲོང་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་དེས་ན་ལཱནྡྲ་ཙམ་ཡིད་ཁྲོས་པས་ཀྱང་ན་ལཱནྡྲ་དང་གྲོང་དང་གྲོང་ཁྱེར་གྱི་ཕྱོགས་གཅིག་དང། ལྗོངས་དང་ལྗོངས་ཀྱི་ཕྱོགས་གཅིག་ཀྱང་སྲེག་པར་བྱེད་པར འགྱུར་ན། ར་དང་འདྲ་བའི་ན་ལཱནྡྲ་ལྟ་སྨོས་ཀྱང་ཅི་དགོས། ཁྱིམ་བདག་ཡིད་ཀྱིས་བྱས་པ་ཞེས་ལུང་སྟོན་ན་སྔ་མ་དང་ཕྱི་མ་མི་མཐུན་ཞིང་ཕྱི་མ་དང་སྔ་མ་མི་མཐུན་ཏེ། འཁོར་གྱི་ནང་དུ་འདི་ལྟ་བུའི་རང་བཞིན་བཤད་དེ། ལུས་ཀྱི་ཉེས་པར་སྤྱད་པ ཐམས་ཅད་ཁ་ན་མ་ཐོ་བ་ཆེན་པོ་སྟེ། གང་གི་ཉེས་པར་སྤྱད་པ་དང། ཡིད་ཀྱི་ཉེས་པར་སྤྱད་པ་ནི་དེ་ལྟ་མ་ཡིན་ཏེ། ངག་གི་ཉེས་པར་སྤྱད་པ་རོ་དང་འདྲ་བ་དང། ཡིད་ཀྱི་ཉེས་པར་སྤྱད་པ་རོ་དང་འདྲ་བ་དག་གིས་ཅི་ཞིག་བྱེད་པར་འགྱུར ཞེས་ལུས་ཀྱི་ཉེས་པར་སྤྱད་པ་ལས་བརྩམས་ཏེ་རགས་པ་ཉིད་དུ་བསྟན་ཏོ། །ཁྱིམ་བདག་དབྱིག་པ་ཅན་གྱི་དགོན་པ་དང། ཀ་ལིངྒའི་དགོན་པ་དང། མ་ཏངཀའི་དགོན་པ་དེ་སྟོངས་པར་གྱུར་ཅིང་དགོན་པར་གྱུར་པ་དག་འགའ་ ཞིག་ལས་ཐོས་སམ། གཽ་ཏ་མ་ཐོས་ལགས་སོ། །དབྱིག་པ་ཅན་གྱི་དགོན་པ་དང། ཀ་ལིངྒའི་དགོན་པ་དང་མ་ཏངཀའི་དགོན་པ་དེ་དག་ཅིས་སྟོང་པར་གྱུར་ཅིང་དགོན་པར་གྱུར། དེ་སྐད་ཅེས་བཀའ་སྩལ་པ་དང། ཁྱིམ་བདག་ཉེ་བར་འཁོར་ཅད་མི་སྨྲ་བར་གྱུར་ཏོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཉེ་བར་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ལུང་སྟོན་ཅིག་།ལུང་སྟོན་ཅིག་།ཅིའི་ཕྱིར་ཁ་རོག་འདུག་།འཁར་གྱི་ནང་དུ་འདི་ལྟ་བུའི་རང་བཞིན་དག་སྨྲ་སྟེ། གཽ་ཏ་མ་དང་བདག་ལྷན་ཅིག་པར་སྐབས ཀྱི་གཏམ་བརྗོད་པ་ན་གཽ་ཏ་མ་ལ་བདག་བདེན་པར་རྟོག་ཅིང་བཟོད་ལ་མི་ཁྲོའོ་ཞེས་སྨྲས་ནས་ཁ་རག་པར་འདུག་གམ། གཽ་ཏ་མ་བདག་དོན་འདི་ཉིད་སེམས་ཤིང་ཁ་རོག་འདུག་སྟེ། ཇི་ལྟར་ད་ལྟར་བདག་གཅེར་བུ་པ་བྱིས་པ་རྨོངས་པ་མི་གསལ་བ མི་མཁས་པས་ཡུན་རིང་པོར་བདག་བསླུས་སོ། །བསྒྲིབས་ཤིང་འཁྲུལ་དུ་བཅུག་སྟེ། འདི་སྐད་དུ་ལུས་ཀྱི་ཉེས་པར་སྤྱོད་པ་ཐམས་ཅད་ལ་ཁ་ན་མ་ཐོ་བ་ཆེན་པོ་སྟེ། ངག་གི་ཉེས་པར་སྤྱོད་པ་དང་ཡིད་ཀྱི་ཉེས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །ངག་གི་ཉེས པར་སྤྱོད་པ་རོ་དང་འདྲ་བ་དང། ཡིད་ཀྱི་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དག་གིས་ཅི་ཞིག་བྱེད་པར་འགྱུར་ཞེས་ལུས་ཀྱི་ཉེས་པར་སྤྱོད་པ་ལས་བརྩམས་ཏེ། ཁ་ན་མ་ཐོ་བ་རགས་པ་ཉིད་དུ་བསྟན་ཏོ། གཽ་ཏ་མ་དྲང་སྲོང་རྣམས་ཡིད་ཁྲོས་པས་དེ་ལྟར གྱུར་ཏོ་ཞེས་ཐོས་སོ། །འདི་ནས་བཟུང་སྟེ་གཽ་ཏ་མ་ལ་མངོན་པར་དང་ངོ། །ལོག་པར་ལྟ་བ་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མེད་པར་ལྟ་བ་ནི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན་ལོག་པར ལྟ་བ་ཅན་གྱི་སྐྱེས་བུའི་ལུས་ཀྱི་ལས་དང། དེ་བཞིན་དུ་ལྟ་བའི་ངག་དང་ཡིད་ཀྱི་ལས་དང་དོན་དུ་གཉེར་བ་དང། སྨོན་ལམ་དང་དེའི་རྗེས་སུ་འཇུག་པའི་ཆོས་འདུ་བྱེད་ཐམས་ཅད་ཀྱང་མི་འདོད་པ་མངོན་པར་འགྲུབ་པར་བྱེད་པ། མི་སྡུག་པ་དང། མི་དགའ་བ་དང། ཡིད་དུ་མི་འོང་བ་དང། ཡིད་དུ་མི འཐད་པ་དང། མངོན་པར་མི་དགའ་བ་ཉིད་སྒྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྟ་བ་དེ་ནི་སྡིག་པ་ཅན་ཏེ་འདི་ལྟར་ལོག་པར་ལྟ་བའོ། །འདི་ལྟ་སྟེ་ནི་མ་པའི་ས་བོན་ནམ་ཀུ་བ་ཁ་ན་ཏེ་མའི་ས་བོན་ནམ། ཀོ་ཤ་ཏའི་ས་བོན་དག་ཞིང་བཟང་ཞིང་གཤིན་པའི་ས་ཕྱོགས་སུ་བཏབ་ན གང་སའི་བཅུད་ནི་སས་ལེན་ཅིང། ཆུའི་ནི་ཆུས། མེའི་ནི་མེས། རླུང་གིའི་ནི་རླུང་གིས་བླངས་ནས་དེ་ཐམས་ཅད་ཁ་བ་དང་ཚ་བ་དང་རོ་མེད་པ་ཅན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ས་བོན་རོ་ཁ་བ་དང་ཚ་བ་དང་རོ་མེད་པ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལེག་པར་ལྟ་བ་ནི མཆོག་ཏུ་ཁ་ན་མ་ཐོ་བ་ཆེན་པོའོ། །ལོག་པར་ལྟ་བ་ཅན་གྱི་སྐྱེས་བུའི་ལུས་ཀྱི་ལས་དང། དེ་བཞིན་དུ་ལྟ་བའི་ངག་དང་ཡིད་ཀྱི་ལས་དང། དོན་དུ་གཉེར་བ་དང། སྨོན་ལམ་དང་དེའི་རྗེས་སུ་མཐུན་པའི་ཆོས་འདུ་བྱེད་ཐམས་ཅད་ཀྱང་མི་འདོད་པ་མངོན་པར་འགྲུབ་པར་བྱེད། མི་སྡུག་པ དང། མི་དགའ་བ་དང། ཡིད་དུ་མི་འོང་བ་དང། ཡིད་དུ་མི་འཐད་པ་མངོན་པར་འགྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྟ་བ་དེ་ནི་སྡིག་པ་ཅན་ཏེ་འདི་ལྟར་ལོག་པར་ལྟ་བའོ། །དགེ་སློང་དག་ཡང་དག་པའི་ལྟ་བ་ནི་ཁ་ན་མ་ཐོ་བ་མེད་པའི་མཆོག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར ལྟ་བ་ཅན་གྱི་སྐྱེས་བུའི་ལུས་ཀྱི་ལས་དང། ངག་དང་ཡིད་ཀྱི་ལས་དང། དེའི་དོན་དུ་གཉེར་བ་དང། སྨོན་ལམ་དང། དེའི་རྗེས་སུ་མཐུན་པའི་ཆོས་འདུ་བྱེད་ཐམས་ཅད་ཀྱང་འདོད་པར་མངོན་པར་འགྲུབ་པར་བྱེད་བསྡུགས་དང། དགའ་བ་དང་ཡིད་དུ་འོངས་པ་དང་ཡིད་དུ འཐད་པ་མངོན་པར་འགྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྟ་བ་དེ་ནི་དགེ་བའོ། །འདི་ལྟ་སྟེ། བུ་རམ་ཤིང་གི་ས་བོན་ནམ། འབྲས་ཀྱི་ས་བོན་ནམ། རྒུན་འབྲུའི་ས་བོན་དག་ཞིང་བཟང་ཞིང་གཤིན་པ་ལ་བཏབ་ན་དེའི་གང་དང་གང་སའི་བཅུད་ནི་སས་ལེན་ཅིང ཆུའི་ནི་ཆུས་མེའི་ནི་མེས། རླུང་གིའི་ནི་རླུང་གིས་བླངས་ནས་དེ་ཐམས་ཅད་མི་ཁ་ཞིང་མི་ཚ་ལ་རོ་དང་བཅས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ས་བོན་མི་ཁ་ཞིང་མི་ཚ་ལ་རོ་དང་བཅས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར ལྟ་བ་ནི་ཁ་ན་ཐོ་བ་མེད་པའི་མཆོག་ཡིན་ནོ། །ཡང་དག་པར་ལྟ་བ་ཅན་གྱི་ལུས་ཀྱི་ལས་དང། དེ་བཞིན་དུ་ལྟ་བའི་ངག་དང་ཡིད་ཀྱི་ལས་དང་དེའི་དོན་དུ་གཉེར་བ་དང། སྨོན་ལམ་དང་དེའི་རྗེས་སུ་མཐུན་པའི་འདུ་བྱེད་ཀྱི་ཆོས་ཐམས་ཅད་ཀྱང་འདོད་པ་མངོན་པར་འགྲུབ་པར བྱེད་པ། སྡུག་པ་དང་དགའ་བ་དང་ཡིད་དུ་འོང་བ་དང་ཡིད་དུ་འཐད་པ་བསྒྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་ལྟ་བ་དེ་ནི་དགེ་བའོ། །དམན་པའི་ཆོས་ནི་བསྟན་མི་བྱ། །བག་མེད་པ་དང་གནས་མི་བྱ། །འཇིག་རྟེན་འཕེལ་བར་མི་བྱ་སྟེ། །ལོག་པར་ལྟ་ཅན་འདོད མི་བྱ། །འཇིག་རྟེན་པ་ཡི་ཡར་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་སྐྱེ་བ་སྟོང་དུ་ཡང། །ངན་འགྲོར་འགྲོ་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཇི་སྐད་དུ་གྲོང་དཔེན་ངས་འདི་ནས་བཟུང་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དགེ་སློང་གི་དགེ འདུན་མང་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་དང། དགེ་བསྙེན་སྟོང་དང། སློང?