CLOSE WINDOW

N4374: ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ
Wyliee-texts based on the ACIP/ALL Input

། །།*། །ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་རཏན་ཀཱི་རྟིས་མཛད་བ་བཞུགས།། །།རྒྱ་གར་སྐད་དུ། དྷརྨཱ་བི་ནི་ཤཙ་ཡ་ན་མ་པྲ་ཀ་ར་ཎ། བོད་སྐད་དུ། ཆོས་རྣམ་པར་ངེས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་ལ་སོགས་པས། །སངས་རྒྱས་བསྟན་པ་གོམས་བྱས་ནས། །ཆོས་དང་ཆོས་མིན་ལོག་རྟོག་པའི། །རབ་འཇོམས་འདི་ལྟར བསྒྲུབ་པའོ། །གང་གིས་དང་པོ་འཁོར་བའི་དཔལ། །ཕྱི་ནས་ཐར་པ་ཐོབ་ཞེས་པ། །དེ་ནི་དམང་བོའི་ཆོས་ཡིན་ཏེ། །མངར་བསྡུས་དད་པ་ཤེས་རབ་ཀྱིས། །འདི་དག་སྒྲུབ་པར་བྱེད་པའོ། །དད་པས་ཆོས་རྣམས་ཀུན་ཏུ་འཚོལ། །ཤེས་རབ་ཀྱིས ནི་དེ་ཉིད་རིག་། ཤེས་རབ་གཙོ་བོར་གྱུར་པ་སྟེ། །དད་པས་སྔོན་དུ་འགྲོ་བ་ཡིན། །འདུན་དང་ཞེ་སྡང་འཇིགས་རྨོངས་པས། །གང་ཞིག་ཆོས་ལས་མི་འདའ་བ། །དེ་ནི་དད་པར་ཤེས་བྱ་སྟེ། །མཆོག་གི་གོ་འཕངས་ཉིད་ཡིན་ནོ། །ལུས་དང་ངག་དང་ཡིང ཀྱི་ལས། །ཐམས་ཅད་ཡང་དག་རྟག་བྱ་སྟེ། བདག་དང་གཞན་ལ་ཕན་གྱུར་པ། །ཤེས་ནས་རྟག་བྱེད་མཁས་པ་ཡིན། །སྲོག་གཅོད་མ་ཕྱིན་ལེན་སྤོང་དང། །གཞན་གྱི་བུད་མེད་རྣམ་པར་སྤོང། །བརྫུན་དང་དབྱེན་དང་ཚིག་རྩུབ་དང། །ངག་ཁྱལ་བ ནི་རྣམ་པར་སྤོང། །བརྣབ་སེམས་གནོད་སེམས་ལོག་ལྟ་སྤོང། །འདི་རྣམས་དགེ་བའི་ལས་ལམ་བཅུ། །བཟློག་པ་ནག་པོའི་ཕྱོགས་ཉིད་དོ། །ཆད་མི་འཐུང་ངར་འཚོ་བ་བཟང། །རྣམ་པར་མི་འཚོ་གོས་སྤྱན་དང། །མཆོད་པར་འོས་པ་མཆོད་པར་བྱེད སེམས་ཅན་ཀུན་ལ་བྱམས་སེམས་ཏེ། །མདོར་བསྡུས་འདི་རྣམས་ཆོས་ཡིན་ནོ། །ལུས་གདུང་ཉེ་ཚེ་བྱེད་པ་ལ། །དམ་ཆོས་ཡོད་པ་མ་ཡིན་ཏེ། །གང་ཕྱིར་གཞན་འཁུ་ལས་མ་ལོག་།གཞན་ལ་ཕན་འདོགས་མེད་ཕྱིར། །སྦྱིན་པ་ཚུལ་ཁྲིམས་བཟོད་རྒྱས པའི། །ཆོས་ཀྱི་ལམ་ནི་ཆེན་པོ་སྟེ། །གང་གིས་བོར་ཏེ་གཞན་དུ་འགྲོ། ལམ་ངན་ཕྱུགས་པའི་ལམ་འགྲོ་བ། །ལུས་ཉོན་མོངས་པ་ཁོ་ནར་འགྱུར། །འཁོར་བའི་འབྲོག་དགོན་མི་བཟད་པ། །དཔག་མེད་སྐྱེ་བའི་ཤིང་གིས་གང། །ཉོན་མོངས་སྤྲུལ གྱིས་ལུས་ལ་འཁྲིལ། །ཤིན་ཏུ་ཡིན་རིང་འཁྱམ་པར་འགྱུར། །སོག་གཅོད་བ་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་ནད་མང་པའོ། །མ་བྱིན་ལེན་བས་ལོངས་སྤྱོད་མེད། །འདོད་ལོག་སྤྱོད་པས་དགྲ་དང་བཅས། །བརྫུན་དུ་སྨྲ་བས་ཚིག་མི བཙུན། དབྱེན་གྱིས་མཛའ་བ་ཤེས་འབྱེ་བར་འགྱུར། །ཚིག་རྩུབ་ཀྱིས་ནི་མི་སྙན་ཐོས། །ངག་ཁྱལ་གྱིས་ནི་མ་འབྲེལ་ཚིག་།བརྣབ་སེམས་ཀྱིས་ནི་ཡིད་འོང་འཇམས། །གནོད་སེམས་ཀྱིས་ནི་འཇིག་པ་སྟེར། །ལོག་པར་ལྟ་བས་ལྟ་ངན་འགྱུར། ། ཆང་གི་ལྟུང་བས་བློ་གྲོས་འཁྲུལ། །སེར་སྣས་འཕོངས་པར་འགྱུར་བ་ཡིན། །ལོག་པར་འཚོ་བས་བསླུས་པར་འགྱུར། །ང་རྒྱལ་གྱིས་ནི་རིགས་དམན་འགྱུར། །ཕྲག་དོག་གིས་ནི་ཕུན་ཚོགས་སྲབ། །ཁྲོ་བས་ཁ་དོག་ངན་པར་འགྱུར། །མཁས་ལ་མ་དྲིས