Wylie | e-texts based on the ACIP/ALL ![]() ![]() |
བི་ཤེ་ཥ་སྟོ་པ། བོད་སྐད་དུ། ཁྱད་པར་དུ་འཕགས་པར་བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་མཆིས་པ། །དེ་ཅིའི་སླད
དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ་། །ཡོན་ཏན་འཛིན་ལ་ཞན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆིས་པར་གྱུར། །ཁྱབ་འཇུག་དབང་ཕྱུག་ལ་སོགས
པ། །དེ་ལ་སྐྱེ་བོ་དགའ་དང་བས། །དེ་ཡི་ཡོན་ཏན་གང་བསྒྲགས་པ། །ཁྱོད་ཀྱི་བསྟན་ལ་དེ་དག་སྐྱོན། །ལྷ་ཆེན་ཁྲོས་པའི་མངའ་གཅིག་གིས། །གྲོང་ཁྱེར་སུམ་བརྩེགས་བསྲེགས་ཞེས་གྲགས། །ཁྱོད་ཀྱི་ཡེ་ཤེས་མངའ་ཆེན་གྱིས། །ཁྲོ་བོའི་མེ་ཉིད་ངེས་པར
བསྲེགས། །ལྷ་ཆེན་གྱིས་ནི་འདོད་པ་དག་།བསྲེགས་ཉེས་པས་ན་ཕྱིར་ཡང་དྲངས། །ཁྱོད་ཀྱིས་ཡེ་ཤེས་ཞུགས་ཀྱིས་ནི། །འདོད་པ་རྩར་བཅས་བསྲེགས་ནས་བཏོན། །ལྷ་ཆེན་ཐིག་ལེའི་མཆོག་མ་ལ། །ཆགས་པ་སྐྱེས་བས་གདོང་བཞི་བྱུང། །བདུད་ཀྱི་བུ་མོ
སྒེག་མོ་ཡིས། །ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས། །ལྷ་ཆེན་ཕྱེད་ནི་ཆུང་མ་བས། །དུར་པ་ཡིས་ཀྱང་ཐུབ་མ་ལགས། །ཁྱོད་ནི་བདེ་བར་བགྱིད་པ་ཡི། །འདོད་པ་ཉིད་ཀྱིས་རྨོངས་མ་གྱུར། །འཁོར་ལོ་མདུང་ཐུང་ཅན་དག་གིས། །བདུད་སྟོབས་དེ་ལས་རྒྱལ་མི་ནུས། །ཁྱོད
ནི་འཁོར་ལོ་མདུང་མེད་པར། །བྱམས་པའི་མཚོན་གང་ལགས་པས་རྒྱལ། །རྒན་པོས་ཁྱབ་འཇུག་མངའ་ཡིས་བསྣུན། །ལྷ་ཆེན་མགྲིན་པ་སྔོན་གྱུར་པས། །ལྷ་འདི་གཉིས་ལ་གནོད་བགྱིད་མཆིས། །མགོན་ཁྱོད་གནོད་བགྱིད་བྲལ་བ་ལགས། །ཁྱབ
འཇུག་མིའུ་ཐུང་གཟུགས་བསྒྱུར་ནས། །གཡོ་ཐབས་ཀྱིས་ནི་སྟོབས་ལྡན་བསླུས། །ཁྱོད་ནི་གཡོ་ཡང་མཁྱེན་གྱུར་ལ། །གཞན་དག་ལ་ཡང་བསླུ་མི་མཛད། །མགོན་ཁྱོད་རྫུ་འཕྲུལ་རྣམ་འཕྲུལ་བ། །རྨད་བྱུང་གང་གིས་མཐོང་བ་དེས། །ཁྱབ་འཇུག
