Wylie | e-texts based on the ACIP/ALL ![]() ![]() |
ཡེ་ཤེས་གྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། །། *། །ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ཆོ་ག་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་བ་ར་མི་ཏ་ཨ་ཡུ
ཛྙ་ན་མ་ཎ་ཌ་ལ་བྷི་ཏི་ན་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཅེས་བྱ་བ། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །རང་བཞིན་ཚེ་དཔག་མེད་པའི་སྐུ་།ཡེ་ཤེས་ལྔ
ལྡན་གསུང་གི་བདག་། ཐུགས་རྗེའི་ཐུགས་ཀྱིས་རྗེས་འཛིན་པའོ། །བླ་མ་ཚེ་དཔག་མེད་ལ་འདུད། །རྩ་རྒྱུད་བཤད་རྒྱུད་ལས་བྱུང་བའི། །ཆོ་ག་བཟང་པོས་ཡོངས་བཟུང་བཤད། །སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང། །གཞན
ཕན་བསྒྲུབ་པའི་བློ་གྲོས་ཅན། །རང་དང་གཞན་གྱི་དོན་བསྒྲུབ་ཕྱིར། །ཡིད་འོང་ཉམས་དགའ་ཨི་གནས་ཉིད་དུ། །ལྷའི་རྣལ་འབྱོར་གསལ་བ་དང། །གཙོ་བོ་འབུམ་ལ་འཁོར་རྣམས་ཁྲི། །རབ་འབྲིང་མཚན་མ་ཐོབ་པ་དང། །སློབ་མས
མེ་ཏོག་དང་བཅས་པས། །གུས་པས་གསོལ་བ་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་བྲི་བའི་ཕྱིར། །ས་གཞི་བརྟག་ཅིང་སྦྱང་དང་བཟུང། །ཉེས་པ་མེད་པའི་ས་ཕྱོགས་འདིར། །བསྐྱེད་པའི་རིམ་པ་གསལ་བྱས་ནས་།བཾ་ལས་བསྐྱེད་པའི
ལྷ་མོ་སེར། །མཛེས་པའི་རྒྱན་ལྡན་ལུས་ཕྱེད་སྣང། །བུམ་པ་འཛིན་ལ་མཆོད་ཅིང་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །སྐྱོབ་པ
ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ལག་པ་ས་ལ་བསྣུན་པ་ལས། །དགའ་བའི་མདངས་ལྡན་ལྷ་མོ་ཡིས། །ཁྱོད་ནི་སློབ་དཔོན་མཆོག
ཡིན་གྱིས། །དཀྱིལ་འཁོར་ལས་ནི་རབ་ཏུ་བསྒྲུབས། །བརྗོད་ནས་ས་ལ་ཐིམ་པར་ལྟ། །ཕྱོགས་སྐྱོང་གཏོར་མ་དབུལ་བ་དང། །འཐུན་པའི་གྲོགས་དང་གསོལ་བ་གདབ། །རོ་བསལ་ཉེས་པ་སྤངས་པ་དེ། །འཐས་པར་བཅག་ཅིང་རྣམ
ལྔ་དང། །བདུད་རྩི་ལྔས་ནི་ཁྱབ་པར་བྱུག་།མེ་ཡིས་སྦྱང་དང་སྔགས་ཀྱིས་ནི། །བྱིན་བརླབས་ལྷའི་ཁང་པར་བསམ། །བསྐྱེད་པའི་ཡན་ལག་ཀུན་རྫོགས་པས། །སློབ་དཔོན་དཀྱིལ་འཁོར་སྟེང་འདུག་ལ། །སློབ་མ་གུས་པས་སྤོས
ཐོགས་ཏེ། །མཆོད་ཅིང་བསྟོད་དང་གསོལ་བ་གདབ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྐྱོན་གྱིས་མ་གོས་ལི་ཁྲི་ལྟར། །མངའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོང། །ཡོན་ཏན་མ་ལུས་བསྐྱེད
མཛད་ཅིང། །ཡིད་བཞིན་ནོར་བུ་མཚུངས་ལྡན་པའི། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཚེ་དཔག་མེད་པ་གསུང་གི་བདག་།འཆི་བདག་མ་ལུས་འཇོམས་མཛད་པའི། །ཆེའི་དངོས་གྲུབ་གསོལ་བའི་སྐུ། །དཀྱིལ་འཁོར་དམ་པ་བཤད་དུ
གསོལ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དཀྱིལ་འཁོར་བསྡུས་ཏེ་རྟ་མཆོག་སྐུར། །ཁྲོ་ཞིང་བརྗིད་པའི་ང་རྒྱལ་དང། །རྐང་པ་ཧཱུཾ་ལས་རྡོ་རྗེར་བྱས། །མིག་གཉིས་ཉི་ཟླ་འབར་བ་སྟེ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡིས། །འཇིགས་མེད་བྱང་ཤར་མཚམས
