CLOSE WINDOW

N4122: མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ
Wyliee-texts based on the ACIP/ALL Input

ཞུས་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། (།།མདོ་ཀུན་ལས་བཏུས པའི་བསྡུས་དོན་ངོ་བོས་མཛད་པ་བཞུགས་སོ། །)་།།རྒྱ་གར་སྐད་དུ། སཱུ་ཏྲས་མུཙྪ་ཡ་སཉྩ་ཡཱརྠ། བོད་སྐད་དུ། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ།། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སློབ་དཔོན་ནཱ་གཱརྫུ་ནས་མཛད་པའི་རིན་པོ་ཆེའི་གཏམ་བརྗོད་པ་མདོ་ཀུན་ལས་བཏུས་པའི་དོན་ནི། མན་ངག་གི་མདོ་རྣམ་པ་བདུན་གྱིས་སྒྲུབ་པའི ཐབས། ཁྱད་པར་ཅན་རྟོགས་བར་བྱ་སྟེ། བསྒོམ་ཞིང་ཉམས་སུ་བླང་བ་ནི། འདི་ལྟ་སྟེ། རྟེན་དལ་འབྱོར་གྱིས་མདོ་དང། གཞི་དང་པའི་མདོ་དང། རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་མདོ་དང། རྐྱེན་བར་ཆད བསལ་བའི་མདོ་དང། སྒྲུབ་པ་ནན་ཏན་སྙིང་པོར་བྱ་བའི་མདོ་དང། བློ་ཐེག་པ་གཅིག་ཏུ་བྱང་བའི་མདོ་དང། ལམ་ཆེ་བ་ཡོན་ཏན་གྱིས་བགྲོད་པའི་མདོ་འོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་བ་མས་ཆགས་པ་ཐམས་ཅད་ནི་རླུང་གི དཀྱིལ་འཁོར་ལ་བརྟེན་ནས། མས་ཆགས་པ་བཞིན་དུ་དཀར་པོའི་ཆོས་ཐམས་ཅད་ནི་རྟེན་དལ་འབྱོར་ཕུན་སུམ་ཚོགས་པ་ལ་བརྟེན་ནས་འབྱུང་བར་འགྱུར་རོ། །དཔེར་ན་རྩི་ཤིང་དང། མེ་ཏོག་དང་ཤིང་གེལ་པ་དང། སྨན་ལ་སོགས པ་ཐམས་ཅད་ནི་ས་གཞི་ལ་བརྟེན་ནས་སྐྱེད་པར་འགྱུར་བ་དེ་བཞིན་དུ། ཡོན་ཏན་གྱི་ཆོས་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད་པའི་གཞི་དད་པ་ལ་བརྟེན་ནས་རྒྱས་བར་འགྱུར་རོ། །དཔེར་ན་རྩ་བ་འམ། ས་བོན་མ་ནོར་བ་ལས་སྡོང་བུ དང། ཡལ་ག་དང། ལོ་མ་དང། མེ་ཏོག་དང། འབྲས་བུ་ཐམས་ཅད་རིམ་གྱིས་རྒྱས་ཤིང་སྨིན་བར་འགྱུར་བ་དེ་བཞིན་དུ། ཐམས་ཅད་མཁྱེན་པ་ཉིད་དུ། སེམས་བསྐྱེད་པའི་རྩ་བ་ལས་ཐམས་ཅད་མཁྱེན་པའི་འབྲས་བུ འབྱུང་བར་འགྱུར་གྱི། ཉན་ཐོས་པ་དང། རང་སངས་རྒྱས་པ་དང། འཇིག་རྟེན་པ་རྣམས་ཀྱིས་སེམས་བསྐྱེད་པ་ལས་ནི་རྣམ་པ་ཐམས་ཅད་མཁྱེན་པར་འགྱུར་བ་མ་ཡིན་ནོ། །དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དང། ཐུན མོང་མ་ཡིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། ཚད་མེད་པ་བཞི་དང། དགེ་སྦྱོང་གི་འབྲས་བུ་བཞི་དང། རྩ་བ་དང། བདག་དང། བདེ་བ་དང། རྟག་པའི་ཕ་རོལ་ཏུ་ཕྱིན་བ་ཐོབ་པར་འདོད པས་ཐམས་ཅད་མཁྱེན་པ་ཉིད་སེམས་བསྐྱེད་པའི་རྩ་བ་བརྟན་པོར་གཟུང་པར་བྱའོ། །དཔེར་ན་ནས་དང། གྲོ་དང་སཱ་ལུ་ལ་སོགས་པའི་ས་བོན་ལེགས་པར་བཏབ་ཅིང་རྩ་བ་ལེགས་པ་བཙུགས་ཀྱང། སད་དང་སེར་བ་དང། བཙའ ལ་སོགས་པས། བར་མ་སྐབས་སུ་བར་ཆད་བྱས་ནས། འབྲུའི་ཚོགས་སྨིན་བར་མི་འགྱུར་ཞིང། ཁམ་གྱི་ཟས་ཀྱི་འཚེ་བར་བྱེད་པའི་ལུས་ཅན་རྣམས་ལ་ཡང། ཕན་འདོགས་པར་མི་བྱེད་དོ། །དེ་བཞིན་དུ་དལ་འབྱོར་ཐོབ་ཅིང དད་པ་ལ་གནས་པས་བྱང་ཆུབ་སེམས་ཀྱི་ས་བོན་མ་ནོར་བར་བཏབ་སྟེ་རྩ་བ་མ་ནོར་བར་བཙུགས་ཀྱང། བར་མ་སྐབས་སུ་སེམས་ཅན་བློས་སྤོང་པ་དང། བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་དང། བདུད་ཀྱི་ལས་སྣ་ཚོགས པ་དང། དམ་པའི་ཆོས་སྤོང་བ་དང། མི་དགེ་བ་བཅུ་དང། སྤྲོ་བ་མེད་པ་ལ་སོགས་པ་ཚེ་འདི་དང། མ་འོངས་པའི་ལུས་ལ་གནོད་པ་རྣམས་ཀྱིས་བར་དུ་བཅད་ན། བདག་ཉིད་ཀྱང་ཅི་རིགས་པར་རྟེན་མཆོག་ལས་ཉམས་ནས་མི ཁོམ་པའི་གནས་སུ་ལྟུང་བ་དང། ཐེག་པ་མཆོག་ལས་ཉམས་ནས་ཉི་ཚེ་བའི་ཐེག་བར་ལྟུང་བ་དང། བརྩོན་འགྲུས་མཆོག་ལ་ཉམས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་འགྱུར་རོ། །དེའི་ཕྱིར་རྒྱུད་ནས གཞན་གྱི་དོན་ལས་ཀྱང་ཉམས་པར་འགྱུར་ཏེ། རང་དང་གཞན་གྱི་དོན་ཐམས་ཅད་ཆུད་ཟོས་པར་འགྱུར་རོ། །དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྩ་རྫིས་ལེགས་པར་མ་བསྐྱངས་ན་བག་མེད་པས་བརླག་པར་འགྱུར པའི་ཉེན་མཆིས་སོ། །དེ་བཞིན་དུ་ཐོབ་པ་ཆུད་མི་གསན་པ་དང། དད་བ་བརྟན་པོ་དང། རྩ་བ་མི་འགྱུར་པ་དང། གནོད་པའི་བར་ཆད་བསལ་བ་ལ་སྒྲུབ་པ་ནན་ཏན་སྙིང་པོར་མ་བྱས་ན། བྱང་ཆུབ་ཀྱི་སེམས་ཀྱི་ནོར་བུ་རིན་པོ་ཆེ་གཏན