འཇིག་རྟེན་གསུམ་བརྒལ་བ། །འཕྱེ་པོ་འཕྱེ་བ་བཞིན་དུ་མཐོང། །གཞོན་ནུ་ཚངས་པར་སྤྱོད་པ་ན། །དྲུག་ལྡན་མ་དང་ལྷན་ཅིག་སྤྱོད། །ཁྱོད་ཀྱིས་འཁྲིག་པའི་སྦྱོར་བ་བདུན། །ཐལ་བ་བཞིན་དུ་བགྱིས་པར་གྱུར། །ཚངས་སོགས་འཇིག་རྟེན་འབྱིན་པ
པོ། །བདག་ཅག་ཡིན་པར་སྨྲ་ཞེས་གྲག་།དེ་ཉིད་གཟིགས་ཁྱོད་འཇིག་རྟེན་དང། །དེ་ཡང་ལས་ལས་སྐྱེས་ཞེས་བསྟན། །བརྒྱ་བྱིན་གྱིས་ནི་གཤོལ་མེད་མ། །མཐོང་ནས་འདོད་པས་རྨོངས་ཞེས་གྲག་།དཔའ་ཁྱོད་འདོད་པ་ཉིད་ཀྱིས་ནི། །མ་རྨོངས་སླད
དུ་བཙུན་མོ་བཏང། །སྒྲ་གཅན་ལག་པས་ཟླ་བ་ཡང། །དབང་མེད་པར་ནི་མིད་པ་ལགས། །མངའ་བརྙེས་ཁྱོད་ལ་སེམས་ཅན་གང། །དབང་མེད་བགྱིད་པ་དེ་མ་མཆིས། །མི་དབང་དགའ་བྱེད་གོས་སྲེད་སོགས། །ནགས་ཚལ་ནས་ནི་ཕྱིར་ཡང་མཆིས།
བདེ་གཤེགས་ཁྱོད་ནི་དབེན་པ་ཡི། །བདུད་རྩིས་ངོམས་པས་ཕྱིར་མ་བྱོན། །མཆོད་སྦྱིན་ལ་ནི་ཕྱུགས་དགུམ་པར། །དྲང་སྲོང་རྣམས་ནི་སྨྲ་ཞེས་གྲག་།སྡིག་མེད་ཁྱོད་ཀྱིས་གྲོག་མ་ལའང། །གནོད་པ་བགྱིད་པ་རྗེས་མ་གནང།
གཞན་དག་རང་དོན་མཆོད་སྦྱིན་ལ། །གཞན་གྱི་སྲོག་གིས་སྦྱིན་སྲེག་བྱེད། །གཞན་གྱི་དོན་དུ་ཁྱོད་གཅིག་པུ། །རང་གི་སྲོག་གིས་སྦྱིན་སྲེག་མཛད། །དྲང་སྲོང་དམོད་མེ་མི་བཟང་པས། །སྐྱེ་བོ་མང་པོ་བསྲེག་པར་གྱུར། །ཁྱོད་ཀྱིས་ཡེ་ཤེས་མེ་ཡིས
ནི། །སྐྱེ་བོ་རྣམས་ཀྱི་སྐྱེ་རྒྱུ་བསྲེགས། །རྒྱས་པ་དྲན་པའི་མཐུ་ཆུང་པས། །མང་པོ་བགྱིས་པའི་ཚིག་དག་ནི། །ལྷག་འོག་འགལ་བར་གྱུར་ཞེས་པོས། །ཐུབ་པ་ཁྱད་ཀྱི་ཀུན་ཀྱང་མིན། །དྲང་སྲོང་དམོད་པ་གྲུབ་པ་ལས། །དཀའ་ཐུབ་གྲུབ་པར
རྗེས་སུ་དཔག་། མགོན་ཁྱད་ཐུགས་རྗེ་གྲུབ་པ་ལས། །དཀའ་ཐུབ་གྲུབ་པར་རྗེས་སུ་དཔག་།ལྷ་ཆེན་འདོད་པ་ཅན་གྱི་མཚན། །དྲང་སྲང་རྣམས་ཀྱི་དམོད་པས་ལྷུང། །ཁྱོད་ཀྱིས་ཕུང་ཁྲོལ་མཛའ་དག་གི་།རྩ་བ་འདོད་པ་ཉིད་ལྷུང་བགྱིས། །གླིང
