CLOSE WINDOW

N3755: རང་གནས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས
Wyliee-texts based on the ACIP/ALL Input

། །རྒྱ་གར་གྱི་མཁན་པོ་བླ་མ་ཝ་ལ་ཙན་ཏྲ་དང། བོད་ཀྱི་ལོ་ཙ་བ་སླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་པའོ།། །།མགོན་པོ་ཕྱག་དྲུག་པའི་གཞུང་? བརྩོད་བྲལ་སྔ་འགྱུར་ལ་འགྱུར་ཆད་བསབས་ཤིང་འགྱུར་བཅོས་པ་བཞུགས་སོ། །ོཾ་ན་མོ་མ་ཧཱ་ཀཱ་ལཱ་ཡ། རྒྱ་གར་སྐད་དུ། སྭསྠན་མཧཱ་ཀཱ་ལ་སཱདྷནཾ། བོད་སྐད་དུ། རང་གནས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས། རྗེ་བཙུན་ལ་ཕྱག་འཚལ་ལོ། །གདུལ་དཀའ་འབུལ་བ་སྡང་མཐར? བྱེད། །དེ་ཡི་སྒྲུབ་པ་རབ་བཤད་དེ། །ལྷ་དང་འབྱུང་པོ་འཇིགས་བྱེད་ཅིང། །དགྲ་དང་བགེགས་རྣམས་རྣམ་པར་ཉམས། །མ་ཞེས་བྱ་བ་ནཾ་སྒྱུ་མའི་དྲ་བ་དང་སྔགས་ཅན་ནོ། །ཧ་ཞེས་བྱ་བ་ནི་ཧཾ་ཡིག་དང་སྲིད་པ་དང་མྱ་ངན་ལས་འདས་པ་འཕྲོག པའོ། ། ཞེས་བྱ་བའི་ཡི་གེ་ནི་ཨམ་ཡིག་དང་སྐྱེ་བ་མེད་པའོ། །ཀཱ་ཡིག་ནི་རྒྱུ་ལས་གྲོལ་བ་བདེ་བ་དང་སྙིང་རྗེ་ཆེན་པོའོ། །ལ་ཞེས་བྱ་བའི་ཡི་གེ་ནི། ངེས་སྐྱེ་བ་མེད་པ་ལ་རྣམ་པར་རོལ་པའོ། །དེ་ལ་དུར་ཁྲོད་ལ་སོགས་པར་ནག་པོ་ཆེན་པོ་བསྒྲུབ པར་བྱའོ། །སྒྲོན་མ་ལྔ་དང་མྱོས་བྱེད་ལ་སོགས་པ་དམ་ཚིག་ལྷག་པར་གནས་པས་ཤྲཱི་ཧེ་རུ་ཀོཉཧཾ་ཞེས་ང་རྒྱལ་བྱའོ། །ཡི་གེ་ཧཱུཾ་ལས་ཡང་དག་པར་བྱུང་བ་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེའི་གུར་དང། ཕྱོགས་ཐམས་ཅད་དུ་རྡོ་རྗེའི་མེའི་འཁོར ཡུག་བསམ་མོ། །ོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། སྲུང་བའི་སྔགས་སོ། །ོཾ་ཊཀྐི་ཧཱུཾ་ཛཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པ་པཾ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨ་ཛྙ་པ་ཡ་ཏི་སརྦ་བིགྷྣན་ཀཱ་ཡ་ཝཀྩི་ཏ་བདྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུས་བཏབ་པའི་སྔགས་སོ། །ོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཨ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། བརྡུང་བའི་སྔགས་སོ་།དེ་ནས་ཇི