་མོ་ཟ་བ་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་གྲོང་ནས་གྲོང་དུ་དང། གྲོང་ཁྱེར་ནས་གྲོང་ཁྱེར་དང་ལྗོངས་ནས་ལྗོངས་རྒྱུ་ཞིང་ན་ལཱནྡྲ་གང་ན་བ་དེར་གཤེགས་ན་ལཱནྡྲའི་ཨ མྲས་བསྐོར་བའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཆེན་པོ་བརྒལ་བར་དཀའ་ཞིང་སློང་མོ་པས་ཟས་དག་རྙེད་པར་དཀའ་བ་བྱུང་བར་གྱུར་ཏོ། །དེ་ནས་གཅེར་བུ་པའི་དགེ་བསྙེན་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་ཞིག་གཅེར་བུ་ཕ་གང་ན་པ་དེར་ཉེ བར་སོང་སྟེ། ཉེ་བར་སོང་ནས་གཅེར་བུ་པའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་པ་དང། གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་དེ་ལ་གཅེར་བུ་པ་དག་གིས་འདི་སྐད་ཅེས་སྨྲས། །གྲོང་དཔོན་གང་གི་ཕྱིར་ངོས་གཉིས ལ་བུག་པ་ཡང་པའི་ལྕགས་ཀྱི་ཐུ་ལུམ་ལྟ་བུའི་དགེ་སྦྱོང་གཽ་ཏ་མས་དྲི་བ་དྲིས་ནས་ལུང་བསྟན་པར་ཡང་མི་ནུས་བསྟན་པར་བྱ་བ་མ་ཡིན་པར་ཡང་མི་ནུས་པའི་རྩོད་པ་དག་བྱ་བར་ནུས་སམ། འཕགས་པ་དག་ཇི་ལྟར་ན་ངོས་གཉིས་ལ་བུག་པ་གཉིས་ཡོད་པའི་ལྕགས་ཀྱི་ཐུ ལུམ་ལྟ་བུའི་དགེ་སྦྱོང་གཽ་ཏ་མས་དྲི་བ་དྲིས་ན་ལུང་བསྟན་པར་ཡང་མི་ནུས། ལུང་བསྟན་པར་བྱ་བ་མ་ཡིན་པར་ཡང་མི་ནུས་པའི་རྩོད་པ་དག་ཇི་ལྟར་ལགས། གྲོང་དཔོན་ཁྱོད་དགེ་སྦྱོང་གཽ་ཏ་མ་གང་ན་བ་དེར་ཉེ་བར་སོང་ལ་ཉེ་བར་སོང་ནས་འདི་སྐད་ཅེས་སྨྲོས་ཤིག་།དགེ་སྦྱོང གཽ་ཏ་མ་ཁྱོད་ཁྱིམ་གྱི་སྐྱེ་བ་སེམས་སམ་ཁྱིམ་གྱི་བསྔགས་པ་དག་བརྗོད་པར་བྱེད་དམ། གལ་ཏེ་དེ་མ་ཡིན་ནོ་ཞེས་ཟེར་ན་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་ལྟར་ན་གཽ་ཏ་མ་ཁྱོད་དང་ཕྱིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཁྱད་པར་ཅི་ཞིག་ཡོད། གལ་ཏེ་དེ་དེ་བཞིན་ནོ་ཞེས་ཟེར་ན འདི་སྐད་དུ་བརྗོད་པར་བྱ་སྟེ། དགེ་སྦྱོང་གཽ་ཏ་མ་ཁྱོད་ད་ལྟར་མུ་གེ་ཆེན་པོ་བརྒལ་བར་དཀའ་ཞིང་སློང་མོ་པས་ཟས་དག་རྙེད་པར་དཀའ་བ་བྱུང་བ་ན་དགེ་སློང་གི་དགེ་འདུན་མང་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་དང་དགེ་བསྙེན་སྟོང་དང་སློང་མོ་པ་ཟ་བ་ལྔ བརྒྱ་ཙམ་དང་ལྷན་ཅིག་ཏུ་གྲོང་ནས་གྲོང་དུ་གྲོང་ཁྱེར་ནས་གྲོང་ཁྱེར་དུ་ལྗོངས་ནས་ལྗོངས་སུ་རྒྱུ་ཞིང་གཽ་ཏ་མ་ཁྱིམ་རྣམས་ལ་སེར་བ་བཞིན་དུ་རྒྱུ་ཞིང་གནོད་པ་བྱེད་ལ་ཁྱིམ་གྱི་སྐྱེ་བོ་འཇོམས་པར་བྱེད། གཽ་ཏ་མ་འདི་ནི་མི་རིགས་པ་འདི་ནི་མི་འདྲ་བ་འདི་ནི་མི་འཐད་པའོ ཞེས་གྲོང་དཔོན་འདི་སྐད་དུ་སྨྲས་ན་ངེས་གཉིས་ན་བུ་གཡོད་པའི་ལྕགས་ཀྱི་ཐུ་ལུམ་ལྟ་བུའི་དགེ་སྦྱོང་གཽ་ཏ་མས་དྲིས་ན་ལུང་བསྟན་པར་ཡང་མི་ནུས་བསྟན་པར་བྱ་བ་མ་ཡིན་པར་ཡང་མི་ནུས་པའི་རྩོད་པར་འགྱུར་རོ། །འཕགས་པ་དག་ནུས་ལགས་སོ། །དེ་ནས་གཅེར བུ་པའི་ཉན་ཐོས་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་གཅེར་བུ་པས་བསྐུལ་ནས་ན་ལཱནྡྲ་གན་བ་དེར་སོང་སྟེ། བཅོམ་ལྡན་འདས་གལ་བ་དེར་ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང། ཡང་དག་པར་བདེ་བར་འགྱུར པའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏ་ཕྱོགས་གཅིག་ཏུ་འདུག་གོ་། ཕྱོགས་གཅིག་ཏུ་འདུག་ནས་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཁྱོད་ཁྱིམ་རྣམས་ཀྱི་སྐྱེ་བ་རྟོག་པར་བྱེད་དམ་ཁྱིམ་བདག་གིས བསྔགས་པ་བརྗོད་པར་བྱེད་དམ། གྲོང་དཔོན་དེ་བཞིན་གཤེགས་པ་ནི་ཡུན་རིང་མོ་ནས་ཁྱིམ་རྣམས་ཀྱི་སྐྱེ་བ་བརྟན་པར་མཛད་ཅིང་ཁྱིམ་བདག་རྣམས་ཀྱི་བསྔགས་པ་བརྗོད་པར་མཛད་དོ། །གཽ་ཏ་མ་ཁྱོད་ད་ལྟར་མུ་གེ་ཆེན་པོ་བརྒལ་བར་དཀའ་ཞིང་སློང་མོ་པ་དག་གིས་ཟས་དག རྙེད་པར་དཀའ་བ་བྱུང་བ་ན་དགེ་སློང་གི་དགེ་འདུན་མང་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་དང། དགེ་བསྙེན་སྟོང་དང། སློང་མོ་པ་ལྔ་བརྒྱ་ཙམ་དང་ཐབས་གཅིག་ཏུ་གྲོང་ནས་གྲོང་དང་གྲོང་ཁྱེར་ནས་གྲོང་ཁྱེར་དང། ལྗོངས་ནས་ལྗོངས་སུ་རྒྱུ་ཞིང། ཁྱིམ་རྣམས་ལ་སེར་བ་བཞིན་དུ་གནོད་པ་བྱེད་དམ། ཁྱིམ་གྱི་སྐྱེ་བ་བཅོམ་པར་བྱེད་དམ། གཽ་ཏ་མ་འདི་ནི་མི་རིགས་པ་འདི་ནི་མི་འདྲ་བ་འདི་ནི་མི་འཐད་པའོ། །གྲོང་དཔོན་ངས་འདི་ནས་བཟུང་སྟེ། བསྐལ་པ་དགུ་བཅུ་རྩ་གཅིག་ཡང་དག་པར་རྗེས་སུ དྲན་ཏེ། ཟས་སྦྱིན་པ་སྟེར་བར་བྱ་བའི་ཕྱིར་ཁྱིམ་གང་ལ་ཡང་མི་བདེ་བ་དང་ཉམ་ང་བ་དང་གནོད་པར་མངོན་པར་མི་མཁྱེན་ཏོ། །གྲོང་དཔོན་འོན་ཀྱང་ཁྱེད་ཀྱི་མཐོང་ངམ། ཁྱིམ་རྣམས་ཕྱུག་པ་དང་ནོར་མང་པོ་དང། ཡོ་བྱད་རབ་ཏུ་མང་བ་དང། ཕའི་ནོར་མང་བ་དང། ནོར་དང་གསེར་དང་ས་ལེ་སྦྲམ་དང། མཛོད་དང་བང་བ་དང་ཁྱིམ་གྱི་ཆོགས་མང་པོ་དང། བྲན་ཕོ་དང་བྲན་མོ་དང་ལས་བྱེད་པའི་སྐྱེས་བུ་མང་པོ་དང། གཉེན་བཤེས་དང། སྣག་གི་གཉེན་མཚམས་མང་པོ དང་ལྡན་པ་དག་མཐོང་ངམ། དེ་དག་ནི་ཡུན་རིང་པོའི་དགེ་བ་ལས་བྱུང་བ། བདེན་པ་ལས་བྱུང་བ། ཉེ་བར་ཞི་བ་ལས་བྱུང་བའོ། །གྲོང་དཔོན་བརྒྱད་པོ་འདི་དག་ནི་ཁྱིམ་རྣམས་འཇིག་ཅིང་སྐྱེ་བར་མི་འགྱུར་བའི་རྐྱེན་བརྒྱད་དེ། བརྒྱད་གང ཞེན། གྲོང་དཔོན་རྒྱལ་པོ་ནི་ཁྱིམ་འཇོམས་པར་བྱེད་པའོ། །རྐུན་པོ་དང། མེ་དང། ཆུ་དང། གཏེར་དང། ལས་ཀྱི་མཛའ་དང། མི་དགའ་བས་སྒྲོ་འདོགས་པ་དང། བུད་མེད་གང་གིས་ཁྱིམ་དང། ཁྱིམ་གྱི་ཡན་ལག་རྣམས་དོན་མ་ཡིན་པས་ཕོངས་པར་བྱེད་ཅིང་སྐྱེར་མི་སྟེར་བའོ། །གྲོང དཔོན་མི་རྟག་པ་ཞེས་བྱ་བ་བརྒྱད་པ་ཡང་ངས་བསྟན་པར་བྱས་ཏེ། གྲོང་དཔོན་གང་ཁ་ཅིག་རྒྱུ་དང་རྐྱེན་བརྒྱད་པོ་སྤངས་ནས་འདི་སྐད་དུ་དགེ་སྦྱོང་གཽ་ཏ་མ་ནི་ཁྱིམ་རྣམས་ལ་གནོད་པར་རྟོག་ཅིང་སྐྱེ་བར་མི་རྟོག་པའོ་ཞེས་སྨྲ་ན། དེའི་ཚིག་དེ་ལྟ་བ་མ་སྤངས་ཤིང་འདོད་པ་དང་བཟོད པ་དང་ལོག་པའི་རྣམ་པར་རྟོག་པ་མ་སྤངས་པ་སྟེ། མདའ་ཐུར་དུ་འཕངས་པ་ལྟར་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་བ་དང། གྲོང་དཔོན་ལག་ན་རལ་གྲི་ཐགས