Wylie | e-texts based on the ACIP/ALL ![]() ![]() |
།ཐབས་ལ་མཁས་པ་སྒོ་སྐྱོང་ཁྲོ་མོའི་སྐུ། །བྲན་གཡོག་མངག་པ་ཕོ་ཉ་འཕྲོ་འདུ་ཡིས། །འགུགས་འདྲེན་འཆིང་སྡོམ་མཛད་པའི་འཕྲུལ་མོ་ཆེ། །སེང་གེའི་གདོང་ཅན་སོ
གཅིག་སྲིད་གསུམ་ཟ། །ལྕགས་ཀྱུ་འདྲེན་ཅིང་ཐོད་རློན་ཕྲེང་བ་བགྲང། །སེང་གེ་སྟག་དང་བྱ་ནག་མང་པོའི་ཚོགས། །བྱམས་པས་ལོག་འདྲེན་འགུགས་པ་ཁྱོད་ལ་བསྟོད། །གཟིག་གི་གདོང་ཅན་དུར་ཁྲོད་ཁྲག་ལྡག་མ། །ཞགས
པ་ཐོད་པ་འཛིན་ཅིང་ལས་ལ་བརྩོན། །གཟིག་དང་སྤྱད་མོ་མཁའ་ལྡིང་བྱ་ཡི་ཚོགས། །ཐུགས་རྗེ་ལེགས་པར་འདྲེན་མཛད་ཁྱོད་ལ་བསྟོད། །དོམ་གྱི་གདོད་ཅན་ཁམས་གསུམ་ས་ལེ་གཟིགས། །ལྕགས་སྒྲོག་སྒྲོན་མེ་བསྣམས་པའི
མཐུ་མོ་ཆེ། །གླང་ཆེན་དོམ་དང་མཁའ་ལྡིང་སྤྲུལ་པའི་ཆོགས། །དགའ་བས་ལོག་འདྲེན་འཆིང་མཛད་ཁྱོད་ལ་བསྟོད། །དྲེད་ཀྱི་གདོང་ཅན་སྡེ་བརྒྱད་ཁ་ལོ་བསྒྱུར། །ཐོ་བ་དང་ནི་ལྕགས་ཀྱི་འཁོར་ལོ་བསྐོར། །དྲེད་མོ་གཡག་དང
མཁའ་ལྡིང་ཕོ་ཉའི་ཚོགས། །བཏང་སྙོམས་ཆེན་པོ་དོན་མཛད་ཁྱོད་ལ་བསྟོད། །ཀུན་ཀྱང་མ་མོ་མཁའ་འགྲོ་ཉི་ཟླའི་སྤྱན། །འཇིགས་ཚུལ་ཆེ་ལ་ཐབས་མཁས་ཐུགས་རྗེ་ཆེ། །ཁཾ་ཁཾ་ཚིག་ཚིག་ཤ་དང་ཁྲག་ལ་དགའ་། །འཇིགས
པའི་?་ཅན་ཁྱོད་མཆོད་ཅིང་བསྟོད། །ཅེས་པ་འཁོར་གྱི་བསྟོད་པ། སློབ་དཔོན་ཆེན་པོ་བྲམ་ཟེར་མཆོག་སྲེད་ཀྱིས་བསྟོད་པ་མཛད་པ། པཎྜི་ཏ་ཤྲཏ་ཏ་ཀ་ར་ཝརྨ་དང། ལོཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། །།
ཧཱུཾ། གནོད་སྦྱིན་ནག་པོ་འཇིགས་པའི་གཟུགས། །དར་མེན་ག་ཤ་སྐུ་ལ་གསོལ། །ཕྱག་གཡས་གསེར་གྱི་གྲི་གུག་བསྣམས། །ཆོས་འཁོར་བསྲུང་མ་ཁྱོད་ལ་བསྟོད། །གནོད་སྦྱིན་ནག་མོ་ཆེན་མོ་ཁྱོད། །ཕྱག་གཉིས་སྤུ་གྲི
ཐོད་ཁྲག་བསྣམས། གནོད་སྦྱིན་ནག་པོ་འཇིགས་པའི་གཟུགས། །དར་མེན་ག་ཤ་སྐུ་ལ་གསོལ། །ཕྱག་གཡས་གསེར་གྱི་གྲི་གུག་བསྣམས། །ཆོས་འཁོར་བསྲུང་མ་ཁྱོད་ལ་བསྟོད། །གནོད་སྦྱིན་ནག་མོ་ཆེན་མོ་ཁྱོད། །ཕྱག་གཉིས་སྤུ་གྲི
ཐོད་ཁྲག་བསྣམས། །གསེར་གྱི་རྒྱན་ཆས་རབ་སྒེག་པའི། །མཁའ་འགྲོ་ཆེན་མོ་ཁྱོད་ལ་བསྟོད། །སྔོན་ཚེ་རྡོ་རྗེ་འཚང་དང་ནི། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང། །པདྨའི་རྒྱལ་པོ་ཐོད་ཕྲེང་དང། །རྣལ་འབྱོར་དབང་ཕྱུག་པས
སྐྱ་པ། །གསེར་གྱི་རྒྱན་ཆས་རབ་སྒེག་པའི། །མཁའ་འགྲོ་ཆེན་མོ་ཁྱོད་ལ་བསྟོད། །སྔོན་ཚེ་རྡོ་རྗེ་འཚང་དང་ནི། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང། །པདྨའི་རྒྱལ་པོ་ཐོད་ཕྲེང་དང། །རྣལ་འབྱོར་དབང་ཕྱུག་པས
སྐྱ་པ། །ཀུན་དགའ་སྙིང་པོ་ལ་སོགས་པའི། །བླ་མ་རྣམས་ཀྱི་བཀའ་བཞིན་དུ། །དམ་ཚིག་བཟང་པོ་རྗེས་དགོངས་ལ། །བཀའ་དང་དམ་ལས་མ་འདའ་བར། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་བསྲུངས། །གནོད་པའི་དགྲ་བགེགས་རྡུལ་དུ