སོང་ནས། །དཀྱིལ་འཁོར་ས་གཞི་ལ་གནས་པའི། །ལྷ་དང་ལྷ་མིན་བགེགས་ཚོགས་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཛིན། །ང་ཡི་བཀའ་ལས་མ་འདའ་བར། །བགེགས་ཀྱི་ཚོགས་རྣམས་འགྲོ་བར་གྱིས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །
ཡེ་ཤེས་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང། །ལུས་རྣམས་སྟོང་དུ་གྱུར་ནས་ནི། །རྣམ་པར་འཇོམས་པར་གདོན་མི་ཟ། །དེ་བས་ཁྱེད་རྣམས་གཞན་དུ་དེངས། །རྟ་མཆོག་སྔགས་དང་རྡོ་རྗེའི
འགྲོས། །དཀྱིལ་འཁོར་ལན་གསུམ་བསྐོར་བར་བྱ། །དེ་ནས་ཁྲོ་བོའི་ཕུར་པ་རྣམས། །ཀི་ལ་ཡ་ཞེས་བཏབ་ནས་ཀྱང། ། ཀོ་ཏ་ཡིས་བརྡུང་བར་བྱ། །མེ་དྷི་སྔགས་ཀྱིས་བྱིན་གྱིས་བརླབ།། །སའི་ལྷ་དང་ལྷ་ཚོགས་རྣམས།།
སྟ་གོན་གནས་པར་བྱ་བ་ནི། །ལྷ་རྣམས་རྫོགས་པར་བསྐྱེད་པ་དང། །མཆོད་ཅིང་བསྟོད་དེ་སྤོས་ཐོགས་ལ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དང། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །ཁྱེད་རྣཾས
ལ་ཡང་མཆོད་པ་དང། །སློབ་མ་རྣམས་ལ་ཕན་པའི་ཕྱིར། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རྡོ་རྗེ་ཅན་བདག་ཆེ་གེ་ཞེས། །དཀྱིལ་འཁོར་དམ་པ་བཞེངས་སུ་གསོལ། །རྗེས་སུ་བརྩེ་བར
ཉེར་དགོངས་ནས། །སང་ནུབ་དགྱེས་པར་བྱོན་པར་འཚལ། །དེ་ནས་ཕྱི་ནང་མཆོད་པས་མཆོད། །དཀྱིལ་འཁོར་ལྷག་པར་གནས་པའོ།། །རིན་ཆེན་རྒྱུ་ལས་བྱུང་བའི། །ལྟོ་ཆེ་མགྲིན་པ་རིང་བ་དང། །མཆུ་ཐ?་ཕྱང་ནག་པོ་ར
རི་མེད། །ལྷ་གྲངས་མཉམ་པ་ལས་བུམ་དང། །རང་རང་ཕྱག་མཚན་རྫོགས་པར་བྱ། །ཧ་ས་དྷེ་པ་གསེར་དངུལ་དང། །མུ་ཏིག་མུ་མེན་བྱི་རུ་བཞུག་།ནས་ཏིལ་གྲོ་སྲན་མུད་ཀ་དང། །ག་བུར་ཛ་ཏི་མུང་ཀ་མཆོག་།ག་པུར་ཛ་ཏི་གུར་གུམ
དང། །ཙན་དན་གཉིས་དང་ཨ་ཀ་རུ། །མར་དང་བུ་རམ་སྦང་རྩི་དང། །ལན་ཚ་རྣམས་ཀྱིས་ལྟོ་བ་དགང། །ཁ་ཚར་མ་ཉམས་རས་གཟུངས་ཀྱིས། །མགྲིན་པ་རབ་ཏུ་བརྒྱན་པ་དང། །ཁ་རྒྱན་ཀུ་ཤ་འབྲས་བུ་ཅན། །སྣ་ཚོགས་པདྨ་རས
ཀྱི་སྟེང། །ཡང་ན་ཀུ་ཤ་གདན་ལ་བཞུགས། །བྲུཾ་ལས་བསྐྱེད་པའི་གཞལ་ཡས་ཁང། །ཆུ་སྐྱེས་ཉི་ཟླའི་གདན་སྟེངས་སུ། །ལྷ་རྣམས་རྫོགས་པར་བསྐྱེད་པ་དང། །སྔགས་བཟླས་ཡེ་ཤེས་བདུད་རྩིའི་རྒྱུན། །བུམ་པ་གང་བར་བསམ་པ
དང། །ལྷ་རྣམས་རང་རང་བསྟོད་པ་བྱ། །ལས་བུམ་རྟ་མགྲིན་བསྐྱེད་པ་དང། །སྔགས་བཟླས་བར་ཆད་བསྲུང་བ་དང། །ཤ་ལྔ་བདུད་རྩི་གཏོར་མས་མཆོད། །འདོད་པའི་དོན་ལ་གསོལ་བ་གདབ། །སློབ་མ་ལྷག་པར་གནས་པ་ཡང།
སྙིམ་པས་མེ་ཏོག་བཅས་པའི། །སྐྱེ་རྒ་འཆི་བ་ན་ཁྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་སྒྲོལ་མཛད། །དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོར་ཚུལ
བསྟན་པའི། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ནི་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དེ་ནི་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང
མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །འོད་ཀྱིས་བུར་བྱས་སྡིག་པ་སྦྱང། །བུ་ཚུར་ཐེག་པ་ཆེན་པོ་ཡིས། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྦྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང
ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་དུས་གསུམ་འབྱུང་བ་རྣམས། །རྡོ་རྗེ་གསང་སྔགས་རབ་བསྒོམས་པས། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །དཔུང་ཆེན་དག་ཀྱང
དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །སྡིག་པ་བཤགས་པ་ལ་སོགས་པ། །སྔོན་དུ་འགྲོ་བའི་ཆོ་ག་བྱ། །ཚེ་དཔག་མེད་པ་བདག་ལ་དགོངས། །མ
ལུས་བཞུགས་པའི་བདེ་གཤེགས་རྣམས། །འདི་ཉིད་ནས་བཟུང་སངས་རྒྱ་བར། །བླ་མེད་བདག་ལ་གཟིགས་པར་མཛོད།། །།དམ་ཚིག་སྡོམ་པ་བཟུང་པ་ནི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ།
བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་བཟུང?་བར་བྱ། །སློབ་དཔོན་དག་ཀྱང་བཟུང
བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི
ཐེག་པ་གསུམ། །དམ་པའི་ཆོས་ཀྱང་བཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང།།
དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པར་བཟུང་བར་བགྱི། །གཉིས་སུ་མེད་པའི་ཚངས་སྤྱོད་དང། །རང་གིས་དམ་ཚིག་བསྲུང་པར་བགྱི། །བདག་གི་དགེ་བའི་ལས་རྣམས་ཀྱིས།།
སངས་རྒྱས་མྱུར་དུ་བསྒྲུབ་བྱས་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་སྒྲོལ་བར་བགྱི། །གུས་པས་ལན་གསུམ་བརྗོད་པར་བྱ། །དཔལ་བ་མགྲིན་པ་སྙིང་ཁ་རུ། །དྲིའི་ཐིག་ལེ་གསུམ་བྱས་ཏེ། །རྟ་བདུན་ཆུ
སྐྱེས་འཁོར་ལོའི་སྟེང། །ཐུགས་གསུང་སྐུའི་སྙིང་པོས་བརྒྱན། །རིགས་ཀྱི་ལྷ་ལས་འོད་འཕྲོས་པས། །ཡེ་ཤེས་གཉིས་སུ་མེད་པར་བསྟིམ། །ཆུ་གཉིས་མངོན་དུ་འགྲོ་བས་མཆོད། །དེང་ནས་བཟུང་ནས་པུ་ཁྱོད་ཀྱིས། །འཁོར་བོའི?་ཉེས
པར་མ་གོས་པར། །མཆོད་པ་ཀུན་དང་ལྡན་པ་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་། ཤཱ?་ཐ་དང་པ་ལ་ཤ། །ཽ་དུམ་འབར་པ་ལ་སོ་སོགས་པ། །བཅུ་གཉིས་སོར་གྱི་ཚང་དག་ལ། །རྩེ་མོ་མེ་ཏོག་གིས་བརྒྱན་ནས། །མཎྜལ་འདབ
བརྒྱད་རྣམ་ལྔས་བརྒྱན། །ཤར་ལྟས་དབུས་སུ་དོར་བ་ནི། །པདྨའི་ཕྱག་རྒྱ་དང་བཅས་པས། །སྟེང་དུ་མཆོག་གི་དངོས་གྲུབ་ཡིན། །ཕྱོགས་སུ་འཕྲིན་ལས་འགྲུབ་པ་ཡིན། །འཐུར་ལྟས་ས་འོག་འགྲུབ་པ་ཡིན། །འཚམས་སུ་འཇིག་རྟེན་དངོས
གྲུབ་པོ། །དེ་ནས་སྐྱོར་ཆུ་སྦྱིན་པ་ནི། །ཾ་ཧྲི:བི་ཤུདྡྷ་དྷརྨ་སརྦ་པ་བ་ཙརྱ་བི་ཤོ་དྷ་ཡ་བི་ཀལ་པ་ཨ་ན་ཡ་ཧཱུཾ། ཞེས་པས་དག་སྦྱངས་ནས། །སྐུད་པ་དམར་པོ་གསུམ་སྒྲིལ་ལ། །རྟ་མགྲིན་སྔགས་ཀྱིས་བཅིང་པར་བྱ། །ཀུ་ཤ་གཙང་མ་སྔས་དང་སྟན
མ་ནོར་སེང་གེའི་ཉལ་སྟངས་བཞིན། །ཐུབ་པས་ཏིང་འཛིན་འགྲུབ་པ་ལྟར། །མཚན་མ་གང་བྱུང་བརྗོད་པར་བྱ། །བཟང་ན་དངོས་གྲུབ་སྤྲོ་བ་བསྐྱེད། །ངན་ན་སྦྱིན་སྲེག་གིས་བཟློག་གོ་།ཟབ་ཅིང་རྒྱ་ཆེའི་ཆོས་བཤད་ནི། །འཇིག་རྟེན་དུ་ནི་ཀུན་མཁྱེན
དག་། ཨཽ་དུམ་འབར་བའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་དགའ་ཞིག་།རེས་དགའ་བྱུང་དམ་མི་འབྱུང་སྲིད་།གསང་སྔགས་སྤྱོད་བའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བླ་མ་རྡོ་རྗེ་ཅན་མཆོད་ལ། །ནང་པར་ལངས་ཏེ་དཀྱིལ
