Wylie | e-texts based on the ACIP/ALL ![]() ![]() |
།།*། །སྒྲོལ་མ་ནོར་སྦྱིན་མ་བཞུགས་སོ།། །།རྒྱ་གར་སྐད་དུ། དྷ་ན་ད་ཏཱ་ར་སཱ་དྷ་ན། བོད་སྐད་དུ། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།།
དེ་ནས་བཅོམ་ལྡན་འདས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་ནི་མདོར་བསྡུས་པ་བྲི་བར་བྱའོ། །དང་པོར་བཅོམ་ལྡན་འདས་མ་སྒྲོལ་མ་བསྒོམ་པའི་བདག་ཉིད་ཀྱི་རིགས་ཀྱི་བུས་མ་ལ
ནས་ལྡང་བའི་དུས་སུ། རང་གི་སྙིང་གར་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཏཱཾ་ཡིག་ཏུ་སྣང་བའི་འོད་ཟེར་འཕྲོ་བ་བསྒོམས་ནས། དེ་ལས་འོད་ཟེར་འཕྲས་པས་ལྷ་མོ་སྒྲོལ་མས་གཙོ་མཛད་པའི་དེ་བཞིན་གཤེགས་པ
ཐམས་ཅད་མདུན་དུ་བལྟས་ནས། མེ་ཏོག་དང་བདུག་པ་ལ་སོགས་པ་རྣམས་ཀྱི་ཡིག་ཀྱི་རང་བཞིན་གྱི་མཆོད་པ་བྱའོ། །དེ་ལ་གནས་པའི་སེམས་ཁོ་ནས་ལངས་ནས། ཁ་བཀྲུབ་ལ་སོགས་བ་སྔོན་དུ་བྱས་ཏེ། བསམ
གཏན་ཀྱི་ཁང་པར་བྱམས་པ་དང་སྙིང་རྗེའི་བདག་ཉིད་ཀྱིས། སྣའི་རྩེ་མོ་དང་འབྲེལ་པར་བལྟ་བས་བསམ་གཏན་དང་འབྲེལ་བའི་ཕྱག་རྒྱས། ཨོཾ་སྭ་བྷཱ་ཝ་ཤུད་དྷསསརྦ་དྷཱརྨཱདྷརྨཱས་སྭ་བྷཱ?་ཝ་ཤུ་ནྱོ་ཧཾ། ཨོཾ་ཤཱུནྱ་ཏཱི་ཛཝ?་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོཉཧཾ། ཞེས་པའི་སྔགས་དྲན་ལ་སྔོན་དུ་འགྲོ་བས་ཁམས་གསུམ་པོ་ཐམས་ཅད་དང་རིང་གི་ལུས་སྟོད་པ་ཉིད་དུ་བསམ་ནས། རང་གི་བདག་ཉིད་མེ་ལོང་གྲི
གཟུགས་བརྙན་དང་འདྲ་བར་བལྟ་བར་བྱའོ། །དེའི་རྗེས་སུ་རང་གི་སྙིང་གའི་པད་མར་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཏཾ་ཡིག་གི་འོད་ཟེར་གྱིས་སྤྱན་དྲངས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་མདུན་དུ་བལྟས་ཏེ་མཆོད་ཡོན་དང་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད་པར་བྱའོ། །དེ་ལ་ཚིགས་སུ་བཅད་པོ་ནི། ཨོཾ་སངས་རྒྱས་ཀུན་ལ་བདག་ཕྱག་འཆལ། རྒྱལ་བས
གསུངས་པའི་ཆོས་དང་ནི། །དགེ་འདུན་ཚུལ་ཁྲིམས་བཟང་ལྡན་པ། །དཀོན་མཆོག་གསུམ་པོ་ཁྱེད་ལ་འདུད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི
དང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་བར་བགྱི། །བྱང་ཆུབ་མཆོག་གི
སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་འགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ཅེས་པ་ལ་སོགས་པ་སྨོན
