Wylie | e-texts based on the ACIP/ALL ![]() ![]() |
། །།ལས་རྣམ་པར་འབྱེད་པ་ཞེས་བྱ་བ་བཞུགས།། །།*། །རྒྱ་གར་སྐད་དུ་།ཀརྨ་བི་ཏ་ནཱ་མ། བོད་སྐད་དུ། ལས་རྣམ་པར་འབྱེད་པ་ཞེས་བྱ
བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དིང་སང་དུས་ཀྱི་སྐྱེ་བོ་འདི་དག་གིས། །མཐོ་རིས་བདེ་བ་དག་ཀྱང་ཐོབ་དཀའ་ན། །མྱ་ངན་འདས་ལ་རེ་བ་ཡོད་མིན་པས། །བདག་ཉིད་ཁོ་ན་དྲན་ཕྱིར་བྲི་བར་བྱ། །ཡོད་མེད་རྟག་ཆ་དང་བྲལ་བ།།
བདེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས། །འགྲོ་རྣམས་ཡོངས་སུ་སྨིན་མཛད་པ། །དམ་པའི་སྐྱེས་མཆོག་དེ་ལ་འདུད། །བཅོམ་ལྡན་འདས་གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆེན་པོ་ལས་ཀྱང་ཕུལ་བྱུང་ཞིང་ཁྱད་པར་དུ་འཕགས
པ་དེ་ལ་ཕྱག་འཚལ་ནས་། ཇི་ལྟར་བྱ་ཞེ་ན་།ལས་དགེ་བ་དང། མི་དགེ་བ་རྣམ་པར་དབྱེ་བར་བྱ་སྟེ་།མངོན་པར་མཐོ་བ་མཐོ་རིས་ལྷ་དང་མི། །ཐོབ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་ཡིན། །དེ་ཉམས་གྱུར་པས་ངན་སོང་འགྲོ་བ་ནི། །དམྱལ་བ
ཡི་དགས་བྱོལ་སོང་འདི་དག་གོ་། ལྷ་དང་མིའི་གཏམ་རྒྱས་པ་འདི་ནི། འཇིག་རྟེན་གཞག་པ་དང། འཇིག་རྟེན་གདགས་པ་དང། བྱེ་བྲག་ཏུ་བཤད་པ་ཆེན་པོའི་ནང་ནས་ཆེ་ལོང་དུ་བཏུས་པ་མཛོད་ཀྱི་གནས་གསུམ་པ་ལ་སོགས་པར་བལྟ་བར
བྱའོ། །འདི་ལྟར་ཚ་བའི་སེམས་ཅན་དམྱལ་པ་ནི་ཛམྦུའི་གླིང་འདིའི་འོག་ན་དཔག་ཚད་ཁྲི་ཕྲག་གཉིས་ན་སེམས་ཅན་དམྱལ་བ་ཆེན་པོ་གནས་སོ། །གཞན་བདུན་ནི་དེའི་སྟེང་ན་རིམ་པ་བཞིན་དུ་གནས་སེ། །དེ་དག་གི་ཚེའི་ཚད་ཀྱི་རིམ་པ
ནི། མི་རྣམས་ཀྱི་ལོའི་རིམ་པ་རྣམས་ལ་།འདོད་པའི་ཁམས་ཀྱི་ལྟ་རྣམས་དང། ཡང་སོས་ལ་སོགས་པ་དམྱལ་བ་རྣམས་ཀྱི་ཉིན་ཞག་དང་ཟླ་བ་དང་ལོའི་རིམ་པ་རྣམས་བསྒྲེས་ནས་ཤེས་པར་བྱ་སྟེ། འདི་ལྟར་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ལ
སོགས་པ་ལས་བསྒྱུར་ནས་ཤེས་པར་བྱའོ་ཞེས་བཤད་པས་སོ་། གྲང་བའི་སེམས་ཅན་དམྱལ་བ་ཡང་ནི་ཏི་སེའི་འོག་ན་སྔ་མ་དེ་དག་གི་ཐད་ཀ་ན་གནས་པ་སྟེ་།དེ་དག་གི་ཚེའི་ཚད་ཀྱང་ཡུལ་དབུས་ཀྱི་བྲེས་བཅལ་བའི་ཏིལ་ཁལ་བརྒྱད
ཅུས་བྱུར་པུར་བཀང་བའི་ནང་ནས། སྐྱེས་བུ་ཞིག་གིས་ལོ་བརྒྱ་བརྒྱ་ན་།ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་པ་ན་སེམས་ཅན་དམྱལ་བ་ཆུ་བུར་ཅན་གྱི་ཚེ་ཟད་པ་ཡིན་ཏེ་།འོག་མ་རྣམས་ཀྱི་ཆེ་ནི་ཉི་ཤུར་བསྒྱུར་རོ། །འདི་དག་གི་དོན
ཡང་ཅུང་ཟད་ཙམ་ཞིག་མདོ་ལས་བཤད་པ་བྲི་བར་བྱའོ། །དེ་ལྟར་དེ་དག་དམྱལ་བ་ནི། །བཅུ་དྲུག་ཅེས་བྱ་རྒལ་བར་དཀའ་། །དྲག་པོའི་ལས་ཀྱི་ཀུན་དུ་གང། །རེ་རེ་ལ་ཡང་ལྷག་བཅུ་དྲུག། རྩིག་པ་བཞི