བརླག་པའི་ཉེན་མཆིས་སོ། །དཔེར་ན་ལམ་ཁ་དབྲག་ཕྱིན་པ་གང་དུ་འགྲོ་བའི་ཕྱོགས་ལ་ཡིད་འཁྲུགས་ཤིང་ནེམ་ནུར་ཅན་དུ་འགྱུར་རོ། །དེ་བཞིན་དུ་སེམས་ལྟ་བ་སྣ་ཚོགས་ཀྱིས་གཟིངས་པར་གྱུར་ན་ཆོས་ཐམས་ཅད་ཀྱི་ངོ་བོ ཉིད་རྟོགས་པར་མི་འགྱུར་བས་བློ་གྲོས་ཐེག་པ་སྣ་ཚོགས་སུ་འགྲོ་བའི་ཉེན་མཆིས་སོ། །ཕྱིའི་ལོ་ཏོག་ཕུན་སུམ་ཚོགས་པར་འདོད་པས། དོ་ཅིག་སོ་ནམ་ལ་ནན་ཏན་བྱེད་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས? ཀྱང་དེ་ཐོབ་པར་བྱེད་པའི་རྒྱ་ལམ་མ་བགྲོད་ན་ལས་དང་པོ་པའི་ས་ལས་མི་འཕགས་པར་མཆིའོ། །དེའི་ཕྱིར་ན་ཤིང་རྟ་ཆེན་པོས་བསྡུས་པའི་མདོ་ནི་མི་མང་ཞིང་མི་ཉུང་པར་དེ་ཁོ་ནའོ། །གོ་རིམ་ཀྱང་འདི་ལྟར་ཤེས་ཏེ། དང་པོ་གསུམ་ནི་རྒྱུ བྱ་བ་བྱེད་པའི་རིགས་པ་ཡིན་ལ་བར་མ་གསུམ་ནི་རྐྱེན་ལྟོས་པའི་རིགས་པ་ཡིན་ཞིང་ཐ་མ་ནི་འབྲས་བུ་ཆོས་ཉིད་ཀྱིས་རིགས་པ་ཡིན་ཏེ། དཔེ་བདུན་ནི་འཐད་པ་བསྒྲུབ་པའི་རིགས་པ་ཡིན་པའི་ཕྱིར་རོ། །དེ་ལ་སངས་རྒྱས་འབྱུང བ་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་རྐྱེན་གཞན་གྱི་འབྱོར་པ་ལྔ་མཚོན་ལ། མིར་གྱུར་བ་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་རྒྱུ་བདག་ཉིད་ཀྱི་འབྱོར་པ་ལྔ་མཚོན་ནོ། །དལ་འབྱོར་རྙེད་པར་དཀའ་ཞེས་བྱ་བས་རྒྱུ་རྐྱེན་ཚོགས པའི་དལ་འབྱོར་བཅུ་མཚན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་བསྟན་པ་ལ་དར་བ་རྙེད་པར་དཀའ་ཞེས་པས་གཞི་དང་པ་བསྟན། བྱང་ཆུབ་ཀྱི་སེམས་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་ཡུལ་སངས་རྒྱས་ལ་དམིགས་པའི སེམས་བསྐྱེད་བ་བསྟན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེ་བར་དཀའ་ཞེས་བྱ་བ་ལ་སོགས་པས་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད་པ་བསྟན། བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་ཞེས་བྱ་བ་ནས་བར་དུ་གཅོད་བའི