Wylie | e-texts based on the ACIP/ALL ![]() ![]() |
། །།དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར་བསྒྱུར་བའོ།། །།ཡེ་ཤེས་མགོན་པོ་གྲི་གུག་ཅན་གྱི་བདག་བསྐྱེད་བཟླས་པ་བསྟོད་པ་རྣམས་བཞུགས།།
བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་སྒྲུབ་པར་འདོད་པས། གནས་ཡིད་དང་མཐུན་པར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ལ། པདྨ་རང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མི་རོ་བཀན་པ་ཅིག་པས་མ། དེའི་སྟེང་དུ་རང་ཉིད་སྐད
ཅིག་གིས་དཔལ་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་པ། མཆབ་གཅིགས་པ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་ལངས་པ། མི་མགོ་སྐམ་པོ་ལྔས་དབུ
བརྒྱན་པ། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་པ། མེའི་ཀློང་དཀྱིལ་ན་བཞུགས་པར་བསམ་མོ། །དེའི་ཐུགས་ཀར་རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་བསམ། དེ་ལས་འོད་ཟེར་འཕྲོས་པས
ཤར་ཕྱོགས་ནས་རྒྱལ་བ་མི་བསྐྱོད་པ་སྤྱན་དྲངས་ལ་དབུའི་གཙུག་ན་བཞུགས་དེས་མགོན་པོ་འཁུ་ལྡོག་མི་འབྱུང་བ་ཡིན་གསུང། ཡང་འོད་ཟེར་དམར་སྨུག་འཕྲོས་པས། གདུག་བ་ཅན་ཐམས་ཅད་ཀྱི་སེམས་དེས་བསྲེགས་པར་བསམ་།ཧཱུཾ་དེའི་མཛའ་།ོཾ
མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ན་ཧཱུཾ་ཕཊ། ཅེས་པས་གཡས་སྐོར་དུ་འཁོར་བར་དམིགས་ལ། བསྙེན་པ་འབུམ་ཆོ་བཅུ་བསྐྱལ། འདོད་པའི་དོན་ལ་གསོལ་བ་གདབ་།བཟོད་པར་གསོལ། དགེ་བ་སྔོ། འབུམ་འཚོ་བཅུ་གསུམ་བསྐྱལ་ན་སྟེང་གདོན་ལས་ཐར་པ་ཡིན
གསུང། །དཔལ་མགོན་པོའི་བཟླས་ལུང་ལ་བརྟེན་པའི་མངོན་རྟོགས་བླ་མའི་ཞལ་ལས་བྱོན་བ་བཞིན་བྲིས་པའོ། །རྟགས་ནི། ཕྱི་དང་ནང་དང་མི་འགྲུབ་དང། །ལྡོག?་བརྟགས་ལྔ་རུ་ཤེས་པར་བྱ། །ཆུབ་ཤུགས་དྲག་ཁང་ཐོག་འཚེག་གླུ་ལེན་བྱ་ནག་ཨ་ཙ་ར། །དར་ནག
ཐོགས་དང་འདོད?་འབོད། །ཕྱིའི་རྟགས་སུ་ཤེས་པར་བྱ། །སློབ་དཔོན་འོ་ངེས་གཏམ་སྨྲ་དང། །ཆོས་འཆང་ལུང་སྟོན་གདུགས་འབུལ་དང། །བྷནམཧ་སྟན་པ་ནང་གི་རྟགས། །མགོན་པོའི་སྐུ་སྟོན་གྲི་གུག་དང། །མཁའ་འགྲོ་ཚོགས་དང་ཅ་ཅོ་འདོན། དངོས་གྲུབ་སྟེར་བར
རྨི་བ་དང། །སྟག་དང་སེང་གེ་འཕྱོང་བ་དང། །ཤེལ་གྱི་མཆོད་རྟེན་བསྐོར་བ་དང། །གཏོར་ཆེན་ཁྱེར་འཕྲད་འགྲུབ་པའི་རྟགས། །མཚོན?་ཆའི་ཆར་དང་ཨ་ཅར། །འཁྲུག་རྒོལ་ཁྲོད་དུ་ཟློག་རྟགས་སོ། །ཇོ་བོ་རྗེས་མཛད་པ་ལགས་།ཡང་སྐབས་སུ་འདི་ལྟར་བྱེད་དོ། །ོཾ་མ་ཧཱ
ཀཱ་ལ་ཀཱ་ན་ཧཱ་ན་བཛྲ་ཎ་བདག་ལ་སྲུངས་ཤིག་སྲུངས་ཤིག་ཧཱུཾ་ཕཊ་སྭཱཧཱ། ཞེས་བདག་གི་ཞལ་ནས་མགོན་པོའི་ཞལ་དུ་ཞུགས། །མགོན་པོའི་ལྟེ་བ་ནས་བྱུང་ནས་བདག་གི་ལྟེ་བར་ཞུགས་ཏེ་འཁོར་ལོ་འཁོར་བའི་ཚུལ་དུ་ཕྱར་ལ་ཉོན་མོངས་བ་དང། རྣམ་རྟོག
དང། ནད་དང། གདོན་ལ་སོགས་པའི་གནོད་བ་ཐམས་ཅད་མཐོན་ཞིང། ཚུར་ལ་བྱིན་བརླབས་དང་དངོས་གྲུབ་འབྱུང་བར་བསམ་ཤིང། བརྒྱའམ་སྟོང་དམ་གྲུབ་ཚད་བཟླས། གཞན་ཡང། ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ན་བདག་ལ་གནོད་བར་བྱེད་པའི་རྒྱལ་འགོར?་?