དང་ངོས་བཞི་སྟེ། །རྣམ་ཕྱེ་རིས་སུ་ཆད་པ་ཡིན། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར། །ལྕགས་དག་གིས་ནི་གང་པ་ཡིན། །དཔག་ཚད་བརྒྱ་ཕྲག་དུ་མར་ནི། །མེ་ལྕེ་དག་གི་ཁྱབ་པར་གནས་།ཞེས་བཅོམ་ལྡན་འདས་ཀྱིས་གསུངས
སོ། །མཛོད་ལས་ཀྱང། དེ་དག་གིས་ནི་ངོས་བཞིན། །མེ་མར་མུར་དང་རོ་མྱགས་དང། །སྦུ་གྲི་ལམ་སོགས་ཆུ་བོ་ཡིན། ཞེས་བཤད་དོ། །སྔོན་གྱི་མཁས་པ་ཆེན་པོ་ཁ་ཅིག་ན་རེ་ཚ་བ་ལ་སོགས་པ་བདུན་པོ་དེ་དག་ནི་མནར་མེད་པཱི
སེམས་ཅན་དམྱལ་པའི་གཡས་ངོས་དང་གཡོན་ངོས་ན་གནས་སོ་ཞེས་ཟེར་རོ། །ཉི་ཆེ་བ་དང་།ཉེ་འཁོར་བའི་སེམས་ཅན་དམྱལ་བ་དག་ལ་ནི་གནས་ཀྱི་དེས་པ་མེད་དེ། ཆུ་བོ་དང། རི་དང། མྱ་དམ་པ་ལ་སོགས་པའི་ཐང་དང།
སྟེང་ན་གནས་སོ། །གཏམ་རྒྱས་པར་ནི་དྲན་པ་ཉེ་བར་བཞག་པ་དང་འཇིག་རྟེན་གཞག་པ་དང། འཇིག་རྟེན་གདགས་པ་ལ་སོགས་པར་བལྟའོ། །ཡི་དགས་ཀྱི་རྩ་བའི་གནས་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་འོག་དཔག་ཚད
ལྔ་བརྒྱ་ན་ཡོད་དེ་། དེ་ན་ཡི་དགས་ཀྱི་རྒྱལ་པོ་གཤིན་རྗེ་གནས་སོ། །གཞན་ནི་དེ་ལས་འཕྲོས་པ་ཡིན་ནོ། །གཏམ་རྒྱས་པར་ནི་ཡི་དགས་ཀྱི་རྟོགས་པ་བརྗོད་པར་བལྟ་བར་བྱའོ། །བྱོལ་སོང་གི་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ། །ཐང
དང། ཆུ་དང། རི་དང། དུར་ཁྲོད་ལ་སོགས་པ་ན་ནི་དེ་ལས་འཕྲོས་པ་ཡིན་ཏེ། རྒྱས་པར་ནི་དེ་དང་དེ་དག་ཏུ་བལྟ་བར་བྱའོ་།གནས་གསུམ་པོ་ན་བདེ་བ་མེད། །སྡུག་བསྔལ་རྒྱུ་དང་བཅས་པའི་གཏམ། །མང་དང་བསྟན་བཅོས་དག་ན
གསལ། །བློ་དང་ལྡན་པས་བལྟ་བར་གྱིས། །དམྱལ་བ་དང། ཡི་དགས་དང། བྱོལ་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་མདོ་དང་བསྟན་བཅོས་དག་ན་གསལ་ལོ། །མིའི་སྡུག་བསྔལ་བརྒྱ་རྩ་བཅུ་དག་ནི་འཕགས་པ་ཐོགས་མེད་ཀྱིས་མཛད།
པའི་ཡོ་ག་ཙརྱ་བལྟ་པར་བྱའོ། །ལྟ་དག་ལ་ནི་སྡུག་བསྔལ་གཞན་ནི་མེད་ཀྱི་འོན་ཀྱང་འཆི་ལྟས་ལྔ་དང་ཉེ་བའི་འཆི་ལྟས་ལྔ་འབྱུང་སྟེ། །འདི་ལྟར་གོས་དྲི་མ་འཆགས་པ་དང། མེ་ཏོག་གི་ཕྲང་བ་བརྙིངས་པ་དང་།མཆན་ཁུང་ནས་རྡུལ་འབྱུང
བ་དང། ལུས་ལ་དྲི་མ་འབྱུང་བ་དང་།རང་གི་སྟན་ལ་མི་དགའ་བར་འགྱུར་རོ། །ཉེ་བའི་ལྟས་ལྔ་ནི་གོས་དང་རྒྱན་དག་ལས་ཡིད་དུ་མི་འོང་བའི་སྒྲ་འབྱུང་བ་དང། ལུས་ཀྱི་འོང་ཆུང་བར་འགྱུར་བ་དང། ཁྲུས་བྱས་པའི་ཆུའི་ཐིགས་བ་ལུས་ལ
འཆགས་པར་འགྱུར་བ་དང། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་འཆགས་པར་འགྱུར་བ་དང། མིག་འབྱེད་པ་དང་འཛུམ་པ་སྲིད་པར་འགྱུར་བ་དང་སྟེ་།ཉེ་བ་ལྔ་ནི་མ་ངེས་པའོ། །སྡུག་བསྔལ་དེ་དག་ཅི་ལས་བྱུང་ཞེ་ན།
ལས་ནི་ལྕི་དང་ཡང་བ་དགའ་། ཡུལ་དང་བསམ་པའི་དབྱེ་བ་ཡིས། །ཉན་ཐོས་ཐེག་པ་ཆེན་པོའི་ལུགས། །རྣམ་པ་གཉིས་སུ་ཤེས་པར་བྱ། །ལྕི་བ་ནི་གཉིས་ཏེ། ཡུལ་གྱིས་ལྕི་བ་དང། བསམ་བས་ལྕི་པའོ། །ཡང་བ་ཡང་དེ་དང
