| Wylie | e-texts based on the ACIP/ALL Input |
དྷརྨ་ཥདྡྷཡ་ནོདབྱ་བསྠཱ་ན་པྲིཏྟི། བོད་སྐད་དུ། བསམ་གཏན་ཆོས་དྲུག་རྣམ་པར་བཞག་པའི་འབྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བསམ་གཏན་དག་ལ་གུས་བཏུད་དེ། །ཆོས་དྲུག་པོ་ཡི་འབྲེལ་པ་བྱ། །དེ་ལ
བསམ་གཏན་ཆོས་དྲུག་ནི། །སྡོམ་དང་རྒྱས་པར་བཤད་པའོ། །དེ་ལ་སྡོམ་ནི། སེར་སྐྱེ་མོ་དང་ཆུ་སྐྱར་སྤྲུལ་ཞེས་པ་ནས། འདི་དྲུག་ང་ཡི་སློབ་དཔོན་ཡིན། ཞེས་པའི་བར་དུའོ། །ད་ནི་རྒྱས་པར་བཤད་པ་ནི་དེ་ཡང་དཔེ་དྲུག་གིས་སྟོན་པ་ལས། དང
པོ་རེ་བ་སྤངས་པར་སྟོན་པ་ནི། །རེ་བ་སྟོབས་ལྡན་ཉོན་མོངས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སེར་སྐྱ་མོ་ཞེས་བྱ་བ་ནི་བུད་མེད་སྨད་འཚོང་མ་ཞིག་སྐྱེས་པ་དང་དུས་བཏབ་པ་ལས། མཚན་གྱི་སྟོད་ནི་སྐྱེས་པ་འོང་དུ་རེ་བ་ལས་ཡིད་སྡུག
བསྔལ་བར་??། །མཚན་གྱི་སྨད་ནི་སྐྱེས་བ་མི་འོང་བར་རེ་ཐག་ཆོད་པས་སེམས་བདེ་བར་གཉིད་ཀྱིས་ལོག་པ་དེ་བཞིན་དུ། འདོད་པའི་ལོངས་སྤྱོད་སྔར་མ་ཐོབ་པའི་ཡུལ་རྣམས་ཐོབ་པར་རེ་བའི་སྐྱེས་བུ་སྟོབས་དང་ལྡན་པ་རྣམས་ཀྱང
སྡུག་བསྔལ་བར་འགྱུར་ན། སྟོབས་ཆུང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་འདོད་པའི་ཡོན་ཏན་མ་ཐོབ་པ་ལ་རེ་བ་མི་བྱེད་པ་ནི་བདེ་བའི་མཆོག་ཡིན་ཏེ། དེ་ལ་སྡུག་བསྔལ་གྱིས་གདུང་བར་མི་བྱེད་དོ། །དེ་ནི་ཟང་ཟིང
སྤང་པར་བྱ་བ་སྟོན་པ་ནི། ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཏེ། །ཞེས་བྱ་བ་ལས་སོགས་པ་སྨོས་ཏེ། དཔེར་ན་ཆུ་སྒྱུར་ཞིག་གིས་ཉ་གཅིག་བཟུང་བ་དང། ཇི་སྲིད་ཉ་དེ་མ་བོར་གྱི་བར་དུ་ཆུ་སྒྱུར་གཞན་གྱིས་བསྙགས་ཏེ་རྩོད་པར་གྱུར་ནས། ཉ་དེ་བོར་མ
ཐག་རྩོད་པ་མེད་དེ་བདེ་བར་གནས་པར་གྱུར་པ་དེ་བཞིན་དུ། ཟང་ཟིང་གི་ལོངས་སྤྱོད་ཅི་ཙམ་ཡོད་པ་དེ་ཙམ་དུ་འཐབ་ཅིང་རྩོད་པའི་སྡུག་བསྔལ་བར་འགྱུར་ལ། ཟང་ཟིང་གི་ལོངས་སྤྱོད་ཀུན་སྤངས་ཏེ། མེད་པ་ལ་ནི་སྡུག་བསྔལ་གྱི་གདུང་བ་མེད
