Wylie | e-texts based on the ACIP/ALL ![]() ![]() |
། །།རྒྱ་གར་གྱི་མཁན་པོ་ཀྲིཥྞ་པ་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཙིཏྟ་རཏནཱ་བི་ཤོ་དྷ་ན་ཀྲ་མ་ནཱ་མ་ལེ་ཁ། བོད་སྐད་དུ། སེམས་རིན་པོ་ཆེ་རྣམ་པར
སྦྱང་བའི་རིམ་པ་ཞེས་བྱ་བའི་ཕྲིན་ཡིག་། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ས་གསུམ་དབང་ཕྱུག་སྐྱེ་དགུ་ཆོས་ཀྱིས་སྐྱོང་མཛད་པ། ལྷ་མའི་བླ་མ་འཕགས་པའི་གང་ཟག་རྣམས་ཀྱི་ཡག་།རྒོལ་བ་ཚར་གཅོད་རང་གི་འཁོར་གྱི་དགའ་
སྐྱེད་པ། །ཆོས་ཀྱི་རྒྱལ་པོ་གཅིག་པུ་དེ་ནི་རྒྱལ་གྱུར་ཅིག་།བློ་ཞན་བདག་འདྲས་གཞན་ལ་བསྐུལ་བར་མི་ནུས་ཤིང། །བསྐུལ་བས་ཕན་པར་འགྱུར་བ་འདི་དང་སང་ཉུང་མོད་ཀྱི། །འོན་ཀྱང་ས་ཡི་བདག་པོ་ཁྱོད་ཀྱིས་ནོངས་པ་ཡལ་པོར་ནས། །འགྲོ་མང་དེ་འདྲར་སའགྱུར
འདི་མ་བཟོད་ཁྱོད་ལ་བསྐུལ། །མི་སྐྱོང་ཁྱོད་ཀྱི་དབང་ཕྱུག་འདི་ནི་སྔོན་ཆད་ཉིད་ཀྱི་ཐུགས། །འདུལ་དཀའ་ལེགས་པར་བཏུལ་ལས་བརྙེས་ཀྱི་གཞན་གྱིས་བྱིན་པ་དང། །ས་ཡི་རུམ་ནས་མཐོན་ནས་གནམ་བབས་ལྟ་ཞིག་པ།
ལ་ལགས། །ས་བདག་དཔལ་འདི་མ་ཉམས་བཞེང་ན་ད་དུང་ཐུགས་ཐུལ་འཚའ། །གང་ཞིག་ཕན་ན་དེ་ནི་བརྟགས་ཏེ་དགར་ཡང་མཛད་རིགས་ལ། །གང་ཞིག་མི་ཕན་དེ་ནི་བསྒྲུབ་པར་སླ་ཡང་བཏང་བའི་རིགས། །དེ་ཕྱིར་སྔོན་ཚེ་ཐུབ་ཆེན་རྒྱལ
བུ་ཟླ་བར་གྱུར་པ་ཡི། །རྒྱལ་པོ་སུ་ཏས་ཡི་བུ་ལ་བདམས་པ་སྨྲས་བ་ལས། །རྒྱལ་པོ་གཅིག་པུས་གཡུལ་དོར་དམག་གི་དཔུང་ལས་རྒྱལ། །སེམས་ཅན་ཆར་གཅད་ཕྱིར་ནི་སྔར་མ་མ་མཛད་ཅིག་།མི་ཡི་དབང་པོ་འཇིག་རྟེན་ཕྱི་མའང་གཟིགས་པའི
དགོས། །དེ་བས་དགྱེས་ཀྱང་ཕན་པ་མ་ཡིན་བསྟན་མ་རིགས་ཞེས་སོ། །དེ་ཕྱིར་གང་གི་དམན་པའི་རིགས་སུ་ལྟུང་བྱད་པ། །ང་རྒྱལ་དགྲ་སྤངས་བདག་གི་ཚིག་འདིས་སང་ཕྱིར་ཡང། །མི་བདག་ཁྱོད་ཀྱིས་གུས་པས་གསན་རིགས་ཏེ། །ལེགས་སྤྲས་བྱིས
ཡས་བླང་ཞེས་ཐུབ་ཆེན་གསལ་བར་གསུངས། །ས་བདག་ཚར་མའི་ཤིང་ལས་སྤང་རྩི་བཞིན། དགྲ་བོ་ལས་ཀྱང་ལེགས་སྨྲ་གཟུང་བར་བྱ། །གསེར་གྱི་རི་ལས་དུག་གི་ཆུ་རྒྱུན་བཞིན། །ཡིད་འོང་སྐྱེ་བོའི་ཚིག་ངན་སྤང་འཚལ་ལོ། །ཞེས་སོ་གང་ཞིག་མ
བཏུལ་མནར་མེད་སོགས། །སྡུག་བསྔལ་བཟོད་དཀའ་སྐྱེད་བྱེད་ཅིང། །ང་ཉིད་བཏུལ་བས་ལྷ་མི་དང། །འཇིག་རྟེན་མིན་པའི་བདེ་བ་འང་འཐོབ། །རབ་ཏུ་མཐུ་ལྡན་སེམས་འདི་ནི། མཁས་པ་སུ་ཞིག་འདུལ་མི་བྱེད། །འདིར་སེམས་ནི་རང་བཞིན་གྱིས་འོད་གསལ
བ་རྟག་ཏུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་མོད་ཀྱི། །ལུས་དང་ངག་བྲན་ལྟ་བུ་དང་བཅས་པ། གློ་བུར་གྱི་ཉོན་མོངས་པ་དང། ཉེ་བའི་ཉོན་མོངས་པ་དག་གི་དཀྲུགས་པ་སྟེ། དེའི་ཕྱིར་འདི་དག་རྣམ་པར་སྐྱངས་ཏེ་ནོར་བུ་ཆུ་ཤལ་གྱི་འདི་ལྟར་རབ་ཏུ་གསལ་བའི
རང་བཞིན་དཀྲུགས་མ་དང་བྲལ་བ་སྐྱེད་དེ། འདི་ཙམ་ནི་མོ་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་འདིར་བསྡུས་ན་སེམས་དེ་དཀྲུགས་པས་རྟོག་པ་ཅན་དུ་བྱེད་ཅིང། ལུས་དང་ངག་བྲན་ལྟར་འཁོར་བ་ནི་རྣམ་པ་བཞི་སྟེ། ཐམས་ཅད་ཀྱི་རྒྱུ་རྣམ་པར་རྟོག་པ་མེད་པ་དང
འདོད་ཆགས་དང། ཞེ་སྡང་དང། གཏི་མུག་ཤས་ཆེ་བའོ། །དེ་ལ་གང་རྣམ་པར་རྟོགས་པ་མང་ལ་ངེས་ནི་རླུང་གི་ཏིང་ངེ་འཛིན་ལ་དམིགས་པས་དེ་སྡང་བར་བྱ་སྟེ། བཀྲང་དང་རྗེས་འགྲོ་འཇོག་པ་དང། །རྟོག་པ་དང་ནི་བསྒྱུར་བ་དང། །ཡོངས་བདག་རྣམ་པ་དྲུག་ཏུ་འདོད། །དེ
ནི་བགྲང་བ་དང། རྗེས་སུ་འགྲོ་བ་དང། འཇོག་པ་དང། ཉེ་བར་རྟོག་པ་དང། བསྒྱུར་བ་དང། ཡོངས་སུ་དག་པ་དང། རྒྱུ་དྲུག་དང་ལྡན་ན་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་བགྲང་བ་ཞེས་བྱ་བ་ནི་དབུགས་རྡུབ་པོ་དང། དབུགས་འབྱུང་བ་དག་ལ་སེམས་གཏང་ནས་མངོན་པར་འབྱེད