འདྲ་འོ། །དེ་ཡང་ཉན་ཐོས་དང་ཐེག་པ་ཆེན་པོའི་ལུགས་ཀྱི་ལྕི་བ་དང་ཡང་བ་སོ་སོར་ཐ་དད་པར་ཤེས་པར་བྱའོ། །དེ་ལ་ཉན་ཐོས་ཀྱི་ཡུལ་གྱིས་ལྕི་བ་ནི། འདི་ལྟར་མཚམས་མེད་པ་ལྔ་ལས་ཕ་བསད་པ་མ་གཏོགས་པ་བཞིའོ།།
དེ་ལས་ཀྱང་དགེ་འདུན་གྱི་འཁོར་ལོའི་དབྱེན་ལྕི་བའོ། །གཞེན་ཡང་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང། རྡོ་རྗེ་ལྟ་བུའི་ཏིང་འཛིན་དང། སྲིད་པའི་རྩེ་མོའིཏིང་ངེ་འཛིན་ལས་ལངས་པའི་རྣལ་འབྱོར་པ་དང། མཁན་པོ་དང
སློབ་དཔོན་དང། དགེ་སློང་དང། དགེ་སློང་མ་དང། ཕ་དང་མ་དང། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དང་།ནད་པ་དང། ཆོས་སྨྲ་དང་།ངེས་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང། རྒྱུན་དུ
ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དག་གསོད་པ་དང། དེ་ལ་རྡག་པ་དང། ལྕགས་སྒྲོགས་ལ་སོགས་པས་སྡོམ་པ་དང། དེ་དག་གི་ཡོ་བྱད་རྐུ་བ་དང། མཆོད་རྟེན་གྱི་དང། དགེ
འདུན་གྱི་དང་ཆོས་ཀྱི་དང། སངས་རྒྱས་ཀྱི་ཡོ་བྱད་རྐུ་བ་དང། གང་ཟག་སྔ་མ་དེ་དག་དང། དཀོན་མཆོག་གསུམ་ལ་རྫུན་སྨྲ་བ་དང། ཚིག་རྩུབ་པོ་དང། དེ་དག་ཕན་ཚུན་འབྱེད་པ་དང། ཚིགས་སུ་བཅད་པ་མ་ཡིན་པ་སྨྲ་པ་ནི་ཡུལ་གྱིས་ལྕི
བའོ། །བསམ་པས་ལྕི་བ་ནི། ལོག་པར་ལྟ་བ་ཆེན་པོ་དང་སྐྱེས་བ་དང། ཡིད་ཀྱི་ཉེས་པ་ཆེན་པོའོ། །ཡུལ་གྱིས་ཡང་པ་ནི་བྱོལ་སོང་དང། དུར་ཁྲོད་ཀྱི་ཤ་ཟ་གསོད་པ་ལ་སོགས་པའོ། །བསམ་པས་ཡང་བ་ནི་དེ་ལས་གཞན་བ་རྣམས་སོ།།
དེ་ལ་ཐེག་པ་ཆེན་པོའི་ཡུལ་གྱིས་ལྕི་བ་ནི་འདི་ལྟར་བླ་མ་རྣམས་དང། སེམས་དང་པོ་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང། ཕ་དང་མ་དང། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་དང། རང་གི་ལྷ་དང། དཀོན་མཆོག་གསུམ་ལ་སོགས་པ
ལ་སྔ་མའི་ཚུལ་རྣམས་བཞིན་དུ་བྱེད་པའོ། །དོན་འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་གཏོར་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་འདི་སྐད་དུ་།གསང་བ་པའི་བདག་པོ་ཉེས་པར་སྤྱོད་པ་དེ་དག་ནི་ལྕི་བར
གྱུར་པ་དང། ཐ་མལ་པར་གྱུར་པའོ། །དེ་ལ་ཕ་མར་གྱུར་པ་ལ་སོགས་པ་གསོད་པ་དང། རྡེག་པ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་ལྕི་བའོ། །སྲོད་གཅོད་པ་ལ་སོགས་པ་གཞན་གསུམ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ཐ་མལ་པའོ། །དམ
པའི་ཆོས་སྤོང་བ་དང། ལྷ་རྣམས་ལ་ཚིག་རྩུབ་པོ་སྨྲ་བ་དང། ཕ་མ་དང། བླ་མར་གྱུར་བ་ལ་སོགས་པ་ལ་ཚིག་ངན་པ་སྨྲ་བ་ནི་ངག་གི་ཉེས་པར་སྤྱོད་པ་ལྕི་པའོ། །སྐྱེས་བུ་འགའ་ཞིག་དད་པས་དགེ་བ་ཉམས་སུ་ལེན་ཅིང་རྩོམ་པའི་གཏམ་གྱིས
སླབས་སུ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་ཚིག་འཇིག་རྟེན་ལས་འདས་པའི་རྫུན་སྨྲ་བ་ནི་དག་གི་ཉེས་པར་སྤྱོད་པ་ལྕི་བའོ། །དགེ་བའི་བར་ཆད་བྱེད་པའི་ཚིག་འཁྱལ་བ་སྨྲ་བ་དང། ལྐོག་འཕྱས་པ་བྱེད་པ་དང། མི་དགེ་བའི་ལས
ཀྱི་གཏམ་རྣམས་ནི་དག་གི་ཉེས་པར་སྤྱོད་པ་ཐ་མལ་པའོ། །ཡིད་ཀྱི་ཉེས་པར་སྤྱོད་པ་ནི་གསུམ་སྟེ་།དེ་ཉིད་ལས་སེམས་ཀྱི་ཉེས་པ་དང། སེམས་ལས་བྱུང་བའི་ཉེས་པ་དང། མ་རིག་པའི་ཉེས་པའོ། །དེ་དག་ཀྱང་དགེ་བ་བཅུའི
ལས་ཀྱི་ལམ་དེ་ཉིད་ལ་མ་ཆགས་པ་ཉིད་ནི་སེམས་ཀྱི་ཉེས་པར་སྤྱོད་པའོ། །དྲེགས་པ་དང། ང་རྒྱལ་དང་།ཁྲོ་བ་དང། སེམས་ཅན་རྣམ་པར་འཇིག་པ་དང། འདོད་ཆགས་ཀྱི་སེམས་ཀྱི་གཞན་གྱི་བུད་མེད་ལ་ཆགས་པ་དང། གཞན་གྱི
སྲོག་འཁྲོགས་དང། བླ་མར་གྱུར་པ་ལ་སེམས་གྱ་གྱུ་ཞིང་རབ་ཏུ་སྡང་བ་ནི་སེམས་ལས་བྱུང་བའི་ཉེས་པའོ། །དགེ་བ་བཅུའི་ལས་ཀྱི་ལས་རྣམས་དང། །ཕ་རོལ་ཏུ་ཕྱིན་པ་དྲུག་འདོར་ཞིང་བརྗེད་དས་པ་དང་།སོམ་ཉིར་གྱུར་པ་དང།
ཡིད་ཤིན་དུ་རྨོངས་པར་གྱུར་བ་ནི་མ་རིག་པའི་ཉེས་པར་སྤྱོད་པའོ། །ཞེས་གསུངས་སོ། །དེ་ལ་བསམ་པས་ལྕི་བ་ནི། ཐེག་པ་ཆེན་པོ་བ་སེམས་ཅན་སྙིང་རྗེའ?་དབང་དུ་གྱུར་པ། སེམས་ཅན་ཐམས་ཅད་མི་གཏོང་པར་རྗེས་སུ་འཛིན་པའི་ལྕི་བ
ནི། །འདི་ལྟར་ཞེ་སྡང་ཁོ་ན་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས་།བསྐལ་པ་སྟོང་དུ་བསགས་པ་ཡིས། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ཅེས་
3་57
གསུངས་སོ། །འདི་ཁོ་ན་ཉིད་ལྕི་བ་ཡིན་པའི། བུངས་མང་དུ་ཡོད་མོད་ཀྱི་རེ་ཞིག་བཞག་གོ་།ཡང་པའི་ལས་ཀྱང་ཚུལ་འདི་ལས་ཤེས་པར་བྱའོ། །ཐེག་པ་གཉིས་པོ་འདི་དག་ཏུ། །ལྕི་དང་ཡང་པའི་ལས་རྣམས་བཤད། །འདོད་ཆགས་ཞེ་སྡང
གཏི་མུག་གིས། །རྣམ་པ་གསུམ་དུ་འགྱུར་བའོ། །དེ་ལ་སྲོག་གཅོད་པ་འདོད་ཆགས་ལས་སྐྱེས་པ་ནི་འདི་ལྟར་ལུས་ཀྱི་ཡན་ལག་གི་ཕྱིར་རམ་།ནོར་གྱི་ཕྱིར་རམ་།རྩེ་མོའི་ཕྱིར་རམ་།བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་སྲེག་གཅོད་པའོ། །ཞེ་སྡང
ལས་བྱུང་བ་ནི་རྩོད་པ་དང། འཁོན་གྱིས་བྱས་པའོ། །གཏི་མུག་ལས་བྱུང་བ་ནི་མཆོད་སྦྱིན་བྱེད་པ་དང། རྒྱལ་པོ་ཆེན་པོའི་ཆོས་འདོན་པ་ཚད་མར་བྱས་ནས་ཆོས་ཀྱི་བློས་གསོད་པ་དང་།མི་མི་འགྲུངས་པ་དག་ལ་ཆད་པས་གཅད་ན་རྒྱལ་པོའི
བསོད་ནམས་ཀྱི་སྣོད་དུ་འོང་ཞེས་ཟེར་ནས་གསོད་པ་ལྟ་བུ་དང། སེན་དྷ་པ་དག་འདི་སྐད་དུ་།ཕ་དང་མ་རྒས་སམ་ནང་ཚ་བས་པོ་ཆེས་ཐེབས་ན་གསོད་དོ། །སྦྲུལ་དང་སྡིག་པ་དང་སྤྲང་བུ་ཏྲེ་མ་བུ་ཀ་ལ་སོགས་པ་ནི་མི་རྣམས་ལ
གནོད་པ་བྱེད་པས་གསང་དོ། །རི་དགས་དང་ཕྱུགས་དང་བྱེ་དང་མ་ཧེ་ལ་སོགས་པ་ནི་ལོངས་སྤྱོད་པའི་ཕྱིར་གསད་དོ་ཞེས་ཟེར་བ་ལྟ་བུའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་བྱུང་པ་ནི་།གང་ཞིག་གང་དོན་དུ་གཉེར་བ་དེས