སྐད་བཤད་པའི་མཆོད་པ་རྣམ་པ་བདུན་དང། །ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོཉཧཾ། སྟོང་པ་ཉིད་དང་མཚན་མ་མེད་པ་དང། འཇིག་རྟེན་མགོན་པོ་འོ་ས བོན་ཧྲི:ཞེས་ནམ་མཁར་བཞག་གོ་། ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་བསམ། །རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེས་པ། །དེ་རུ་ཡི་གེ་བྷྲུཾ་བསམ་མོ། །ཕྱི་རོལ་དུ་ནི་དུར་ཁྲོད་ཆེན་པོའོ། །ངོས་བཞི་དང་ནི་གྲ་བཞིར་ལྡན། ། སྒོ་བཞི་པར་ན་རྣམ་པར་བརྟག་། དེ་ཡི་དབུས་སུ་འཁོར་ལོ་ནི། །རབ་ཏུ་ཟླུམ་པོ་བྲི་བར་བྱ། །ཉི་མ་དང་ཧྲི:ཡིག་འོངས་པ་ཧཱུཾ་དུ་གྱུར་པ་ལས་རྡོ་རྗེ་གྲི་གུག་གོ་།དེ་ལ་ནག་པོ་ཆེན་པོ། །མུན་པའི་ཞལ་ཅན་སྤྱན་གསུམ་པ། གྲི་གུག་དང་ཕྲེང་བ བ་དང་ཅང་ཏེའུ་ནི་གཡས་པའི་ཕྱག་གསུམ་གྱིས་འཛིན་པ། དེ་བཞིན་དུ་ཐོད་པ་དང། མདུད་རྩེ་གསུམ་པ་དང། ཞགས་པ་ནི་གཡོན་པའི་འོ། །མཉམ་པའི་སྟབས་ཀྱི་གཾ་ཡིག་ལས་བྱུང་བའི་ལོག་འདྲེན་ནན་པ་སྦྲུལ་ནི་མི་རུས་དང དྲིལ་བུའི་ཕྲེང་བ་དང། མགོ་པོའི་ངོ་ཤལ་ཅན། སྟག་གི་ལྤགས་པ་གྲོལ་བ། ཆར་འཁྲུགས་པ། འབར་བ་ཆེན་པོའི་སྐུ། །གཞན་གྱིས་མི་ཐུབ་པ་ཕ་རོལ་འཇོམས་པའོ། །དཔྲལ་བར་སིནདྷུ་རའི་ཐིག་ལའོ། །ནག་མོ་ཆེན་མོ་ཧྲ:? ལས་བྱུང་བ། །ཁ་ཊཝཾ་ག་དང། ཐོད་པ་འཛིན་པས་ཕྲག་པ་ནས་འཁྱུད?་པ། །དེས་བྱིན་པ་གཉིས་ཀྱིས་མཁྱུད་པའོ། །གཡས་སུ་ནི་གཤིན་རྗེ་ཆོས་བེ་ཅོན་དང། ཞགས་པ་འཛིན་པ་གཡོན་དུ་ནི་དུས་མཚན་མའོ། །མདུན་དུ་ནི་ཏྲི་ཤུ་ལ་དང་ཀ་པཱ་ལ་འཛིན་པ་ཛཝ་ལི་ནཱའོ། །ཅང་ཏེ དང་ཐོད་པ་བསྣམས་པ། ཞིང་སྐྱོང་མ་ནི་རྒྱབ་ཏུའོ། །ཁུ་བ་དང། ཁྲག་དང། བདུད་རྩི་ལྔ་དང། སྒྲོན་མ་ལྔ་ནི་མཚམས་སུའོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་མོ་དང། །ཞགས་པ་མོ་དང། ལུ་གུ་རྒྱུད་མོ་དང། འབེབས་མའོ། མཚམས་རྣམས་སུ་ནི། གཤིན་རྗེ་སྲེག་མ་དང། ཕོ་ཉ་མོ་དང། མཆེ་བ་མོ་དང། བེ་ཅོན་མའོ། །མ་མོ་དགུ་ནི། གཅེར་མོ་གྲི་གུག་དང་ཐོད་པ་འཛིན་པའོ། །ོཾ་ཨཱ:ཧཱུཾ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་སོ། །ཀྵིཾ་ཛིཾ་ཁཾ གཾ་སྐཾ། པཾ་ཡིག་ལ་སོགས་པའི་སྔགས་སོ། །ཡེ་ཤེས་སེམས་དཔའ་དགུག་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་རྩལ་བ་ལྟར། །བདག་ཀྱང་རབ་ཏུ་སྒྲལ་བའི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ དིང་བདག་སྩོལ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་རྡོ་རྗེ་ལས་བྱུང་བ། །ཁམས་གསུམ་དག་གིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །གསོལ་བ་བྱ་བ་དང་དབང་བསྐུར་བ་རྡོ་རྗེའི་ཚིག་གོ་།མི་བསྐྱོད་དམ ཚིག་དབུ་རྒྱན་ལ། སྒོམ་ན་རབ་ཏུ་མཉེས་པར་འགྱུར། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི། །འདའ་?་བར་དཀའ་བའི་དམ་ཚིག་གོ་།ོཾ་བཛྲ་ས་མཱ་ཛ:སྦྱང་བའི་སྔགས་སོ། །ཛ:ཧཱུཾ་བཾ་ཧོ:བྱིན་གྱིས་བརླབས་པ་སྟེ་ཕྱག་རྒྱའོ། །དེ་ལ་སྔགས་འདི་དག་ནི་ལས ཐམས་ཅད་སྒྲུབ་པའོ། །ོཾ་བཛྲ་མཧཱ་ཀ་ལ་ཀྵིཾ་ཀྵ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཧཱུཾ་ཕཊ། རྩ་བའི་སྔགས་སོ། །ོཾ་ཤྲཱི་མཧཱ་ཀ་ལ་ཤྭ་ས་ནོ་པ་ཧ་རི་ཎེ་ཨེ་ཥོ་པ་ཤཙི་མ་ཀཱཉ་ལོ་ཡ་མཾ་དཾ་རཏན་ཏྲ་ཡ་ཨ་པ་ཀ་རི་ཎཾ་ཡ་དཾ་པྲ་ཏ་ཛྙཱ་སྨ་ར་སི། ཏ་དཱ་།ཻ་དཾ་དུཥྚཱཾ?། ཁ་ཁ་ཁཱ་ཧི་ཁཱ་ཧི་། མ་ར་མ་ར། གྲིཧྣ་གྲིཧྣ་།རྩ་སྔགས་འདི་ལ་རྒྱ་དཔེ་གསར་པ་ན་འདྲ་མན་དུ་འདུག་ཀྱན་སྔར་གྱི་བོད་ན་ཡོད་པ་ཉིད་དབང་བཙན་པར་བྱས་སོ།། བནདྷ་བནདྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀི་ན་མཱ་ར་ཡ་ཧཱུཾ་ཕཊ། ཕྲེང་བའི་སྔགས་སོ། །ོཾ་བཛྲ་ནཱ་ར་ཀྲཾ་ཀྲཾ?་ཧཱུཾ་ཧཱུཾ ཕཊ། སྭཱཧཱ། མཁའ་འགྲོ་མས་དབང་དུ་བྱེད་བའོ། །ོཾ་ཧཱུཾ་ཤྲཱི་ཡ། དེ་བི་ཀཱ་ལཱི་ཀཱ་ལཱི་མཧཱ་ཀཱ་ལི་ཧཱུཾ་བྷཡོ། ནག་མོ་ཆེན་མོའིའོ། །ོཾ་ཨཱ:མཧཱ་ཀཱ་ལཱི་དེ་བི་ཀཱ་ལ་བིཀྲཱནྟ་ཀཱ་རཱ་ཏྲི་ཙཎྜ་རཱུ་པི་ཎཱི་ཧཱུཾ་ཕཊ། དུས་མཚན་མའོ། །ོཾ་ཧྲཱི:ཀཱ་ལ་རཱུ་བ་ཧཱུཾ་ཁཾ། ཉི་མའི་བུའོ།། སྔགས?་འདི་ཡང་སྔ་འགྱུར་བོད་དེད?་དབང་བཅན་པར་བྱས་སོ། ། ཨོཾ་ཨཱ:ཀྲོ་དྷཻ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫཾ་ཧཱུཾ་ཕཊ། གཤིན་རྗེ་གཤེད་གྱིས་བྱིན་གྱིས་བརླབས་པའི་སྔགས་སོ། །ཐལ་མོ་སྦྱར་པ་ནི་གང་ཆེན་པོའི་དམ་ཚིག་གོ་།རྡོ་རྗེ་རྩེ་མོ་ལྔ་པ་ནི་ནག་མོའི་ཕྱག