པ་དུ་ཞིང་མཆི་མ་འཛག་སྟེ། དེ་ནས་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་དུ་ཞིང་མཆི་མ་ཟག་བཞིན་དུ་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་ཕྱག་བྱེད་ཅིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡིག་པ་བགྱིས་སོ། །བདེ་བར་གཤེགས་པ་སྡིག་པ་བགྱིས་སོ། ཇི་ལྟར་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པར་གྱུར་པས་གཽ་ཏ་མ་ལ་མི་བདེན་པ་གསོག་རྫུན་དུ་སྨྲ་བས་སླད་པར་བགྱིས་སོ། །གཽ་ཏ་མ་དེ་བདག་གིས་སྡིག་པར་མཐོང་ཞིང་སྡིག་པར་ཤེས་ནས་མཐོལ་ལགས་ཏེ། གཽ་ཏ་མ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། གྲོང་དཔོན་བདེན་ཏེ་སྡིག་པ་ལ་སྡིག་པར་མཐོང་ནས་སྡིག་པར་བཤགས་སམ། ཇི་ལྟར་བྱིས་པ་མི་གསལ་བ་མི་མཁས་པར་གྱུར་པས་གཽ་ཏ་མ་ལ་མི་བདེན་པ་གསོག་རྫུན་དུ་སྨྲ་བས་སྨད་པར་བྱས་པ་དེ་གང་གི་ཕྱིར་གྲོང་དཔོན་ཁྱོད་ཀྱིས་མི་རིགས་པར་མཐོང་ཞིང མཐོང་ནས་བཤགས་ཏེ། ཕྱིས་མི་བྱེད་པའི་སྡོམ་པ་འཛིན་ན་མི་འཕེལ་ཞིང་སྤོང་ལ་དག་པའི་ཆོས་རྣམས་ཉམས་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། གྲོང་དཔོན་གང་ཁ་ཅིག་སྡིག་པ་ལ་སྡིག་པར་མཐོང་ཞིང་ཤེས་ནས་མཐོལ་ཞིང་ཕྱིས་མི་བྱེད་པའི་སྡོམ་པ་འཛིན་ན་ མི་འཕེལ་ཞིང་སྤོང་ལ་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་རོ། །དེ་ནས་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱིས དྲུང་ནས་སོང་ངོ། །བསོད་ནམས་བྱ་བའི་དངོས་པོ་ནི་རྣམ་པ་གསུམ་སྟེ། ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བསོད་ནམས་བྱ་བའི་དངོས་པོ་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི? དངོས་པོ་དང། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། ཁ་ཅིག་སྦྱིན་པ་པོར་འགྱུར་ཏེ། དགེ་སྦྱོང་ངམ བྲམ་ཟེ་དང་སྙིང་རྗེ་བ་དང་སློང་བ་དང་ལམ་དུ་ཞུགས་བ་དག་ལ་འདི་ལྟ་སྟེ་ཟས་དང་སྟོན་མོ་དང་གོས་དང་ཕྲེང་བ་དང་དྲི་དང་བྱུག་པ་དང་ཁྲི་དང་སྒྲོན་མ་དག་སྦྱིན་པར་བྱེད་པ་སྟེ། འདི་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། ། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། འདི་ན་ཁ་ཅིག་སྲོག་གཅོད་པ་ལས་ལོག་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། རྫུན་དུ་སྨྲ་བ་དང། འབྲུའི་ཆང་དང་བཅས་པའི་ཆད་མྱོས པར་འགྱུར་བ་བག་མེད་པའི་གནས་སྤོང་ཞིང་འབྲུའི་ཆད་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལོག་པར་གྱུར་པའོ། །འདི་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །བསྒོམ་པ་ལས བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། འདི་ན་ཁ་ཅིག་བྱམས་པ་དང་ལྷན་ཅིག་པར་གྱུར་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་ཐམས་ཅད་དུ་ཁྱབ་པ་ཚད་མེད་པ་ལེགས་པར་བསྒོམས་པས་ཕྱོགས གཅིག་ཏུ་རྒྱས་པར་ཁྱབ་པར་ཁྱབ་ནས་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་གསུམ་པ་དང་བཞི་པ་དང་སྟེང་དང་འོག་དང་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་བྱམས་པ་དང། ལྷན་ཅིག་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ། ཡངས པ་ཐམས་ཅད་དུ་ཁྱབ་པ་ཚད་མེད་པ་ལེགས་པར་བསྒོམས་པས་རྒྱས་པར་ཁྱབ་པར་བྱས་ཏེ། བསྒྲུབས་ནས་གནས་སོ། །སྙིང་རྗེ་དང་དགའ་བ་དང། བཏང་སྙོམས་དང་ལྷན་ཅིག་པར་གྱུར་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ། ཡངས་པ་ཐམས ཅད་དུ་སོང་བ་ཆད་མེད་པ་ལེགས་པར་བསྒོམས་པས་ཕྱོགས་གཅིག་ཏུ་རྒྱས་པར་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ། །དེ་བཞིན་དུ་གཉིས་པ་དང་གསུམ་པ་དང་བཞི་པ་དང་སྟེང་དང་འོག་དང་ཐད་ཀའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཏང་སྙོམས་དང་ལྷན ཅིག་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་ཐང་དུ་སོང་བ་ལེགས་པར་བསྒོམ་པས་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ། །འདི་ན་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །དགེ་སློང་ངག་དེ་ལ་སྦྱིན པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་པས་ལོངས་སྦྱོད་ཆེན་པོ་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་མཐོ་རིགས་སུ སྐྱེ་བར་འགྱུར་རོ། །བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བརྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་བྲལ་བ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་ཐ་མར་བདེ་འབྱུང་བའི། །ཆོས་ཉིད་རྗེས་སུ་བསླབ་པར་བྱ། །སྦྱིན་པ་དང་ནི་ཚུལ་ཁྲིམས་དང། །བྱམས་པའི་སེམས་ནི་བསྒོམ་པར་བྱ། །ཆོས་གསུམ་དག་ནི་བསྒོམ་བྱས་ནས། །རྟག་ཏུ བདེ་བ་འཐོབ་ཅིང་ལྡན། །མཁས་པ་གནོད་མེད་བདེ་བ་ཡི། །འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ ཞིང་རྗེས་སུ་ཡི་རང་དེ། །སྦྱིན་བདག་ཁྱད་འཕགས་དང་སོགས་ཀྱིས་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྐྱེས་བུ་དམ་པའི་སྦྱིན་པ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་དག་མཐུན་མ་པ་དེད་པས་སྦྱིན་པ་སྦྱིན་པར་བྱེད། གུས་པར་བྱས ཏེ་དང། རང་གི་ལག་ནས་དང། དུས་སུ་དང། གཞན་ལ་མི་གནོད་པ་སྦྱིན་པ་སྦྱིན་པར་བྱེད་དོ། །དགེ་སློང་དག་དད་པས་སྦྱིན་པའི་སྦྱིན་པ་པོའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། ཀུན་དགའ་བོ་དད་པས་སྦྱིན་ན་ཕྱུག་པོར་འགྱུར་ཏེ། ནོར་མར་ཞིང་ལོངས་སྤྱོད་ཆེ བ་དང་། ཉེ་བར་འཁོ་བ་མང་བ་དང། ནང་གི་མང་པོ་དང། ནོར་དང་འབྲུ་དང་གསེར་དང་ས་ལེ་སྦྲམ་དང། བང་མཛོད་ཀྱི་ཚོགས་མང་པོ་དང། གཡོག་པོ་དང་གཡོག་མོ་དང་ལས་བྱེད་པའི་མི་མང་པོ་དང། གྲོགས་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང པོ་དང་ལྡན་པར་འགྱུར་རོ། །དགེ་སློང་དག་དད་བས་སྦྱིན་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟར་འགྱུར་རོ། །དགེ་སློང་དག་གུས་པར་བྱས་ཏེ་སྦྱིན་པའི་སྦྱིན་བདག་གི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། གུས་པར་བྱས་ཏེ་སྦྱིན་པ་བྱིན་ན་ཕྱུག པོར་འགྱུར་རོ། །ཞེས་བྱ་བ་ནས་གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་?