CLOSE WINDOW

N3604: གཤིན་རྗེ་གཤེད་དམར་པོའི་འཁྲུལ་འཁོར་གྱི་དེ་ཉིད་ངེས་པར་བཤད་པ་ཞེས་བྱ་བའི་བསྒྲུབ་ཐབས
Wyliee-texts based on the ACIP/ALL Input

། *། །རྒྱ་གར་སྐད་དུ། ར་ཀ་ཏ་ཡཱ་མཱ་རི་ཡན་ཏྲ་ཏཱ་ནིར་ཏ་ཤ་ཀ་ན་མ་ས་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་དམར་པོའི་འཁྲུལ་འཁོར་གྱི་དེ་ཉིད་བཤད་པ་ཞེས་བྱ་བའི་བསྒྲུབ ཐབས། །དཔལ་གཤིན་རྗེ་གཤེད་དམར་དཔོལ?་ཕྱག་འཚལ་ལོ། །བུད་མེད་རྣམས་བསྲུང་བའི་དོན་དུ་གྷི་བཾ་གིས་བར་དཀར་པོ་འམ་གྲོ་ག་འམ་བསྙུག་མའི་ཤུན་པའམ། རས་ལེགས་པར་བཀྲུས་ལ། མིང་གི་ཡི་གེ་ན་མ་དང་སྤེལ་བའི་འཁོར ལོ་གཉིས་མངོན་པར་བྲིས་ལ། ནག་པོ་དང་རྩ་བ་ལ་སོགས་པ་དང་བྲལ་བའི་ཁམ་ཕོར་ཁ་དོག་གཅིག་པ་ཁ་སྦྱར་དུ་ཡང་དག་པར་བཞག་སྟེ། ནང་དུ་མར་དང་སྦྲང་རྩི་བཅུག་ནས། སྐུད་པ་དཀར་པོས་བཀྲིས་ལ་ཁ་ཤར་དུ་བལྟས་ཏེ། ཐུན་གསུམ དུ་གཤིན་རྗེ་མཐར་བྱེད་སྐུ་མདོག་དཀར་པོར་བསྒོམས་ནས། མེ་ཏོག་དཀར་པོས་མཆོད་དེ། མདུན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྒྲུབ་བྱའི་མདོག་དཀར་པོར་གནས་པར་བལྟས་ལ་བུམ་པ་དཀར་པོ་ཟླ་བའི་བདུད་རྩིས་ཆུས་གང་བས་དབང་བསྐུར་ཞིང། སྔགས བཟླས་སོ། །ོཾ་ཧྲི:ཥྚིམར་དང། སྦྲང་རྩི་ནང་དུ་བཅུག་ནས་ཁམ་པོར་ཁ་སྦྱོར་དུ་བཞག་སྟེ། སྐུད་པ་སེར་པོས་བཀྲིས་ཏེ་ཐུན་གསུམ་དུ་མེ་ཏོག་སེར་པོས་མཆོད་ཅིང། ཁ་ལྟོར་བལྟས་ཏེ། གཤིན་རྗེ་མཐར་བྱེད་སྐུ་མདོག་སེར་པོར་བལྟས་ཏེ། །ཟླ་བ་ལ་སོགས་ལ་སྒྲུབ་བྱ་མདོག སེར་པོ་གནས་པར་བལྟས་ཏེ། བུམ་པ་སེར་པོ་ཟླ་བའི་བདུད་རྩི་སེར་པོས་གང་བས་དབང་བསྐུར་ཅིང་བཟླས་པ་བྱས་ཏེ། ཨོཾ་ཧྲཱི:ཥྚིལཌ?་ཆེ་གེ་མོ་ལ་པུས་ཏིཾ་ཀུ་རུ་ན་ཤགས། རྒྱས་པའི་ཆོ་གའོ། །གྲོག་འམ་རས་སམ་རྒྱ་སྐྱེགས་ཀྱི་ཁུ་བ་འམ་ཙན་དན་དམར་པོ་མིང་མེད་ཀྱི་ཁྲག་དང་བསྲེས་པས་འཁོར་ལོ་གཉིས་མངོན་པར་བྲིས་ཏེ། ཡི་གེ་ཧོ་དང་མིད་ཡིག་སྦེལ་བས་སོ། །མི་གནག་ཅིང རྩ་བ་ལ་སོགས་པ་དང་ཁ་དོག་ངན་པ་དང་བཅོས་པ་དང། བྲལ་བའི་ཁམ་ཕོར་ཁ་སྦྱར་དུ་བཞག་སྟེ། མར་དང་སྤྲང་རྩིས་?