པ་མེད་པར། ལུས་དང་སེམས་རྣལ་དུ་བཞག་སྟེ་དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་བསྡུས་པ་དང། རྣམ་པར་གཡེན་དོགས་པས་ཧ་ཅང་མང་བ་དང་ཅུང་དུར་ནི་མ་ཡིན་ནོ། དེ་ལ་སྐྱོན་ནི་གསུམ་ཡོད་དེ། གལ་ཏེ་གཅིག
ལ་གཉིས་སུ་བརྩིས་ན་ལྷག་པར་བགྲངས་པའི་སྐྱོན་ནོ། །གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་ནམ་ཚང་བར་བགྲངས་པའི་སྐྱོན་ནོ། །གལ་ཏེ་དབུགས་རྡུབ་པ་ལ་དབྱུགས་འབྱིན་པར་འཛིན་ནམ། དབྱུགས་འབྱིན་པ་ལ་དབྱུགས་རྡུབ་པར་འཛིན་ན་འཆོལ་བར་འཛིན་པའི་སྐྱོན་ནོ། །དེ་ལས
གཞན་པ་ནི་ཡང་དག་པར་བགྲངས་པ་ཡིན་ནོ། །བར་སྐབས་སུ་སེམས་རྣམ་པར་གཡེང་ན། ཡང་མགོ་ནས་ཇི་སྲིད་དུ་ཏིང་ངེ་འཛིན་མཐར་ཀྱི་བར་དུ་བགྲང་བར་བྱའོ། རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་འདི་དག་ཇི་སྲིད་གཅིག་ཏུ་འབྱུང་དམ་འཇུག་།ཅི་འདི་དག་ལུས་ཐམས་ཅད་ལ་ཁྱབ་པ
དེ་གཅིག་གིས་ཕྱོགས་འགའ་ཞིག་ནས་རྒྱུ་བ་དག་ཡིན་ཞེས་མངོན་པར་འདུ་བྱེད་པ་མེད་པར་དབུགས་རྡུབ་པ་དང། དབུགས་འབྱུང་བའི་རྗེས་སུ་འགྲོ་བ་སྟེ། དེ་འཇུག་པ་ན་ལྐོག་མ་དང། སྙིང་ག་དང། ལྟོ་བ་དང། རྐེད་པ་དང། བརླ་དང། བྱིན་བར་འཇུག་པའི་རིམ་གྱིས་རྐང
པ་གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ། །འབྱུང་བ་ན་མཐོ་གང་དང་འདོམ་གང་གི་བར་དུ་འབྱུང་ངོ། །གཞན་དག་ན་རེ་རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་ཟེར་ཏེ། དེ་ནི་དེ་ཁོ་ན་ཡིད་ལ་བྱེད་པའི་ཕྱིར་རིགས
པ་མ་ཡིན་ནོ། །འཇོག་པ་ཞེས་བྱ་བ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་ལྟ་ཞིང། ཅི་འདི་དག་ཕན་འདགས་པར་བྱེད་པ་ཞིག་གམ། གནང་བ་བྱེད་པ་ཞིག་གམ། གང་ངམ་དྲོ་བ་ཞིག་ཅེས་རྟོག་པའོ། །ཉེ་བར
རྟོག་པ་ཞེས་བྱ་བ་ནི་འདི་དག་ནི་རླུང་འབའ་ཞིག་མ་ཡིན་གྱི། །འབྱུང་བ་ཆེན་པོ་བཞི་པོ་དག་དང། འབྱུང་བ་དག་ལས་མངོན་པར་འགྲུབ་པའི་རྒྱུ་བྱས་པའི་གཟུགས་དང་དེ་དག་ལ་རྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔ་ཉེ
བར་རྟོག་པའོ། །སྒྱུར་བ་ཞེས་བྱ་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་ཀྱི་མཆོག་གི་བར་དུ་བློ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །གཞན་དག་ན་དེ་སྒྱུར་བ་ནི་དྲན་པ་ཏེ
བར་གཞག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟ་བུ་ནི་སློབ་དཔོན་དབྱིགས་གཉེན་གྱི་ཞལ་སྔ་ནས་ཇི་ལྟར་བྲིས་པ་ཁོ་བོས་འདིར་ཡང་བྲིས་པར་ཤེས་པར་བྱའོ། །དེ་ལྟར་རིམ་པ་དྲུག
པོ་དེ་དག་གི་ལས་ནི། ཇི་སྐད་དུ་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པ་བཞིན་ཏེ། དེ་ལས་ཇི་ཇི་ལྟར་དྲན་པའི་དབང་གིས་ཡང་དག་པར་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་བགྲང་བ་དང།
རྗེས་སུ་འགྲོ་བ་དང། ཞི་གནས་དང། ལྷག་མཐོང་དང། འཇུག་པ་དང། ཡོངས་སུ་དག་པ་ལ་རྟོག་གོ་།དེ་ལ་བགྲང་བས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། རྟེན་དུ་གྱུར་པས་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་ལ་ཐུལ་བ་དེ།
དབུགས་ཕྱི་ནང་དུ་རྒྱུ་བའི་མཚན་ཉིད་འཛིན་པར་ནུས་པའོ། །རྗེས་སུ་འགྲོ་བས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཡང་དག་པར་འབྱུང་བ་ལ་བརྟེན་ཅིང་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བྲལ་བ་དང། དབུགས་ཕྱི་ནང་དུ་རྒྱུ་བའི
འཇུག་པའི་མཚན་ཉིད་ལ་མཁས་པར་འགྱུར་བའོ། །ཞི་གནས་ཀྱིས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བའི་འབྲི་བར་མངོན་དུ་སྟོན་པ་དང། ཏིང་ངེ་འཛིན་གྱིས་མཆོག་ལ་གནས་པར་ནུས་པའོ། །ལྷག
