CLOSE WINDOW

N3753: དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ
Wyliee-texts based on the ACIP/ALL Input

བོད་ཀྱི་ལོ་ཙྪ་བ་གླུན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་གུས་པར་བསྒྱུར་བའོ།། །།དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། ཤྲི་མཧཱ་ཀ་ལས་དྷ་ན་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །ཁྲོ་བོ་གཏུམ་པོ་གདུག་པ་འདུལ། །ཐུགས་ཀྱི་སྤྲུལ་པ་ནག་པོ་ལ། །གུས་པས་ཕྱག་བྱས་དགྲ་པོ་རྣམས། །བསད་པར་འདོད་པས་སྒྲུབ་ཐབས་བྲི། །དུར་ཁྲོད ལ་སོགས་དབེན་པའི་གནས། །འབྱུང་པོ་གནས་པར་དཀྱིལ་འཁོར་བརྩིགས། །གྲུ་གསུམ་ཁྲུ་ཕྱེད་མཐུར་བཀོས་ལ། །སྒྲུབ་བྱའི་རྫས་རྣམས་ཚོགས་པ་དང། །རང་ཉིད་རྡོ་རྗེ་འཛིན་བསམས་ལ། །མདུན་དུ་ཨེ་ནད་རོ་སྟེངས་སུ། །ཧཱུཾ་ལས་ནག་པོ་ཆེན་པོ བསྐྱེད། །ཞལ་གཅིག་ཕྱག་གཉིས་བརྐྱང་བསྐུམ་བཞུགས། །གཡས་པ་གྲི་གུག་ནམ་མཁར་གདེངས། །གཡོན་པ་ཐོད་པ་དམར་གྱིས་བཀང། །གསོལ་བའི་ཚུལ་དུ་ཐུགས་ཁར་བཟུང། །མགོ་བོའི་ཕྲེད་བས་དོ་ཤལ་བྱས། །ཁ་ནས་ཧཱུཾ་བརྗོད་དགྲ་བོ་གསོལ།། ཤ་ལྔ་བདུད་རྩི་རྣམ་ལྔ་ཡི། །གཏོར་མས་མཆོད་ལ་བསྟོད་བྱ་སྟེ། །དེ་རྗེས་ཕྲིན་ལས་བཅོལ་བར་བྱ། །འོཾ་མ་ཧཱ་ཀ་ལ་བྷ་ལིང་ཏ་པུ་ཙ་བྷོ་དི་ཁ་ཁ་ཁཱ་ཧི་ཁཱ་ཧི། །གཏོར་མ་དབུལ་བའི་སྔགས་སུ་གསུངས། །ོཾ་བཛྲ་ཀྲོ་ཏ་མ་ཧ་ཀ་ལ་ཡཾ། ཤ་ཏྲུཾ་ཙི་ཏ་ཀྲོ་ཏིང དུན་ཛ། དྲག་པོས་གསད་པའི་སྔགས་སོ། །འོཾ་མཧཱ་ཀ་ལ་གྷུ་ན་ཧྲི་ཏ་ཧཱུཾ་ཕཊ། །ཡི་གེའི་གྲངས་ཀྱི་བསྙེན་པ་བྱ། །རྟགས་བྱུང་ལས་ལ་སྦྱར་བྱ་སྟེ། །ཚ་བ་གསུམ་ལ་ལིང་ག་བྱ། །སྒྲུབ་བྱའི་མིང་རུས་སྙིང་གར་བཅུག་།འབྲུབ་གནས་བཅུག་ལ་ཤི་སྐྲས བཏགས། །ཕུར་བུ་དག་ལ་སྟོང་བྱ་ལ། །ཉིན་མཚན་ཆོ?་མཐུན?་གྱིས་བྲབ། །རྟགས་བྱུང་ནས་ནི་བསྲེག་པའམ། །གནན་པ་བྱས་པར་གྱུར་ན་ནི། །གང་ཡིན་དེས་པར་བརླག་པར་འགྱུར། །སྐབས་སུ་ཕྲིན་ལས་འདིས་ཡིས་བསྐུལ། །ཧཱུཾ་དཔལ་ལྡན་ནག་པོ ཆེན་པོ་ནི། །བསྐལ་པའི་མེ་དཔུང་ནང་ནས་བཞེངས། །མི་རོའི་སྟེང་ནས་སྐུ་བྱུང་བ། །མདོག་ནག་ཐུང་ལ་བསུས་པ་ཆེ། །ཡོན་ཏན་རྫོགས་པའི་ལྷ་ཁྱོད་ཀྱིས། །དགྲ་བགེགས་གདུག་བ་མྱུར་དུ་བསྒྲོལ། །གཡས་ཀྱི་ཕྱག་གི་གྲི་གུག་གིས། །བསྟན