ཅིང་བདེ་བ་འཐོབ་པ་ཡིན་ནོ། །ད་ནི་ཁྱིམ་སྤང་བར་བྱ་བ་སྟོན་ཏེ། ཁྱིམ་གྱི་རྩོམ་པ་སྡུག་བསྔལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྦྲུལ་ཞིག་རང་གི་ཚང་ན་གནས་པ་ལས་སྤྲུལ་གྱི་ཕྲུ་གུ་མང་པོས་གཅེས་པས་མ་བཟོད་དེ་ཚང་དེ་ནས
བྱུང་ནས་ཕུག་གཞན་ཞིག་ཏུ་ཞུགས་པས་བདེ་བ་ཐོབ་པར་གྱུར་པ་དེ་བཞིན་དུ། ཁྱིམ་གྱི་གནས་ན་སོ་ནམ་ལ་སོགས་པའི་ལས་ནི་ཤིན་ཏུ་ཡང་དཀའ་ཞིང་སྡུག་བསྔལ་ཏེ་སྐད་ཅིག་ཙམ་གྱི་བདེ་བ་ཡང་མེད་ལ། ནམ་ཞིག་ཁྱིམ་སྤངས་པར
གྱུར་པ་ན་སྡུག་བསྔལ་མེད་དེ་བདེ་བར་གྱུར་པ་ཡིན་ནོ། །སྤང་བར་བྱ་བ་གསུམ་བཤད་ཟིན་ཏོ། །ད་ནི་དང་དུ་བླང་བ་གསུམ་ལས་དགོན་པར་གནས་པ་དང་དུ་བླང་བ་སྟོན་ཏེ། རྔོན་པ་གནས་སུ་སོང་གྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དཔེར་ན་རྔོན་པ་ཞིག་གི་དུས་རྟག་ཏུ་གནས་སུ་རྒྱུ་ཞིང་རི་དགས་ཚོལ་དུ་སོང་བ་དང། ཁྱིམ་གྱི་ལས་སྡུག་བསྔལ་བར་རིག་ཅིང་དགོན་པའི་གནས་བདེ་བའི་ཡོན་ཏན་མཐོང་ནས་གསོད་པའི་ལས་སྤངས་ཏེ་དགོན་པའི་གནས་དེ་ཉིད་དུ་གནས
ནས་བདེ་བར་གྱུར་པ་དེ་བཞིན་དུ། གང་ཞིག་ཁྱིམ་སྤངས་ཏེ་ལམ་བཙལ་བར་བྱ་བའི་ཕྱིར་དགོན་པར་གནས་ནས་ལུས་དང་སེམས་མཆོག་ཏུ་ལས་སུ་རུང་བར་འགྱུར་བ་ཡིན་ནོ། །ད་ནི་དམིགས་པ་ཡུན་རིང་དུ་གནས་པར་བྱ་བ་དང་དུ་བླང་བ་སྟོན་ཏེ། འདིར་ནི
རྒྱལ་པོའི་ཡན་ལག་བཞིའི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མངའ་མཁན་ཞིག་མངའ་བྱ་བའི་ཕྱིར་སྨྱུག་མ་སྲོང་བ་ལ་ཡིད་གཏད་པ་ན། རྒྱལ་པོ་ཆེན་པོ་ཞིག་གི་འཁོར་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་དཔུང་བུ་ཆུང་གི་ཚོགས་བཞིས་བསྐོར
ཏེ་མང་པོ་འགྲོ་བའི་བུན་ལོང་ངེས་མ་མཐོང་མ་ཐོས་པ་དེ་བཞིན་དུ། དགོན་པའི་གནས་དབེན་པར་ཞི་གནས་ཀྱི་སེམས་རྩེ་གཅིག་པ་ལ་རྒྱུན་དུ་བློ་གཏད་པ་རྣམས་ལ་ཡུལ་རྣམས་ཀྱི་སེམས་མི་འཕྲོགས་པར་འགྱུར་བ་ཡིན་ནོ། །ད་ནི་གཅིག་པུ་འདུག
པ་དང་དུ་བླང་བ་སྟོན་ཏེ། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བུད་མེད་གཞོན་ནུ་མ་ཞིག་ཙན་དན་བདར་བ་ན། ལག་པའི་གདུ་བུ་མང་པོ་འཁྲོལ་བ་མ་བདེ་ནས་རིམ་གྱིས་ཕྱུང་སྟེ། གདུ་བུ་གཉིས་ཞིག་བཞག་པ