འཁོར་ལ། །ནམ་མཁར་གཏེགས་ཏེ་ཐིག་གདབ་ཏེ། །བུ་མོ་གཙང་མ་སྡོམ་ལྡན་གྱིས། །ངས?་བལ་གང་བྱུང?་སྐལ་བ་དང། །ཡེ་ཤེས་ལྔའམ་སྐུ་གསུངས་ཐུགས། །ོཾ་ཨ:ནྱོ་ན་ཨ་ནུ་ག་ཏ་སརྦ་དྷ་རྨཱ། བརྗོད་ནས་སྒྲིལ་པར་བྱ་བ་ནི། །པདྨའི་སྣོང་དུ
བཞག་ནས་ཀྱང། །མི་འཆི་ལྔ་ཡིས་སྤངས་བྱས་ལ། །བློ་ལྡན་ཡེ་ཤེས་བསྟིམ་བྱས་ནས། །ནམ་མཁར་ཡེ་ཤེས་ཛ་ཛ་གདབ། །སྒོའི་བཅུ་གཉིས་ཆ་དང་ལྡན། །སྲིད་ཀྱང་ཁང་པ་གཉིས་འགྱུར་ལ། ཚངས་པའི་ལས་ཐིག་དྲངས་བྱས་ལ། །ོཾ་བཛྲ
སུ་ཀྲ་ས་མ་ཡ་མ་ཧི་ཀྲ་མ་ཧཱུཾ། ཚངས་དང་ཟུང་ཐིག་ལ་སོགས་པ། །བསྟན་བཅོས་མཐོང་ཞིང་བློ་ལྡན་དེས། །ཆ་ནི་གང་ཡིན་རྣམ་པ་དབྱེ། །གལ་ཏེ་ཉེས་པའི་འབྲས་བུ་ནི། །ཆད་ན་བླ་མའི་སྲོག་གཡོ་ཞིང། །
དམན་ལྷག་ནད་ཀྱིས་གཏབ་པར་འགྱུར། །ཕྱོགས་འཁྲུལ་སློབ་མ་རྨོངས་པར་འགྱུར། བློ་ལྡན་ཉེས་པ་མེད་པར་བྱ། །གྲུ་བཞི་སྒོ་བཞི་རྟ་བབས་བཅས། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །ཉི་ཟླ་དྲིལ་བུ་ཨེར་ཁས་བརྒྱན། །ཕོ་བྲང་ཆུ་སྐྱེས
རིམ་པ་གཉིས། །མུ་ཁྱུད་པདྨའི་ཕྲེང་བ་དང། །འཁྱམས་དང་ཕྱི་རོལ?་པར་ང?་དང། །རྡོ་རྗེ་མི་རི་ལ་སོགས་པ། །རྣམ་པ་མ་ལུས་རྫོགས་པར་བྲི། །རིན་ཆེན་ལྔ་དང་འབྲུ་ཕྱེའི། །པདྨའི་སྣོད་དུ་སོ་སོར་བཞག་།ས་བོན་བྲིས་ལ་ཡེ་ཤེས
བསྟིམ། ?་།སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །སྔོན་པོ་སེར་པོ་དཀར་པོ་ལྗང། །དམར་པོ་འདི་ནི་ནང་དུ་འདོང། །གཡས་བསྐོར་རྒྱུན་མ་ཆད་པར་བྲི?། །དབང་ལྡན་འཚམས་སུ་དྲང་བར་བྱ། །པདྨའི་སྣོད་ཀྱི་སྟེང་ནས་བཀབ། །
འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚོན་གྱི་ལས་ནི་ཡང་དག་བརྩམ། །མེ་ཏོག་དོར་ལ་མཚན་མ་བརྟག་།ཤར་སྔོ་ལྷོ་སེར་ནུབ་དཀར་པོ། །བྱང་ཕྱོགས
ཻན་ཏྲ་ནི་ལའི་མདོག་། པདྨ་ལྷ་རྣམས་དམར་པོའོ། །དེ་ལྟར་རྫོགས་པའི་དཀྱིལ་འཁོར་དུ། །ཁྲུས་བྱས་དྲི་ཞིམ་ལུས་བྱུགས་ནས། །གོས་བཟངས་བརྒྱན་ལ་ལན་གསུམ་བསྐོར། །ཚེ་དཔག་མེད་པའི་ང་རྒྱལ་གྱིས། །ཤར་གྱི་སྒོ་ནས
ནང་དུ་ཞུགས། །ཡིད་ཀྱིས་སྒོ་བཞི་དབྱེ་བར་བྱ། །ོཾ་བཛྲ་ཏུ?་ད་གྷ་ཏ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། རྣམ་རྒྱལ་ལ་སོགས་བུམ་པ་རྣམས། །གནས་དང་གོ་རིམ་བཞིན་དུ་དགོད། །སྣ་ཚོགས་གོས་དང་རྒྱན་རྣམས་བྲེ། །མཆོད་པའི་རྫས
ཀྱིས་ལེགས་པར་བརྒྱན། །དཀྱིལ་འཁོར་ལྷ་རྣམས་རྫོགས་པར་བསྐྱེད། །ཡེ་ཤེས་བསྟིམས་ལ་མཆོད་བསྟོད་བྱ། །ཚོགས་ཀྱི་འཁོར་ལོས་ཚིམ་པ་དང། །བར་ཆད་ཞི་ཕྱིར་ཤར་ཕྱོགས་སུ། །ཞི་བའི་སྦྱིན་བསྲེག་བྱ་བ་དང། །སློབ
མའི་ཆོ་ག་ཇི་ལྟ་བར། །སློབ་དཔོན་བདག་ཉིད་དབང་དང་ལྡན། །ཤར་གྱི་ཕྱོགས་ནས་འཇུག་པ་དང། །དེ་ནས་སློབ་མ་གཞུག་པའི་ཕྱིར། །ཁྲུས་བྱས་བགེགས་དང་སྡིག་པ་སྦྱང། །གདོང་པ་རས་ཀྱིས་བཀབ་ནས་ནི། །བུ་ཁྱོད་སུ་ཡིན་ནི་ལ
དགའ་། །བདག་ནི་སྐལ་བཟངས་རིགས་ཡིན་ནོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ཀུན་ལ?་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན
པོས་བདག་ནི་གཞུག་ཏུ་གསོལ། །དེ་ནས་ཚིག་འདིས་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཚེ་དཔག་མེད་པའི་གྲོང་ཁྱེར་མཆོག་།སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སྤོབ་མ་གཞུག་པར་བྱེ། །ོཾ