མཐོང་གིས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བཟང་པར་མངོན་དུ་བསྟོན་པ་དང། སེམས་དང་སེམས་ལས་བྱུང་བའི་ཆོས་སོ་སོར་རྟོག་པ་ལ་གནས་པའོ། །འཇུག་པས་ཀྱང་བྱ་བའི་ལས་ཀྱི་དངོས?་པོ
རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཉེ་བར་ལེན་པའི་ཕུང་པོ་སྤོང་བའི་སྦྱོར་བ་ལ་མཁས་པ་དང། འཕགས་པའི་སར་འཇུག་པ་ལ་སྦྱོང་བའོ། །ཡོངས་སུ་དག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་སྤོང
པ་དང། ལྟ་བ་ཡོངས་སུ་དག་པའོ་ཞེས་སོ། །དེ་ལྟར་དབུགས་ཐུང་ངུ་རྡུབས་ན་ཡང་དབུགས་ཐུང་ངུ་རྡུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་སྙམ་མོ། །ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་ཀྱང་ལེགས་པར་རྟོགས་པར་འགྱུར་རོ། །འདིར་རྣམ་པར་རྟོག་པ་མང་བ
ལ་བསྟན་པ་ནི་གོ་ཅར་བྱས་ཀྱི་ཡོན་ཏན་མ་ལུས་པ་འདི་ལ་བརྟེན་པས་ན་ཐང་བའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་ནི། དབུགས་རྡུབ་པ་དང་འབྱུང་བ་དྲན་པ་ཡིན་ཏེ་ཞེས་གསུངས་སོ། །ཇི་ལྟར་ཞེ་ན། རབ་ཏུ་གདུལ་དགའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུང
དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཞེས་བྱ་བ་དེ་ནི་རླུང་དུ་བརྗོད་དོ་ཞེས་གསུངས་སོ། །དེ་ལྟར་མི་བདག་ཁྱོད་ཀྱིས་རླུང་གི་ཕྲ་དང་ཟབ་མཁྱེན་ནས། ཡུན་རིང་དུས་ནས་རྣམ་རྟོག་དགྲ་ཡིས་རབ་ཏུ་གཅེས་པས་ཤིན་ཏུ་ཡང། །མཉེལ་ཞིང་སྐྱོ་བའི་ཐུགས་ནི
དེད་ནས་ངལ་བསོས་རྟོག་དགྲ་བཟློག་པ་དང། །ལོ་ཡིས་མ་ཡིན་གུས་པར་སྦྱོར་བས་ཞག་གིས་རིམ་པས་རྟོག་བྲལ་མཛོད། །དེ་ནས་རིམ་གྱིས་ཡོངས་སུ་དག་པའི་མཐར་ཡང་ཁྱོད་ཀྱིས་ཐུགས་གཞོལ་ན། །ས་བདག་ཁྱོད་ཀྱི་སྐྱེ་བ
འབྲས་བཅས་དེ་ནས་ཆོས་ཀྱི་རྒྱལ་པོར་འགྱུར། །དེ་ཡི་བར་དུ་ལྷ་མིའི་བདེ་བ་ཚད་མེད་རྣམས་ལ་དགྱེས་བཞིན་དུ། །ཐུགས་བཏུལ་མཐུ་ཡིས་སྤྱོད་པ་འདིར་ལ་ཐེ་ཚོམ་མེད་པར་མངོན་སུམ་གནས། །རྣམ་པར་རྟོག་པའི་གཉེན་པོ་བཤད་ཟིན་ཏེ། སེམས་ཀྱི
རྟོག་པ་སྦྱང་བའི་རིམ་པའོ། །མི་སྐྱོང་ཁྱོད་ཀྱི་ཐུགས་ནི་གལ་ཏེ་བུད་མེད་ཀྱིས་ཕྲོགས་ན། །འདི་ནི་ས་ཡི་བདག་པོའི་མཐུ་རྩལ་རབ་ཏུ་དམན་པ་སྟེ། །གང་གིས་གཡུལ་ཆེན་འཇིགས་སུ་རུང་བ་གཞོམ་པའི་ཐབས་མཁྱེན་ན། །མི་གཙང་ཀུན་སྣོད་མངོན་གྱུར་བུད་མེད་མཚན
ཉིད་མི་མཁྱེན་འདི་མཚར་ཆེ། །ཤིན་ཏུ་ཡིད་འོང་ཚེར་མའི་གནོད་པ་འང་མི་བཟོད་ལུས་འདི་ནི། །བུད་མེད་བསྟེན་པའི་རྒྱུ་ལས་འདི་དང་སླད་མར་མགོ་གཅོད་སོགས། །རབ་ཏུ་བཟོད་དཀའ་ཨི་སྡུག་བསྔལ་འབྱུང་འདི་ཉིད་ཀྱི་མངོན་སུམ་ན། །འོན་ཀྱང་བླ་མའི་བཀའ་
ཡིས་འདོད་ཆགས་ཞི་བར་བྱེད་པ་མདོར་བརྗོད་བགྱི། །ཆགས་པ་ཅན་རྣམས་ཀྱི་གཉེན་པོ་རུས་གོང་ཡིད་ལ་བྱ་བ་ཡིན་ཏེ། ཀེང་རུས་ཆགས་ཅན་ཐམས་ཅད་ལ། །ཞེས་བཤད་པས་སོ། །ཇི་ལྟར་ཞེ་ན། རུས་པ་རྒྱ་མཚོའི་བར་དུ་ནི། །སེར་པོ་ཞིང་སྡུད་པས
ལས་དང་པོ། །རྐང་རུས་དང་ནི་ཐོད་ཕྱེད་པར། །བཏང་བ་སྦྱང་པ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན་ནོ། །ཞེས་བཤད་པའི་རིམ་པས་སོ། །གཞན་ཡང་བྱིས་པ་རྣམས་ནི་ཕལ་ཆེར་ཁ་དོག་དང། དབྱིབས
དང། རེག་པ་འཇམ་པ་དང། བསྙེན་བཀུར་ལ་ཆགས་ཏེ། དེ་དག་གི་གཉེན་པོར་ནི་རྣམ་པར་སྔོས་པ་དང། རྣམ་པར་དམར་བ་དང། རྣམ་པར་ཚིག་པ་དག་ཡིད་ལ་བྱེད་པས་ཁ་དོག་ལ་ཆགས་པ་དག་སེལ་ཏོ། །རྣམ་པར་སྣགས་པ་དང། རྣམ་པར
ཟོས་པ་དང། རྣམ་པ་འཐོར་བདག་ཡིད་ལ་བྱེད་པས་ནི་དབྱིབས་ལ་ཆགས་པ་སེལ་ཏེ། །རྣམ་པར་འབུལ་ཞིགས་པ་དང། རུས་གོང་རྒྱུས་པས་འབྲེལ་པ་དག་ཡིད་ལ་བྱེད་པས་ནི་རེག་བྱ་འཇམ་པ་ལ་ཆགས་པ་སེལ་ཏོ། །རྣམ་པར་བམ་པའི་རོ
