Wylie | e-texts based on the ACIP/ALL ![]() ![]() |
པྲ་ཎི་དྷཱ་ན་རཏན་རཱ་ཛ་ནཱ་མ། བོད་སྐད་དུ། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཇི་སྲིད་དུ་ནི་དུས་གསུམ་གྱི། །སེམས་ཅན་ཐམས
ཅད་མ་ཟད་པ། །དེ་སྲིད་སངས་རྒྱས་ཞིང་རྣམས་ནི། །རྡུལ་གྱི་གྱུར་བུར་གང་བ་ཡི། །རྡུལ་རྣམས་རེ་རེ་དག་ལ་ཡང། །དེ་ཡི་རྡུལ་མཚུངས་ཞིང་གནས་པའི། །ཞིང་དང་ཞིང་གི་སངས་རྒྱས་ལ། །རྡུལ་དེའི་གྲངས་ཀྱི་ལུས་རྣམས་ཀྱིས། །དེ་རྡུལ་སྙེད་དུ
ཕྱག་བྱས་ནས། །གཞན་ཡང་རྒྱལ་རྣམས་བསྟོད་བགྱི་ཞིང། །རྡུལ་དེ་དང་མཉམ་བསྐལ་པ་རུ། །གནས་ཏེ་རྩེ་གཅིག་རྟག་མཆོད་བྱ། །སྲས་བཅས་སངས་རྒྱས་ཆོས་ལ་ཕྱག་བགྱི་ཞིང། །དེ་དག་རྣམས་ལ་རྟག་པར་སྐྱབས་སུ་མཆི། །ལུས་དང་ཡོངས་སུ་གཟུང་
མེད་མེ་ཏོག་དང། །རིན་ཆེན་དེ་རྣམས་ལ་ཡང་རྟག་ཏུ་དབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས་བགྱི་ཞིང། །ཀུན་ནས་སྡིག་དང་རྣམ་པར་བྲལ་བར་བགྱི། །བསོད་ནམས་ཀུན་ལ་ཡི་རང་བདག་གི་ནི། །དག་པས་འགྲོ་ཀུན་མཆོག་གི་བྱང་ཆུབ་གྱུར།
ཁྱད་འཕགས་དམ་ཆོས་རབ་སྟོན་དུས་ཀུན་ཏུ། །རྫོགས་སངས་རྒྱས་བཞུགས་དམ་བཅའ་འབྲས་བཅས་གྱུར། །རྒྱལ་བ་རྣམས་ལ་རྟག་ཏུ་མཆོད་བགྱི་ཞིང། འགྲོ་ལ་ཕན་ཕྱིར་སངས་རྒྱས་ཉིད་གྱུར་ཅིག་།ཕྱོགས་བཅུ་ནམ་མཁའ་ཨི་མཐས་བླས་པའོ། །
སེམས་ཅན་ཀུན་གྱི་དོན་སྒྲུབ་ཆེད། །ཇི་ལྟར་འཇམ་དཔལ་སྤྱད་པ་སྤྱོད། །བདག་སྤྱོད་དེ་དང་འདྲ་གྱུར་ཅིག་།ཤེས་རབ་ཟབ་མོ་ཉིད་དུ་གྱུར་པས་བདག་།འཇམ་དཔལ་དང་ནི་མཚུངས་གྱུར་མཛའ་ཡས་པའི། །འགྲོ་བ་ཉམས་ཐག་ཞི་བྱེད་བརྩེ་བ་ཡི། །
དང་ཚུལ་འཇིག་རྟེན་དབང་ཕྱུག་འདྲ་བར་ཤོག་། ཀུན་ཏུ་བཟང་པོའི་འགྲོ་བ་རྣམས་ཀྱི་ཡིད། །དགའ་བྱེད་ཀུན་ཏུ་བཟང་པོ་དང་འདྲ་ཞིང། །བྱམས་པ་ལེགས་པར་འཕེལ་ལས་བློ་གྲོས་ནི། །བྱམས་པ་ཇི་བཞིན་ཉིད་དུ་འགྱུར་བར་ཤོག་།སྦྱིན་པས
ནམ་མཁའ་ཨི་མཛོད་དང་ཚུལ་ཁྲིམས་ཀྱིས། །རྣམ་འཕྲུལ་བློ་གྲོས་མཚན་རེ་བཟོད་པ་དང། །གུས་པར་སྦྱོར་བས་བརྩོན་པའི་བརྩོན་འགྲུས་ཀྱིས། །གདུད་བས་འཕགས་པའི་བརྩོན་འགྲུས་བཞིན་གྱུར་ཅིག་།བསམ་གཏན་གྱིས་ནི་རྣམ་པར་འགྱུར་བ་དང། །བྲལ
བའི་བློ་གྲོས་སྲིད་མོ་སྟོབས་དག་གིས། །ལག་ན་རྡོ་རྗེ་དང་མཚུངས་ཤཱཀྱ་ཐུབ། །སྟོན་པར་ཤེས་པ་རྡོར་སྙིང་འདྲ་བར་ཤོག་།བདེ་བར་གཤེགས་ལ་ཡོངས་སུ་དྲི་བ་ནི། །སྒྲིབ་པ་རྣམ་པར་སེལ་བ་བཞིན་གྱུར་ཏེ། །ལྷག་པའི་བསམ་པ་ཕུན་ཚོགས་བརྟན་པའི
