Wylie | e-texts based on the ACIP/ALL ![]() ![]() |
། །རྒྱ་གར་ཤར་ཕྱོགས་ཛཱ་གད་ལིའི་པཎྚི་ཏ་བི་བུ་ཏི་ཙནྟྲས། དཔལ་ཁན་པའི་དུར་ཁྲོད་དུ་སྒྲ་རང་སྒྱུར་དུ་བསྒྱུར་པའོ།། །།ཕྱི་སྒྲུབ་ཀྱིས་རྟེན་འབྲེལ་པཎ་ཆེན་བྷི་བུ་ཏི་ཙནྟྲས་མཛད་པ་བཞུགས་སོ།། །།བླ་མ་མཆོག་ལ་ཕྱག་འཚལ་ལོ། །རྒྱལ་སྲས་ནཱ་རོ
པས་ཡི་གེ་བདུན་པ་སྒྲུབས་པས། །ལུས་མེད་མཁའ་འགྲོའི་ལུང་བསྟན་ཐོབ། །ཤར་ཕྱོགས་སུ་བླ་མ་འཚོལ་དུ་ཕྱིན། གུ་རུ་ཏིལློ་པ་བྱ་བ་གྲུབ་ཐོབ་ཐོས་སམ་བྱས་པས། བླ་མ་ཏི་སློབ་བྱ་བ་མ་ཐོས། སྦྲང་པོ་ཏིལློ་པ་བྱ་བ་འདི་ཀུན་ན་འདུག་ཟེར་རོ། །གཙུག་ལག་ཁང
དང་གཙུག་པུད་སྤྲ་བྷ་བྱ་བའི་སྒོན། རས་གྷ་འཇའ་ར་གྱོན་པའི་ཛོ་ཀེ་སྤྱན་རྩ་དམར་ཤིག་གེ་བྱས་པ་གཅིག་འདུག་པས། །ཉ་བསོན་པོ་ལྔ་བཟུང་ནས་དགེ་འདུན་གྱི་སྤྲོ་ཁང་དུ་བསྲེག་པས། དགེ་འདུན་རྣམས་ཀྱིས་སྡིགས་པས། ཁྱེད་མི་དགའ་བ་མི་བྱེད་གསུང་ནས། སེ
གོལ་སྡབས་ཏེ། ཉ་ཆུ་ཟང་དུ་བཅུག་པས་མ་ཤི་བར་འཁྱུག་གིན་འདུག་གོ། །དེར་ངེས་པར་ཏིལློ་པར་འདུག་སྙམ་ནས། མཎྜལ་རེ་ཕུལ་ཏེ། ཟབ་མོའི་གདམ་ངག་ཞུས་པས། ཐོག་མ་ཉིད་དུ་སྤྱན་ཅེ་རེ་གཟིགས་ནས་འདི་སྐད་གསུང། ཁྱོད་རྫོགས་བའི་སངས་རྒྱས་ཚེ་འདིར་སྔོན
དུ་བྱ་བར་འདོད་ན། ལམ་མཐར་ཐུག་ཟབ་མོ་བླ་མའི་ལམ། །མོས་གུས་མཐར་ཐུག་བླ་མའི་མོས་གུས། །སྒྲུབ་པ་ཟབ་མོ་བླ་མའི་སྒྲུབ་པ། །དམ་ཚིག་ཟབ་མོ་བླ་མའི་དམ་ཚིག། རྟེན་འབྲེལ་ཟབ་མོ་བླ་མའི་རྟེན་འབྲེལ། །འབྲས་བུ་མཐར་ཐུག་བླ་མའི་འབྲས་བུ།། སྡུག?