མི་གཡོ་བ་རྐྱལ་བ་སྟོང་བ་བུས་བ་ལྟ་བུ། རྡོ་ལྟར་བསྙེན་བཀུར་བྱེད་པ་དང། བྲལ་བ་ཡིད་ལ་བྱེད་པས་ནི་རྐང་པ་བཀྲུ་བ་ལ་སོགས་པའི་བསྙེན་བཀུར་ལ་ཆགས་པ་སེལ་བར་བྱེད་དོ། །གཞན་ཡང་རྣམ་པར་ཕྱེ་སྟེ་བརྗོད་ན། སྔོ་བསངས་ལ་སོགས
པའི་ཁ་དོག་ལ་ཆགས་པ་ཞིག་ན་རྣམ་པར་སྔོས་པར་ཡིད་ལ་བྱའོ། །ཙན་དན་དང་ག་བུར་ལ་སོགས་པའི་དྲིས་བྱུགས་པའི་ལུས་ལ་ཆགས་པ་ལྟ་ན་རྣམ་པར་སྣགས་པར་ཡིད་ལ་བྱའོ། །མཚན་སྤྲད་པའི་རེག་བྱ་ལ་ཆགས་པ་ཞི་ན། རྣམ་པར་འབུས
ཞིགས་པར་ཡིད་ལ་བྱའོ། །དབྱིབས་ཕུན་སུམ་ཚོགས་པ་ལ་ཆགས་པ་ལྟ་ན་རྣམ་པར་བམ་པར་ཡིད་ལ་བྱའོ། །རྒྱན་གྱིས་མཛེས་པའི་ལུས་ལ་ཆགས་པ་ཞིག་ན་རྣམ་པར་དམར་བར་ཡིད་བྱའོ། །ཤ་རྒྱས་པའི་ལུས་ལ་ཆགས་པ་ཞིག་ན་རྣམ་པར་ཟོས་པ་ཡིད་ལ
བྱའོ། །འཁྱུང་པ་དང་འོ་བྱས་པ་ལ་སོགས་པའི་རྩེད་འཇོ་ལ་ཆགས་པའི་དུས་ན་རྣམ་པར་འཐོར་བར་ཡིད་ལ་བྱའོ། །ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པ་ལ་ཆགས་པར་གྱུར་ན་རྣམ་པར་ཚིག་པར་ཡིད་ལ་བྱའོ། །སོ་རྣམས་དཀར་བ་ལ་ཆགས་པའི་ཚེ
ནི་རུས་གོང་གི་ཡིད་ལ་བྱེད་པས་ཞི་བར་འགྱུར་རོ། །རབ་ཏུ་མི་བཟང་ནགས་བསྲེགས་མེ་ལྕེའི་ཚོགས། །ཆར་རྒྱུན་དྲག་པོའི་སྐུད་ཅིག་ཞི་བྱེད་ལྟར། །བྱིས་པའི་ནགས་ཆལ་ཐལ་བར་བྱེད་པ་ཡི། །འདོད་ཆགས་མེ་ཆེན་མི་སྡུག་ཆེར་གྱིས་འཇོམས། །འཇིག་རྟེན
གནོད་པའི་རྩ་བ་ཇི་སྙེད་པ། །ཀུན་གྱིས་ཕུལ་བྱུང་འཁྲིག་པའི་འདོད་ཆགས་ཏེ། ས་བདག་འདི་མཁྱེན་འདོད་ལས་ཕྱིར་ལྟོས་དང། །རབ་ཏུ་དགྱེས་པ་བྱིས་པས་མ་མྱོང་བ། །བསམ་གཏན་བདེ་བས་ལུས་ལ་ཕན་འདོགས་ཤིང། །ཁ་ན་མ་ཐོ་མེད་པ་མྱང
བའི་རིགས། །འདོད་ཆགས་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ། འདོད་ཆགས་ཀྱི་གཉེན་པོ་བཤད་ཟིན་ཏོ། །ལྷ་མའི་བླ་མས་གང་དུ་འབད་པས་བཀག་།དེ་ནི་འགྲོ་ལ་བྱམས་དང་སྙིང་རྗེ་མེད་པ་སྟེ། །དེ་ཕྱིར་མི་དབང་ཁྱོད
གྱིས་ཐུབ་ལ་གུས་པ་དང། །ཉིད་ཀྱི་ཐུགས་ཀྱང་དམ་པའི་གྲངས་སུ་འགྱུར་བའི་ཕྱིར། །གང་ལ་སྒྲ་ཅེས་གཟུང་བྱའི་སྐྱེ་བོ་དེ་ལ་ཡང། །ཉིད་ཀྱི་སྲས་བཞིན་གཅེས་ཤིང་བྱམས་པས་བསྐྱང་བའི་རིགས། །གཤེས་གཉེན་དམ་པའི་ལུང་གིས་གོམ་པར་བྱས་པ
ལས། །སྲིན་པོ་ཤ་ཟ་སེང་གེ་སོགས་ཀྱང་འགྲོ་ལ་ཆགས། །དེ་ཕྱིར་མི་དབང་ཁྱེད་ཀྱི་ཐུགས་ནི་འཇམ་པ་དང། །འགྲོ་བ་བསྐྱང་ལས་ནམ་ཡང་ཕྱིར་ལྡོག་མ་མཛད་ཅིག་།ལེགས་པའི་ལམ་ནི་ཇི་སྙེད་བསྟན་པ་དག་ལས་ཀྱང། །གཙོ་བོར་གྱུར་པ་བྱམས་དང
སྙིང་རྗེར་དམ་པས་གསུངས། །འདི་ཇི་ལྟར་བསྒོམ་པར་བྱ་ཞེས་ན་།དང་པོར་རང་གི་མ་འམ། །ཕ་འམ། བུ་འམ། བུ་མོ་འམ། འབྲེལ་བ་གཉིས་སམ། གང་ཡང་རུང་བ་ཅིག་བདེ་བ་མ་ལུས་པ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང། བདག་གིས་དེ་དང
ཕྲད་པར་བྱའོ་ཞེས་པ་དང། ནུས་པ་ལྟ་ན་དངོས་སུ་དེ་བསྒྲུབ་པ་དང། གྲང་བ་ལ་ཕྲག་དོག་མེད་པ་ཉི་མ་འགའ་ཞིག་གུས་པར་བསྒོམ་མོ། །དེ་ནས་ནི་དེ་བས་ཅུང་ཟད་མི་བཅུགས་པ་ལའོ། །རིམ་གྱིས་བར་མ་ལའོ། །དེ་ནས་དགྲ་བོ་དམན་པ་ལའོ། །དེ་ནས་དེ་བར་མ་ལའོ། །དེ་ནས་དེ་དགྲ
བོ་རབ་ཏུ་མ་རུངས་བ་ལའོ། །དེ་ནས་མ་ལ་སོགས་པ་དང། མཉམ་པ་ཐོབ་པ་ན་གྲོང་དང་གྲོང་ཁྱེར་པ་ལའོ། །དེ་ནས་ནི་ཡུལ་དང་ལྗོངས་དང་གླིང་གཅིག་དང་གཉིས་ལ་སོགས་པ་ནས་སྟོང་སྤྱི་ཕུང་དང། སྟོང་གཉིས་བར་མ་དང། སྟོང་གསུམ་གྱི་སྟོང་ཆེན་པོ་དང། ཕྱོགས
བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་བ་སྙེད་ལ་སོགས་པར་བྱམས་པས་ཁྱབ་པར་བྱས་ཏེ། དེ་ནས་གཞུང་དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་པ་དང། སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང། དེ་དག་འཇིག་རྟེན་ལས་འདས
