Wylie | e-texts based on the ACIP/ALL ![]() ![]() |
། །།པཎྜི་ཏ་ཤྲཱི་སུ་བྷཱུ་ཏི་ཤནྟི་དང། ལོཙྪ་བ་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའོ།། །།*། །ཕར་ཕྱིན་བལྟས་པ་ཇོ་བོ་རྗེས་མཛད་པ་བཞུགས།།
རྒྱ་གར་སྐད་དུ། བྲཛྙ?་པཱ་ར་མི་ཏཱ་བིཎྜཱརྠ?་བྲ་དཱི་བཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བའི་དོན་བསྡུས་སྒྲོན་མ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ། །ཤེས་རབ
ཕ་རོལ་ཕྱིན་པ་ལ། །ཕྱག་འཚལ་ནས་ནི་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པའི་བསྡུས་དོན་བཤད། །མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །མཁྱེན་པ་གསུམ་དང་ཆོས་སྐུ་ལ། །མངོན་སུམ་རྟོགས་པས་མངོན་རྟོགས་ཏེ། །སྦྱོར་བ་བཞི་ནི་མངོན་ཕྱོགས་ཡིན། །འཕགས
པ་ཐོགས་མེད་དེ་ལྟར་བཞེད། །རྣམ་པར་གྲོལ་སྡེའི་གཞུང་གིས་ནི། །མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །སྦྱོར་བ་བཞི་པོ་ཁོ་ན་སྟེ། །མཁྱེན་པ་གསུམ་དང་ཆོས་སྐུ་ནི། །ཡུལ་དང་འབྲས་བུ་དག་ཏུ་འདོད། །གསེར་གླིང་ཤཱན་ཏི་རྣམ་གཉིས་ཀྱིས། །མངོན་རྟོགས
བདག་ཉིད་བདུན་ཡང་སྟེ། །ཤེས་རབ་ཕ་རོལ་ཕྱིན་བདག་འདོད། །འབྲས་བུ་ཆོས་སྐུ་མཛད་པ་ཡིན། །བརྒྱད་ཀ་མངོན་རྟོགས་སེང་བཟང་དང། བུད་དྷ་ཤྲཱིཛྙ་ན་འང་བཞེད། །མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། །དངོས་པོ་བརྒྱད་ནི་བརྗོད་བྱ་བ་ལ། །སྐབས་ནི་རྗོད་བྱེད
ཤཱན་ཏི་གསུངས། །ཁ་ཅིག་སྐབས་བརྒྱད་དག་གིས་ནི། །གང་ཟག་བརྒྱད་ཀྱི་ཆག་རྐྱེན་ཞེས། །ཁ་ཅིག་ཐམས་ཅད་མཁྱེན་པ་དང། །བྱང་ཆུབ་སེམས་དང་ཉན་ཐོས་ཀྱི། །གསུམ་གྱི་ལན་དུ་བསྟན་ཏོ་ཞེས། །སེང་གེ་བཟང་པོའི་གཞུང་གིས་ནི། །ཐམས་ཅད
། མཁྱེན་པའི་ལམ་དུ་ནི། །གཉིས་ཀ་ཚང་བར་འདོད་པ་ཡིན། །དེ་ལྟར་མིན་ན་མ་རྫོགས་ཟེར། །བླ་མ་གསེར་གླིང་བཞེད་པ་ཡིས། །འགའ་ཞིག་ཡུལ་ལ་འཇུག་པ་ན། །གཞི་མ་མ་དག་དུས་དག་ཏུ། །གང་ཟག་བརྒྱད་ཀྱི་ལམ་དུ་འདོད
མ་དག་དག་བར་བྱེད་དུས་སུ། །གང་ཟག་གསུམ་གྱི་ལམ་དུ་འདོད། །དག་པ་ལམ་དུ་བྱེད་དུས་སུ། །གང་ཟག་གཅིག་གི་ལམ་ཡིན་གསུང། །དེ་ལས་བསྡུས་དོན་བཤད་པ་ནི། །གྲངས་མེད་གོ་རིམ་ཟློས་སྤོང་དང། །རང་རང་ངོ་བོ་བཤད་པའོ། །གྲངས
དེས་དག་ནི་བསྟན་པ་ན། །ཐོས་བསམ་ཡུལ་དུ་ཀུན་མཁྱེན་གསུམ། །སྒོམ་པའི་དུས་སུ་སྦྱོར་བ་བཞི། །འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ། །ཐོས་བསམ་དུས་སུ་འབྲས་བུ་དང། །རྒྱུ་དང་མི་མཐུན་ཕྱོགས་དག་ཏུ། །གཏན་ལ་ཕན་པ་རྫོགས་པ་ཡིན།།
སྒོམ་པའི་དུས་སུ་སྦྱོར་བ་དང། །གནས་སྐབས་འབྲས་བུ་བརྟན་བྱེད་དང། །རྒྱུ་ཡི་མཐར་ཐུག་དག་གིས་རྫོགས། །དེ་ལྟར་ན་ནི་གྲངས་དེས་སོ། །གོ་རིམ་སྐྱེ་བའི་རིམ་པ་སྟེ། །དང་པོ་ཐོས་བསམ་བྱེད་པས་ན། །དེ་ཡི་ཡུལ་ནི་སྔོན་དུ་བཤད། །དེ་ཡང
དང་པོ་འབྲས་ཤེས་བྱེད། །དེ་ནས་རྒྱུ་དང་སྤང་བྱ་དག། རིམ་པ་བཞིན་དུ་གཏན་ལ་འབེབས། །སྦྱོར་བ་བཞི་ཡི་རིམ་པ་ཡང། །རྣམ་ཀུན་མངོན་རྫོགས་ཚོགས་ལམ་ནས། །ཡོད་པས་དང་པོར་བསྟན་པ་ཡིན། །དེ་ནས་གསུམ་པོ་རིམ་བཞིན
བསྐྱེད། །ཇི་ལྟར་དེ་ནི་གོ་རིམ་མོ། །ཟློས་སྤོང་ཞར་ལ་བསྟན་པའོ། །རང་རང་ངོ་བོ་བཤད་པར་བྱ། །ཐམས་ཅད་མཁྱེན་པའི་དོན་བཅུ་ཡང། །སེང་གེ་བཟང་པོས་གཉིས་སུ་བསྡུས། །རྒྱུ་དང་འབྲས་བུ་དག་ཏུའོ། །རྒྱུ་ལ་རྣམ་པ་གསུམ་དུ་སྟེ།
དང་པོ་སེམས་བསྐྱེད་རྣམ་དག་གི། གདམས་དག་དག་ལ་བསླབ་པར་བྱ། །དེ་ནས་སྒྲུབ་པ་རྣམ་བཞི་སྟེ། །སྒྲུབ་པའི་རྟེན་དང་དམིགས་པ་དང། །སྒྲུབ་པའི་ཕྱེད་དང་སྒྲུབ་པ་དངོས་སོ། །དེ་ནི་རྣམ་པ་ཞི་གོ་ཆ་དང། །འཇུག་པ་ཚོགས་དང་དེས་འབྱུང་ངོ
ས་མཚམས་སྦྱོར་བས་བཞི་རུ་བསྟན། །འབྲས་བུ་འདོད་པ་བསྟན་པ་ནི། །ངེས་འབྱེད་དག་གིས་མཚོན་ཏེ་བཤད། །ཐམས་ཅད་མཁྱེན་པའི་བསྡུས་དོན་ནི། །དབྱེ་བ་ངོ་བོ་མཚན་ཉིད་དང། །ས་མཚམས་ཟློས་སྤོང་བྱེད་པ་སྟེ། །རྣམ་པ་དྲུག་ཏུ་ཡང་དག
འདོད། །དབྱེ་བ་རྒྱུ་ཡི་ས་དང་ནི། །འབྲས་བུས་ཡི་མཁྱེན་པའོ། །འབྲས་ལ་ཇི་སྙེད་ཇི་ལྟ་བ། །ཐམས་ཅད་དག་ནི་ཤེས་པའོ། །ངོ་བོ་ཤེས་རབ་སྙིང་རྗེ་སྟེ། །མཚན་ཉིད་ཐམས་ཅད་ཤེས་པའོ། །ས་མཚམས་གནས་སྐབས་ཚོགས་ལམ་ནས། །འབྲས
བུའི་ས་ནི་སངས་རྒྱས་སོ། །ཆོས་ཀྱི་སྐུ་དང་མི་ཟློས་སྟེ། །འདི་ནི་སྤྱི་རུ་བཤད་པ་སྟེ། །ཆོས་སྐུ་རང་ལས་སྐྱེ་བའོ། །བྱེད་བ་ཆོས་ཀྱི་འཁོར་ལོ་བསྐོར། །ལམ་ཤེས་པ་ཡང་དེ་བཞིན་དྲུབ། །དབྱེ་ན་སངས་རྒྱས་བྱང་སེམས་ལམ། །ཉན་ཐོས་ལམ་དང་གསུམ་དུ་འདོད།།
ཡང་ན་ཐེག་གསུམ་ལམ་དུ་འདོད། །ཐམས་ཅད་ལ་ཤེས་ཐམས་ཅད་ཀྱི། །ཤེས་པ་གཉིས་སུ་འདོད་པ་ཡིན། །ངོ་བོ་ཤེས་རབ་སྙིང་རྗེ་སྟེ། །མཚན་ཉིད་ལམ་གསུམ་སྐྱེ་མེད་ཤེས། །ས་མཚམས་གནས་སྐབས་སེམས་བསྐྱེད་ནས། །རྫོགས་པས་དྲུག
དག་ཏུ་འདོད། །མཐར་ཐུག་སངས་རྒྱས་ས་ཡིན་ནོ། །འདི་རུ་མཐོང་ལམ་བཤད་པ་ནི། །རྒྱུད་ལ་སྐྱེ་བའི་ཆ་ནས་བཤད། །བཞིར་རུ་མཐོང་ལམ་བཤད་པ་ནི། །ལྡོག་པའི་ཆ་ནས་བཤད་པ་ཡིན། །ཡང་ན་འདི་རུ་བཤད་པ་ནི། །ལམ་ལ་ཤེས་པའི་ཆ་ནས་བཤད། །