ལས་སྐྱེས་སོགས་ཕལ་ཆེར་ནི། །གཞན་གྱིས་གང་སྨྲས་སྨྲ་བར་བགྱིད། །ཁྱོད་ཀྱིས་ཐུན་མོང་མ་ཡིན་ཆོས། །རང་གིས་ཐུགས་སུ་ཆུད་ནས་བསྟན། །མུ་སྟེགས་ཅན་གྱི་རིག་བྱེད་ཚིག་།དབེན་པ་ཁོ་ནར་སྨྲ་བར་བགྱིད། །ཁྱོད་ཀྱིས་བསྒྲགས
ནས་སེང་གེ་ཡི། །སྒྲ་ཡིས་ཆོས་དག་སྟོན་པར་མཛད། །གྲངས་ཅན་བྷ་ར་དྭཱ་ཛ་ནི། །ད་ཉིད་མཐོང་ཡང་དཔྱིད་ལྡན་ལ། །ཡོངས་སུ་ཆགས་ཀྱི་གཙོ་ཁྱོད་ཀྱི། །སློབ་མའང་བུད་མེད་ཉིད་ལ་ཆགས། །འུག་པ་པས་ནི་ཐམས་ཅད་ལས། །ཁྱད
པར་ཅན་ལ་སྦྱིན་ཞེས་བསྟན། །མགོན་པོ་ཁྱོད་ནི་ཐུགས་རྗེ་ཡིས། །ཁྱི་ལའང་སྦྱིན་པར་བྱ་ཞེས་གསུངས། །ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས། །མདུད་པ་འཇིག་པར་གཅེར་བུ་འཚལ། །ཁྱོད་ནི་ཐུགས་ཀྱི་དཀའ་ཐུབ་ཀྱིས། །མདུད་པ
འཇིག་པར་བཞེད་པ་ལགས། །རྟོག་གེ་པ་རྣམས་དངོས་པོ་རྣམས། །བལྟོས་པ་མེད་པར་གྲུབ་པར་འཚལ། །ཚིག་དབང་ཁྱོད་ཀྱིས་ཅུང་ཟད་ཀྱང། །མི་བལྟོས་མེད་ཅེས་ལེགས་པར་གསུངས། །ནེ་ཙོས་ཉི་མ་བརྟལ་ནས་ནི། །ཐར་བ་མཆིས་པར་བཤད་ཅེས
གྲགས། །ཁྱོད་ནི་མྱ་ངན་འདས་བརྙེས་ལས། །གང་དུ་ཡང་ནི་གཤེགས་མ་མཆིས། །ཐར་པ་གཞན་གྱུར་སྐྱེད་པ་དང། །ནེ་ཙོའང་ལམ་གཞན་སོང་བར་གྱུར། །ཁྱོད་ཉིད་ལམ་གང་ནས་གཤེགས་པ། །དེ་ཉིད་ནས་ནི་སློབ་མའང་མཆིས། །ཁྱབ་འཇུག
གིས་ནི་བུད་མེད་དག་། སྟོང་ཕྲག་དྲུག་ཅུ་ཡོངས་བཟུང་གྱུར། །སྟོན་པ་འཇིག་རྟེན་འདས་ཁྱོད་ལ། །བདག་གི་མེད་ཅིང་ཡོངས་འཛིན་མེད། །ཀ་ཤིའི་མཛེས་དགའ་མོ་ལ་ནི། །རྒྱས་པ་ཡོངས་ཆགས་རྣམ་པར་འགྱུར། །ཁྱོད་ཁབ་བཞུགས་ནའང་ཕུང
ཁྲོལ་བའི། །དོན་གྱི་དབང་པོ་རྨོངས་མ་གྱུར། །རྒྱས་པ་འདོད་གདུངས་གཡེན་སྤྱོས་པས། །བུད་མེད་ཀྱིས་ནི་རྟོག་པས་བསྣུན། །ཁྱོད་ནི་ཁྱིམ་པར་གྱུར་པ་ནའང། །ཕྱིར་ཞིང་འཁྲུག་པར་གྱུར་པ་མེད། །དགའ་བྱེད་ཆུང་མའི་དོན་གྱི་ཕྱིར། །རྒྱ་མཚོའི་ཕ