ལམ་གྱི་མཐར་ཐུག་པ་བྱས་ལ། །ལྷ་མོ་སྒྲོལ་མས་གཙོ་མཛད་པའི་དེ་བཞིན་གཤེགས་པ་དེ་ཐམས་ཅད་རང་གི་ལུས་ལ་གཞུག་གོ་།འདི་ནི་བསོད་ནམས་ཀྱི་ཚོགས་སྤེལ་བའི་ཆོ་གའོ། །དེ་ནས་ཡེ་ཤེས་ཀྱི་ཆོ་གས་རྫོགས
པའི་དོན་ཏུ་ཆོ་ག་བྲི་བར་བྱ་སྟེ། པཾ་ལས་སྐྱེས་པའི་པདྨར་རཾ་ལས་སྐྱེས་པའི་ཉི་མ་ལ་ཧཱུཾ་ལས་སྐྱེས་པའི་བགེགས་མཐར་བྱེད་དྲག་པོའི་གཟུགས་ཅན་གཡོན་བརྐྱང་གིས་གནས་པ། གཡས་ན་རྡོ་རྗེ་འཛིན་པ། གཡོན་པ་སྡིགས
འཛུབ་ཅན། མདོག་ནག་པོ་ཞལ་ཅིག་སྦྱན་གསུམ་པ་བསྒོམ་པར་བྱའོ། །དེ་ལ་སྔགས་ནི། ཨོཾ་ཨ་མྲི་ཏེ་ཧ་ན་ཧ་ན་སརྦ་བི་གྷྣཱན་ད་ཧ་ད་ཧ་ས་རྦ་པཱ་ཡཱན?་ཧཱུཾ་ཕཊ། ཅེས་པ་བགེགས་ཉེ་བར་ཞི་བར་བྱེད་པའི་སྔགས་སོ། །དེའི་རྗེས་སུ། ལི་རི
བཾ་སཾ་ཞེས་པའི་ས་བོན་གྱི་ཡི་གེ་རྣམས་ཀྱིས། རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་རྣམས་བསམ་པར་བྱའོ། །དེ་ནས་རྡོ་རྗེའི་ས་ལ་སོགས་པ་བྱའོ། །དེ་ལ་སྔགས་ནི། ཨོཾ་མེ་དི་ནི་བཛྲཱི་བྷ་ཝ་བན་དྷ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་པི
ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་བིཾ་ཧཱུཾ། ཨོཾ་བཛྲ་ཤ་རཱ་ཛཱ་ལ་ཏྲཾ་ཤཾ་ཏྲཾ། ཨོཾ་བཛྲ་ཛཝཱ་ལཱ་ན་ལཱརྐ་ཧཱུཾ་ཧཱུཾ་ཧཱུཾ། འདི་ལྟར་བསྲུང་བའི་འཁོར་ལོ་བསྒོམས་ནས། པུཾ་ཡིག་ལས་སྐྱེས་པའི་རི་རབ་ལ་ཨ་ལས
སྐྱེས་པའི་པདྨ་ལ། བྷྲུཾ་ཡིག་ལས་སྐྱེས་བའི་ཁང་པ་རྩེགས་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ། དོ་ཤལ་དང་དོ་ཤལ་ཕྱེད་པ་དང་མེ་ཏོག་གི་ཕྲེང་བ་དང་མེ་ཏོག་ལ་སོགས་པས
བརྒྱན་པ་དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། སྒོ་བཞིར་ཡང་སྣ་ཚོགས་པད་མ་རྣམས་སོ། །དབུས་སུ་གནས་པའི་སྣ་ཚོགས་པདྨ་ལས་སྐྱེས་པའི་ཟླ་བ་ལ་རར་གི་ལུས་ཏཾ་ཡིག་གིས་ས་བོན་ལས་བྱུང་བའི་ལྷ
མོ་སྒྲོལ་མའི་རང་བཞིན་གྱི་བདག་ཉིད་འོད་ཀྱི་སྣང་བ་ཞལ་ཅིག་སྤྱན་གཉིས་ཕྱག་བཞི་མ། སྔོ་ལྗང་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། གཡས་པ་མཆོག་སྦྱིན་དང་བགྲང་ཕྲེང་འཛིན་པ། གཡོན་པ་ཨཽཏཔལ་དང་པོ་ཏི་ས་མཚན
པ་བསྒོམ་པར་བྱའོ། །དེའི། ཐུགས་གར་ཏྲཾ་ཡིག་གོ་།དེ་ལས་བྱུང་བའི་ཡི་གེ་གསུམ་ནི་ཨོཾ་ཁ་དོག་དཀར་པོ་རྣམ་པར་སྣང་མཛད་ནི་སྤྱི་བོར་བསྒོམ་པར་བྱའོ། །ཱ:ཡིག་ཁ་དོག་དམར་པོ་འོད་དཔག་ཏུ་མེད་པ་ནི