་ཁཾ་བྷི་ར་ཧཱུཾ། མེ་ཏོག་ཕྲེང་བ་གཏད་པ་དང། སློབ་དཔོན་གྱིས་ལྷག?་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཏེ། ཨོཾ་ན་མ་ཏེ་ཧཱུཾ། ཨོཾ་ན་མ་མི་ཧཱུཾ། ན་མོ?་ན་མ་ཧཱུཾ་སྭཱཧཱ། ཤར་ནས་ཞུགས་དང་ལྷོ་ནས་དབང། ནུབ་ནས་ཆོས་བཤད་བྱད་ནས་ནི། །འཕྲིན་ལས
བསྒྲུབ་པ་ལ་སོགས་པའི། །དོན་དུ་གསོལ་བ་གདབ་བ་ནི། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་ཨཽ་པ་ཐཱ་ན་ཡ་ཨད་མ་ནཾ། ནིསྱ?་ཧ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲས་ཏ་ཨ་སྟིཥྛ་ས་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་ཨ་བྷི་ཤ་ཀ་ཏ་ཨད་མ་ནཾ་ནིརྱ་ཏ་ཡ་མི་སརྦ་ཏ
ཐཱ་ག་ཏ་བཛྲ་རང?་ན་ཨ་བྷི་ཤིཉྩ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་པྲ་བར་དྷ་ན་ཡ་ཨད་མ་ནཾ་ནིརྱཱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་མ་ནཾ་པྲ་པ་ར་དྷ་ན་མ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་ཀརྨཱ་ནི་ཨད་མ་ནཾ་ནི་ར་ཏ་པ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨཱ་ཀུ་རུ་མཾ།
དམ་ཚིག་སྡོམ་པ་སྦྱིན་པ་དང། རྣལ་འབྱོར་དུ་ནི་སེམས་བསྐྱེད་དེ། །ོཾ་སརྦ་ཡོ་ག་ཙིཏ་ཨཽ་པ་ཏ་ཡ་མི། རྡོ་རྗེ་སྙིང་གར་བཞག་ཏེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟོཾ་སིདྷ་བཛྲ་ཡ་ཐ་བུ་ཁཾ། དེང་ཁྱོད་དེ་བཞིན
གཤེགས་པ་ཐམས་ཅད་དང། ཚེ་དཔག་མེད་ཀྱི་དངོས་གྲུབ་ཐོབ། །དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས། །དཀྱིལ་འཁོར་མ་ཞུགས་མི་སྨྲའོ། །དམ་ཚིག་ཉམས་པར་གྱུར་ཏ་རེ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་སྨྲས
གྱུར་ན། །དམ་ཚིག་ཆེན་པོའི་རྡོ་རྗེ་ཡིས། །རང་གི་མགོ་བོ་འགས་པར་འགྱུར། །ཚེ་དཔག་མེད་པ་དེང་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །འདི་ནི་ཁྱོད་ཀྱི་དམྱལ
བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་རྣམས། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །བཛྲ་ཨཽ:ཀ་ཨོཾ་ཨཱ:ཧཱུཾ། དེ་ནས་བརྩམས་ནས་བུ་ཁྱོད་ཀྱི། །ཚེ་དཔག་མེད་པ་ང་ཡིན་གྱིས། །ཁྱོད་ཀྱིས
ང་ལ་བརྙས་པ་ན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བར་ལྟུང་བར་གྱུར་ཏ་རེ། །དེ་ནས་སློབ་མའི་གཙོ་བོ་ཡིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྲེད?་མཎ་ཌལ་ཕུལ་ནས་གསོལ་བ་གདབ། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །ཚེ
དཔག་མེད་པ་དབབ་པར་མཛོད། །རྐང་མཐིལ་རླུང་གི་དཀྱིལ་འཁོར་ཛཧཻཾ། །སྙིང་ཁ་ལཾ་ལས་སའི་དཀྱིལ་འཁོར། །མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར། །སྤྱི་བོར་ཡཾ་ལས་རླུང་དང་ཧཾ། །དེའི་སྤྱི་བོར་ཚེ་དཔག་མེད། །ཡབ་ཡུམ
འོད་ཀྱི་རང་བཞིན་དུ། །གར་བྱེད་སྐུ་ལས་ཡེ་ཤེས་ཀྱི། །བདུད་རྩི་བབ་ནས་ལུས་ལ་ཐིམ། །ཟག་མེད་བདེ་བས་གང་བར་བསྒོམ། །ོཾ་ཧྲི:ཛཧཡཻཾ། ཞེས་བརྗོད་རོལ་མོའི་སྒྲ་དང། གུ་གུལ་ཟླ་མཚན་ཐོད་པ་རུ། །དུར་ཁྲོད་སོལ་བའི་མེ་ཡིས་བསྲེག་།བབ་གྱུར་ཟླ་བའི་དཀྱིལ་འཁོར་དུ། ། ལས་གསུང་གི་རྡོ་རྗེ་བསམ། །འབྲུ་ཧི་བཛྲ། དགེ་དང་མི་དགེ་ལ་སོགས་པ། །