འོག་ཏུ་གཞི་ཤེས་ཚུལ་ནས་བཤད། །དེ་ནས་ཟློས་པའི་སྐྱོན་དང་བྲལ། །བྱེད་པ་སེམས་ཅན་སྨིན་བྱེད་དོ། །གཞི་ཤེས་ཀྱང་ནི་དེ་བཞིན་དྲུག། དབྱེ་བ་སྤང་དང་བླང་གཉིས་སོ། །བླང་བྱ་གཞི་ཤེས་ངོ་བོ་ནི། །ཤེས་རབ་དང་ནི་སྙིང་རྗེའོ། །སྤང་བྱ་གཞི་ཤེས་ངོ་བོ་ནི། །ཤེS
རབ་དག་ཏུ་འདོད་པ་ཡིན། །མཚན་ཉིད་བཞི་ལ་བདག་མེད་གཉིས། །ཤེས་པ་བླང་བྱའི་མཚན་ཉིད་དོ། །གང་ཟག་བདག་མེད་ཤེས་པ་ནི། །སྤང་བྱའི་གཞི་ཤེས་མཚན་ཉིད་དོ། །ས་མཚམས་གནས་སྐབས་ད་ལྟར་གནས། །རྫོགས་པ་བརྒྱད་པོ་ས་ནའོ། །མཐར་ཐུག
སངས་རྒྱས་ས་ནའོ། །ཟློས་སྤོངས་ལམ་དུ་བཤད་པས་ཤེས་ཁྱེད་བ་ཉོན་མོངས་སྒྲིབ་པ་སྤོངས། །དེ་ནི་མཁྱེན་གསུམ་བསྡུས་དོན་ཡིན། རྣམ་ཀུན་མངོན་རྫོགས་དེ་བཞིན་དྲུག། དབྱེ་བ་ཡུལ་གྱི་རྣམ་གཉིས་སོ། །གནས་སྐབས་ཀྱིས་ནི་བཅུ
གཅིག་གོ། །ངོ་བ་ཤེས་རབ་སྙིང་རྗེའོ། །མཚན་ཉིད་མ་ལུས་སྐྱེད་བའོ། །ས་མཚམས་ཚོགས་ལམ་ཆུང་དུ་ནས། །རྫོགས་པ་བརྒྱད་པའི་ས་ནའོ། །མཐར་ཐུགས་སངས་རྒྱས་ས་ནའོ། །ཟློས་སྤོང་མཁྱེན་གསུམ་མཚན་ཉིད་ནས། །འདིར་ནི་རྒྱུད་ལ་བསྐྱེད
བ་ནས། །ཞིང་དག་ཐབས་མཁས་བྱེད་བའོ། །རྩེ་མོ་མཐར་གྱིས་སྐད་ཅིག་མ། །གསུམ་ཡང་དྲུག་དྲུག་ཤེས་པར་བྱ། །རྩེ་མོའི་དབྱེ་བ་དྲུག་གམ་བདུན། །ངོ་བོ་ལྷག་མཐོང་ཞི་གནས་སོ། །མཚན་ཉིད་ཕུལ་དུ་བྱུང་བའོ། །སྤང་བྱ་སྤོང་བར་བྱེད་པའོ། །ས་མཚམས
དྲོང་ཆེན་རྣམ་གྲོལ་ནས། །བར་ཆད་མེད་བའི་ལམ་ན་ཡོད། །བར་ཆད་མེད་བའི་ཆ་ནས་བཤད། །སྐད་ཅིག་བྱང་ཆུབ་རྒྱུ་ཡི་ཆོས། །སྐད་ཅིག་གཅིག་ལ་རྫོགས་བས་ན། ཟློས་བའི་སྐྱོན་དང་བྲལ་བ་ཡིན། །མཐར་གྱིས་དབྱེ་བ་དེ་བཞིན་ནོ། །ངོ་བོ་དེ་བཞིན
མཚན་ཉིད་ནི། །མཁྱེན་སུམ་རིམ་གྱི་སྒོམ་པ་ཡིན། ཁ་ཅིག་ན་རེ་བསྐྱར་ཡིན་ཟེར། །གཞུང་ལས་སྔ་མ་དག་ནི་གསོལ། །རྩེ་མོའི་མ་ཐོབ་ཐོབ་བྱར་དང། །བརྟན་པར་བྱེད་པ་བྱེད་པ་ཡིན། །ཐོབ་བྱེད་ས་མཚམས་དྲུག་ནས་ཡོད། རྟེན་བར་བྱེད་བའི་ས
མཚམས་ནི། །དྲོད་ཆེན་ཁྱད་པར་ལམ་ན་ཡོད། །འདིར་ནི་ཕ་རོལ་ཕྱིན་པ་དྲུག། རིམ་པའི་ཆ་ནས་བཤད་པ་ཡིན། །གཞན་དུ་དེ་ལྟར་མ་བཤད་བས། །སྔར་བཞིན་ཟློས་པའི་སྐྱེན་དང་བྲལ། །མཐར་གྱིས་པ་ནི་རྣམ་གཉིས་སྟེ། །རྩེ་མོ་ཐོབ་པར་བྱེད་པ་དང། །ཐོབ
བ་བརྟན་བར་བྱེད་པ་ལས། །སེང་གེ་བཟང་པོ་རྟན་བྱེད་ནི། །འབའ་ཞི་གསལ་བར་བཤད་པ་ཡིན། །སྐད་ཅིག་དབྱེ་བ་རྣམ་བཞི་སྟེ། །གཞུང་ནས་གསལ་བར་བཤད་པ་ཡིན། །ངོ་བོ་ཞི་གནས་ལྷག་མཐོང་ངོ། །སྐད་ཅིག་གཅིག་ལ་རྒྱུ་ཡི་ཆོས། །དཀར་པོ
ཐམས་ཅད་རྫོགས་པ་ནི། མཚན་ཉིད་དག་ཏུ་འདོད་པ་ཡིན། །ས་མཚམས་དག་ནི་ས་བཅུ་ཡིས། །བར་ཆད་མེད་པའི་ལམ་ན་ཡོད། །ཁ་ཅིག་རྣམ་གྲོལ་ལམ་ན་ནི། །ཡོད་དོ་ཞེས་ཀྱང་ཟེར་བ་ཡོད། །བྱེད་པ་ཆོས་སྐུ་བསྐྱེད་བའོ། །ཟློས་སྤོང་ལྔར་ནི་སྤངས་ཟིན་ནོ། །ཆོས་སྐུའི
འོག་ནས་སྟོན་པའོ། །དེ་ནི་ཤིན་ཏུ་བསྡུས་དོན་ནོ། །དེ་ཉིད་རྒྱས་བར་བཤད་བ་ལས། །དང་པོ་སེམས་བསྐྱེད་བཤད་པ་ནི། །དབྱེ་དང་དེ་ཡིས་རྒྱུ་མཚན་དང། །ངོ་བོ་མཚན་ཉིད་ས་མཚམས་དང། །བྱེད་བ་དང་ནི་ཟློས་སྐྱོན་མེད། །དེ་ཡི་རྒྱུ་དང་བཅུ་དུ་འདོད། །དབྱེ་བ་སྨོན་འཇུག
རྣམ་གཉིས་དང། །ཡང་ན་ཉི་ཤུ་གཉིས་སུ་འདོད། །བླངས་དང་ཆོས་ཉིད་ཐོབ་ལ་སོགས། །མདོ་སྡེ་རྒྱན་ལ་སོགས་ནས་བཤད། །སྨོན་ལ་དབྱེ་བ་མེད་པ་སྟེ། །འཇུག་ལ་དབྱེ་བ་ཞེས་བྱའོ། །ཤེས་རབ་འབྱུང་གནས་བློ་གྲོས་ཟེར། །སེམས་བསྐྱེད་དང་པོ་སྨོན་པ
སྟེ། །ལྷག་མ་འཇུག་ལ་དབྱེའོ་ཞེས། །ལྷ་ཡི་དབང་པོ་བློ་གྲོས་ཟེར། །དབྱེ་བའི་རྒྱུ་མཚན་གྲོགས་ཡིན་ཞེས། །སེང་གེ་བཟང་པོས་གསལ་བར་བཤད། །དམིགས་པ་ཡུལ?་གྱིས་དབྱེའོ་ཞེས། །འཕགས་པ་རྣམ་གྲོལ་བཞེད་དོ་ཟེར། །དང་པོ་ངོ་བོའི་སྒོ་ནས་དབྱེ། །ལྷག
མ་གྲོགས་ཀྱིས་ཤཱན་ཏི་གསུངས། །ཚོགས་ན་གསུམ་སྟེ་སྦྱོར་ན་གཅིག་།ས་བཅུ་ན་ནི་བཅུ་ཡིན་ཏེ། །ལྔ་ནི་ཁྱད་བར་ལམ་ན་ཡིན། །གསུམ་ནི་སངས་རྒྱས་ས་ནའོ། །ཁ་ཅིག་ས་མཚམས་མེད་དོ་ཞེས། །འདོད་པ་མདོ་སྡེ་རྒྱན་དང་འགལ། །ཁྱད་བར་ཅན་ལ་དམིགས་པ
ཡིས། །ཡིད་ཀྱིས་རྣམ་ཤེས་ངོ་བོར་འདོད། །གཞན་གྱི་དོན་དུ་སངས་རྒྱས་འདོད། །མཚན་ཉིད་དུ་ནི་བྱམས་?་བཤད། །ཟློས་སྤངས་འོག་ཏུ་བཤད་པར་བྱ། །བྱེད་བ་རྣམ་པ་ལྔ་རུ་སྟེ། །རྣམ་པར་སྨིན་དང་རྒྱུ་མཐུན་དང། །དབང་དང་བྲལ་དང་སྐྱེས་བུའོ། །རྒྱུ་ནི་རྣམ
པ་མེད་ཡང་ནི། །གཙོ་བོའི་རྒྱུ་ནི་སྙིང་རྗེ་སྟེ། །མདོ་ནས་ཡང་དག་གསལ་བར་བཤད། །གདམས་དག་རྣམ་པ་ཁྱད་དུ་སྟེ། །དབྱེ་བ་ཡུལ་གྱི་བཅུ་ཡིན་ནོ། །བྱེད་པས་དབྱེ་ན་གཉིས་སུ་སྟེ། །གདམས་དང་རྗེས་སུ་གདམས་པའོ། །ངོ་བོ་དག་གི་འཁོར་ལོ་ཡིན། །གཞན
སློབ་ལ་འདོན་མཚན་ཉིད་དོ། །མ་ཐོབ་ཐོབ་དང་ཐོབ་མི་ཉམས། །འདི་ཡིས་བྱེད་པ་ཡིན་བར་འདོད། །སེམས་བསྐྱེད་ནས་ནི་ས་བཅུའི་བར། །འདི་ཡིས་ས་མཚམས་ཡིན་པར་གསུངས། །ཚོགས་ན་གསུམ་སྟེ་སྦྱོར་ན་ལྔ། །མཐོང་སྒོམ
