CLOSE WINDOW

N3606: གཤིན་རྗེ་གཤེད་མཐར་བྱེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག
Wyliee-texts based on the ACIP/ALL Input

། རྒྱ་གར་སྐད་དུ། ཡ་མཱ་ན་ཏཱ་ཀ་ཡན་ཏྲ་བི་དྷི། བོས་སྐད་དུ། གཤིན་རྗེ་གཤེད་མཐར་བྱེད་ཀྱི་འཁྲུལ་འཁོར་གྱི་ཆོ་ག་།དཔལ་གཤིན་རྗེ་གཤེད་དམར་པོ་ལ་ཕྱག་འཚལ་ལོ། །གཤིན རྗེ་གཤེད་མཐར་བྱེད་ཀྱི་འཁྲུལ་འཁོར་བརྗོད་པར་བྱ་སྟེ། རྩིབས་བརྒྱད་པ་ཞེས་བྱ་བ་ལ་སོགས་པའོ། །འདིར་ནི་གྲོ་གའི་འདབ་མ་ལ་སོགས་པ་ལ་འཁྲུལ་འཁོར་བྲི་བར་བྱ་སྟེ། དང་པོ་ཟླུམ་པོར་བསྐོར་བརྩིབས་བརྒྱད་པའོ། །གཉིས་པའི་རྩིབས་བཅུ་གཉིས་བའོ། །གསུམ པའི་རྩིབས་བཅུ་དྲུག་པའོ། །དེ་ལ་རྩིབས་བརྒྱད་དུ་ཕྱོགས་དང་འཚམས་སུ་གནས་པ་ཅེས་ཕྱོགས་སུ་ལམ་ལ་སོགས་བའི་ཡི་གེ་གནས་པའི་འཚམས་ཀྱི་འདབ་མར་བསྒྲུབ་བྱའི་མིང་གི་ཡི་གེ་གནས་པའོ། །རྩིབས་བཅུ་དྲུག་ཏུ་ཡང་བར་གྱི་བརྒྱད་དུའོ། །དེ་ལྟར བསྒྲུབ་བྱ་འཚམས་རྣམས་སུའོ། །དང་པོར་ཟླུམ་སྐོར་གྱི་དབུས་སུ་ལྟེ་བར་ཡ་འབྱུང་ངོ། །ཤར་དུ་མ། རྩིབས་བཅུ་གཉིས་བའི་ཤར་དུར། གཉིས་བར་ཛཔའི་ལྔ་པར་ཌུ། དྲུག་པར་ཎ། བདུན་པར་ཡོ། ཡང་རྩིབས་བརྒྱད་པའི་ནུབ་ཏུ་ད། སླར་རྩིབས་བཅུ་གཉིས་པའི་བརྒྱད་པར་ནི། དགུ་པར་ར། བཅུ་པར་ཡཱ་།སླར་ཡང་རྩིབས་བརྒྱད་བའི་བྱང་དུ་ཀྵེ་།སླར་རྩིབས་བཅུ་གཉིས་པའི་བཅུ་གཅིག་པར ཙ། བཅུ་གཉིས་པར་ནི། དེ་ལྟར་ཡང། ཡ་མ་ར་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། །ཡཀྵེ་ཡཙྪ་ནི་རཱ་མ་ཡཱ། ཞེས་བྱ་ནི་རྩ་བའི་རྒྱུད་དུ་གསུངས་སོ། །གཅིག་གཙོ་བོར་བྱས་ནས་ཡི་གེ་བཅུ་དྲུག་ནི་འདབ་མ་བཅུ དྲུག་ལ་སྟེ། འདི་ལྟར་དབུས་སུ་ཡ་མར་ཛ་ས་དོ་མེ་ཡ་རུ་ཎ་ནས་ཡོ་རབ་འགྱུར། དེ་ལ་དབུས་ཀྱི་རའི་དབུས་སུ་དེ་ནས་ར་ཡ་ཀྵེ་ཙྪ་དེ་ནས་ཐ་མར་ནི། ཞེས་པ་ནི་རྩིབས་བརྒྱད་པ་དང། རྩིབས་བཅུ་གཉིས་པའི་ངེས་པའོ། །དེ་ནས་རྩིབས་བཅུ་དྲུག་པའི