འཕྲོག་པ་འམ་གཞན་གྱི་རྙེད་པ་འམ། །བཀུར་བསྟི་འམ། གྲགས་པའི་ཕྱིར་རཾ། བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་འཕྲོག་པའོ། །ཞེ་སྡད་ལས་སྐྱེས་པ་ནི་སྔར་བཞིན་ནོ། །གཏི་མུག་ལས་བྱུང་བ་ནི་རྒྱལ་པོའི་ཆོས་འདོན་པ་ཚད་མར་བྱས
ནས་མི་འགྲུངས་པ་དག་ཆད་པས་གཅད་ནས་འཕྲོག་པ་ལྟ་བུ་དང། བྲམ་ཟེ་དག་ན་རེ་འདི་ཐམས་ཅད་ཚངས་པས་བྲམ་ཟེ་རྣམས་ལ་བྱིན་པ་ཡིན་པ་ལས་།དེ་ལྟར་བྲམ་ཟེ་རྣམས་ཉམས་པས་རིགས་གཞན་སྤྱོད་དུ་ཟད་མོད། དེ་བས་བྲམ
@་357བ
ཟེ་འཕྲོག་པ་ན་། རྐུ་བ་མ་ཡིན་གྱི་བྲམ་ཟེ་བདག་ཉིད་ཀྱིས་ལེན་པར་བྱེད་པར་ཟད་པས་བདག་ཉིད་ཀྱིས་ཟ་བ་དང། བདག་ཉིད་ཀྱིས་འཐུངས་པ་དང། བདག་ཉིད་ཀྱིས་གྱོན་པ་དང། བདག་ཉིད་ཀྱིས་སྦྱིན་པ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དེ་ལ་འདོད
པས་ལོག་པ་གཡེམ་པ་འདོད་ཆགས་ལས་བྱུང་བ་ནི་གཞན་གྱི་ཆུང་མ་ལ་ཆགས་པ་འམ་། རྙེད་པ་འམ། བཀུར་སྟིའི་ཕྱིར་རམ་།བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་བྱུང་བ་ནི་སྔ་མ་བཞིན་ནོ།།
གཏི་མུག་ལས་བྱུང་བ་ནི་པར་སིགས་པ་དག་ན་རེ་མ་ལ་སོགས་པ་ལ་ཉལ་བ་དང། བ་ལང་ཕྲེང་གི་མཆོད་སྦྱིན་ལ་ཆོ་ག་ཅན་གྱི་ཆུ་འཐུང་ངོ། །རྩཝ་གཅོད་དོ། །མའི་གན་དུ་ཉལ་པོ་ལ་འགྲོ་བའོ། །སྲིད་མོའི་གན་དུ་དང། རུས་གཅིག་པོའི་གན་དུ་འགྲོ་བར
བྱའོ་ཞོས་བྱ་བ་དང། བ་ལང་ལ་སོགས་པ་ལ་ཡང་སྤྱད་པར་བྱའོ་ཞེས་ཟེར་བ་ལྟ་བུའོ། །དེ་ལྟ་བས་ན་འདི་ལྟ་བུ་བྱུང་བ་ན་ནི་།རྒྱལ་པོ་བཞད་གད་ལྟ་བུ་བྱེད་པ་དང། བག་མ་ལེན་པའི་ཚེ་དང་གསོད་པ་དང། ནོར་ཀུན་འཕྲོག་ཚེ་རྫུན་སྨྲས་གནོད
མེད་དེ། རྫུན་ལྔ་ལྟུང་བར་བྱེད་པ་མིན་ཞེས་བཤད་ཅེས་ཟེར་བ་དང། གང་ཡང་ལོག་པར་ལྟ་པའི་རྫུན་དུ་སྨྲ་བའོ། །མི་དགེ་བ་ལྷག་མ་དག་ཀྱང་སྔ་མ་བཞིན་ནོ། ཡིད་ཀྱི་གསུམ་ནི་འདོད་ཆགས་ལ་སོགས་པ་གསུམ་གྱི་འཇུག་ཏུ་སྐྱེས་པའོ། །སྲོག་གཅོད
པ་ནི་བསམས་བཞིན་དུ། །མ་ནོར་པར་ནི་གཞན་གསད་ནའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་པུས་བདག་གིར་བྱེད། །ལོག་གཡེམ་བགྲོད་མིན་པ་ལ་བགྲོད། །འདུ་ཤེས་གཞན་བསྒྱུར་རྫུན་ཚིག་དོན། །ཉོན་མོངས་སེམས་ཀྱི་ཕ་རོལ
བྱེད། །ཆིག་རྩུབ་པོ་ནི་མི་སྙན་པའོ། །ངག་འཁྱལ་གླུ་དང་ཟློས་གར་དང། །བསྟན་བཅོས་དན་དང་འདུ་འདིའི?་གཏམ། །བརྣབ་སེམས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡད་བའོ། །རྒྱུ་འབྲས་མེད་ཟེར་ལོག་ལྟའོ། །དེ་ལྟར་ཐེག་པ
ཆེན་པོའི་འདི་ལྟར་ཡིན་ཏེ་། དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་།བྱང་ཆུབ་སེམས་དཔའ་ཆེད་དུ་བསམས་ནས་སྲོག་གཅོད་པ་ལས་སླར་ལྡོག་པར