ཁའི་ནང་དུ་བསྒོམ་པར་བྱའོ། །ཧཱུཾ་ཡིག་ཁ་དོག་ལྗང་གུ་དོན་ཡོད་གྲུབ་པ་ནི་སྙིང་གར་བསྒོམ་པར་བྱའོ། །འདིར་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝཱཏྨ་ཀོཉཧཾ། དེ་ནས་རང་གི་ལུས་ལ་སྔགས
དགོད་པ་ནི། སྤྱི་བོར་ཨོཾ། དཔྲལ་བར་ཏཱ། མིག་དག་ཏུ་རེ། སྣའི་རྩེ་མོར་ཏུ། མགྲིན་པར་ཏྟཱ། སྙིང་གར་རེ། ལྟེ་བར་ཏུ། གསང་བར་རེ། པུས་མོ་དག་ལ་སྭཱ། རྐང་པ་དག་ལ་ཧཱ། འདི་ལྟར་བཀོད་པའི་སྔགས་ཀྱི་ཡི་གེ
རྣམས་ཀྱིས་རང་གི་ལུས་སྒྲོལ་མའི་རྣམ་པར་བསྒོམ་པར་བྱའོ། །དེའི་རྗེས་སུ། ཏཱཾ་ཡིག་དེ་ལས་བྱུང་བའི་ཡི་གེ་བཅུ་གསུམ་རྣམས་ནི། ཁཾམའི་ཟླ་བ་རྣམས་དང་སྒོར་གནས་པའི་སྣ་ཚོགས་པདྨའི་ཉི་མ་རྣམས་ལ་དགོད་པར་བྱའོ། །དེའི་འོད་ཀྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་རྣམས་ཡི་གེ་དེ་རྣམས་ཉིད་ལ་རབ་ཏུ་གཞུག་གོ་།དེ་ལ་ཤར་གྱི་འདབ་མར་བཅོམ་ལྡན
འདས་མ་རྡོ་རྗེ་སྒྲོལ་མ་ནག་མོ་མི་སྐྱོད་པའི་རང་བཞིན་ཕྱག་གཉིས་རྡོ་རྗེ་དང་ཨཽཏཔ་ལ་འཛིན་པ། ལྷོར་རིན་ཆེན་སྒྲོལ་མ་སེར་མོ་རིན་ཆེན་འགྱུར་ལྡན་གྱི་རང་བཞིན་ཕྱག་གཉིས་ན་རིན་པོ་ཆེ་དང་ཨཽཏཔ་ལ་འཛིན་ལ། ནུབ་ཏུ་པར་མ
སྒྲོལ་མ་དམར་མོ་འོད་དཔག་ཏུ་མེད་དེའི་རང་བཞིན་ཕྱག་གཉིས་པ་པདྨ་དད་ཨཽཏཔ་ལ་འཛིན་པ། བྱང་དུ་སངས་རྒྱས་སྒྲོལ་མ་དཀར་མོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་འཁོར་ལོ་དང་ཨཽཏཔ་ལ་འཛིན་པ། འདི་རྣམས་དཀྱིལ་འཁོར
གྱི་འདྲེན་མ་དང་བཅས་པ་ལྷ་མོ་ལྔ་པོ་རྣམས་རིམ་པས། བྱ་བ་གྲུབ་པའི་ཡེ་ཤེས་དང། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང། མཉམ་པ་ཉིད་ཀྱི་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། མེ་ལོང་ལྟ
བུའི་ཡེ་ཤེས་ཤེས་བྱ་བ་སྟེ་ཡེ་ཤེས་ལྔའི་རང་བཞིན་དུ་བསམ་པར་བྱའོ། །མེར་མེ་ཏོག་སྒྲོལ་མ་དཀར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ་སའི་ཁམས་ཀྱི་རང་བཞིན། བདེན་བྲལ་དུ་བདུག་སྤོས་སྒྲོལ་མ་ནག་མོ་ཆུའི་ཁམས་ཀྱི་རང
བཞིན། ཕྱག་གཉིས་ན་སྤོས་ཕོར་འཛིན་པ། རླུང་དུ་མར་མེ་སྒྲོལ་མ་དམར་མོ་ཕྱག་གཉིས་མར་མེའི་ཀོང་བུས་མཚན་པ་མེའི་ཁམས་ཀྱི་རང་བཞིན། དབང་ལྡན་དྲུ་དྲིའི་སྒྲོལ་མ་གུར་གུམ་གྱི་དམོག་ཅན་དྲིའི་དུང་ཆོས་འཛིན་པ་རླུང་གི
ཁམས་ཀྱི་རང་བཞིན་ཅན། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་ནག་མོ་ལྕགས་ཀྱུ་འཛིན་པ་དད་པའི་དབང་པོའི་རང་བཞིན་གཡས་རྐྱང་བ་ཅན། ལྷོ་སྒོར་རྡོ་རྗེ་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ་བརྩོན་འགྲུས