གཉིས་ན་རེ་རེ་སྟེ། །གོ་རིམ་བཞིན་དུ་ཡིན་ནོ་ཞེས། །དེ་སྐད་ཀ་ཅིག་འདོད་པ་ཡོད། །གོ་རིམ་སྐྱེ་བའི་རིམ་པ་ཡིན། །འདི་ཙམ་གྱིས་རྫོགས་གྲངས་ངེས་སོ། །འདི་དང་ལམ་ཤེས་གཉིས་སུ་ཡང། །བསྒྲུབ་པ་གཉིས་སུ་བཤད་པ་ཡང། །ཉན་དང་སྒོམ་པའི
ཆ་ནས་ནི། །བསྟན་པས་ཟློས་སྐྱོན་མེད་པའོ། །དེས་འབྱེད་དབྱེ་བ་རྣམ་བཞི་ཡིན། །ས་མཚམས་སྦྱོར་ལམ་ཁོ་ན་སྟེ། །བྱེད་བ་མཐོང་ལམ་བཤད་པ་ཡིན། །ངོ་བོ་དབང་ལྔ་སྟོབས་ལྔ་ཡིན། །སྒོམ་བྱུང་ཤེས་རབ་ཡིན་ཞེས་བཤད། །ལམ་ཤེས་དེས་འབྱེད
ཉན་ཐོས་ཀྱི། །རྣམ་ཀུན་དེས་འབྱེད་ཀུན་རྫོབ་ཀྱིས། །འདི་ནི་དོན་དམ་ཆ་ནས་ཏེ། བསྟན་བས་ཟློས་སྐྱོན་མེད་དོ་ཞེས། །བུད་དྷ་ཤྲཱི་ཛྙཱ་ན་འདི་འདོད། །དེས་འབྱེད་བདེན་པ་རྟོགས་པ་སྟེ། །དེ་ཆ་སྡུག་བསྔལ་ཆོས་ཤེས་བཟོད། །དེ་དང་མཐུན་པ་མཚན་ཉིད
ཡིན་?་སྦྱོ་ལམ་མོས་སྦྱོད་ཆ་མཐུན་ནི། །འདི་ཡི་མིང་གི་རྣམ་གྲངས་ཡིན། །རྟེན་གྱི་དབྱེ་བ་དཀྱུས་ན་གསལ། །ངོ་བོ་ཆོས་དབྱིངས་ཡིན་ཡང་ནི། །དེ་ཡིས་འདོད་པ་མི་མཐུན་ནོ། །ཡོན་ཏན་སྐྱེད་པ་མཚན་ཉིད་དོ། །ས་མཆམས་ཆོས་དྲུག
གསལ་བ་སྟེ། །བདུན་པོ་ཆོས་དྲུག་རེ་རེ་ལ། །ཡོད་པ་ཉིད་དུ་དབྱད་ན་སྣང། །དཔེར་ན་དྲོད་ཀྱི་བར་ཆད་མེད། །གཉེན་བོའི་སྤོང་བ་རྣམ་གྲོལ་ནི། །ཡོངས་སུ་གཏུག་བ་བཞི་པོ་ནི། །ཁྱད་པར་ལམ་ན་ཡོད་བའོ། །ཆོས་དྲུག་གཞན་ཡང་དེ་བཞིན་སྦྱོར། །འདིར་ནི་རང་བཞིན་དམིགས
པར་ནི། །འགྱུར་ཆ་བསྟན་པས་ཟློས་སྐྱོན་བྲལ། །འཕགས་པ་རྣམ་གྲོལ་དེ་སྐད་གསུངས། །ཡོན་ཏན་སྐྱེད་བའི་བྱེད་པ་ཡོད། །དམིགས་བ་དབྱེ་བ་བཅུ་གཅིག་སྟེ། །གོ་རིམ་སྐྱེ་བའི་རིམ་པ་སྟེ། །འདི་ཙམ་ཁོ་ནས་དམིགས་རྫོགས་པས་གྲངས་ཀྱང་བཅུ་གཅིག་ཁོ་ནས་བཤད།
དང་པོ་གསུམ་ནི་ཚོགས་ལམ་དང། །སྦྱོར་དང་མཐོང་སྒོམ་མི་སློབ་ལམ། །བཞི་ལ་རིམ་བཞིན་གཉིས་གཉིས་སུ། །དཔྱད་པས་དེ་ལྟར་འདྲ་བར་སྣང། །ངོ་བོ་ཆོས་ཀུན་མཚན་ཉིད་ནི། །སྤང་བླང་གཉིས་སུ་དམིགས་?་ཞེས། །སེང་གེ་བཟང་པོའི་འགྲེལ་ཆེན་ནས། །ཁ་ཅིག
བཅུ་པོ་གསུམ་པོ་ལས། །གཉིས་བཞག་དགེ་བ་ལ་དམིགས་ནས། །དེ་ལ་གཉིས་ལས་ཕྱི་མ་ལ། །ལྷག་མ་ཀུན་ལ་དེ་ལྟར་འགྲོ། །འདི་རུ་དངོས་སུ་ཆེད་དུ་ནི། །བརྒྱུད་བའི་སྒོ་ནས་དམིགས་པ་ནི། །ཕོག་དང་སྦྱོར་བ་ལྟ་བུས་ནི། །ཟློས་སྐྱོན་མེད་ཅེས་རྣམ་གྲོལ
གསུང། ཆེད་དུ་བྱ་བ་རྣམ་པ་གསུམ། །ངོ་བོ་སེམས་ཅན་ཐམས་ཅད་ཡིན། །དེ་དོན་སྒྲུབ་པ་མཚན་ཉིད་ཡིན། །ས་མཚམས་དམིགས་པ་དེ་ལྟ་ནས། །གྲུབ་པ་སེམས་ཅན་སངས་རྒྱས་ན། །སེང་གེ་བཟང་པོ་འདོད་པ་ཡིན། །སྤང་པ་རྡོ་རྗེ་ལྟ་བུ་ན། །སེམས
དཔའ་དང་རྟོགས་སངས་རྒྱས་ས་། བི་མ་མི་ཏྲ་རྒྱ་འགྲེལ་ནས། །ངོ་བོ་རང་ལ་སྦྱར་བ་དང། །གཞན་ལ་སྦྱར་བས་མི་མཐུན་བས། །ས་མཚམས་དག་ཀྱང་མི་མཐུན་ནོ། །གོ་ཆའི་ངོ་བོ་བརྩོན་འགྲུས་ཏེ། །དབྱེ་ན་པཉྫི་གནས་དྲུག། འདི་ནས་སུམ་ཅུ་དྲུག་ཏུ་བཤད།
རེ་རེ་ལ་ནི་དྲུག་དྲུག་དུ། དགེ་བ་སྒོམ་པ་མཚན་ཉིད་དོ། །ས་མཚམས་ཚོགས་ལམ་ན་ཡོད་ཅེས། །སློབ་དཔོན་ཆེན་པོ་ཐོགས་མེད་གསུང། །འདིར་ནི་མོས་པ་ཙམ་གྱིས་སོ། །འཇུག་པ་མངོན་འཇུག་ཟློས་སྐྱོན་མེད། །འཇུག་ལ་དབྱེ་དགུ་དཀྱུས་ནས་གསལ། །ས
མཚམས་སྦྱོར་ལམ་ན་ཡོད་ཅེས། །སྔ་མ་བཞིན་དུ་ཐོགས་མེད་གསུང། །ངོ་བོ་དབང་ལྔ་སྟོབས་ལྔའོ། །མཚན་ཉིད་ཕ་རོལ་དྲུག་དྲུག་ལ། །དངོས་སུ་འཇུག་བར་བྱེད་བའོ། །ཚོགས་ཀྱི་སྒྲུབ་པ་བཅུ་བདུན་ཏེ། །ས་མཚམས་གཟུང་ཚོས་མན་ཆར་ནི།
ཆོས་མཆོག་མན་ཆད་དུ་རྫོགས་ཟེར། གཉིས་ནི་མཐོང་སྒོམ་གཉིས་ནའོ། །ངོ་བོ་ཤེས་རབ་སྙིང་རྗེ་སྟེ། །མཚན་ཉིད་ཐམས་ཅད་མཁྱེན་པ་ཡི། །རྒྱུ་རྫོགས་པས་ནི་ནམ་གྲོལ་གསུངས། །དེས་འབྱུང་བརྒྱད་དུ་བཤད་པ་ལས། ཁྲངས་དེས་ཡོད་པ་མ་ཡིན་ཡང། །འཁོར
ཉེ་བ་ལ་དགོངས་ནས་བཤད། །ངོ་བོ་ཤེས་རབ་སྙིང་རྗེ་སྟེ། །ངེས་བར་འབྱུང་བ་མཚན་ཉིད་ཡིན། །ས་བརྒྱད་ནས་ནི་སངས་རྒྱས་ས། །དེ་ནས་ཡོད་དེ་འགྲེལ་ཆེན་ནས། །བྱམས་པས་དཔེ་རུ་བླངས་ནས་བཤད། །ཁ་ཅིག་སྒྲུབ་བ་ཡིན
པས་ན། །སངས་རྒྱས་ས་ན་མེད་ཅེས་ཟེར། །ཁ་ཅིག་སངས་རྒྱས་ས་ཁོ་ན། །ཡོད་དེ་སྒྲུབ་པ་ཡིན་བས་ན། །ཟེར་ཡང་དང་པོ་ཁོ་ན་འཐད། །ཐམས་ཅད་མཁྱེན་པ་རྒྱས་ཕྱིར་དང། །ལྷ་ལི་ལོག་རྟོག་བསལ་བ་དང། །འདོད་ཆེན་མ་ཡིན་བྱང་སེམས་ཀྱི། །ལམ
ནི་བསྟན་ཕྱིར་ལམ་ཤེས་བཤད། །མོག་མོག་བོར་བྱེད་ལ་སོགས་ལ། །ཁ་ཅིག་རྟེན་སོགས་ཐ་སྙད་འདོགས། །ལམ་གྱི་ཡན་ལག་བསྟན་ཏོ་ཞེས། །ཤེས་རབ་འབྱུང་གནས་བློ་གྲོས་ཟེར། །སྣོད་དུ་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མཚོན་ནས་ང་རྒྱལ
གཅིག། བྱང་ཆུབ་ཁ་ན་སེམས་བསྐྱེད་པས། །ཡུལ་ངེས་པ་སྟེ་དེ་ལ་རྩོད། །བྱང་ཆུབ་ཁོ་ནར་མི་འཐད་དེ། །རིགས་ལྔ་ཞེས་ནི་སྨྲ་བསན། །རིགས་ལྔ་དྲང་དོན་ཡིན་པས་ན། །ཁྱབ་བ་ཞེས་ནི་འཐད་བ་ཡིན། །འདོད་ཆེན་མ་ཡིན་བྱང་སེམས
ཀྱིས། །གཙོ་བོར་ཉོན་མོངས་མི་སྤོང་བས། །ཉོན་མོངས་མ་སྤངས་རང་བཞིན་ཡིན། །འོ་ན་སྒྲུབ་བ་ཅི་ཡིན་ཞེས། །ཟེར་བའི་ལན་དུ་སེམས་ཅན་ནི། །སྨིན་བར་བྱེད་པ་ལས་ཡིན་ནོ། །ཐེག་གཉིས་སྒོམ་ལམ་མི་འཆད་དེ། །རང་རང་སྔར་རྒྱུན?