ཆོས་སྤོང་བ་རྙེད་པར་དཀའ་ཞེས་བྱ་བའི་བར་གྱི་རྐྱེན་བར་ཆད་བསལ་བའི་མདོ་བསྟན། ཁྱིམ་པར་གྱུར་ཀྱང་ཆོས་རྣམས་ལ་ནན་ཏན་གྱིས་གཅེས་བར་བསྒྲུབ་པ་རྙེད་བར་དཀའ་ཞེས་བྱ་བ་ལ་སོགས་པས་ནི་བསྒྲུབ་བ་ནན་ཏན་སྙིང་པོར་བྱེད་པའི་མང་བསྟན མྱ་ངན་ལས་འདས་པ་ལ་མོས་པའི་སེམས་ཅན་རྙེད་པར་དཀའ་ཞེས་པ་ནས་ཐེག་པ་གཅིག་ལ་མོས་པའི་སེམས་ཅན་རྙེད་དཀའ་ཞེས་བྱ་བའི་བར་གྱིས་བློ་ཐེག་བ་གཅིག་ལ་སྦྱང་བའི་མདོ་བསྟན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་ཆེ་བ་ཉིད་རྒྱ་ཆེན པོ་ལ་འཇུག་པའི་སེམས་ཅན། རྙེད་པར་དཀའ་ཨོ་ཞེས་བྱ་བ་ལ་སོགས་པའི་ལམ་ཆེ་བའི་ཡོན་ཏན་གྱིས་བགྲོད་བའི་མདོ་བསྟན། དེ་ལྟར་རིགས་པ་བཞིས་མདོར་བསྟན། ལུང་གི་མདོ་བདུན་གྱིས་རྒྱས་པར་བཤད་པའི་དོན་དེ་བློ་ལ་གོ་བར་བྱས་ནས་ཉམས་སུ་བླངས པས་ན་སེམས་བསྐྱེད་པའི་རིགས་བཞི་སྐྱེ་སྟེ། དང་པོ་གཡོ་སྨོན་གྱི་ཚུལ་དང། འཇུག་ཅིང་བསྟན་པ་དང། གནས་པ་དང། མཐར་ཕྱིན་བའི་རིམ་བའོ། །དེ་ཡང་དང་པོ་ས་བོན་དང། ཟླ་གྲངས་པ་དང། ཡོན་ཏན་མཐོང་ཐོས་དང། བྱིན་རླབས་ཀྱི་གསུང་མ རྣམས་ཀྱིས་རྩ་མེད་བཞིན་དུ་སྐྱེའོ། །དེའི་གཞི་སྟེང་དུ་སྙིང་རྗེ་དང་ལྡན་པ་ལ་གོམས་པས་ཟླ་བ་ཡང་ངོ་བཞིན་དུ་འཕེལ་བའི་ཚེ་དབང་དང། ཡོ་བྱད་ལ་སོགས་པ་འཇུག་ཅིང་བསྟན་བའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་གནས་པ གསུམ་གྱི་མཐུ་རྫོགས་པར་བྱེད་བ་ཁ་ཅིག་འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་གྲོས?་པའི་མདོ་ལས་བགྱོད་ཚངས་ཀྱིས་སྡིག་པ་སྦྱངས་ཏེ། མཆོད་བསྟོད་དང། སྐྱབས་སུ་གསོལ་བ་དང། དབང་གཟུགས་བ་དང། དངོས་པོ་བཤགས་པ་དང། དམ་བཅའ་ཞིང་སྡོམ་པ་གཟུང་བ་དང། ཁྲུས་བྱ་བ་དང། ཚངས་པ་ཐོབ་བ་དང། རྗེས་སུ་སྤྲོ་བ་དང། གཟེངས་བསྟོད་བའི་ཚུལ་གྱིས་གདམས་པ་དང། དམིགས་བ་མེད་ཅིང་ཐེག་པ་གཅིག་ཏུ་བློ་སྦྱངས་བ་དང། དག་པའི་མཚན་མ་མཐོང་བ་དང། མིང་གདགས་པ་དང། ལམ་རྒྱུད་ལ་བསྐྱེད་བ་དང། འབྲས་བུ་ཐོབ་པའི་བར་དུ་བྱེད་དོ། །ཁ་ཅིག་ནི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་པ་ཟློས་ཤིང་སྒྲའི་མཛའ་ལས་གྲོལ་བའི་ཏིང་ངེ་འཛིན་གྱི་བར་དུ་སྦྱོར་ཞིང་ཁྲིམས་ཉི