CLOSE WINDOW

N4172: སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ
Wyliee-texts based on the ACIP/ALL Input

། །།པཎྜི་ཏ་དེ་ཉིད་དང། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ཞི་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ཧྲི་ད་ཡ་ནི་ཀྲི་བ་ཏ་ནཱ་མ་། བོད་སྐད་དུ། སྙིང་པོ་ངེས་པར་བསྡུ་བ་ཞེས་བྱ་བ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མངོན་མཐོ་ངེས་པར་འབྱུང་སྟེར་བ། །དཀོན་མཆོག་གསུམ་ལ་གུས་བཏུད་ནས། །འཁོར་བའི་འཇིགས་པ་སེལ་བ་ཡི། །སྙིང་པོ་བསྡུ་བ་བཤད་བར་བྱ། །འཁོར་བའི་མཚན་ཉིད་སྡུག་བསྔལ་དང། ལས་དང་ཉོན་མོངས་རྣམ་རྟོགས་ཏེ། །དེ་དག་རྒྱུ་འབྲས་གོ་རིམ་ཅན། །འཁོར་བ་བསྡུས་ནས་བསྟན་བ་ཡིན། །ཐར་པའི་མཚན་ཉིད་བྱང་ཆུབ་སྟེ། །ཤེས་རབ་ཐབས་དང་སྤྱོད་པ་དང། །ལམ་ལྔ་དང་ནི་ཚོགས་གཉིས་ལས། །མྱ་ངན་འདས་པའི་སྐུ་གསུམ་འབྱུང། །དེ་ཡང་རྒྱུ་འབྲས་གོ་རིམ ཅན། །ཐར་པ་བསྡུས་ནས་བསྟན་པའོ། །ཁམས་གསུམ་སྡུག་བསྔལ་རྒྱ་མཚོ་ཆེ། །དཔའ་རླབས་ཤིན་ཏུ་འཁྲུགས་པ་ནི། །དགེ་དང་མི་དགེ་ལ་སོགས་པའི། །ཟག་བཅས་ལས་ལས་ངེས་པར་འབྱུང། །དེ་དག་གཏི་མུག་ཆགས་སྡང་སོགས། །ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ། །ཡིད་འོང མི་འོང་ལ་སོགས་པའི། །གཉིས་སུ་འཛིན་པ་ཉིད་ལས་བྱུང། །ཐམས་ཅད་འབྱུང་བའི་རྒྱུ་ཉིད་ནི། །ང་དང་བདག་ཏུ་འཛིན་ལས་བྱུང། །གཞན་ཡང་འབྱུང་བའི་རྒྱུ་ཉིད་ནི། །རྟག་དང་གཅིག་པུ་ཁྱབ་ལ་སོགས། དངོས་པོར་འཛིན་པའི་གདོན་ཡིན་ཏེ། །ཤེས་རབ་ལྡན་པས་སྤང བར་བྱ། །དེ་བས་སྐལ་ལྡན་སྐྱེས་བུ་ནི། །བདག་གཞན་མ་ལུས་གྲོལ་བྱའི་ཕྱིར། །མི་སླུ་བ་ཡི་ལུས་ངག་དང། །རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི། །རིགས་པ་གང་ལ་གོམས་པ་ཡིས། །དངོས་པོར་འཛིན་པའི་གདོན་ཆེན་པོ། །མ་ལུས་པར་ནི་བཟློག་པར་བྱ། །འདི་ལྟར་ཕྱི་ནང་ཆོས་རྣམས ནི། མཚན་མ་ཀུན་བྲལ་རང་བཞིན་ནི། །ནམ་མཁའ་ལྟ་བུར་ཤེས་བྱས་ལ། །རྟག་ཏུ་གོམས་པར་བསྒྲུབ་པར་བྱ། །འཁོར་བ་ཐོག་མ་མེད་པ་ནས། །དངོས་འཛིན་གདོན་གྱིས་བརླམས་པ་ཡིས། །འགྲོ་ཀུན་ཡུལ་དུ་བྱས་ནས་ནི། །ཐམས་ཅད་རྗེས་སུ་འཛིན་པ་ཡི། །བྱམས་ཆེན་ཚད་མེད་སྔོན་འགྲོ བས། །སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པའི། །སྙིང་རྗེ་ཆེན་པོ་ཚད་མེད་པས། །བདག་དང་གཞན་དོན་འགྲུབ་པ་ཡིས་བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཡང་དག་བསྟན་པ་བསྐྱེད་པར་བྱ། །བདག་གཞན་འབྱོར་པ་བཅུ་ལྡན་བས། །འཁོར་བའི་ཆོས་ལས་ཡིད་འབྱུང་བྱ། །འཇིགས་པ་ཀུན