་བདག་པར་བཀང་ལ་སྐུད་པ་དམར་པོས་བཀྲིས་ནས། མེ་ཏོག་དམར་པོས་མཆོད་ཅིང་ཁ་ནུབ་ཏུ་བལྟས་ཏེ། གཤིན་རྗེ་མཐར བྱེད་སྐུ་མདོག་དམར་པོ་བསྒོམས་ཏེ། ཟླ་བའི་དལ་དམར་པོ་ལ་བསྒྲུབ་བྱ་དམར་པོ་གནས་པ་བསམས་ལ། རང་གི་ལུས་ལས་ཐོན་པའི་འོད་ཟེར་གྱིས་ཕྱོགས་བཅུ་ནས་བཀང་བས་མྱོས་པར་འགྱུར་བ་རྐང་དག་ཏུ་འགྱེལ་བར་བསམ་ཞིང། སྔགS བཟླས་སོ། །གང་གི་ཚེ་དབང་དུ་མ་གྱུར་པ་དེའི་ཚེ་མར་དང་སྦྲང་རྩི་དང་བྲལ་བའི་འཁྲུལ་འཁོར་ཁོ་ན་སེང་ལྡེང་དུ་བ་མེད་པ་ལ་སྤྲོ་བར་བྱའོ། །དེ་ནས་བཟླས་པ་བྱས་ཏེ། ཨོཾ་ཧྲཱི:ཥྚམོའི་ཆེ་གེ་མོའི། བ་ཤི་ཀུ་རུ་ཧོ། །ོཾ་ཧྲི:ཥྚི:པི་ཀྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཥ་ཌ། ཆེ་གེ་མེད་བདག?་བི། བ་ཤ་མ་ན་ཡ་པ་ཤཌ། །དབང་དུ་བྱ་པའི་ཆོ་གའོ། །དུ་ཁྲོད་ཀྱི་རས་སམ་རང་བྱུང་གི་ཁྲག་གིས་སྤགས་པའི་རས་ལ་རྒྱཾ?་སྐྱེགས་ཀྱི་ཁུ་བས། འཁོར་ལོ་གཉིས་ཀུན་ནས་བྲིས་ཏེ་ཡི་གེ་ཛའི་ཡི་གེ་ཧྲི། མིང་གི་ཡི་གེ་དང་སྦེལ་ནས་སོ། །ཁམ་པོར་ཁ་སྦྱར་གཉིས་བུད་མེད་ཀྱི་ཐོད་པ་ཁ་སྦྱར་དུ་བཞག་ལ་གོས་དམར་པོས་དཀྲིས་ཏེ། མེ་ཏོག་དམར་པོས་མཆོད་ཅིང་གཤིན་རྗེ་མཐར་བྱེད ཐུན་འཚམས་ཀྱི་ཉི་མ་ལྟ་བུར་སྐུ་མདོག་དམར་བ་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་བསྒོམས་ནས་བསྒྲུབ་བྱའི་སྙིང་ལྕགས་ཀྱུས་ཕུག་སྟེ། སྐྱེ་བ་ཞགས་པས་བཅིངས་ནས། ཁྲིད་པར་བསམ་མོ། །གང་གི་ཚེ་མི་ཡོད་བ་དེའི་ཚེ་སེང་ལྡེང་གི མེས་གདུག་པར་བྱའོ། །ོཾ་ཧྲི:ཥྚིསྤེལ་ནས་སོ། །ཁཾ་ཕོར་སེང་པོ། ཁ་སྦྱར་དུ་བཞག་སྟེ་ཁམ་ཁོར་སེར་པོ་ལ་རི་མོ་གྲུ་བཞི་པ་མངོན་པར་བྲིས་ཏེ། དེའི་སྟེང་དུ་རི་རབ་མཆོག་བརྒྱད་པ་ཡི་གེ་ཧཱུཾ་དང་སྦེལ་བའི་ཆོ་གི་སྟེང་དུ་དབང་ཆེན་ག་ཡིད་ལ་ཡི་གེ་ལཾ་གིས་མཚན་པ་སྣ་ཚོགས་རྡོ་རྗེས བསྐོར་བ་ལ་སྐུད་བ་སེར་པོས་བཀྲིས་པ་བདག་ཉིད་གཤིན་རྗེ་མཐར་བྱེད་སྐུ་མདོག་སེར་པོ་བསྒོམས་ནས། བ?