བསྒྲུབ་བྱའི་མིང་གིས་བར་བར་གྱི་འདབ་མ་ལ་སྔགས་འདི་རྣམས་བྲི་བར་བྱའོ། །འོ་ཧྲིཅེས་བ་འདིར་རྣམ་པར་དབྱེ་བ་ལ་དབུས་སུ་གཙོ་བོ་ལ་ཡའོ། །གསང་བ་ལ་མཱ། དབང་དུ་བྱ་བ་ལ་ར། དེ་བཞིན་དུ་ཀྵེ་ད་མེད་ས་ཙ་སོགས་འབྱུང། ཞེས་བ་ནི་འདིར་རེངས་པ་ལ་ཀྵེ། དགུག་བ་ལ་ད། རྨོངས་པ་ལ་མེ་།སྟོབས་བྱེད་བ་ལ་དེ། ཞི་བ་ལ་སོ། བསྐྲད་བ་ལ་ཙྪ། རིམས་བྱེད་བ་ལ་ཎ། སེམས་མནན་བ་ལ་རུ། རྒྱལ་བ་ལ་ཛ། རབ་ཏུ་བདུད་བ་ལ་ཡོ། དགྲ་བཟློག་པ་ལ་ནི། རྒྱས་པ་ལ་ར་ཞེས་བའོ། །དབུས་ནས་དེའི་ཡི་གེ་ཡ་ནི་འགྱུར་བའི་དབང་ཅེས་པ་ནི། འདིར་ལས་གྱི་དབང་གིས ཡི་གེ་གང་དབུས་ཀྱི་གཙོ་བོར་འགྱུར་བ་དེའི་གནས་སུ་ཡི་གེ་ཡ་བྲི་བར་བྱའོ། །ཕྱི་རོལ་ཐམས་ཅད་སྔ་མ་བཞིན་དུའོ་ཅེས་པ་ནི་གཤིན་རྗེ་མཐར་བྱེད་ཀྱི་འཁོར་ལོའི་ངེས་བའོ། །དང་པོའི་སངས་རྒྱས་ནས་བརྒྱུད་བའོ། །ད་ནི་ཞི་བ་ལ་སོགས བའི་ལས་ལ་འཆད་པར་འགྱུར་བའི་འཁྲུལ་འཁོར་ནྱ་གྲོ་དྷའི་ལོ་མ་ལ་འཇག་མ་རླན་གཞན་ལ་མི་འགྲུབ་གསུང་དང་མ་བྲལ་བ་ལ་བྲིའོ། །ཤིང་ཤ་དང་གཉིས་འབྲས་ས་ལུ་བཏགས་པའི་ཁུ་བས་དུར་བའི་སྙུག་གུས་ཙན་དན་ནམ་དྲང་བའི་སྙུག་གུ སོ། རྒྱས་བ་ལ་འཇག་མ་དཀར་པོ་ལ་སོགས་བས་བྲི་བར་བྱའོ། །དེ་བཞིན་དུ་གསད་བ་དང། བསྐྲད་བ་ལ་དུར་ཁྲོད་ཀྱི་རས་ལ་དུག་དང་ཁྲག་དང་སོལ་མི་རུས་ཀྱི་སྙུག་གུས་སོ། །བསྐྲད་བ་ལ་བྱ་རོག་གི་སྒྲོ་རྐང་གིས་སྙུག་གུས་སོ། །དབང དུ་བྱ་བ་དང་དགུག་བ་ལ་གྲོ་ག་ལ་གུར་གུམ་དང། གྷི་ཝང་གིས་གསེར་གྱི་སྙུག་གུས་སོ། །དགུག་བ་ལ་སེང་ལྡེང་གི་སྙུག་གུས་ཙན་དན་དམར་པོ་དང་སོ་འབྲས་བཏགས་པའི་ཁུ་བ་རང་ཕག་གིས་སོ། །རེངས་བ་དང་རྨོངས་བ་ལ་ཤིང་ཨར་ཀའི ལོ་མས་ཡོངས་སུ་སྨིན་པ་ཁ་དོག་སེར་པོ་ལ་འབྲས་བུ་གསུམ་གྱི་ཁུ་བ་དང་བཅས་པའི་ཡུང་བ་བླངས་ཤིང་བིལ་པའི་སྐུག་གུས་སོ། །ཤིང་ཨརྐའི་སྙུག་གུས་རྨོངས་པ་ལ། ཞེས་པ་ནི་ངེས་པའོ། །ད་ནི་འཁྲུལ་འཁོར