་གི་གཉེན་མཚམས་མང་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། ཕ་དང་མ་དང། བུ་དང་གཡོག་པོ་དང། གཡོག་མོ་དང་ལས་བྱེད་པའི་མི་རྣམས་ཀྱིས་གུས་པར་བྱེད པར་འགྱུར་ཞིང་གྲོགས་པོ་དང། མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་དང་རྒྱལ་པོ་དང། ལྷ་དང། སྔོན་འདྲིས་པ་དང། དགེ་སྦྱོང་དང། བྲམ་ཟེ་རྣམས་ཀྱིས་གུས་པར་བྱེད་པར་འགྱུར་བ་སྟེ། དགེ་སློང་དག་གུས་པར་བྱས་ཏེ་སྦྱིན་པ་ནི་སྦྱིན པ་པོ་འབྲས་བུ་རྣམ་པར་སྨིན་པ་དེ་ལྟར་འགྱུར་རོ། །དགེ་སློང་དག་རང་གི་ལག་ནས་སྦྱིན་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། རང་གི་ལག་ནས་སྦྱིན་པ་སྦྱིན་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས་གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས? མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་ལ་སེམས་མངོན་པར་དགའ་བར་འགྱུར་ཞིང་གོས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་པ་དང། ཟས་ཀྱི་ལོངས་སྤྱོད་སྤྱོད་རྒྱ་ཆེན་པོ་དང། མལ་ཆ་དང་སྟན་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དང། ཡིད་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དང། གཟུགས་དང་སྒྲ་དང་དྲི་དང་རོ་དང། རེག་བྱའི་ལོངས་སྤྱོད་རྒྱ་ཆེན་པོ་ལ་སེམས་མངོན་པར་དགའ་བར་འགྱུར། །དགེ་སློང་དག་རང་གི་ལག་ནས་སྦྱིན་བའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟར་འགྱུར་རོ། །དགེ་སློང་དག དུས་སུ་སྦྱིན་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། དུས་སུ་སྦྱིན་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས་གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚོ་མས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། དེའི་ལོངས་སྤྱོད་ཉམས ཤིང་ཞིག་པ་དག་ཀྱང་ཕྱིར་སྐྱེ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དུས་སུ་སྦྱིན་པར་བྱེད་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་ཡིན་ནོ། །དགེ་སློང་དག་གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། གཞན ལ་མི་གནོད་པ་སྦྱིན་པ་སྦྱིན་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས། གྲོགས་པོ་དག་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་ཏུ་སྟེ། གང་གིས་ལོངས་སྤྱོད་མང་སྟེ་བརྩོན་འགྲུས་ཀྱི་མང་པོ་བསགས་ཤིང་རྡུལ དང་དྲི་མས་ལུས་ལ་ཁྱབ་སྟེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྙེད་པ་དེ་དག་རྒྱལ་པོ་འམ། རྐུན་པོ་འམ་མེ་འམ། ཆཱུམ། མི་དགའ་བའི་ཆད་པ་དག་ལས་གང་གིས་ཀྱང་འཕྲོགས་པར་ནུས་པ་མ་ཡིན་ཏེ། དགེ་སློང་དག་གཞན་ལ་མི་གནོད་པར་སྦྱིན་པ་བྱེད་ན སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟར་འགྱུར་རོ། །མཁས་པས་དད་གུས་རང་ལག་ནས། །དུས་སུ་མི་གནོད་སྦྱིན་བྱེད་ན། །སྦྱིན་བདག་སྦྱིན་པ་ཡངས་ཤིང་ཆེ། །བསྐལ་པ་ཆེན་པོ་འབྱུང་བར་འགྱུར་ཞེས་བཀའ་སྩལ་ཏོ། །ཁ་དོག་ལ་སོགས ཕུན་ཚོགས་དང་ས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པ་འདི་དག་སྦྱིན་བ་སྟེ། བཞི་གང་ཞེ་ན། ཁ་དོག་དང་དྲི་དང་རོ་དག་ཕུན་སུམ་ཚོགས་པ་མ་ཡིན་པའི་སྦྱིན་པ་ཡང་ཡོད་པ་ཁ་དོག་ཕུན་སུམ་ཚོགས་པ་ཡིན་ལ་དྲི་དང་རོ་ཕུན་སུམ་ཚོགས པ་མ་ཡིན་པའི་སྦྱིན་པ་ཡང་ཡོད། ཁ་དོག་དང་དྲི་ཕུན་སུམ་ཚོགས་པ་ཡིན་ལ་རོ་ཕུན་སུམ་ཚོགས་པ་མ་ཡིན་པའི་སྦྱིན་པ་ཡང་ཡོད། ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པའི་སྦྱིན་པ་ཡང་ཡོད་དོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་དང་དྲི་དང་རོ་ཕུན་སུམ ཚོགས་པ་མ་ཡིན་པ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་ཕྱུག་པོར་འགྱུར་ཏེ། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང། ཉེ་བར་མཁོ་བ་མང་བ་དང། ཕའི་ནོར་མང་བ་དང། ནོར་དང་འབྲུ་དང་གསེར་དང། ས་ལེ་སྦྲམ་དང་བང་བ་དང་མཛོད་མང་པོ་དང་ལྡན པར་འགྱུར་རོ། །བྲན་ཕོ་དང་བྲན་མོ་དང་ལས་བྱེད་པའི་མི་མང་པོ་དང། གྲོགས་པ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་གྱི། མཛས་ཤིང་གཟུགས་བཟང་བར་མི་འགྱུར་ཏེ། གྲགས་པ་དང་སྟོབས་ཆེ་བ་དང། སྐྱེ་བོ་མང་པོ དགའ་བ་དང་ཡིད་དུ་འོང་བར་མི་འགྱུར་རོ། །དགེ་སློང་དག་འདི་ལྟ་བུའི་སྦྱིན་པ་སྦྱིན་བདག་གི་འབྲས་བུ་རྣམ་པར་སྨིན་པ་འདི་ལྟ་བུར་དེ་བར་བྱའོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་ཕུན་སུམ་ཚོགས་པ་ཡིན་ཞིང་དྲི་དང་རོ་ཕུན་སུམ་ཚོགས་པ་མ་ཡིན པ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་ཕྱུག་པོར་འགྱུར་རོ། །ཞེས་བྱ་བ་ནས། གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་ཏུ་སྟེ། མཛེས་ཤིང་གཟུགས་བཟང་པོར་འགྱུར་གྱི གྲགས་པ་དང། སྟོབས་ཆེ་བ་དང། སྐྱེ་བོ་མང་པོ་དགའ་བ་དང་ཡིད་དུ་འོང་བར་མི་འགྱུར་རོ། །དགེ་སློང་དག་འདི་ལྟ་བུའི་ངོ་བོའི་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པ་འདི་ལྟ་བུར་རེ་བར་བྱའོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་དང་དྲི་ཕུན་སུམ་ཚོགས་པ་ཡིན་ལ་རོ་ཕུན་སུམ་ཚོགས པ་མ་ཡིན་པ་དེ་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས། མཛའ་བོ་དང་གྲོགས་པོ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་ཞིང་མཛེས་ཤིང་གཟུགས་བཟང་བ་དང། གྲགས་པ་དང་སྟོབས་ཆེ་བ་ཅན་དུ་འགྱུར་གྱི། སྐྱེ་བ མང་པོ་དགའ་བ་དང། ཡིད་དུ་འོང་བར་མི་འགྱུར་ཏེ། དགེ་སློང་དག་འདི་ལྟ་བུའི་ངོ་བོའི་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འདི་ལྟ་བུར་རེ་བར་བྱའོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་དང་དྲི་དང་རོ་དང་རོ་ཕུན་སུམ་ཚོགས་པ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར བྱེད་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས་གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བ་དུ་སྟེ། མཛེས་ཤིང་གཟུགས་བཟང་བ་དང། གྲགས་པ་དང། སྟོབས་ཆེ་བ་དང། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང པར་འགྱུར་ཏེ། དགེ་སློང་དག་འདི་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འདི་ལྟ་བུར་རེ་བར་བྱའོ། །རྣམ་པ་དུ་མ་ཕུན་ཚོགས་ཤིང། །སེར་སྣ་མེད་པར་སྦྱིན་བྱེད་ན། །རྣམ་པ་དུ་མ་ཕུན་ཚོགས་པའི། །རྣམ་པར་སྨིན་པ་སོ་སོར་བསྟེན། །མིག་གིས་ཡིད འོང་གཟུགས་མཐོང་ཞིང། །སྒྲ་དང་དྲི་དང་དེ་བཞིན་རོ། །ལུས་ཀྱི་ཡིད་འོང་རེག་བྱ་དག། སོ་སོར་ཀུན་ཏུ་བསྟེན་པར་འགྱུར། །ལས་ཀྱི་རྣམ་སྨིན་ལས་སྐྱེས་པའི། །ཡིད་ཀྱིས་ཆོས་རྣམས་ཤེས་པ་དང། །ཡིད་དུ་འོང་བ་ཤེས་འགྱུར་གྱི། །ནམ་ཡང་ཡིད་དུ་མི་འོང་མིན།། རྣམ་པ་དུ་མ་ཕུན་ཚོགས་ཤིང། །སེར་སྣ་མེད་པར་སྦྱིན་བྱེད་ན། །རྣམ་པ་དུ་མ་ཕུན་ཚོགས་བའི། རྣམ་པར་སྨིན་པ་སོ་སོར་བསྟེན། །ལྔ་ཚན་ལྔ་པའི་དམིགས་པ་དང། མི་དམིགས་པའི་ཚིགས་སུ་བཅད་པ་དང། མུ་བཞི་པའི་མདོའི་ཚིག་ལས་འདི་དག་ཉེ་བར་བཀོད་པའོ།། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བརྒྱ་ལ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་སེར་སྐྱའི་གཞི་ནྱ་གྲོ་སྟའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མས་གོས་སར་པ་གསེར་གྱི་མདོག ལྟ་བུ་ཟུང་གཉིས་ཁྱེར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་སྐྱེ་དགུའི་བདག་མོ་ཆེན་མོས་བཅོམ་ལྡན་འདས་ལ་འདི སྐད་ཅེས་གསོལ་ཏོ། །བཙུན་པ་གོས་སར་པ་གསེར་གྱི་མདོག་ལྟ་བུ་ཟུང་འདི་གཉིས་བཅོམ་ལྡན་འདས་ཀྱིས་མནབས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་ཕྱིར་དང་ཉིད་ཀྱིས་བགྱིས་པ་ལགས་ཀྱིས། འདི་དག་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ བཞེས་སུ་གསོལ། གཽ་ཏ་མ་འདི་དག་དགེ་འདུན་ལ་ཕུལ་ཅིག། དགེ་འདུན་ལ་ཕུལ་ན་ང་དང་དགེ་འདུན་གྱིས་ལོངས་སྤྱོད་པ་བྱས་པར་འགྱུར་ལམ་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གོས་སར པ་གསེར་གྱི་མདོག་ལྟ་བུ་ཟུང་གཉིས་པོ་འདི་བཅོམ་ལྡན་འདས་ཀྱིས་མནབས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱི་ཕྱིར་རང་ཉིད་ཀྱིས་བགྱིས་པ་ལགས་ཀྱིས་བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་ཀྱང ལན་གཉིས་ལན་གསུམ་དུ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མ་དགེ་འདུན་ལ་ཕུལ་ཅིག། དགེ་འདུན་ལ་ཕུལ་ན་ང་དང་དགེ་འདུན་གྱིས་ལོངས་སྤྱོད་བ་བྱས་པར་འགྱུར་རོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས ཀྱིས་རྒྱབ་ལོགས་ན་རླུང་ཡང་ཐོགས་ཏེ། བཅོམ་ལྡན་འདས་ལ་རླུང་གཡོབ་ཅིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མ་ནི་བཅོམ་ལྡན་འདས ལས་ན་པ་མང་པོ་བྱེད་པ་སྟེ། བཅོམ་ལྡན་འདས་བཙས་མ་ཐག་ཏུ་ཡུམ་སྒྱུ་མ་དུས་ལས་འདས་ཏེ། རང་གི་ནུ་མ་བསྣུན་ཅིང་གསོས་ཆེར་བསྐྱེད་པ་ལགས་ཀྱིས། བཅོམ་ལྡན་འདས་ཐུགས་བརྩེ་བར་དགོངས་ཏེ་གོས་སར་བ་གསེར་གྱི་མདོག་ལྟ་བུ་ཟུང་གཉིས་པོ་འདི་སྐྱེ་དགུའི བདག་མོ་ཆེན་མོ་ལས་བཞེས་སུ་གསོལ། ཀུན་དགའ་བོ་དེ་དེ་བཞིན་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མ་ནི་ང་ལ་ཕན་པ་མང་པོ་བྱེད་པ་བཙས་མ་ཐག་ཏུ་ཡུམ་སྒྱུ་མ་དུས་ལས་འདས་ཏེ་རང་གི་ནུ་མ་བསྣུན་ཞིང་གསོས་ཆེར་བསྐྱེད་པ་ཡིན་མོད་ཀྱི། འོན་ཀྱང་ང་ཡང སྐྱེ་དགུའི་བདག་མོ་ཆེན་མོ་ལ་ཕན་པ་མང་པོ་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དགེ་བའི་བཤེས་གཉེན་ང་དང་ཕྲད་པས་སྐྱེ་དགུའི་བདག་མོ་ཆེན་མོ་སངས་རྒྱས་ལ་མངོན་པར་དད་ཅིང་ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང། སངས་རྒྱས་ལ་སྐྱབས་སུ་སོང ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང། སངས་རྒྱས་ལ་མཛའ་གཅིག་ཏུ་ངེས། ཆོས་དང་དགེ་འདུན་ལ་མཛའ་གཅིག་ཏུ་ངེས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཐེ་ཚོམ་དང་ཡིད་གཉིས་དང་བྲལ། སྡུག་བསྔལ་དང། ཀུན་འབྱུང་དང། འགོག་པ་དང་ལམ་མ་ཐེ་ཚོམ དང་ཡིད་གཉིས་དང་བྲལ། བདེན་པ་མཐོང་ཞིང་ཕྱིར་མི་འོང་བའི་འབྲས་བུ་རྟོགས་ཏེ་ཀུན་དགའ་བོ་གང་ཟག་གང་ཞིག་གང་ཟག་གང་ཞིག་དང་ཕྲད་པས་སངས་རྒྱས་ལ་མངོན་པར་དང། ཆོས་དང་དགེ་འདུན་ལ་མངོན་པར་དང། སངས་རྒྱས་ལ་སྐྱབས་སུ་སོང། ཆོས་དང དགེ་འདུན་ལ་སྐྱབས་སུ་སོང། སངས་རྒྱས་ལ་མཛའ་གཅིག་ཏུ་ངེས། ཆོས་དང་དགེ་འདུན་ལ་མཛའ་གཅིག་ཏུ་ངེས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཐེ་ཚོམ་དང་ཡིད་གཉིས་དང་བྲལ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཐེ་ཚོམ་དང་ཡིད་གཉིས དང་བྲལ། བདེན་པ་མཐོང་ཞིང་ཕྱིར་མི་འོང་བའི་འབྲས་བུ་མངོན་པར་རྟོགས་ཏེ། གང་ཟག་དེ་ལ་གང་ཟག་འདིས་ཇི་སྲིད་འཚོའི་བར་དུ་འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང། སྟན་དང། ན་བའི་གསོས་སྨན་དང། ཉེ་བར་བྱས་པ་ཐམས་ཅད ཀྱིས་ལན་གླན་པར་སླ་བ་མ་ཡིན་ནོ། །ཀུན་དགའ་བོ་དགེ་འདུན་དུ་གྱུར་པའི་ཡོན་གནས་དང་གང་ཟག་ནི་བཅུ་བཞི་ཡོད་དེ། དགེ་འདུན་དུ་གྱུར་པ་ཡོན་གནས་བདུན་གང་ཞེ་ན། སངས་རྒྱས་ལ་མངོན་དུ་ཕྱོགས་ཏེ་དགེ་སློང་གི་དགེ་འདུན་ལ་སྦྱིན པ་བྱིན་ན་དགེ་འདུན་ཡོན་གནས་ཡིན་ནོ། །དགེ་སློང་གི་དགེ་འདུན་ལ་སྦྱིན་པ་སྦྱིན་ན་དགེ་འདུན་ཡོན་གནས་ཡིན་ནོ། །དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་བྱིན་པར་བྱེད་ན་ཡང་དགེ་འདུན་ཡོན་གནས་ཡིན་ནོ། །གཉི་གའི་དགེ་འདུན་ལ་སྦྱིན་པ་བྱིན་པར་བྱེད་ན་དགེ་འདུན ཡོན་གནས་ཡིན་ནོ། །དགེ་སློང་གི་དགེ་འདུན་འདི་ཙམ་གཤེགས་ཤིག་ཅེས་སྦྱིན་པ་སྦྱིན་པར་བྱེད་ན་ཡང་དགེ་འདུན་ཡོན་གནས་ཡིན་ནོ། །དགེ་སློང་མའི་དགེ་འདུན་འདི་ཙམ་གཤེགས་ཤིག་ཅེས་སྦྱིན་པ་སྦྱིན་པར་བྱེད་ན་ཡང་དགེ་འདུན་ཡོན་གནས་ཡིན་ནོ། །གཉི་གའི་དགེ འདུན་ལ་འདི་ཙམ་གཤེགས་ཤིག་། ཅེས་སྦྱིན་པ་སྦྱིན་པར་བྱེད་ན་དགེ་འདུན་ཡོན་གནས་ཡིན་ནོ་ཞེས་པ་དང། ཀུན་དགའ་བོ་མ་འོངས་པའི་དུས་ན་སའི་རིགས་ཞེས་བྱ་བ་ལ་མགུལ་བ་ཆོས་གོས་ཚལ་བུ་ཐོགས་པ་དག་འབྱུང་བར་འགྱུར་ཏེ། དེ་ལ་ཡང་བྲམ་ཟེ་དང ཁྱིམ་བདག་གང་ཞིག་གིས་དགེ་འདུན་མངོན་པར་བྱས་ནས་བསམས་ཤིང་དགེ་འདུན་དུ་དམིགས་ནས་སྦྱིན་པ་དག་གཏོང་བར་འགྱུར། བསོད་ནམས་དག་བྱེད་པར་འགྱུར། དེ་ཡང་བསོད་ནམས་ཀྱི་སྒོར་འགྱུར་རོ། །ཞེས་བ་སྨྲའོ། །ད་ལྟར་གྱི་དགེ་འདུན་ལ་བཟོད