བྱའོ། །དབྱུང་བ་སྤང་ཞིང་ཁོན་དུ་འཛིན་པ་ཡང་སྤང་བར་བྱའོ། །དེས་བདག་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་གཞན་གྱི་སྲོག་ཀྱང་ཡོངས་སུ་བསྲུང་བར་བྱའོ། །མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ་།དེས་གཞན་གྱིས་ཡོངས་སུ་བཟུང་བའི
ལོངས་སྤྱོད་ལ་ཆགས་པ་བསྐྱེད་པར་ཡང་མི་བྱ་ན། གཞན་གྱིས་ཡོངས་སུ་བཟུང་བའི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ལྟ་ཅི་སྨོས། །འདོར་པས་ལོག་པར་གཡེམ་པ་ལས་ལྡོག་པར་བྱ་སྟེ། །དེས་གཞན་གྱིས་ཡོངས་སུ་བཟུང་པའི་ཆུང་མ་དང། རིགས་དང།
མཚན་མ་དང། ཆོས་ཀྱི་བསྲུངས་པ་རྣམས་ལ་ཆགས་པ་སྐྱེས་པར་ཡང་མི་བྱ་ན། ཡན་ལག་མ་ཡིན་པ་སྤྱོད་པ་དང། དབང་པོ་གཉིས་སྤྲོད་པ་ལྟ་ཅི་སྨོས། །རྫུན་དུ་སྨྲ་བ་ལས་ལྡོག་པར་བྱ་སྟེ། དེས་ཆེད་དུ་བསམས་ནས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ
སླུ་བར་འགྱུར་བའི་རྫུན་གྱི་ཆིག་སྲོག་གི་ཕྱིར་ཡང་སྨྲ་བར་མི་བྱའོ། །ཚིག་རྩུབ་པོ་ལས་ལྡོག་པར་བྱ་སྟེ་དེས་སེམས་ཅན་རྣམས་ལ་མཉེན་པ་དང། འཇམ་པ་དང། ཡིད་ལ་འབབ་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་།གསང
བའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཐོག་མར་འགྲོ་བ་ནི་ཚིག་སྙན་པ་ཡིན་པའི་ཕྱིར་རོ། །ཕྲ་མ་ལས་ལྡོག་པར་བྱ་སྟེ། དེ་ཅི་ནས་ཀྱང་དབྱེན་དུ་འགྱུར་བའི་ཚིག་དང། གནོད་པར་མི་འགྱུར་བའི་ཆིག་དེ་ལྟར
བསྒྲུབ་པར་བྱའི། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་གྱི་དབྱེ་བ་ལ་བཞུགས་པ་མ་ཡིན་ནོ། །ཚིག་འཁྱལ་པ་རྣཾས་ལྡོག་པར་བྱ་སྟེ། དེས་ཡུལ་དང་དུས་དང་དོན་དང་ལྡན་པའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་ཡིད་དུ
འོང་བ་དང་རན་པར་སྤྱོད་པའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ན་ཚིག་བཟང་པོ་དང་ལྡན་པའི་ཕྱིར་རོ། །བརྣབ་སེམས་ལས་ལྡོག་པར་བྱ་སྟེ་།དེས་གཞན་གྱི་ལོངས་སྤྱོད་པ་དང། གཞན་གྱི་ནོར་ལ་ཆགས་པའི་སེམས་ཀྱང
བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་མ་ཆགས་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བདག་སེམས་ཆགས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོའི་ཕྱོགས་གཅིག་ལས་ཉམས་པར་འགྱུར་རོ། །གསང་བ་པའི་བདག་པོ
བྱང་ཆུབ་སེམས་དཔའ་ཨི་ས་རབ་ཏུ་དགའ་བ་བསྐྱེད་པ་དེས་འདི་ལྟར་བསམ་པར་བྱ་སྟེ་། གང་བདག་གིས་བྱ་དགོས་པ་དེ་དང་དེས་རང་འབྱོར་བར་གྱུར་པ་དེ་ལེགས་སོ་སྙམ་ནས་སེམས་ཅན་དེ་དག་གིས་ལོངས་སྤྱོད་དེ་དག་ཆུང་མ་ཟ་བ་ལ་ཡང་དག་ཡང་དུ་དགའ་བ་བསྐྱེད
པར་བྱའོ། །གསང་བའི་བདག་པོ་གཞན་ཡང་གནོད་སེམས་ལས་ལྡོག་པར་བྱ་སྟེ་།དེས་ཐམས་ཅད་དུ་བཟོད་པ་དང་ལྡན་པ་དང། བྱམས་པ་དང། ཁོད་ཁྲོ་བ་མེད་ཅིང་སེམས་སྙོམས་པར་བྱའོ། །དེས་མཛའ་བོ་ལ་ཇི་ལྟ་བ་བཞིན་དུ་དགྲ་ལ་ཡང་དེ་བཞིན་དུ