གྱི་དབང་པོའི་རང་བཞིན་གཡས་བརྐྱང་བ་ཅན། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ་དྲན་པའི་དབང་པོའི་རང་བཞིན་གཡས་བརྐྱང་བ་ཅན། བྱང་སྒོར་རྡོ་རྗེ་དྲིལ་བུ་མ་དཀར་མོ་རྡོ་རྗེ་དྲིལ་བུ
འཛིན་པ། ཏིང་ངེ་འཛིན་གྱི་དབང་པོའི་རང་བཞིན་གཡས་བརྐྱང་བ་ཅན་ནོ། །དཀྱིལ་འཁོར་ཀྱི་གཙོ་མོ་ཁཾ་ཡིག་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་ཅོད་པན་ཅན་ནོ། །དེ་ནས་བསྐྱེད་པའི་དཀྱིལ་འཁོར་གྱི་གཙོ་མོའི
སྙིང་གར་གནས་པའི་ས་བོན་ཏཱཾ?་ཡིག་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་མེ་ཏོག་ཅན་གྱི་འཇིག་རྟེན་གྱི་ཁམས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ། ཛ:ཧཱུཾ་བཾ་ཧོ:ཞེས་པའི་སྔགས་ཀྱིས་དགུག་པ་དང
གཞུག་པ་དང་བཅིངས་པ་དང་མཉེས་པ་ལ་སོགས་པའི་རིག་པས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་བསྒོམ་པར་བྱའོ། །དེ་ནས་དབང་བསྐུར་བ་བཟུང་བའི་དོན་དུ་སྤྱན་མ་ལ་སོགས་པའི་ལྷ་མོའི་ཚོགས་སྤྱན
དྲངས་ཏེ། ཨོཾ་ཨཱ:སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་པ་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བཛྲ་དེ་བྱོ་མ་མཱ་བྷི་ཥིཉྩནྟུ་སྭཱཧཱ། ཞེས་པའི་སྔགས་ཀྱིས་དབང་བསྐུར་བ་བཟུང་བས་རང་ལྷ་མོ་སྒྲོལ་མའི་རང་གཟུགས་ཡིན་ཡོ་དེ
རྣལ་འབྱོར་པའི་བསོད་ནམས་ཀྱི་ཚོགས་མངོན་པར་འཕེལ་བའི་སླར་དུ་ཕྱིའི་དཀྱིལ་འཁོར་སྤྲོ་པར་བྱ་སྟེ། དེ་ལ་སྔགས་རྣམས་ནི། ཨོཾ་ཏའ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་པའི་རྩ་བའི་སྔགས་ཀྱི་དབུས་སུ་དཀྱིལ་འཁོར
གྱི་འདྲེན་མའོ?། །ཤར་དུ། ཨོཾ་བཛྲ་ཏཱ་རེ་སྭཱཧཱ། ལྷོར་ཨོཾ་རཏན་ཏཱ་རེ་སྭཱཧཱ། ནུབ་ཏུ་ཨོཾ་པདྨ་ཧཱ་རེ་སྭཱཧཱ། བྱང་དུ་ཨོཾ་བུདྡྷ་ཏཱ་རེ་སྭཱཧཱ། མེར་ཨོཾ་བུཥཔ་ཏཱ་རེ་སྭཱཧཱ། བདེན་བྲལ་དུ། ཨོཾ་དྷཱུ་པ་ཧཱ་རེ་སྭཱཧཱ། རླུང་དུ། ཨོཾ་པཱི་པ་ཏཱ་?་སྲཱ་?།
དབང་ལམ་དུ། ཨོཾ་གནདྷ་ཏཱ་རེ་སྭཱཧཱ། ཤར་སྒོར། ཨོཾ་ཛ:བཛྲཱཾ་ཀུ་ཤི་ཧཱུཾ་ཕཊ་སྭཱཧཱ། ལྷོ་སྒོར། ཨོཾ་ཧཱུཾ་བཛྲ་པཱ་ཤི་ཧཱུཾ་ཕཊ་སྭཱཧཱ། ནུབ་སྒྲོ། ཨོཾ་བཾ་བཛྲོ་སཕོ་ཊ་ཧཱུཾ་ཕཊ་སྭཱཧཱ། བྱང་སྒོར། ཨོཾ་ཧོམ། བཛྲ་གྷཎྚེ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་སྒོའི?