ལས་དེ་ཡང་འཐབ་ནས་མ་བདེ་སྟེ། གཅིག་བཞག་པ་ལས་བདེ་བར་གྱུར་པ་དེ་བཞིན་དུ། དགོན་པའི་གནས་དེར་ཡང་གྲོགས་མང་པོ་དང་རྩོད་པར་འགྱུར་ཞིང། གཉིས་ཀྱང་ཉོན་མོངས་པའི་ཡུལ་དུ་འགྱུར་བས་གཅིག་པུ་འདུག་པ་བསྔགས་པ
ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་། དེ་ལྟར་དང་དུ་བླང་བ་གསུམ་ཡང་བཤད་ཟིན་ཏོ། །དེ་ལྟར་སྡོམ་དང་རྒྱས་པར་བསྟན་ནས། ད་ནི་བསྡུ་བའི་སྒོ་ནས་བསྟན་ཏེ། ཚིག་རྐང་གཅིག་གིས་ནི་སྤང་བར་བྱ་བ་སྟོན་ཏེ། དེ་ཡང་གང་ཞེ་ན། རེ་བ་ཟང་ཟིང་ཁྱིམ
སྤངས་དང། ཞེས་བྱ་བ་སྨོས་ཏེ། ཡིད་ལ་རེ་བ་སྤང་བ་དང། ཟང་ཟིང་གི་དངོས་པོ་སྤང་པ་དང། ཁྱིམ་ལ་ཆགས་པ་སྤང་བའོ། །ཚིག་རྐང་པ་གཉིས་ཀྱིས་ནི་དང་དུ་བླང་པ་བསྡུས་ཏེ་སྟོན་ཏེ། གང་ཞེ་ན། དེ་བཞིན་གཞན་ཡང་ནགས་གནས་དང། །དམིགས་པ
བརྟན་དང་གཅིག་པུ་ཉིད། །ཅེས་སྨོས་ཏེ། གནས་དང་དུ་བླང་བ་དང། དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱ་བ་དང་དུ་བླང་བ་དང། བདག་ཉིད་གཅིག་པུར་འདུག་པ་དང་དུ་བླང་བའོ། །ད་ནི་སློབ་དཔོན་ཨ་བ་དྷུ་ཏི་པ་ཉིད་ཀྱིས་རང་བཟོར
བྱས་པ་མ་ཡིན་པ་ནི་ཚིག་རྐང་གཅིག་གིས་སྟོན་ཏེ། གང་ཞེ་ན། བདག་གིས་བླ་མ་ལས་འདི་རྙེད། ཅེས་སྨོས་སོ། །བདག་གིས་ཞེས་བྱ་བ་ནི་ཨ་བ་དྷུ་ཏི་བས་སོ། །བླ་མ་ལས་བྱ་བ་ནི་སངས་རྒྱས་ཞི་བ་ལས་སོ། །འདི་རྙེད་ཅེས་བྱ་བ་ནི་བསམ་གཏན་གྱི
ཆོས་དྲུག་པོ་འདིའོ། །དངོས་སུ་ན་བདག་ཉིད་ཀྱི་སློབ་དཔོན་སངས་རྒྱས་ཞི་བ་ལས་བསམ་གཏན་གྱི་ཆོས་དྲུག་པོ་འདི་རྙེད་ཅེས་བྱ་བའི་ཐ་ཚིག་གོ་།ཆོས་དྲུག་འགྲེལ་བ་གསལ་བྱས་པས། །སེམས་ཅན་དུག་གསུམ་གྱིས་གདུངས་པ། །ཏིང་འཛིན
བདུད་རྩི་འཐུངས་གྱུར་ནས། །ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོག་།བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲཱ་དང། ཞུས་ཆེན་གྱི་ལོ
ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །།ཏིང་འཛིན་གྱི་མི་མཐུན་པའི་ཕྱོགས་རྣམ་པར་བཞག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན
འདས་ཀྱིས་ཚངས་པ་ཆེན་པོ་ལ་བཀའ་སྩལ་པ།
CLOSE WINDOW