པའི་ལམ་ལ་དགོད་པར་བྱའོ་ཞེས་པའི་རིམ་པས་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་བསྒོམ་སོ། །དང་པོ་ཉིད་དུ་སྡུག་ཅིང་ཡིད་དུ་འོང་བའི་མཚན་ཉིད་ཅན་བྱམས་པ་ཡིད་ལ་མ་བྱས་པར་ནི་སྡུག་བསྔལ་དང་བྲལ་བའི་སྙིང་རྗེ་ག་ལ་འཇུག
སྟེ། དེ་ལྟར་རིམ་པ་གཞན་ཡང་ངོ། །གནོད་པར་སེམས་དཔའ་ཨི་ཡིད་ཙམ་བོར་བས་ཀྱང། །འཁོར་ལོས་སྒྱུར་ཉིད་ཐོབ་པར་ཐུབ་པས་གསུངས་།བྱམས་སོགས་གོམས་ལས་འཆི་མེད་མ་བརྙེད་ཀྱང། །ཚངས་པའི་འཇིག་རྟེན་བདེ་བ་རྒྱ་ཆེན་འཐོབ། །དེ་ཕྱིར
མ་རྗེ་ཁྱོད་ཀྱིས་ཅི་སྤྱོད་པ། །ཚངས་པའི་གནས་བཞི་ཡིས་ནི་གནས་པར་རིགས། །ཁྱོད་ཀྱིས་འབྱོར་པ་དུག་ཅན་ས་བཞིན་དུ། ཁོར་ནས་གཅིག་བུ་གཞན་དུ་གཤེགས་འཚལ་ན། །འགྲོགས་བཟང་འདོར་མེད་དགེ་བ་དེ་བཀྲིའི་ཕྱིར། །ཐུགས་ནི་རྣམ་པར་སྦྱང
པར་ཅི་མི་མཛད། །ཞེ་སྡང་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ། ཞེ་སྡང་གི་གཉེན་པོ་བཤད་ཟིན་ཏོ། །རང་དང་གཞན་དང་གཉིས་ཀྭ་ལས་སྐྱེས་དང། །རྒྱུ་མེད་འབྱུང་ཞེས་སྨྲ་བ་གང་ལགས་པ། །འདི་དག་ལོག་པར་སྨྲ་བ་ཕུང་ཁྲོལ་བ། །ལེགས་པར་སྤྱད
ཀྱང་འབྲས་བུ་མི་འདོད་འབྱིན། །དེ་ཕྱིར་ཁྱོད་ཀྱིས་རྟེན་ཅིང་འབྲེལ་འབྱུང་བ། །ལྟ་ངན་སེལ་འཇོམས་ཐུབ་པའི་མན་ངག་མཆོག་།བདུད་རྩིའི་མཆོག་འདི་མྱུར་དུ་གསོལ་བ་ཡིས། །དཀར་ཕྱོགས་མ་ལུས་རྒྱས་ཤིང་བརྟན་པར་མཛོད། །རྟེན་ཅིང་འབྲེལ་བར
འབྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པའི་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།དེའི་རྐྱེན་གྱིས་རེག་པ།
དེའི་རྐྱེན་གྱིས་ཚོར་བ། དེའི་རྐྱེན་གྱིས་སྲེད་པ། དེའི་རྐྱེན་གྱིས་ལེན་པ། དེའི་རྐྱེན་གྱིས་སྲིད་པ། དེའི་རྐྱེན་གྱིས་སྐྱེ་བ། དེའི་རྐྱེན་གྱིས་རྒ་ཤི་དང། མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་རྣམས
འབྱུང་བར་འགྱུར་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་ཤེས་རབ་ཀྱི་མིག་གིས་བལྟ་བར་བྱ་སྟེ། རྒྱུ་མེད་པ་ལ་སོགས་པ་བསལ་ལོ། །དོན་འདི་ནི་འཕགས་པ་བྱང་ཆུབ་སེམས་དཔའ་ཨི་སྡེ
སྣོད་ལས་། གང་དུ་མ་རིག་སྐྱེ་འགྱུར་བ། །ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན། །དེ་ཡི་རྐྱེན་ནི་འདུ་བྱེད་དེ། །སྡུག་བསྔལ་བར་དུ་སྐྱེ་བར་འགྱུར། །ཞེས་པ་དང། གང་གིས་སེམས་ཅན་དག་འགྱུར་བའི། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལས་རྗེས
མཐུན་སྒྲ་དང། །ནང་དུ་ཚུལ་བཞིན་ལྟ་བའོ། །དེ་བཞིན་རྒྱུ་ནི་ཞི་གནས་ཏེ། །ལྷག་མཐོང་ཡང་ནི་རྐྱེན་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་སྲིད་པ་འབྱུང་བའི་རིམ་པ་ལ་ཡིད་ཆེས་པར་བྱས་ནས་ཡང་མ་རིག་པ་འགགས་པས་འདུ་བྱེད་འགག་པས་ན། སྡུག
བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཡིད་ལ་བྱའོ། །དེ་ནས་རྟག་པར་ཡང་མ་ཡིན་པ་དང། ཆད་པར་ཡང་མ་ཡིན་པ་དང། འཕོ་བར་ཡང་མ་ཡིན་པ་དང། དེ་དང་འདྲ་བོའི་རྒྱུད་དུ་འཇུག་པ་དང། རྒྱུ་ཆུང
ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ཞེས་ངེས་པར་གཟུང་སྟེ། ཕྱི་རོལ་ལ་ཡང་ས་བོན་ལས་མྱུ་གུ་དང། དེ་ལས་འདབ་མ་དང། དེ་ལས་སྡོང་བུ་དང། དེ་ལས་མེ་ཏོག་དང། དེ་ལས་འབྲས་བུ་འབྱུང་ཞིང། རྒྱུ་དེ་དག་དང་རྐྱེན་དང་འབྲེལ་པར་འབྱུང་བ
ཁམས་བཞི་དང་ནམ་མཁའ་དང། དུས་ཀྱི་ཁམས་ཏེ། རྣམ་པ་བཅུ་གཉིས་པོ་འདི་དག་ཙམ་མོ་ཞེས་འབྱུང་བ་དང། འགག་པ་ལ་རྒྱུ་མེད་པ་དང། མི་མཐུན་པའི་རྒྱུ་སྤངས་ཏེ། འདིར་ནི་མདོར་བསྡུས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱས་པས