རྒྱའོ། །བྷ་ག་ལྟར་བྱས་པ་ནི་དུས་མཚན་མིའོ། །འཛུབ་མོ་བརྐྱང་བ་ནི་ཆོས་ཀྱི་རྒྱལ་པོའི་འོ། །ཕྱག་རྒྱ་འདི་དག་གིས་སྤྱན་དྲངས་ཤིང། མདུན་དུ་དམ་ཚིག་སྦྱིན་པ་སྟེ། ཨོཾ་བཛྲ་ཧ་ན་ཧ་ན་བཛྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ་ཕཊ། ཞེས་པ་ནི་སྔགས སོ། །ལྟེ་བར་བྷ་ག་ལ་གནས་པའི། རྡོ་རྗེ་རྣལ་འབྱོར་མ་བསམ་པར་བྱས་ན། །བདེ་བ་ཆེན་པོར་འགྱུར་ཏེ། འཇིགས་བྱེད་ཆེན་པོ་དང། དུས་མཚན་མ་མནན་པ་།གྲི་གུག་དང་ཐོད་པ་ཁ་ཊཝཾ་ག་འཆང་མ། སྟེང་དུ་ལྟ་ཞིང་དམར་མོ་? བའི་ལུས་ཅན་མའོ། །འདི་ལ་ནི་བཟླས་པ་མེད་དེ། གཞན་དུ་འདི་ཉིད་སྔགས་སོ། །གཤིན་རྗེ་གཤེད་ནི་ནག་པོ་ནག་དཀར་དམར་བའི་ཞལ། །འཁོར་ལོ་དང་རལ་གྲི་དང་བེ་ཅོན་དང། མདུང་དང། སྟ་རེ་དང། ཐོད་པ་བསྣམས པའོ། །དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་མ་ཧེ་ལ་ཞོན་པའོ། །གལ་ཏེ་དམ་ཚིག་ཉམས་པ་ལ། སློབ་དཔོན་རྡོ་རྗེ་སེམས་དཔས་བདག་ཉིད་ལ་སོགས་པ་བཀྲུ་བར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་དྲན་པ་བཟླས་པས་གསོལ་བ་བྱའོ། ཅོད་བན་གྱིས། བདག་ལ་སོགས་པ་ལ་དབང་བསྐུར་བ་བསྒོམ་ན། ལས་དང་དངོས་གྲུབ་རྣམས་འགྲུབ་པར་འགྱུར་རོ། །གཞན་ཡང་སྒྲུབ་པ་བཤད་པ། དབུགས་དབྱུང་བ་དང། དགང་བ་དང། རེངས་པ་དང། བུམ་པ་ཅན་གྱི་ལས ཀྱིས་ལུས་དག་པར་བྱའོ། །དེ་ནས་གདོལ་པ་མོ་འམ། གཞན་པའི་རིགས་ཀྱིའོ། །པདྨ་ཅན་ནམ། ཇི་ལྟར་རྙེད་པའི་མི་མོ། །བྷ་ག་བཟང་བ། རྩ་མཆོག་དང་ལྡན་པ། ལོ་བཅུ་གཉིས་མ་ལ་སོགས་པ་བླངས་ནས་དག་པར་བྱས་ཏེ རིམ་པ་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་བཙུན་མོའི་མཆོག་།སྤྱན་ལ་སོགས་པར་བསྒོམ་པར་བྱ། །ཡི་གེ་ཧཱུཾ་དང་ཨོཾ་དག་དང། །ཱ:དང་ཕཊ་ནི་རབ་བརྟག་བྱ། །འོད་ཟེར་སྣ་ལྔས་ཁྱབ་པ་ཡཾ། །པདྨ་རྡོ་རྗེ་རབ་བསྒོམ་བྱ། །མཐོང་བ་དང་ནི་རེག པ་དང། །ཙུམ་པ་ན་དང་རྟག་པར་མཁྲུད། །ཡེ་ཤེས་པདྨ་ཁ་བྱེ་བ། །རྡོ་རྗེ་སོར་མོ་ངེས་པར་བཞག་།འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ། །རྡོ་རྗེའི་ཕུར་བུ་ངེས་པར་གདབ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར འགྱུར། །དེ་ནས་དཔའ་བོས་མེ་ཏོག་ཆུ། །འཐུངས་ནས་སྔགས་ནི་རྗེས་དྲན་བྱ། །དབུགས་འབྱིན་བརྒྱལ་དང་རྒོད་པ་དང། །སྒེག་པའི་གར་ནི་ངོ་མཚར་བས། །ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོས། །མྱུར་དུ་བདེ་བ་ཐོབ་པར་འགྱུར། །བུ་མོ་ཡང་གསུངས པ། ལྕེ་སྦོམ་མིག་ནི་དམར་སེར་ལ། །རྩུབ་ཅིང་སྤུ་ནི་དམར་སེར་ཡིན། །དེས་ཀྱང་གྲུབ་པར་འགྱུར་བ་སྟེ། །རིག་མ་ཆེན་མོ་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །འདོད་པའི་ལོངས་སྤྱོད་དག་གིས་ནི། །ཇི་ལྟར་འདོད་པ་བསྟེན་ན་འགྲུབ།། ཅེས་གསུངས་སོ། །ལས་ཀྱི་ཕྱག་རྒྱའོ། །པ་ལང་ཤ་དང་རྟ་ཤ་དང། །ཁྱི་ཤ་དག་དང་སྣ་ཚོགས་པས། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །གཏུམ་མོ་རང་གི་ལུས་ལས་བྱུང་བས་དབྱེར་མེད་པའི་སེམས་བསྒོམ་བར་བྱའོ། །ཆོས་ཀྱི་ཕྱག་རྒྱའོ དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་པོ་དང་ས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཆོས་རྣམས་དངོས་པོ་མེད་པ་ལ། །ཆོས་གྱི་དེ་ཉིད་ཀུན་བཤད་པ། །ེ་མ་ངོ་མཚར་ལས་བྱུང་བ། ། ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཕྱག་རྒྱ་ཆེན་པོའོ། །ལུས་དང་ངག་སེམས་རྡོ་རྗེ་ལ། །རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ། །ལུས་དང་ངག་སེམས་ལ་སྤྲོས་པས། །རྡོ་རྗེ་འཇམ་བ་འདྲ་བར་འགྱུར། །དཔག་ཚད་བརྒྱ་ཡི་ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད དག་གིས། །རྒྱན་རྣམས་ཀུན་གྱིས་བརྒྱན?་པ་ཡིས། །དག་པའི་བདག་ཉིད་སྣང་བར་འགྱུར། །འདི་ཉེ་བར་མཚོན་པ་ནི་ཀུན་བརྟགས་ཏེ། །དམ་ཚིག་གི་ཕྱག་རྒྱའོ། །དེ་དག་ནི་བསྙེན་པའོ། །དེ་ལྟར་རྟག་ཏུ་གོམས་པ་ན་རིག?་པའི་བརྟུལ? ཞུགས་སྤྱད་པས་བདག་ཉིད་ནག་པོ་ཆེན་པོར་འགྱུར་རོ། །གཞན་ཡང་རྗེ་བཙུན་གྱི་སྐུ་གཟུགས་ཟླ་མཚན་གྱི་རས་སམ། གཡུལ་གྱི་རོངས?་ལ་གསང་བས་བྲིས་ཏེ་བྱིན་གྱིས་བརླགས་ནས། །ནག་པོ་ཆེན་པོ་གང་ཡིན་བདེ་རྡོ་རྗེ་སློབ་དཔོན་དུ་བསམ་པས། རི་མོའི? མདུན་དུ་མཆོད་པ་དང། འདུག་དང་ཤ་ཆེན་པོ་དང་གུ་གུལ་གྱི་གདུག་པ་ཕུལ་ནས་གསོལ་བ་གདབ་པར་བྱའོ། །ོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཨཱ་གཙྪི་