བྱའོ། །དེ་ཅིའི་ཕྱིར་ཞེ་ན། །བྱང་ཆུབ་སེམས་དཔའ་ནི་ཡིད་ཀྱི་གནས་དན་ལེན་དང་ལྡན་པ་མ་ཡིན་གྱི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་བསམ་པ་ཡོངས་སུ་དག་པ་ཡིན་ན། །གསང་བའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གནོད་སེམས
དང་བྲལ་བར་བྱའོ། །གསང་བའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ལོག་པར་ལྟ་བ་ལས་ལྡོག་པར་བྱ་སྟེ། དེས་ཡང་དག་པའི་ལྟ་པ་དང། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་དང། གཡོ་མེད་པ་དང། གྱ་གྱུ་མེད་པ་དང། དྲང་བ་དང། སངས་རྒྱས
དང་ཆོས་དང་དགེ་འདུན་དག་ལ་བསམ་པ་ངེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །གསང་བ་པའི་བདག་པོ་ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའ་ཨི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། དགེ་བའི་རྩ་བ་ཐམས་ཅད་གཅོད་པར་འགྱུར་རོ། །འདི་ནི་མི་དགེ་བའི་རྩ་བ་ཐམས་ཅད
ཀྱི་ཕྱི་མོའོ། །གསང་བའི་བདག་པོ་དེ་ལྟ་བས་ན་ཐ་ན་བཞད་གང་ཙམ་དུ་ཡང་ལོག་པར་ལྟ་བ་བསྐྱེད་པར་མི་བྱེད་པའོ་ཞེས་གསུངས་སོ། །ཡུལ་དང་བསམ་པ་ཉོན་མོངས་དང། །དུས་དང་གྲངས་དང་ཡན་ལག་སོཌ། །ཆུང་དང་འབྲིང་བ
ཆེན་པོ་སྟེ། །རྣམ་པ་གསུམ་དུ་ཤེས་པར་བྱ། །ལས་ཀྱི་ལམ་བཅུ་པོ་དེ་དག་ཀྱང་ཡུལ་ལ་སོགས་པ་དེ་དག་གིས་དབང་གིས་ཆུང་དུ་དང་འབྲིང་པོ་དང་ཆེན་པོར་འགྱུར་རོ། །དེ་ལ་ཡུལ་གྱིས་འགྱུར་བ་ནི། སྔར་ཇི་སྐད་བརྗོད་པའི་ཚུལ་དེ་ལས་ཤེས་བར་བྱའོ།
ད་ལ་བསམ་པས་གསུམ་དུ་འགྱུར་བ་ནི་། མི་ཤེས་པས་བྱས་པ་ནི་ཆུང་དུའོ། །བག་མེད་པས་བྱས་པ་ནི་འབྲིང་པའོ། །མ་གུས་བས་བྱས་པ་ནི་ཆེན་པོའོ། །དེ་ལ་ཉོན་མོངས་པས་གསུམ་དུ་འགྱུར་པ་ནི་།འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཆུང་དུ་དང
འབྲིང་དང་ཆེན་པོས་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱང་དེ་བཞིན་དུ་བྱེད་པའོ། །དེ་ལ་དུས་ཀྱི་འགྱུར་བ་ནི། སྦྱོར་བ་དང། དངོས་གཞི་དང། མཇུག་རྣམས་ལས། །གཅིག་དང་ལྡན་པ་ནི་ཆུང་པའོ། །གཉིས་དང་ལྡན་པ་ནི་འབྲིད་པའོ། །དེ་དག་གསུམ་ག
རྫོགས་པ་ནི་ཆེན་པོའོ། །དེ་ལ་ལས་ཀྱི་ལམ་བཅུ་པོ་དེ་དག་གྲངས་ཀྱི་འགྱུར་བ་ནི། ལན་ཅིག་བྱས་པ་ནི་ཆུང་བའོ། །ལན་གཉིས་བྱས་པ་ནི་འབྲིང་པོའོ། །ལན་གསུམ་ཕན་ཆད་བྱས་པ་ནི་ཆེན་པོའོ། །དེ་ལ་ཡན་ལག་གི་འགྱུར་བ་ནི། སྲོག་གཅོད
བ་ལ་སོགས་པ་དེ་དག་གི་ཡན་ལག་ཕལ་ཆར་མཚང་བ་ནི་ཆུང་བའོ། །ཕལ་ཆེར་ཚད་བ་ནི་འབྲིང་པོའོ། །ཐམས་ཅད་རྫོགས་ཤིང་ཚད་བ་ནི་ཆེན་པོའོ། །སོགས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་དེ་དག་ལས་གང་ཡོང་དུང་བ་ལན་ཅིག་བྱས་པ་ཙམ