ལ་གནོད་པའི་སྙིང་རྩ་ཆོད། །གཡོན་པའི་ཕྱག་གི་ཐོད་པ་ཡིས། །དམ་ཉམས་རྣམས་ཀྱི་སྙིང་ཁྲག་གསོལ། །མཆེ་བ་ཟླ་ཚེས་རབ་གཅིགས་པས། །འཇིག་རྟེན་མ་ལུས་ཟ་ཚུལ་སྟོན། །སྤྱན་གསུམ་མེའི་ཚ་ཚ་འཕྲོ། །གདུག་པ་ཅན་རྣམས་བསྲེག་པར་བྱེད། རྣལ་འབྱོར་ཡོངས་གྱི་དགྲ་ལྷ་ཡིན། །བདུད་འདུལ་རྣམས་ཀྱི་དམག་དཔོན་ཡིན། །དམ་ཉམས་རྣམས་ཀྱི་གཤེད་མ་མཛད། །མནའ་ཟན་རྣམས་ཀྱི་སྲོག་དབུགས་ལེན། །དམ་པ་ཆོས་ཀྱི་བསྲུང་མ་ཡིན། །དག་པོ་གཏུཾ་པོ་ལས་ལ་གཤེགས བླ་མ་ལ་འཁུ་སེམས་ཅན་འཚེ། །མ་ལུས་སྐད་ཅིག་ཙམ་གྱིས་ཀྱང། །འདི་ཉིད་དུ་ནི་རིངས་པར་ཁུག། ཤ་ཁྲག་ནང་ཁྲོལ་མ་ལུས་ལ། །དཔའ་བོ་ཆེན་པོས་མྱུར་དུ་གསོལ། །ཤ་ཁྲག་ཏིལ་ཙམ་མ་ལུས་པར། །ཁྱོད་ཀྱི་ཞལ་དུ་གསོལ་བར མཛོད། །གལ་ཏེ་དེ་ལྟར་མ་བྱས་ན། །ཁྱོད་ཀྱི་དམ་ཚིག་ཉམས་འགྱུར་ཏེ། །རྡོ་རྗེ་འཆང་གི་བཀའ་འདས་ཏེ། །ཁྱོད་ཀྱི་སྙིང་ཁྲག་ཐང་ལ་འཐིག་།དེ་བས་དམ་ཚིག་མ་འདའ་བར། །གདུག་པའི་དགྲ་འདི་མྱུར་དུ་བསྒྲོལ། །ཞེས་པས་དྲག་ཏུ བསྐུལ་བ་ཡིས། །གང་ལ་དམིགས་པ་མྱུར་དུ་བསྒྲོལ། །ཐོད་པ་མཚན་དང་མི་ལྡན་པར། །མིང་རུས་གྲིས་ཏེ་སྔགས་བཟླས་པའི། །ཉུངས་དཀར་དུག་དང་བཅས་བླུགས་ཏེ། །དགྲའི་སྒོ་ཁར་སྦས་གྱུར་ན། །ཟླ་བ་དྲུག་ན་རླག་པར་འགྱུར། ། ཀ་ཀའི་ཐོད་བར་མིང་རུས་བཅུག་། སྔགས་བཟླས་ཞིང་ལ་སྦས་པ་ན། །དེའི་ལོ་ཐོག་ཉམས་པར་འགྱུར། །རབས་ཆད་ཐོད་པར་འཁོར་ལོ་བྲི། །སྔགས་ཀྱི་བཏང་ཏེ་དུར་དུ་སྦས། །རིགས་བརྒྱུད་མ་ལུས་འཆད་པར་འགྱུར། །དེ་ལ་སོགས པ་ལས་ཀྱི་རིམ། །ཡོན་ཏན་སྔགས་ཀྱིས་བྱེད་འགྱུར་བས། །རྟག་ཏུ་སྔགས་ལ་འབད་པར་བྱ། །གལ་ཏེ་ལས་རྣམས་མ་གྲུབ་ན། །ལྷའི་སྙིང་ཁར་རྡོ་རྗེ་བསམ། །དེ་ལས་མེ་བྱུང་བསྲེག་བྱ་ཞིང། །སྔགས་རྣམས་བཟློག་ལ་བཟླས་པ་ནི། ། ལས་དེ་ཐོགས་པ་མེད་པར་འགྱུར། །གྲུབ་ནས་བདུད་རྩི་ལྔ་ཡིS་མཆོད། །དེ་ལ་སོགས་པའི་ལས་ཀྱི་རིམ། །བླ་མ་མཉེས་ལས་བླང་བར་བྱ། །ནག་པོ་ཆེན་པོའི་ཡོན་ཏན་གྱི། །བསྒྲུབ་པའི་རིམ་པ་བྲིས་པ་འདི། བླ་མའི་ཞལ་ལས་གསུངས་པ་འདི། །དེའི་དགེ་བས་ཕྲིན་ལས་རྣམས། །འབད་པ་མེད་པར་འགྲུབ་པར་ཤོག་།།དཔལ་ནག་པོ་ཆེན་པོ་ཡོན་ཏན་གྱི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་ཝ་ལ་ཅན?་ཏྲ་དང། ལོ་ཚ་བ་སླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་ལེགས་པར་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཡག་ཀྵ་ཀ་ལ་མཧཱ་སྟུང་ཏ་རད་ན་ནཱ་མ། བོད་སྐད་པུང་ནོད་སྦྱིན་ནག་པོ་ཆེན་པོ་ལ་རིན་པོ་ཆེས་བསྟོད པ་ཞེས་བྱ་བ།

CLOSE WINDOW