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ནག་པོ་ཆེན་པོ་ཉིད་འོངས་ནས་ཅི་འདོད་ཅེས་སྨྲའོ། །དེ? ཀྱང་ནག་པོ་ཆེན་པོར་མཛོད་ཅིག་ཅེས་བྱས་ན། བདག་ཉིད་ནག་པོ་ཆེན་པོར་འགྱུར་རོ། །རིལ་བུ་དང། མིག་སྨན་དང། རོ་དང། རལ་གྲི་ལ་སོགས་དང། ལས་ཐམས་ཅད་སྟེར་རོ། །ཆོ་ག་འདི་ཁོ་ནས་ནག་མོ་ཆེན་མོ་ལ་སོགས་པ་འགྲུབ་པར་བྱའོ། ཡང་ལང་ཚོ་དང་ལྡན་པའི་བུ་མོའི་མགུལ་ནས་འཁྱུད་ནས་ནག་མོ་འམ། དུས་ཀྱི་མཚན་མའི་གསང་སྔགས་དང་བཅས། ཛྲཱ་ལ་ཡ་ཛཝཱ་ལ་ཡ་ཞེས་བརྗོད་ན་འབར་བར་འགྱུར་རོ། །དེ་བཟུང་སྟེ་སྤྱོད་པ་སྤྱད་པས་བདག་ཉིད་ནག་པོ་ཆེན་པོ་དང་མཚུངས་པར འགྱུར་རོ། །དེ་བཞིན་དུ་ཕྱག་མཚན་རྣམས་དང། ལྷ་དང་འབྱུང་པོ་ཐམས་ཅད་ནག་པོ་ཆེན་པོའི་བཀས་མདག་གཞུག་ཏུ་བྱའོ། །ོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་བཛྲ་ཨ་མུ་ཀཾ?་སཱ་དྷ་ཡ་སཱ་དྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། མཚོན་ཆ་སྒྲུབ པའི་སྔགས་སོ། །ོཾ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྞན་བི་ནཱ་ཡ་ཀ་ཨཱ་ཛྙཱ་ཡ་ཨ་མུ་ཀཾ་།ཱ་ཀརཥ་ཡ་ཨཱ་ཀརཥ་ཡ་ཨ་མུ་ཀཾ་སཱ་དྷ་ཡ་སཱ་དྷ་ཡ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་སྒྲུབ་པའོ། །ཡང་ན་རྡུལ?་ཚོན་ལ་སོགས་པའི་དཀྱིལ འཁོར་བྲིས་ནས་ཀྱང་སྒྲུབ་སྟེ། མཚན་མ་མཐོང་ཞིང་འཇིགས་པ་མེད་པའི་རྣལ་འབྱོར་པས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཅི་སྟེ་མ་གྲུབ་ན་དྲག་ཤུལ་སྦྱོར་བ་བྱའོ། །དེ་དག་ནི་སྒྲུབ་པ་ཆེན་པོའོ། །གཞན་ཡང་ལས་ཀྱི་སྦྱོར་བ་ཕྲ་མོ་དག་ཀྱང སྒྲུབ་སྟེ། རྩེ་གཅིག་ཏུ་མ་གྱུར་པས་ཀྱང་ངོ། །གཤིན་རྗེའི་འཁོར་ལོ་དུར?་ཁྲོད་ཀྱི་རས་ལ་དུག་དང་ཁྲག་?་ཤེ་ཚེ་དང། ལན་ཚ་དང། དྷ་དུ་རས་བྲིའོ། །ལྟེ་བ་དང་ཁང་པ་སུཾ་ཅུ་རྩ་གཉིས་ལ་ཡི་ཤེས?་བཅུ་བདུན་དག་ནག་པོ་ཆེན་པོ་དང་གཤིན་རྗེ་གཤེད་ཀྱི་སྔགས ཀྱི་བསྐུལ་བ་དང་བཅས་པ་བྲིའོ། །ཡཀྵེ་མ་མེ་ད་ཛ་ས་དོ་རུ་ཡཙྪ་ནི་རཱ་ཎ་ཡོ་ནི་ར། དེ་ཉིད་ཉ་ཕྱིས་གཉིས་ཀྱི་དབུས་སུ་བཞག་ནས་བསྐུལ་བར་བྱས་ན་ཉི་མ་བདུན་གྱི་གསོད་པར་བྱེད་དོ། །དེ་བཞིན་དུ་དེ་དང་ངའི་ཆོ་ག་ལས་ཐམས་ཅད