ཡིན་པས་གསལ། །བྱང་སེམས་ལ་ནི་མི་བཤད་དེ། །ཤས་ནས་འདའ་བར་བྱེད་བས་སུ། །སྒོམ་བ་མ་ཡིན་བས་མ་བཤད། །སྦྱོར་ལམ་གསལ་ཏེ་མཐོང་ལམ་ནི། །བདེན་པ་བཞི་ལ་དམིགས་ནས་སུ། །སྐད་ཅིག་བཅོ་ལྔ་བཅུ་དྲུག
ནི། །སྡེ་པ་རྣམ་གཉིས་འདོད་བ་ཡིན། །འདོད་པ་དམིགས་བ་ཆོས་ཀྱི་བཟོད། །ཁམས་གཉིས་ལ་དམིགས་རྗེས་སུ་བཟོད། །བཟོད་དང་ཤེས་བའི་ཁྱད་པར་ནི། །བར་ཆད་མེད་དང་རྣམ་གྲོལ་ཏེ། །དེ་ལྟར་བདེན་བ་རེ་རེ་ལ། །བཟོད་གཉིས་ཤེས
གཉིས་བརྒྱད་བརྒྱད་འོང། །ཁ་ཅིག་ལམ་ནི་བཤད་པ་ནི། །ཤེས་བའི་དོན་སྡུག་བསྔལ་གཅིག་ནི། །རྒྱུད་ལ་སྐྱེད་བའི་དོན་ཡིན་ཟེར། །རྒྱུད་ལ་སྐྱེད་བ་མི་མཐུན་ཏེ། །ཁ་ཅིག་མཐོང་བའི་ལམ་གཉིས་ནི། །དྲོང་དང་བཟོད་བ་ན་ཡོད་ཟེར། །ཁ་ཅིག་མཐོང་ལམ་ན་ཡོད་ཀྱང།།
ལྡོག་བའི་དབྱེ་བས་ཐ་དད་ཟེར། །དེ་ལྟར་མཐོང་ལམ་རྣམ་གསུངས་སྟེ། །གང་ཟག་?་དང་ཆོས་གྱ?་བརྡ། །གཉིས་ཀའི་བརྡ་བསལ་མཐོང་བའི་ལམ། །དེ་ཡིས་རྟེན་ནི་གླིང་གསུམ་གྱི། །མི་རིགས་གསུམ་དང་ལྷ་རིགས་དྲུག། ཡིན་ཞེས་བསྟན་བཅོས་ཆེན་པོར་བཤད།
ས་ནི་དྲུག་ལ་བརྟེན་ཞེས་ཀྱང། །སྡེ་པ་རྣམ་གཉིས་འདོད་པའོ། །ཐེག་ཆེན་བསམ་གཏན་བཞི་པ་ལ། །བརྟེན་པ་ཡིན་ཏེ་བསྐྱེད་སླ་ཟེར། །སྤང་བྱ་ཐུན་མོང་དུ་བསྟན་པ། །རྟོག་པ་བརྒྱ་རྩ་བརྒྱད་དང་ནི། །བརྒྱ་རྩ་བཅུ་གཉིས་ཉོན་མོངས་སོ། །རིམ་གྱིས་སྤོང་བ་མ་ཡིན་ཏེ།།
བར་ཆད་མེད་པའི་ལམ་དུ་ནི། །ཐམས་ཅད་སྤང་ཤེས་ཐེག་ཆེན་གཞུང། །རྣམ་གྲོལ་ལམ་གྱིས་སྤོང་ཤེས་པ། །ཐེག་བ་ཆུང་ངུའི་འདོད་བ་ཡིན། །ངོ་བོ་ཞིག་ནས་ལྷག་མཐོང་ཡིན། །བྱང་ཆུབ་ཡན་ལག་བདུན་བཤད་པ་ཞི་གནས་ལྷག་མཐོང་ངོ་བོ་ཡིན་།མཚན་ཉིད་མཐོང་མཐོང་བ
སྟེ། །ཆོས་ཀྱི་དབྱིངས་ལ་དམིགས་པའོ། །མཐོང་ལམ་རྗེས་ཤེས་མེད་དོ་ཞེས། །ཟེར་བ་ཡོད་དེ་གཞུང་དང་འགལ། །ཤེས་བ་དུས་རྫོགས་ཟེར་བའི་ལན། །ཐེག་ཆེན་འདོད་བ་སྐད་ཅིག་མི། །བཅུ་དྲུག་གིས་ནི་རྫོགས་སོ་ཞེས། །བསྟན་པ་རྣམ་གཞག་སྤྲོས་པ་ཡིན། །སྐད་ཅིག་མ
ནི་གཅིག་གམ་གཉིས། །རྫོགས་བ་དོན་དམ་རིག་པ་ཡིན། །བཟོད་གཉིས་གཟུང་འཛིན་གཉིས་སུ་ནི། །རིམ་བ་བཞིན་དུ་མེད་བ་རུ། །རྟོགས་བ་ཡིན་ཞེས་སེར་བཟང་གསུངས། །བཟོད་པ་ཞེས་བ་སྔ་མ་བཞིན། །ཁ་ཟོད་བ་མ་དག་ཤེས་པ་ནི། །བདེན་པ་དག་ལ
དམིགས་པའོ། །མཐོང་ལམ་བསྡུས་བ་དེ་ཙམ་མོ། །སྒོམ་ལམ་བྱེད་པ་དྲུག་ཀྱང་ནི། །གྲངས་ངེས་གོ་རིམ་ཡོད་མ་ཡིན། །ཟག་བཅས་ཟག་མེད་གཉིས་ཀ་ཡིས། །བྱེད་བ་ཡིན་ཞེས་སེང་བཟང་གསུངས། །ཟག་མེད་ཁོ་ནའི་ཡིན་ཞེས་བ།། ཤཱན་ཏེ་པ་ཡིས
འདོད་བ་ཡིན། །དང་པོར་བཤད་བ་ཉུང་བ་དང། །འབྲས་ལ་བྲོང་བ་ཡིན་བས་སུ། །སྒོམ་ལམ་རྣམ་གཉིས་ཟག་བཅས་དང། །ཟག་བ་མེད་བའོ་ཟག་བཅས་ནི། །དབྱེ་ན་རྣམ་གསུམ་ཁོ་ན་སྟེ། །སྦྱོར་དང་དངོས་བཞི་རྗེས་ཀྱིས་སུ། །ཡང་ན་བསོད
ནམས་བ་སོགས་བ་དང། །བསྒྱུར་དང་སྤེལ་བར་བྱེད་པས་སོ། །ངོ་བོ་ཀུན་རྫོབ་ཤེས་པ་སྟེ། །མཚན་མ་ཕྲ་མོ་ཡོད་པས་སུ། །ཟག་བཅས་བརྗོད་བ་མཚན་ཉིད་ཡིན། །ཁ་ཅིག་དམིགས་བ་ཟག་བཅས་ཟེར། །སྐྱེ་བའི་རིམ་བ་གོ་རིམ་ཡིན། །དེ་ལ་མོས་བའི་སྦྱོང
ཡུལ་ནི། །ཤེས་རབ་ཡིན་བས་མཚོན་བ་སྟེ། །ཕ་རོལ་ཕྱིན་པ་གཞན་ཡང་ཡིན། །ངོ་བོ་བདུན་བ་ཡིན་ཞེས་ཟེར། །ལག་ཤེས་བ་ཟེར་བ་ཡོད། །གཉིས་ནས་ས་བཅུའི་བར་གྱི་ནི། །རྗེས་ན་ཡོད་བ་ས་མཚམས་ཡིན། །དབྱེ་བ་རང་བཞིན་གཉིས་ཀ་ལ། །ལྟོས་བས
དགུ་ཚན་གསུམ་ཡིན་ནོ། །བྱེད་བ་བསྟོང་བཀུར་བསྔགས་གསུམ་ནི། །རང་དང་གཉིས་ཀ་བཞན་གྱིས་ལ། །རིམ་བ་བཞིན་དུ་སངས་རྒྱས་གསུང། །ས་བཞི་ས་བདུན་ས་བཅུ་ཡིས། །བར་དུ་མོས་པ་གསུམ་བོ་ནི། །གོ་རིམ་བཞིན་དུ་སྦྱར་བ་ནི། །ནང་ཚན་གྱི
ནི་ས་མཚམས་སོ། །བསྔོ་བ་བཅུ་གཉིས་གྲངས་ངེས་མེད། །ལྡོག་པའི་བྱེ་བྲག་གིས་སུ་བཤད། །ངོ་བོ་སྨོན་ལམ་མཚན་ཉིད་ནི། །དེ་ལྟར་འདོད་བ་སྨོན་བའོ། །བསོད་ནམས་མི་ཟད་བྱེད་པ་ཡིན། །ས་མཚམས་ས་དགུའི་རྗེས་ཤེས་ནའོ། །རྗེས་སུ་ཡི་རང་ངོ་བོ་ནི།
སེམས་བྱུང་ཤེས་རབ་དག་བའོ། །མཚན་ཉིད་གསལ་ཏེ་བྱེད་བ་ནི། །གཞན་གྱིས་བྱས་པའི་དགེ་བ་ལ། །བསོད་ནམས་མཉམ་པོར་ཐོབ་ཅེས་པ། །ཟེར་ཏེ་དེ་བས་རང་གི་སྔར། །བྱས་པ་ལ་ཡང་ཡི་རང་བས། །བསོད་ནམས་སྤེལ་བར་བྱེད་བ་ཡིན་དབྱེ་བ་དོན
དམ་ཀུན་རྫོབ་ཏུ། །འདོད་བ་ཤཱནྟི་སེར་བཟང་ནི། །གཉིས་ཀ་ཚད་ན་ཡིན་པས་ན། །དེ་གཉིས་དབྱེ་བར་མི་བཞེད་དོ། །ས་མཚམས་ས་དགུའི་རྗེས་ན་ཡོད། །ཟག་མེད་རྣམ་གཉིས་བསྒྲུབ་བ་ནི། །ལྡོག་བའི་བྱེ་བྲག་གིས་སུ་བཞི། །གྲངས་ངེས་གོ་རིམ་ཡོད་བ
ཡིན། །ས་མཚམས་ས་དགུའི་མཉམ་གཞག་གིས། །བར་ཆད་མེད་བའི་ལམ་ན་ཡོད། །ངོ་བོ་ཞིག་ནས་ལྷག་མཐོང་སྟེ། །དག་བ་སྐད་བར་བྱེད་བའོ། །ཟློས་པ་གདམས་ངག་སྐབས་སུ་བཤད། །འབད་བས་སྒྲུབ་པ་མཚན་ཉིད་དོ། །དག་པ་ཐོབ་རྒྱུ་མི་ཐོབ་རྒྱུ།།
དངོས་ལ་སྤྱི་དང་བྱེ་བྲག་གཉིས། །བྱེ་བྲག་རྣམ་བཞི་ཉན་ཐོས་དང། །རང་རྒྱལ་བྱང་སེམས་སངས་རྒྱས་སོ། །སོ་མཚམས་ས་གཉིས་སངས་རྒྱས་ས། །ངོ་བོ་སྒྲིབ་པ་དྲལ་བ་སྟེ། །བྱེ་བྲག་མཚན་ཉིད་དཀྱུས?་ན་གསལ། །གཞི་ཞེས་བསྟན་བར་ཕྱིར
ནི། །རྐང་པ་གཉིས་ཀྱིས་ངོ་བོ་བསྟན། །བཞི་ཡིས་གཞི་ཞེས་དབྱེ་བ་སྟེ། །ལྷག་མ་བཞི་ཞེས་དངོས་ཡིན་ཞེས། །དེ་སྐད་ཐ་སྙད་འདོགས་པ་ཡོད། །གཞི་ཤེས་གཉིས་ཀ་བསྟན་ཀྱང་ནི། །སྒོམ་ལམ་སྦྱོར་བ་ཟེར་བའང་ཡོད། །བླང་བྱ་གཙོ་རུ་བསྟན་ཞེས
པ། །སློབ་དཔོན་ཆེན་པོ་སེང་བཟང་གསུང། །དོར་བྱ་གཙོ་བོར་བསྟན་བ་ནི། །སློབ་དཔོན་བུད་དྷ་ཤྲཱི་ཛྙཱ?་གསུངས། །སྦྱོར་བ་རྣམ་བཅུར་བསྟན་ཀྱང་ནི། །གྲངས་ངེས་གོ་རིམ་ངེས་བ་མེད། །སྦྱོར་ཡུལ་བཞི་ཡིན་སྦྱོར་བ་དངོས། །གསུམ་ཡིན་གཉིས་འབྲས
གཅིག་དཔེ་ཞེས། །དེ་སྐད་སྡུད་པར་བྱེད་པ་ཡོད། །མཐོང་ལམ་ན་ཡོད་ཁ་ཅིག་ཟེར། །སྒོམ་ལམ་སྦྱར་བ་ཟེར་བའང་ཡོད། །ལ་ལ་སྦྱོར་ལམ་ན་ཡོད་དོ། །སྦྱོར་ལམ་མ་བསྟན་གསུང་བ་ན། །བཞི་རུ་མ་བསྟན་ལ་དགོངས་གསུངས་སོ། །ཟློས་སྐྱོན་སྔར་སྤངས
ངོ་བོ་ནི། །རྗེས་ཀྱིས་ལྷག་མཐོང་སྙིང་རྗེ་ཡིན་ནོ། །རློམ་མེད་རྣམ་བཞི་བསྟན་བ་ཡང། །སེང་བཟང་འདོད་བ་དཀྱུས་ནས་གསལ། །གཟུགས་ལ་གཟུགས་ཀྱིས་གཟུགས་སུ་དང། །བདག་གིར་རློམ་སེམས་མི་བྱེད་བ། །རྣམ་གྲོལ་ཤཱན་ཏི་རྣམ་གཉིས་བཞེད།།
ས་མཚམས་སྦྱོར་བཞིན་ངོ་བོ་ནི། །ཤེས་རབ་ཡིན་ཏེ་བཅུ་བོ་ཡིས། །རེ་རེ་ལ་ཡང་བཞི་བཞི་ཡི། །རྣམ་ཡོད་ཅེས་བ་སློབ་དཔོན་ནི། ། ཤེས་རབ་འབྱུང་གནས་བློ་གྲོས་ཟེར། །མཐོང་ལམ་བསྡུས་དོན་སྔར་བཤད་དེ། །འདི་རུ་བཤད་པའི་ཁྱད་པར་ནི། །བཞི
པ་སྐྱེ་བའི་ཚུལ་དང་ནི། །ཐུན་མོངས་མ་ཡིན་ཚུལ་གྱིས་སུ། །བསྟན་ཏོ་ཞེས་ནི་བརྗོད་པ་ཡོད། །དོར་བའི་ཚུལ་ནས་བསྟན་ཏོ་ཞེས། །སེང་གེ་བཟང་པོ་དེ་སྐད་གསུངས། །སྒོམ་ལམ་མི་སྟོན་རྒྱུ་མཚན་ནི། །སླར་བསྟན་པ་ནི་ཏེ་སྦྱོར
ལམ་ནི། །བྱང་སེམས་ཐམས་ཅད་མཁྱེན་ལ་ལྟོས། །ཉན་ཐོས་ལམ་ཤེས་སུ་བསྟན་ཏོ། །རྣམ་ཀུན་མངོན་རྫོགས་ཡུལ་གྱིས་གཉིས། །ཤེས་དང་ཤེས་བྱེད་རྣམ་གཉིས་སོ། །ཡང་ན་ཤེས་པའི་རྒྱུད་ཐེན་པ། །རྣམ་ཀུན་ཤེས་བྱ་བླང་བའི་རིམ།།
རྟེན་དང་བརྟན་པ་འབྲས་དང་ལྔ། །ཤེས་བྱ་རྣམ་པ་བརྒྱད་དང་ནི། །བདུན་ཅུ་རྩ་གསུམ་བསྟན་པ་ཡི། །གྲངས་ལ་ངེས་ཡོད་མ་ཡིན་ཡང། །མཁྱེན་པ་གསུམ་ལ་བསྟེན་ནས་ནི། །རེ་ཞིག་དེ་ཙམ་ཞིག་བརྗོད་དོ། །གོ་རིམ་སྐྱེ་བའི་རིམ་པ་སྟེ། །ས་མཚམS
ལམ་ནི་ལྔ་ན་ཡོད། །ཅིས་ཤེས་སློབ་དཔོན་སེང་བཟང་གིས། །ཡེ་ཤེས་ཚོགས་ནི་ཉི་ཤུ་ཡང། །ལམ་ནི་ལྔ་ཀར་སྦྱར་བས་སོ། །ངོ་བོ་འདོད་པ་མི་མཐུན་ཏེ། །རྣལ་འབྱོར་རྒྱུད་ལ་སྐྱེ་བ་དང། །བདེན་བཞིའི་རྣམ་པ་ཡིན་ཞེས་དང། །ཉན་ཐོས་བྱང་སེམS
སངས་རྒྱས་ཀྱི། །ཡེ་ཤེས་ཡིན་ཞེས་འདོད་པ་གསུམ། །རྣམ་བར་རྒྱས་དང་མཁྱེན་པར་བསྡུས། །ཡང་ན་གཏན་ལ་དབབ་པ་དང། །བསྐྱེད་པའི་རིམ་བས་བསྟན་པས་ནི། །ཟླས་པའི་སྐྱོན་དང་བུལ་བ་ཡིན། །ཉམས་ལེན་མཉམ་པར་བཞག་པ
དང། །རྗེས་ཀྱི་དུས་སུ་ཉམས་ཁོ་ན་ནོ། །མཉམ་གཞག་སྦྱོར་བ་ཉི་ཤུ་སྟེ། །དེ་ཡིས་ཡོན་ཏན་བཅུ་བཞིའོ། །བཞི་བཅུ་རྩ་དྲུག་སྦྱོར་བའི་སྐྱོན། །སྦྱོར་བའི་མཚན་ཉིད་དགུ་བཅུ་གཅིག། །སྦྱོར་བའི་ངོ་བོ་ཞི་གནས་དང། །ཤེས་རབ་ཡིན་ཏེ་ཟླས་བའི
སྐྱོན། །མེད་དེ་སྦྱོར་བ་རྣམ་བཅུ་རུ། །རྗེས་ཀྱི་ཆ་ནས་འདི་རུ་ནི། །མཉམ་གཞག་ཆ་ནས་བསྟན་པས་སོ། །དོན་ལ་ཟློས་སྦྱོར་མཚན་ཉིད་དེ། །དང་པོ་གཉིས་ནི་སྦྱོར་བ་དངོས། །གསུམ་ནི་འབྲས་ཡིན་ཡང་ནི་ཡུལ། །བཅོ་ལྔ་ས་མཚམས
བསྒོམས་ནས་ཏེ། །རྒྱུ་མཚན་དེས་ནི་ཉི་ཤུའོ། །ཁ་ཅིག་ས་མཚམས་འདི་ལྟར་འདོད། །ལྔ་ནི་ཀུན་ན་གཅིག་གི་ཚོགས། །ལུང་བསྟན་སྦྱོར་ལམ་ཕྱིར་མི་ལྡོག་།ས་བདུན་མན་ཆད་ངེས་འབྱུང་ནས། །གསུམ་ནི་བརྒྱད་ནས་ས་བཅུའི་བར། །གཞན་དོན་ཡན།
ཆད་སངས་རྒྱས་སོ། །ལ་ལ་དེ་ལ་གཞན་དུ་འདོད། །ཡོན་ཏན་ས་མཚམས་ངེས་མེད་དེ། །མདོ་ལས་ཀུན་ལ་ཡོད་པར་སྣང། །སྦྱོར་བའི་ཕན་ཡོན་ཡིན་པས་སོ། །སྦྱོར་བའི་རྗེས་ལ་འབྱུང་བའོ། །གྲངས་ངེས་མེད་དོ་ངོ་བོ་ནི། །ཕྱིན་ཅི་མ་ལོག་པ་ན་ཡོན་ནོ། །
སྐྱོན་སྤངས་ས་མཚམས་ངེས་པ་མེད། །སྤྱིར་ན་ས་བརྒྱད་མན་ཆད་དུ། །སྐྱོན་འབྱུང་ཞེས་ནི་མདོ་ལས་བཤད། དེ་ཚེ་སྤངས་ནས་སྒོམ་ཞེས་ཟེར། །ལ་ལ་སྒོམ་པ་ནོར་ལས་ཟེར། །མདོར་ན་སྐྱོན་དང་ཡོན་ཏན་ནི། །ཤེས་པར་བྱས་ནས་བསྒོམ
པ་ཡིན། །མཚན་ཉིད་དགུ་བཅུ་རྩ་གཅིག་ཀྱང། །གྲངས་ངེས་མེད་ཀྱང་འཁོར་གྱི་ངོར། །དེ་ཙམ་ཁོ་ན་བཤད་པ་ཡིན། །གོ་རིམ་སྐྱེ་བའི་རིམ་པ་སྟེ། །སྐྱེ་བའང་རགས་པ་ཁོ་ན་སྐྱེ། །ས་མཚམས་སྦྱོར་བའི་རྗེས་ན་སྟེ། །མཉམ་གཞག་དུས་ན་འང་འདོད་པ
ཡོད། །མཚན་ཉིད་རྫོགས་པ་སངས་རྒྱས་ས། །ཆ་མཐུན་ད་ལྟའི་གནས་སྐབས་ནས། །འདི་ནི་སྦྱོར་བའི་མཚན་ཉིད་དོ། །རྣམ་པ་ཟེར་བས་ཡོད་ཀྱང་དེ། །གཞུང་ནས་སྔ་མ་གསོལ་བར་བཤད། །མཚན་ཉིད་ལ་ཡང་མི་མཐུན་ཏེ། །ཐུན་མོང་མ་ཡིན
མཚན་ཉིད་དང། །གཏན་ཚིགས་དག་ཏུ་འདོད་པའོ། །དེ་ཡང་སྦྱོར་བ་སྐོར་གཅིག་དང། །སོ་སོར་འདོད་པ་ཐ་དད་དོ། །ཕྱིན་ཅི་མ་ལོག་དཔོག་པ་དང། །སྦྱོར་བ་སོ་སོར་དཔོག་པ་ཡི། །གཏན་ཚིགས་དག་ཀྱང་ཐ་དད་དོ། །ཤེས་པའི་ཁྱད་པར་བྱེད
པ་ནི། །འབྲས་བུའི་གཏན་ཚིགས་ངོ་བོ་ནི། །རང་བཞིན་གཏན་ཚིགས་འདོད་པ་ཡོད། །ཤེས་རབ་འབྱུང་གནས་བློ་གྲོས་ནི། །ཁྱད་པར་དག་ཀྱང་རང་བཞིན་ཟེར། །ཁ་ཅིག་བྱེད་ཡིན་གཞན་མིན་ཟེར། །གསུམ་ག་གཏན་ཚིགས་གཅིག་ཏུ་ནི། །
