CLOSE WINDOW

N3966: སྒྲུབ་ཐོབ་རྒྱ་མཚོའི་ཁ་སྐོང་གི་ཆོས་ཚན་བདུན་ཅུ་རྩ་གཅིག་པོའི་དཀར་ཆག་
Wyliee-texts based on the ACIP/ALL Input

དཔལ་ཚོགས་ཀྱི་དབང་པོའི་སྒྲུབ་པའི་ཐབས་རྫོགས་སོ།། །།གསར་འགྱུར་ཉིད་དོ། དེ་ལྟར་ན་སྒྲུབ་ཐབས་རྒྱ་མཚོའི་ཁ་སྐོང་གི་སྒྲུབ་ཐབས་དང་ཆོས་ཚན་བདུན་ཅུ་རྩ་གཅིག་པོ འདི་རྣམས་ལས། འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། སྤྱན་རས་གཟིགས་རི་ཁྲོད་པའི་སྒྲུབ་ཐབས། ཨོ་རྒྱན་ལས་འབྱུང་བའི་འཇམ་དབྱངས་ཀྱི་སྒྲུབ་ཐབས། མི་གཡོ་བ་ཕྱག་བཞི་ལྷ་དགུའི་སྒྲུབ་ཐབས། མི་གཡོ བླ་མེད་གཙོ་རྐྱང་གི་སྒྲུབ་ཐབས། སེང་ལྡེང་ནགས་སྒྲོལ་གཙོ་འཁོར་ལྔ་པའི་སྒྲུབ་ཐབས། རལ་གཅིག་མའི་ཀུན་སྤྱོད་ཀྱི་གཞུང། དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ཨི་སྒྲུབ་ཐབས། རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས། རྡོ་རྗེ་ཉི་མའི སྒྲུབ་ཐབས། བདུད་རྩི་འོད་ཀྱི་སྒྲུབ་ཐབས། སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་གཅིག་།ལྷ་མོ་ཙུནད་ཕྱག་གཉིས་པའི་སྒྲུབ་ཐབས། ཕག་མོ་ཀུརྨ་ན?་ཏིའི་སྒྲུབ་ཐབས། ཕག་མོ་དམར་མོ་ཧཱུཾ་སྐྱེད་མའི་སྒྲུབ་ཐབས། གསང་འདུས་ལས་འབྱུང་བ་འཛམ་བྷ ལའི་སྒྲུབ་ཐབས། འདི་ཞབས་ལུགས་ཡིན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཉིད་ཀྱི་གསུངས་ཡིན་པར་སེམས། །ཁྲོ་བོ་རྡོ་རྗེས་འོག་གི་སྒྲུབ་ཐབས། རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས། ཁྲོ་བོ་འདོད་རྒྱལ་གྱི་སྒྲུབ་ཐབས། ཁྲོ་བོ་བྱུག་སྔོན་གྱི་སྒྲུབ་ཐབས གཤིན་རྗེ་གཤེད་རྣམ་རྒྱལ་གྱི་སྒྲུབ་ཐབས། གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས། ཕྱག་རྡོར་སྒྲུབ་ཐབས་དི་ན་ཀཾ་རས་མཛད་པ། ཙཎྜི་ཀཱའི་སྒྲུབ་ཐབས། ཙ་མུཎྜའི་སྒྲུབ་ཐབས། རང་བྱིན་རླབས་ཀྱི་མགོན་པོ་ཞལ གསུམ་པའི་སྒྲུབ་ཐབས། འདོད་རྒྱལ་དང་མགོན་པོ་སྤགས་མའི་སྒྲུབ་ཐབས། མགོན་དམར་ཕྱག་གཉིས་པའི་སྒྲུབ་ཐབས། མགོན་པོ་དཀར་པོ་ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས། ཚོགས་བདག་དཀར་པོ་ཞལ་ལྔ་ཕྱག་བཅུ་པའི