རོལ་སོང་ཞེས་གྲག་། ཁྱོད་ཀྱིས་བུད་མེད་སྟོང་ཕྲག་ནི། །བརྒྱན་བཅུ་སྤངས་ནས་ནགས་སུ་གཤེགས། །རྣ་ཅན་འཐབ་དཀའ་ལ་སོགས་ལ། །ཁྱབ་འཇུག་གིས་ནི་གནོད་པ་བརྩམས། །སེམས་ཅན་རྣམས་ལ་ཕན་བཞེད་པ། །ཁྱོད་ཀྱིས་སྲོག་ཀྱང་བཏང
བར་མཛད། །ཁྱབ་འཇུག་གིས་ནི་སྒྱུ་བྱས་ནས། །གོ་མ་གསུམ་གྱིས་ཕྲོགས་གང་ཡིན་པའི། །ས་དེ་ངེས་པར་ཐར་བཞེད་པ། །ཁྱོད་ཀྱིས་རྩཝ་བཞིན་བཏང་པར་གྱུར། །དགའ་བྱེད་སྲོག་གཅོད་བྱེད་པའི་མངས། །འཇིག་རྟེན་རྒྱལ་རིགས་མེད་བྱས་པས།།
གྲགས་པ་ཐོབ་པ་གང་ཡིན་དེ། །ཁྱོད་ཀྱི་བསྟན་ལ་གྲགས་པ་མིན། །སྒྲ་ངན་དང་ནི་སྐྱ་སེང་དག་།གང་གི་ཕྱིར་ནི་གཡུལ་བཀྱེ་བའི། །དཔལ་དེ་ཁྱོད་ཀྱིས་འཁྲོ་ཤིང་ནི། །གདུག་པ་བཞིན་དུ་སྤངས་ནས་གཤེགས། །ཁྱོད་ཀྱི་བསྟན་པ་རྙེད་པ་ན། །ཐར
ཤིང་ནགས་ན་ལྷ་ཆེན་པོ། །རྣལ་འབྱོར་དབང་ཕྱུག་སྤྱོད་པ་གང། །དེ་ནི་མི་ཤེས་སྤྱོད་པར་བས། །དབང་པོ་གཤོལ་མེད་བྱི་བོ་ཞེས། །བྲམ་ཟེ་ད་དུང་རབ་ཏུ་སྒྲོག་།ཁྱོད་ཀྱིས་འབྲས་བུ་མཆོག་བརྙེས་པའི། །གྲགས་པ་བརྒྱ་བྱིན་སྒྲོགས་པར
གྱུར། །ཁྱབ་འཇུག་གིས་ནི་ནགས་ཁྲ་བོས། །བྲེད་འཐོམས་གྱུར་ནས་ཀུན་གཏོང་གི་།ཁྲི་ཡི་འོག་ཏུ་ཞུགས་པར་གྱུར། །གཙོ་ཁྱོད་ཀུན་ཏུ་བསྙེངས་མི་མངའ་། །སྐྱེ་དགུའི་བདག་པོ་རང་ཉིད་ཀྱི། །བུ་མོ་དང་ནི་འཁྲིག་ཅེས་ཐོས། །ཐུབ་པ་ཁྱོད་ཀྱི་སློབ་མ་ཡང།།
ཚངས་པར་སྤྱོད་ལ་སྐྱོན་མ་མཆིས། །བྲམ་ཟེ་རྣམས་ནི་དགེ་སྡིག་དག་།སྦྱིན་པ་ལེན་བཞིན་འཕོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང། །མ་བྱས་པ་དང་ཕྲད་མེད་གསུངས། །སེར་སྐྱས་བདག་གི་མཚན་ཉིད་ནི། །ཤེས་དང་ལྡན་པར་ཡོངས་སུ་བརྟགས།།
ཁྱོད་ཀྱིས་དེ་ལྟར་ཡིན་ན་བདག་། མི་རྟག་ཉིད་དང་ལྡན་ཞེས་བསྟན། །གཟེགས་ཟན་གྱིས་ནི་ཤེས་ལས་བདག་།གཞན་དང་ཁྱབ་པར་ཡོངས་སུ་བརྗོད། །ཁྱོད་ཀྱིས་དེ་ནི་ཤེས་མེད་ན། །ཤིང་དང་འདྲ་བར་ཐལ་འགྱུར་གསུངས། །གཅེར་བུ་ལུས་ཀྱི་ཚད
བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཁྱོད་ཀྱིས་དེ་ནི་ཕྱོགས་གང་ཕྱིར། །རྣམ་པར་འཇིག་པར་འགྱུར་ཞེས་གསུངས། །བྲམ་ཟེས་འགྲོ་བ་རྣམས་ཀྱི་རྒྱུ། །སྐྱེས་བུ་རྟག་པ་ཡིན་ཞེས་བསྒྲགས། །ཁྱོད་ཀྱིས་རྟག་པ་ཞེས་བྱ་བའི། །རྒྱུ་ནི་ཅི་ཡང
མེད་ཅེས་བསྟན། །བདག་ཉིད་ཆེན་པོ་དུག་ཅན་པའི། །སྲས་པོ་སྟོང་ཕྲག་དྲུག་ཅུ་དག་།སེར་སྐྱས་བལྟས་པ་ཙམ་གྱིས་བསྲེགས། །དེ་ལའང་ཁྱོད་ཀྱིས་ཐུགས་རྗེ་མཛད། །སེར་སྐྱ་དེ་ཉིད་རིག་པས་ནི། །གཙོ་ལས་འགྲོ་བ་སྐྱེ་བར་བཤད། །ཁྱོད་ཀྱིས
འགྲོ་བའི་སྐྱེ་བ་ནི། །ཉོན་མོངས་ལས་ལས་འབྱུང་བར་བསྒྲགས། །སེར་སྐྱ་ལ་སོགས་ཐར་པ་ཡི། །བདག་ནི་སྲིད་པའི་རྒྱུ་ཞེས་ཟེར། །ཁྱོད་ནི་ཞི་བར་གཤེགས་གྱུར་ནས། །ཞུགས་གུམ་ལྟ་བུར་བགྲང་དུ་མེད། །མུ་སྟེགས་བྱེད་པ་ཁ་ཅིག་ནི། །ཐར་པ
འགྲོ་དང་ལྡན་ཞེས་སྨྲ། །གང་ལ་འགྲོ་ཡོད་དེ་འཁོར་བར། །ཁྱོད་ཀྱིས་ཐུགས་སུ་ཆུད་ནས་བསྟན། །གཅེར་བུ་ཀུན་དགའ་ར་བ་སོགས། །བརྩིགས་པ་སྡིག་པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ནི། །དེ་ཉིད་བསོད་ནམས་རྒྱ་ཞེས་གསུངས། །ལུས
ལས་ལུས་གཞན་དག་ཏུ་ནི། །ཕྲ་བའི་སྲོག་ནི་འཕོ་ཞེས་གྲགས། །ཁྱོད་ཀྱིས་ལུས་ལས་གཞན་གྱུར་པའི། །སྲོག་ཡོད་པ་ནི་མིན་ཞེས་གསུངས། །ཁྲོས་པས་གཡུལ་ངོར་བསད་ན་ནི། །བདེ་འགྲོར་འགྱུར་ཞེས་རྒྱས་པ་ཟེར། །མགོན་པོ་ཁྱོད་ཀྱིས་གནས
སྐབས་དེའི། །སེམས་ནི་ངན་འགྲོ་ཡིན་ཞེས་གསུངས། །སྐྱ་བསེད་བུ་ནི་བརྗོད་བྱས་ན། །བསོད་ནམས་འགྱུར་ཞེས་སོ་སོར་སྨྲ། །གང་ཞིག་བགྲོད་མིན་བགྲོད་བྱེད་པ། །དེ་དག་ཁྱོད་ཀྱི་བསྟན་ལ་སྨད། །སྐེམ་བྱེད་དབང་པོ་ཉེ་དབང་པོ། །དྲག་པ་ལ་སོགས