་ལྷོ་ར་བལྟས་ཏེ་བསྒྲུབ་བྱའི་གཟུགས་སེར་པོ་དབང་ཆེན་གྱི་དལ་གྱི་སྟེང་དུ་གནས་པར་བསམས་ལ་རིགས་བརྒྱད་ཀྱི་རི་དང་རི་རབ་ཀྱིས་མནན སྟེ་དབང་ཆེན་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེས་མནན་ལ་བཟླས་པར་བྱའོ། ཨའོཾ་ཧྲཱི:ཥྚིལཾ་ལྷ་སྦྱིན་གྱི་ཡ་ཐཱ་ཨ་ར་བྷདྷ་ཀ་ར་ཡ་ཀྲི་དྷེ་ནི་བཱ་ར་ཡ་སྟོ། པཱི་རུ་པ་ཀཾ་པ་ཏ་ཆེ་གེ་མོའི་བཱ་ག་སྟི་བ་ནཾ་ཀུ་རུ་ལཾ་།ཞེས་བྱ་བའི་བཟླས་པ་བྱའོ། །ངག?་མནན་པའི་ཆོ་གའོ། །ལྐུགས་པ་བྱ་བར་འདོད་ན་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས་ས་མ་ལྷ་སྦྱིན་གྱི་མུ་ཁ བན་དྷ་ཡ་པཾ་། ཞེས་པས་སྦེལ་བ་མངོན་པར་བྲེས་ལ་།གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་བསྒྲུབ་བྱ་མ་ཧེའི་སྙིང་ཁར་བཅུག་ལ་།དབང་ཆེན་གྱི་ངལ་བ་ཞི་ཡིས་ཟ་མ་ཏོག་གཞན་དུ་ཁ་སྦྱར་བར་བྱ་སྟེ། རེས་པའི་སྦྱོར་པའི་ཆོ་ག་བྲི་པ་དང། བསྒོམ་པའི རིམ་པ་བྱ་ཞིང་བཟླས་པ་བྱའོ། །འོཾ་ཧྲི:ཥྚིརོ་བསྲེགས་པའི་སེལ་བ་དང། རང་གི་འཛུབ་མོའི་ཁྲག་གི་སྣག་ཚ་བྱས། བྱ་རོག་ཆེན་པོའི་སྒྲོའི་སྙུ་གུས་འཁོར་ལོ་གཉིས་མངོན་པར་བྲིས་ཏེ་ཡི་གེ་ཧཱུཾ་དང་བསྒྲུབ་བྱའི་མིང་སྤེལ་ལོ། །ཁ་ལྷོར་བལྟས་ཏེ་བདག་ཉིད་གཤིན་རྗེ་མཐར་བྱེད་ཁྲོ་བོའི་གཟུགས་གཡོན བརྐྱང་གི་སྟབས་ཀྱིས་ཉི་མའི་ངལ་ལ་བཞུགས་པ་ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། བཏུམ་པ་ལྗགས་ཀློག་ལྟར་འགྱུར་བསྐལ་པའི་མེ་ལྟར་འོང་འབར་བ། ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པ། ཆར་སྤྲིན་དང་མཚུངས་པ། ལྟོ་པ་འཕྱང་བ། དབུ་སྐྲ་གྱེན་དུ་འགྲེང་བ། སྨན་སེར་བོ?་འབར་བ། ཆུ་འཛིན་གྱི་ཀློག་ལྟ་བུ་ཡི་གེ་ཧཱུཾ་གིས་མགྲིན་པའི་བུག་གང་པར་རྣམ་པར་བསམས་ལ། མདུན་དུ་བསྒྲུབ་བྱ་གོས་དྲི་མ་ཅན་ཧྲུལ་པོ་གོན་པ་།ལུས་ཐམས་ཅད་ཐལ་བས་བྱུགས་པ་ཉི་མའི་དེ་ལ་ལ གནས་པ་སྦྱི་རྩུག་དང་མགོ་བོ་དང། སྙིང་ཁ་དང། ལག་བའི་རྩ་བའི་བར་དུ། པུས་མོ་རྣམས་སུ་སྔགས་ཀྱི་ཆོ་ག་བྱས་པའི་གོ་ཆའི་བསྲུང་བའི་བསྲུང་བ་རྣམས་ཕྲལ་ནས། དེའི་ལུས་ལ་གནས་པའི་ལྷ་རྣམས་སྤྱན་དྲངས་ལ། ཉེ་བར་བསྡུས་ཏེ་རང་གི་ལུས་ལ་བཅུག་ནས་དེ་ཁང་བ་སྟོང་པ་ལྟ་བུ་བལྟས་ལ་ཁྲོ་པོ་རྣམས་སྣ་ཚོགས་པས་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་བ་རྣམས་སྤྲུལ་ཏེ་། བསྣན་ཅིང་དུམ་བུ་བརྒྱ་སྟོང་དུས་བྱས་ནས་ཤ་དང་པགས་པ་དང་ཚིལ་རྣམས་ཟ་ཞིང ཁྲག་འཐུང་ལ་རུས་པ་ཡང་བསྲེག་ཅིང་ཐལ་པར་བྱེད་པ་དང། མདུན་དུ་གཤིན་རྗེ་ཆར་སྤྲིན་གྱི་མདོག་ལྟ་བུ་མ་ཧེ་ལ་གནས་པ་དབྱུག་པ་དང། ཞགས་པ་དང་འཛིན་པ་ལྟོ་བ་ཡངས་པ་ཞལ་མཆེ་བ་རྣམ་པར་བརྩིགས་པའི་གཟུགས་སུ་རྣམ་པར་བསམས ལ། དེའི་སྙིང་ཁར་གནས་ནས་ཟ་བར་བསམས་ནས་སྔགས་བཟླས་པར་བྱའོ། །ཆོ་ག་དེ་ཉིད་ཀྱིས་ཡི་གེ་ཧཱུཾ་དང་ཡི་གེ་ཕཊ་དང་མིང་ཡིག་སྤེལ་བའི་འཁོར་ལོ་གཉིས་བྲིས་ལ་དེ་ཁོ་ན་བཞིན་དུ་བསམ་གཏན་གྱི་ཆོ་གས་གནས་པས་བསྒྲུབ་བྱ་ལྷ་མེད་པར བྱས་ལ་གདོང་གྲེག་པ་ཅན་མེའི་དལ་ལ་གནས་པ་ནི་གཟུགས་མི་སྡུག་པའི་ཁྲོ་བོ་རྣམ་པ་སྣ་ཚོགས་པ། ཕྱག་ན་རལ་གྲི་དང། དབྱུག་པ་དང། རྟུན་ཤིང་དང། དགྲ་སྟ་དང་མདའ་གཞུ་དང། འཁོར་ལོ་དང། རྩེ་གསུམ་དང། ཐོ་བ་དང། མཚོན་རྩེ་གཅིག པ་ལ་སོགས་པའི་མཚོན་ཆ་ཐོགས་པས་བསྣུན་ཅིང་དུམ་བུ་བརྒྱད?་རྟུབ་པ་དང། བྱ་རོག་དང། འུག་པ་དང། བྱ་རྒོད་དང། ལྕེ་སྦྱང་དང། སྲིན་པོ་དང། མཁའ་གྲོ་མ་ལ་སོགས་པས་ཟ་བར་བསམ་ཞིང་སྔགས་བཟླས་པར་བྱའོ། །ོཾ་ཧྲི:ཥྚིཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ། ལྷ་སྦྱིན་མར་ཡ་ཧཱུཾ་ཕཊ་།འོཾ་ཧྲི་ཀྲི་བི་ཀི་ཏཱ་ནན་ཧཱུཾ། ལྷ་བྱིན་མར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། གསོད་པའི་ཆོ་གའོ། །དེ་ཁ་ན་བཞིན་དུ་ཡི་གེ་ཕཊ་དང་བསྒྲུབ་བྱའི་མིང་གི་ཡི་གེ་སྤེལ་བའི་འཁོར་ལོ་གཉིས་མངོན་པར་བྲིས་ལ་ཐོད