ལས་སྐྱོང་བ་ཡི། །སྐྱབས་གསུམ་པོ་དང་ལྡན་པ་དེས། །སོ་སོར་ཐར་ལ་ལེགས་གནས་བྱ། །ཚུལ་ཁྲིམས་བཟང་པོ་དང་ལྡན་ཅིང། །ཐེག་ཆེན་རིགས་ཡོད་སྐྱེས་བུ་དེས། །འགྲོ་བ་སྐྱབས་མེད་བསྐྱབ་པའི་ཕྱིར། །སྐྱབས་སུ་འགྲོ་བ་སྔོན་འགྲོ་བས། །སྨོན་པའི་སེམས་ནི་བསྐྱེད་པར་བྱ། །ལྷག པའི་བསམ་བ་དང་ལྡན་པས། འཇུག་པའི་སེམས་ནི་བསྐྱེད་བྱས་པས། །སྔར་གྱི་སྨོན་པའི་སེམས་དེ་ཉིད། །རྒྱ་ཆེར་རབ་ཏུ་འཕེལ་བར་འགྱུར། །བྱང་ཆུབ་སེམས་དཔའ་ཨི་སྤྱོད་པ་ནི། །རླབས་ཆེན་ཕ་རོལ་ཕྱིན་དྲུག་སོགས། །མཉམ་གཞག་ལངས་པའི་རྣལ་འབྱོར་གྱིས། །ཚོགས་ཀྱི ལམ་འདི་བསྟན་པར་གྲུབ། །ལམ་ལྔ་རིམ་གྱིས་བགྲོད་བྱས་ཏེ། །སྒྲིབ་པ་གཉིས་ནི་གསལ་བྱས་ནས། །འདི་ལྟར་ཚོགས་གཉིས་རྫོགས་བྱས་ཏེ། །འབྲས་བུ་སྐུ་གསུམ་འགྲུབ་པར་བྱ། །སྐུ་གསུམ་བསྒྲུབས་པའི་མཚན་ཉིད་ཀྱང། །ཆོས་སྐུ་ནམ་མཁའ་ལྟ་བུ་ལས། །རྩོལ་མེད་ཐུགས རྗེས་སྤྲིན་བྱུང་བས། །སྐུ་གཉིས་བདུད་རྩིའི་ཆུ་རྒྱུན་གྱིས། །ཁམས་གསུམ་ཐ་བའི་རྒྱུད་བརླན་ཏེ། །བྱང་ཆུབ་སྙིང་པོའི་ས་བོན་ལས། །དགེ་བའི་ལོ་ཏོག་སྨིན་པར་འགྱུར། །དུས་གསུམ་སངས་རྒྱས་ཀྱིས་གསུངས་པའི། །སྙིང་པོ་འདིར་ནི་བསྡུས་པ་ཡིན། །འཁོར་བའི་སྡུག་བསྔལ་སྤོང་འདོད་ན། །དེ ལ་བརྩོན་འགྲུས་འབད་པར་བྱ། །རྩོད་པའི་དུས་ཀྱི་ཐ་མ་ལ། །ཚེ་ཐུང་ནད་མང་ཡོངས་སྤྱོད་དམན། །རྐྱེན་ངན་བར་ཆད་མང་བ་ཡིས། །ཡུན་རིང་གནས་པའི་མཐུ་མེད་པས། །ཚིག་རྗེས་བཅད་པར་མི་ནུས་ཀྱིས། །རིགས་ལ་གནས་པའི་གང་ཟག་དེས། །བཤེས་གཉེན་དམ་པ་བསྟན་བྱས་ལ། །ཤིན་ཏུ བརྩོན་བའི་སེམས་ཀྱིས་ནི། །འཁོར་བའི་སྡུག་བསྔལ་དྲན་བྱས་ལ། །བདག་གཞན་གྲོལ་བར་བྱ་བའི་ཕྱིར། །སྙིང་པོ་མྱུར་དུ་བསྡུ་བར་བྱ། །བརྩེ་བས་འདི་བྱས་དགེ་བ་ཡིས། །སྐལ་ལྡན་སེམས་ཅན་མ་ལུས་ཀུན། །བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཏེ། །སྙིང་པོ་མྱུར་དུ་སྡུད་པར་ཤོག་།སྙིང པོ་ངེས་པར་བསྡུ་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་དབུས་ཀྱི་སྙེ་ཐང་གཙུག་ལག་ཁང་དུ་མཛད་པ་རྫོགས་སོ། ། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང། ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས ཏེ་གཏན་ལ་ཕབ་པའོ། ། །།*། །རྒྱ་གར་སྐད་དུ། བོ་དྷི་སཏྭ་མ་ཎྱཱ་བ་ལི། །བོད་སྐད་དུ། བྱང་ཆུབ་སེམས་དཔའ་ཨི་ནོར་བུའི་ཕྲེང་བ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །དད་པའི་ལྷ་ལ་ཕྱག་འཚལ་ལོ། །ཐེ་ཚོམ་ཐམས་ཅད་རྣམ་སྤངས་ཤིང། །སྒྲུབ་ལ་ནན་ཏན་གཅེས་སུ བྱ།

CLOSE WINDOW