བྱེད་བ་ཡོད་དེ་མི་འཐད་དོ། །སྦྱོར་བ་དཔག་པའི་དགོས་བ་ནི། །བརྩོན་འགྲུས་ཆེར་ནི་འཇུག་པ་དང། །མཐར་གྱིས་བསྒོམ་བའི་མངོན་རྟོགས་ལ། །ཕན་ཞེས་འདོད་པ་ཐ་དད་དོ། །བརྗོད་པ་མང་བ་དེ་ཙམ་མོ། །ཐར
དང་ངེས་འབྱེད་ཀྱིས་མཚོན་ནས། །རྗེས་ལ་ཉམས་སུ་བླང་པ་བཤད། །ཐར་བྱའི་རྟེན་ནི་གླིང་གསུམ་མི། །ཐོས་བསམ་ས་ཡིན་ངོ་བོ་ནི། །དང་ལ་སོགས་པ་རྣམ་པ་ལྔ། །ཤཱནྟི་ས་དང་སོགས་དབྱེ་བར་བྱས། །ཚོགས་ལམ་ཆེ་འདྲིང་རྣམ
གསུམ་དུ། །སེང་གེ་བཟང་པོའི་དབྱེ་བ་ཡིན། །མི་སྐྲག་མི་དང་མི་ཞུམ་པ། །ཆེ་འབྲིང་གསུམ་གྱི་རྟོགས་སུ་བཤད། །མྱ་ངན་འདས་བ་ཐར་པ་སྟེ། །དེ་ཡིས་ཆ་ནི་སྡུག་བསྔལ་བཟོད། །དེ་དང་མཐུན་པ་ངེས་པ་ཡིན། །དེ་ཉིད་སྦྱིན་པ་ལ
སོགས་ལ། །མི་དམིགས་པས་ནི་ཟིན་པ་སྟེ། །ཐར་བའི་ཆ་མཐུན་མཚན་ཉིད་ཡིན། །ངེས་འབྱེད་བསྡུས་དོན་སྔར་བཤད་པས། །རྗེས་ཀྱི་ཉམས་བླངས་འབའ་ཞིག་བཤད། །དམིགས་པ་སེམས་ཅན་ཐམས་ཅད་དེ། །ཆུང་ངུའི
རྣམ་པ་མཉམ་དང་བྱམས། །འབྲིང་གི་རྣམ་པ་ཕམ་པ་དང། །ཁོང་ཁྲོ་མེད་དང་མི་ཚེ་གསུམ། །ཆུང་ངུའི་རྣམ་གཉིས་ཚེ་འདི་ལ། །གཞན་ལ་འཚེ་བར་མི་བྱེད་པ། །འབྲིང་གི་རྣམ་གསུམ་ཕྱི་མ་ལ། །གཞན་ལ་ཕན
པར་བྱེད་པའོ། །ཆེན་པོའི་ཕ་ལ་སོགས་པ་སྟེ། །འདི་དང་ཕྱི་མ་གཉིས་ཀ་ལ། །ཕན་པར་བྱེད་པ་ཁོ་ནའོ། །རྩེ་མོ་ཆུང་ངུའི་མི་དགེ་ལས། །ལྡོག་པ་བདག་སྤོང་གཞན་འཇུག་ལ། །འབྲིང་གི་སྦྱིན་སོགས་དགེ་བ་ལ། །བདག
དང་གཞན་དག་སྦྱོར་བ་དེ། །གཞན་བདེའི་རྒྱུད་ལ་སྦྱོར་བའོ། །ཆེན་པོའི་བདག་ཀྱང་སྟོང་སྒོམ་ཞིང། །གཞན་ལ་སྦྱོར་ཏེ་གཞན་དག་ལ། །ཕྱིན་ཅི་ལོག་ནི་སྤོང་བར་འདོད། །བཟོད་པ་ཆུང་ངུའི་བདེན་བཞི་ལ། །བདག་དང་གཞན་དག་སྦྱོར
པ་དེ། །གཞན་ནི་འཕགས་ལམ་སྦྱོར་འདོད་པའོ། །འབྲིང་ནི་རྒྱན་ཞུགས་ལ་སོགས་ལྔ། །ཤེས་ཤིང་མངོན་དུ་མི་བྱེད་ལ། །བདག་དང་གཞན་དག་སྦྱོར་བ་སྟེ། །གཞན་དག་འབྲས་བུར་སྦྱོར་འདོད་པའོ། །ཆེན་པོའི་བྱང་ཆུབ་སྐྱོན་མེད་ལ། །
བདག་གཞན་སྦྱོར་ཏེ་གཞན་དག་ནི། །སངས་རྒྱས་ལ་ནི་སྦྱོར་འདོད་པའོ། །ཆོས་མཆོག་ཆུང་ངུའི་སེམས་ཅན་ནི། །སྨིན་པར་བྱེད་དེ་དོན་ལ་ནི། །ཐོགས་པ་གསུམ་ལ་དགོད་བའོ། །འབྲིང་གི་བདག་གཞན་གཉིས་ཀ་ཡང། །བྱང་ཆུབ་མངོན་ཤེས་སྐྱེ་བ
སྟེ། །སེམས་ཅན་བྱང་ཆུབ་ལམ་སྦྱོར་བའོ། །ཆེན་པོའི་བདག་ནི་རྣམ་མཁྱེན་པའི་།ཡེ་ཤེས་བསྐྱེད་པར་འདོད་པ་དང། །གཞན་བདག་ཕུན་སུམ་ཚོགས་པ་ཡིས། །མཐར་ཐུག་ལ་ནི་འཇོག་པའོ། །ཚོགས་ལམ་རྟེན་ནི་བཤད་ཟིན་པས། །ངེས་འབྱེད་མཐར
ལམ་སྒོམ་ལམ་གྱིས། །ཕྱིར་མི་ལྡོག་པའི་གང་ཟག་གསུམ། །བསྟན་ཕྱིར་རྟགས་ཀྱི་སྒོ་ནས་བཤད། །ཕྱིར་མི་ལྡོག་པ་རྣམ་གསུམ་སྟེ། །འདིར་ནི་ཐེག་པ་འོག་མ་རུ། །མི་ལྡོག་པ་ཡི་རྟགས་བཤད་དོ། །དབང་པོ་རབ་འབྲིང་ཐ་མ་ཡིས། །ངེས་འབྱེད་མཐོང
ལམ་སྒོམ་ལམ་གྱི། །ས་བརྒྱད་དག་ཏུ་གོ་རིམ་བཞིན། །ཕྱི་མའི་ལྡོག་པ་གསུམ་ཡིན་ནོ། །མཐར་ཐུག་ལྡོག་པ་མ་ཡིན་ཡང། །གནས་སྐབས་ལྡོག་པ་ཡོད་པས་ནས། །རྟགས་ཡོད་ན་ནི་གནས་སྐབས་ཀྱི། །ལྡོག་པ་ཡང་ནི་མེད་དོ་ཞེས། །རྟགས་ཀྱི་སྒོ་ནས
དཔོགས་པ་ཡིན། །རང་ལ་དཔོགས་ནི་རྒྱུ་ཚོགས་པའི། །རང་བཞིན་ཁོ་ནའི་གཏན་ཚིགས་སོ། །གཞན་གྱི་དཔོགས་ན་རང་བཞིན་དང། །འབྲས་བུའི་གཏན་ཚིགས་གཉིས་ཀྱིས་སོ། །དཔགས་པའི་དགོས་པ་རང་ལ་ནི། །བརྙས་པ་སྐྱེད་བ་དགག་པའོ། །དེ་ནི
སྤྱི་ཡིས་བྱེ་བྲག་གི་། ངེས་འབྱད་རྟགས་ན་ཉི་ཤུ་ལ། །གྲངས་ངེས་མེད་ཀྱང་དེ་ཙམ་ཞིག་།འཁོར་གྱི་ངོ་རུ་བཤད་པ་ཡིན། །དྲོད་ལ་བཅུ་གཅིག་རྩེ་མོ་དྲུག་།བཟོད་པ་གཉིས་ཏེ་ཆོས་མཆོག་གཅིག་།སེང་གེ་བཟང་པོའི་འདོད་བ་ཡིན།། ཤཱ་ན་ཏི་ས་དེ་ལྟར་མ་
ཕྱེའོ། །མཐོང་ལམ་རྟགས་ནི་བཅུ་དྲུག་ཀྱང། རྗེས་ཀྱི་ཆ་ནས་རྟགས་ཡིན་ཏེ། །འོ་ན་བཟོང་པ་ཟེར་བ་ནི། །སྔར་གྱིས་ནུས་པ་མཚོན་པ་ཡིན། །སྒོམ་ལམ་རྟགས་ནི་ཟབ་མོ་བརྒྱད། །ཁ་ཅིག་ས་ནི་རེ་རེ་ལ། །ཟབ་མོ་རེ་རེ
ཡིན་ཟེར་པ། །དེ་ནི་འཐད་དེ་རེ་རེ་ལ། །བརྒྱད་ཀ་ཡོད་ཀྱང་འགལ་བ་མེད། །སྲིད་དང་ཞི་མཉམ་རྣམ་བ་སྟེ། །གོང་གི་གང་ཟག་དེ་གཉིས་ཀྱིས། །རྣམ་པ་འདི་ལྟར་སྒོམ་ཞེས་པ། །སློབ་དཔོན་སེང་གེ་བཟང་པོ་དང། །བུདྡྷ་ཤྲཱི་ཛྙ་ན་བཞེད། །སྦྱོར་བ
ཉི་ཤུ་མི་ཟློས་ཏེ། །རྗེས་ཀྱི་ཆ་ནས་བཤད་པའོ། །ངེས་འབྱེད་ཆ་མཐུན་གྱིས་མི་བཟློས། །འདི་ནི་སྒྱུ་མའི་ཚུལ་ནས་སོ། །རྨི་ལམ་ཆུས་ཁྱེར་དཔེར་བླངས་ནས། །ས་བརྒྱད་ཡན་ཆད་ན་ཡོད་ཅེས། །སངས་རྒྱས་ཕལ་པོ་ཆེ་ནས་བཤད། །སྲིད་དང་ཞི་བ
མཉམ་གཉིས་ཀྱིས། །མི་སློབ་རྟེན་བསྟན་རྣམ་གྲོལ་གསུངས། །འདི་ཙམ་སློབ་པར་བྱར་ཡོད་ཅེས། །དེ་སྐྱད་རྣམ་གྲོལ་གསུངས་པས་ན། གཏན་མ་སློབ་པའི་མི་སློབ་མིན། །ཞིང་དག་གཉིས་ཏེ་སེམས་ཅན་དང། །སྣོད་ཀྱི་འཇིག་རྟེན
དག་བའོ། །སེམས་ཅན་དག་ལ་དཀྲེས་སོགས་དང། །བྲལ་ཏེ་ཐག་གསུམ་སྣོད་དུ་རུང། །སྣོད་དག་སྣོད་སོགས་གསེར་ལ་སོགས། །སེང་བཟང་སངས་རྒྱས་ས་རུ་འདོད། །བུདྡྷ་ཤྲཱི་ཡང་དེ་བཞིན་ནོ།།དག་པར་བྱེད་པ་ཡིན་པས་ན། །ས