ནི་ཆུད་བའོ། །དེ་ལ་འགྱོད་པ་མེད་པ་ནི?་འབྲིང་པའོ། །དེ་ལ་གཉེན་པོ་མི་བསྟེན་པ་ནི་ཆེན་པོའོ། །བསྡམ་པར་བྱ་པ་ནི་ཆུང་དུའོ། །བཤགས་པར་བྱ་བ་ནི་འབྲིད་པོའོ། །ཕམ་པ་ནི་ཆེན་པོའོ། །རྩེད་མོ་དང་གཞན་ཀྱི་གཡེམ་ལ་རྒྱུགས་ཀྱིས་བྱས
བ་ནི་ཆུང་དུའོ། །རང་ཉིད་བ་ཉོན་མོངས་པ་དང་ཉེས་པ་མེད་ཀྱང་དབྱ་ཞིང་གཞན་གྱི་སྡིག་པ་བྱེད་པའི་རྐྱེན་པ་ནི་འབྲིང་པོའོ། །རང་ཉིད་ལ་ཉེས་པ་ཡོད་ཅིང་གཞན་གྱིས་སྤྱད་པ་ནི་ཆེན་པོའོ། །གཞན་ཡང་སྡིག་པའི་གྲོགས་པོ་དང་མི་དགེ་བའི་བཤེས་གཉེན་གྱི་དབང་གིས་རང་དབང
མང་བར་བྱས་པ་ནི་ཆུང་བའི། །གྲགས་པ་སྙན་པའི་ཕྱིར་བྱས་པ་ནི་འབྲིང་པོའོ། །རྣམ་པར་སྨིན་པ་ལ་མི་འཇིགས་པ་ནི་ཆེན་པོའོ། །གཞན་ཡང་ལས་ཀྱི་ལམ་བཅུ་པོ་འདི་དག་གི་དོན་རྒྱས་པ་ནི་འཕགས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའ?་མདོ་སྡེ་དང།
སློབ་དཔོན་བྲམ་ཟེ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་བ་དང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་པའི་ཡོ་ག་ཙརྱའི་ས་ཆེན་པོར་བལྟའོ། །གཞན་ཡང། བསམ་བཞིན་པ་དང་རྫོགས་པ་དང། །མི་འགྱོད
གཉེན་པོ་མེད་པ་དང། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཡང་འཁོར་བའི་ལས་ནི་ལྕི་གང་དང། །ཉེ་བ་གང་དང་གོམས་པ་གང། །སྒོམ?་བྱས་དེ་དག་གང་ཡིན་པས། །སྔ་མ་སྔ་མ་རྣམ་སྨིན་འགྱུར་ཡང་།ཤིན་ཏུ་ཡིད་ལ་གཅགས
པ་དང། །ལས་དེ་གསར་དུ་བྱས་པ་དང། །ཡང་དང་ཡང་དུ་བྱས་བས་གོམས། དེ་ལས་གང་རུང་སྔར་མྱོད་འགྱུར། །མཐོང་བའི་ཆོས་ལས་མྱོང་འགྱུར་དང། །སྐྱེས་ནས་མྱོང་བར་འགྱུར་བ་དང། །ལན་གྲངས་གཞན་དུ་མྱང་འགྱུར་དང། །མྱོད་བར་འགྱུར་བར་མ་དེས
བའོ། །ལས་ནི་དཀར་དང་གནག་པ་དང། །འདེས་མའི་ལས་དང་རྣམ་པ་གསུམ། །མདོ་དང་བསྟེན་བཅོས་དག་ན་གསལ། །དེ་བས་ན་ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུང་མི་ཟ་བ་ངས་བསགས་ནས། །སྨིན་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྟོན
པར་བྱེད། ཅེས་བྱ་སྟེ། དེ་ལྟ་བུ་ལ་ཡང་ངེས་པར་ཡིད་ཆེས་པར་བྱའོ། །འགྲོ་བ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་དག་།འཇམ་གླིང་འདིར་སྐྱེས་དགེ་བ་བཅུ་སྤྱད་དེ། །མཐར་གྱི་བླ་མ་བཟང་པོ་བསྟན་བྱས་ནས། །ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་གྱུར་ཅིག་།ལས
རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མང་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང
ཞུས་ཏེ་གཏན་ལ་ཕབ་པ། ། །།སྤྱོད་པ་བསྡུས་པའི་སྒྲོན་མ་བཞུགས།། །།*། །རྒྱ་གར་སྐད་དུ། ཙརྱ་སང་གྲ་ཧཱ་པྲ་དཱི་པ་?་བོད་སྐད་དུ། སྤྱོད་བ་བསྡུས་པའི་སྒྲོན་མ་།འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་གསུང་གི
འོད་ཟེར་གྱིས།
CLOSE WINDOW