CLOSE WINDOW

N3886: བདག་གི་རྣལ་འབྱོར་ཞེས་བྱ་བ
Wyliee-texts based on the ACIP/ALL Input

རིན་པོ་ཆེའི་སྙིང་པོ་དམ་པའི་ཕྲེང་བ་ལྟ་བུ་བསྒྲིགས་ཏེ་ཡི་གེར་སྤེལ་བ་རེ་ཤིག་གོ། །། *། (།དག་གི་རྣལ་འབྱོར་བཞུགས་སོ།།)་།རྒྱ་གར་སྐད་དུ། ཨཱཏཱ་ཡོ་ག་ནཱ་མ། བོད་སྐད་དུ། བདག་གི་རྣལ འབྱོར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་ལ་མཁས་པ་ཡིས། །སེམས་ཅན་རྣམས་ལ་རྗེས་བརྩེ་པས། །དངོས་གྲུབ་ཆེད་དུ་ལས་སྒྲུབ་ཐབས། །དེ་ནས་དེ་ལས་ཡང་དག་བཤད། །འཇིག་རྟེན་ཐར་ལ་བརྟེན་ཕྱིར་ཡང། ། འཁོར་ལོ་དྲུག་གི་ཆོ་ག་ཡང། །དེ་བཞིན་ལས་སྦྱོར་ཆོ་ག་ཡིས། །ལས་ཀྱི་སྒྲུབ་ཐབས་མཆོག་བྱའོ། །གང་ཞིག་རྣམ་པར་ཤེས་ཙམ་གྱིས། །སངས་རྒྱས་ཉིད་ནི་ངེས་ཐོབ་པ། །བདག་ཉིད་ཀྱི་ནི་སྒྲུབ་ཐབས་མཆོག་།དེ་ཕྱིར་དེ་ལས་བཤད་པར་བྱ། །དང་པོར་རེ ཤིག་བཤད་ལམ་ནས། །སུམ་མདོ་རུ་ནི་དགུག་བྱ་སྟེ། །སྒོ་བཞི་མདབ་མ་བཞི་པ་ལ། །གེ་སར་རྒྱན་གྱི་དགེ་བྱས་པ། །དེས་དབུས་ན་ངེས་ཕྱུང་བའི། །བན་དྷཱུ་ཀ་མཚུངས་ས་བོན་དམར། །དེ་ནས་འཁོར་ལོ་ལ་གནས་ལྷ། །ནག་པོ་འཇིགས་སུ་རུང་བའི་གཟུགས།། འཇིགས་བྱེད་ཅེས་བྱར་བསྒྲགས་པ་ནི། །འཇིགས་པ་འཇོམས་པས་འཇིགས་བྱེད་དོ། །གཉིས་པ་ལྟེ་བའི་དབུས་གནས་ཤིང། །ལག་འགྲོའི་རྣམ་པར་རབ་ཉལ་པ། །དེ་ལ་འཁྱིལ་བར་བསྒྲགས་པ་སྟེ། །འཆར་དང་ནུབ་པའི་རྒྱུ་ཡིན་ནོ། །མེ་ཡི་ས་བོན་རེ་ཕོས ཀྱང། །གྲུ་གསུམ་པ་ཅན་མེ་ཡི་ལྷ། །ཁ་དོག་དམར་ཞིང་ལུས་ཆེ་བ། །འབར་བའི་ཕྲེང་བའི་འོང་འཁྲིགས་པའོ། །གསུམ་པ་སྙིང་ཁའི་འཁོར་ལོ་ནི། །སུམ་ཅུ་རྩ་དྲུག་མདབ་མར་ཁྱབ། །པདྨའི་སྣ་ལ་མ་དང་འདྲ་ཞིང། །ཉི་མ་དང་མཉམ་གཟི་བརྗིད་ཅན། །སྣ ཚོགས་པདྨ་མདབ་བརྒྱད་ཀྱི། །ལྟེ་བའི་ཟེའུ་འབྲུ་ལ་གནས་པ། །ནཱ་ད་ཐིག་ལེར་ཡང་དག་ལྡན། །སེམས་ཀྱི་རྡོ་རྗེ་དེ་བཞིན་གཤེགས། །བཞི་པ་མགྲིན་པ་ལ་གནས་པའི། །རྩ་ཡི་ཚིགས་ཀྱིས་སྤྱོད་ཡུལ་ནི། །རྩ་རྣམས་ཐམས་ཅད་ཚོགས པ་སྟེ། །རྫུ་འཕྲུལ་ལ་སོགས་སྤྱོད་ཡུལ། །བཅུ་དྲུག་ཟླ་བའི་ཟེའུ་འབྲུ་ལ། །གསུང་གི་རྡོ་རྗེ་དེ་བཞིན་གཤེགས། །རྐན་དང་མགྲིན་པ་རྣམ་དག་ཆེད། །ཁ་དོག་དམར་པོ་དཔལ་ལྡན་ཆེ། །ལྔ་པ་ཚངས་པའི་བུག་པར་ནི། །དུམ་གསུམ་ནམ་མཁའ་ཨི་སྤྱོད་ཡུལ་སྟེ། ། ནམ་མཁའ་ལས་འདས་མཆོག་ཏུ་བྲ། ?་།ཐིག་ལེའི་གཟུགས་ཅན་དབྱིངས་དབང་ཕྱུག་།འཁོར་ལོའི་ངེས་པ་དྲུག་པ་རྐན། །ལྷ་རྣམས་ཀྱིས་ཀྱང་རྙེད་དཀའ་ཞིང། །ཟླ་བ་ཆུ་ཤེལ་དང་མཚུངས་པ། །འཛག་པ་ཞེས་བྱ་བསམ་པར་བྱ། །སོ་གཉིས་བདུད་རྩིའི་ཆ་ཤས རིགས་ཀྱི་ནི། །འཁོར་ལོར་གནས་པ་སྐུ་ཡི་རྡོ་རྗེ་སྟེ། །དེ་བཞིན་གཤེགས་པ་ཁ་དོག་དཀར་པོ་ཆེ། །རལ་པའི་ཅོད་པན་ལ་བརྒྱན་དཔལ་ལྡན་ནོ། །དེ་བཞིན་སྤྱི་བོའི་རྩ་བར་ནི། །འཁོར་ལོ་ཟླ་བ་ཟླུམ་པོའི བརྒྱན། །ཆོས་ཀྱི་དབྱིངས་དང་དེ་བཞིན་ལྷ?། །ཐིག་ལེ་ཡི་ནི་གཟུགས་རང་བཞིན། །ཡེ་ཤེས་རྣམ་ཤེས་སྦྱོར་བ་དང། །སུམ་ཅུའི་དབང་ཕྱུག་ཁྱབ་བྱེད་དེ། །རྫུ་འཕྲུལ་དངོས་གྲུབ་སྦྱིན་པ་དང། །ཐེར་བའི་ལམ་སྦྱིན་དེ་ཞེས་བྱའོ། །བདག་གི་རྣལ་འབྱོར ཞེས་བྱ་བ། །རྟོག་རྩེ་བའི་ཞབས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་ཤར་ཕྱོགས་པ་རྣ་ག་རའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར། །དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་བསྒྱུར་བའོ།། །། རྒྱ་གར་སྐད་དུ།

CLOSE WINDOW