གསུམ་རྡོ་རྗེ་འཛིན་པའི་གོ་འཕང་བླ་མ་ལས་བསྒྲོང་པར་གྱིས་གཅིག་གསུང། སྒྲོན་ཤིང་འཚལ་བུ་ཤིང་འགལ་གསུམ་ལ་མེ་བཏང་ནས། འདིར་སྡོང་ནུས་སམ་གསུང། དེར་བླ་མའི་བཀའ་སྒྲུབ་པའི་ཕྱིར་དེར་འདུག་པས་མེས་ཚིག། གུ་རུའི་ཞལ་ནས། ཁྱེད་ཀྱིས་གུས
པའི་བསམ་པ་དང། དེའི་བཀའ་ཨི་བདེན་བ་ཡིས། །སྔ་མ་ཁོ་ན་བཞིན་དུ་ཤོག་།གསུངས་བས་བསོས་སོ། །དེར་དེས་ཤེས་སྐྱེས། ཡང་དག་པའི་གདམ་དག་ཞུས་པས། ན་རོ་པས། སྲིད་དང་འདས་པས་བསྡུས་པའི་ཆོས་རྣམས་ལ། །བླ་མ་རྡོ་རྗེ་འཛིན་པ་མ་ཡིན་པ།།
ཏིལློ་?་ཅི་ཡང་བསྟན་དུ་མེད། །གསུངས་སོ། །ཻནྡྲ་བྷོ་ཏིས་ཚོགས་ལ་སྤྱན་དྲངས་པའི་དུས་ན། མོས་གུས་མ་བཅོས་བ་བྱུང་བས། འཁོར་བའི་ཆོས་ལ་བཅོས་མ་དགོས་པའི་རྟོགས་པ་སྐྱེས། དེར་གུ་རུའི་མཁྱེན་བཞིན་འདི་སྐད་གསུངས། བླ་མ་ས་གཞིའི
རང་བཞིན་ལས། །རྒྱུ་དང་མི་རྒྱུའི་རྟེན་པ་བྱེད། །བླ་མ་ཡེ་ཤེས་མེ་ཆེན་ལ། །སྒྲིབས་གཉིས་བག་ཆགས་?་སེག?་པར་བྱེད། །བླ་མའི་བྱིན་རླབས་རླུང་གིས་ནི། །ཡོན་ཏན་གོང་དུ་གཡོ་བར་བྱེད། །བླ་མ་ཐུགས་རྗེའི་ཆུའོ་ལས། །འགྲོ་བ་གཉིས་ཀྱིས་བོས་སྐྱེད་མཛད། །བླ
མ་ཤེས་རབ་ཟླ་བ་ཡིས། །མ་རིག་མུན་པ་སེལ་བར་བྱེད། །བླ་མ་ཐབས་ཀྱིས་ཉི་མ་ཡིས། །ཉོན་མོངས་རླན་རྣམས་སྐེམ་པར་བྱེད། །བླ་མ་མཁའ་ལྟར་དག་པ་ལས། །ཕྱོགས་འཛིན་ཐམས་ཅད་འཇིག་པར་བྱེད། །བླ་མའི་བྱིན་རླབས་རླན་གྱིས་ནི།
ནད་རྣམས་ཐམས་ཅད་སེལ་བར་བྱེད། །བླ་མ་དཔག་བསམ་ཤིང་བཞིན་དུ། །འདོད་པའི་འབྲས་བུ་སྟེར་བར་བྱེད། །བླ་མ་ལ་ལྟོས་ཤེལ་བཞིན་དུ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །བླ་མ་ཡིད་བཞིན་ནོར་བུ་ལྟར། །ཕུན་སུམ་ཚོགས་པ་བསྐྱེད་པར་བྱེད། །དེ་ཕྱིར་དེ་ལ
དམ་པར་བྱོས། །ཞེས་གསུངས་སོ། །བླ་མ་གུས་པས་བརྟེན་པ། དཔལ་འཇིགས་མེད་གྲགས་པ་ལ། བླ་མ་ཏིལློ་པས་གསུངས་པའོ།། །།བླ་མ་སྒྲུབ་པའི་རྒྱ་བཞུང་ནང་སྒྲུབ་ནཱ་རོ་པས་མཛད་པ་བཞུག་སྟོ།། །།*། །རྒྱ་གར་སྐད་དུ། གུ་རུ་མི་ཏིན?་མ། བོད་སྐད་དུ།
བླ་མ་སྒྲུབས་པ།
CLOSE WINDOW