རྨོངས་པར་འགྱུར། །འབྲས་བུ་འདི་རྣམས་མིར་གྱུར་ལའོ། །ཀུན་གྱིས་སྔོན་དུ་ངན་འགྲོར་འགྲོ། །མི་དགེ་འདི་རྣམས་བཤད་པ་ནི། །རྣམ་པར་སྨིན་པར་རབ་ཏུ་གྲགས། །དེ་ཡི་མི་མཐུན་ཕྱོགས་ཀུན་གྱིས། །བསོད་ནམས འབྲས་བུ་འབྱུང་བ་ཡིན། །ཆགས་དང་ཞེ་སྡང་གཏི་མུག་དང། །དེ་ལས་སྐྱེས་པའི་ལས་མི་དག་།ཆགས་མེད་ཞེ་སྡང་གཏི་མུག་མེད། །དེ་ལས་སྐྱེས་པའི་ལས་ཀྱང་དགེ། མི་དགེ་པ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་ཀྱང། ། དགེ་བས་བདེ་བ་ཐམས་ཅད་དང། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །ཆགས་པས་ཡི་དགས་འགྲོ་བར་འགྱུར། །ཞེ་སྡང་གིས་ནི་དམྱལ་བར་འགྲོ། །གཏི་མུག་གིས་ནི་དུར་འགྲོར་སྐྱེས། །མི་དང་ལྷ་ལས་གོ་ལོག་པའོ། །སྡིག་པ་ཀུན་ལས ལྡོག་པར་བྱ། །རྟག་ཏུ་དགེ་བ་ཀུན་ལ་འཇུག་།ལུས་དང་ངག་དང་ཡིད་དག་གི་།ཆོས་ནི་རྣམ་པ་གསུམ་དུ་བརྗོད། །དམྱལ་བ་ཡི་དགས་དུང་འགྲོ་ལས། །ཆོས་འདི་ཡིས་ནི་རྣམ་པར་འགྲོལ། །མི་དང་ལྷ་དག་ཐོབ་འགྱུར་ཞིང། །དགེ་བ རྒྱལ་སྲིང་རྒྱས་པའང་པོ་ལ། །བསམ་གཏན་གཟུགས་མེད་ཚད་མེད་ཀྱིས། །ཆེངས་པ་ལ་སོགས་བདེ་བ་ཐོབ། །འདི་རྣམས་མཐོ་རིས་ཆོས་དག་གི་།འབྲས་བུ་དག་ཀྱང་མདོར་བསྡུས་པའོ། །གཞན་ཡང་ངེས་པར་ལེགས་པའི་ཆོས། ། དངོས་པོའི་དེ་ཉིད་རྣམ་པར་ངེས། །དེ་ནི་སེམས་ཅན་བསམ་དབྱེ་བ། །རྣམ་པ་བཞི་རུ་ཡོངས་སུ་གྲགས། །བྱེ་བྲག་ཏུ་ནི་སྨྲ་བ་ཡི། །སྣ་ཚོགས་དང་ནི་དེ་ཁོ་ཉིད། །ཕུང་པོ་ལྔ་ཡི་བདག་ཉིད་འདོད། །དེ་དག་ཟད་པ་གྲོལ་བར་བཤད། ། ཡང་ན་གང་ཟག་གཅིག་བུ་གནས། །མདོ་སྡེ་བའི་ལྟ་བའི་གཞུང། །དབང་པོ་ལྔ་དང་ཤེས་པ་དགུ། གཟུགས་དང་སྒྲ་སོགས་རྣམ་པ་ལྔ། །མེ་ལོང་ནང་གི་གདོད་པ་བཞིན། །བློ་ཡི་གཟུགས་བརྙན་བེམས་པོར་མཐོང། །སྐད་ཅིག་མར གནས་སྣ་ཚོགས་འདོད། །དེ་བཞིན་དེ་ཁོ་ན་ཉིད་ནི། །འཁོར་བ་མྱ་ངན་འདས་ལས་གྲོལ། །ཟག་མེད་ཐམས་ཅད་མཁྱེན་པའོ། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ནི། །ཐམས་ཅད་རྨི་ལམ་ལྟ་བུ་སྟེ། །གང་གང་སྣང་བ་དེ་ཡི་རྣམས། ། ཐོག་མ་ཐ་མ་མེད་པ་ནས། །གཟུང་དང་འཛིན་མེད་སེམས་ཀྱི་རྒྱུན། །རྣམ་ཤེས་ཙམ་གྱི་བདག་ཉིད་ནི། །སྣ་ཚོགས་ཤེས་ནི་བཤད་པ་ཡིན། །སྙིང་རྗེས་ཚོགས་གཉིས་ལ་གོམས་བྱས། །རྣམ་པར་གྲོལ་བ་འདི་ལྟ་བུ། །ལོངས་སྤྱོད རྫོགས་དང་བདེ་བ་ཆེ། །ཡོན་ཏན་དམ་པ་མཛའ་ཡས་སྤྲུལ། །གཟུང་དང་འཛིན་ལས་རྣམ་པར་གྲོལ། །ཇི་སྲིད་དཔལ་གྱི་མཐར་ཐུག་ཐབ། །སྲིད་པར་མྱོང་ན་འདས་ལ་གྲོལ། །ཡེ་ཤེས་འོད་འཕྲོ་རབ་ཏུ་གསལ། །འཁྲོ་བའི་སེམས་ཅན སྡུག་བསྔལ་ལས། །ཡོངས་སྐྱོབ་པ་ཡི་བརྟུལ་ཞུགས་ཆེ། །གཟུང་དང་འཛིན་མེད་རྒྱ་འབྲས་མེད། །སྣ་ཚོགས་གཉིས་སུ་མེད་པར་རིག་།སྒྲོ་བཏགས་ཀུན་ལ་རྣམ་པར་གྲོལ། །དབུ་མའི་གཞུང་ནི་རབ་རྟོགས་པས། །ཀུན་རྫོབ་རྒྱུལ་རེ་བ བརྟེན་ནས། །ཇི་ལྟར་གསུངས་པའི་འབྲས་བུ་སྒྲུབ། །གཉིས་མེད་བསྒྲུབ་བྱ་སྐྱོན་མེད་པས། །གཏན་ཚིགས་མེད་པར་དགག་མི་ནུས། །འགྲོ་ཀུན་རང་བཞིན་མེད་པ་སྟེ། །དེ་ཕྱིར་དངོས་པོ་མེད་པ་ཡིན། །གང་དུ་དངོས་པོ་མེད་གྱུར་པ། །དེ རུ་མེད་པར་ཇི་ལྟར་རུང། །དེ་ཕྱིར་ཀུན་རྫོབ་ཉིད་དུ་ནི། །གཟུགས་ལ་སོགས་པས་ཕུང་པོ་ལྔ། །དངོས་པོ་མེད་ཅིང་དངོས་མེད་མིན། །སངས་རྒྱས་ཉིད་ནི་རྣམ་གསུམ་འདོད། །ལ་ལ་ཕུང་པོ་ལྔ་པོ་ཉིད། །གཟུགས་ཙམ་ཉིད་ཀྱི་བདག་ཉིད་གཞན། མ་སྐྱེས་པ་ཡི་བདག་ཉིད་ནི། །དབུ་མ་གཞན་དག་སྨྲ་བ་ཡིན། །ཕུང་པོ་ལྔ་ནི་མེད་པ་ཉིད། །བསལ་བ་རྣམས་མེད་ཉིད་ཀྱང་མིན། །བརྫུན་པའི་རྣམ་པའི་རྣལ་འབྱོར་དང། །བདེ་བ་གཅིག་བུའི་རྣམ་པ་འང་སྤངས། །ཀུན་རྫོབ་ཙམ་དཱུང་མེད་པ་སྟེ། ། ཕྱོགས་དུས་བདག་དང་དབང་ཕྱུག་བཞིན། །དེ་ཕྱིར་རྣམ་བཅས་རྣམ་ཤེས་ཀྱི། །བདག་ཉིད་ཙམ་གྱིས་འགྲོ་གསུམ་སྟེ། །སྣང་ཡང་རིགས་པས་གནོད་པའི་ཕྱིར། །བརྫུན་པ་ཙམ་སྟེ་ཀུན་རྫོབ་བོ། །མཛའ་?་བཞི ལས་ནི་རྣམ་གྲོལ་བ། །གཞན་གྱི་ལུགས་ཀྱི་དབུ་མའོ། །ཕྱོགས་འདི་གཉི་ག་མི་རུང་སྟེ། །གང་དུ་སངས་རྒྱས་ལ་སོགས་པའི། །འགྲོ་བ་རྣམས་ནི་རླག་བྱེད་པ། །དབུ་མའི་ཚིག་ཅན་ཆད་ལྟར་བརྗོད། དངོས་པོ་བཀག་པས་དངོས་མིང? དེ། སྣ་ཚོགས་དངོས་པོ་མི་འདོད་པ། །དེ་ཕྱིར་ཁྱོད་ཀྱི་དབུ་མ་ནི། །དངོས་པོ་མེད་པ་ཅི་སྟེ་མིན། །དགག་བྱའི་ཡུལ་དག་མེད་པ་ནས། །འགེག་པའི་རབ་སྦྱོར་མེད་སྨྲ་ན། །དེ་ཉིད་རང་གི་ཚིག་གིས་བསལ། །གཞན་ཡང་གོ་བར་ཇི་ལྟར་བྱ། ། མ་བརྟགས་ན་ནི་སྣ་ཚོགས་མཐོང། །བརྟགས་ན་མཐོད་བ་མེད་ཟེར་ན། །དངོས་དང་དངོས་མེད་དེ་བཞིན་མིན། །དེ་ཕྱིར་དེ་དག་གཉིས་སྤངས་པ། །སྟོང་ཕྲག་དུ་མར་དཔྱད?་ཀྱང་ནི། །གསལ་བ་ཙམ་ནི་གསལ་མི་ནུས། །གལ་ཏེ་དཔྱད་པས་ནུས མེད་ན། །ཉེ་བར་དགོས་པར་མི་རིགས་སོ། །ནུས་བཅས་གསལ་བཙམ་ཉིད་དང། །ཀུན་རྫོབ་དོན་དམ་ཉིད་མི་རིགས། །གང་ཕྱིར་དཔྱད་པ་བཟོད་ཀྱང་ནི། །ཀུན་རྫོབ་ཅེས་བརྗོད་མི་རིགས་སོ། །དེ་ནི་དཔྱད་པའི་ནུས་པ་ལས། །གསལ་བ་དགག་བར་མི ནུས་པའོ། །དེ་ཉིད་འགྲོ་བའི་འདི་དག་རྣམས། །འཁྲུལ་པར་བརྗོད་ཀྱི་གཞན་དུ་མིན། །བདེན་དང་བདེན་མིན་ལས་གྲོལ་བའི། །འགྲོ་བ་འདི་རྣམས་སྒྱུ་མ་ཉིད། །བདེན་ཏེ་འགྲོ་བ་སྒྱུ་མ་ཉིད། །ཕྱི་རོལ་བརྫུན་ཏེ་ནང་ནི་བདེན། །ཕྱི་རོལ་དོན་ནི མེད་པ་སྟེ། །ཐམས་ཅད་རང་གི་སེམས་སུ་མཐོང། །དེ་ལྟར་སྒྱུ་མ་རྣམ་པར་བསྒོམ་།དེས་ནི་སྟོང་པ་རྗེས་སུ་དྲན། །ཇི་ལྟར་བྱིས་བས་རྣམ་བརྟགས་པའི། །ཕྱིའི་དོན་ནི་མེད་པ་སྟེ། །བག་ཆགས་ཀྱིས་ནི་སྒྲིབས་པའི་སེམས། །དོན་དུ་སྣང་བར རབ་ཏུ་འབྱུང། །ཡིད་ལ་མི་བྱེད་རྣལ་འབྱོར་པས། །ཆོས་ཀུན་རབ་ཏུ་མི་གནས་པ། །ཐོག་མ་ནས་ཞི་ཟག་པ་མེད། །དབུ་མ་ཞེས་ནི་བརྗོད་པ་ཡིན། །ཆོས་ཀུན་རབ་ཏུ་མི་གནས་པ། །སྒྲོ་བཏགས་ཀུན་སྤངས་གཉིས་མེད་ཤེས། །འདི་ཡང་སྤོང་བ་གྱུར་ནས་ནི། །མོ་ཤམ བུའི་བདག་ཉིད་དེ། །ཀྱེ་མ་ལས་ངན་མེ་ཡི་བསྲེག་།མོ་ཤམ་བུ་ཡང་དབུ་མར་འདོད། །གང་གི་ཆོས་ནི་འདི་ལྟ་བུ། །དེ་ཡི་ཆོས་མིན་ཇི་ལྟ་བུ། །དེ་ཡི་དབུ་མ་འདི་ཡིན་མོད། །དེ་ལ་གནོད་པ་ཅི་ཞིག་སྨོས། །རྟོག་པ་དང་བྲལ་མ་འབྲུལ་པའི། །སེམས་ཀྱི་གསལ་བས་གཞན? པ་ཡིན། །རྟེན་ཅིང་འབྲེལ་བར་འབྱུང་བ་དང། །མ་སྐྱེས་པ་ཡི་གཏན་ཚིགས་སམ། །གཅིག་དང་དུ་མར་བྲལ་བས་ཀྱང། །འདི་ལ་གནོད་པ་ཡོད་མ་ཡིན། །གསལ་བ་ཙམ་དུ་ཡོད་པས་སོ། །སྔོན་དང་ཕྱི་མ་དེ་ཤེས་པ། །གཉིས་མེད་གང་གིས་མ་གྲུབ་པའོ། །སོ་སོར