བཅུ་མན་ཆད་ན་ཡོད་ཅེས། །འཕགས་པ་རྣམ་པར་གྲོལ་སྡེ་གསུངས། །ཐབས་ལ་མཁས་པ་རྣམ་བཅུ་ཡང། །གྲངས་ངེས་མེད་ཀྱང་གོ་རིམ་ནི། །བསྐྱེད་བྱ་སྐྱེད་པའི་རིམ་པ་དང། །བསྒྲུབ་བྱ་གཏིང་ཚིག་རིམ་པས་ནི། །བསྟན་ཞེས་སངས་རྒྱས
ཡེ་ཤེས་གསུང། །སངས་རྒྱས་ས་ན་ཡོད་པས་ན། །གཞན་དོན་ཐབས་ལ་མཁས་པ་སྟེ། །དེ་ཉིད་ཀྱིས་ནི་མཚན་ཉིད་ཡིན། །མཛད་པས་འབྲས་ཡིན་འདིར་ནི་རྒྱུ། །དེ་ནི་དེ་གཉིས་བཟློས་པ་མེད། །སེང་བཟང་གསུངས་ཏེ་རྣམ་གྲོལ་དང།།
བུདྡྷ་ཤྲཏི་ནི་རྣམ་གཉིས་ནི། །ས་བཅུ་མན་ཆད་ན་ཡོད་དེ། །ཐབས་ལ་མཁས་པའི་ངོ་བོ་ནི། །སངས་རྒྱས་རྒྱུ་ལ་མཁས་པ་ལ། །འདོད་པས་ས་མཚམས་མི་མཐུན་ནོ། །རྩེ་མོ་བདུན་ལ་དྲོད་ཀྱི་རྩེ། །རྟགས་ཀྱིས་བསྟན་ཏེ་དབྱེ་བ་ནི། །བཅུ་གཉིས
བསྟན་ཀྱང་གྲངས་ངེས་མེད། །རྩེ་མོ་རྟགས་གཉིས་སོ་སོ་སྟེ། །རྟགས་ཀྱི་རྩེ་མོ་དཔག་ཅེས་སུ། །ལ་ལ་དེ་སྐད་འདོད་པ་ཡོད། །ཁ་ཅིག་རྟགས་གཉིས་རྩེ་མོ་རུ། །འདོད་དེ་རྟགས་ཀྱི་དཔག་བྱ་ནི། །ཕྱིར་མི་ལྡོག་པར་དཔོག་པ་སྟེ། །
ལུང་ནས་དེ་ལྟར་དཔག་གོ་གསུང། །རྣམ་འཕེལ་བཅུ་དྲུག་རྩེ་མོ་ཡི། །གྲངས་ངེས་མེད་དེ་གོ་རིམ་ཡང། །མེད་དེ་འདིས་ཀྱང་འདིས་ཀྱང་ནི། །འཕེལ་ལོ་ཞེས་ནི་བྱ་བ་ཡིན། །བཅུ་དྲུག་གང་རུང་ཡོད་པས་སུ། །དེ་ཡི་རྒྱུ་ལ་དགེ་འཕེལ་བ།།
རྩེ་མོ་ཡིན་ཞེས་ལ་ལ་ཟེར། །བཅུ་དྲུག་ཉིད་ནི་རྩེ་མོ་ཞེས། །ཁ་ཅིག་དེ་སྐད་འདོད་པའང་ཡོད། །སྔར་ནི་ཡོད་པར་མ་གྱུར་ལ། །རྩེ་མོ་ཐོབ་ནས་ཡོད་པས་ན། །འཕེལ་པ་ཞེས་ནི་བརྗོད་པ་ཡིན། །བཟོད་པའི་རྩེ་མོ་ཀུན་མཁྱེན་ཉིད། །གསུམ
གྱི་ཆོས་ནི་རྫོགས་པ་ཡིན། །དེ་གསུམ་ཆོས་ནི་སེམས་བསྐྱེད་སོགས། །སྔར་བཤད་པ་ཡི་རིམ་པ་རྣམས། །བཟོད་པར་བརྗོད་པར་འཐད་སྙམ་ན། །སྤང་བྱ་གཞི་ཤེས་རྫོགས་པ་དང། །ལམ་ཤེས་རྣམ་གཉིས་རྫོག་པ
དང། །རྣམ་ཀུན་བར་དུ་རྫོགས་པ་ལ། །རྫོགས་པའི་ཐ་སྙད་བཏགས་ཤེས་ཟེར། །རྩེ་མོ་ས་དགུ་ཡན་ཆད་ན། །རྫོགས་པར་ཡོད་པས་འགལ་བ་མེད། །དེ་སྐད་ཁ་ཅིག་རྗོད་པར་བྱེད། །ཤཱན་ཏི་པ་ཡིས་འདོད་པས་ནི།།
ཀུན་མཁྱེན་ཆོས་ནི་རྣམ་གསུམ་ཡང། །རང་བྱུང་དང་ནི་དེ་བཞིན་གཤེགས། །ཐམས་ཅད་མཁྱེན་པ་གསུམ་ལ་འདོད། །ཆོས་མཆོག་རྩེ་མོ་དཔག་མེད་ཀྱང། །ཏིང་ངེ་འཛིན་ལ་བརྟེན་ནས་སུ། །བསོད་ནམས་དཔག
ཏུ་མེད་པ་ནི། །རྩེ་མོ་རུ་ནི་བཤད་པ་ཡིན། །མཐོང་ལམ་རྩེ་མོ་སྤངས་པ་དང། །རྟོགས་དང་ཡོན་ཏན་རྩེ་མོ་ཞེས། །སྤངས་སོགས་ཞར་ལ་བྱུང་བ་སྟེ། །རྩེ་མོ་དངོས་ནི་ཕ་རོལ་ཕྱིན། །རེ་རེ་ལ་ཡང་དྲུག་དྲུག་ཏུ། །རྫོགས
པ་ཡིན་ཞེས་ཁ་ཅིག་ཟེར། །དེས་ན་མཐོང་ལམ་རྩེ་མོ་ནི། །རྗེས་ཀྱི་གནས་སྐབས་ན་ཡོད་ཟེར། །སྤང་བྱ་རྣམ་པར་རྟོག་པ་ནི། །གཟུང་འཛིན་གཉིས་སུ་བསྡུས་པ་སྟེ། །ཞིབ་ཏུ་ཕྱེ་ན་རེ་རེ་ལ། །ཡང་ནི་དགུ་དགུ་ཡོད་པ་ཡིན། །ཁམས
གསུམ་སྤང་བྱས་ཕྱེ་ན་ནི། །རྟོགས་པ་བརྒྱ་རྩ་བརྒྱད་ཡིན་ནོ། །གྲངས་ངེས་རྒྱུ་མཚན་ཡུལ་གྱིས་ཏེ། །ཆེ་འབྲིང་གིས་ཀྱང་ཟེར་བ་ཡོད། །ངོ་བོ་འཕྲུལ་པའི་ཤེས་པ་སྟེ། །རྟོགས་བཅས་རྟོགས་པ་མེད་པ་ཡིས། །འཁྲུལ་པ་གཉིས
ཀ་ཡིན་ཞེས་ཟེར། །ཤེས་བྱའི་སྒྲིབ་པ་ཁོ་ན་སྟེ། །ཉོན་མོངས་སྒྲིབ་དང་ཤེས་བྱའི་སྒྲིབ། །ལ་ལ་གཉིས་ཆར་ཡིན་པར་འདོད། །བདག་ཡོད་དུ་ནི་རྟོགས་ལ་སོགས། །དམན་པའི་རྟོག་པ་ཡིན་པ་དང། །བདག་མེད་དུ་ནི་རྟོག་ལ་སོགས
ངན་རྟོག་གིས་ནི་གཉེན་པོ་དག་། ཡ་ནི་ཞེས་འདོད་པ་མི་མཐུན་ནོ། །ལ་ལ་གཉིས་ཆར་ཟེར་བ་དེ། །འདི་འགྲེལ་ནི་ཐ་མ་གསལ། །ངན་རྟོགས་བསྐལ་པ་དཔག་མེད་ནས། །དེ་ཡི་གཉེན་པོའི་རྟོག་པ་ནི། །འཇིག་རྟེན་པ་ཡི་ལམ
ན་ཡོད། །སྤོང་བ་མཐོང་ལམ་བར་ཆད་མེད། །ཐེག་པ་ཆེན་པོའི་འདོད་པ་སྟེ། །ཉན་ཐོས་རྣམ་གྲོལ་ལམ་གྱིས་སོ། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན། །ཡོན་ཏན་དཔག་མེད་འདུ་བ་ནི། །སྒོམ་པ་ལམ་གྱི་རྩེ་མོ་ནི། །ས་བརྒྱད་ཡན་ཆད
ན་ཡོད་ཅེས་། ལ་ལ་འདོད་དེ་དཔྱད་ན་ནི། །ས་བཅུའི་གནས་སྐབས་ན་ཡོད་འདྲ། །སྤང་བྱ་རྟོགས་པའི་མཚན་ཉིད་ནི། །སྔར་བཤད་ཟིན་པས་བྱེ་བྲག་གི། མཚན་ཉིད་བསྟན་པར་བྱ་བ་ནི། །སེང་གེ་བཟང་པོའི་འདོད་པས་སུ། །ངེས
བར་འབྱེད་པའི་དུས་དག་ན། །ཡོད་པའི་ཕྲ་དོག་ཡིན་ཞེས་གསུང། །རྣམ་པར་གྲོལ་སྡེ་སྒོམ་ལམ་གྱི། །རྗེས་ཀྱི་ཤེས་པའི་གནས་སྐབས་ཀྱི། །དགེ་བ་ཟག་བཅས་ཡིན་ཞེས་ཟེར། །བར་ཆད་མེད་པའི་རྩེ་མོ་ནི། །ངོ་བོ་ཞེས་གནས་ལྷག་མཐོང་སྟེ། །བར་ནི
གང་གིས་མཆོད་ལ། །ཡོན་ཏན་རྫོགས་མང་མཚོན་ཉིད་ཡིན། །ཟློས་པའི་སྐྱོན་ནི་སྔར་སྤངས་ཏེ། །ས་མཚམས་རྡོ་རྗེ་ལྟ་བུ་ན། །མཉམ་གཞག་འབའ་ཞིག་ཡིན་པས་ན། །འདི་ཡི་དམིགས་པ་དངོས་མེད་ཡིན། །རང་གི་རྒྱུད་ལ་ལོག་པར་རྟོགས། །བཅུ
དྲུག་བསལ་ལ་སྐྱེ་བ་སྟེ། །ལོག་པར་རྟོགས་པའི་ངོ་བོ་ནི། །ཉོན་མོངས་ཤེས་བྱའི་སྒྲིབ་པ་སྟེ། །གཉིས་ཆར་ཟེར་ཏེ་ལ་ལ་ནི། །ཐ་མ་ཁོ་ན་ཡིན་པར་འདོད། །གྲངས་ངེས་མེད་དེ་སྡུད་པ་རུ། །ལོག་པར་བསྒྲུབ་པའི་མིང་གིས་སུ། །མང་དུ་བཤད་པར་འདུག