སྒྲུབ་པ་སྟེ། འཁོར་ལོ་འདི་ནི་ཆེན་པོའོ། །གཞན་ཡང་འཁོར་ལོ་རྩིབས་བརྒྱད་པ། ལྟེ་བར་རྩ་བའི་སྔགས་དང། ཕཊ་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་བྲིས། ཁ་ཁ་ཁཱ་ཧི་ཁཱ་ཧི་ཡ་མུ་ཀཾ་མཱ་ར་ཡ་ཕཊ། ཅེས་བྱ་བ་ལ་སོགས་པ་ཡང་རབ་ཏུ བྲིས། ཕྲེང་བའི་སྔགས་ཀྱིས་ཕྱི་རོལ་ནས་བསྐོར་བའི་འཁོར་ལོ་འདིས་ཀྱང་དྲག་ཤུལ་ཐམས་ཅད་སྒྲུབ་པར་བྱེད་ཅིང། སྔགས་དང་འཁྲུལ་འཁོར་འཆིང་བ་དང་གཅོད་པ་དང། བྱིས་པའི་གདོན་རྣམས་ཀྱི་གནོད་པ་ཐམས་ཅད་དང། ཉེ་བར འཚེ་བ་ཐམས་ཅད་དང། །མི་མཐུན་པ་ཐམས་ཅད་བསྲུང་པར་བྱའོ། །ནག་པོའི་བཀས་མ་མོ་རྣམས་དང། གནོད་སྦྱིན་རྣམས་དང། གཤིན་རྗེ་རྣམས་དང། སྲིན?་པོ་རྣམས་དང། ལྷ་མིན་རྣམས་དང། འབྱུང་པོ་རྣམས་དང། གྲོང་ཁྱེར་སྐྱོང་བ་རྣམས་བསྐུལ་ནས་ཀྱང་ལས་སྒྲུབ་པོ། །ནག་པོ་ཆེན་པོ་ལ་གཏོར་མ་སྦྱིན་ཏེ་ལས་རྣམས་བསྒྲུབས་པར་བྱ། །སྲེག་བླུགས་དག་ཀྱང་དབུལ་ལོ། །མི་རུས་ལས་བྱུང་ཕུར་བུ་འམ། །ཡང་ན་སེང་ལྡེང་རྩེ་ལས་སྐྱེས། །ལྕགས ལས་བྱས་པའི་ཕུར་བུ་དག་། སྙིང་ག་ནས་ནི་རྐང་པའི་བར། །ཕུར་བུ་བཏབ་ན་མྱུར་དུ་འཆི། །དགྲ་བོའི་བཤད་གཅི་ལས་གཟུགས་བརྙན་བྱས་ཏེ། ཨཱ་ཀརཥ་ཡ་ཛ:ས་བཀུག་ནས། ཨོཾ་བཛྲ་མཧཱ་ཀཱ་ལ་ཀྵི་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་བཛྲ་ཀི་ལི་ཀཱི་ལ། ཡ སརྦ་ཤ་ཏྲུན་བནདྷ་ཧཱུཾ་ཕཊ། འདིས་གདབ་པོ། །ད་ནི་དྲག་ཤུལ་གྱི་སྦྱོར་བ་ཐམས་ཅད་པ་བཤད་པ་ནམ་མཁའ་རྡོ་རྗེའི་སྲིན་པོ་ནི། དྲག་ཅིང་ཁྲོ་བོ་རབ་གཏུམ་དང། །ཝ་དང་བྱ་རོག་སྣ་ཚོགས་དང། །བྱ་རྒོད་ཁྱི་ཡིས་གང་བར་བསྒོམ། །མེ་ཡི དཀྱིལ་འཁོར་དབུས་གནས་པར། །དགྲ་པོ་རྣམས་ནི་སྐྲག་པར་བསྒོམ། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །སངས་རྒྱས་སྐུར་ནི་རྣམ་བསྒོམས་ལ། དགྲ་བོ་བསང་པར་བསམ་ནས་སུ། །དེ་ནས་ལས་རྣམས་བརྩམས་པར་བྱ། དེ་ལ་དཀྱིལ་འཁོར་པ་དེ་རྣམས་ཀྱིས་དེའི་ལུས་བཏང་ཞིང། དེའི་བསྲུང་པའི་ལྷ་རྣམས་ཀྱང་བཀུག་ནས་རང་ཉིད་ལ་ཐིམ་པར་བྱའོ། །ཕུར་བུས་བཏབ་ཅིང་མཚོན་ཆས་བཅད་པར་བྱའོ། །བསོད་ནམས་གང་གིས་ཚེ་འདིར་སྲུང་བ་རྣམས་ཀྱང་སྔགས