སྐྱེས་བ་དེའི་ཕྱིར། །གཏན་ཚིགས་དེ་ནི་མ་གྲུབ་པའོ། །སྐྱེས་ཤིང་དོན་གྱི་བྱ་བ་བྱེད། །དེ་ཉིད་དོན་དམ་གྲུབ་པས་ན། །གཏན་ཚིགས་འདི་ཡང་འགལ་བའོ། །མ་སྐྱེས་གཏན་ཚིགས་མ་གྲུབ་སྟེ། །བརྗོད་པ་ཉིད་ཀྱིས་དེ་མ་གྲུབ། །གཟུང་འཛིན་རྒྱུ་འབྲས་མ་གྲུབ་ཀྱང གསལ་བའི་ཚུལ་ཙམ་གང་དུ་སོང། །སེམས་ཙམ་ཉིད་དུ་རྣམ་བཞག་པ། །མ་སྐྱེས་ཞེས་ནི་ངས་བཤད་དེ། །ཆོས་ཀྱི་རྗེ་བོས་གསུངས་ཀྱང་ནི། །ཆད་ལྟ་ཉིད་ཀྱི་དྲི་མས་གཡོགས། །གཅིག་དང་དུ་མས་དངོས་པོ་ལ། །ཁྱབ་པ་ལ་ལར་གྲུབ་པ་ན། །ཐམས ཅད་སྟོང་བའི་གྲུབ་མཛའ་ལ། །གཏན་ཚིགས་འདོད་པའི་བར་ཆད་བྱེད། །ཡང་ན་འཇིག་རྟེན་གྲགས་པས་སམ། །འཇིག་རྟེན་ཀུན་གྱིས་བརྟགས་པ་ཡི། །དངོས་པོ་རྣམས་ལ་ཡིད་མི་བརྟན་འོན་ཀྱང་ཚད་མས་རིགས་པ་ཡིན། །མངོན་སུམ རྗེས་སུ་དཔག་པ་ཡི། །གཅིག་བུ་ལ་ལར་མ་མཐོང་སྟེ། །དེ་བསགས་པ་ནི་དུ་མ་ཡིན། །ཁྱབ་བྱའི་དངོས་ཀྱང་ཅུང་ཟད་མེད། །གཅིག་དང་དུ་མ་ཡོ་ལ་ཁྱབ། །དེ་ལྟར་འདོད་པའི་གཞུང་ལ་འཐད། །མ་འཁྲུལ་བར་དུ་སྣད་ཙམ་གྱིས། །ཡོད་བར་སྨྲ བ་རྒྱལ་བ་ཡིན། །གསལ་ཞིང་དོན་གྱི་བྱ་བ་བྱེད། །རིག་གིས་རིག་པ་རྣམ་སྤངས་ནས། །དེ་ལྟར་བརྫུན་དུ་སྨྲ་བ་ནི། །དམུས་ལོང་ཉིད་ཀྱིས་རབ་ཏུ་བརྟགས། །གང་ཞིག་དབྱད་པའི་ཡི་དགས་ཀྱིས། །གསལ་བའི་དངོས ལ་གནོད་མི་ནུས། །དེ་ནི་སེམས་ཅན་སོ་སོ་ལ། །རྣམ་བཅས་གསལ་བ་ཙམ་དུ་སྣང། །ཇི་ལྟར་གསུངས་པའི་བསོད་ནམས་ཚོགས། །ཐམས་ཅད་དུ་ནི་སྲོག་ཡིན་ཏེ། །དེ་ལ་རྣམ་སྡང་སྡིག་པའི་བདག་།འོག་ཏུ་བ་བལྟས་མནར་མེད འགྲོ་། གལ་ཏེ་སྐུ་གཟུགས་མཆོད་རྟེན་དང། །དམ་ཆོས་སྦྱིན་ཚོགས་འཁྲུལ་ཡིན་ན། །བུད་མེད་དང་ནི་ཤ་ཆད་སོགས། །མཁན་སློབ་ལ་སོགས་ཅིས་མ་འཁྲུལ། །གལ་ཏེ་དེ་ཡང་འཁྲུལ་ཟེར་ན། །སློབ་དཔོན་ལ་སོགས་ཁ་སོགས ལ། །མི་གཙང་ཅི་སྟེ་དོར་མི་བྱ། །ཕ་དང་མ་སོགས་རང་གི་ཤ་།ཅི་སྟེ་མི་ཟ་རྒྱུ་ཅི་ཡོད། །ཁྲོ་ཆུ་ཁོལ་མ་ཅིས་མི་འཐུང། །འཁྲུལ་ཀྱང་སློབ་དཔོན་མ་གུས་སོགས། །རྣམ་སྨིན་མི་འདོད་འབྱུང་སྨྲ་ན། །འཁྲུལ་ཀྱང་སངས་རྒྱས་མཆོད སོགས་ཀྱིས། །ཡིད་འོངས་འབྲས་བུ་མི་འབྱིན་ཅིང། །དགེ་དང་མི་དགེ་བས་ཅི་བྱ། །རང་ཉིད་སངས་རྒྱས་ཡིན་ཟེར་ན། །ཡི་དགས་ཁ་ནས་མེ་འབར་ཡིན། །དེ་ཕྱིར་གྲོལ་ལམ་མ་གྲོལ་བས། །རྒྱལ་པའི་བསྟན་པ་ངེས་བྱས་ཏེ། དམ པའི་ལས་ཀུན་སྤང་བར་བྱ། །དེའི་ཕྱིར་རྗེ་བརྩམས་བྱས་ཏེ། །དེ་ཉིད་རིག་པས་བྱང་སེམས་བསྐྱེད། །འཁོར་བ་མ་སྟོང་འགྲོ་བ་བསྐྱབ། །བསོད་ནམས་བསྐྱེད་ལ་བརྩོན་པར་བྱ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་དང། །མཆོད་རྟེན་ལྷ་ཁང་མཆོག་ངག་བྱ མཆོག་ཏུ་ཡིད་འོང་བཟང་བཏུད་ཆོགས། །མལ་སྟན་ལ་སོགས་དབུལ་བར་བྱ། །པདྨའི་དབུས་སུ་ཞུགས་པ་ཡི། །གཟུགས་བཟང་ལེགས་པར་བྲིས་བ་དག་།རིན་ཆེན་ཀུན་གྱི་རང་བཞིན་གྱི། །སངས་རྒྱས་སྐུ་གཟུགས་བྱ་བའོ། །དམ་ཆོས་དགེ་སློང་དགེ་འདུན་རྣམས། སྲོག་བཏང་ནས་ཀྱང་བསྲུང་བར་བྱ། །གསེར་དང་རིན་ཆེན་དངུལ་ལ་སོགས། །མཆོད་རྟེན་ལ་ནི་རང་གིས་དབུལ། །གསེར་དང་དངུལ་གྱི་མེ་ཏོག་དང། །རྡོ་རྗེ་བྱི་རུ་མུ་ཏིག་སོགས། །དབང་སྔོན་དང་ནི་ནག་ཆེན་དང། །བཻ་ཌཧུརྱ་སོགས་མཆོད་རྟེན་མཆོད། །དམ་ཆོས་སྨྲ་བ་རྣམས་ལ་ནི། རྫེས ལ་སོགས་པས་མཆོད་པར་བྱ། །དེ་ཡི་སེམས་ནི་དགའ་བར་བྱ། །རྟག་པར་དམ་པའི་ཆོས་བརྟེན་ཏེ། །བླ་མ་གོང་མའི་ཡ་རབས་ལ། །གུས་བས་བསྙེན་བཀུར་བྱ་བ་སྟེ། །བྱུང་བ་སེམས་དཔའ་རྣམས་མཆོད་བྱ། །སངས་རྒྱས་བཞིན་དུས་བཅུ་ལ། །གནས་པའི་བྱུང་བ་སེམས དཔའ་མཆོད། །དགེ་སློང་རྣམས་ཀྱང་མཆོད་བྱ་སྟེ། །སྡོམ་པ་གསུམ་ལ་གནས་ཕྱིར་རོ། །མུ་སྟེགས་པ་ནི་གཞན་རྣམས་ལ། །གུས་པས་ཕྱག་མཆོད་མི་བྱ་སྟེ། །དེ་རྣམས་སྐྱོན་དང་བཅས་ཕྱིར་རོ། །ཐུབ་པའི་དབང་པོའི་གསུང་རབ་དང། དེ་ལས་བྱུང་བའི་བསྟན་པ་བྲི། །གླེགས་བམ སྦྱིན་པར་བཏང་བ་དང། །སྣག་ཚལ་སོགས་སྦྱིན་བར་བྱ། །འབྲི་མཁན་དང་ནི་ཡིག་དབོན་དང། །འཆད་མཁན་རྣམས་ཀྱི་འཆོ་བ་སྦྱར། །ཞིང་ལ་སོགས་པའང་ངེས་བར་དབུལ། །དེ་ཡི་ཤེས་རབ་འཕེལ་བར་འགྱུར། །གྲོང་ཁྱེར་པ་ཡི་ཆེད་དུ་ནི། །འདྲེག་མཁན་སྨན་པ་ལ་ཞིང་སྦྱིན། །སྒྲ་ལ སོགས་བ་བྲེག་པ་ཡི། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི། །སེམས་ཅན་ཐམས་ཅད་གནས་ས་རུ། །སྐྱེད་མོས་ཚལ་དག་བྱ་བ་སྟེ། །རྫིད་བུ་ཁྲོན་པ་འབབ་ཆུ་ལྡན། །ཤེས་རབ་ཅན་ནི་གཉེར་བར་བསྒོ། །བཟའ་བཏུང་གཏན་དང་གོས་བཅས་བྱ། །གྲོང་ཆུད་ཀུན་ཏུ འདུ་ཁང་བྱ། །གྲོང་ཁྱེར་ཀུན་ཏུ་ལྷ་ཁང་བྱ། །ལུ་མེད་པ་ཡི་ལམ་ཀུན་ཏུ། །སྣོད་ཆུས་བཀང་བ་ཀུན་ཏུ་བཞག་།ནད་བ་སྡུག་བསྔལ་མགོན་མེད་དང། །འཕོངས་དང་དམན་ཞན་ཡོངས་སུ་བསྡུ། །རྟག་ཏུ་སྙིང་རྗེ་བྱ་བ་ཡིན། །འདི་རྣམས་བདེ་བར་འགྱུར་བར་འབད། ། དུས་ཆེ་གེ་ལས་བྱུང་གསར་ཐོག་གི། བཟའ་དང་བཏུང་བའི་བྱེ་བྲག་དང། །འབྲུ་རྣམས་དང་ནི་འབྲས་བུ་སོགས། །དང་པོར་བདག་བཟའ་རིགས་མ་ཡིན་།དགེ་སློང་དམ་ནི་སྡུག་འཕོངས་སམ། །དང་པོར་མཆེད་བྱ་རྣམས་ལ་སྦྱིན། །ཆུ་དག་གནས་པའི་ས་རུ་ནི། །བཅས ལྷམ་གདུགས་དང་རིལ་ཆུ་དང། །ཆུ་སྐྱོགས་དང་ནི་ཆུ་སྣོད་དང། །ཁབ་དང་སྐུད་པ་ལ་སོགས་བཞག་།འབྲས་བུ་གསུམ་དང་ཚ་བ་གསུམ། །རྒུན་འབྲུམ་མར་དང་མིག་སྨན་སོགས། །ཆུ་གནས་ས་རུ་བཞག་པར་བྱ། །གྲུབ་པའི་སྔགས དག་བྲིས་ཏེ་བཞག་། སྨན་རྣམས་དང་ནི་བྱ་བའི་རིམ། །ལུས་དང་རྐང་བ་མགོ་བོ་དག་།བསྐུད་པའི་མར་ཁཱུང་བཞག་པར་བྱ། །ཤིང་སྟན་དང་ནི་མེ་ལོང་དང། །བུམ་པ་ཁར་གཞོན་སྟ་རི་སོགས། །ཝ་སྟིའི་གནས་སུ་བཞག་བར་བྱ། །ཆུ མེད་པ་ཡིས་གནས་ཀུན་ཏུ། །ས་ཡི་སྐྱོར་བའི་རྫིང་ཆུ་བྱ། །བརྟགས་པའི་ཆུ་ཡི་ནང་བཀང་བྱ། །ཏིལ་དང་འབྲས་དང་ནས་སོགས་འབྲུ། །ཟན་དང་བུ་རམ་སྣུམ་གྱིས་བསྐོར། །གྲོག་མའི་ཚང་གི་སྒོ་རྣམས་སུ། །བུ་རམ་གྱིས་བསྒོས བཟའ་བཏུང་དག་། ཡིད་ཆེས་མི་ལ་བསྐུར་ནས་ནི། །རྟག་བར་སྦྱིན་པར་བྱ་བ་ཡིན། །ཡི་དགས་རྣམས་ལ་ཅི་བདེ་བར། །ཟོས་བའི་རྟིང་ངམ་གོང་དཱུང་རུང། །བཟའ་བཏུང་སྦྱིན་བར་བྱ་བ་ཡིན། །ཁྱི་དང་འབུ་སྲིན་བྱ་སོགས་ལ། །ཇི་ལྟར