ལྷ་མོ་བཞི་པ་སྟེ། སྔགས་འདི་རྣམས་ཀྱིས་དཀྱིལ་འཁོར་པ་བྱས་ཏེ་འདུག་སྤོས་དང་སྒྲོལ་མ་ལ་སོགས་པར་དབུལ་བར་བྱའོ། །འདིར་གཏོར་མའི་སྔགས་ནི། ཨོཾ་ཏཱ་ར་སུ་ཏཱ་རེ་ད་ཧ་ཧ་སརྦ་པཱ་སཱ་ན་པ་ཅ་པ་ཙ་ཀུ་རུ་ཀུ་རུ། སརྦ
བྷཱུ?་ཏ་སཏྟ?་རྤ?་ཎཾ། ཏ་ར་ཏ་ར་ཏཱ་ར་ཡ་ཏཱ་ར་ཡ། སརྦ་དུ:ཁ་མ་ཧཱརྞྞ་ཐེ་བྷཡོ་མཱི་སརྦ་ས་ཏྭཱཾ་ཤཙ་ས་མ་ཡ་མ་ནུ་སྨ་ར་ཨ?་མཾ་པ་ལིཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་གཏོར་མའི་སྔགས་སོ། །དེ་ནས་ལས་ཐམས་ཅད་པའི་གཏོར་མའི་སྔགས་བྲི
བར་བྱའོ། །ཇི་ལྟར་ན། ཨོཾ་བྲརྨཱ་དྱཱ:། དེ་ཝ་ཏཱ:། སརྦཱ་ཨཻནྙཱ?་བྷཡཱ:། ལོ་ཀ་རཀྵ་ཀཱ:། ནཱ་གཱཐམས་ཅད་པའི་གཏོར་མའོ། །དེ་ན་སྨོན་ལམ་གྱི་ཚིགས་སུ་བཅད་པ་བརྗོད་དེ། ཨོཾ་བཛྲ་མུ:ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ལུས་ལ་གཞུག་གོ་།ོཾ་བྷཱུ་ཏ་ག་ཎ་མུ:ཞེས་པས་གཏོར་ཨའི་འགྲོན
གཤེགས་སུ་གསོལ་ལོ། །ཇི་སྲིད་མི་སྐྱོ་བའི་བར་དུ། རྩ་བའི་སྔགས་དང། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་ཏེ་དྷ་ནཾ་མེད་ད་སྭཱཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། །སྒྲོལ་མ་ནོར་སྦྱིན་མའི་བསྒྲུབ་ཐབས་པཎྜི་ཏ་ཆེན་པོ་ས་ཧ་ཛ་ཤྲཱི་ས
མཛད་པ་རྫོགས་སོ། ། །།མཁྱེན་རབ་དང་ཐུགས་རྗེ་རབ་ཀྱི་ཕུལ་དུ་བྱུང་བ་དཔག་ཏུ་མེད་པས་སྤྲས་པ་ཆོས་རྗེ་བླ་མ་དམ་པ་སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་རྒྱལ་མཚན
དཔལ་བཟང་པོའི་བཀའ་ལུང་དང། དཔོན་པོ་གྲགས་པ་རིན་ཆེན་གྱི་གསུང་བཞིན་དུ། སྣེ་གདོང་ནང་ས་ནས་ཡོ་བྱད་ཕུན་སུམ་ཚོགས་པ་སྩལ་ཏེ་གནས་དེ་ཉིད་དུ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཀུ་མཱ་ར་ཤྲཱི་བྷ་ཏྲ་དང། བོད
ཀྱི་ལོཙྪ་བ་ནམ་མཁའ་བཟང་པོས་བསྒྱུར་བའོ། །འདི་ཡི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། མཧཱ་པཎྚི་ཏས་ཧ་ཛ་ཤྲཱི?། མཧཱ་པཎྚི་ཏ་ཀུ་མཱ་ར་ཤྲཱི་བྷ་དྲ། མཧཱ་ལོཙྪ་བ་ནམ་མཁའ་བཟང་པོ། མཧཱ་ལོཙྪ་པ་ཐུགས་རྗེ་དཔལ་ལའོ། །
སྒྲོལ་མ་ཨཽ་བྲའི?་སྒྲུབ་ཐབས?་ཀྱི་རྗེས་གནང་བཞུགས་སོ།
CLOSE WINDOW