པ་ཁ་སྦྱོར་དུ་བཞག་སྟེ། སྐུད་པ་སྔོན་པོས་བཀྲིས་ནས་གུང་ཐུན་གྱི་དུས་སུ་དུར་ཁྲོད་དུ་དོང་བཀོས་པར་བཅུག་ལ་གཤིན་རྗེ་མཐར་བྱེད་ཀྱི་རྣལ་འབྱོར་གྱིས་གནས་པས། བསྒྲུབ་བྱ་གཉིས་རྟ་དང་མ་ཧེ་ལ་ཞོན་པའི་ལག་ན་མཚོན་ཆ་ཐོགས་པ་སྤྲུལ་པའི་རྡོ་རྗེ་ཁྲོ བོའི་ཚོགས་ཕྱོགས་གཉིས་ན་གནས་པ་འཐབ་མོ་སྲོད་པ་བསམ་ཞིང་སྔགས་བཟླས་སོ། །ོཾ་ཧྲི:ཥྚིབའི་འཁོར་ལོ་གཉིས་བྲིས་ལ་ཐོད་པ་ཁ་སྦྱར་དུ་བཅུག་ལ། སྐུད་པ་ནག་པོས་བཀྲིས་ཏེ་དུར་ཁྲོད་དུ་སྦས་ནས་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་ཡི་གེ་ཡཾ་གྱུར་བ་ལས་རླུང་གི་ངལ་བསྒོམས་ལ། དེའི་སྟེང་དུ་རྔ་མོ་སྔོན་མོ་སྟེ་།དེའི་སྟེང་དུ་བསྒྲུབ་བྱ་དགྲའི རྣམ་པ་ལྷོ་ཕྱོགས་སུ་ཁྲིད་ཅིང་རྡོ་རྗེ་ཁྲོ་བོའི་རྟག་བཞིན་པར་བསྒོམ་ཞིང་བཟླས་པས་བསྐྲད་པར་བྱའོ། །ོཾ་ཧྲི:ཥྚི:བི་ཀྲི་ཏཱན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ལྷ་སྦྱིན་ཨཽ་ཙ་ཏ་ཡ་ཕཊ་ཕཊ། བཀྲོད་པའི་ཆོ་གའོ། །དྲག་པོ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་གཤིན་རྗེ་ཕྱོགས ཏེ་དེ་པེ་བསྲེགས་པའི་ཐལ་བ་དང། ཁྲག་དང་དུག་དང་ལན་ཚ་དང་སྐྱེ་ཚེ་དང། ཚ་བའི་ཆུས་དུར་ཁྲོད་ཀྱི་རས་ལ་འཁོར་ལོ་གཉིས་མངོན་པར་བྲིའོ། །གཏོར་མི་ཆོ་ག་གང་གསུངས་པ། ཟླ་བ་བཅུ་བཞི་ལ་ཤ་ལྔས་ནི་བྱུག་པར་བྱ། །བདུད་རྩི ལྔ་ཡིས་ཡང་དག་ལྡན། །བཟླས་པས་ཡིད་དུ་འོང་བྱེད་མཆོག། བརྒྱ་ཕྲག་ཅིག་གིས་འབྱུང་པོ་རྣམས། །སྟོང་གིས་མཁའ་འགྲོ་མ་རྣམས་དང། །ཡི་དགས་ཚོགས་ནི་བསད་པར་བྱ་།གཤིན་རྗེ་གཤེད་བསླབས་སྦྱོར་བས་སོ། །བཟླས་པ་འབུམ་གྱིས་རྣལ འབྱོར་པས་། འདི་ཡིས་ལས་རྣམས་ཐམས་ཅད་བྱེད། །བཟླས་པ་བྱེ་བས་དངོས་གྲུབ་འགྱུར། །བྱེ་བ་ལྔ་ཡིས་སྨོས་ཅི་དགོས། །སློངས་མོ་ཟླ་ཞིང་མི་བཟླས་ཏེ། །མ་སླངས་པ་ལ་ཆགས་མི་བྱ། །རྣལ་འབྱོར་ཆེན་པོས་གསང་སྔགས་བཟླས། །རྟག་ཏུ་དམ་ཚིག བསྟེན་པར་བྱ། །རྟག་ཏུ་རྣལ་འབྱོར་རིག་པ་ཡིས། །སེམས་ཅན་ཀུན་ལ་བྱམས་སེམས་བྱ། །ཉིན་རེ་བཞིན་དང་ཟླ་རེ་བཞིན། །དེ་བཞིན་ལོ་ནི་རེ་རེ་ཞིང། །དབྱུག་གུ་དྲུག་ཅུ་རྩ་བཞི་མཁས། །གཏོར་མ་དྲུག་ཅུ་རྩ་བཞི་དབུལ། །བགེགས་ཀུན་རྣམ པར་བསོད་ནམས་ལྷག་པར་སྦེལ་བའི་ཕྱིར། །དེ་ལ་འབྱུང་པོ་ཐམས་ཅད་པའི། །གཏོར་མའི་ཆོ་ག་འདི་ཡིན་ཏེ། །དྲི་ཆེན་དྲི་ཆུ་བསྲེས་པས། །མན་ཌལ་གྲུ་གསུམ་བྱས་ནས་ནི། །གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གནས། །ཕྱོགས་སྐྱོང་རྣམས་ནི་ཡང་དགུག་བྱ། །སྔགས འདི་ཡིས་ནི་དགུག་པར་བྱ། །སྔགས་ནི། ཨའོཾ་ཨཻན་ཏྲ་ཡ་ཧྲི:། ཡཱ་མ་ཡཱཥྚིབུ་བེ་བྷོ་ཧ། ཧ་ཧ་ཧ། ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕེཾ་ཕེཾ་ཕེཾ། སྭཱཧཱ། ཞེས་བྱ་བ་འདིས་གང་ཞིག་ཅུང་ཟད་རྒྱུན་དུ་འཐུང། གཞན་ཡང་བཟའ་བ་ཐམས་ཅད་ཀྱི་ཕུད་ནི་གཤིན་རྗེ་གཤེད་ལ་དབུལ། ཞེས་བྱ་བ་འདིས། དེ་རྣམས་མཉེས་པར་བྱས་ནས། བཟོད་པར གསོལ་ཏེ་གཤེགས་སུ་གསོལ་ཏོ། །ཇི་ལྟར་བདེ་བར་གནས་པར་བྱའོ། །གང་ཞིག་འདིར་ནི་བསོད་ནམས་ཅུང་ཞིག་བསགས་དེ་ཡིས་ནི། །འཇིག་རྟེན་མཛའ་དག་མྱ་ངན་རྣམས་བཅོམ་བྱང་ཆུབ་སྣོད་གྱུར་ཅིང། །བདག་དང་འགྲོ་བ་རྣམས་སུ་བྱང་ཆུབ་ལམ་ལ ངེས་སྦྱར་ཏེ། །དོན་དམ་དགའ་བ་ཡང་དག་ལྡན་པའི་སྐུར་གྱུར་ཅིག་།གནས་བརྟན་བྱང་ཆུབ་སྙིང་པོ་ཡིས། །སེམས་ཅན་ཀུན་ལ་ཕན་གཤིན་པ། །གྲུབ་པའི་བསྒྲུབ་ཐབས་ངེས་པར་ནི། །སྟོན་ཀའི་ཟླ་བ་ལྟ་བུས་བྱས། །གཤིན་རྗེ་གཤེད་དམར་པོའི་འཁྲུལ འཁོར་གྱི་དེ་ཉིད་ངེས་པར་བཤད་པ་ཞེས་བྱའི་སྒྲུབ་ཐབས། །གནས་བརྟན་མཁས་པ་ཆེན་པོ་།བྱང་ཆུབ་སྙིང་པོས་མཐོང?་པ་རྫོགས་ཤོ།། །།རྒྱ་གར་མཁན་པོ་བླ་མ་རྗེ་བཙུན། ཉི་མའི་སྙིང་པོའི་འོད་ཟེར་གྱི་ཞལ་སྔ་ནས། ཆག་ལོ་ཚ་བ་དགེ་སློང ཆོས་རྗེ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། །།*། །གཤེད་དམར་གྱི་གཤིན་ཆོག་བཞུགས་སོ།། །།རྒྱ་གར་སྐད་དུ། སྨྲི་ཧཱུཾ་བི་དྷི་ན་མ། བོད་སྐད་དུ་།གཤིན་གྱི་ཆོ་ག་ཞེས་བྱ་བ། བཅོཾ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག འཚལ་ལོ།

CLOSE WINDOW