CLOSE WINDOW

N3670: སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ
Wyliee-texts based on the ACIP/ALL Input

། །།ོཾ་ཀུ་རུ་ཀུ་ལེ་ཧཱི་ཧཱུཾ་སྭ་སྭཱཧཱ། །ོཾ་ཏ་རེ་ཏུ་ད་ཏ་རེ་ཏུ་རེ་སྭཱ་ཧཱ། བཀྲ་ཤིས་པར་ཤོག། །།*། །རྒྱ་གར་སྐད་དུ། །བ་དྷི་ར་དྷ་ར་སྟོ་ཏྲ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ། འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཕགས་མའི་ཕོ་བྲང་སེང་ལྡེང་ནགས་ན་སྒྲོལ་མ་རྩེ། །ཽ་དུམ་ཝ་ར་སེང་ལྡེང་རྒྱ་ཤུག་ནྱ་གྲོ ཏ། ཙན་དན་འབྲས་བུ་གསུམ་སྟོང་ཛ་ཏི་ལི་ཤིའི་ཚལ། །ཁ་བྲུམ་ལ་བྱེ་མེ་ཏོག་ཤིང་ལོ་ཉམས་དགའ་གནས། །ལྗོན་ཤིང་འབྲས་བུ་སྨིན་དང་མ?་སྨིན་?་པོ་ལ། །ཡན་ལག་བརྒྱད་ལྡན་ཆུ་ནི་ལྷུང་ལྷུང་སྒྲ་སྙན་ལ། །རྨ་བྱ་ནེ་ཙོ་ཁུ་ཁྱུག བཞད་རྣམས་སྒྲ་སྙན་སྒྲོགས། །སྟགས་གཟིག་རྒྱུག་ཅིང་ཨེ་ནས་གར་བྱེད་དེ་མ་དྲེད་མཆོངས། །ལྕེ་སྦྱར་གླུ་ལེན་སྤྲེ་སྤྲེ་ཁྲི་སྙན་བེའུ་སྣུན། །ལྷའི་དུ་མོ་གཞོན་ནུ་ནགས་ན་དྲུག་ལྡན་ལེན། །དགེ་སློང་ཀླུ་གྲུབ་སེང་ལྡེང་ནགས་ན་གྲུབ ཆེན་མཛད། །སྒྲོལ་མ་གཤེགས་བཞུད་ཞིང་ཁམས་གནས་ལ་ཕྱག་འཚལ་བསྟོད། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་པད་མ་མར་གད་མདོག་།མེ་ཏོག་ཟླ་མཛེས་བུད་མེད་རིན་ཆེན་བཅུད་ཀྱིས་མཛེས། །ངང་པའི་འགྲོས་ལྟར་བགྱིད་ཞིང གཉིས་འཐུར་དྲེག་བཞིན་གཟིགས། །བདེ་གཤེགས་ཐུགས་རྗེའི་རླན་གྱིས་གང་མོས་སྐུར་སྟོན་མ། །གསེར་གྱི་པད་མས་སྙན་རྒྱན་ཨཽད་པལ་དར་དབྱངས་ཅན། །རིན་ཆེན་རྩེ་བྲན་དབུལ་དོན་གྲུབ་ཅོད་པན་བཞུགས། །མུ་ཏིག་བཙོ་མ བྱུ་རུའི་ཆུན་འཕྱངས་འགུར་ཆུ་མཛེས། །ཕྱག་ཞབས་གདུ?་གུ་དཔུང་རྒྱན་སྐུ་རེག་དར་སྒེག་མ། །ཐུགས་རྗེ་འཁོད་བ་ལས་སྒྲོལ་ཕྱག་ན་པད་མོ་ཡིས། །སྤྱན་གྱི་ཆབ་ལས་ལྷ་མོ་སྐུ་འཁྲུངས་འོད་དཔག་མེད། །སྨོན་ལམ་མཐུ་ཡིས་བརྩེ ཆེན་གཞན་གྱི་དོན་ལ་བརྩོན། །ཞིང་མཆོག་རྣམ་དག་སེང་ལྡེང་ནགས་ཀྱི་གཞོན་ནུ་མ། །ཞལ་གྱི་པད་མ་ཡིད་འོང་བཞིན་ནི་ཟླ་ལྟར་རྒྱས། །ཆུ་སྐྱེས་སྤྱན་མཛེས་དཀྱུས་རིང་དཀར་ནག་མདངས་གསལ་བ། །མགོར་སྐྱེས་ཁུར་བུ གསེར་གྱིས་སྒྲ་བརྒྱན་བུད་ལྟར་གནག་། བིའི་རྫི་འདྲ་སྣུམ་ཞིང་མཛོད་སྤུ་དུད་འཁྱིལ་མ། །བདེན་གཉིས་ཕྱག་ནི་ཨཽད་པལ་ཁ་འབྱེད་བདག་སོགས་གྱི། །གཏི་མུག་མུན་སེལ་སྙིང་གི་ཆུ་སྐྱེས་ཁ་དབུས་ན། །ཽད་པལ་གཡོན་བསྣམས་ཡེ་ཤེས