པས་སུ། །རྒྱས་བར་འདིར་ནི་སྤྲོ་མི་བྱ། །མཐར་གྱིས་ཕ་རོལ་ཕྱིན་པ་དྲུག། །རྗེས་སུ་དྲན་དྲུག་དོན་དམ་མོ། །ཕ་རོལ་དྲུག་དང་བསྒྲུབ་པ། །འཆོལ་དང་གོ་རིམ་ཡིན་པས་ནི། །ཟློས་སྐྱོན་མེད་དེ་དཀོན་མཆོག་གསུམ། །དེ་བཞིན་ཡིན་པས་ཟློས་སྐྱོན
མེད། །སྦྱིན་པས་ཚུལ་ཁྲིམས་གཉིས་དང་ནི། །གཏོང་དང་ཚུལ་ཁྲིམས་དྲན་པ་ཡང། །དངོས་དང་འབྲས་བུའི་ཆ་ནས་སུ། །བསྟན་པས་ཟློས་སྐྱོན་མེད་པ་ཡིན། །ལྷ་དང་དཀོན་མཆོག་དཔང་པོ་དང། །རྟེན་ཚུལ་ཡིན་པས་ཟློས་པ་མེད། །སྐད
ཅིག་བྱང་ཆུབ་རྣམ་བཞི་ནི། །ལྡོག་པས་དབྱེ་བ་ཡིན་པས་སོ། །རིམ་གྱིས་སྐྱེ་བ་མ་ཡིན་ནོ། །དང་པོ་གཉིས་ནི་འབྲས་བུ་ཡིན། །ཐ་མ་གཉིས་ནི་རྣམ་པ་ཡིས། །གྲངས་ངེས་ཡོད་པ་མ་ཡིན་ཡོང། །འབྲས་བུ་ཀུན་ནི་ད་རུ་འདུག་།སྐུ་ནི་གཅིག་གཉིས
གསུམ་བཞི་ལྔ། །གྲངས་མེད་འདོད་པ་དག་ཏུའོ། །རང་དང་གཞན་གྱི་དོན་གྱིས་སུ། །སྐུ་གསུང་ཞེས་ནི་བྱམས་པས་གསུང། །དང་དོན་ཆོས་སྐུ་གཉིས་པོ་ནི། རྒྱུད་དག་མ་དག་རྣམ་གཉིས་ཀྱིས། །དོན་དུ་གཟུགས་སྐུ་རྣམ་གཉིས་ཟེར། །མེད
སྡེ་ཐར་པ་ཆེན་པོ་ནས། །ངོ་བོ་ཉིད་སྐུ་གསུངས་པ་དང། །དོན་དམ་གྱི་ནི་བདེན་བ་དང། །གསུམ་པོ་དག་ཏུ་མ་འདུས་པས། །སྐུ་བཞི་ཞེས་ནི་སེང་བཟང་གསུང། །སྤྲུལ་པ་ཡི་ནི་སྤྲུལ་ལ་སོགས། །ཡོད་པས་སྐུ་ལྔ་གཞན་དག
ཟེར། །བདག་གཞན་ལོངས་སྤྱོད་རྫོགས་བས་སུ། །སྐུ་ལྔར་འདོད་པ་དོན་གསང་ཡིན། །ངོ་བོ་ཉིད་སྐུའི་ངོ་བོ་ནི། །དངོས་པོའི་གནས་ལུགས་ཡིན་པ་སྟེ། །ཆོས་སྐུ་གནས་ལུགས་རྟོགས་པ་ཡིན། །ཡེ་ཤེས་ཡིན་ནོ་སྐུ་གཉིས་ནི། །གཟུཌ
ལ་འཇོག་སྟེ་གཟུགས་དེ་ཡང། །འཁོར་གྱིས་སྣང་བ་འབའ་ཞིག་ལ། །འཇོག་པ་ཐོགས་མེད་མཆེད་ཀྱི་གཞུང། །གཉིས་ཀའི་སྣང་བ་ལ་འཇོག་པ། །ཕྱོགས་ཀྱི་གླང་པོ་ལ་སོགས་པ། །གཉིས་ཀའི་སྣང་བ་མ་ཡིན་པར། །འདོད་པ་ནཱ་གཱ
རྫུ་ན་སོགས། །ཡེ་ཤེས་ལྔ་པ་ཆོས་སྐུ་རུ། །ལ་ལ་འདོད་པ་ཡོད་ཀྱང་ནི། །བུད་དྷ་ཤྲཱི་ནི་འདི་ལྟར་འདོད། །མེ་ལོང་ཡེ་ཤེས་ཆོས་ཀྱི་སྐུ། །མཉམ་ཉིད་སོ་སོར་རྟོག་པ་ནི། །ལོང་སྤྱོད་རྫོག་སྐུ་སྤྲལ་པ་ནི། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །དེ་ལྟར
འདོད་པ་ཐ་དང་དོ། །ཆོས་ཉིད་ཡིན་པས་ཆོས་སྐུ་ཞེས། །ཁ་ཅིག་དེ་སྐད་འདོད་པ་ཡོད། །ཆོས་ཉིད་རྟོགས་དང་ཆོས་སྟོན་པས། །ཆོས་སྐུ་ཡིན་ཞེས་འདོད་པའང་ཡིད། །ངེས་པ་བཞི་སྟེ་འཁོར་དང་ནི། །གནས་དང་སྟོན་པ་ཚས་སུ
སྟེ། །དེས་ན་ཇི་ལྟར་འདོད་པ་རུ། །ལོངས་སྤྱོད་བྱེད་པས་ལོངས་སྤྱོད་སྐུ། །འཁོར་གྱི་ངེས་པས་བཅུ་པ། །འབའ་ཞིག་ཡིན་ཞེས་སེང་བཟང་གསུང། །ཤཱ་ན་ཧི་མཐོང་ལམ་ཡན་ཆད་ཀྱི། །བྱང་ཆུབ་སེམས་དཔའ་ཡིན་ཞེས་ཟེར། །གནས
ནི་འོག་མིན་ཆོས་དེ་ནི། །ཐེག་པ་ཆེན་པོ་ཁོ་ནའི་ཆོས། །སྟོན་པ་མཚན་དང་དཔེ་བྱད་ཀྱིས། །བརྒྱན་པའི་གཟུགས་ནི་ཁོ་ན་ཡིན། །མཚན་ནི་སུམ་ཅུ་རྩ་གཉིས་དང། །དཔེ་བྱད་བརྒྱད་ཅུང་བཤད་ཀྱང་དེ། །དཔག་ཏུ་མེད་པར་ཡོད་པ་སྟེ། །རེ་བ
གནས་མཚོན་ནས་དཔག་མེད་བཤད། །གདུལ་བྱའི་དོར་ནི་འདི་ཙམ་གྱིས། །སྐྱེས་བུ་ཆེན་པོ་མཚོན་པས་ནི། །མཚན་གྱི་མཚན་ཉིད་ཏག་ཏུ་བཤད། །ངོ་བོ་སྤྱིར་ནི་གཟུགས་ཡིན་ཡང། །ཕལ་དུ་དབང་པོ་ལྔ་ལ་འཇོག། སེམས་ཀྱི་རྣམ་དག།
མཚོན་པས་ན། །དཔེ་བྱེད་ཟེར་སྟེ་ཡང་ན་ནི། །མཚན་ནི་རྒྱན་པར་བྱེད་པས་ན། །དཔེ་བྱད་དུ་ཡང་འདོད་པ་ཡོད། །སངས་རྒྱས་མཚན་ཉིད་མ་ཡིན་ཡང། །ཇི་ལྟར་འདུལ་བར་སྤྲུལ་པས་ན། །གཟུགས་སྐུ་ཞེས་ནི་རྗོད་པ་ཡིན། །ངེས་པ་བཞི
དང་བྲལ་ནས་ནི། །ཇི་ལྟ་བ་དང་ཇི་ལྟ་བུར། །སྟོན་པ་སྤྲུལ་པའི་མ་ཡིན་ནོ། །དེ་ཡིས་མཛད་པ་ཉི་ཤུ་བདུན། །ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད། །འཇིག་རྟེན་འཇིག་རྟེན་འདའ་འགོད་དང། །སངས་རྒྱས་ལ་འགོད་རྣམ་གྲོལ
གསུང། །ཡང་ན་ཇི་ལྟ་ཇི་སྙེད་པ། །ཇི་སྙེད་རྟེན་དང་ལམ་བཞི་འགོད། །མཐར་ཐུག་ལ་འགོད་ཇི་ལྟ་བ། །བུད་དྷ་ཤྲཱི་ཛྙཱ་ན་ཟེར་རོ། །དེ་ལྟར་མཛད་པ་དཔག་མེད་ཀྱང། །ལམ་བདེན་རང་བཞིན་གནས་སྐབས་ཏེ། །མྱ་ངན་ཟླས་འགོད
འབྲས་བུང་འདོད། །ལྷུན་གྲུབ་རྒྱན་མི་འཚད་པ་ཡང། །ཐུབ་པ་ཁོ་ནའི་མཛད་པར་བཞེད། །བྷི་ག་ལ་སྐྱེས་དགེ་སློང་ནི། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །གཞུང་དང་བླ་མའི་གསུང་གིས་ནི། །ཕར་ཕྱིན་བསྡུས་དོན་སྒྲོན་མར
བྱ་བ། །དེ་དག་དྲི་མེད་གང་ཐོབ་བས། །འགྲོ་ཀུན་ལོག་རྟོག་རྣམ་སྤངས་ཏེ། །ཕ་རོལ་ཕྱིན་ཉིད་རྟོགས་ནས་ཀྱང། །གཞན་ལ་ཕན་ཕྱིར་སྟོན་པར་ཤོག་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ་ཞེས
བྱ་བ་དཔལ་མར་མི་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། ། །།པཎྜི་ཏ་དེ་ཉིད་དང་ལོ་ཙྪ་བ་མཁས་པ་ཆེན་པོའི་ཆེན་པོ་ཚུལ
ཁྲིམས་རྒྱལ་བས་བསྒྱུར། སླད་ཀྱི་དཔལ་བསམ་ཡས་ལྷུན་གྱི་གྲུབ་པའི་རིག་པ་འབྱུང་བའི་གནས་སུ་། དཱི་པཾ་ཀ་ར་ཤྲཱིཛྙཱ་ནས་ཉི་ཁྲི་བཤད་པའི
དུས་སུ་འདིར་བཤད་པ་ནས་བཏོན། ཕྱིས་ལོ་པཎ་གཉིས་ཀྱིས་བི་བར་ཏ་ཡིས་གསུངས་པ་དག་པའི་དཔེར་ཚུད་པའོ། །འདི་དཔེ་ཕྱི་མོ་དང་པི་བར་ཏ་དང་རྒྱ་དཔེ་གསུམ
མཆིམས་ཕུན།
CLOSE WINDOW