སྨྲོས་ཤིག་རྡོ་རྗེ་ཅན་གྱི་རིགས། །སྟིཥཌ་བཛྲ་བརྟན་པར་བྱའོ། །ཚེ་དཔག་མེད་པའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག་།པྲ་ཏི་ཚ་བཛྲ་ཧོ། །བྱེ་བྲག
དངོས་གྲུབ་བརྟག་པར་བྱ། །པྲ་ཏི་གྷྲི་ཧྣ་ས་མི་མཾ་སྭ་ཏ་མ་ཧཱ་བྷ་ལ། སློབ་མའི་མགོ་ལ་བཅིང་བར་བྱ། །ཚེ་དཔག་མེད་པ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན
མེད། །ོཾ་བཛྲ་ནཻ་ཏྲ་ཡ་ཧ་ར་པ་ཏཾ་ལཾ་ཧྲིའདི་ལས་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཅིང་དམ་ཚིག་བསྲུངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །རིམས་ཀྱིས་རྣམ་པར་དག་པར་བསྟན། །དེ་ནས་སློབ་མ་དང་ལྡན་ངེས། །བླ་མའི་ཞབས་ལ་ཕྱག་འཚལ་ཏེ། །ཡོན
མཆོག་དམ་པ་འབུལ་བ་དང། །དབང་བསྐུར་དོན་དུ་གསོལ་བ་གདབ། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཡབ་ཡུམ་གཉིས་མེད་བདེ་ཆེན་སྐུ། །འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་བ་ནི་བདག་ལ་གསོལ། །ལན
གསུམ་བརྗོད་ནས་ཤར་ཕྱོགས་སུ། །པདྨ་སློབ་མ་འདབ་བརྒྱད་ཁྲི་ལ་འདུག་།རྣམ་རྒྱལ་བུམ་པ་ལ་སོགས་ནས། །ཆུ་རྣམས་དུང་ཆོས་བུམ་པར་བསྡུ། །རྡོ་རྗེའི་གླུ་དང་རོལ་མོའི་སྒྲ། །རིགས་ལྔ་རིག་མའི་ལྷ་མོ་དང། །བྱང་ཆུབ་སེམས་
དཔས་བཀྲ་ཤིས་བརྗོད། །ཁྲོ་བོ་རྣམས་ཀྱིས་བགེགས་བསྲུང་ངོ། །གསང་གསུམ་དམ་ཚིག་ལས་བྱུང་བའི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །ལྷའི་ཆུ་ནི་དག་པ་ཡི། །མི་སྐྱོད་རྡོ་རྗེའི་དབང་བསྐུར་རོ། །ོཾ
བཛྲ་ཨ་དྷི་ཏིཥྛ་ཛྙྱ་ན་ཨ་བྷི་ཤིཉྩ་ཧཱུཾ། གསེར་ལ་སོགས་པའི་དབུ་རྒྱན་ལ། །རིན་འབྱུང་བསྐྱེད་ཅིང་ཡེ་ཤེས་བསྟིམ། །དར་དཔྱངས་བཅིངས་ལ་ཚིག་འདི་བརྗོད། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན
གྱིས་རབ་བསྔགས་པའི། །རིན་ཆེན་དབུ་རྒྱན་དམ་པ་དང། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་རང་ན་མུ་གུ་ཏ་ཨ་བྷི་ཤིཉྩ་མཾ། །རིན་ཆེན་ལ་སོགས་རྡོ་རྗེ་ལ། །སྣང་བ་མཛའ་ཡས་བསྐྱེད་ཅིང་བསྟིམ། །
སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འང་ནི་ཁྱོད་ཀྱིས་བཟུང། །ོཾ་བཛྲ་ཨ་ཏི་པ་ཏི་སྟོཾ་ཨ་བྷི་ཤིཉྩ་མཾ། དྲིལི་བུ་དོན་གྲུབ་བསྐྱེད་བྱས་ལ། །ཡེ་ཤེས
བསྟིམས་ལ་ཚིག་འདི་བརྗོད། །ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་མེད་བྱེད་པ་ཡིས། །མཆོད་པའི་འཕྲིན་ལས་རྫོགས་བྱེད་པའི། །དྲིལ་བུ་ལས་ཀྱི་དབང་བསྐུར་རོ། །ོཾ་ཨ་དྷི་པ་ཏ་ཡ་ཨ་བྷི་ཤིཉྩ་མཾ། སློབ
མ་ཨོཾ་ལས་རྣམ་སྣང་བསྐྱེད། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད། །རྡོ་རྗེ་མིང་གི་དབང་བསྐུར་བས། །བྱང་ཆུབ་སྙིང་པོའི་བར་དུ་ནི། །ཅིས་ཀྱང་གཞོམ་པར་མི་ནུས་པས། །རྡོ་རྗེ་མིང་དུ་རབ་ཏུ་གྲགས། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤེ
ཀ་ཏ་མཾ། ཆུ་དང་ཅོད་པན་རྡོ་རྗེ་དང། །དྲིལ་བུ་དང་ནི་མིང་གི་དབང། །རིག་པ་ཡི་ནི་དབང་ལྔའོ། །ཉོན་མོངས་ལྔ་ནི་རྣམ་དག་པས། །དབང་བསྐུར་ལྔ་ནི་ཐོབ་པ་ཡིན། །མ་རིག་པ་ལས་འདས་ནས་ཀྱང། །ཡེ་ཤེས་ལྔ་ནི་རིམས་ཀྱིས་ཐོབ།