སྒྲུབ་ཐབས། འདི་རྣབས་གསར་དུ་བསྒྱུར་བ་ཡིན་ཕལ་ཆེར་དཔལ་ཐར་པ་གླིང་གི་རྒྱ་དཔེ་ལས་རྙེད། འགའ་ཞིག་བལ་པོའི་དཔེ་ལས་བསྒྱུར་བ་ཡིན། །དེ་ལྟར་བདག་ཀུན་དགའ་སྙིང་པོས་གསར་དུ་བསྒྱུར་བའི་ཆོས་ཚན་སུམ་ཅུ་སོ་གཉིས་ལ་། རལ་གཅིག་མའི་ཀུན་སྤྱོད་མ་ལགས་པའི། གཞན་རྣམས་མངོན་རྟོགས་སྒྲུབ་ཐབས་རེ་རེ་བ་ཡིན་པས། གསར་འགྱུར་སྒྲུབ་ཐབས་སུམ་ཅུ་སོ་གཅིག་ཡོད་དོ། །ཡང་དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་ཀེ་ལ་དྷ་རས་མཛད་པ། གནས ཀྱི་དབང་ཕྱུག་མ་ཅེས་པ་སྒྲོལ་མའི་སྒྲུབ་ཐབས། བྱང་ཕྱོགས་ལས་འབྱུང་བ་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས། གཤིན་རྗེ་གཤེད་དགྲ་ནག་གཙོ་བརྐྱང་གི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྒྱས་པ་སུ་མ་ཏ་སིང་ཧས་མཛད་པ། དགྱེས་རྡོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ཀ་ལ་ཧཾ་ས་ཀུམ་རས་མཛད་པ། དགྱེས་རྡོར་ཕྱག་མང་གི་སྒྲུབ་ཐབས། ནག་པོ་རྡོ་རྗེས་མཛད་པ། ཕྱག་རྡོར་སྒྲུབ་ཐབས་བུདྡྷ ཀིརྟིས་མཛད་པ། ཡང་གོས་སྔོན་ཅན་གྱི་སྒྲུབ་ཐབས་གཅིག་།ཕྱག་རྡོར་སྒྲུབ་ཐབས་སྟོང་ཉིད་ཏིང་འཛིན་གྱིས་མཛད་པ། ཡེ་ཤེས་མཁའ་ལྡིང་གི་སྒྲུབ་ཐབས། མགོན་པོ་གྲི་གུག་མའི་སྒྲུབ་ཐབས། བྱ་བའི་རྒྱུད་ལས་འབྱུང་བ་མགོན་པོ ནག་པོའི་སྒྲུབ་ཐབས་ཏེ་མངོན་རྟོགས་བཅོ་ལྔ་དང། གཤིན་རྗེ་གཤེད་ཀྱི་འཁྲུལ་འཁོར། གཏོར་ཆོག་།རབ་གནས། སྦྱིན་སྲེག་།བྱ་བའི་སྦྱོར་བ་སྟེ་ཆོས་ཚན་ལྔ། དེ་ལྟར་ན་ཆོས་ཚན་ཉི་ཤུ་པོ་དེ་དག་སྔར་སྒྲུབ་ཐབས་རྒྱ་མཚོར་མ་ཆུག་ཀྱང། ལོ ཙ་བ་གཞན་དང་གཞན་གྱིས་བསྒྱུར་ཟིན་པ་ཡིན། ཕྱིས་སྒྲུབ་ཐབས་རྒྱ་མཚོ་ལས་འཐོར་བའི་རྒྱ་དཔེ་རྣམས་དང་བསྡུར་དུས། འགའ་ཞིག་ངོ་བོ་གཅིག་པ་ལ། སྔར་ལོགས་སུ་བསྒྱུར་བའི་འགྱུར་རྙིང་རྣམས་རྒྱས་ཤིང་ཚིག་སྣ་རིང་བ་འདུག་།སྔར བསྒྱུར་བའི་སྒྲུབ་ཐབས་རྒྱ་མཚོའི་ནང་ཚན་མང་པོ་ན། སྔོན་དུ་བརྗོད་པའི་ཆོ་གས་ཅེས། ཟུར་བཀའ་ཨི་སྒྲུབ་ཐབས་རྣམས་ལས། དོན་གཅིག་པ་མང་པོ་ཚིག་བསྡུས་འདུག་པ། འདི་དག་ཀྱང་དེས་མཚོན་པར་གོ་ནས། རྒྱ་དཔེ་ན་གང་ཡོད་རྣམས་བཀོལ ཏེ། ཚིག་རྣམས་འགྱུར་རྙིང་བཞིན་དུ་བྲིས་ཞུས་དག་གི་འགྱུར་བཅོས་ཅུང་ཟད་བྱས་པ་ཡིན་ནོ། །གསོ་སྦྱོང་རང་གིས་བླང་བའི་ཆོ་ག་།འཇམ་རྡོར་རྨ་བྱ་ལ་ཆིབས་པ་ལྷ་ལྔའི་སྒྲུབ་ཐབས། རལ་གཅིག་མ་དམར་མོའི་སྒྲུབ་ཐབས། ཤེར་ཕྱིན་གྱི མན་ངག་རྡོ་རྗེ་ལྟ་བུ་དང། ཤེར་ཕྱིན་མན་ངག་ཡིག་འབྲུ་གཅིག་པ། ནོར་རྒྱུན་མའི་རྟོག་པ་གཅིག་དང་ནོར་རྒྱུན་མའི་ལས་ཀྱི་མཛའ་ཨི་རྟོག་པ། ཨོ་རྒྱན་ལས་འབྱུང་བ་ཕག་མོ་ལྷ་ལྔའི་སྒྲུབ་ཐབས། མདོར་བསྡུས་ཕག་མོའི་སྒྲུབ་ཐབས་བྱ་བ་ན་རོ མཁའ་སྤྱོད་དང་ཕལ་ཆེར་མཐུན་པ་གཅིག་། སྐུ་གསུམ་ཕག་མོ་ཅེས་བྱ་བ་དབུ་བཅད་མའི་སྒྲུབ་ཐབས། ཞལ་གཉིས་མའི་སྒྲུབ་ཐབས་བསྡུས་པ་གཅིག་།ཡང་མདོར་བསྡུས་ཕག་མོའི་སྒྲུབ་ཐབས། བྱ་བ་སྒྲུབ་ཐབས་བརྒྱ་རྩ་ན་ཡོད་པ་གཅིག། རྣམ་རྒྱལ་གྱི་མཆོད་ཐབས་དང་གཏོར་ཆོ་ག་། གཤིན་རྗེ་གཤེད་ཕྱག་གཉིས་པའི་སྒྲུབ་ཐབས། བདེ་མཆོག་ཡི་གེ་བདུན་པའི་སྒྲུབ་ཐབས། མི་ཐུབ་ཟླ་བས་མཛད་པ། གཉིས་མེད་དཔའ་བོའི་སྒྲུབ་ཐབས་ཅེས་བྱ་བ་ལ?་བཞི་ཕྱག་བཅུ་གཉིས་པའི་མངོན རྟོགས། མདོར་བསྡུས་ཧེ་རུ་ཀའི་སྒྲུབ་ཐབས། ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས་མདོ་སྟེ། ཆོས་ཚན་བཅུ་དགུ་པོ་དེ་རྣམས་ལ། སྒྲུབ་ཐབས་ངེས་བཟུངས་ཅན་བཅུ་གཅིག་ཡོད། ནོར་རྒྱུན་མའི་ཆོས་ཚན་གཉིས་དང། ཕྱག རྡོར་གྱི་གཟུངས་ལའང་སྒྲུབ་ཐབས་ལོགས་པ་རེ་འབྱུང་དུ་རུང། གང་ལྟར་སྒྲུབ་ཐབས་རྒྱ་མཚོའི་ཐོ་ཡིག་གམ་སྡོམས། པཎྜི་ཏ་དཔལ་འཛིན་སྡེ་ཞེས་བྱ་བས་མཛད་པ་ཅིག་འདུག་པ། དེའི་ནང་ན་འདི་རྣམས་ཐེབས་འདུག་པས། འདིར བྲིས་པ་ཡིན་གྱི། འདི་རྣམས་ཀྱི་རྒྱ་དཔེ་མ་རྙེད་པས་འགྱུར་རྙིང་ཁོ་ན་མ་གཏོགས། ཞུས་དག་བྱེད་ངོ་མ་ཤེས། ཡིག་ནོར་བརྒྱུད་པར་མངོན་པའི་ཐེ་ཚོམ་གྱི་གནས་ཕྲན་བུ་འདུག་།འདི་དག་གི་ཡང་སྒྲུབ་ཐབས་རྒྱ་མཚོའི་རྒྱ་དཔེ་མཐོང་ན རྒྱས་བསྡུས་ཡོད་སྲིད། དཔལ་འཛིན་སྡེའི་སྡོམས་སམ། དཀར་ཆག་གི་ཡི་གེ་དེ་ཡང་ལོགས་སུ་བསྒྱུར་ཡོད། །དེ་དང་བསྟུན་ན་ད་དུང་སྒྲུབ་ཐབས་དགུ་དང། ལས་རིམ་གྱི་གཞུང་གཉིས་མ་ཚད་ཡང་རྒྱ་གར་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱི ཕྱག་ན། སྒྲུབ་ཐབས་རྒྱ་མཚོའི་དཔེ་ཡོད་པ་ལ། སྒྲུབ་ཐབས་རང་སུམ་བརྒྱ་ལྷག་ཙམ་ཡོད། གསང་སྔགས་དང་བརྒྱུད་ཀྱི་སྒྲུབ་ཐབས་གྲགས་ཆུང་བ་ཡང་མང་པོ་ཡོད་ཅེས་ཐོས་པས། སྔོན་སློབ་དཔོན་ཨ་བྷ་ཡ་ཀ་རས་སྒྲིག་པ་མཐོང པའི་སྐབས་ཀྱི་སྒྲུབ་ཐབས་ཐམས་ཅད། དཔལ་འཛིན་སྡེའི་དཀར་ཆག་ལ་འཁོད་པ་དེ་ལས་ཀྱང་མང་བཞིག་ཡོད་པ་འདྲའོ།། །།ཅེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། (བཀའ་བབས་གཞུ?་?་པའི་མན་ངག་གི་གཞུང་རྡོ་རྗེའི་ལཾ་བཟང་པོ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་རྗེ་ཤྲཱི་ཨཱ?་དྷེ?་རུ་ཀ་ཞི་བ་?་པས་མཛད་པ་བཞུགས་སོ།

CLOSE WINDOW