པ་ཕུན་སུམ་ཚོགས་པ། མཛེས་པ་ཕུན་སུམ་ཚོགས་པ། ཞི་བ་ཕུན་སུམ་ཚོགས་པ། དུལ་བ་ཕུན་སུམ་ཚོགས་པ། སྐྱོད་ཡུལ་ཕུན་སུམ་ཚོགས་པ། སྤྱོད་ལམ་ཕུན་སུམ་ཚོགས་པ། སྤྱོད་ཡུལ་དང་སྤྱོད་ལམ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་སྦྱིན་པའི་དུས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བར་བྱ་བ། ཕྱག་གི་འོས་སུ་གྱུར་བ། འཇིག་རྟེན་གྱི་བླ་ན་མེད་པའི་ཡོན་གནས་ལ་ལྟ་སྨོས་ཀྱང་ཅི་ཞིག་དགོས། ཀུན་དགའ་བོ་ཕྱི་རལ་བ་ལ་སྦྱིན་པ་དང། ལེགས་པར་སྦྱིན་པ་དང། མཆོད་སྦྱིན་དང། སྦྱིན་པའི་ཞིང་དུ་གྱུར་པ་ཇི་ལྟར་དགེ་སློང་གི་དགེ་འདུན་ཡང་དག་པར་རྗེས་སུ་ངས་མ་མཐོང་ངོ། །ཀུན་དགའ་བོ་འཕགས་པའི? དགེ་འདུན་ལ་བྱ་བ་ཆུང་ངུ་བྱས་ཀྱང་མ་འོངས་པའི་དུས་ན་འབྲས་བུ་ཆེན་པོ་དང་རྗེས་སུ་བསྔགས་པ་ཆེ་ཞིང་རྒྱ་ཆེ་བར་འགྱུར་རོ། །གང་ཟག་རྣམ་པ་བཅུ་བཞི་གང་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག སོ་སོ་གཡོན་གནས་ཡིན་ནོ། །རང་སངས་རྒྱས་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །དགྲ་བཅོམ་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན གང་ཟག་སོ་སོ་གཡོན་གནས་ཡིན་ནོ། །ཕྱིར་མི་འོང་བ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་ལ་སྦྱིན་པ སྦྱིན་པར་བྱེད་ན། གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །རྒྱུན་ཏུ་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །རྒྱུན་ཏུ ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །སྐྱེས་བུ་གང་ཟག་ཚུལ་ཁྲིམས དང་ལྡན་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཚུལ་ཁྲིམས་འཆལ་བའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །དུད་འགྲོར་སོང་བའི་སྲོག་ཆགས་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན གནས་ཡིན་ནོ། །ཀུན་དགའ་བོ་དེ་ལ་དུད་འགྲོར་སོང་བའི་སྲོག་ཆགས་དག་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་བའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་སྦྱིན་ན་རྣམ་པར་སྨིན་པ་སྟོང་འགྱུར དུ་རེ་བར་བྱའོ། །ཚུལ་ཁྲིམས་དང་ལྡན་པའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འབུམ་འགྱུར་དུ་རེ་བར་བྱའོ། །ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་བྱེ་བ་འབུམ་འགྱུར དུ་ར་བར་བྱའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་ཚད་མེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི ཕྱིར་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ལན་ཅིག་ཕྱིར་འོང་བ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ཕྱིར་མི་འོང་བ་ལ་བྱིན་ན་ཆེས་ཚད་མེད་དོ།། དེ་བས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་དགྲ་བཅོམ་པ་ལ་བྱིན་ན་ཆེས་ཚད་མེད་དོ། །རང་སངས་རྒྱས་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འབུལ བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་སྦྱིན་པ་བཞི་པོ་འདི་དག་ནི་སྦྱིན་པ་དག་པར་བྱེད་པ་བཞི་སྟེ། བཞི་གང་ཞེ་ན། སྦྱིན་པ་པོ་ཡོངས་སུ་དག་ལ་ལེན་པ་ཡོངས་སུ་མ་དག་པའི་སྦྱིན་པ་ཡང་ཡོད། །ལེན་པ་ཡོངས་སུ་དག་ལ་སྦྱིན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་ཡང་ཡོད། སྦྱིན་པ་པོ་ཡང་ཡོངས་སུ་མ་དག་ཅིང་ལེན་པ་པོ་ཡང་ཡོངས་སུ་མ་དག་པའི་སྦྱིན་པ་ཡང་ཡོད། སྦྱིན་པ་པོ་ཡང་ཡོངས་སུ་དག་ལ་སྦྱིན་པ་ལེན་པ་པོ་ཡང་ཡོངས་སུ་དག་པའི་སྦྱིན་པ་ཡང་ཡོད་དོ། །སྦྱིན་པ་པོ་ཡང་ཡོངས་སུ་དག་པ་ལ་ལེན་པ་པོ་ཡང་ཡོངས་སུ་མ་དག་པའི་སྦྱིན་པ གང་ཞེ་ན། ཀུན་དགའ་བོ་འདི་ནི་སྦྱིན་པའི་བདག་པོ་ཚུལ་ཁྲིམས་དང་ལྡན་པ་སྡོམ་པས་བསྡམས་པ། ལུང་མཐོང་ན་འབྲས་བུ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྦྱིན་པ་ཡང་ཡོད་དོ། །སྦྱིན་པ་སྦྱིན་ན་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་ལ། ལེན་པ་པོ་ཚུལ་ཁྲིམས་འཆལ ཅིང་སྡོམ་པས་མ་བསྡམས་ལ་ལུང་མ་མཐོང་ལ་འབྲས་བུ་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །སྦྱིན་པ་སྦྱིན་ན་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་སྨྲ་བ་སྟེ། འདི་ནི་སྦྱིན་པ་པོ་ཡོངས་སུ་དག་ལ་ལེན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་ཞེས་བྱའོ། ལེན་པ་པོ ཡོངས་སུ་དག་ལ་སྦྱིན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་གང་ཞེ་ན། ཀུན་དགའ་བོ་འདི་ནི་སྦྱིན་པའི་བདག་པོ་ཚུལ་ཁྲིམས་འཆལ་ཅིང་སྡོམ་པས་མ་བསྡམས་ཤིང་ལུང་མ་མཐོང་ལ་འབྲས་བུ་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྨད་དུ་སྨྲོས་ཏེ། སྦྱིན་པ་མེད་དོ། །སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་མེད ཞེས་སྨྲ་ལ། ལེན་པ་པོ་ཚུལ་ཁྲིམས་དང་ལྡན་པ་སྡོམ་པས་བསྡམས་ཤིང་ལུང་མཐོང་ལ་འབྲས་བུ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་ཡོད་དོ་སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་སྟེ། འདི་ནི་ལེན་པ་པོ་ཡོངས་སུ་དག་ལ་སྦྱིན་པ་པོ་ཡོངས་སུ མ་དག་པའི་སྦྱིན་པ་ཞེས་བྱའོ། །སྦྱིན་པ་པོ་ཡང་ཡོངས་སུ་མ་དག་ལ་ལེན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་གང་ཞེ་ན། ཀུན་དགའ་བོ་འདི་ནི་སྦྱིན་པ་པོ་ཚུལ་ཁྲིམས་འཆལ་ཅིང་སྡོམ་པས་མ་བསྡམས་ལ་ལུང་མ་མཐོང་ཞིང་འབྲས་བུ་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་སྨྲ་ལ། ལེན་པ་པོ་ཡང་ཚུལ་ཁྲིམས་འཆལ་ཅིང་སྡོམ་པས་མ་བསྡམས་ལ་ལུང་མ་མཐོང་ཞིང་འབྲས་བུ་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །སྦྱིན་པ བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །ཞེས་སྨྲ་སྟེ། འདི་ནི་སྦྱིན་པ་པོ་ཡང་ཡོངས་སུ་མ་དག་ལ་ལེན་པ་པོ་ཡང་ཡོངས་སུ་མ་དག་པའི་སྦྱིན་པ་ཞེས་བྱའོ། །སྦྱིན་པ་པོ་ཡང་ཡོངས་སུ་དག་ལ་ལེན་པ་པོ་ཡང་ཡོངས་སུ་དག་པའི་སྦྱིན་པ་གང་ཞེ་ན། ཀུན་དགའ་བོ་འདི་ནི