འཚམ་པར་སྦྱིན་བར་བྱ། །མུ་གེ་ཡི་ནི་གནོད་པ་དང། །ཕས་ཀྱིས་རྒོལ་བའི་གནོད་པ་དང། །ནད་སོགས་གནོད་པ་བྱུང་གྱུར་ན། །སེམས་ཅན་རྣམས་ནི་རྗེས་བཟུང་གྱིས། །སོ་ནམས་ལོ་ཏོག་གླགས་གྱུར་ན། །ས་བོན་ཟན་གྱིས་རྗེས་སུ་གཟུང། །དབྱེ དག་དབབ་པར་མི་བྱ་སྟེ། །ཡང་ན་ཉུང་ཟད་དབབ་བར་བྱ། །སྐྱེད་འགྱེད་རྣམས་ལ་ཡོངས་སུ་བསྐྱབ། །ཤོ་གམ་སྤོང་བ་འམ་མི་དབབ་བྱ། །སྒོ་ནས་ཡོངས་སུ་ཉོན་མོངས་པ། །འདི་རྣམས་ལས་ནི་བསྒྲལ་བར་བྱ། །རང་གི་ཡུལ་བ་འམ་གཞན ཡུལ་གྱི། །ཆོམ་རྐུན་རྣམས་ནི་ཉེར་ཞི་བྱ། །རྫས་ཀྱི་རིན་ཐང་ངེས་པར་བྱ། །རིགས་པས་བྱ་བ་ཐམས་ཅད་བྱ། །མང་དུ་སྨྲ་བ་ཅི་ཞིག་དགོས། །ཤེས་རབ་སྟོབས་ཀྱིས་བགྲོས་བྱས་ཏེ། །རང་དམ་གཞན་ལ་ཕན་འགྱུར་བྱ། །གང་གང་འཇིག་རྟེན ཕན་གྲུབ་པ། །དེ་དེ་ཐམས་ཅད་རྟག་བར་བྱ། །ཅི་དང་ཅི་ནས་རང་ཕན་བྱེད། །དེ་བཞིན་འཇིག་རྟེན་ལ་ཕན་བྱ། །ས་ཆུ་མེ་རླུང་སྨན་རྣམས་དང། །དགོན་བ་ཡི་ནི་ཤིང་བཞིན་དུ། །བདག་ཉིད་ཡུད་ཅིམ་གཅིག་བུ་ཡང། །འདོད་དགུར་སྤྱད་པ་ཉིད་དུ་མཇོད། །གོམ བ་བདུན་པོར་བར་དུ་ཡང། །བདོག་པ་ཀུན་གཏོང་སེམས་འཆང་བའི། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །བསོད་ནམས་དཔག་མེད་མཁའ་འདྲ་སྟེ། །བུ་མོ་གཟུགས་མཛེས་ལེགས་བརྒྱན་པའི། །དེ་དོན་གཉེར་བ་རྣམས་ཕྱིན་ན། །དེ་ནི་དམ་ཆོས ཡོངས་འཛིན་པའི། །གཟུངས་ནི་སོ་སོ་ཐོབ་བར་འགྱུར། །རྒྱན་རྣམས་ཀུན་དང་ལྡན་པ་ཡི། །བུ་མོ་སྟོང་ཕྲག་བརྒྱད་ཅུ་དག་།ཡོ་བྱད་ཀུན་དང་ལྷན་ཅིག་ཏུ་།ཐུབ་པ་ཡི་ནི་སྔོན་བསྩལ་ཏོ། །གསལ་ཞིང་རྣམ་པར་བཀྲ་བ་ཡི། །གོས་དང་རྒྱན་རྣམས་ཉིད་དང ནི། །དྲི་དང་ཕྲེང་བའི་ལོངས་སྤྱོད་སོགས། །སློང་ལ་རྗེས་སུ་བརྩེ་བས་སྦྱིན། །གང་ཕྱིར་ནོར་དང་ཆོས་མེད་པས། །འཕོངས་ཤིང་སྡུག་བསྔལ་ཆེན་པོར་འགྱུར། །དེ་ལ་དེ་མ་ཐག་བྱིན་ན། །དེ་ལས་གཞན་བའི་སྦྱིན་པ་མེད། །གང་ཕྱིར་དུག་གིས་ཕན་གྱུར་སྐབས། དུག་ཀྱང་སྦྱིན་བར་བྱ་བ་ཡིན། །གང་བྱིར་གནོད་པར་འགྱུར་ན་ནི། །ཟས་མཆོག་ཀྱང་ནི་སྦྱིན་མི་བྱ། །སྦྲུལ་སོས་རེག་པའི་སོར་མ་བཅད། །ལམ་ནི་ཇི་ལྟ་དེ་ལྟ་བར། །གཞན་ལ་ཕན་ན་སྡུག་བསྔལ་ཀྱང། །ཐུབ་པས་བྱ་བར་གསུངས་བ་ཡིན། །དམ་པའི་ཆོས་ལ གུས་བར་བྱ། །ཆོས་སྨྲ་བ་ལ་མཆོག་ཏུ་བྱ་།ཆོས་ཀྱི་ཉན་པ་རྟག་པར་བྱ། །ཆོས་ཀྱི་སྦྱིན་པ་རང་གིས་བྱ། །འཇིག་རྟེན་ཆོས་ལ་ཆགས་མི་བྱ། །འཇིག་རྟེན་འདས་ཆོས་ཆགས་བར་བྱ། །ཇི་ལྟར་བདག་ཉིད་དེ་བཞིན་གཞན། །ཡོན་ཏན་ཀུན་ནི་སྐྱེད་བར་བྱ། །དམ་ཆོས་ཐོས བས་མི་དོམ་བྱ། །གཟུངས་ཐོབ་དོན་ནི་འབྱེད་པར་འགྱུར། །བླ་མ་ལ་ཡོན་ཕུལ་ནས་ནི། །དེས་ནི་རྟག་པར་བརྟེན་པར་བྱ། །འཇིག་རྟེན་སྨིན་ཕྱིར་ཐོས་པ་བཅིལ། །རྩོད་བའི་དོན་དང་ང་རྒྱལ་སྤངས། །རང་གི་ཡོན་ཏན་བརྗོད་མི་བྱ། །སྒྲའི་ཡོན་ཏན་བརྗོད་བར་བྱ། །གཞན