རིག་པ་བསྐྱེད་པ་དང། མ་རིག་པའི་ངོ་བོ་འམ་དེ་ལས་བྱུང་བའི་ལོག་པར་ལྟ་བ་སྤང་བའོ། །གལ་ཏེ་རྒྱས་པར་ཡིད་ལ་བྱེད་པ་ལྟ་ཞིག་ན་རང་རང་གི་མཚན་ཉིད་དང། མིང་གི་དོན་དང། ལས་ཐ་དད་པ་དང། ཡན་ལག་ལྔས་ཡང་དག་པར་བསྡུས
པ་དང། ཡན་ལག་གསུམ་གྱིས་ཡང་དག་པར་བསྡུས་པ་དང། གསུམ་ལས་གཉིས་འབྱུང་བ་དང། གཉིས་ལས་བདུན་འབྱུང་བ་དང། བདུན་ལས་གསུམ་འབྱུང་བ་དང། དུས་གསུམ་པོའི་ངོ་བོ་བཞག་པ་དང། རྐྱེན་དང
འབྲེལ་པ་དག་ཡིད་ལ་བྱའོ། །ས་བདག་རྟེན་ཅིང་འབྲེལ་འབྱུང་མཁྱེན་ན་སྣང་བས་མུན་པ་བཞིན། །ཁྱོད་ཀྱི་ཐུགས་ལ་གནས་པའི་གཏི་མུག་གོ་སྐབས་གལ་མཆིས། །འདི་མཁྱེན་སྲིད་པའི་འཁོར་ལོ་ཕྲ་ཞིང་ཟབ་པ་གཟིགས་པའི་ཕྱིར། །ཤེས་རབ་ཡེ
ཤེས་སྤྱན་གཉིས་དྲི་མེད་ལུང་གི་སྨན་བྱུགས་གཟིགས། ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུངས་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས
དེ་ཉིད་རིག་པའི་རྣམ་མཆོག་མཐོང། །ཞེས་བསྟན་ཏོ། །གཏི་མུག་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་བྱེད་པ་བཤད་ཟིན་ཏོ། །མི་ཡི་བདག་པོ་གལ་ཏེ་ཕྲ་བའི་ཐུགས་ཀྱི་གོ་སྐབས་སུ། །ཐོག་མའི་རྩོམ་མེད
དུས་ཅན་སྡིག་པའི་རྩ་བའི་རྟོག་དགྲ་འདི། །ཞེན་པས་གནས་སྙམ་ཞུམ་པའི་རྟོག་པ་མི་བཟང་ཞུགས་གྱུར་ན། དེ་ཡི་གཉེན་པོར་རྟེན་ཅིང་སྐྱེས་པའི་དངོས་པོའི་རང་བཞིན་གཟིགས། །དྲི་མེད་མེ་ལོང་ངོས་ལ་སྐྱེས་པའི་བཞིན་གྱི་གཟུགས་བརྙན་གང། གལ
ཏེ་ཡང་དག་གནས་ན་རྐྱེན་ལ་རག་ལས་མི་འགྱུར་ཞིང། སླར་འདི་རྣམ་པར་འཇིག་འགྱུར་གོ་སྐབས་ཅན་དུ་ག་ལ་འགྱུར། །དེ་ཕྱིར་དངོས་མེད་རྐྱེན་ལ་རག་ལས་གཅིག་པུ་རྣམ་པར་སྤངས། །ཇི་ལྟ་གནས་པའི་རང་བཞིན་འདི་ཡང་ལེགས་པར་རྣམ་དཔྱད་ན། །རབ་ཏུ
ཕྲ་རྡུལ་བར་དུ་འགྱུར་ཞེས་ངམ་པས་དམ་པོར་གསུངས། །གལ་ཏེ་དངོས་ཡོད་དེ་དག་ཤེས་རབ་ཅིས་མི་འབབ། །དེ་ཕྱིར་དེ་ཡང་ཕྱོགས་ཆའི་བྱེ་བྲག་དག་གིས་ག་ལ་གནས། །རིན་ཆེན་སེམས་ཀྱི་ཁྱད་པར་འགའ་ཞིག་སྣ་ཚོགས་སྣང་ཞེ་ན། །དེ་བཞིན་འདི་ལ་འདི
སྐད་ཅིག་ཅེས་བྱ་རབ?་ཕྲ་ངམ་པས་གསུངས། །སྐད་ཅིག་སྐད་ཅིག་ཅེས་བྱའི་གང་དག་ཕྲ་ལ་རྣམ་པར་རྨོངས། །དེ་ཡང་ཇི་ལྟར་ཐོག་མ་དབུས་མཛའ་དག་ཏུ་བལྟ་མི་ནུས། །དེ་ཕྱིར་རིན་པོ་ཆེའི་ཕྲེང་བ་ལས། སྐད་ཅིག་ཇི་ལྟར་མཛའ་ཡོད
ལྟར། །ཐོག་མ་དང་དབུས་དེ་ལྟར་བརྟག་།སྐད་ཅིག་རང་བཞིན་གསུམ་གྱི་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས་ཞེས་བསྟན་ཏོ། །དེ་ལྟར་འདི་དག་ཕྱི་དང་ནང་དུ་བཅས་པ་གཅིག་མིན་ཞིང། །དེ་ཉིད་ཕྱིར་ན་དེ་ཡིས་རང་བཞིན་རྣམས་བསགས་དུ་མའང་མིན།།
འདི་དག་ལས་དཔེན་དངས་པོ་ཤེས་རབ་མིག་གིས་འགའ་མ་དམིགས། །དེས་ན་འདི་དག་མཛའ་གཉིས་གྲོལ་བ་དམ་པས་གསལ་བར་གསུངས། །དེ་བཞིན་གཅིག་གིས་གཅིག་ཉིད་སྐྱེད་པ་མངོན་སུམ་འགལ་མཐོང་སྟེ། །རབ་ཏུ་ཕྲ་བའི་འབྲས་བུ་འང
རྒྱུ་ནི་གཅིག་མིན་ལ་བལྟོས་པར། །འགྲོ་བའི་མངོན་སུམ་ཉིད་དུ་སྟོན་པ་བཞིན་དུ་ངེས་པར་གནས། །དེ་བཞིན་གཅིག་གིས་ཅིག་མིན་སྐྱེད་སོགས་ཐམས་ཅད་གནོད་པར་བཅས། །དངོས་རྣམས་ཐུག་མེད་མ་ལུས་སླར་སྐྱེད་འགྱུར་འདི་བཟློག་དཀའ་ཨི་ཕྱིར། །
ཡོད་པ་འགའ་ཞིག་སྐྱེ་ཞེས་འདི་ནི་སུས་ཀྱང་སྨྲ་མི་ནུས། །གང་མེད་འགའ་ཞིག་སྐྱེན་མེད་པའི་ཐ་སྙད་སུ་ཞིག་འཇོག་།དེ་ཕྱིར་བདག་ལས་སྐྱེ་སོགས་འདི་དག་མཁས་པས་རྩ་ནས་བཏོན། །དེ་ལྟར་ཁྱོད་ཀྱིས་ཤེས་རབ་སྤྱན་གསལ་དྲི་མེད་རྣམ་རྒྱས་པས། །
རྟེན་ཅིང་འབྲེལ་འབྱུང་མཚན་ཉིད་འདི་ལ་ཡུན་རིང་གཟིགས་པ་ན། །ཐོག་མེད་སྲིད་རྒྱུད་བསགས་པའི་བསྙེངས་གནས་རབ་ཏུ་ཕྲ་བ་ཡང། །གང་ནའང་གནས་པར་འགྱུར་འདི་གཟིགས་མིན་མི་བདག་གང་གིས་ཞུམ། །དེ་ལྟར་ནི་འཕགས་པ་མི་ཕམ
