Wylie | e-texts based on the ACIP/ALL ![]() ![]() |
། ཨཐིི་།།*། །མགོན་པོའི་རྒྱུ་དུས་བརྟག་པ་བཞུགས་སོ།། །།བླ་མ་མགོན་པོ་དབྱེར་མེད་ཕྱག་འཚལ་ལོ། །འདི་ནི་མགོན་པོ་རྒྱུ་བའི་དུས་སོ། །དུས་གཉིས
ལས་ཡང་ངོའི་ཟླ་བ་དང། །མར་ངོའི་ཟླ་བའོ། །ཡར་ངོའི་ཚེས་པ་བཅུ་གསུམ་ལ་ནམ་གུང་རྒྱུ་དེ། ཁ་ཤར་དུ་ལྟས་ལ་བྱའོ། །ཚེས་བརྒྱད་ལ་སྲོད་དང་ཐོ་རངས་རྒྱུ་སྟེ། ཁ་ནུབ་ཏུ་ལྟའོ། །ཚེས་བཅུ་ལ་བསྲོད་ལ་རྒྱུ་སྟེ། །ཁ
བྱང་དུ་ལྟའོ། །བཅུ་དང་བཅོ་ལྔ་ལ་སྐྱེ་རེངས་ཤར་ནས་རྒྱུ་སྟེ། ཁ་ནུབ་དུ་ལྟས་ལ་བྱའོ། །མར་ངོའི་ཉི་ཤུ་གཉིས་ལ་ཉི་མ་ནུབ་པ་ལ་རྒྱུ་སྟེ། ཁ་ནུབ་དུ་ལྟའོ། །ཉི་ཤུ་ལ་སྲོད་ལ་རྒྱུ་སྟེ། ཁ་བྱང་དུ་ལྟའོ། །ཕུར་པ་གདབ་པ
དང་ཐོད་པ་མནན་པ་དང། ཁྲག་ཟོར་འཕངས་པ་ཐོབས་པའི་དུས་ནི། དབང་ཕྱུག་ཆེན་པོ་སྐྱེད་གདོང་ནག་པོ་དང། ལྷ་མོ་དབུ་མ་དང་གཉིས། ཟླ་བ་བཅུ་གཉིས་པ་ལ་སྐྱེ་འགྲོ་སྲང་ལ་འཇལ་ཞིང་?་བས་དེའི་དུས་སུ་བྱས་ན
ཐེབས་ཚེ། སྤྱིར་ཟླར་བའི་ཚེས་བཅུ་ལ་འཁོར་བསྟན་མ་བཅུ་གཉིས་དང་བཅས་ནས་ཉུལ་བས་ཐེབས་ཆེའོ། །འབྲིང་པོའི་ཚེས་བཅུ་དྲུག་ལ་འཁོར་བདུད་བཞི་དང་བཅས་ཉུལ་བས་ཐེབས་སོ། །ཐ་ཆུངས་གི་ཉི་ཤུ་གཉིས་ལམ
བདུད་དང་བཅས་ནས་ཉུལ་བས་ཐེབས་སོ། །དབྱར་ཟླ་ར་བའི་ཚེས་བརྒྱད་ལ་འཁོར་གཟའ་ཆེན་བརྒྱད་དང་བཅས་ནས་ཉུལ་བས་ཐེབས་སོ། །འབྲིང་པོའི་ཚེས་བཅཝོ་ལྔ་ལ་འཁོར་ཀླུ་དྲུག་དང་བཅས་ནས་ཉུལ་བས་ཐབས་སོ། །ཐ
ཆུངས་ལ་རིགས་ལྔ་ཡབ་ཡུམ་དང་མ་མོ་ཐམས་ཅད་ལྟད་མོ་ལ་ཡངས་བས་མི་བྱ། སྟོན་ཟླར་བའི་ཉ་གསུམ་ཀ་འཁོར་མ་མོ་དང་བཅས་ནས་ཉུལ་བས་ཐེབས་སོ། །འབྲིང་པོའི་བཅུ་བདུན་ནས་གནམ་སྟོང་གི་བར་འཁོར་རྒྱུ་སྐར
གྱིས་བྱས་ནས་ཉུལ་བས་ཐེབ་སོ། །ཐ་ཆུངས་ཀྱི་ཚེས་བརྒྱད་ནས་སྟོང་གྱི་བར་དུ་འཁོར་ལྷ་ཆེན་པོ་བརྒྱད་ཀྱིས་བྱས་ནས་ཉུལ་བས་ཐེབས་སོ། །རྒུན་ཟླར?་བའི་ཚེས་བཅུ་གསུམ་ནས་བཅུ་དྲུག་གི་བར་དུ་འཁོར་གནོད་སྦྱིན་དང་བཅས་ནས