གྱི་མཚད་རྣམས་འབྲུ་མི་བྱ། །གདུག་བའི་སེམས་ནི་བསྡུ་མི་བྱ། །བདག་ཉིད་དམ་ནི་གཞན་རྣམས་ཀྱི། །འཁྲུལ་པ་སོ་སོར་བརྟགས་པར་བྱ། །ཁ་ན་མ་ཐོ་གང་ཞིག་གིས། །གཞན་གྱི་རྒྱུ་དག་སྐྱོན་ཅན་གྱུར། །རང་གི་རྒྱུད་ལ་མཐད་གྱུར་ན། འཁས? པས་དེ་མ་ཐག་ཏུ་བཏང། །གཞན་ལ་ཕན་དག་གདགས་པར་བྱ། །ལན་ལ་ལྟ་བར་མི་བྱའོ། །སྡུག་བསྔལ་བདག་ཉིད་གཅིག་པུས་སྤྱད། བདེ་བ་ཐུན་མོང་ལོངས་སྤྱོད་བྱ། །གལ་ཏེ་ཕུན་སུམ་ཚོགས་གྱུར་ཀྱང། །ང་རྒྱལ་མཐོ་སེམས་མི་བྱ་ཞིང། །ཕུན་སུམ ཚོགས་མེད་ཡི་དགས་འདྲ། །ལོངས་སྤྱོད་མེད་ཀྱང་ཞུམ་མི་བྱ། །འཆི་མ་རྒྱལ་སྲིད་ཉམས་གྱུར་ན། །བདེན་པའི་ཚིགས་ཏུ་སྨྲ་བར་བྱ། །རང་གི་དོན་དུ་ཅང་མི་སྨྲ། །དོན་ནི་ཇི་བཞིན་བརྗོད་གྱུར་ཀྱང། །གཞན་ལ་གནོད་ན་བདེན་མ་ཡིན། །གཞན་ལ་གཅིག་ཏུ་ཕན གྱུར་ན། །དོན་མི་བརྗོད་ཀྱང་བདེན་བ་ཡིན། །ཇི་ལྟར་སྨྲས་པ་དེ་བཞིན་བྱེད། །བརྟུལ་ཞུགས་བརྟན་པར་གྱུར་པ་འདི། །ས་སྟེང་ཀུན་གྱི་དབང་མཆོག་ཏུ། །མ་འོངས་པ་ན་འགྱུར་བ་ཡིན། །ལེགས་པར་བརྟགས་ནས་གང་བྱེད་པ། །ཐམས་ཅད་ཀྱིས ནི་རྟག་པར་བསྟོད། །ཇི་ལྟར་འགྱུར་བའི་དོན་བསྟན་ན། །གཞན་རྣམས་ཡིད་ནི་ཆེས་པར་འགྱུར། །ཕ་དང་མ་ལ་མཆོད་པ་དང། །སྐྱེ་བོ་ཡ་རབ་མཆོད་པ་དང། །འཚོ་བ་དག་ཅིང་བཟོད་པ་དང། །གཏོང་ཕོར་ཚིག་མི་རྩུབ་པ་དང། །དབྱེན་དང་བརྫུན དག་མི་སྨྲ་བ། །བརྟུལ་ཞུགས་འདི་དག་བརྟན་བྱས་ན། །ལྷ་ཡི་དབང་པོར་སྐྱེ་བར་འགྱུར། དེར་ཡང་ལྷ་དབང་བྱེད་པར་འགྱུར། །དེ་ཕྱིར་ཆོས་འདི་སྦྱད་པར་བྱ། །ཉིན་རེ་བཞིན་དུ་དུས་གསུམ་དུ། །འཁར་གཞོད་སུམ་བརྒྱའི་བཟའ་བྱིན་བའི། །བསོད ནམས་ཚོགས་ཀྱི་ཕུང་པོ་ཡིས། །ཡུད་ཙམ་བྱམས་པ་བསྒོམས་པ་ཡི། །བསོད་ནམས་ཚོགས་ལ་ཆར་མི་ཕོད། །ལྷ་དང་མི་ལ་སྡུག་པར་འགྱུར། །འདི་རྣམས་ཀྱིས་ཀྱང་སྲུང་བར་བྱེད། །ཡིད་བདེ་བ་དང་ལུས་བདེ་དང། །དུག་དང་མཚོན་གྱིས་གནོད མི་འགྱུར། །ཚེགས་མང་པོ་ཡི་ནོར་ཐོབ་འགྱུར། །ཚངས་པའི་འཇིག་རྟེན་དུ་ཡང་སྐྱེ། །བྱམས་པ་རི་ཆོས་འབྲེལ་བརྒྱད་པོ་འདིའི། །སྤྱད་ཅིང་གལ་ཏེ་མ་བྲལ་ནའོ། །སེམས་ཅན་རྣམས་ལ་སེམས་བསྐྱེད་བྱ། །བྱང་ཆུབ་ཏུ་ནི་བརྟན་བར་བྱ། །རི་དག་ལྟ་བུར་བརྟན་པ་ཡི། ། བྱང་ཆུབ་སེམས་ནི་ཐོབ་བར་འགྱུར། །དད་པས་མི་ཁོམ་བརྒྱད་སྤོང་ཏེ། །ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོར་འགྲོ། །སྟོང་པ་ཉིད་ལ་གོམས་བྱས་པས། །དགེ་བ་མ་ཉམས་ཐོབ་པར་འགྱུར། །གཡོ་སྒྱུ་མེད་བས་དྲན་པ་ཐོབ། །སེམས་པ་པོ་ཡི་བློ་གྲོས་ཐོབ། ། གུས་པར་བྱས་པས་དོན་རྟོགས་འགྱུར། །དམ་ཆོས་སྲུངས་པས་ཤེས་རབ་ཐོབ། །ཆོས་ཀྱི་མཉམ་པའི་སྦྱིན་པ་དང། །སྒྲིབ་པ་མེད་པའི་བྱ་བྱས་ན། །སངས་རྒྱས་ཉིད་ནི་མྱུར་ཐོབ་འགྱུར། །མ་ཆགས་པས་ནི་དོན་གྲུབ་འགྱུར། །སེར་སྣ་མེད་པས་ལོངས སྤྱོད་འཕེལ། །ང་རྒྱལ་མེད་པས་མཆོག་ཏུ་འགྱུར། །ཆོས་ལ་བཟོད་པས་གཟུངས་ཐོབ་ཡིན། །སྙིང་པོ་ལྔ་ནི་རབ་སྦྱིན་ན། །འཇིག་པ་ལས་ཀྱང་འཇིག་མེད་འགྱུར། །སྟོབས་ཆེན་མཆོག་ཏུ་གྱུར་པ་ཡིས། །བདུད་ཀུན་གྱིས་ནི་མ་རྫི་བའི། །མཆོད་རྟེན་ལ་སོགས རྣམས་ལ་ནི། །མར་མེ་ཡི་ནི་ཕྲེང་བ་འབུལ། །མུན་ནག་རྣམས་སུ་མར་མེ་སྦོར། །མར་མེའི་ཆེད་དུ་འབྲུ་མར་སྟེར། །ལྷ་ཡི་མིག་ངག་ཐོབ་པར་འགྱུར། །མཆོད་རྟེན་ལ་སོགས་མཆོད་པའི་ཕྱིར། །སྒྲ་ཡི་རྣམ་གྲངས་དྲིལ་སོགས་དང། །དུང་དང་རྔ་སོགས