རྒྱས་མཛད་གཡས་པ་ཡིས། །འགྲོ་རྣམས་བུང་བའི་མེ་ཏོག་སྔོན་པོ་ཁ་འབྱེད་མ། །སྲིད་པར་ལྷུངས་ནས་མྱ་ངན་སྨྲེ་སྔགས་འདོན་པ་ལ། །སེམས་ཅན་དོན་མཛད་སེང་ལྡེང་ནགས་ནས་བཞེངས་ལ་གཤེགས། །ལང་ཙོ་དར་བབ་འོ་མ རྒྱས་པའི་ནུ་འབུར་ཅན། །སྣ་ཚོགས་ཐབས་ཀྱིས་སྲིད་ཞི་གཡོ་ཞིང་བསྐྱོད་མཛད་མ། །ཁྱུ་མཆོག་སྤྱད་མོ་འགྱིང་བག་ལྟེ་བ་པད་མ་ཅན། །ཛ་ཏི་ཙམ་པ་ལི་ཤི་དྲི་དད་བཟང་པོར་ལྡན། །ཕྱག་ཞབས་པར་མ་ལྟར་དམར་འཁོར་བའི་སྐྱོན མགོས། །པན་ཙ་ལི་ག་ལྷ་དར་སྟོད་སྨད་བརྒྱན་བྱས་མ། །ཉི་ཚེའི་སྐུ་མིན་ཁྱབ་པས་ཐུགས་རྗེའི་འཕྲིན་ལས་སྐུ། །ཐུབ་བས་རྒྱ་མཚོར་གསུངས་པ་ཀླུ་གྲུབ་སྙིང་པོ་ཡིས། །ནགས་སུ་གཟིགས་སོ་སེམས་ཅན་ངལ་གྱིས་ཁུར་ཆེན་ཁྱེར།། ཚད་ཚངས་སྲིད་པའི་ནགས་ནས་ཞི་བར་སྒྲོལ་མཛད་མ། །བསྒྲེས་མོ་གཞོན་ནུའི་ཚུལ་འཛིན་སངས་རྒྱས་ཀུན་གྱི་ཕྱི། །མིང་ཙམ་དྲན་པ་ཉིད་ཀྱིས་འཇིགས་ལ་བསྐྱོད་མཛད་མ། །ཡུན་རིང་འཁོར་བར་མི་སྐྱོ་ཞི་བར་མི་གནས་པའི། །ས བཅུའི་དབང་ཕྱུག་རྒྱལ་སྲས་རྣམས་ཀྱི་ཐུགས་རྗེས། །རྗེ་བཙུན་ཡོན་ཏན་མཛའ་ཡས་བདག་གིས་བརྗོད་མི་ནུས། །ཀུན་ཏུ་རྟོགས་སྤངས་ཡེ་ཤེས་མངའ་བརྙེས་ཆོས་ཀྱི་སྐུ། །གཞན་གྱི་དོན་ཕྱིར་སྐུ་ནི་སེང་ལྡེང་ནགས་ན་གཤེགས་བཞུད མཛད། །སྲིད་ལས་བདག་གྲོལ་ནགས་ཀྱི་བུ་མོ་ཕྱག་འཚལ་བསྟོད། །འོད་ཟེར་རལ་ཅིག་སེར་སྔོ?་གཡས་གཡོན་ཕྱོགས་ཆར་གཤེགས། །ཞི་ཁྲོའི་ཕྱག་གཉིས་རྡོ་རྗེ་ཨ་ཤོ་གྲི་ཁུག་ཐོགས། །སྔ་ཕྱིར་བཞུད་ཅིང་དཔེ་མེད་གུས་ལྡན བསྙེན་བཀུར་མཛད། །མཛེས་མ་ཉེ་འཁོར་འོད་ཟེར་རལ་ཅིག་ཕྱག་འཚལ་བསྟོད། །སྔོན་མཆོད་ཕྱི་ནས་གདུགས་ཁུར་རིགས་རྒྱལ་?་མོའི་ཚོགས། །རྔ་ཡོབ?་ཏིང་ཤག་རྔ་གླིང་པ་བིད?་གླུ་གང་འགེངས། །ལྷའི་བུ་མོ་བཅོ་ལྔ་རྒྱན་ལྡན་ན་བཟའ་ མཛེས། །སྣ་ཚོགས་སྐུ་ཡིས་མཆོད་བསྣམས་རོལ་ལ་ཕྱག་འཚལ་བསྟོད། །ནགས་ཚལ་ལྔ?་མོ་སྐུ་མཛེས་དག་མ་འཁོར་བཙས་ལ། བདག་གིས་བསྟོད་བགྱིས་མི་བཟང་དགེ་བ་བཟང་པོ་ངེས། །འགྲོ་བ་ཀུན་ཐུགས་རྗེའི་ཆུའི་ཉོན་མོངས ཀུན་དག་ནས། །སྲིད་པའི་ནགས་ནས་ཞི་བའི་ཚལ་དུ་ཕྱིན་པར་ཤོག་།གཞོན་ནུ་ཁ་ཏི་ཏ་རེ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་དྲུག་པ། །སློབ་དཔོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པ་རྫོགས་སོ།། །། ོཾ་ཐ་མ་ཧཱ་བྷ་པ།

CLOSE WINDOW