CLOSE WINDOW

N4229: མཎྜལ་གྱི་ཆོ་ག
Wyliee-texts based on the ACIP/ALL Input

། །།རྒྱ་གར་སྐད་དུ། མཎྜལ་བི་དྷཾ། བོད་སྐད་དུ། མཎྜལ་གྱི་ཆོ་ག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡིས། །སྐྱེ་བ་གཞན དུ་འབྱོར་པ་མི་བཟད་པ། །དེ་ལྟའི་བཞེང་པ་ཉིད་ཀྱི་ཕྱག་གནས་ལྟར། །བསླུ་པ་མེད་པར་བདག་གིས་བརྗོད་པར་བགྱི། །ོཾ་བཛྲ་རེ་ཁེ་ཧཱུཾ། །གཙང་སྤྱོད་པ་ཡི་ལྕི་བ་ནི། །ཆུ་དང་འོ་མ་ཞོ་དང་མར། །ཐམས་ཅད་དེ་ལས་བྱུང་བ་དག་།སྟོང ?གཙང་བསྐོལ་ཏེ་ཆུ་རྣམས་དག་གོ?་། ཚིག་མདོར་ཏེ་དབུས་ཀྱི་ཆས། །དབྱིབས་ཅི་དགའ་བའི་མཎྜལ་ནི། །ས་དག་ཁྲུ་གང་ཡན་ཆད་པར། །གསང་སྔགས་འདོན་ལ་གཞོལ་པོས་གྱུར། །དེ་ནས་དེ་ནི་གུས་པ་ཡིས། །རྒྱལ་བ་སྲས་སུ་བཅས་ལ དབུལ། །མཇུག་ཏུ་ཐུབ་བས་གསུངས་པ་ཡི། །ཚིགས་བཅད་འདི་དག་བརྗོད་པར་བྱ། །བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་ཉུག?་པར་བྱེད་བ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྡུང?་བསལ་བ་བཟོད་པ་ཡིན། །བྱ་བས ནི་ཉེད་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་ཐོབ། །གསེར་གྱི་མདོག་ཏུ་འགྱུར་བ་དང། །ནད་རྣམས་ཀུན དང་བྲལ་བར་འགྱུར། །ཟླ་བ་ལྟར་མཛེས་གསལ་བ་ཡི། །ལྷ་དང་མི་ནི་དམ་པར་སྐྱེ། །ནོར་དང་གསེར་ནི་འབྱོར་བ་ཡི། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །བདེ་བར་གཤེགས་པའི་ཕོ་བྲང་མཆོག་།མཎྜལ་གང་ཞིག་བྱེད་པ་དང། །སྡིག་པ ཐམས་ཅད་མི་བྱེད་ཅིང། །དགེ་བ་ཕུན་སུམ་ཚོགས་པ་དང། །རང་གི་སེམས་ནི་ཡོངས་འདུལ་བ། །འདི་དག་སངས་རྒྱས་རྣམས་ཀྱིས་བསྔགས། །ཞེས་སོ། །དེ་ནས་དགེ་བ་དེ་ཉིད་རྒྱུ་མཚན་དུ་བྱས་ལ། །དཀོན་མཆོག་གསུམ་ལ་བདག་ཕྱག འཚལ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་ནི་ཁྱེད་ལ་རྣམ་ཀུན་འབུལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང། །དམ་ཆོས་འཁོར་ལོ་མཆོག་བསྐོར་དང། །ཡོངས་སུ་མྱ་ངན་འདས་སྤངས ཕྱིར། །བདག་ནི་ཁྱེད་ལ་གསོལ་པ་འདེབས། །འདི་སོགས?་དགེ་བའི་ལས་རྣམས་ནི། །བྱང་ཆུབ་བླ་ན་མེད་པར་བསྔོ། །འགྲོ་བའི་སྡུག་བསྔལ་ཁུར་ཆེན་པོར་བའི་ཕྱིར། །བདག་གིས་སེམས་ནི་བྱང་ཆུབ་ཕྱིར་བསྐྱེད་དོ། །མ་རྒལ་བསྒྲལ་དང མ་གྲོལ་དགྲོལ་བ་དང། །དབུགས་མ་ཕྱུང་བ་དག་ནི་དབུགས་དབྱུང་སྟེ། །མྱ་ངན་མ་འདས་བདག་གིས་མྱ་ངན་བཟླ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བསྐྱེད་ལ། ཇི་ལྟར་འདོད་པའི་བྱ་བ་དགེ་བ་ལ་འཇུག་པར་བྱའོ། །མཎྜལ དབུལ་པའི་ཆོ་ག་སློབ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་བ་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཨ་དུ་ལོ་བ་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ གཏན་ལ་ཕབ་པའོ། ། །།རྒྱ་གར་སྐད་དུ། མཎྜལ་བི་དྷི། བོད་སྐད་དུ། མཎྜལ་གྱི་ཆོ་ག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གདོད་ནས་ཞི་བའི་ཆོས་ཀུན་ལ། །གང་གིས་རང་བཞིན་མེད་བར་ནི། །སེམས ནི་རི་རབ་ལྟར་གནས་པ།

CLOSE WINDOW