གྱི་རབ་ཏུ་གནས་པའི་ཆོ་ག་བརྗོད་དེ། འདིར་ཞི་བ་དང་རྒྱས་པའི་འཁྲུལ་འཁོར་བྲིས་པའི་འཁྲུལ་འཁོར་ལ་སོགས་པ། སྐུད་བ་དཀར་པོས་ཇི་ལྟར་འཁྲུལ་འཁོར་མི་མཐོང་བར་ཉི་རིམ་དུ་བཀྲི་བར་བྱའོ། །དེ་ལྟར་ལས་ཀྱི་རྣམ་པའི་སྐུད པ་ནག་པོ་དང་སྐུད་པ་སེར་པོ་ལ་སོགས་པས་བཀྲི་བར་བྱའོ། །དེ་ནས་ཞི་བ་དང་རྒྱས་པ་མར་དང་སྦྲང་རྩི་དང་ཞོས་བཀང་བའི་ཁམ་པོར་ཁ་སྦྱོར་དུ་བཞག་པར་བྱའོ། །བསད་པ་དང་བསྐྲད་པ་ལ་ཐོད་པ་ཁྲག་གིས་བཀང་བ་བཞག་པར་བྱའོ། །དབང དང་དགུག་པ་ལ་མེས་སྤྲོས་པའི་རས་ཁ་སྦྱོར་དུ་སྦྲ་ཚིལ་གྱིས་གཡོགས་པར་བྱའོ། །རེངས་པ་དང་རྨོངས་བ་ལ་བ་བླའི་ཆུས་བཀང་བའི་སོ་ཕག་གི་དབུས་སུ་བཞག་གོ་།ཞི་བ་དང་རྒྱས་པ་ལ་གནས་གཙང་ཞིང་རླན་དང་བཅས་པའི་ས་ཕྱོགས སུ་སྟེང་དུ་བཞག་པར་བྱའོ། །བསད་བ་དང་བསྐྲད་པ་ལ་མར་དང་ཞོའི་དོང་གི་འོག་ཏུ་སྦ་པར་བྱའོ། །དབང་དུ་བྱ་བ་ལ་དགུག་བ་ལ་ཐབ་ཀྱི་འོག་ཏུའོ། །རེངས་པ་དང་རྨོངས་པ་ལས་སྐམ་བ་ལ་སོགས་པ། སྔགས་པས་དེ་དག་དགེ་བ་དང་མེ་དག བ་རིག་པར་བྱ་སྟེ། འདི་ནི་ངེས་པའོ། །ད་ནི་བྲིས་པའི་འཁྲུལ་འཁོར་གྱི་འཁོར་ལོའི་ཕྱི་རོལ་ཏུ་ངེས་པར་བརྗོད་པར་བྱ་སྟེ་།འདིར་ཞི་བ་ལ་འཁོར་ལོའི་ཕྱི་རོལ་ཏུ་ཟླ་བའི་དཀྱིལ་འཁོར་གྱིས་བསྐོར་བར་བྱ་སྟེ་།སྟེང་དུ་རེ་ཁས་སོ། །རྒྱས་པ་ལ་གླང་པོ ཆེས་བསྐོར་ཏེ་ཇི་ལྟར་གླང་པོ་ལུས་ལ་འཁོར་ལོ་འབྱུང་བར་རོ། །གསང་བ་ལ་ཡི་དགས་ཀྱི་ལུས་ལའོ། །བསྐྲད་བ་ལ་རྡོ་མའི་ལུས་ལའོ། །དགུག་པ་ལ་རྟའི་ལུས་ལའོ། །རྨོངས་པ་ལ་རའི་ལུས་སམ་ལུག་གི་ལུས་ལའོ། །རེངས་པ་ལ་རུས་སྦལ་གྱི་ལུས ལ་ཇི་ལྟར་འཁྲུལ་འཁོར་གྱི་ཙཀྲ་འགྱུར་ཞིང་དེ་བཞིན་དུ་ཕྱི་རོལ་དུ་གཟུགས་བའོ། །དེ་ནས་གོང་དུ་བཤད་བའི་སྐུད་པས་བྱིག་པར་བྱའོ། །དེ་ལྟར་རིག་པ་རྣམས་ལ་ཡང་ངེས་པའོ། །ཐུན་དང་པོ་ཕྱེད་ལ་གཡོན་པའི་ཆུའི་དཀྱིལ་འཁོར་ལ་བྱང་དུ་ཕྱོགས