ཛ་ཛ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ན་བ་སུ་པུཥྚི་ཀུ་རུ་སྭཱ་ཧཱ། བདག་གི་འབྱོར་པ་པུཥྚིཾ་ཀུ་རུ་སྭཱཧཱ། འབྱོར་པ་སྔ་དྲོ། །དགྲ་བགེགས་འདུལ་ན་ཕྱི་དྲོ་གསུང། །ེ་མཧཱ་ཀཱ་ལ་བྷ་ལི་ཧཱུཾ་རིལ་རྦད་བུ་ནི་ཛ། མ་ཧཱ་ཀ་ལ་ཏྲ་ག་ཤད་སིདྡྷི་ཡམ་དུ་ཏི་ཛ། གླིང་བྱིན་ཚལ། སྙིང་ནས?
ཚལ། དགྲ་བོ་འདི་མར་ཡ་ཛ་ཛ། ལོག་རྟགས་བྱུང་ན་བརྒྱ་རྩ་ཙམ་གསུངས། སྔགས་ཀྱི་ཕྲེང་བ་འདི་རྣམས་ཀྱང་ཇོ་བོས་མཛད། །ཧཱུཾ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པའི། །
གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །ཧཱུཾ་འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་ཞལ་བཞེས་པའི། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་པས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །
སྤྱན་བགྲད་ལྗགས་འདྲིལ་མཆེ་གཙིགས་པས། །བར་གྱི་ལྷ་ཚོགས་བརྡེགས་པ་བྱེད། །གཡས་ན་གྲི་གུག་བསྣམས་པ་ནི། །དགྲ་དགེགས་འདུལ་ཞིང་བདུད་མགོ་གཅོད། །གཡོན་ན་ཐོད་པ་བསྣམས་པ་ནི། །གནོད་སེམས་ཅན་གྱི་རྐང
ཁྲག་གསོལ། །ཁྲོས་པས་ཞབས་གཉིས་བརྡབས་པ་ཡིས། །གནོད་སེམས་ཅན་གྱི་ལུས་ལ་གཉེད། །གང་གི་དཀོན་མཆོག་གསུམ་གནོད་དང། །བསྟན་པ་ལ་གནོད་མཚམས་མེད་བྱེད། །བདག་གིས་བསྒོ་བ་ཀུན་ཁུག་ལ། །ལིངྒ་འདི་ལ་མྱུར་དུ་ཁུག་།འདི་ཡི་ཤ་ཟོ
ཁྲག་ལ་རོལ། །རུས་པ་ཀླད་པ་ནང་ཁྲོལ་དྲོངས། །རིགས་བརྒྱུད་རྩད་ནས་ཆོད་ལ་ཤོག། མཛའ་བོ་ཀུན་དང་ཁྲོལ་ལ་ཤོག་།ཡང་ན་འདི་ཡི་ཕྱིར་འབྲངས་ནས། །ཏིལ་འབྲུ་ཙམ་དུ་མཛད་དུ་གསོལ། །འདི་ཡང་ཇོ་བོ་རྗེས་མཛད།། །།
*།
CLOSE WINDOW