བློ?། །རྟག་ཏུ་བརྟན་པའི་བློ་གྲོས་ལྟ་བུར་ཤོག་།རྫུ་འཕྲུལ་པར་ནི་གཞན་དུ་མི་འགྲོ་དང། །ཐབས་ལ་མཁས་པ་དྲི་མེད་གྲགས་དང་མཚུངས། །སེམས་ཅན་རྣམས་ལ་སྨན་དགེ་ཤིན་ཏུ་དགའ་། །རྟག་པར་ཤིན་ཏུ་དགའ་བ་ལྟར་གྱུར་ཅིག་།ཕ་རོལ་ཕྱིན
སོགས་རབ་ཏུ་འབྱེད་པ་ལ། །བློ་གྲོས་མི་བཟད་པ་དང་མཚུངས་གྱུར་ཅིང། །དཔག་མེད་ཕུན་ཚོགས་དབྱངས་ཀྱི་དེས་སྟོན་པ། །རྒྱུ་དང་མི་རྒྱུའི་བློ་ལྡན་ཇི་བཞིན་ཤོག་།རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པ་ལ། །སྐྱོ་མེད་ཡིད་ནི་ནོར་བཟང་ལྟ་བུ་དང།
དཔེ་མེད་ནམ་མཁའ་ཨི་ཆོས་རྣམས་ཉེར་སྟོན་པ། །ནམ་མཁའ་ཨི་སྙིང་པོ་ལྟ་བུར་བདག་གྱུར་ཅིག་།ས་བཞིན་འགྲོ་བའི་ཉེར་འཚོར་གྱུར་པ་ལས། །འགྲོ་ལ་མཉམ་པར་ཕན་བྱེད་ས་སྙིང་དང། །སློང་བ་རྣམས་ཀྱི་སྡུག་བསྔལ་གཞིལ་ལ་བདག་།རྟག་ཏུ
ཛམྦྷ་ལ་དང་འདྲ་བར་ཤོག་། རིན་ཆེན་ཆོས་སྟོན་པ་ཡིས་མི་ངས་པ། །བདག་ནི་ཆོས་འཕགས་ལྟ་བུར་འགྱུར་བ་དང། །ཤེས་རབ་ཕ་རོལ་ཕྱིན་པ་ཚོལ་བ་ལ། །བྱང་སེམས་རྟག་ཏུ་དུ་དང་མཚུངས་པར་ཤོག་།གཞན་ཡང་ཡོངས་སུ་བསྔོ་བ་བདུན
དག་ལ། །མཁས་པ་རྡོ་རྗེ་རྒྱལ་མཚན་ལྟ་བུ་དང། །མ་ལུས་བདུད་རྣམས་ཡོངས་སུ་རྫོགས་པ་ལས། །རྟག་པར་རིང་བ་རྒྱལ་བ་བཞིན་གྱུར་ཅིག་།དེ་ལྟར་ལྷག་པའི་བསམ་པས་ཡོན་ཏན་རྫོགས། །སྐྱོ་མེད་བསྒྲགས་པ་དེ་དང་དེ་ལས་ནི། །སྲས་བཅས་རྒྱལ
རྣམས་རབ་ཏུ་དགྱེས་པ་དང། །འགྲོ་བ་ཐམས་ཅད་རྟག་ཏུ་ཞི་གྱུར་ཅིག་།རྒྱལ་བ་སྲས་བཅས་པ་ཡི་ཡོན་ཏན་རྣམས། །མངོན་པར་འདོད་ལས་ཡང་དག་དགེ་ཐོབ་པ། །ཤིན་ཏུ་འཕེལ་བ་དེ་ཡིས་མཛའ་ཡས་པའི། །
འགྲོ་རྣམས་ཡོན་ཏན་ཚོགས་དེས་རབ་གནས་ཤོག་། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་??
བའི་པཎྜི་ཏ་ཆེན་པོ་གནས་བརྟན་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང། དཔེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས། དཔལ་བསམ་གྲུབ་རྩེའི་ཕོ་བྲང་དུ་བསྒྱུར་བའོ། །འདིས་ཀྱང་འགྲོ་བ་མཛའ་དག་སྨོན་ལམ་རིན་པོ་ཆེའི་རྒྱལ་པོའི་མཐར
ཕྱིན་པར་གྱུར་ཅིག། (།།དཔལ་ལྡན་བླ་མ་རྣམས?་ཀྱི་རིན་པོ་ཆེ་ལ་བསྟོད?་པ་བདུད་པ་བཞུགས་སོ།།)་།རྒྱ་གར་སྐད་དུ། སཔཏ་མི་རཏན་སྟོ་ཏྲཾ། བོད་སྐད་དུ། བསྟོད་པ་རིན་པོ་ཆེ་བདུན་པ། དཔལ་ལྡན་བླ་མ་མཆོག་གི་ཞབས་ལ་ཕྱག་འཚལ་ལོ།།།
བདེ་གཤེགས་རིང་ལུགས་དམ་པ་ཀུན་ཏུ་སྤྱོད་པའི་ངེས་པས་ཡུལ་གྱི་རྒྱལ་པོ་ནི་བ་ལང་གནས་པའི།
CLOSE WINDOW