པའི་ཞལ་སྔ་ནས། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་ཤིང། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང། མཐོང་བའི་ཆོས་ལ་མྱ
ངན་འདས། །བྱ་བ་བྱས་པའང་དེ་ཉིད་ཡིན། །ཞེས་གསུངས་སོ། །དེས་ན་གང་ལ་དགའ་བ་འམ། །ཡང་ན་སྐྲག་གནས་འདི་ཅི་ཞིག་།བསྐལ་པ་བྱེ་བར་བསྒྲུབས་ཀྱང་བསྟན་གནས་དེ་ནི་སུ་ཡིས་ནུས། །གང་ཞིག་རྣམ་པར་གཞོམ་ཞེས་འབད་པ་འང་བླུན་ཏེ་རྣམ་པར་ངལ།།
ཅི་ཕྱིར་ཞེས་ན་གདོད་ནས་མ་སྐྱེས་དེ་ལ་སུ་ཡིས་དགག་། དེ་འདྲའི་གནས་མེད་འདིར་གནས་ཡེ་ཤེས་ཅན་ཏེ་བདེ་བར་ལྡན། །གང་ལ་རྣམ་རྟོག་མེད་འདི་ཞེས་ཐུབ་པས་གསལ་བར་གསུངས། །འདི་སྤངས་ལྷ་ཡུལ་འདོད་པར་རབ་ཏུ་ཡིད་འཕྲོགས་བྱེད་པ་དང། །འཁོར
ལོས་སྒྱུར་བའི་འབྱོར་པའང་དམ་པས་ཚེར་མའི་གནོད་འདྲར་གསུངས། །ས་བདག་འོན་ཀྱང་གནས་འདིར་ཤིན་ཏུ་དགྱེས་པར་མ་གྱུར་ཅིག་།ཅི་ཕྱིར་ཞེ་ན་བདག་གཞན་ཕན་པ་མི་བཟད་འབྱོར་ལས་ཁྱོད། །རྣམ་པར་ལྷུང་བའི་སྒོ་མོ་མི་མཁས་རྣམས་ལ་འདི་རབ་སྤངས། །
ཁ་ཅིག་སྒོ་འདིར་རབ་དགའ་འཇུག་ལ་སྙིང་བརྩེ་རིང་དུ་སྤངས། །གཞན་དག་གནས་འདིར་འཁྲུལ་ཕྱིར་ལས་འབྲས་ཐལ་བ་བཞིན་དུ་བྱེད། །གཞན་དག་ཤིན་ཏུ་མེད་ལས་སངས་རྒྱས་ཡོན་ཏན་བསམ་ཡས་འདོད། །འདི་འདྲ་འདི་དག་སྒོ་འདིར་ཞུགས་ལས་རང་གཞན་བདེ་ལས
ཉམས། །དེ་ཕྱིར་འདི་ནི་ཡན་ལག་ལྡན་པར་བགས?་ཀྱིས་བསྟེན་པར་བགྱི། །དེ་ལྟར་ནི་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང། མིང་ཡང་ཡོད་དང་མེད་མ་ཡིན་པར་ཚིག་གིས་གསུངས། །རྒྱུ་ལ་བརྟེན་ཏེ་བྱུང་བའི
ཆོས་ནི་འདི་ཀུན་ཏེ། །འདི་ལ་བདག་མེད་ཚོར་བ་པོ་དང་བྱེད་མེད་ཀྱང། །དགེ་དང་མི་དགེའི་ལས་རྣམས་ཅུང་ཟད་མེད་མི་འགྱུར། ཞེས་གསུངས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པ་ཡིད་ལ་བྱའོ། །མི་དབང་ཡན་ལག་བཞི་པོ་འདི་ཙམ་གྱིས
ཁྱོད་ཀྱི་ཐུགས་ཀྱི་དྲི་མ་རགས་པ་རྣམས། །ངེས་པར་བསལ་འགྱུར་འདི་ལ་དོགས་མ་མཛད། །དེ་ལས་གོང་དུ་ཁྱབ་པར་རྣམ་བཞེད་ན། །དཀྱིལ་འཁོར་བྱུག་པ་སྔོན་དུ་འགྲོ་བ་ཡིས། །སྐྱེ་བ་གཞན་དུ་འབྱོར་པ་མི་ཟད་པ། །དེ་ལྟའི་བཞེད་པ་ཉིད་ཀྱི་ཕྱག་གནས་ལྟར།
བསླུ་བ་མེད་པར་བདག་གིས་བརྗོད་པར་བགྱི། །ོཾ་བཛྲ་རེ་ཁེ་ཧཱུཾ། །གཙང་སྤྱོད་པ་ཡི་ལྕི་བ་ནི། །ཆུ་དང་འོ་མ་ཞོ་དང་མར། །ཐམས་ཅད་དེ་ལས་བྱུང་བ་དག་།སྣོད་གཙང་བསྐོལ་ཏེ་ཆུ་རྣམས་དག་གོ་།ཚིག་མ་དོར་ཏེ་དབུས་ཀྱི་ཆས། །དབྱིབས
ཅི་དགའ་བའི་མཎྜལ་ནི། །སྭ་བདག་ཁྲུ་གང་ཡན་ཆད་པར། །གསང་སྔགས་འདོན་ལ་གཞོལ་བར་བྱུག་།དེ་ནས་དེ་ནི་གུས་པ་ཡིས། །རྒྱལ་བ་སྲས་གསུམ་བཅས་ལ་དབུལ། །འཇུག་ཏུ་ཐུབ་པས་གསུངས་པ་ཡི། །ཚིགས་བཅད་འདི་དག་བརྗོད་པར་བྱ། །
བ་ཡི་ལྕི་བ་ཆུང་བཅས་སྦྱིན་པ་སྟེ། ལེགས་པར་བྱུགས་པ་བྱེད་པ་ཚུལ་ཁྲིམས་སོ། །སྲིན་བུ་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ཡི་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བའོ།།
ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་འཐོབ། །གསེར་གྱི་མདོག་ཏུ་འགྱུར་བ་དང། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཟླ་བ་ལྟར་མཛེས་གསལ་བ་ཡི། །ལྷ་དང་མི་ནི་དམ་པར་སྐྱེ། །ནོར
དང་གསེར་ནི་འབྱོར་བ་ཡི། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །བདེ་བར་གཤེགས་པའི་ཕོ་བྲང་མཆོག་།མཎྜལ་གང་ཞིག་བྱེད་པ་དང། །སྡིག་པ་ཐམས་ཅད་མི་བྱེད་ཅིང། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་འདུལ་བ། །འདི་ནི
སངས་རྒྱས་རྣམས་ཀྱིས་བསྔགས། །ཞེས་སོ། དེ་ནས་དགེ་བ་དེ་ཉིད་རྒྱུ་མཚན་དུ་བྱས་ལ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང། །དཀོན་མཆོག་ལ་སྐྱབས་སུ་མཆི། །བདག་ནི་ཁྱེད་ལ་རྣམ་ཀུན་འབུལ། །སྡིག་པ་ཐམས་ཅད་བཤགས་པ་བགྱི། །