ཤུ་རྩ་ལྔ་བསྲུངས་བས་འབྲས་བུ་ཐོབ་པར་བྱེད་དོ། །གང་ཞིག་སེམས་དཔའ་གསུམ་གྱི་མཐུ་རྫོགས་པས་ན་ཉི་མ་གྲོལ་བ་ལྟར་དུ་མཐར་ཕྱིན་པའི་སེམས་སུ་གྱུར་པའི་ཚེ་བློ་སྙིང་རྗེའི་དབང་དུ་གྱུར་བས་སྒྱུ་མའི་དཔེ་བདུན་པ་ལྟར་དངོས་པོ ཐམས་ཅད་ལས་ཆགས་ཤིང་རློམ་པ་མེད་བར་གཞན་གྱི་དོན་ལ་ཉིན་མཚན་དུ་འབད་པ་དང། ཐུན་མོང་གི་ཡོན་ཏན་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང། ཐུན་མོང་མ་ཡིན་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང་མ་འདྲེས་པ ལ་སོགས་པ་འགྲུབ་པར་བྱེད་དོ། །སློབ་དཔོན་དཱི་པཾ་ཀ་ར་ཤྲིཛྙ་ན་ལ་བོད་ཀྱི་དགེ་སློང་ཚུལ་ཁྲིམས་རྒྱལ་བས་གསེར་སྲང་བཅུ་བཞི་སྦྲམ་བུ་མ་ཏོག་དུ་ཕུལ་ནས་བོད་དུ་འབྱོན་པའི་ཞུ་བ་ཕུལ་བ་ལས་སྒོམ་སྦྱོང་བ་རྣམས་མཐར་ཕྱིན་བར་བྱ་བའི་དོན དུ་བླ་མ་ཟླ་བ་བཅུ་དྲུག་ཏུ་ལམ་དུ་མ་ཆུད་དོ། །དེ་ནས་བོད་དུ་འབྱོན་པར་སློབ་མ་སེམས་སྦྱོང་བ་རྣམས་ཀྱིས་ཞལ་ཆེམས་བཞག་བར་ཞུས་བས་མདོའི་དོན་མན་ངག་ཏུ་བྱས་པ་འདི་ཞལ་ཆེམས་སུ་གནང་ངོ། །དེའི་དུས་སུ་རྒྱ་བརྩོན་སེང་གེས་བསྒྱུར་བར ཞུས་པས་གནང་སྟེ་གཏན་ལ་ཕབ་བོ། །དགེ་སློང་ཚུལ་ཁྲིམས་རྒྱལ་བས་སྤེལ་བར་འདོད་པ་ལས་བོད་ཀྱི་སྟོན་བ་རྣམས་ནི་ང་རྒྱལ་དང་ཕྲག་དོག་ཆེ་བས་ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མ་ཆགས་སོ། །དེ་འདྲ་ལྷ་ཁང་ཀེ་རུའི་ཁྱམས སྨད་ཀྱི་བན་དེ་བདག་གིས་ཞུས་ཏེ་གདམས་ངག་དང་བཅས་ཏེ་གནང་ངོ། །ཇོ་བོའི་བླ་མ་ཨ་ཝ་དྷཱུ་ཏི་པས་རབ་ཏུ་མི་གནས་པའི་ལྟ་བ་དང། ལས་མཛའ་སེམས་བསྐྱེད་བའི་ཆོ་ག་དང། མདོ་ཀུན་ལས བཏུས་བའི་དོན་མན་ངག་ཏུ་བྱས་པ་འདི་གསུམ་སྟབས་གཅིག་ཏུ་གནང་བ་ལགས་སོ། ། (།།རིམ་གྱིས་འཇུག་པའི་སྒོམ་དོན་སློབ་དཔོན་བི་མ་ལ་མི་ཏྲས་མཛད་པ།།)་།། རིམ་གྱིས་འཇུག་པའི་སྒོམ་དོན།

CLOSE WINDOW