དེ་ནས་སྤྱི་བོ་མགྲིན་པ་དང། །སྙིང་ཁ་ལྟེ་བ་གསང་གནས་རྣམས། །འཁོར་ལོ་ལྔའི་གནས་ཉིད་དུ། །རིགས་ལྔ་ཚེ་དཔག་མེད་རྣམས་ཀྱིས། །དབང་བསྐུར་ལྷ་རྣམས་ཡབ་ཡུམ་དེ། །འཆི་མེད་བྱང་ཆུབ་སེམས་སུ་འགྱུར། །རྩ་གསུམ
འཁོར་ལོ་ལྔ་རྣམས་གང། ནང་གི་དབང་།བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །འཆི་མེད་རྡོ་རྗེའི་ལུས་སུ་གྱུར། །རྡོ་རྗེ་སེམས་དཔའ་ཨི་སྐུ་རུ་བསྒོམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའ་ཕྱག་ན་འདུག་།ཁྱོད་ཀྱིས་ཀྱང་ནི
རྟག་ཏུ་བཅད། །རྡོ་རྗེ་སེམས་དཔའ་ཨི་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏ་སིདྷི་བཛ་ས་མ་ཡ་ཏིཥྛ་ཨེ་ཤད་དྷ་ར་ཡ་མི་ཧི་ཧི་ཧཱུཾ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན
བདག་ཉིད། །རྡོ་རྗེ་སྙམས་ཚུལ་དག་པའི་བདག་།དཔལ་མཆོག་དང་པོའི་སྐྱེས་བུའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ
བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱི་དངོས་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །མཆོག་གི་སྲིད་པ་བྱེད་པར་འགྱུར། །མཚན་མ་མེད་པར་འགྲོ་བའི་དོན། །གང་དག་བདག་གིས་བྱེད་ནུས་པས། །ཕྱིར་མི
ལྡོག་པ་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་གསོལ། །ཤར་དུ་སེང་གེའི་ཁྲིལ་འདུག་།སྟེང་དུ་གདུགས་དཀར་ཕུབ་ནས་ཀྱང། །རྣམ་རྒྱལ་བུམ་པས་དབང། གསོལ་བ་གདབ་བསྐུར་ཏེ། །དབང་བསྐུར་རྡོ་རྗེ་ཆེན་པོ་ལ། །ཁམས
གསུམ་པ་ཡིས་ཕྱག་བྱས་ཏེ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་བཛྲ་ཨ་བྷི་ཤེ་ཀ་ཨ་བྷི་ཤིཉྩ?་མཾ། །དྲིལ་བུ་གླེགས་བམ་ལག་ཏུ་གཏད། །འཕྲིན་ལས་ཐོགས་པ་མེད་པ་རྣམས། །བུ་ཡིས
གཞན་དོན་བླ་མེད་བྱོས། །ཁྱོད་ནི་རྡོ་རྗེ་སློབ་དཔོན་ཡིན། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ལྷའི་སྙིང་པོ་ལེན་གསུམ་བརྗོད། །མེ་ཏོག་ཕྲེང་བ་སྤྱི་བོར་བཞག་བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས།།
བདག་ལ་ཉེ་བར་མཛད་དུ་གསོལ། །བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །བདག་ལ་གོ་བར་མཛད་དུ་གསོལ། །འཇིག་རྟེན་ཁམས་ནི་མ་ལུས་པར། །སེམས་ཅན་མ་ལུས་དྲང་བའི་ཕྱིར། །ཆགས་པ་མེད་པའི་བསམ་པ
ཡིས། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་རིགས་ཀྱིས་གང་འདུལ་བ། །ཁྱོད་ཀྱི་འཕྲིན་ལས་མཆོག་ཡིན་ནོ། །དེ་ནས་བཟུང་ནས་བུ་ཁྱོད་ཀྱིས། །ཞི་རྒྱས་དབང་དང་བསད་པ་ལ། །
དགུག་དང་བཅིང་དང་བསྲེག་པ་དང། །བསྐྲད་པ་དབྱེ་བ་ལ་སོགས་པ། །འཕྲིན་ལས་སྣ་ཚོགས་འགྲུབ་པར་གྱིས། །རལ་གྲི་མིག་སྨན་ལ་ཕོག་དང། །མཆིལ་ལྷ་མ་དེ་བཞིན་རི་ལུ་སྟེ། །མི་སྣང་བཅུད་ལེན་མཁའ་ལ་སྦྱོད། །ཐུན་མོང
དངོས་གྲུབ་མ་ལུས་བ། །དེ་དག་ཁྱེད་ཀྱིས་འགྲུབ་པར་བྱ། །ཇི་ལྟར་མིག་མཁན་རྒྱལ་པ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ་ནེ་ཏྲ་ཨ་པ
