CLOSE WINDOW

N3643: སྒྲོལ་མ་ཨུ་གྲའི་མཆོད་པའི་ཆོ་ག་ཞེས་བྱ་བ
Wyliee-texts based on the ACIP/ALL Input

།རྒྱ་གར་སྐད་དུ། ཨཽ་གྲ་ཏཱར་པཱ་ཛཱ་བི་དྷི་ནཱི་མ། བོད་སྐད་དུ། སྒྲོལ་མ་ཨཽ་གྲའི་མཆོད་པའི་ཆོ་ག་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐོག མར་བརྗོད་པའི་ཆོ་གས་སྟོང་པར་བསམས་ལ། སྣ་ཚོགས་པད་མ་འདབ་མ་བརྒྱད་པའི་སྟོང་དུ། བུམ་པ་བཅུད་ཀྱིས་གང་བ་བཞག་ཅིང། དབུས་སུ་རྗེ་བཙུན་མ་སྒྲོལ་མ་རྣམ་པར་བསམ་པར་བྱའོ། །དེ་ནས་རྗེ་བཙུན མའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས། ཛ:ཧཱུཾ་བཾ་ཧོ། ཞེས་ཡི་གེ་བཞིས་དགུག་གོ་།མདུན་དུ་གནས་པ་དེ་ལ། མཆོད་ཡོན་དང། ཞབས་བསིལ། འཐོར་འཐུང། ཞལ་བསིལ་ལ་སོགས་པ་དབུལ་ལོ། །དེ་ནས ཤ་ཆང་ལ་སོགས་པའི་གཏོར་མའི་མཆོད་པ་རབ་ཏུ་དབུལ་བར་བྱས་ཏེ། གཏོར་སྔགས་ནི། ཨོཾ་བྷ་ག་ཝ་ཏི། ཨཽ་གྲ་ཏཱ་ར་ཎི་མ་དྱ་མཾ་པཱ་དི་ས་ཧི་ཏཾ་པཉྩོ་ས་ཙཱ་ར་ཨཻ་མཾ་བ་ལ་གྲིཧྣ་གྲིཧྣ། མ་མ་བགྷྣི། ཧ་ར་ཧ་ར། ཙི་ཏུ་ར་མཱ རིནཌ?་བཱ་ར་ནི་ནཱར་ཡ། བྷྲ་མ་ཡ། བྷྲ་མ་ཡ། ཚིནད་ཚིནད། བྷིནད་བྷིནད། ནཱ་ཤ་ཡ། ནཱ་ཤ་ཡ་ཤོ་ཥ་ཡ་ཤོ་ཏྲ་ཡ། ཚེ་ད་ཚེ་ད། བྷེ་ད་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །དེ་ནས་སྔགས་བཟླས་པར་འདོད་པས། རྣལ་འབྱོ་པ་རང གི་སྙིང་གར་པད་མ་འདབ་མ་བཞི་པ་བསམས་ནས་བཟླས་པར་བྱའོ། །དེའི་སྔགས་ནི། ཧྲིཾ་ཏྲིཾ་ཧཱུཾ་ཕཊ། ཤེས་རབ་དང་ཐབས་འཕེལ་བ་དང། ཡང་དག་པའི་བྱང་ཆུབ་ཀྱི་དོན་དུའོ། །དེའི་རྗེས་སུ་བདག་དང་སློད་མརྦྷ?་བཙུན་མ་སྒྲོལ མར་བསམ་པར་བྱའོ། །དེ་ནས་མངོན་པར་དབང་བསྐུར་བའི་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པར་བྱའོ། །མངོན་པར་དབང་བསྐུར་བའི་དེ་བཞིན་གཤེགས་པ་ནི་རང་གི་སྙིང་ག་ནས་རྣམ་པར་འཕྲོས་ཏེ། མི་བསྐྱོད་པ ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དུ་གསེར་གྱི་བུམ་པ་བདུད་རྩི་ལྔས་གང་བ་ཐོགས་ཏེ། མངོན་པར་དབང་བསྐུར་བར་བསམ་མོ། །དེ་ནས་མངོན་པར་དབང་བསྐུར་བའི་ཚིགས་བཅད་ནི། དབང་བསྐུར་རྡོ་རྗེ ཆེན་པོ་ལ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། དེ་ནས་འདི་ལྟར་ཨོཾ་ཨཱཞེས་གསུམ་དུ་བརྗོད་དེ། ལུས་དང་ངག་དང་ཡིད་བྱིན་གྱིས་བརླབ་པོ། །དེ་ནས་སངས་རྒྱས་ཀྱི་གསུང་སྔགས་ཀྱི་བཟླས་པ་སྦྱིན་པར་བྱའོ། །དེ་ནས་ལྷའི་སྐུ་མི་དམིགས་པར་བསམས་ལ་སྟོང་པ་ཉིད་ཀྱི་དོན་ལ་བཞག་གོ་།དེའི་རྗེས་སུ མཆོད་པ་ལྔའི་ཆོ་གས་རྗེ་བཙུན་མ་ཡང་དག་པར་མཆོད་ནས་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་ལོ། །སྒྲོལ་མ་ཨཽ་གྲའི་མཆོད་པའི་ཆོག་རྫོགས་སོ།། །།རྡོ་རྗེ་གདན་གྱི་མཁན་པོ་ཤྲི་ཤ་རི་པུ ཏྲ་མ་ཧཱ་སྭ་མིའི་ཞལ་མངའ་ནས་མཛད་དེ། རང་འགྱུར་དུ་བསྒྱུར་བའོ།། །།སྒྲོལ་མ་དམར་མོའི་སྒྲུབ་ཐབས་རྡོ་རྗེ་གདན་པས་མཛད་པ་གཞུགས་སོ།། །།རྒྱ་གར་སྐད་དུ། སྟཾ་དཱ་ར་ཝ་ཤཾ་བི་དྷི་ན་ཙཀྲ་ནཱ མ།

CLOSE WINDOW