ཉུལ་བས་ཐེབས་སོ། །འབྲིང་པོའི་ཉི་ཤུ་ནས་སྟོང་གི་བར་དུ་འཁོར་གཤིན་རྗེ་དང་བཅས་ནས་ཉུལ་བས་ཐེབས་སོ། །ཐ་ཆུངས་ཀྱི་ཉི་ཤུ་དགུ་ལ་ལྷ་སྲིན་ཡོངས་ཀྱི་ཁ་ལོ་བསྒྱུར་ནས་སེམས་ཅན་ལ་རྩིས་འདེབས་བྱེད་ཅིང་སྲོག་བདུད
པས་ཐེབས་སོ། །དྲག་པོའི་ལས་ཀྱི་ཕུར་བུ་འདེབས་པ་དང། ཐོད་པ་གནོན་པ་དང། ཟོར་འཕེན་པ་དང། ཧོཾ་སྤོར་བ་དང། སེར་བ་འབེབས་པ་ཆོ་གར་སོང་སོང་བྱར་མི་རུང་བྱས་ན་ཕུར་པ་བཏབ་ཀྱང་སྣང། ཐོད་པ་གནན་ཀྱང་རྫས
འགྲུལ། ཐོར་འཕངས་ཀྱང་ཁྲག་མཛད། ངན་སྔགས་ཟླས་ཀྱང་རླུང་འདང། ལྷ་མོ་སྒྲུབས་ཀྱང་དོན་མེད། ལོག་ནས་སྔགས་པ་རང་ཕུངས་པས་མི་བྱའོ། །དྲག་པོའི་ལས་གང་བྱེད་ཀྱང་མི་རུང། ཕྱིར་ཟློག་པའི་དུས་ནི། སྤྱི་ཟླར་བའི
བཅུ་བདུན་དང་བཅུ་དགུ་ལ་བྱས་ན་ཟློག་། འབྲིང་པོའི་ཚེས་གཅིག་དང་ཉི་ཤུ་བརྒྱད་པ་བཟློག་།ཐ་ཆུངས་ཀྱི་གནམ་སྟོང་ལ་ལོག་།དབྱར་ཟླར་བའི་ཚེས་གཉིས་དང་ལྔ་ལ་ཟློག་།འབྲིང་པོའི་དྲུག་ལ་ལྡོག་།ཐ་ཆུངས་གི་ཚེས་བཅུ་གཅིག
ལ་ལྡོག་། སྟོན་ཟླ་ར་བའི་ཉི་ཤུ་ལ་ལྡོག་།འབྲིང་པོའི་ཚེས་གསུམ་ལ་ལྡོག་།ཐ་ཆུངས་ཀྱི་ཚེས་གཉིས་ལ་ལྡོག་།རྒུན་ཟླར་བའི་ཚེས་བཅཝོ་བརྒྱད་ལ་ལྡོག་།འབྲིང་པོའི་ཉི་ཤུ་ལ་ལྡོག་།ཐ་ཆུངས་ཀྱི་ཉི་ཤུ་བདུན་ལ་ལྡོག་།དེ་རྣམས
སུ་དྲག་པོའི་ལས་གང་བྱེད་ཀྱང་ལོག་འདྲེན་གདུག་པ་ཅན་གནོད་པས་རང་གི་སྲོག་ལ་གནོད་དོ། །རང་ཏིང་ངེ་འཛིན་དང་ལྡན་ཡང། བུ་དང་ཆུང་མ་དང། ཕྱུག་ལ་ལོག་ཏེ། སྔགས་པ་ཚེ་ཐུང་བ་དང། བག་བ་ངན་བ་དང། དབུལ་བར་
འགྱུར་བའི་ཀྱོན་དེ་ལྟ་བུ་འོང་པ་ཡིན་ནོ། །སློབ་དཔོན་འཇམ་དཔལ་གཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།འཐུ་རྩལ་ཐོགས་པ་མེད་པར་ཤོག། །།
*།
CLOSE WINDOW