ཧ་ཨ་ར་པ་ཌ་ལཾ་ཧྲིཁད་དབེན་པ་རུ། །བཞིན་བཟངས་མིག་ཡངས་ལང་ཚོར་ལྡན། །ལུས་ལ་དྲི་ཡིས་བྱུག་བྱས་ཏེ། །བརྩེ་དང་རྒད་པ་ལ་སོགས་པས། །ཐབས་དང་ཤེས་རབ་གཉིས་ཕབ་ཏེ། །ནོར་བུ་བྱང་ཆུབ་སེམས་ལྟུང་བས། །གསང་བའི་དབང
ཉ་ཕྱིས་བྱ?་བ་ཆོས་ལ་སོགས་སུ། །དྲཾ་ར་བXས་སློབ་མའི་ཁ་རུ་ནི། །ཐེ་བོང་སྲིན་ལག་དག་གིས་སྦྱིན། ། ཧོ་སུ་ཀས་དེ་བཏུང་ངོ། །ཟག་མེད་བདེ་ཆེན་ལུས་པ་རྒྱུས། །རྡོ་རྗེ་རོ་ཡིས་ཉོན་མོངས་འཇོམས། །མཚན་ལྡན་ཤེས་རབ
རང་བཞིན་ཏེ། །ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །མཛའ་ཡས་བདེ་བ་སྦྱིན་བ་མོ། །རྣམ་པ་ཀུན་དུ་ཕྱག་རྒྱ་ལོང། །བུ་ཡིས་སླ་མེད་མཆོད་པར་གྱིས། །ཡོལ་བས་བར་བཅད་སྙོམས་འཇུག་གིས། །བསྲུབ་དང་བསྲུབ་ཤེས་རབ་ཡེ་ཤེས་ཀྱི་དབང
པའི་སྦྱོར་བ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ལྟོས་ཤིག་ལྟོས་ཤིག་སེམས་ལ་ཏོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད་།བསལ་བཞག་དགག་བསྒྲུབ་གང་ཡང་མེད། །འདིནི་རང་རིག་ཡེ་ཤེས་ཡིན།། །།
བླ་མ་སྤྲུལ་པའི་སྐུར་བསྟན་ཏེ། །ཆོས་གོས་བཟུང་ལ་ལུང་བཞི་བ་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཛའ་ནི་གྲུབ་པའི་ཕྱིར། །སྲིད་པའི་དན་འགྲོ་ཉིད་ལས་བཏན། །འདི་ནི་ངས་ཁྱོད་ལུང་བསྟན་ཡིན།།
ལུང་བསྟན་ཨོཾ་སརྦ་ཏ་ཐཱ་ག་ཏ་སིང་དྷི་ས་མ་ཡ་སྟོཾ་བྷུར་བུ་བ་སྭ། །ཁམས་གསུམ་པ་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་བསྟན་པ་དང། །དེས་ནི་བདུད་ལས་རྣམ་རྒྱལ་ཞིང། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེང
བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །ཐུགས་དབུད་དེ་རིང་སངས་རྒྱས་སྲས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྟ་དང་གླང་པོ་མ་ཧེ་དང། །བུ་དང་ཆུད་མ་སོགས་དང་དབྱིག་།ཕྱག་བྱས་བླ་མ་དམ
གཟེངས་སྟོད་པ་ལ། །མ་ཞེན་སེམས་ཀྱིས་དབུལ་བར་བྱ། །དཀྱིལ་འཁོར་ལྷ་ཚོགས་མཆོད་བྱ་སྟེ། །ཚོགས་ཀྱིས་རྣལ་འབྱོར་ཚིམ་བྱས་ལ། །ལྷག་མས་འབྱུང་པོ་ཚིམ་པ་དང། །བཀྲ་ཤིས་བརྗོད་ཅིང་སྨོན་ལམ་གདབ། །དགེ་བའི་རྩ་བ་བསྔོ་བ
དང། །རོལ་མོའི་སྒྲ་དང་བཅས་པ་ཡིས། །རྡུལ་ཚོན་ཆུ་བོ་ཆེན་པོར་དོར། །དྲི་བཟངས་ཀྱིས་ནི་ཐིག་འཕྱིས་ཏེ། །ལྷག་ཆད་བསྐང་ཕྱིར་སྦྱིན་སྲེག་བྱ། །ཆོ་ག་བཟང་པོ་ཡོངས་བཟུང་འདི། །རྩ་རྒྱུད་ལེའུ་འབུམ
པ་དང། །བཤད་རྒྱུད་འོད་ཟེར་དྲ་བ་ལས། །བརྟེན་ནས་གྲུབ་པའི་རྒྱལ་མོས་མཛད། །དེ་ཡིས་དགེ་བ་གང་ཡོད་བས། །རིགས་དྲུག་སེམས་ཅན་མ་ལུས་པ། །ཚེ་དཔག་མེད་པའི་ལམ་ཞུགས་ནས། །དེ་ཡིད་འབྲས་བུ་མྱུར་ཐོབ
ཤོག་། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡོངས་སུ་བཟུང་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་པཎ་ཌིཏ་ཟླ་བ་བཟང་པོ་དང། བོད་ཀྱི་ལོཙྪ་བ་གླན་དང་མཚུལ་ཁྲིམས
ཀྱིས་བསྒྱུར་ཞིང་ཞུས་ཏེ་དག་པར་བྱས་ཤོ། ། །།ཆོག་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་ཆོག་བཞུགས་སོ།། །།རྒྱ་གར་སྐད་དུ། ཨ་པ་ར་མི་ཏ་དྷ་ག་བཱ་ཏི་ཨ་ཡུ་ཛྙཱ་ན། མཎྜལ་བི་ཏི་ན་མ། བོད་སྐད་དུ། བཅོམ
ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོག་ཞེས་བྱ་བ།
CLOSE WINDOW