འཇིགས་པ་དང། །བསྡིགས་ཕྱིར་མཚོན་ཆ་རྟག་ཏུ་ཐོགས། །ཁྱོད་ནི་བསྙེངས་བྲལ་བསྡིགས་མི་མཛད། །ཁྱོད་ནི་སུས་ཀྱང་མི་བསྙེངས་ལ། །སུ་ལའང་བསྡིགས་པར་མི་མཛད་པས། །ཁྱོད་ཉིད་གཅིག་པུ་མཚོན་མི་བསྣམས། །དེས་ན་འགྲོ་བ
རྣམས་ལས་འཕགས། །སྨྲ་པོ་ཉོན་མོངས་བཅས་པའི་ཚིག་།རིག་བྱེད་ལ་སོགས་ཚིག་དག་ནི། །ཕལ་ཆེར་ལྟག་འོག་འགལ་བ་ལགས། །ཁྱོད་ཀྱི་ཐམས་ཅད་མཁྱེན་པའི་གསུང། །གཞན་གྱི་བསྟན་བཅོས་གཞན་དག་ནི། །ཕལ་ཆེར་སྔ་ཕྱི
འགལ་བ་ལགས། །ཁྱོད་ཉིད་ཀྱི་ནི་གཞུང་ལུགས་དག་།ཐོག་མ་བར་མཐར་སྐྱོན་མ་མཆིས། །ཆོས་འདོན་པ་དག་དམངས་རིགས་ལ། །བློ་གྲོས་སྦྱིན་པར་བྱ་མིན་ཟེར། །ཁྱོད་ནི་གདོལ་པ་རྣམས་ལ་ཡང། །ཐུགས་རྗེས་དམ་ཆོས་སྟོན་པར
མཛད། །ལྗོན་ཤིང་བཟང་པོ་རྣམ་སྤངས་ནས། །ངན་པ་ལ་ནི་སུ་ཞིག་བརྟེན། །འདོད་ཆགས་བྲལ་བརྙེས་ཁྱོད་བཞུགས་ནས། །མཁས་བ་སུ་ཞིག་སྟོན་གཞན་འདུད། །སེར་སྐྱ་ཡུལ་རྣམས་ལ་སྤྱོད་བཞིན། །ཡེ་ཤེས་འགྱུར་འཆི་སྡིག་བྲལ་བ།
ཁྱོད་ཀྱིས་ཀུན་ནས་ཉོན་མོངས་པ། །ཐར་བ་ག་ལ་ཡོད་ཅེས་གསུངས། །བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ
བཤད། །ལྷ་རྟེན་དང་ནི་མཆོད་སྦྱིན་ལ། །སེམས་ཅན་གསོད་པར་བྱེད་པ་དག་།འཇིག་རྟེན་པ་ནི་ཆོས་སུ་འཚལ། །ཁྱོད་ཀྱི་བསྟན་ལ་དེ་སྨད་ལགས། །གང་ཞིག་སྲོག་ཆགས་ལ་རྟག་གནོད། །དེ་ལ་ཆོས་ཉིད་ག་ལ་ཡང། །གཙོ་བོ་ཁྱོད་ཀྱིས
རང་ཉིད་ཀྱི། །སྲོག་གི་སེམས་ཅན་ལེགས་པར་བསྲུངས། །ཤཱཀྱའི་རྒྱལ་རིགས་འཁྲུངས་ཁྱོད་ཀྱིས། །གང་ཞིག་བདེན་དང་མི་བསླུ་དང། །ཚངས་པར་སྤྱོད་དང་དུལ་བ་དང། །བརྩེར་ལྡན་དམ་ཆོས་ལགས་པར་དགོངས། །རིག་བྱེད་མཛའ་ལ
འབྱམ་པས་ཀྱང། །གཡུལ་ངོར་དགྲ་མངོན་འོང་བསད་ཆེས། །འཇིག་རྟེན་སྨྲ་ཡིས་ཁྱོད་ཀྱི་ནི། །དགྲ་ལའང་སྙིང་རྗེ་བྱ་ཞེས་གསུངས། །གཞོན་ནུས་རང་གི་ཞང་པོ་ལ། །མདུང་གིས་བསྣུན་ཞེས་བཀའ་མཆིད་གདའ་། །དཔའ་ཆེན་ཁྱོད་ཀྱིས