པས་ཞི་བའོ། །ཐུན་ཕྱེད་པ་གཉིས་པ་ལ་བདེན་བྲལ་དུ་ཁ་ལྟས་ཏེ་རྒྱས་པའོ། །ཐུན་གཉིས་པའི་ཐུན་ཕྱེད་ལ་ཁ་ཤར་དུ་ཁ་ལྟས་ཏེ། གཡས་པ་རླུང་གི་དཀྱིལ་འཁོར་གསད་པའོ། །ཐུན་ཕྱེད་པ་གཉིས་པ་མེའི་དཀྱིལ་འཁོར་བསྐྲད་པའོ། །ཐུན་གསུམ པའི་ཕྱེད་ལ་ལྷོར་ཕྱོགས་ཏེ་གཡོན་མེའི་དཀྱིལ་འཁོར་ལ་དབང་དུ་བྱ་བའོ། །ཐུན་གསུམ་ཕྱེད་མ་ལ་བདེན་བྲལ་དུ་བལྟས་ཏེ་དགུག་པའོ། །ཐུན་བཞི་པའི་ཕྱེད་མ་ལ་ཁ་ནུབ་ཕྱོགས་སུ་གཡས་པའི་དཀྱིལ་འཁོར་ལ་རེངས་པའོ། །ཐུན་བཞི་བའི་ཕྱེད་ཕྱི་མ་ལ་རླུང་དུ ལྟས་ཏེ་རྨོངས་པའོ། །གཤིན་རྗེ་མཐར་བྱེད་གོ་འཕང་ལ། །གནས་ནས་སྔགས་ཀྱིས་སྒྱང་བྱ། །གྲོང་གི་ལྷའི་ཕྱོགས་ཀྱི་ཆར། །ས་གཞི་ནག་པ་སྦྱང་བྱས་ནས། །དུར་ཁྲོད་དབེན་པའི་ས་ཕྱོགས་འདི། །བསྐྱེད་ཚལ་ས་ཞི་བའི་གནས། །ཕུབ་མ་འདྲ་སོགས་ཀྱིས གདབ། །མངོན་སྤྱོད་ལས་འདི་བརྩམ་པར་བྱ། །ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དང། །དེ་བཞིན་དུ་ཡ་བཅུ་བཞིའི་ཉིན། །གཟའ་ནི་སྤེན་པ་མིག་དམར་ལ། །རྒྱུ་སྐར་ཡང་ནི་རྒྱལ་ཡོད་ལ། །མེ་བཞི་ནག་པ་ཐ་སྐར་བྲན། །གྲེ་དང་སྦོ་དང་དེ་བཞིན་དུ། །ནམ་སོ་དང ནི་བྲ་ཉེ་སྟེ། །རྒྱུ་སྐར་འདི་དག་དྲག་པོའོ། །སྔགས་བས་འདི་དག་གཞན་དག་ལ། །དྲག་པོ་ལ་སོགས་མཉམ་པོར་སྤྱོད། །གཤིན་རྗེ་མཐར་བྱེད་ཀྱི་ལ་དྲུལ་འཁོར་གྱི་ཆོག་།རྫོགས་ཤོ།། །།རྒྱ་གར་གྱི་མཁན་པོ་རྗེ་བཙུན་ཉི་མའི་དབང པོའི་འོད་ཟེར་གྱི་ཞལ་སྔ་ནས། ཆག་ལོ་ཚ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།*། །ཡི་དགས་ཐམས་ཅད་རྡོ་རྗེས་བཅིངས་པ་ནག་པོ་བས་མཛད་པ་བཛྙཱ་ཤྲཱི་ཛྙཱ་ན་ཀའི་རང་འགྱུར་དང་ལས་གཤིན་འཁོར་བཅས་ཀ་ཡི་མཆོད་པའི་ཆོག བརླན?་ཨ་ཙརྱས?་མཛད་བཞེ་སྡང་རྡོ་རྗེའི་འགྱུར་བཞུགས་སོ།

CLOSE WINDOW