པས་བླང་བར་བྱས་ལ། འབྱུང་པོ་གང་དག་སྲུང་བ་བྱེད་པ་རྣམས་ལ་གཏོར་མ་སྦྱིན་པ་དང། ཕུར་བུས་གདབ་པོ། ཨ་མུ་ཀ་ཀྵ་སམཔུ་ཊཱ་དི་རཀྵ་མནྟྲ་དེ་བ་ནཱཾ། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། །ཕུར་བུ་བསྐུལ་བའི་སྔགས་དང། ཕྲེང་བའི་སྔགས དང་བཅས་པ་ནི་གདབ་པའི་སྔགས་སོ། །མཁའ་འགྲོ་མ་རྣམས་ཀྱིས་དེའི་ལྟེ་བ་བཅང་ཅིང། །སྙིང་གའི་ཐིག་ལེ་དབྱེ་བར་བསམ་མོ། །རྒྱུ་མ་རྐང་དང་ཁྲག་ལ་སོགས། །ཐམས་ཅད་དྲངས་པར་རྣམ་བསྒོམས་ཏེ། མཚོན་ཆ་སྣ་ཚོགས་ཐོགས་པས མནན། །བསྒོམས་ན་དགྲ་རྣམས་འཆི་བར་འགྱུར། །བླ་མའི་ཞལ་གྱི་མན་ངག་གིས་མཚོན་ཆ་དྲུག་པོ་དག་གས་སྤྲིན་གྱིས་ཆར་དབབ་པའོ། །གཞན་ཡང་མནན་པ་དང། སྡང་བ་དང། སྲིན་པོས་འཛིན་པ་དང། རིམས་དང། བསྐྲད་བ་དང། རྨུགས་པ་དང། དབང་དུ་བྱེད་པ་དང། བུ་མོ་འགུགས་པ་དང། ཞི་བ་དང། རྒྱས་པ་ལ་སོགས་པ། དེ་དེའི་ཆོ་གས་བྱ་སྟེ་སྐད་ཅོག་གཅིག་གིས་འགྲུབ་པར་འགྱུར་རོ། །དབང་བསྐུར་བ་ལ་འདི་སྦྱིན་བྱ། །གཞན་དུ་ཁྲོ་བོ གཏུམ་པོས་གསོད། །དངོས་གྲུབ་ཀུན་གྱི་སྦྱོར་སྒྲུབ་པ། སློབ་དཔོན་བཀའ་ལས་དོན་ཡོད་ཡིན། །ཞེས་པ་འཇིགས་རྟེན་དབང་ཕྱུག་མ་ཧ་ཀཱ་ལའི་སྒྲུབ་ཐབས་རང་གནས་པ་ཞེས་བྱ་བ་དེ་བཱ་ཨ་ཀ་རས་མཛོད་པའོ། །འདིའི་འགྱུར་རྙིང་གྲུབ་ཆེན་ཚུལ མགོན་ཉིད་ཀྱིས་མཛད་པ་ལས། །སྔགས་རྣམས་ཕལ་ཆེར་ཞལ་བཞེས་ཀྱི་དབང་དུ་མཛད་པའང་བས་དཀྱུས་ན་མེད། མཛད་བྱང་བྲམ་ཟེ་རཏན་ཕ་ལས་མཛད་ཅེས་འབྱུང་བ་ལ་བར་སྐབས་སུ་མཆན་བུ་དཀྱུས་སུ་ཤོར་བ་སོགས་ལྷག་ཆད་ནོར་སྤྱོད? ཤིན་ཏུ་མང་པོ་སྣང་བ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་པུ་རྟ?་བཛྲ་བའི་ཞབས་ཀྱི་རྒྱ་དཔེ་དང་བསྟུན་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་འགྱུར་ཆད་མང་དུ་བས་བས་ཤིང། གཡར་ཁྲལ་དུ་ཞུས་ཐུག་བྱས་པའོ།། །། རྗེ་བཙུན་ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་མན་ངག་མདོར་བསྡུས་པ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཆེན་པོ་ཞི་བ་སྨས?་པས་མཛད་བའོ?་། །རྒྱ་གར་སྐད་དུ། བྷཊཊ་ར་ཀ་ཤྲཱི་མཧཱ་ཀཱ་ལ་སདྷཱོ་ན་པ་དེ་ཤ་སདཀྵིཔཏ། བོད་སྐད་དུ། རྗེ་བཙུན་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས མན་ངག་མདོར་བསྡུས་པ།

CLOSE WINDOW