ཉོན་མོངས་པའི། །དྲ་བ་ཤེས་རབ་མཚོན་གྱིས་དྲལ། །ཁྱབ་འཇུག་གིས་ནི་རང་ཉིད་ཀྱི། །སླས་ཀྱང་ཡོངས་སུ་བསྐྱབ་མ་ནུས། །གཙོ་བོ་ཁྱོད་ནི་སེམས་ཅན་ཀུན། །བསྐྱབ་པའི་སླད་དུ་རྟག་ཏུ་བརྩོན། །རྒན་པོས་སྦྱར་བའི་འཇིགས་ཤེས་ནས། །ཁྱབ
འཇུག་གིས་ནི་བཅོམ་ལག་བཏང། །ཐུབ་པ་ཁྱོད་ལ་བསྙེངས་བགྱིད་གང། །སེམས་ཅན་དེ་ནི་འགའ་མ་མཆིས། །ཁྱབ་འཇུག་གིས་ནི་གཉེན་འདུན་དག་།ལེ་ལན་གྱིས་ནི་གཏུགས་པར་གྱུར། །ཁྱོད་ཀྱིས་གཉེན་འདུན་ཐམས་ཅད་ནི། །འཁོར་བ
ལས་ནི་རྣམ་པར་བཀྲོལ། །མུ་སྟེགས་གཞན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམས་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་ནི་དད་པར་གྱུར། །དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཛའ་སྐྱོན་གྱིས
བརླག་སེམས་ལྡན། །བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ། །འཇིག་རྟེན་ལྷ་དང་བྲམ་ཟེ་དང། །རིག་བྱེད་སངས་རྒྱས་འདི་དག་ནི། །སྡང་ཞེས་སྨྲ་བ་རབ་སྐྱོན་ཉིད། །ཅི་ཕྱིར་སེམས་པར་མི་བྱེད་ཀྱི། །
གང་སླད་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་དེ་ཉིད་ཐོབ་བགྱིད་པ། །དེ་སླད་སྨྲ་བའི་སེང་ཁྱོད་ཀྱི། །གཞུང་ལུགས་ལ་ནི་འགྲོ་འདི་དགའ་། །ཁྱོད་ཀྱི་ཡོན་ཏན་ཡང་དག་པ། །རྣམ་པ་འདི་ལྟར་རབ་བརྗོད་པས། །བདག་གིས་བསོད་ནམས་གང་ཐོབ་དེས། །འགྲོ
བའི་འཇིག་རྟེན་ཁྱོད་འདྲར་ཤོག་། མགོན་པོ་ཁྱད་པར་འཕགས་བསྟོད་པ། །བརྟོན་པས་བདག་གིས་དགེ་བསགས་པ། །གང་ཡིན་དེས་ནི་འགྲོ་བ་ཀུན། །བྱང་ཆུབ་ལ་ནི་གཞོལ་གྱུར་ཅིག་།ཁྱད་པར་དུ་འཕགས་པར་བསྟོད་པ་སློབ་དཔོན་མཐོ
བཙུན་གྲུབ་རྗེས་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང། ལོ་ཙཱ་བ་བནདེ་རིན་ཆེན་མཆོག་གིས་བསྒྱུར་ཅིང། ཞུས་ཆེན་གྱི་ལོ་ཙཱ་བ་བནདེ་དཔལ་བརྩེགས་རཀྵི་ཏས་བཏན་ལ་ཕབ་པའོ།། །།རྒྱ་གར
སྐད་དུ།
CLOSE WINDOW