མཆོད་པའི་ཕྱིར། །སྒྲ་ཡི་རྣམ་གྲངས་སྒྲ་འབུལ་ན། །ལྷ་ཡི་རྣ་བ་ཐོབ་པར་འགྱུར། །གཞན་གྱི་སྐྱོན་མཐོང་མི་སྒྲགས་ཤིང། །འཁྲུལ་པ་མཐོང་ཡང་ལྐུགས་པ་བཞིན། །གཞན་སེམས་རྗེས་སུ་བསྲུངས་བ་ཡི། །གཞན་གྱི་སེམས་ཤེས་ཐོབ་བར་འགྱུར། །བཅག་ལྷམ གྲུ་སོགས་བཞོན་བ་སྟེར། །ཉམ་བར་ལྷུང་ལས་གྲོལ་བ་དང། །བླ་མ་རྣམས་ལ་སེམས་པ་ཡིས། །རྫུ་འཕྲུལ་དག་ནི་ཐོབ་པར་འགྱུར། །ཆོས་ཀྱི་འབྲས་བུ་རྣམས་དྲན་དང། །དེ་བཞིན་ཆོས་གཞུང་དོན་དྲན་པས། །སྐྱེ་བ་དྲན་པར་འགྱུར་བ་ཡིན། །དྲི་མེད་ཆོས་ཀྱི་སྦྱིན་བ དང། །སྣ་ཚོགས་རྣམ་དག་སྨོན་ལམ་གྱིས། །སངས་རྒྱས་ཞིང་ནི་རྣལ་འབྱོར་བྱེད། །རིན་ཆེན་སྦྱིན་པས་ཐུབ་དབང་གི། འོད་ཟེར་དཔག་མེད་རབ་ཏུ་འབྱེད། །དངོས་རྣམས་ངོ་བོ་ཉིད་མེད་པར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མངོན་ཤེས་མཆོག ཏུ་གྱུར་བ་ཡི། །དྲུག་པ་ཟག་པ་ཀུན་ཟད་པའོ། །ཡོན་ཏན་དེ་རྣམས་མདོར་བསྡུས་ཏེ། །བྱང་ཆུབ་སེམས་དཔས་བསྟེན་པར་བྱ། །སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་རྗེ་སོགས། །རང་རྗས་གཏོང་པ་སྦྱིན་པ་དེ། ། གཞན་ལ་ཕན་བྱེད་ཚུལ་ཁྲིམས་སོ། །བཟོད་པས་ཁྲོ་བ་ཡོངས་གཏོང་བའོ། །དཀར་བའི་ཆོས་འཕེལ་བརྩོན་འགྲུས་ཡིན། །བྱིང་རྒོད་ཞིབ་བསམ་གཏན་ཏེ། །ཡང་དག་དོན་སྟོན་ཤེས་རབ་ཡིན། །སེམས་ཅན་ཀུན་ལ་རོ་གཅིག་བློ། །སྙིང་རྗེ་ཞེས་ན་བརྗོད་པ་ཡིན། སྦྱིན་པས་ལོངས་སྤྱོད་ཐོབ་པར་འགྱུར། །ཚུལ་ཁྲིམས་ཀྱི་ནི་བདེ་འགྲོ་སྟེ། །བཟོད་པ་ཡིས་ནི་གཟུགས་བཟང་བའོ། །བརྩོན་འགྲུས་ཀྱིས་ནི་གཟི་མདངས་ཆེ། །བསམ་གཏན་གྱིས་ནི་ཤེས་རབ་གྲོལ། །སྙིང་རྗེས་དོན་ཀུན་སྒྲུབ་པར་བྱེད། །བདུན་པ་དེ རྣམས་མ་ལུས་པར། །ཅིག་ཅར་ཕ་རོལ་ཕྱིན་པ་ཡི། །བསམ་མི་ཁྱབ་པའི་ཡེ་ཤེས་ཡུལ། །འཇིག་རྟེན་མགོན་ཉིད་ཐོབ་པར་འགྱུར། །དེ་ལྟར་ལས་དང་འབྲས་བུ་དག་།མ་འཁྲུགས་ཚུལ་ནི་ཤེས་བྱས་ནས། །རྟག་པར་འགྲོ་ལ་ཕན་གདགས་བྱ། །དེ་ཉིད བདག་ལའང་ཕན་པར་འགྱུར། །ཆོས་རྣམ་ངེས་པ་ཞེས་བྱ་བ། །བྱིས་པའི་སྐྱེ་བོས་རྟོག་བྱའི་ཕྱིར། །གཞུང་རྒྱས་གཞན་ལས་བདག་གིས་ནི། །མདོ་རུ་བསྡུས་ཏེ་བྲིས་བ་ཡིན། །འདི་བརྩམས་དགེ་བ་དང་ཐོབ་དེས། །མཛའ་ཡས་སེམས་ཅན་མ ལུས་ཀུན། །རྟག་ཆད་མཛའ་ཨི་ལས་གྲོལ་གྱུར་ཏེ། །བླ་མེད་བྱང་ཆུབ་ཐོབ་པར་ཤོག། །།པཎྚི་ཏ་ཆེན་པོ་རཏན་ཀཱི་རྟིས་མཛད་པའི་ཆོས་རྣམས་པར་ངེས་པ་ཞེ་བྱ་བའི་རབ་ཏུ་བྱེད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྚི་ཏ་ཆེན་པོ་རཏན་ཀཱི་རྟི་དང། ། བོད་ཀྱི་ལོ་ཙཱ་བ་ཆིང་ཡོན་ཏན་འབར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ། ། །། *། །དབུ་མ་རྒྱན་གྱི་མན་ངག་རིན་ཆེན་འབྱུང་གནས་ཞི་བ་ལྷས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ་།མ་དྷཡ་མཱ་ལཾ་ཀཱ་རོ་བ་དེ་ཤ། བོད་སྐད་དུ། དབུ་མ་རྒྱན་གྱི་མན་ངག་།རྗེ་བཙུན་མ་སྒྲོལ མ་ལ་ཕྱག་འཚལ་ལོ།

CLOSE WINDOW