འགྲོ་བའི་དགེ་ལ་རྗེས་ཡི་རང། །དམ་ཆོས་འཁོར་ལོ་མཆོག་བསྐོར་དང། །ཡོངས་སུ་མྱ་ངན་འདས་སྤང་ཕྱིར། །བདག་གི་ཁྱེད་ལ་གསོལ་བ་འདེབས། །འདི་སོགས་དགེ་བའི་ལས་རྣམས་ནི། །བྱང་ཆུབ་བླ་ན་མེད་པར་བསྔོ། །འགྲོ་བ་སྡུག་བསྔལ་ཁུར་ཆེན
པོར་བའི་ཕྱིར། །བདག་གིས་སེམས་ནི་བྱང་ཆུབ་ཕྱིར་བསྐྱེད་དོ། །ས་རྒལ་བསྒྲལ་དགྲོལ?་དགྲོལ་བ་དང། །དབུགས་མ་ཕྱིན་པ་བདག་གིས་དབུགས་དབྱུང་སྟེ། །མྱ་ངན་མ་འདས་བདག་གིས་མྱ་ངན་བཟླ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བསྐྱེད་ལ་ཇི་ལྟར
འདོད་པའི་བྱ་བ་དགེ་བ་ལ་འཇུག་པར་བྱའོ། །མི་དབང་ཁྱོད་ཐུགས་སྦྱངས་པས་དགེ་བ་རྒྱ་ཆེན་དག་ལ་དགྱེས་བསྐྱེད་ནས། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །རྒྱ་ཆེར་སྤེལ་མཛད་དེར་ཡང་ཁྱོད་ཀྱི་ཐུགས་ནི་རྨ་མེད་འབད
འཚལ་ཏེ། སེམས་མ་བསྲུངས་པའི་སྐྱེས་བུའི་དགེ་ལ་འཇུག་པ་ཕུ་ཆུའི་རྒྱུན་འཁྲུངས་ལྟར། །ཕན་དང་འབྲེལ་བའི་གནོད་པ་འམ་རབ་ཏུ་མ་རུངས་འགྱུར་བའི་གནས་སྐབས་མཆིས། །གནས་འདི་མཁས་པས་གཟིགས་ནས་མཐུ་ལྡན་ཉིད་ཀྱི་ཐུགས་ནི་བསྲུངས་འཚལ་ལོ།།
དེ་ལྟར་ནི། བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་མན་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་ཞེས་གསུངས། །ཚིགས་སུ་བཅད་པ་གཅིག་པོ་འདི་འཕགས་པ་ཀླུ་གླུབ་ཀྱི་ཞལ་སྔ
ནས། །མཁར་གྱི་རྒྱལ་པོ་བདེ་སྤྱོད་ལ་གདམས་པ་བཤེས་པའི་སྤྲིང་ཡིག་ལས་གསུངས་པ་བདག་གིས་དྲངས་བའོ། །མི་སྐྱོད་ཁྱོད་ནི་གལ་ཏེ་གསངས་བའི་ལམ་ལ་དགྱེས་པ་ན། །ལམ་དེ་རབ་ཏུ་རྟོགས་དཀའ་སེམས་ལ་རྨ་འབྱིན་ཚིག་འཕྲོས་ཏེ། བུད་མེད་འཁྱུང་སོགས
ཚུལ་བཞིན་མ་ཡིན་ཡིད་ལ་བྱེད་པར་ལྡན། །ཁ་ཅིག་མངོན་སུམ་འཁྲིག་དང་དྲག་ཤུལ་སྤྱོད་ལ་འཇུག་པ་སྟེ། །མི་དབང་ཐུགས་ལ་གནོད་ན་ཐུབ་པའི་བཀའ་ཡང་དུག་དང་འདྲ། །དེ་ཕྱིར་ཁྱོད་ཀྱིས་གསང་བའི་ལམ་དུ་ཞུགས་པའི་རྒྱུ་མཚན་ལས། །ཁྱོད་ཐུགས་འདོད
ཆགས་ལ་སོགས་དྲི་མས་གོས་པ་འདི་ནི་སྤང། །གང་གཞན་སྐྱེ་བོ་དེ་འདྲའང་བཟློག་པར་ཁྱོད་ཀྱིས་རྣམ་བསྒྲུབ་རིགས། །དོན་འདི་ནི། ཞུ་པའི་འོག་ཏུ་ཟ་བ་ལ། །མར་གྱི་ཉིང་ཁུ་ཀ་ར་དང། །སྦྲང་རྩི་དག་ནི་བདུད་རྩི་བཞིན། །མ་ཞུ་ཟ་བ་དུག་ཏུ་འགྱུར། །དེ་བཞིན་རབ་རྒྱས
བདུད་རྩི་མཆོག་། དགོངས་པའི་ཚིག་ལ་མི་མཁས་བཞིན། །བྱིས་པའི་བློ་དང་ལྡན་རྣམས་ལ། །མི་ཟད་པ་ཡི་དུག་ཏུ་འགྱུར། །ཞེས་གསུངས་ཏེ། འདི་ནི་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོ
ལས་གསུངས་པ་བདག་གིས་འདིར་བྲིས་པའོ། །རིན་ཆེན་སེམས་ནི་རྣམ་པར་སྦྱང་བའི་ཕྱིར། །ཐུབ་པའི་བཀའ་ལུང་ཅུང་ཟད་འདིར་བྲིས་པས། །ས་ཡི་བདག་པོའི་ཐུགས་ནི་དྲི་མེད་པ། །སྟོན་དགའ་ཨི་ཟླ་རྒྱས་ལྟ་བུར་གསལ་གྱུར་ཅིག་།འགྲོ་བའང་རིམ་གྱིས་སེམས་ནི་རྣམ
སྦྱངས་ཏེ། །མུ་ཏིག་དྲི་མེད་འབྲུ་ལྟར་རྣམ་དག་ཤོག་།སེམས་རིན་པོ་ཆེ་རྣམ་པར་སྦྱངས་པའི་རིམ་པ་ཞེས་བྱ་བའི་སྤྲིང་ཡིག་།སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་དགྲ་ལས་རྒྱལ་གསང་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ
དུ་ལོ་པ་དང། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ེ་མ་ཧོ། འཇམ་དཔལ་རྡོ་རྗེས་བྱིན་བརླབས་པའི། །ཛཻ་ཧཱ་རིས་མཛད་གཞུང་འདི་ལ། །བརྟན་ནས་རང་སེམས་སྦྱང་བ་ལ། །མཁས་པ་རྣམས་ཀྱིས
བརྩོན་པར་རིགས། ། །།རྒྱ་གར་སྐད་དུ། སུ་ཧྲི་ཏ་ལེ་ཁ། བོད་སྐད་དུ། བཤེས་པའི་སྤྲིང་ཡིག་།འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙད་ལས
བྱུང་བའི།
CLOSE WINDOW