རློག?་། །ཀུན་དགའ་སྙིང་པོ་ལ་སོགས་པའི། །བླ་མ་རྣམས་ཀྱི་བཀའ་བཞིན་དུ། །དམ་ཚིག་བཟང་པོ་རྗེས་དགོངས་ལ། །བཀའ་དང་དམ་ལས་མ་འདའ་བར། །སངས་རྒྱས་བསྟན་པ་ཁྱེད་ཀྱིས་བསྲུངས། །གནོད་པའི་དགྲ་བགེགས་རྡུལ་དུ
རློག?་། རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཇི་ལྟར་བསམས་པའི་དོན་རྣམས་ནི། །ཆོས་བཞིན་བསྒྲུབ་པའི་ལས་མཛོད་ཅིག། །།ཧཱུཾ་མོན་བུ་པུ་ཏྲ་གནས་ནས་བཞེངས། །མེན་གྱི་ག་ཤ་སྐུ་ལ་གསོལ།།
ཤེར?་ཤིང་སེག་ཤར་ཕྱག་ན་བསྣམས། རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཇི་ལྟར་བསམས་པའི་དོན་རྣམས་ནི། །ཆོས་བཞིན་བསྒྲུབ་པའི་ལས་མཛོད་ཅིག། །།ཧཱུཾ་མོན་བུ་པུ་ཏྲ་གནས་ནས་བཞེངས། །མེན་གྱི་ག་ཤ་སྐུ་ལ་གསོལ།།
ཤེར?་ཤིང་སེག་ཤར་ཕྱག་ན་བསྣམས། །མོན་པུ་པུ་ཏྲ་ཁྱོད་ལ་བསྟོད། །མོན་བུ་བྷ་ཏྲ་སྟག་ཀླག་བཀྲ། །དར་གྱི་རལ་ཁ་སྐུ་ལ་གསོལ། །སྤུ་གྲི་རྣོན་པོ་ཕྱག་ན་བསྣམས། །མོན་བུ་བྷ་ཏྲ་ཕྱག་ན་བསྣམས། །སྦུ་གྲི་མོ་ནི་ཆེན་མོ་མ། །
ནག་མོ་ཆེན་མོ་ཁ་འབར་མ། །མོན་པུ་པུ་ཏྲ་ཁྱོད་ལ་བསྟོད། །མོན་བུ་བྷ་ཏྲ་སྟག་ཀླག་བཀྲ། །དར་གྱི་རལ་ཁ་སྐུ་ལ་གསོལ། །སྤུ་གྲི་རྣོན་པོ་ཕྱག་ན་བསྣམས། །མོན་བུ་བྷ་ཏྲ་ཕྱག་ན་བསྣམས། །སྦུ་གྲི་མོ་ནི་ཆེན་མོ་མ། །
ནག་མོ་ཆེན་མོ་ཁ་འབར་མ། །གསེར་གྱི་སྤུ་གྲི་ཕྱག་ན་བསྣམས། །ནག་མོ་ཁྱོད་ལ་བསྟོད་པ་འབུལ། །བུད་མེད་ནག་མོ་བརྒྱ། གཤེགས་ཀྱི་ཤུལ་ཡང་འདྲེན། གཡས་ཀྱི་རུ་འདྲེན་པ། སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་དུ
འབྲེན་པ། །གསེར་གྱི་སྤུ་གྲི་ཕྱག་ན་བསྣམས། །ནག་མོ་ཁྱོད་ལ་བསྟོད་པ་འབུལ། །བུད་མེད་ནག་མོ་བརྒྱ། གཤེགས་ཀྱི་ཤུལ་ཡང་འདྲེན། གཡས་ཀྱི་རུ་འདྲེན་པ། སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་དུ
འབྲེན་པ། ཉན་ཐོས་དགྲ་བཅོམ་བརྒྱ། སླད་ཀྱི་རྗེས་འབྲད་བ། བན་དྷེ་ནག་པོ་བརྒྱ། འཁོར་བཅས་ཀུན་ལ་བསྟོད་པ་འདུལ། །སློབ་དཔོན་མཆོག་སྲེད་ཀྱིས་མཛད་པའོ།། །།དཔལ་ལྡན་ལྷ་མོ་དུད་སོལ་མའི་རྗེས་གནང་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ཉན་ཐོས་དགྲ་བཅོམ་བརྒྱ། སླད་ཀྱི་རྗེས་འབྲད་བ། བན་དྷེ་ནག་པོ་བརྒྱ། འཁོར་བཅས་ཀུན་ལ་བསྟོད་པ་འདུལ། །སློབ་དཔོན་མཆོག་སྲེད་ཀྱིས་མཛད་པའོ།། །།དཔལ་ལྡན་ལྷ་མོ་དུད་སོལ་མའི་རྗེས་གནང་བཞུགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་སྒོ་ནས་གཏོར་མའི་རྗེས་གནང་བྱ་བར་འདོད་བས། གནས་ཁང་ཡིད་དང་མཐུན་པར། མཎྜལ་དང་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་འཚོགས་པར
བཤམས་ལ།
CLOSE WINDOW