སྦྱིན་པ་པོ་ཚུལ་ཁྲིམས་དང་ལྡན་པ་སྡོམ་པས་བསྡམས་ཤིང་ལུང་མཐོང་ལ་འབྲས་བུ་མཐོང་ནས་འདི་ལྟར་བལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་ཡོད་དོ། །སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་ལ། ལེན་པ་པོ་ཡང་ཚུལ ཁྲིམས་དང་ལྡན་ལ་སྡོམ་པས་བསྡམས་ཤིང་ལུང་མཐོང་ལ་འབྲས་བུ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་ཡོད་དོ། །སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་སྟེ། འདི་ནི་སྦྱིན་པ་ཡང་ཡོངས་སུ་དག་ལ་ལེན་པ་པོ་ཡང་ཡོངས་སུ་དག་པའི་སྦྱིན་པ ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ཤིང། བདེ་བར་གཤེགས་པས་དེ་སྐད་ཅེས་བཀའ་སྩལ་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞིག་ཁྲིམས་ལྡན་ཆོས་ཤེས་དང། །ལས་འབྲས་རྣམ་པར་སྨིན་དད་པས། །ཚུལ་ཁྲིམས སྤངས་ལ་སྦྱིན་བྱེད་ན། །སྦྱིན་འདི་སྦྱིན་པ་དག་དག་ཅེས་བྱ། །གང་ཞིག་ཁྲིམས་བྲལ་ཆོས་མི་ཤེས། །ལས་འབྲས་རྣམ་སྨིན་དང་མི་བྱེད། །ཚུལ་ཁྲིམས་ལྡན་ལ་སྦྱིན་བྱེད་ན། །སྦྱིན་འདི་ལེན་པ་དག་ཅེས་བྱ། །གང་ཞིག་ཁྲིམས་བྲལ་ཆོས་མི་ཤེས། །ལས་འབྲས་རྣམ སྨིན་དང་མི་བྱེད། །ཚུལ་ཁྲིམས་སྤངས་ལ་སྦྱིན་བྱེད་ན། །སྦྱིན་འདི་འབྲས་བུར་ཆེར་མི་བརྗོད། །གང་ཞིག་ཁྲིམས་ལྡན་ཆོས་ཤེས་དང། །ལས་འབྲས་རྣམ་པར་སྨིན་དད་པས། །ཚུལ་ཁྲིམས་ལྡན་ལ་སྦྱིན་བྱེད་ན། །སྦྱིན་འདི་འབྲས་བུ་ཆེ་ཞེས་བརྗོད། །ལས་འབྲས རྣམ་སྨིན་སྔོན་དད་པས། །བྲན་པོ་བྲན་མོ་འམ་བཀྲེན་པ་འམ། །རང་མིན་ཀུན་བཅས་སྦྱིན་བྱེད་ན། །སྦྱིན་འདི་སྐྱེས་བུ་དམ་པས་བསྔགས། །གང་ཞིག་ལུས་ངག་བསྡམས་བདག་ཉིད། །ལག་བརྐྱང་བསོད་སྙོམས་སྤྱོད་པ་ཡི། །འདོད་ཆགས་བྲལ་ལ་ཆགས་བྲལ གྱིས། །སྦྱིན་ན་ཟང་ཟིང་སྦྱིན་པའི་མཆོག་།ཅེས་གསུངས་སོ། །བར་སྡོམ་ལ། དྲན་ཞིང་བཟོད་ལྡན་སྙོམས་ལས་མེད་དོ། །སྤྱོད་དང་གསོང་སྨྲ་ཚུལ་ཁྲིམས་ལྡན། །དེ་བཞིན་དུ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ་བ་ལ། ལུང་བར་མའི་མདོ་བདུན་པ་ལས འདོན་པ། མཛོད་ཀྱི་གནས་འདི་ཉིད་དུ་འཕེལ་དང་ཞེས་བྱ་བ་དེར་ཇི་སྐད་དུ་བྲིས་པར་བལྟ་བར་བྱའོ། །ཕན་འདོགས་པའི་ཁྱད་པར་ལས་ནི་ཕ་དང་མ་སྟེ་ཞེས་བྱ་བ་ལ། མཛའ་བོའི་བུ་མོའི་སྐྱེས་པའི་རབས་ལས་གསུངས་ཏེ། འདི་ལྟར་དེས་ཀརཥ་པ་ཎ་བཞི་དང་བརྒྱད་དང་བཅུ་དྲུག དང་སུམ་ཅུ་རྩ་གཉིས་བྱིན་པ་དང། རྡོག་པ་བསྣུན་པས་དེ་ལ་བཙུན་མོ་རྣམས་ཀྱིས་བསྙེན་བཀུར་བྱས་པ་དང། མགོ་ལ་འཁོར་ལོ་འཁོར་བའི་བདེ་བ་དང་སྡུག་བསྔལ་ཕན་པ་དང། གནོད་པའི་འབྲས་བུ་ཉམས་སུ་མྱོང་ངོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །སེམས་ཅན ཕལ་ཆེར་ཕན་པ་བྱས་ན་གནོད་པ་བྱེད་ལ་དེའི་འབྲས་བུ་མི་འདོད་པ་ཉིད་དུ་ཡང་དག་པར་མཐོང་ནས་དེ་སྤང་བར་བྱ་བའི་ཕྱིར་དོམ་དང་རི་དྭགས་སུ་སྐྱེས་པའི་རབས་དཔེར་བརྗོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་དོམ་དུ་གྱུར་པ་ན་ཞག་བདུན་གྱི་བར་དུ་ཆར་པ་དང་རླུང བྱུང་སྟེ། ཤིང་ཐུན་ཞིག་རང་གི་ཕུག་ཏུ་བཅུག་སྟེ། ལུས་ལ་འཁྱུད་ཅིང་གྲང་བ་བསལ་ཏེ་རྩ་བ་དང་འབྲས་བུའི་ཁ་ཟས་དག་བྱིན་ཏེ། ཆར་པ་དང་རླུང་ཞི་བ་དང་ཐལ་མོ་སྦྱར་ནས་དེས་སྨྲས་པ། ཇོ་བོ་བདག་གིས་ཕན་པའི་ལན་ཅི་བྱ་བ་གསུངས་ཤིག་།དེས་སྨྲས་པ། བདག་ལ་ཕན་པའི་ལན་ཅུང་ཟད་ཀྱང་བྱ་མི་དགོས་ཀྱིས་གཞན་དུ་ན་གཞན་ལ་མ་སྨྲ་བར་གར་འདོད་པར་སོང་ཞིག་ཅེས་སྨྲས་སོ། །དེས་ཤ་ཆ་གཉིས་ལ་ཆགས་པའི་དབང་གིས་རྔོན་པ་ལ་སྨྲས་ཏེ། ཤ་འགྱེད་པར་བྱེད་པའི་སྐལ་པ་ལེན་པར་འདོད་ནས་ལག་པ་བརྐྱང བ་དང་ས་ལ་ལྟུང་བར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་རི་དྭགས་གསེར་གྱི་ལོགས་ཤེས་བྱ་བར་གྱུར་པ་ན། སྐྱེས་བུ་གཞན་ཞིག་འཆིང་བ་དམ་པོས་བཅིངས་ཏེ་ཆུ་བོས་ཁྱེར་བ་ཉམ་ཐག་པའི་སྨྲེ་སྔགས་འདོན་པ་ཞིག་བཏོན་པ་དང། དེ་སྨྲས་པ། ཕན པའི་ལན་ཅི་འདོད་པ་སྨྲོས་ཤིག་། ཁྱོད་ཀྱི་ང་འདི་ན་འདུག་པ་སུ་ལ་ཡང་མ་སྨྲ་ཤིག་དང་འདི་ཙམ་གྱིས་ཕན་པའི་ལས་བྱས་པར་འགྱུར་རོ། །དེ་ནོར་ལ་ཆགས་པས་རྒྱལ་པོ་དབང་པོའི་སྡེ་ཚོལ་བཞིན་པ་ལ། ལྷ་རི་དྭགས་ཀྱི་དབང་པོ་དེ་བདག་གིས་མཐོང ངོ་ཞེས་ལག་པ་བརྐྱང་བ་དང། ལས་དྲག་ཅིང་རྩུབ་པ་རྣམས་ཀྱི་འབྲས་བུ་ནི་མྱུར་དུ་འབྱུང་བས་ལག་པ་ས་ལ་ལྟུང་བར་གྱུར་ཏོ། །སྐྱེས་པའི་རབ་ས་གཉིས་པོ་འདི་དག་ནི་འདུལ་བ་གཞི་ལས་ཇི་ལྟར་ལྷས་བྱིན་བྱས་པ་མི ཤེས་ཤིང་བྱས་པ་མི་རིག་པ་དེ་ཉོན་ཅིག་ཅེས་བྱ་བར་བརྒྱ་བྱིན་དབང་པོ་སྡེ་ཆེན་པོ་ཞེས་བྱ་བའི་སྡོམ་དུ་རྒྱས་པར་འདོན་ཏོ། །མཆོག་ནི་གྲོལ་བས་གྲོལ་བ་ལ་ཞེས་བྱ་བ་ལ། གཽ་ཏ་མའི་མདོའི་མཛའ་ལས་ཚིགས་སུ་བཅད་པ་ཉེ་བར་བཀོད་ལ། རྟོགས་པ་བརྗོད པ་ལས་ཀྱང་འདི་ལྟར་འབྱུང་སྟེ། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་ལྗོངས་གཞན་ཞིག་ནས་དགེ་སློང་ཞིག་མཉན་དུ་ཡོད་པ་འོངས་སོ། །དེ་སྤྱོད་ཡུལ་མི་མཁས་པ་ཞིག་པས་ངའི་བསོད་སྙོམས་གང་ལས་རྙེད་པར་འགྱུར་ཞེས་རྟོག་པ་ན ཏིང་ངེ་འཛིན་མ་རྙེད་པར་གྱུར་ཏོ། །དེ་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་སེམས་ལས་ཆུང་ངུས་དགེ་ཕྱོགས་ལ་སྦྱོར་ཅིག་དང། ངས་ཁྱོད་ལ་བསོད་སྙོམས་སྦྱིན་པར་བྱའོ། །དེ་ནས་དགེ་སློང་དེ་བདག་འདོད་ཆགས་དང་མ་བྲལ་བར་གྱུར་པས ཇི་ལྟར་འདིའི་བསོད་སྙོམས་ཟ་ཞེས་བརྩོན་འགྲུས་བརྩམས་པ་དང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བསོད་སྙོམས་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རིམས་ནད ཅེས་བྱ་བའི་རྒྱལ་པོ་བྱུང་སྟེ། དེ་རྣམ་པར་རྒྱལ་བར་བྱེད་པའི་ཡོན་གནས་ཞིག་བྱུང་སྟེ། དེ་ལྷ་རྣམས་ཀྱིས་འདི་སྐད་དུ་རྒྱལ་པོ་ཆེན་པོ་འདི་ན་རྣམ་པར་རྒྱལ་བར་བྱེད་པའི་ཡོན་གནས་ཞིག་ཡོད་དེ། དེ་ལ་བསོད་སྙོམས་དག་ཕུལ་ཅེས་ཅེས་སྨྲས་པ་དང། དེ་གང་ན་གནས ཞེས་མི་ཤེས་ནས་ཇི་ཙམ་ན་རྒྱལ་པོས་གྲོང་ཁྱེར་སྟོང་ཕྲག་དྲུག་ཅུ་ལོ་སྟོང་ཕྲག་དྲུག་ཅུར་སྦྱིན་པ་དག་བྱིན་ཡང་རང་སངས་རྒྱས་དེ་ལ་བསོད་སྙོམས་གཅིག་ཀྱང་མ་ཕུལ་ཏེ། དེ་ནི་སྔ་དྲོ་བསླང་ནས་དེའི་འོག་ཏུ་ཟའི། དུས་མ་ཡིན་པར་ནི་མི་ཟ་བའི་ཕྱིར་རོ། དགེ་སློང དག་གང་ཡང་རྒྱལ་པོ་དེས་གྲོང་ཁྱེར་སྟོང་ཕྲག་དྲུག་ཅུ་ལ་ལོ་སྟོང་ཕྲག་དྲུག་ཅུར་སྦྱིན་པ་དག་བྱིན་པ་བས་གང་ཡང་ཤཱ་རིའི་བུས་དགེ་སློང་འདི་ལ་སྦྱིན་པ་བྱིན་པ་སྦྱིན་པ་དེ་ནི་སྦྱིན་པ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་ངོ། །བརྒྱད པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །སྦྱིན་པ་ནི་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན། ཉེ་བ་ལ་སྦྱིན་པ་དང། འཇིགས་པ་ལ་སྦྱིན་པ་དང། བདག་ལ་སྦྱིན་པས་སྦྱིན་པ་དང། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང། སྔོན་བདག་གིས་ཕ་དང་མེས་པོ ངག་གིས་བྱིན་པར་སྦྱིན་པ་དང། མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང། གྲགས་པའི་དོན་དུ་སྦྱིན་པ་དང། སེམས་ཀྱིས་རྒྱན་དང། སེམས་ཀྱིས་ཡོ་བྱད་དང། རྣལ་འབྱོར་གྱི་ཚོགས་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་པ་སྟེ། དེ་ལ་གལ་ཏེ་སེམས ཀྱི་རྒྱན་གྱི་དོན་དང། སེམས་ཀྱི་ཡོ་བྱད་དང། རྣལ་འབྱོར་གྱི་ཚོགས་དང། དོན་གྱི་མཆོག་ཐོབ་པར་བྱ་བའི་དོན་ཏུ་སྦྱིན་པ་འདི་ནི་སྦྱིན་པའི་མཆོག་ཅེས་བརྗོད་དོ། །གཙོ་བོ་ཞེས་བརྗོད་དོ། །བླ་མ་ཞེས་བརྗོད་དོ། །འདི་ལྟ་སྟེ། བ་ལས་འོ་མ། འོ་མ་ལས་ཞོ།། ཞོ་ལས་མར་སར། མར་སར་ལས་མར། མར་ལས་མར་གྱི་སྙིང་པོ་ནི་མཆོག་ཅེས་བྱ་བར་བརྗོད་དོ། །གཙོ་བོ་ཞེས་བརྗོད་དོ། །བླ་མ་ཞེས་བརྗོད་དོ། །དེ་བཞིན་དུ་གལ་ཏེ་སེམས་ཀྱི་རྒྱན་གྱི་དོན་དང། སེམས་ཀྱི་ཡོ་བྱད་ཀྱི་དོན་ཞེས་བྱ་བས་ནི་སྔ་མ་བཞིན་དུ བླ་མ་ཞེས་བརྗོད་དེ་ཞེས་བྱ་བའི་བར་དུ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་བུའི་རང་བཞིན་གྱི་སྦྱིན་པ་སྦྱིན་པར་བྱེད་ན་སེམས་རབ་ཏུ་དང་བར་འགྱུར་རོ། །སེམས་རབ་ཏུ་དང་བ་ལས་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་ལས་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །རབ་ཏུ དགའ་བ་ལས་ལུས་སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་སེམས་ཤིན་ཏུ་སྦྱངས་ན་བདེ་བ་མྱོང་བར་འགྱུར་རོ། །བདེ་བ་ལས་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་བཞག་ན་ཡང་དག་པར་ཇི་ལྟ་བ་བཞིན་ཤེས་ཤིང་ཡང་དག་པ་ཇི་ལྟ བ་བཞིན་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང། ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ན་སྐྱོ་བར་འགྱུར་རོ། །སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་གྲོལ་བར་འགྱུར་རོ། །གྲོལ་ན་རྣམ་པར་གྲོལ་བའི་ཡེ་ཤེས་མཐོར བར་འགྱུར་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ། །ཞེས་བྱ་བར་འགྱུར་རོ། །གང་ཕྱིར་དུས་དང་དྲང་པོ་དང། །རྣམ་པ་དུ་མ་ཕུན་ཚོགས་པའི། །སེར་སྣ་མེད་པས་སྦྱིན་བྱེད་ན། །སྦྱིན་པ་དག་འབྲས་བུ ཆེན་པོར་འགྱུར། །སྦྱིན་པ་ལེགས་པར་སྦྱིན་ནོ་ཞེས། །སེམས་ནི་རབ་ཏུ་དད་བར་འགྱུར། །སེམས་རབ་དང་བའི་མཁས་པ་ལ། །དགའ་བ་ཡང་དག་སྐྱེ་བར་འགྱུར། །དགའ་བ་དེ་ལས་རབ་དགའ་སྐྱེ། །རབ་ཏུ་དགའ་བ་དེ་ལུས་སེམས་ནི། །ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར། །དྲན ལྡན་ཤིན་ཏུ་སྦྱངས་པ་ལ། །བདེ་བ་ཡང་དག་མྱོང་བར་འགྱུར། །སེམས་པ་དེ་ཏིང་ངེ་འཛིན་ལ་ནི། །སེམས་རྩེ་གཅིག་ཏུ་འཇོག་པར་འགྱུར། སེམས་མཉམ་འཇོག་ལ་ཇི་ལྟ་བཞིན། །ཡང་དག་ཤེས་ཤིང་མཐོང་བར་འགྱུར། །ཡང་དག་མཐོང་ནས་ལུས་ལ་བློ?། །སྐྱོ་བ་ཡང དག་སྐྱེ་བར་འགྱུར། །ལུས་ལ་སྐྱོ་བའི་དྲན་ལྡན་ནི། །ཡང་དག་འདོད་ཆགས་བྲལ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ལས། །ཆགས་དང་བྲལ་བའི་མཁས་པ་ནི། །ཚངས་པར་སྤྱོད་པ་རབ་བསྟེན་ཅིང། །བདག་གི་སྐྱེ་བ་ཟད་མཐོང་འགྱུར། །སྲིད་པ་འདི་ལས་མི་ཤེས ཞེས། །འདི་ལྟར་བསྔགས་པ་ཆེན་པོ་འགྱུར། །གང་ཡང་དམིགས་པ་མེད་བཅས་ནས། །མི་གཡོའི་གོ་འཕང་ཐོབ་པར་འགྱུར་ཞེས་གསུངས་སོ། །མདོ་ལས་ཇི་སྐད་དུ། གང་ཟག་བཞི་པོ་འདི་དག་ནི་ཚངས་པའི་བསོད་ནམས་སྐྱེས་པ་ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བོས་ཏེ། གང་ཟག་བཞི་པོ་འདི་དག་ནི་ཚངས་པའི་བསོད་ནམས་སྐྱེས་པ་སྟེ། བཞི་གང་ཞེ་ན། གང་ཟག་གང་གིས་སྔོན་མ་བྱས་པའི ས་ཕྱོགས་སུ། དེ་བཞིན་གཤེགས་པའི་སྐུ་གདུང་དང་བཅས་པའི་མཆོད་རྟེན་རབ་ཏུ་གནས་པར་བྱེད་དེ། གང་ཟག་འདི་ནི། ཚངས་པའི་བསོད་ནམས་སྐྱེད་པ་དང་པོ་ཡིན་ནོ། །གཞན་ཡང་གང་ཟག་གིས་སྔོན་མ་བྱས་པའི་ས་ཕྱོགས་སུ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི། གཙུག་ལག་ཁང་རབ་ཏུ་གནས་པར་བྱེད་པ་སྟེ། གང་ཟག་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པ་གཉིས་པ་ཡིན་ནོ། །གཞན་ཡང་གང་ཟག་གིས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེད་པ་སྡུམ་པར་བྱེད་པ་སྟེ། གང་ཟག་འདི་ནི་ཚངས་པའི་བསོད་ནམས སྐྱེད་པ་གསུམ་པ་ཡིན་ནོ། །གཞན་ཡང་གང་ཟག་གང་གིས། བྱམས་པ་དང་ལྷན་ཅིག་པར་གྱུར་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེ་བ། ཚད་མེད་པ། ལེགས་པར་བསྒོམས་ཏེ། ཕྱོགས་གཅིག་ཏུ་ཁྱབ་པར་ བྱས་ནས། བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང། དེ་བཞིན་དུ་གསུམ་པ་དང། དེ་བཞིན་དུ་བཞི་པ་དང། སྟེང་དང། འོག་དང། ལོགས་ཀྱི་འཇིག་རྟེན་གྱིས་ཁམས་འདི་ཐམས་ཅད་དུ། བྱམས་པ་དང་ལྷན་ཅིག པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེ་བ། ཚད་མེད་པ། ལེགས་པར་བསྒོམས་ཏེ་ཕྱོགས་གཅིག་ཏུ་ཁྱབ་པར་བྱས་ནས། །བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང། དགའ་ བ་དང། བཏང་སྙོམས་དང་ལྷན་ཅིག་པར་གྱུར་པའི་སེམས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་གང་ཟག་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པ་བཞི་པ་ཡིན་ནོ། །ཞེས་བྱ་བའི་བར་དུའོ། །ཞེས་གསུངས་སོ། །ཆོས་སྦྱིན་ཉོན་མོངས་ཅན མིན་པས་ཞེས་བྱ་བ་ལ་སོགས་པ་ལས། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །སྦྱིན་པ་ནི་རྣམ་པ་གཉིས་ཏེ། ཆོས་ཀྱི་སྦྱིན་པ་དང། །ཟང་ཟིང་གི་སྦྱིན་པའོ། །སྦྱིན་པ་འདི་ནི་ཆུང་ངུ་སྟེ། འདི་ལྟ་སྟེ། །ཟང་ཟིང་གི་སྦྱིན་པའོ། །སྦྱིན་པ འདི་ནི་མཆོག་ཏུ་གྱུར་པ་སྟེ། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པའོ་ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད པ་ཉེ་བར་མཁོ་བ་ལས།

CLOSE WINDOW